Theg mchog mdzod (Longchenpa): Ch. 06 (1)

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Ch. 06 (1)
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Ch. 06 (1)
Jump to navigation Jump to search
Theg mchog mdzod study edition: editions, critical edition, translation, bilingual (22 November 2026)

Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026)
Line 1: Line 1:
{{DISPLAYTITLE:Theg mchog mdzod (Longchenpa): Ch. 06 (1)}}
__NOTOC__{{DISPLAYTITLE:Theg mchog mdzod (Longchenpa): Ch. 06 (1)}}

[[Theg mchog mdzod (Longchenpa)/Ch. 05 (3)|← Ch. 05 (3)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 06 (2)|Ch. 06 (2) →]]
'''Theg pa'i mchog rin po che'i mdzod, chapter 6: gzhi'i don smin par byed pa dang dbang gi rnam par gzhag pa''' · གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ
Pages 276–314 of volume 1 of the corrected base text (part 1 of 3 of Ch. 06).

Not in this part's tabs (the edition does not contain it): Serthang Larung.

= Adzom Chögar (standard edition) =
= Adzom Chögar (standard edition) =

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page)

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].

Volume I1PD86

Volume I1PD86

[p. 255] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་ བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་ གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་ རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་ དོན་ལྡན་སློབ་དཔོན་ནི། །ངར་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་

[p. 256] ཆེན་མན་ངག་དན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཐ་དད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྐྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞོག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་

[p. 257] གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་བྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མིས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་ལ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་

[p. 258] སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཕྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་

[p. 259] ༄༅། །དགྲ༑ ༑ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་ བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དང་དང་ལྡན་པ་ འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་ དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུ་འོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་ཕྲེང་དེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་ གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་

[p. 260] བྱས་པ་སྟོན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བ་སྟོན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བ་འདོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ། །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་

[p. 261] ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །

[p. 262] དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་

[p. 263] རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ཞི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ད་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡིན་ཏན་བརྒྱ་རྩ་བརྒྱད་ཐོབ་བར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་བར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་

[p. 264] ཤོར་བ་ཡང་འབྱུང་ངོ། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་ཡི་མཐའ་བ་དང་། བསོད་ནམས་ཆུང་བ་དང་། ཚ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། །ལ་ཉེན་ པ་དང་། བར་ཆད་མང་པོ་འབྱུང་ངོ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་བས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་ རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། །དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་ གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོག་དངས་ལ་བྱད་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱད་ གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་

[p. 265] ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། ངུར་བྱ་དང་སྦྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་ངུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འདུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་བཟང་པོའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུ་ལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་

[p. 266] ༄༅། །ན་མོ་གུ་རུ་ཨེ་ཝཾ་ཀ་ལ་ཤ་ས་ལ། །ཞེས་པས། །བཤད་པ་ལ། །ཆེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་ དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐང་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། །སྤྲོས་བཅས་དག་གི་དབང་བསྐུར་ནི། །ཕྱི་བ་འབྲུག་ དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་ སུའོ༑ །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྤྱད། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་ མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཚེ་

[p. 267] ག་བྱ། །ད་མེ་པ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བ་དེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། །ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མངོན་དོན་མི་འགྲུབ། །དེ་ལྟར་དད་

[p. 268] དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཆོས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོ་མ་རྐུན་དང་། །མི་སྡུག་པ་ཡི་གཟུགས་

[p. 269] བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་

[p. 270] པའི་གནས་བྱའོ། །ཡ་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེའི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བཅུ་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་པ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་གྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་

[p. 271] ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་པ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་

[p. 272] དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་ཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས་

[p. 273] སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚར་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་པས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དར་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་

[p. 274] བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣར་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ། །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་

[p. 275] ༄༅། །ཁུད༑ ༑ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་པ། །ཚོགས་ཀྱི་དགའ་ སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་ བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མ་སུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་ རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་ པའམ༑ ༑གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། ། འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །

[p. 276] འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅེས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་སྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་ངང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་

[p. 277] དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྤེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉིས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབས་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །

[p. 278] དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །ད་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་

[p. 279] ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁ་ལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་པུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོ་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རིག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུགས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་

[p. 280] བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པར་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་

[p. 281] ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་བ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག །ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་

[p. 282] ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོད་མེད་

[p. 283] འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་སྟེང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་རྭ་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབ་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་

[p. 284] ཞི་ཁྲོའི་ལྟ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་ པ་ན༑ ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་འཕྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་ དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་ བསྐོར༑ །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པར་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་

[p. 285] འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒྲོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ཡུམ་ཚད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དགང་བོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀ་མ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་

[p. 286] ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོའི་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་ངང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེར་ལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་

[p. 287] ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚེགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོ་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོ་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །

[p. 288] མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། ཐམས་ཅད་ཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་

[p. 289] བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= W22920 (BDRC e-text) =
= W22920 (BDRC e-text) =

BDRC typed e-text UT22920_005 (the base text was made from it)

BDRC typed e-text UT22920_005 (the base text was made from it).

དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྦྱང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིགས་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེ་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅི་ང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་དུ་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེས་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་པའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཞིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམ་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོངས་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལས་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམ་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་པ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམ་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམས་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འཕྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ནས། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམ་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྐུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྐུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བ་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏན་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་འགྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླངས་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུ་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་བརྗོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་ལོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པ་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་བའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌།

= Pe cin 2009 (dpe bsdur ma) =
= Pe cin 2009 (dpe bsdur ma) =

rywikitexts e-text (input 2020; converted from a legacy font encoding on 22 November 2026)

rywikitexts e-text (input 2020; converted from a legacy font encoding on 22 November 2026).

»དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །ཡན་ལག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་«༼༡༽»དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། ། རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང ་། །ཞེས་སོ། །གསུམ་པ་ཐུན་མོང ་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། ། བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་«༼༡༽»འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ «།»དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང ་འདྲ་བ་ཡི། ། ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་ ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་  གནས་པ་«༼༡༽»དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག «།»ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང ་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། ། ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ་ ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང་། ། དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་སབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། ། གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། ། དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། ། མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། ། དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། ། བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག «། »བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། ། ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་«༼༡༽»པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། ། འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། ། རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། ། ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་བར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། ། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། ། ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་སོག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུྃ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། ། གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། ། བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག «།»དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། ། ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། ། དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག «།»འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་«༼༡༽«གྱུ»ར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། ། ཁྱད་པར་དུས་ན་ཆོག་«༼༡༽»ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། ། དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ «།»དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་པ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། ། རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང ་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། ། ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། ། ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། རྣལ་འབྱོར་ཆེན་པོ་དེ་ཉིད་ལ། ། ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང ་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། ། ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་དང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། ། འཁོར་དང་བ་གླང་ཁྱི་ལ་སོགས། །དང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུགས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། ། དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། ། ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཀྱང་ཉིས་བརྒྱས་མཆན་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། ། སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། ། རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། ། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག «།»རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། ། ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་སོང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་སོང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། ། དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་«༼༡༽»ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། ། རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པར་«༼༡༽» ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་བརྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུལ་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ཡང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། ། བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང ་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་བཞུགས་དང་ནི་གླང་ཆེན་བཞུགས། ། སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ «།»དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ཡང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། ། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱྀད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་«༼༡༽»པའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་ཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་པའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= Karma Lekshey Ling =
= Karma Lekshey Ling =

rywikitexts e-text input by Karma Lekshey Ling

rywikitexts e-text input by Karma Lekshey Ling.

= Derge (sde dge par ma) =
= Derge (sde dge par ma) =

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page)

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).

Volume I1CZ5002

Volume I1CZ5002

[p. 182] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུན་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་ བྱ་བ་ལས། དང་པོ་བླ་ན་མེད་པའི་ལྡེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། ། དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་ རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །རང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་ མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །བྲད་མེད་གཏེར་ལ་ སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤེས་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་

[p. 183] ༄༅། །ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་ བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་ སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་པོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སླར་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱེ་མ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས་སོ། །ཐོན་ ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་ གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་

[p. 184] པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་རྒྱལ་པར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ང་ང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་

[p. 185] ༄༅། །ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་ བའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་རེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དག་དང་དགོས་རབ་ལྡན་པ་དང་། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་ པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་

[p. 186] དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་ བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་ འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་ བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་ བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་ འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་ པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་།ཡང་རང་ཤར་

[p. 187] ལས༑ དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་ པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་ བ་ནི་དབང་ཐོབ་པའི་རྟགས་སོ། །ཚ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོད་ཏན་བརྒྱ་རྩ་བརྒྱད་ཐོབ་

[p. 188] པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་ པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་ མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་ སྨོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། །དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱད་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་

[p. 189] ༄༅། །སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་ གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གློང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་ སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་ པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་ བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། ། བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་

[p. 190] བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ་། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་ གནད་བསྟན་པ་ལས། །སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་ མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་ པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་ དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་

[p. 191] བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། ། གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚ། །ལུས་ ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་

[p. 192] པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་ དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་ འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་ དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་ འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་ མཐའ་བར་མད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལེ་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨོཾ་དང་ནི། །སྤྲེལ་མ་སྣ་ཚོགས་བརྗོད་ པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ།། །།ཐ་མར་

[p. 193] ༄༅། །བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །དམ་ཞིང་འཇམ་པ་ཁྲག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་ མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་རོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། ། མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་པ། །ཕྱི་དུས་ འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཟེར་རོ། །

[p. 194] སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་ མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། ། གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་ དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་ དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་

[p. 195] པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་ བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སྐུ་ཞིང་ཚོགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་ པར་བཞུགས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་ རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་ བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་ པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་

[p. 196] འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་ གོ། །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་ སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་

[p. 197] པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། ། འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགོང་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་ སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་ པ་སྦྱིན་ཅིང་ཉེས་པ་སྤོང་༑ ༑ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་ པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་ དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་

[p. 198] སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། ། འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་ བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་ བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་ བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་ མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་

[p. 199] ༄༅། །དུ་སློང་བ་འཐེབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་ འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་ བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། ། སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་ འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་

[p. 200] གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་ འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་ དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་བརྒྱས་ ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་

[p. 201] ༄༅། །འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མིན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་ པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉི་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། ། ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། ། ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག །ཇི་ལྟར་ བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་བས། བོད་སྐད་དུ་ དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་ དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་༑ ༑གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི་

[p. 202] འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་ དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་ སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་མུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་ འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། ། རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་ དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །

[p. 203] ༄༅། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་ སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་ གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་ གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་ དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདམ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་

[p. 204] རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྡུད་པ་ དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། ། གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་ རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤེར་ཕྱོགས་དཀར་པོ་སྟེ། །ལྷོ་ ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཆུ་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་ མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔ་མོ། །རང་བཞིན་གྱི་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤོགས་དང་ནི་གླང་ཆེན་ལྤོགས། །སྦྲུལ་

[p. 205] ༄༅། །དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། ། དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་ བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ། ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་ སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་

[p. 206] གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་ འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། ། ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། ཐམས་ཅད་ཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་ གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། ། དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་

[p. 207] ༄༅། །པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་ དང༑ གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་ མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= single volume MW2PD19906 =
= single volume MW2PD19906 =

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page)

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).

Volume I2PD19908

Volume I2PD19908

[p. 120] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 121] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སློང་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ། །དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ ༄༅། །ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་ངེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླ་ན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལེན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། ངེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་དང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཚོལ་བ། ཐོས་བསམ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 122] རང་ཤར་ལས། རང་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་དེ་ཅིག་དུང་ལྡན། ། ལྷང་དེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤོང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད།། ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་དེ་གཟིགས་ཤིང་དུས་ཕན་པའི་ཞལ་ཏ་དང་ཆོས་དང་། ཐན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཅེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་བོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་པར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 123] བར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་པ་ནང་པ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ།། གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ། །པ་ཞི་བ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུབས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས། ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེས་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་པ་དང་། པད་མ་ལྟ་བུར་རེག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བ་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་ཐུགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 124] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ ཏེ་ཡོན་ཏན་བརྒྱད་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། །།གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ཡི་ཕྲེང་བ་དང་། སྡོང་པ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཆེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་ངོད་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ། །ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་ ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོག་དང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་ག་དང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་ག་དང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་ག་དང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་པ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་ པའི་རི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟང་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་ག་དང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།།

[p. 125] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པ་འོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དབྱིང་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་བྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུ་འོ། །བསྐུར་ དུས་ཉིན་ཕྱེད་ནམ་བུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་བཟུང་དུ་མེད། ། བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རླེབ་མེད་ནང་ངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །དོན་ མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནང་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། ། ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོས་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལ་འོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དང་ལྡན་ལྔ་དང་དྲུག །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དང་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ། །གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 126] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཆོས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟང་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཆར་མཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ བྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུའི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་ ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 127] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེ་དཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་བ་མེད་པ་ཡི། །དུས་དང་མཚན་མེ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏང་། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏང་། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་ཏུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ཡུམ་གནང་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །རང་ བྱུང་འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་རང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་འབུགས་ཕྱུང་ན། །ངེས་པར་ཐེབ་པར་ཐེ་ཚོམས་མེད། །ཅེས་བ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚིགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 128] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣར་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་བྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ རབ་རྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 129] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པ་འོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གངར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པ་འོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུ་འོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་ པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་པ་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་པ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་།།

[p. 130] ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་བ་བུང་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། ། བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་ བྱས་ཏེ་དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བསྙོམས། །ཞེས་བརྗོད་ནམ་མཁའ་ དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་བསྲུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། ། རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱི། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཅིག་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་ བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལྭ་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ ཇི་ཙམ་གྱིས་འགྲུབ་ཞེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་ པའི་སྐུ། །གཅིག་ཆར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་བཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་ བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་ཉིས་བཅུས་གཉིས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་ པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། ། ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་

[p. 131] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་ དཀྱིལ་འཁོར་གྱི་རྣམ་བཞག །ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །དེས་ཚིག་ནི། རྒྱ་གར་གྱི་སྒྲ་ལས་ མཎྜལ་ཅེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་ དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་གནས། ། དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུད་ཁང་དཀར་པོ་མ། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་ འཁོར་ཆེན་པོ་གཉིས། །རྣམ་དག་སྤོང་བའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་ འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོད་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་ བཙས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རེ་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 132] འཁོར་མངོན་དུ་གྱུར་པ་ནི། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་བྱེད་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་ བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པོད་མ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་ འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་ དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟོབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུན་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། ། ༄༅། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚད། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རང་ན་ཧེ་རུ་ཀ། །ནུབ་ཏུ་པོད་མ་ཧེ་རུ་ཀ། བྱང་དུ་ཀོ་མ་ཧེ་རུ་ཀ། དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེས་སོ། །གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་པ་ དང་། །གསང་པ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 133] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས་རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་བའི་དབང་། །མ་འོངས་གནང་ལ་བསྒྲེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་ ཐམས་ཅད་བཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་ གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་པའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནཱ་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ནས་འི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང་། མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོང་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= single volume MW8LS32770 =
= single volume MW8LS32770 =

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page)

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).

Volume I8LS32893

Volume I8LS32893

[p. 251] འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་ པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་

[p. 252] ༄༅། །བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་ རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞེང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད།། ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ ཞིང༑ ༑རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལམ་ཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་

[p. 253] དེ་ལྟར་བརྗོད་ཀྱིས་མེ་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་དུ་བཟང་པོའི་ཡོན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་བྱ་བ། །ཅེས་པས་ཀུན་དུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་ བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་དུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། །།དེ་ལྟར་ཡིད་ཆེས་པའི་ ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད།

[p. 254] ༄༅། །བྱ་བ་མི་འབྱུང་བར། བླ་མའི་གསུང་ལ་ཉན་ཞིང་སྔས་བསྒོ་མི་འཚོལ་བ། ལོ་སྔགས་མཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སྲས་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་གསུམ་དང་ ལྡན་པ་ནི། ཡང་དང་པོའི་སློབ་མ་བཟང་པོ་སྟེ། བླ་མེད་འཁོར་བ་ལས་ཕྲིར་ཐང་མ་པ་ཐོབ་པར་ངེས་པའོ། །དེ་སང་དུ་ཡང་། རང་གར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། ། ཕྱི་རུའི་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཕྱིར་སེལ་བ་མེད། །དེ་མ་ཚིག་ལྡན་ཞིང་སྤྱོད་ལ་བརྩོན། །ཕྲེང་བ་དོང་ངེ་བསྔོ་གདུང་ལྡན། །ཇི་ལྟར་དེ་ལྟ་ཞེ་ན་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དུ་མ་ ཚིག་ཕྱེལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་ བྱེད། །རྡོ་རྗེའི་དོན་ལས་མེ་འདའ་ཞིང་། །ཐོས་པ་མེད་པའི་གོ་འཕག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དེ་བས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་ གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །འདི་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ཡི། །རྫོགས་པ་ཆེན་པོའི་སྣེ་འཇུག་སྲུངས། །ཞེས་སོ། །འཇལ་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་

[p. 255] སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་ སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །ཡན་ལག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞན་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཆོག་དང་། ། ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། བྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་ མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་

[p. 256] ༄༅། །མེད་པར་བྱེད་པ་སྟེ། རབ་ཤར་ལས། ཐུགས་རྗེའི་འབྲེལ་བས་མ་ཆད་ཅིང་། །བཞི་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ ལས། སྲོག་མི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་ རབ་ལྡན་མ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་བུ་ལ་མེད། །ནོར་དང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བླེ་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་ སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་

[p. 257] ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཚོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་ བཟང་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་ མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་ཀླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་ སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་ དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་

[p. 258] ༄༅། །པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྡངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་ འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། ། དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་ མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་ བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་

[p. 259] བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ། །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་ སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་ དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་ དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན།། འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་ བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་

[p. 260] ༄༅། །ཡིན་པ་ཤེས་ལག་སྐྱ་མེད་པ་ཡིས། །ཚུ་མའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་ཕྲེང་བ་དང་། སྤངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འཇུག་པའི་ཤེས་ཤེས་རབ་ཕྱེད་འབྱུང་བའོ། །བག་ཆགས་ཀྱི་ལུས་ངག་བོ་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉོན་པ་དང་། བར་ཆད་མཐོང་འབྱུང་བ་དང་། བྱ་བ་ཐོབ་པས་ཅད་མི་འགྲུབ་པའོ། །དེ་ནི་གང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་ པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་གྱི་ཇི་མི་ནུས་པ། དེའི་ཕྱིར་ན་གསང་སྔགས་ སྤྱོད་པ་སྤང་བྱ་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་ཀ་བ་དུ་བསྐུལ་བའི་གནས་ནི། དབེན་ཞིང་ཡིད་འཁོར་བ་དངོས་གྲུབ་ཏེ་བརླམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དམྱལ་བ་དྲང་པོ་ཡོད་པ་ལ་ནག་པོ་རྩེ་ལ་བཟང་པོ་ལ་ སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་མ་བྱས་ཀྱི་གནས་ཀྱི་དཔོན་མའི་ལུས་མི་ཡིན་ན་ལྷོག་དངོས་ལ་བྱ་བ་སྐྱོབ་པའོ། །ཆུ་ཡི་ནང་ན་ས་རྡ་གདངས་ལ་ནུབ་སྐྱོབ་པའོ། །མི་ཡི་ནང་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །

[p. 261] བ་དང་། པདམ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་བ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་ སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་ བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བདེ་གསང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲི་བར་འགྱུར་རོ། །དེ་ དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་

[p. 262] ༄༅། །བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབར། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྔོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་ པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་ མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རེམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ཕྱི་བ་འབྲུག་དང་རྟ་དང་ཕག། །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཆོས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་ རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤེས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་

[p. 263] རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་ རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་པ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་ པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་བ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་ པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་

[p. 264] ༄༅། །ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་ དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་ བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་ མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྨོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས།། བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་

[p. 265] མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལྔ་སོགས་ཏེ་ཡི། །འབྱུང་ལྔས་མཐུ་ཆེན་འགའ་ཡང་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མ་མེ་གཏང་སྐྱ་དང་མི་ལྡན་ན། །དམ་ཚིག་བསྐྱང་བའི་ཆོ་ག་ བྱ། །རྨ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤིན་ཏུ་ཆད་འཇུག །དེ་བླང་རྫོགས་འཛིན་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་དུ། །ལུས་ལ་ནད་ཉིད་བྱུང་བ་ན། །བྱ་གྲོ་དང་བསྐོར་བ་ དག་བྱའོ། །དག་ལ་གྲབ་ཙམ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་མངོན། །སེམས་ནི་ལྟོས་ནས་མི་མ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་དམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གཏོད་ཀྱིས་དབང་བསྐུར་ཆོ་ག་འབད། ། གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དམ་ལ་ཞུགས་གྱུར་ནས། །བརྟག་ཏུ་མཚན་མ་བཟང་མཐོང་ན། །ཀུན་སློང་དངོས་གྲུབ་སྒོ་མིས་འགྲུབ། ། ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྦྱོར། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་དྲུག་བདེ་མཐོང་ན། །འདིས་ནི་ སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་

[p. 266] ༄༅། །རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ ཕཊ་དང་ཨོཾ་དང་ནི། །སྤྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་ བ་ནི། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ།། ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་ རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་ དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་ བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་གཟུང་མཁས་པས་བརྟག། །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་

[p. 267] དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། ། སྤྲིན་དང་ཁུ་དྭངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉིས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་ པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མ་དེ་གཟིམས་བདེ་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། ། བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །ངེས་པ་དག་ལ་བསློབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་ གྱུར་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག། །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་

[p. 268] ༄༅། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། ། སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་བྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། ། ཆོས་ཉིད་ཟད་པའི་ས་ལ་བྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་ རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། ། གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྫོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་ མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་དེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། །སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །

[p. 269] སྒོའི་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕེལ། །ལུས་ལ་བྱང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་གདན་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཆོ་ག་རྣམས་ བརྗོད་པ་ནི། །དེ་བཞིན་དུ་ཡང་དག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེ་དུས་མི་འཇམ་པ་རྣམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། ། དེ་བཞིན་དག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་ མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲི་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡང་ངོའི་ཚེས་གཅིག་གམ། །ཡང་ན་གང་བའི་མཚམས་ལ་གཏད། །ཐིག་ལེ་ཉག་ གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །གལ་ལྡན་གཅིག་ལས་མང་མེ་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཉིད་དུ་འོང་བའི་བུ། །སྐལ་པ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་ སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་ཅི་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གདན་ཡོད་པའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །

[p. 270] ༄༅། །གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་ དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱེན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་ སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ཅས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དཔའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། ། དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་

[p. 271] ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། ། ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། ། ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་ རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་ བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ། །ཚོགས་

[p. 272] ༄༅། །པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། །དེ་ཉིད་ལས། སྔར་ བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། ། དཔལ་ནི་འཁོར་འདབ་འཕེལ་བ་དང་། །ཕུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འཕྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་ སྟེ། །ཤིང་ཐེབ་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨོན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་ དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་འདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་དམ་པས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བདེ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །

[p. 273] ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྐུ་ན། གཅིག་དང་ གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ ནི༑ ༑བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་ མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་ གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་

[p. 274] ༄༅། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་ རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་ བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཐས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བས་ད་དང་གསོ་བ་དང་། །བཅིང་དང་ རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ་ ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོད་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྡུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་འཆའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། ། རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །འཚོ་གསུང་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་

[p. 275] རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་ སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེང་། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉིས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་ རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚན་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་ དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་པའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་ སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་ འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཚོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །

[p. 276] ༄༅། །ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅད་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་ཉིས་བརྒྱས་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་ བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་ལེགས་པ་འགྲུབ་མོར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲ་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤྱན་སྲིད་དང་། །བླ་མའི་ཉ་གནས་ཉེ་འཁོར་དང་། །དགེ་སློང་ ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་བ་བྱེ་མའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་

[p. 277] གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་ དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཆན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གང་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་བས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་དྲི་ཙམ་གྱིས་ འགྲུབ་ཙ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་པ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་

[p. 278] ༄༅། །ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལྕགས་ཀྱུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་ སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དྭངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། ། འཕྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཧོཿ འི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་ དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟ་བུ་བྱ། ། ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུང་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་

[p. 279] དང༑ ༑ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་ དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་ བས༑ བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གདུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་ འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་ འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་ གནས༑ ༑དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་

[p. 280] ༄༅། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདམ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་ པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་ བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡར་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སོ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་ སོའི་མཚན་ཉིད་འཛིན། །དབུས་མའི་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའི། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་ར་རེའི་

[p. 281] དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྟིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས་ཀྱི། རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་ པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོ་མ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་ པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་ དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེནཔོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་པ་ཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁཽར་ཆེན་པོ་ གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟོངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་གཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟངས་ན། །

[p. 282] ༄༅། །སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། །དབྱེད་དང་། དབྱར་དང་། སྟོན་དང་དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་ བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡན་ན། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། །སྤྲོས་བཅས་སྤྱིའི་རྣམ་པར་གཞག་ པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །

[p. 283] དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུ་དྷི་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ། །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་ བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། ། གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་ཆུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་ བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་

[p. 284] ༄༅། །ཁོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དག་པོ་ཀུན་ལ་དགྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་གཞིར་དབྱེ་བའི་ཕྱིའི་དབང་བསྐུར་ བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་བྱིན་བརྒྱས་པ་ཡོངས་རྫོགས་བཞི་བཞི་བཤད་ན། ཉན་ཐོས་ཀྱི་སངས་སུ་སྐྱེ་བཞིར་བྱ་དང་། སྟོན་གཡོགས་སྦྱིན་པ་དང་། སྨད་ གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་། དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་དང་། དེ་ནས་དགེ་སློང་གི་སྡོམ་པ་སྦྱིན་པ་དང་། བསིལ་བྱེད་དང་ལྷུང་བཟེད་སྦྱིན་པ་ལ་སོགས་པ་ནི་ཕྱེའོ། །དེ་ནས་ནང་ངན་སངས་རྒྱས་དང་། གསང་བ་ བྱང་ཆུབ་སེམས་དཔའ་སྟེ། ཕྱིས་ཕྱི་ནང་གསང་བ་གསུམ་གྱིས། རྒྱུའི་འོག་པ་གསུམ་གྱི་དབང་རྫོགས་པས་རྒྱུ་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་དང་། ཆོས་ཀྱི་བྱ་བ་རྒྱུའི་ས་བོན་རྣམས་ལ་འཇུག་ ཏུ་རུང་བའི་རྣམ་པ་ལ་དབང་བར་གྱུར་པས་རུང་བ་ང་བཞེས་བྱའོ། །དེ་རེ་རེ་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞི་བཞི་སྟེ་བཅུ་གཉིས་སུ་བཤད་དོ། །དེ་ནས་ནང་གསང་སྔགས་ཀྱི་ཐིག་ལེ་གསུམ་གྱི་དབང་རྫོགས་པར་བྱས་པས། ལམ་གྱི་

[p. 285] བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་བར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་ཟློག་པར་བྱེད་པའི་དབང་།། གསོ་བྱད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་ བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱེས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། སྔར་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། ། རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། ། འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་

[p. 286] ༄༅། །དང་ཡེ་ཤེས་ལ་དབང་ཐོབ་པའོ། །བཀྲ་ཤིས་རྫས་བརྒྱད་ཀྱི་སྐབས་སུ། ཕྱི་རིགས་ལྔའི་འོག་ཏུ་བསྐུར་བས་རིགས་ལྔའི་ཞིང་ཁམས་ལ་དབང་ཐོབ། ནང་བཀྲ་ཤིས་ཀྱི་ལྷ་ལོ་བརྒྱད་དུ་བསྐུར་བས་ཆོས་ཀྱི་ དབྱིངས་ལ་དབང་ཐོབ་པའོ། །དེ་དག་ནི་དུས་པའི་བྱེད་པ་སྔོན་དུ་འགྲོ་བས་བསྡུས་པའི་ཕྱིར་ཆོས་པའི་དབང་ངོ། །སྤྲོས་མེད་གསལ་བ་ལ་བརྟེན་ནས་བསྐུར་བ་ནི། བདུད་རྩི་ལྔ་དང་། བྲན་དྷ་དང་། རྡོལ་ཆུང་དང་། ཐོད་པ་དང་། ཤ་ལྷ་དང་། རིན་པོ་ཆེ་ལྔ་དང་། ཁྱད་པར་དབང་ཆེན་གྱི་སྐུ་དང་། མཆོག་གི་རྫས་བདུན་ལ་བརྟེན་ནས་བསྐུར་བས། ནང་སྲིད་པའི་འཁོར་ལོ་བདུན་རྒྱུན་ཆད་པར་བྱེད་པའོ། །ཁྱད་པར་དབང་ཆེན་གྱི་སྐུ་ནི་འབུར་དུ་འཐོབ་པ་དང་། ལུགས་སུ་བླུགས་པ་དང་། རིས་

= two volumes MW0TTBBC0034 =
= two volumes MW0TTBBC0034 =

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).

Volume I0TTBBC0034_001

Volume I0TTBBC0034_001

[p. 235] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 236] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ། །དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །དང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་

[p. 237] ༄༅། །བྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་ངེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། དང་པོར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླ་ན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་བྱེ་ལ་བར་གྱུར་བ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མེན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དང་བ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ པོ་དང་ང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསཾ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་མེ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 238] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུང་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་དེ་རྩེ་གདུང་ལྡན། ། ལྷུང་དེ་ལྟ་ན་ནི་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུང་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་དང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱུན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །དང་དང་ལྡན་པ་འགའ་ཡི་བཅུད། །

[p. 239] ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ།། ༑གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དབོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཅེས་སོ།། གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙུན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔ་འམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱ་འམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 240] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུང་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡོངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་ངེ་རྩེ་གདུང་ལྡན། ། ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུང་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱུན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ཕན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད། །

[p. 241] ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་ངན་རྣམས་ལ་གསང་། །ཅེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་རྒྱུ་ལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུ་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་མིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཅེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ཡོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་བ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་བསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འཁོར་ནའང་སྔོན་དུ་སྨན་པས་ནང་པ་བདག་པོས་བ་བཞིན་ནོ། །དེས་ན་ལོ་ལྔ་པ་མ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 242] པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་དོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱང་གོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཆེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་མ། །རིམ་པ་ཇི་ལྟར་བསྐུར་བ་ཡི། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས།

[p. 243] ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། བད་མ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་བ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 244] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སེམས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ཡེ་བྲེད་པ་དང་། སྡང་བ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།། ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་དེ། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིངས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 245] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོ་གདང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་གདང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རི་འི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པ་འམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་བ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །

[p. 246] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ཡིན་པ་དག་ཀྱང་མཐའ་བཏུད་གྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མང་ན་བ་དང་འདྲ་བར་འགྱུར་རོ། །དེ་དག་ལ་སེམས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་རང་བང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡང་བ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་པ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་རྟེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།།ཅེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཞིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 247] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོ་གདང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་གདང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རི་འི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པ་འམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་བ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།། །།

[p. 248] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཆེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པ་འོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དབྱིང་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གཙང་བསྟན་པ་ལས། སྤྲོས་བཅས་ངག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཆེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུ་འོ། །བསྐུར་ དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཆང་དུ་བཟུང་དུ་མེད། ། བརྒྱ་འམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མེ་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རྨེ་བ་མེད་ནང་ངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །འོ་ན་ མེད་ཤེ་ན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནང་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །

[p. 249] ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ།། གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག། །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །དག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ།། གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚམ་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 250] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྐྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 251] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 252] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 253] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 254] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཆོས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ སངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 255] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟོགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། ལྔ་པ་དགའ་སྟོན་བྱ་བཞི་རིམས། ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བྱ་མ། ། ཞེས་པ་འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 256] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ།། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཆོས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 257] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། །།ལྔ་པ་དགའ་སྟོན་བྱ་བཞི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 258] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་

[p. 259] ༄༅། །ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྦྱོང་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྦུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 260] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 261] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ན་བཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་དང་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 262] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གང་རེ་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 263] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་དང་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུཾ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་བུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྦྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 264] སྭ་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་བ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏཾ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་པ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་ བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བསྙེམས། །ཞེས་བརྗོད་ནམ་མཁའ་ དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས།། རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱི། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་ བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་ཏུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་

[p. 265] ༄༅། །ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ ཇི་ཙམ་གྱིས་འགྲུབ་ཞེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་ པའི་སྐུ། །གཅིག་ཆར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་བཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་ བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་ པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། ། ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིད་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ ནི་བསྐལ་པ་བྱེ་བའི་བར། །ཟང་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་

[p. 266] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ།། ༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བ་འོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི། རྒྱ་གར་གྱི་སྒྲ་ལྶ མཎྜ་ལ་ཅེས་འབྱུང་པས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང། །གཟུགས་བརྙན དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ།། དང་པོ་ནི། འགྲོ་བ་ཀུན་ལ་གནས་བ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་བོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས་ དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེ་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བ་འི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ

[p. 267] ༄༅། །འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས།། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ།། གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེར་བར་ བཅས། །རིན་ཆེན་པ་གུ་དག་དང་ནི། །ཟ་རཾ་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩི་བས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ།། གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 268] འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེ་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁཽར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟོངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་གཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ ཕྱོགས་འཁོར་ལོའི་རྩིབས་སྟེགས་ན། །སྣང་པ་མཐའ་ཡས་དཀྱིལ་ཡིན་ཏེ། །པད་མ་རིགས་ཀྱི་འཁོར་གྱིས་བསྐོར་། །རང་བཞིན་དཀྱིལ་འཁོརཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་ཏེ་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི འཁོར་གྱིས་བསྐོར། །རང་པ་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པ་འོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པ་འོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་།

[p. 269] ༄༅། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རང་ན་ཧེ་རུ་ཀ། །ནུབ་ཏུ་པད་མ་ཧེ་རུ་ཀ། བྱང་དུ་ཀརྨ་ཧེ་རུ་ཀ། དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོང་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེསོ།། །གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་ དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 270] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་པ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་པའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་ ཐམས་ཅད་བཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་

[p. 271] ༄༅། །གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང༑ འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་དང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་དང་། །ཉན་ཐོས་ཐེག་པ་ནཱ་བ་རྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ནས་སའི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དབང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང༑ མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= two volumes MW0TTBBC0007 =
= two volumes MW0TTBBC0007 =

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).

Volume I0TTBBC0007_001

Volume I0TTBBC0007_001

[p. 196] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 197] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ།། དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་

[p. 198] ༄༅། །ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞ་གནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས༑ མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཙོང་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མེན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ།། གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 199] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །ཟེང་ངེ་དུང་ངེ་རྩེ་གདུང་ལྡན། ། ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད། །

[p. 200] ༄༅། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ།། གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཅེས་སོ།། གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔ་འམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱ་འམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 201] པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བློ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ།། གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ།། དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ།། བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས།

[p. 202] ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པད་མ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་མ་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །འདི་ན་བག་གིས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 203] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སཱ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡང་པ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་པ་དང་། བསོད་ནམས་ཆུང་བ་དང་། ཆེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།། ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 204] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོག་དང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་ག་དང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་ག་དང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་ག་དང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་པ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུལ་མེད་པ་དང་། །མདུན་ན་བཟླུགས་པོ་མྱོང་བ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།།

[p. 205] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུའོ། །བསྐུར་ དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་གཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་བཟུང་དུ་མེད། ། བརྒྱ་འམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རྨེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །དོན་ མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །

[p. 206] ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ།། །།གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག། །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །དག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་དག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ།། །།གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚམ་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 207] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟང་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྐྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་བས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཆར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 208] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 209] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ།། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན།། ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 210] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། ། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 211] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་

[p. 212] ༄༅། །ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྦྱོང་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 213] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 214] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་པ་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 215] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། ། ༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་ དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་རང་བཅས་པའི་གཙོ་འཁོར་ངེས་པའོ། །དེས་ཚིག་ནི། རྒྱ་གར་གྱི་སྒྲ་ལས་ མཎྜལ་ཅེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོང་། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་ དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་གནས། ། དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་མ། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་ འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་

[p. 216] ༄༅། །འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས།། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ།། གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐམ་རྡོ་རྗེ་ར་བར་ བཅས། །རིན་ཆེན་ཕ་གུ་ངག་དང་ནི། །ཟར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩི་བས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ།། གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 217] འཁོར་མངོན་དུ་གྱུར་པ་ནི། ཆོས་སྐུའི་དཀྱིལ་འཁོར་དང་རང་དང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་སྙིང་དང་བྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་ བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པད་མ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་ འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པ་འོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་ དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟོབས་དང་བཅས་པ་འོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །

[p. 218] ༄༅། །དོ་ཤལ་དང་ནི་སེ་མོད། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུ་མ་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རད་ན་ཧེ་རུ་ཀ །ནུབ་ཏུ་པད་མ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེས་སོ།། གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་ དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 219] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་པ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་།། ཐམས་ཅད་བཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་

[p. 220] ༄༅། །གི་ངོ་བོར་བསྟན། །ཅེས་སོ།། གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་པའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང༑ མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

= Critical edition =
= Critical edition =

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (288 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 276] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་

པ་རྣམ་པར་གཞག་པ་ལ</span

པ་རྣམ་པར་གཞག་པ་ལ ] བཞག O T U · ལ་བཞི་སྟེ་<b

གདབ་པ་དང་ཚོན་དགྱེ་བ ] མཚོན O T U · བ་དང་དཀྱིལ་འཁོར་བསྒྲུབ་པ ] om. W K · གཞི་དབང་བསྐུར་བའི་རིམ་པ ] པའི P · ནང་དང་གསང་བ་དང་ཡོངས ] པ O T U · དབྱེ་བས་སུམ་ཅུ་རྩ་དྲུག ] བཅུ O T U · ཕྱི་ནང་གསང་བ་ཡོངས་རྫོགས ] པ O T U

= Translation =
= Translation =

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See [[Theg mchog mdzod (Longchenpa)|the contents page]] for how it was made.
[p. 276]

Having thus, as a branch for engendering conviction, ascertained the topics of the tantras (rgyud) that serve as the means of establishing them, now, among the meanings to be taught just as they emerge from those topics, the first is empowerment (dbang), since it is the door for entering the unsurpassed vehicle (theg pa). Here the definitive presentation of its topics has three parts: the basis (gzhi) for entering into the conferral of empowerment (dbang bskur ba); the path (lam) of the actual conferral of empowerment; and the fruition ('bras bu) of the conferral of empowerment brought to completion.

Line 523: Line 561:
The master endowed with the vajra (rdo rje) meaning

[p. 277]
[p. 277]
is of good disposition and skilled in teaching;

having obtained empowerment, he applies himself to the meaning of secret mantra (gsang sngags);

Line 547: Line 585:
Since this is taught, here he possesses six defining characteristics: he has cast the phenomena of saṃsāra ('khor ba) behind him; he has few desires and knows contentment; he is skilled in practical application and has experience (nyams myong); he is learned in the words and meaning of the tantras and diligent in accomplishment; he is learned in the meaning of the view and complete in capacity; and he has great compassion (snying rje) and delights in giving. One in whom these are complete is called a glorious vajra holder, for he empties out the seeds (sa bon) of the six classes of beings (rigs drug) in the disciple, purifies the six afflictions (nyon mongs pa), and causes the meaning of the six primordial wisdoms (ye shes) to dawn, since he possesses the capacity

[p. 278]
[p. 278]
for that very thing.
for that very thing.

Line 572: Line 610:
Second, the nature of the disciple: his mind (blo) has turned away from the phenomena of saṃsāra; he has great devotion and yearning toward the guru, the Dharma, and his companions; his faith is stable and his mind does not engage in anything other than the Dharma; toward the definitive

[p. 279]
[p. 279]
meaning he is devoted, and he is great in generosity and diligence (brtson 'grus); he has little attachment and a good disposition; he has great wisdom (shes rab) and abides in samaya and vows (sdom pa); he is in harmony with the minds of others and turns them toward the Dharma; he heeds the guru's words and is not indiscreet with the door of secrecy; he is great in learning and reflection and his own mind-stream is tamed; and, in particular, he has devotion toward the guru as a buddha (sangs rgyas) or as more than that. One endowed with these ten qualities is a good disciple of supreme liberation (thar pa), and it is certain that he will swiftly attain the supreme liberation from saṃsāra. And so too it is said,

Line 595: Line 633:
not straying from his own aim,
not straying from his own aim,

[p. 280]
[p. 280]
speaking gently, without words of arrogance,

engaging in accord with the minds of others,

Line 626: Line 664:
is without quintessence and brings both to

[p. 281]
[p. 281]
ruin.

ruin.

Therefore keep it secret from those of inferior intellect.

Line 656: Line 694:
Thus, when the disciple has the wish to request the elaborate (spros bcas) and other empowerments and the instructions (gdams pa), he does not enter upon them abruptly; rather, just as, even in the common invitation of a guest,

[p. 282]
[p. 282]
even so one must first give notice beforehand—so it is here. Therefore, five, seven, or three years or so in advance, one offers the guru a maṇḍala of a feast (tshogs), gold, and the like, and supplicates again and again, saying: "In about so many years I shall request the empowerment called such-and-such, or the instruction called such-and-such; please grant it." And at the beginning of the sessions of one's own virtuous practice, one meditates on the yoga (rnal 'byor) of that guru at the six times of day and night and supplicates him. The guru, for his part, grants permission, saying, "Son, if you request empowerment, then in the meantime, in order to dispel obstacles and purify misdeeds and obscurations, meditate on the guru at the crown of your head and supplicate at the six times of day and night," and thus sets him to supplicating. The purpose of this is that the body (lus) ripens into the kāya (sku) of the deity,

that speech ripens into the natural sound of āli and kāli, and that mind ripens into emptiness (stong nyid) free from the domain of thought—such is its purpose. When at that time one generates the fierce aspiration, "By all means I must obtain whatever empowerment or the like I desire," it is certain that signs (rtags) of having accomplished the guru will arise, such as his teaching the Dharma and giving prophecies in dreams (rmi lam). Third, the purpose, the certain fruition: by thus supplicating beforehand and relying upon the guru, everything one desires

[p. 283]
[p. 283]
is accomplished, arising as from a jewel or a wish-fulfilling tree. From the Reverberation of Sound:

Line 696: Line 734:
And again from the Self-Arising: "The qualities of conferring

[p. 284]
[p. 284]
empowerment are as follows. In the intermediate state (bar ma do) one comes to recognize one's own appearances. And having recognized them, one attains stability in that itself, and within twenty-one days one is able to send forth nirmāṇakāyas (sprul pa'i sku). And for one who has reached the culmination of the highest faculties, suffering, terror, and the like do not occur. At the time of practice, too, the appearance of primordial wisdom shines clearly without ceasing. These are called the special qualities. As for the common qualities, one obtains the following: knowing the language of the ḍākinīs (mkha' 'gro ma);

the ḍākinīs bestowing their blessings (byin rlabs); through being blessed, being seen by people as an object of veneration; all beings being loving toward one; being of beautiful form and pleasing to behold; the increase of vast merit (bsod nams); after death and transference, being born in the body of a cakravartin king; the arising of great qualities, like a precious jewel; engaging in the pure Dharma, like a lotus; being seen by all as worthy of circumambulation, like a stūpa; overwhelming ordinary beings with splendor, like a parasol; being able to liberate beings through wisdom, like a mass of fire; being able to accomplish the aim, like a sword; and, like a vajra hook, being able to embrace beings with compassion;

[p. 285]
[p. 285]
and, like a cloud of Dharma, realizing (rtogs pa) the meaning of basic space (dbyings) and primordial wisdom being beyond meeting and parting; and performing all outer and inner activities. These and others: one will obtain one hundred and eight qualities. By this, whatever activities one undertakes will all be attained. Such a one cannot be assailed by obstructing spirits or misleading spirits. Having many children and great wealth is a sign of having obtained empowerment. One will remember one's former and later lives. One will also see sentient beings (sems can) taking birth. One will know the minds of others. One will mingle with nonhuman beings. These and others: one will obtain one hundred and eight qualities." So it says.

Line 719: Line 757:
And from the Self-Arising Awareness: "The faults of not having obtained empowerment are

[p. 286]
[p. 286]
as follows. In the intermediate state there also occur terror, panic, exhaustion, obstruction, and the loss of perception. And until one has cast off the body of habitual tendencies (bag chags), one is not seen by beings as worthy of honor; one's merit is small, one's life is short, the enjoyments of one's livelihood are few, one is beset by dangers, and many obstacles arise. No activity whatever is accomplished. Those are the faults of not having obtained empowerment for the practice of secret mantra. A yogin (rnal 'byor pa) who practices secret mantra should obtain empowerment. If empowerment is not obtained, even a buddha is unable to turn the wheel of Dharma on the level of a tathāgata. If the wheel is not turned, one cannot accomplish the benefit of beings through the nirmāṇakāya of compassion. Therefore one who practices secret mantra should obtain empowerment." So it says.

Third, the place where it is conferred: places that are secluded, pleasing to the mind, and near to accomplishments (dngos grub). Here, the general place is one that is auspicious and has good geomantic features, with fine groves and the like; as for the particular places, there are four. For the site of the elaborate empowerment, too: if the disciple's body is earth, it is open to the south and sheltered to the north. If it is water, it is open to the east and sheltered to the west. If it is fire, it is open to the west and sheltered to the

[p. 287]
[p. 287]
east. If it is wind, it is open to the north and sheltered to the south. The site of the unelaborate (spros med) empowerment: a mountain hollow within a dense forest, performed in accordance with a shape and features that agree with the disciple's element ('byung ba). For the extremely unelaborate (shin tu spros med), the summit of a mountain spur where three valleys converge is supremely good. For the utterly unelaborate (rab tu spros med), it is a place of utter seclusion or a hermitage, that is, one krośa (rgyang grags) removed from a village. As for the sites for all four kinds of empowerment, a charnel ground—a place other beings fear, where savage beasts of prey dwell, where there are venomous snakes, carrion birds, wolves, and the like,

Line 746: Line 784:
the north itself seeming to shelter
the north itself seeming to shelter

[p. 288]
[p. 288]
and the south a place like a broad, open plain;

where, in the direction one faces,

where, in the direction one faces,

Line 771: Line 809:
In the four first months of the seasons,

[p. 289]
[p. 289]
it is accomplished, since the time is fulfilled and brings forth the fruit.

As for the date, it is from the first day of the waxing moon

Line 806: Line 844:
Once one has entered into the empowerment,

[p. 290]
[p. 290]
if one constantly sees good signs,

if one constantly sees good signs,

by that the common accomplishments are achieved.

Line 843: Line 881:
Third, the extremely
Third, the extremely

[p. 291]
[p. 291]
unelaborate: its time and signs. From the same text:

Line 878: Line 916:
afterwards,
afterwards,

[p. 292]
[p. 292]
once the empowerment has been conferred,

and without the guru's instructions having been taught,

Line 914: Line 952:
and pronouncing hūṃ, phaṭ, and
and pronouncing hūṃ, phaṭ, and

[p. 293]
[p. 293]
oṃ in various combinations.

oṃ in various combinations.

Then one is to be made a recipient of the instructions.

Line 948: Line 986:
the body sways and throbs violently.
the body sways and throbs violently.

[p. 294]
[p. 294]
If this occurs in the body, it is obtained through the body.

When speech utters sounds and voices of every kind,

Line 983: Line 1,021:
Since through the respective words it is made definitively

[p. 295]
[p. 295]
clear,

clear,

one sees the naturally pure ground.

one sees the naturally pure ground.

Line 1,018: Line 1,056:
the very object of realization of the profound portion—

[p. 296]
[p. 296]
by conferring this very one, empowerment is obtained.

Having thoroughly examined the disciple's characteristics,

Line 1,044: Line 1,082:
Moreover, since after the conferral of empowerment one presents gifts and holds a celebratory feast, here too one obtains the perfect fulfillment of one's own wishes, and in future time one manifestly obtains perfect sovereignty and the qualities of glory and excellence; and thereafter, in the buddha field arrayed with ornaments

[p. 297]
[p. 297]
one will manifestly and perfectly awaken. So too, from the Infinite Empowerment (dbang rab 'byams):

The desired aims are fulfilled;

The desired aims are fulfilled;

Line 1,061: Line 1,099:
Of the two—offering a single item each of food, drink, wealth, and the like to the root guru (rtsa ba'i bla ma) at this time, and offering ten million at another time—the offering made here is greater in merit. And of the two—the merit of giving to a single woman or to a single man at this time, and the merit of performing an extensive feast offering (tshogs mchod) to ten million mamos (ma mo), that is, ḍākinīs, at another time—

[p. 298]
[p. 298]
giving to the single one at this time is superior. This is because at this time all the buddhas of the ten directions gather as one, through compassion, into the guru and perform the act of conferring empowerment, turn the unsurpassed wheel, and lead one into the city of great liberation, so that his kindness is surpassing; and because, in the women and men too, the heroes and heroines (dpa' bo dpa' mo) have taken them as their supports and, seated in the rows of the empowerment through compassion and samaya, bestow their blessings. Therefore it is taught that both the time of empowerment and the time of the celebratory feast are greater than other times by a hundred-thousandfold increase. As is also said,

Line 1,080: Line 1,118:
compared with making offerings to one's own guru

[p. 299]
[p. 299]
countless hundreds of times

countless hundreds of times

when it is not the time of empowerment,

when it is not the time of empowerment,

Line 1,116: Line 1,154:
Moreover, if the celebratory feast is performed extensively, in this very life

[p. 300]
[p. 300]
one will certainly attain some kind of accomplishment, for it is a time of extraordinary gathering.

Line 1,151: Line 1,189:
and all those endowed with qualities
and all those endowed with qualities

[p. 301]
[p. 301]
gather.

gather.

As for nonhumans: one goes to the charnel ground,

Line 1,186: Line 1,224:
Through obtaining the merit
Through obtaining the merit

[p. 302]
[p. 302]
and renown of a universal monarch, there is no harm.

Through obtaining accomplishment, one obtains swift-footedness,

Line 1,218: Line 1,256:
and likewise food, wealth, and so forth—

[p. 303]
[p. 303]
one is able to transform the potency of all of these as well.

Furthermore, the activities of killing and reviving,

Line 1,254: Line 1,292:
came to move with their feet a full cubit

[p. 304]
[p. 304]
above the ground, without touching it.

above the ground, without touching it.

Then that lord of the gathering,

Then that lord of the gathering,

Line 1,288: Line 1,326:
The attainment of these arises from empowerment.

[p. 305]
[p. 305]
Mastery through renown is accomplished by twenty-one

accompanied by banquets;

accompanied by banquets;

Line 1,323: Line 1,361:
and to countless hundreds of thousands of buddhas—

[p. 306]
[p. 306]
compared with offering gifts, this is of greater import.

Therefore the feast of empowerment is supreme;

Line 1,346: Line 1,384:
The first is the self-arisen primordial wisdom that abides in all beings, that which abides as the three maṇḍalas of luminosity ('od gsal).

[p. 307]
[p. 307]
From the same text:
From the same text:

Line 1,378: Line 1,416:
The second: the maṇḍala of drawn colored powder that illustrates the symbol of the conferral of empowerment, and the maṇḍalas of lines and of heaps (tshom bu), are the symbolic maṇḍala; and, relying on the symbolic maṇḍala, when one meditates on generation and completion (bskyed rdzogs), that which is meditated upon as the object of focus (dmigs pa),

[p. 308]
[p. 308]
the maṇḍala of samādhi, which becomes the ground for the arising of the qualities of the path, is the maṇḍala of the meaning. Their being taught as the maṇḍalas in which symbol and meaning are ascertained is, again, from the same text:

Line 1,404: Line 1,442:
Third, the maṇḍala of the nature, the utterly pure fruition: having entered the symbolic maṇḍala of colored powder, then, in the maṇḍala of samādhi, the meaning—through the elaborate, in which one meditates on the peaceful and wrathful deities and recites mantra, and through the unelaborate, its completion stage, in which one gazes upon the maṇḍala of light that is the meaning of the direct perception of the nature of phenomena (chos nyid mngon sum)—the four visions (snang ba bzhi) reach their full measure, and when the maṇḍala of the youthful vase body (gzhon nu bum pa sku) becomes manifest,

[p. 309]
[p. 309]
the maṇḍala of the dharmakāya and the maṇḍala of the sambhogakāya of self-appearance are complete, and so it is spontaneously present as the nature of both the peaceful and the wrathful deities. From that same text:

Line 1,432: Line 1,470:
And their manner of abiding is this:
And their manner of abiding is this:

[p. 310]
[p. 310]
endowed with kāyas in peaceful attire,

endowed with kāyas in peaceful attire,

standing and seated,

standing and seated,

Line 1,468: Line 1,506:
in the east, Vajra Heru-
in the east, Vajra Heru-

[p. 311]
[p. 311]
ka;

ka;

in the south, Ratna Heruka;

in the south, Ratna Heruka;

Line 1,503: Line 1,541:
the four: the body, speech, mental faculty (yid), and mind of beings,

[p. 312]
[p. 312]
by the four aspects of empowerment as well

the fortunate are to be brought to maturity:

Line 1,518: Line 1,556:
Of these, the first, the elaborate empowerment, has three parts: the general presentation of the elaborate; the specific exposition; and the identification of the meaning of the third. First: in this unsurpassed tantra, in view of accomplishing the aims of oneself, of others, and of both, the general presentation of the elaborate

[p. 313]
[p. 313]
empowerment is taught as twelvefold, together with the many subdivisions within them, from the empowerment of ablution up to the exposition of the precious wheel of empowerment. From the Tantra of the River of Empowerment, the Self-Arisen Perfection:

Line 1,544: Line 1,582:
are carried out, by one trained in the tantras,

[p. 314]
[p. 314]
in accordance with the maṇḍala.

in accordance with the maṇḍala.

Then, as for the rite of conferring empowerment,

Line 1,556: Line 1,594:

== Translation notes ==
== Translation notes ==
* [p. 276] gzhi in "dbang bskur ba la 'jug pa'i gzhi" and gzhir bzhag (p. 278) is used in the ordinary sense, not the technical "ground"; rendered "basis"/"foundation" accordingly.

* <span style="color:#72777d;font-size:85%;
* [p. 276] shes byed rgyud: Gemini 3.1 Pro, GPT
= Bilingual =
= Bilingual =

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See [[Theg mchog mdzod (Longchenpa)|the contents page]] for how it was made.

{| class="wikitable" style="width:100%"
{| class="wikitable lcp-bi" style="width:100%"
! Tibetan (critical edition) !! English
! Tibetan (critical edition) !! English

| style="width:50%;vertical-align:top" | [p. 276] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་
| style="width:50%" | [p. 276]དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་
| style="vertical-align:top" |

Having thus, as a branch for engendering conviction, ascertained the topics of the tantras (rgyud) that serve as the means of establishing them, now, among the meanings to be taught just as they emerge from those topics, the first is empowerment (dbang), since it is the door for entering the unsurpassed vehicle (theg pa). Here the definitive presentation of its topics has three parts: the basis (gzhi) for entering into the conferral of empowerment (dbang bskur ba); the path (lam) of the actual conferral of empowerment; and the fruition ('bras bu) of the conferral of empowerment brought to completion.
Having thus, as a branch for engendering conviction, ascertained the topics of the tantras (rgyud) that serve as the means of establishing them, now, among the meanings to be taught just as they emerge from those topics, the first is empowerment (dbang), since it is the door for entering the unsurpassed vehicle (theg pa). Here the definitive presentation of its topics has three parts: the basis (gzhi) for entering into the conferral of empowerment (dbang bskur ba); the path (lam) of the actual conferral of empowerment; and the fruition ('bras bu) of the conferral of empowerment brought to completion.

Line 1,675: Line 1,713:
The master endowed with the vajra (rdo rje) meaning
The master endowed with the vajra (rdo rje) meaning

| style="width:50%;vertical-align:top" | [p. 277] སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་
| style="width:50%" | [p. 277]སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་
| style="vertical-align:top" |

is of good disposition and skilled in teaching;

is of good disposition and skilled in teaching;

having obtained empowerment, he applies himself to the meaning of secret mantra (gsang sngags);

having obtained empowerment, he applies himself to the meaning of secret mantra (gsang sngags);

Line 1,700: Line 1,738:
Since this is taught, here he possesses six defining characteristics: he has cast the phenomena of saṃsāra ('khor ba) behind him; he has few desires and knows contentment; he is skilled in practical application and has experience (nyams myong); he is learned in the words and meaning of the tantras and diligent in accomplishment; he is learned in the meaning of the view and complete in capacity; and he has great compassion (snying rje) and delights in giving. One in whom these are complete is called a glorious vajra holder, for he empties out the seeds (sa bon) of the six classes of beings (rigs drug) in the disciple, purifies the six afflictions (nyon mongs pa), and causes the meaning of the six primordial wisdoms (ye shes) to dawn, since he possesses the capacity
Since this is taught, here he possesses six defining characteristics: he has cast the phenomena of saṃsāra ('khor ba) behind him; he has few desires and knows contentment; he is skilled in practical application and has experience (nyams myong); he is learned in the words and meaning of the tantras and diligent in accomplishment; he is learned in the meaning of the view and complete in capacity; and he has great compassion (snying rje) and delights in giving. One in whom these are complete is called a glorious vajra holder, for he empties out the seeds (sa bon) of the six classes of beings (rigs drug) in the disciple, purifies the six afflictions (nyon mongs pa), and causes the meaning of the six primordial wisdoms (ye shes) to dawn, since he possesses the capacity

| style="width:50%;vertical-align:top" | [p. 278] མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་
| style="width:50%" | [p. 278]མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་
| style="vertical-align:top" |

for that very thing.
for that very thing.

Line 1,726: Line 1,764:
Second, the nature of the disciple: his mind (blo) has turned away from the phenomena of saṃsāra; he has great devotion and yearning toward the guru, the Dharma, and his companions; his faith is stable and his mind does not engage in anything other than the Dharma; toward the definitive
Second, the nature of the disciple: his mind (blo) has turned away from the phenomena of saṃsāra; he has great devotion and yearning toward the guru, the Dharma, and his companions; his faith is stable and his mind does not engage in anything other than the Dharma; toward the definitive

| style="width:50%;vertical-align:top" | [p. 279] དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །
| style="width:50%" | [p. 279]དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །
| style="vertical-align:top" |

meaning he is devoted, and he is great in generosity and diligence (brtson 'grus); he has little attachment and a good disposition; he has great wisdom (shes rab) and abides in samaya and vows (sdom pa); he is in harmony with the minds of others and turns them toward the Dharma; he heeds the guru's words and is not indiscreet with the door of secrecy; he is great in learning and reflection and his own mind-stream is tamed; and, in particular, he has devotion toward the guru as a buddha (sangs rgyas) or as more than that. One endowed with these ten qualities is a good disciple of supreme liberation (thar pa), and it is certain that he will swiftly attain the supreme liberation from saṃsāra. And so too it is said,
meaning he is devoted, and he is great in generosity and diligence (brtson 'grus); he has little attachment and a good disposition; he has great wisdom (shes rab) and abides in samaya and vows (sdom pa); he is in harmony with the minds of others and turns them toward the Dharma; he heeds the guru's words and is not indiscreet with the door of secrecy; he is great in learning and reflection and his own mind-stream is tamed; and, in particular, he has devotion toward the guru as a buddha (sangs rgyas) or as more than that. One endowed with these ten qualities is a good disciple of supreme liberation (thar pa), and it is certain that he will swiftly attain the supreme liberation from saṃsāra. And so too it is said,

Line 1,750: Line 1,788:
not straying from his own aim,
not straying from his own aim,

| style="width:50%;vertical-align:top" | [p. 280] དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་
| style="width:50%" | [p. 280]དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་
| style="vertical-align:top" |

speaking gently, without words of arrogance,

speaking gently, without words of arrogance,

engaging in accord with the minds of others,

engaging in accord with the minds of others,

Line 1,782: Line 1,820:
is without quintessence and brings both to
is without quintessence and brings both to

| style="width:50%;vertical-align:top" | [p. 281] བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་
| style="width:50%" | [p. 281]བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་
| style="vertical-align:top" |

ruin.

ruin.

Therefore keep it secret from those of inferior intellect.
Therefore keep it secret from those of inferior intellect.
Line 1,813: Line 1,851:
Thus, when the disciple has the wish to request the elaborate (spros bcas) and other empowerments and the instructions (gdams pa), he does not enter upon them abruptly; rather, just as, even in the common invitation of a guest,
Thus, when the disciple has the wish to request the elaborate (spros bcas) and other empowerments and the instructions (gdams pa), he does not enter upon them abruptly; rather, just as, even in the common invitation of a guest,

| style="width:50%;vertical-align:top" | [p. 282] ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་
| style="width:50%" | [p. 282]ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་
| style="vertical-align:top" |

even so one must first give notice beforehand—so it is here. Therefore, five, seven, or three years or so in advance, one offers the guru a maṇḍala of a feast (tshogs), gold, and the like, and supplicates again and again, saying: "In about so many years I shall request the empowerment called such-and-such, or the instruction called such-and-such; please grant it." And at the beginning of the sessions of one's own virtuous practice, one meditates on the yoga (rnal 'byor) of that guru at the six times of day and night and supplicates him. The guru, for his part, grants permission, saying, "Son, if you request empowerment, then in the meantime, in order to dispel obstacles and purify misdeeds and obscurations, meditate on the guru at the crown of your head and supplicate at the six times of day and night," and thus sets him to supplicating. The purpose of this is that the body (lus) ripens into the kāya (sku) of the deity,
even so one must first give notice beforehand—so it is here. Therefore, five, seven, or three years or so in advance, one offers the guru a maṇḍala of a feast (tshogs), gold, and the like, and supplicates again and again, saying: "In about so many years I shall request the empowerment called such-and-such, or the instruction called such-and-such; please grant it." And at the beginning of the sessions of one's own virtuous practice, one meditates on the yoga (rnal 'byor) of that guru at the six times of day and night and supplicates him. The guru, for his part, grants permission, saying, "Son, if you request empowerment, then in the meantime, in order to dispel obstacles and purify misdeeds and obscurations, meditate on the guru at the crown of your head and supplicate at the six times of day and night," and thus sets him to supplicating. The purpose of this is that the body (lus) ripens into the kāya (sku) of the deity,

that speech ripens into the natural sound of āli and kāli, and that mind ripens into emptiness (stong nyid) free from the domain of thought—such is its purpose. When at that time one generates the fierce aspiration, "By all means I must obtain whatever empowerment or the like I desire," it is certain that signs (rtags) of having accomplished the guru will arise, such as his teaching the Dharma and giving prophecies in dreams (rmi lam). Third, the purpose, the certain fruition: by thus supplicating beforehand and relying upon the guru, everything one desires
that speech ripens into the natural sound of āli and kāli, and that mind ripens into emptiness (stong nyid) free from the domain of thought—such is its purpose. When at that time one generates the fierce aspiration, "By all means I must obtain whatever empowerment or the like I desire," it is certain that signs (rtags) of having accomplished the guru will arise, such as his teaching the Dharma and giving prophecies in dreams (rmi lam). Third, the purpose, the certain fruition: by thus supplicating beforehand and relying upon the guru, everything one desires

| style="width:50%;vertical-align:top" | [p. 283] ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་
| style="width:50%" | [p. 283]ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་
| style="vertical-align:top" |

is accomplished, arising as from a jewel or a wish-fulfilling tree. From the Reverberation of Sound:
is accomplished, arising as from a jewel or a wish-fulfilling tree. From the Reverberation of Sound:

Line 1,855: Line 1,893:
And again from the Self-Arising: "The qualities of conferring
And again from the Self-Arising: "The qualities of conferring

| style="width:50%;vertical-align:top" | [p. 284] བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་
| style="width:50%" | [p. 284]བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་
| style="vertical-align:top" |

empowerment are as follows. In the intermediate state (bar ma do) one comes to recognize one's own appearances. And having recognized them, one attains stability in that itself, and within twenty-one days one is able to send forth nirmāṇakāyas (sprul pa'i sku). And for one who has reached the culmination of the highest faculties, suffering, terror, and the like do not occur. At the time of practice, too, the appearance of primordial wisdom shines clearly without ceasing. These are called the special qualities. As for the common qualities, one obtains the following: knowing the language of the ḍākinīs (mkha' 'gro ma);
empowerment are as follows. In the intermediate state (bar ma do) one comes to recognize one's own appearances. And having recognized them, one attains stability in that itself, and within twenty-one days one is able to send forth nirmāṇakāyas (sprul pa'i sku). And for one who has reached the culmination of the highest faculties, suffering, terror, and the like do not occur. At the time of practice, too, the appearance of primordial wisdom shines clearly without ceasing. These are called the special qualities. As for the common qualities, one obtains the following: knowing the language of the ḍākinīs (mkha' 'gro ma);

the ḍākinīs bestowing their blessings (byin rlabs); through being blessed, being seen by people as an object of veneration; all beings being loving toward one; being of beautiful form and pleasing to behold; the increase of vast merit (bsod nams); after death and transference, being born in the body of a cakravartin king; the arising of great qualities, like a precious jewel; engaging in the pure Dharma, like a lotus; being seen by all as worthy of circumambulation, like a stūpa; overwhelming ordinary beings with splendor, like a parasol; being able to liberate beings through wisdom, like a mass of fire; being able to accomplish the aim, like a sword; and, like a vajra hook, being able to embrace beings with compassion;
the ḍākinīs bestowing their blessings (byin rlabs); through being blessed, being seen by people as an object of veneration; all beings being loving toward one; being of beautiful form and pleasing to behold; the increase of vast merit (bsod nams); after death and transference, being born in the body of a cakravartin king; the arising of great qualities, like a precious jewel; engaging in the pure Dharma, like a lotus; being seen by all as worthy of circumambulation, like a stūpa; overwhelming ordinary beings with splendor, like a parasol; being able to liberate beings through wisdom, like a mass of fire; being able to accomplish the aim, like a sword; and, like a vajra hook, being able to embrace beings with compassion;

| style="width:50%;vertical-align:top" | [p. 285] རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་
| style="width:50%" | [p. 285]རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་
| style="vertical-align:top" |

and, like a cloud of Dharma, realizing (rtogs pa) the meaning of basic space (dbyings) and primordial wisdom being beyond meeting and parting; and performing all outer and inner activities. These and others: one will obtain one hundred and eight qualities. By this, whatever activities one undertakes will all be attained. Such a one cannot be assailed by obstructing spirits or misleading spirits. Having many children and great wealth is a sign of having obtained empowerment. One will remember one's former and later lives. One will also see sentient beings (sems can) taking birth. One will know the minds of others. One will mingle with nonhuman beings. These and others: one will obtain one hundred and eight qualities." So it says.
and, like a cloud of Dharma, realizing (rtogs pa) the meaning of basic space (dbyings) and primordial wisdom being beyond meeting and parting; and performing all outer and inner activities. These and others: one will obtain one hundred and eight qualities. By this, whatever activities one undertakes will all be attained. Such a one cannot be assailed by obstructing spirits or misleading spirits. Having many children and great wealth is a sign of having obtained empowerment. One will remember one's former and later lives. One will also see sentient beings (sems can) taking birth. One will know the minds of others. One will mingle with nonhuman beings. These and others: one will obtain one hundred and eight qualities." So it says.

Line 1,880: Line 1,918:
And from the Self-Arising Awareness: "The faults of not having obtained empowerment are
And from the Self-Arising Awareness: "The faults of not having obtained empowerment are

| style="width:50%;vertical-align:top" | [p. 286] འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་
| style="width:50%" | [p. 286]འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་
| style="vertical-align:top" |

as follows. In the intermediate state there also occur terror, panic, exhaustion, obstruction, and the loss of perception. And until one has cast off the body of habitual tendencies (bag chags), one is not seen by beings as worthy of honor; one's merit is small, one's life is short, the enjoyments of one's livelihood are few, one is beset by dangers, and many obstacles arise. No activity whatever is accomplished. Those are the faults of not having obtained empowerment for the practice of secret mantra. A yogin (rnal 'byor pa) who practices secret mantra should obtain empowerment. If empowerment is not obtained, even a buddha is unable to turn the wheel of Dharma on the level of a tathāgata. If the wheel is not turned, one cannot accomplish the benefit of beings through the nirmāṇakāya of compassion. Therefore one who practices secret mantra should obtain empowerment." So it says.
as follows. In the intermediate state there also occur terror, panic, exhaustion, obstruction, and the loss of perception. And until one has cast off the body of habitual tendencies (bag chags), one is not seen by beings as worthy of honor; one's merit is small, one's life is short, the enjoyments of one's livelihood are few, one is beset by dangers, and many obstacles arise. No activity whatever is accomplished. Those are the faults of not having obtained empowerment for the practice of secret mantra. A yogin (rnal 'byor pa) who practices secret mantra should obtain empowerment. If empowerment is not obtained, even a buddha is unable to turn the wheel of Dharma on the level of a tathāgata. If the wheel is not turned, one cannot accomplish the benefit of beings through the nirmāṇakāya of compassion. Therefore one who practices secret mantra should obtain empowerment." So it says.

Third, the place where it is conferred: places that are secluded, pleasing to the mind, and near to accomplishments (dngos grub). Here, the general place is one that is auspicious and has good geomantic features, with fine groves and the like; as for the particular places, there are four. For the site of the elaborate empowerment, too: if the disciple's body is earth, it is open to the south and sheltered to the north. If it is water, it is open to the east and sheltered to the west. If it is fire, it is open to the west and sheltered to the
Third, the place where it is conferred: places that are secluded, pleasing to the mind, and near to accomplishments (dngos grub). Here, the general place is one that is auspicious and has good geomantic features, with fine groves and the like; as for the particular places, there are four. For the site of the elaborate empowerment, too: if the disciple's body is earth, it is open to the south and sheltered to the north. If it is water, it is open to the east and sheltered to the west. If it is fire, it is open to the west and sheltered to the

| style="width:50%;vertical-align:top" | [p. 287] པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་
| style="width:50%" | [p. 287]པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་
| style="vertical-align:top" |

east. If it is wind, it is open to the north and sheltered to the south. The site of the unelaborate (spros med) empowerment: a mountain hollow within a dense forest, performed in accordance with a shape and features that agree with the disciple's element ('byung ba). For the extremely unelaborate (shin tu spros med), the summit of a mountain spur where three valleys converge is supremely good. For the utterly unelaborate (rab tu spros med), it is a place of utter seclusion or a hermitage, that is, one krośa (rgyang grags) removed from a village. As for the sites for all four kinds of empowerment, a charnel ground—a place other beings fear, where savage beasts of prey dwell, where there are venomous snakes, carrion birds, wolves, and the like,
east. If it is wind, it is open to the north and sheltered to the south. The site of the unelaborate (spros med) empowerment: a mountain hollow within a dense forest, performed in accordance with a shape and features that agree with the disciple's element ('byung ba). For the extremely unelaborate (shin tu spros med), the summit of a mountain spur where three valleys converge is supremely good. For the utterly unelaborate (rab tu spros med), it is a place of utter seclusion or a hermitage, that is, one krośa (rgyang grags) removed from a village. As for the sites for all four kinds of empowerment, a charnel ground—a place other beings fear, where savage beasts of prey dwell, where there are venomous snakes, carrion birds, wolves, and the like,

Line 1,909: Line 1,947:
the north itself seeming to shelter
the north itself seeming to shelter

| style="width:50%;vertical-align:top" | [p. 288] འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་
| style="width:50%" | [p. 288]འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་
| style="vertical-align:top" |

and the south a place like a broad, open plain;

and the south a place like a broad, open plain;

where, in the direction one faces,

where, in the direction one faces,

Line 1,935: Line 1,973:
In the four first months of the seasons,
In the four first months of the seasons,

| style="width:50%;vertical-align:top" | [p. 289] རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །
| style="width:50%" | [p. 289]རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །
| style="vertical-align:top" |

it is accomplished, since the time is fulfilled and brings forth the fruit.

it is accomplished, since the time is fulfilled and brings forth the fruit.

As for the date, it is from the first day of the waxing moon

As for the date, it is from the first day of the waxing moon

Line 1,971: Line 2,009:
Once one has entered into the empowerment,
Once one has entered into the empowerment,

| style="width:50%;vertical-align:top" | [p. 290] རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་
| style="width:50%" | [p. 290]རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་
| style="vertical-align:top" |

if one constantly sees good signs,

if one constantly sees good signs,

by that the common accomplishments are achieved.

by that the common accomplishments are achieved.

Line 2,009: Line 2,047:
Third, the extremely
Third, the extremely

| style="width:50%;vertical-align:top" | [p. 291] ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་
| style="width:50%" | [p. 291]ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་
| style="vertical-align:top" |

unelaborate: its time and signs. From the same text:
unelaborate: its time and signs. From the same text:

Line 2,045: Line 2,083:
afterwards,
afterwards,

| style="width:50%;vertical-align:top" | [p. 292] དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་
| style="width:50%" | [p. 292]དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་
| style="vertical-align:top" |

once the empowerment has been conferred,

once the empowerment has been conferred,

and without the guru's instructions having been taught,

and without the guru's instructions having been taught,

Line 2,082: Line 2,120:
and pronouncing hūṃ, phaṭ, and
and pronouncing hūṃ, phaṭ, and

| style="width:50%;vertical-align:top" | [p. 293] ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་
| style="width:50%" | [p. 293]ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་
| style="vertical-align:top" |

oṃ in various combinations.

oṃ in various combinations.

Then one is to be made a recipient of the instructions.

Then one is to be made a recipient of the instructions.

Line 2,117: Line 2,155:
the body sways and throbs violently.
the body sways and throbs violently.

| style="width:50%;vertical-align:top" | [p. 294] ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་
| style="width:50%" | [p. 294]ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་
| style="vertical-align:top" |

If this occurs in the body, it is obtained through the body.

If this occurs in the body, it is obtained through the body.

When speech utters sounds and voices of every kind,

When speech utters sounds and voices of every kind,

Line 2,153: Line 2,191:
Since through the respective words it is made definitively
Since through the respective words it is made definitively

| style="width:50%;vertical-align:top" | [p. 295] གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་
| style="width:50%" | [p. 295]གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་
| style="vertical-align:top" |

clear,

clear,

one sees the naturally pure ground.

one sees the naturally pure ground.

Line 2,189: Line 2,227:
the very object of realization of the profound portion—
the very object of realization of the profound portion—

| style="width:50%;vertical-align:top" | [p. 296] ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་
| style="width:50%" | [p. 296]ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་
| style="vertical-align:top" |

by conferring this very one, empowerment is obtained.

by conferring this very one, empowerment is obtained.

Having thoroughly examined the disciple's characteristics,

Having thoroughly examined the disciple's characteristics,

Line 2,216: Line 2,254:
Moreover, since after the conferral of empowerment one presents gifts and holds a celebratory feast, here too one obtains the perfect fulfillment of one's own wishes, and in future time one manifestly obtains perfect sovereignty and the qualities of glory and excellence; and thereafter, in the buddha field arrayed with ornaments
Moreover, since after the conferral of empowerment one presents gifts and holds a celebratory feast, here too one obtains the perfect fulfillment of one's own wishes, and in future time one manifestly obtains perfect sovereignty and the qualities of glory and excellence; and thereafter, in the buddha field arrayed with ornaments

| style="width:50%;vertical-align:top" | [p. 297] ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་
| style="width:50%" | [p. 297]ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་
| style="vertical-align:top" |

one will manifestly and perfectly awaken. So too, from the Infinite Empowerment (dbang rab 'byams):

one will manifestly and perfectly awaken. So too, from the Infinite Empowerment (dbang rab 'byams):

The desired aims are fulfilled;

The desired aims are fulfilled;

Line 2,234: Line 2,272:
Of the two—offering a single item each of food, drink, wealth, and the like to the root guru (rtsa ba'i bla ma) at this time, and offering ten million at another time—the offering made here is greater in merit. And of the two—the merit of giving to a single woman or to a single man at this time, and the merit of performing an extensive feast offering (tshogs mchod) to ten million mamos (ma mo), that is, ḍākinīs, at another time—
Of the two—offering a single item each of food, drink, wealth, and the like to the root guru (rtsa ba'i bla ma) at this time, and offering ten million at another time—the offering made here is greater in merit. And of the two—the merit of giving to a single woman or to a single man at this time, and the merit of performing an extensive feast offering (tshogs mchod) to ten million mamos (ma mo), that is, ḍākinīs, at another time—

| style="width:50%;vertical-align:top" | [p. 298] ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །
| style="width:50%" | [p. 298]ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །
| style="vertical-align:top" |

giving to the single one at this time is superior. This is because at this time all the buddhas of the ten directions gather as one, through compassion, into the guru and perform the act of conferring empowerment, turn the unsurpassed wheel, and lead one into the city of great liberation, so that his kindness is surpassing; and because, in the women and men too, the heroes and heroines (dpa' bo dpa' mo) have taken them as their supports and, seated in the rows of the empowerment through compassion and samaya, bestow their blessings. Therefore it is taught that both the time of empowerment and the time of the celebratory feast are greater than other times by a hundred-thousandfold increase. As is also said,
giving to the single one at this time is superior. This is because at this time all the buddhas of the ten directions gather as one, through compassion, into the guru and perform the act of conferring empowerment, turn the unsurpassed wheel, and lead one into the city of great liberation, so that his kindness is surpassing; and because, in the women and men too, the heroes and heroines (dpa' bo dpa' mo) have taken them as their supports and, seated in the rows of the empowerment through compassion and samaya, bestow their blessings. Therefore it is taught that both the time of empowerment and the time of the celebratory feast are greater than other times by a hundred-thousandfold increase. As is also said,

Line 2,254: Line 2,292:
compared with making offerings to one's own guru
compared with making offerings to one's own guru

| style="width:50%;vertical-align:top" | [p. 299] རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་
| style="width:50%" | [p. 299]རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་
| style="vertical-align:top" |

countless hundreds of times

countless hundreds of times

when it is not the time of empowerment,

when it is not the time of empowerment,

Line 2,291: Line 2,329:
Moreover, if the celebratory feast is performed extensively, in this very life
Moreover, if the celebratory feast is performed extensively, in this very life

| style="width:50%;vertical-align:top" | [p. 300] ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་
| style="width:50%" | [p. 300]ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་
| style="vertical-align:top" |

one will certainly attain some kind of accomplishment, for it is a time of extraordinary gathering.
one will certainly attain some kind of accomplishment, for it is a time of extraordinary gathering.

Line 2,327: Line 2,365:
and all those endowed with qualities
and all those endowed with qualities

| style="width:50%;vertical-align:top" | [p. 301] ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་
| style="width:50%" | [p. 301]ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་
| style="vertical-align:top" |

gather.

gather.

As for nonhumans: one goes to the charnel ground,

As for nonhumans: one goes to the charnel ground,

Line 2,363: Line 2,401:
Through obtaining the merit
Through obtaining the merit

| style="width:50%;vertical-align:top" | [p. 302] ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །
| style="width:50%" | [p. 302]ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །
| style="vertical-align:top" |

and renown of a universal monarch, there is no harm.

and renown of a universal monarch, there is no harm.

Through obtaining accomplishment, one obtains swift-footedness,

Through obtaining accomplishment, one obtains swift-footedness,

Line 2,396: Line 2,434:
and likewise food, wealth, and so forth—
and likewise food, wealth, and so forth—

| style="width:50%;vertical-align:top" | [p. 303] ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་
| style="width:50%" | [p. 303]ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་
| style="vertical-align:top" |

one is able to transform the potency of all of these as well.

one is able to transform the potency of all of these as well.

Furthermore, the activities of killing and reviving,

Furthermore, the activities of killing and reviving,

Line 2,433: Line 2,471:
came to move with their feet a full cubit
came to move with their feet a full cubit

| style="width:50%;vertical-align:top" | [p. 304] གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །
| style="width:50%" | [p. 304]གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །
| style="vertical-align:top" |

above the ground, without touching it.

above the ground, without touching it.

Then that lord of the gathering,

Then that lord of the gathering,

Line 2,468: Line 2,506:
The attainment of these arises from empowerment.
The attainment of these arises from empowerment.

| style="width:50%;vertical-align:top" | [p. 305] གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །
| style="width:50%" | [p. 305]གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །
| style="vertical-align:top" |

Mastery through renown is accomplished by twenty-one

Mastery through renown is accomplished by twenty-one

accompanied by banquets;

accompanied by banquets;

Line 2,504: Line 2,542:
and to countless hundreds of thousands of buddhas—
and to countless hundreds of thousands of buddhas—

| style="width:50%;vertical-align:top" | [p. 306] ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་
| style="width:50%" | [p. 306]ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་
| style="vertical-align:top" |

compared with offering gifts, this is of greater import.

compared with offering gifts, this is of greater import.

Therefore the feast of empowerment is supreme;

Therefore the feast of empowerment is supreme;

Line 2,528: Line 2,566:
The first is the self-arisen primordial wisdom that abides in all beings, that which abides as the three maṇḍalas of luminosity ('od gsal).
The first is the self-arisen primordial wisdom that abides in all beings, that which abides as the three maṇḍalas of luminosity ('od gsal).

| style="width:50%;vertical-align:top" | [p. 307] དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་
| style="width:50%" | [p. 307]དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་
| style="vertical-align:top" |

From the same text:
From the same text:

Line 2,561: Line 2,599:
The second: the maṇḍala of drawn colored powder that illustrates the symbol of the conferral of empowerment, and the maṇḍalas of lines and of heaps (tshom bu), are the symbolic maṇḍala; and, relying on the symbolic maṇḍala, when one meditates on generation and completion (bskyed rdzogs), that which is meditated upon as the object of focus (dmigs pa),
The second: the maṇḍala of drawn colored powder that illustrates the symbol of the conferral of empowerment, and the maṇḍalas of lines and of heaps (tshom bu), are the symbolic maṇḍala; and, relying on the symbolic maṇḍala, when one meditates on generation and completion (bskyed rdzogs), that which is meditated upon as the object of focus (dmigs pa),

| style="width:50%;vertical-align:top" | [p. 308] པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་
| style="width:50%" | [p. 308]པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་
| style="vertical-align:top" |

the maṇḍala of samādhi, which becomes the ground for the arising of the qualities of the path, is the maṇḍala of the meaning. Their being taught as the maṇḍalas in which symbol and meaning are ascertained is, again, from the same text:
the maṇḍala of samādhi, which becomes the ground for the arising of the qualities of the path, is the maṇḍala of the meaning. Their being taught as the maṇḍalas in which symbol and meaning are ascertained is, again, from the same text:

Line 2,588: Line 2,626:
Third, the maṇḍala of the nature, the utterly pure fruition: having entered the symbolic maṇḍala of colored powder, then, in the maṇḍala of samādhi, the meaning—through the elaborate, in which one meditates on the peaceful and wrathful deities and recites mantra, and through the unelaborate, its completion stage, in which one gazes upon the maṇḍala of light that is the meaning of the direct perception of the nature of phenomena (chos nyid mngon sum)—the four visions (snang ba bzhi) reach their full measure, and when the maṇḍala of the youthful vase body (gzhon nu bum pa sku) becomes manifest,
Third, the maṇḍala of the nature, the utterly pure fruition: having entered the symbolic maṇḍala of colored powder, then, in the maṇḍala of samādhi, the meaning—through the elaborate, in which one meditates on the peaceful and wrathful deities and recites mantra, and through the unelaborate, its completion stage, in which one gazes upon the maṇḍala of light that is the meaning of the direct perception of the nature of phenomena (chos nyid mngon sum)—the four visions (snang ba bzhi) reach their full measure, and when the maṇḍala of the youthful vase body (gzhon nu bum pa sku) becomes manifest,

| style="width:50%;vertical-align:top" | [p. 309] བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །
| style="width:50%" | [p. 309]བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །
| style="vertical-align:top" |

the maṇḍala of the dharmakāya and the maṇḍala of the sambhogakāya of self-appearance are complete, and so it is spontaneously present as the nature of both the peaceful and the wrathful deities. From that same text:
the maṇḍala of the dharmakāya and the maṇḍala of the sambhogakāya of self-appearance are complete, and so it is spontaneously present as the nature of both the peaceful and the wrathful deities. From that same text:

Line 2,617: Line 2,655:
And their manner of abiding is this:
And their manner of abiding is this:

| style="width:50%;vertical-align:top" | [p. 310] ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་
| style="width:50%" | [p. 310]ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་
| style="vertical-align:top" |

endowed with kāyas in peaceful attire,

endowed with kāyas in peaceful attire,

standing and seated,

standing and seated,

Line 2,654: Line 2,692:
in the east, Vajra Heru-
in the east, Vajra Heru-

| style="width:50%;vertical-align:top" | [p. 311] ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །
| style="width:50%" | [p. 311]ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །
| style="vertical-align:top" |

ka;

ka;

in the south, Ratna Heruka;

in the south, Ratna Heruka;

Line 2,690: Line 2,728:
the four: the body, speech, mental faculty (yid), and mind of beings,
the four: the body, speech, mental faculty (yid), and mind of beings,

| style="width:50%;vertical-align:top" | [p. 312] དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་
| style="width:50%" | [p. 312]དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་
| style="vertical-align:top" |

by the four aspects of empowerment as well

by the four aspects of empowerment as well

the fortunate are to be brought to maturity:

the fortunate are to be brought to maturity:

Line 2,706: Line 2,744:
Of these, the first, the elaborate empowerment, has three parts: the general presentation of the elaborate; the specific exposition; and the identification of the meaning of the third. First: in this unsurpassed tantra, in view of accomplishing the aims of oneself, of others, and of both, the general presentation of the elaborate
Of these, the first, the elaborate empowerment, has three parts: the general presentation of the elaborate; the specific exposition; and the identification of the meaning of the third. First: in this unsurpassed tantra, in view of accomplishing the aims of oneself, of others, and of both, the general presentation of the elaborate

| style="width:50%;vertical-align:top" | [p. 313] སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་པའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་
| style="width:50%" | [p. 313]སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་པའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་
| style="vertical-align:top" |

empowerment is taught as twelvefold, together with the many subdivisions within them, from the empowerment of ablution up to the exposition of the precious wheel of empowerment. From the Tantra of the River of Empowerment, the Self-Arisen Perfection:
empowerment is taught as twelvefold, together with the many subdivisions within them, from the empowerment of ablution up to the exposition of the precious wheel of empowerment. From the Tantra of the River of Empowerment, the Self-Arisen Perfection:

Line 2,733: Line 2,771:
are carried out, by one trained in the tantras,
are carried out, by one trained in the tantras,

| style="width:50%;vertical-align:top" | [p. 314] འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌། དགེ་
| style="width:50%" | [p. 314]འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌། དགེ་
| style="vertical-align:top" |

in accordance with the maṇḍala.

in accordance with the maṇḍala.

Then, as for the rite of conferring empowerment,

Then, as for the rite of conferring empowerment,

Revision as of 22:28, 21 November 2026

← Ch. 05 (3)Theg mchog mdzod: contentsCh. 06 (2) →

Theg pa'i mchog rin po che'i mdzod, chapter 6: gzhi'i don smin par byed pa dang dbang gi rnam par gzhag pa · གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ
Pages 276–314 of volume 1 of the corrected base text (part 1 of 3 of Ch. 06).

Not in this part's tabs (the edition does not contain it): Serthang Larung.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD86

[p. 255] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་ བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་ གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་ རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་ དོན་ལྡན་སློབ་དཔོན་ནི། །ངར་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་

[p. 256] ཆེན་མན་ངག་དན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཐ་དད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྐྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞོག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་

[p. 257] གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་བྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མིས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་ལ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་

[p. 258] སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཕྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་

[p. 259] ༄༅། །དགྲ༑ ༑ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་ བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དང་དང་ལྡན་པ་ འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་ དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུ་འོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་ཕྲེང་དེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་ གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་

[p. 260] བྱས་པ་སྟོན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བ་སྟོན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བ་འདོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ། །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་

[p. 261] ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །

[p. 262] དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་

[p. 263] རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ཞི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ད་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡིན་ཏན་བརྒྱ་རྩ་བརྒྱད་ཐོབ་བར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་བར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་

[p. 264] ཤོར་བ་ཡང་འབྱུང་ངོ། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་ཡི་མཐའ་བ་དང་། བསོད་ནམས་ཆུང་བ་དང་། ཚ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། །ལ་ཉེན་ པ་དང་། བར་ཆད་མང་པོ་འབྱུང་ངོ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་བས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་ རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། །དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་ གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོག་དངས་ལ་བྱད་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱད་ གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་

[p. 265] ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། ངུར་བྱ་དང་སྦྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་ངུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འདུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་བཟང་པོའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུ་ལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་

[p. 266] ༄༅། །ན་མོ་གུ་རུ་ཨེ་ཝཾ་ཀ་ལ་ཤ་ས་ལ། །ཞེས་པས། །བཤད་པ་ལ། །ཆེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་ དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐང་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། །སྤྲོས་བཅས་དག་གི་དབང་བསྐུར་ནི། །ཕྱི་བ་འབྲུག་ དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་ སུའོ༑ །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྤྱད། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་ མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཚེ་

[p. 267] ག་བྱ། །ད་མེ་པ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བ་དེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། །ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མངོན་དོན་མི་འགྲུབ། །དེ་ལྟར་དད་

[p. 268] དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཆོས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོ་མ་རྐུན་དང་། །མི་སྡུག་པ་ཡི་གཟུགས་

[p. 269] བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་

[p. 270] པའི་གནས་བྱའོ། །ཡ་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེའི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བཅུ་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་པ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་གྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་

[p. 271] ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་པ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་

[p. 272] དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་ཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས་

[p. 273] སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚར་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་པས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དར་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་

[p. 274] བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣར་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ། །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་

[p. 275] ༄༅། །ཁུད༑ ༑ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་པ། །ཚོགས་ཀྱི་དགའ་ སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་ བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མ་སུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་ རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་ པའམ༑ ༑གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། ། འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །

[p. 276] འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅེས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་སྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་ངང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་

[p. 277] དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྤེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉིས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབས་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །

[p. 278] དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །ད་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་

[p. 279] ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁ་ལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་པུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོ་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རིག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུགས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་

[p. 280] བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པར་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་

[p. 281] ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་བ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག །ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་

[p. 282] ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོད་མེད་

[p. 283] འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་སྟེང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་རྭ་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབ་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་

[p. 284] ཞི་ཁྲོའི་ལྟ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་ པ་ན༑ ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་འཕྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་ དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་ བསྐོར༑ །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པར་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་

[p. 285] འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒྲོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ཡུམ་ཚད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དགང་བོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀ་མ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་

[p. 286] ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོའི་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་ངང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེར་ལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་

[p. 287] ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚེགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོ་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོ་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །

[p. 288] མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། ཐམས་ཅད་ཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་

[p. 289] བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
BDRC typed e-text UT22920_005 (the base text was made from it).

དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྦྱང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིགས་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེ་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅི་ང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་དུ་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེས་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་པའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཞིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམ་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོངས་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལས་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམ་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་པ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམ་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམས་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འཕྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ནས། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམ་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྐུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྐུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བ་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏན་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་འགྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླངས་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུ་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་བརྗོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་ལོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པ་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་བའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌།

[edit]
rywikitexts e-text (input 2020; converted from a legacy font encoding on 22 November 2026).

»དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །ཡན་ལག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་«༼༡༽»དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། ། རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང ་། །ཞེས་སོ། །གསུམ་པ་ཐུན་མོང ་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། ། བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་«༼༡༽»འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ «།»དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང ་འདྲ་བ་ཡི། ། ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་ ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་ གནས་པ་«༼༡༽»དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག «།»ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང ་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། ། ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ་ ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང་། ། དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་སབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། ། གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། ། དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། ། མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། ། དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། ། བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག «། »བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། ། ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་«༼༡༽»པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། ། འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། ། རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། ། ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་བར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། ། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། ། ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་སོག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུྃ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། ། གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། ། བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག «།»དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། ། ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། ། དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག «།»འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་«༼༡༽«གྱུ»ར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། ། ཁྱད་པར་དུས་ན་ཆོག་«༼༡༽»ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། ། དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ «།»དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་པ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། ། རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང ་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། ། ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། ། ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། རྣལ་འབྱོར་ཆེན་པོ་དེ་ཉིད་ལ། ། ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང ་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། ། ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་དང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། ། འཁོར་དང་བ་གླང་ཁྱི་ལ་སོགས། །དང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུགས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། ། དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། ། ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཀྱང་ཉིས་བརྒྱས་མཆན་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། ། སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། ། རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། ། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག «།»རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། ། ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་སོང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་སོང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། ། དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་«༼༡༽»ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། ། རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པར་«༼༡༽» ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་བརྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུལ་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ཡང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། ། བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང ་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་བཞུགས་དང་ནི་གླང་ཆེན་བཞུགས། ། སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ «།»དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ཡང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། ། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱྀད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་«༼༡༽»པའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་ཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་པའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
rywikitexts e-text input by Karma Lekshey Ling.

དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྦྱང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིགས་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེ་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅི་ང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་དུ་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེས་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་པའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཞིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམ་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོངས་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལས་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམ་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་པ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམ་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམས་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འཕྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ནས། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམ་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྐུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྐུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བ་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏན་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་འགྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླངས་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུ་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་བརྗོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་ལོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པ་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་བའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌།

[edit]
OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).
Volume I1CZ5002

[p. 182] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུན་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་ བྱ་བ་ལས། དང་པོ་བླ་ན་མེད་པའི་ལྡེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། ། དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་ རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །རང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་ མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །བྲད་མེད་གཏེར་ལ་ སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤེས་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་

[p. 183] ༄༅། །ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་ བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་ སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་པོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སླར་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱེ་མ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས་སོ། །ཐོན་ ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་ གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་

[p. 184] པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་རྒྱལ་པར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ང་ང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་

[p. 185] ༄༅། །ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་ བའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་རེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དག་དང་དགོས་རབ་ལྡན་པ་དང་། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་ པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་

[p. 186] དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་ བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་ འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་ བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་ བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་ འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་ པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་།ཡང་རང་ཤར་

[p. 187] ལས༑ དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་ པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་ བ་ནི་དབང་ཐོབ་པའི་རྟགས་སོ། །ཚ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོད་ཏན་བརྒྱ་རྩ་བརྒྱད་ཐོབ་

[p. 188] པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་ པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་ མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་ སྨོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། །དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱད་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་

[p. 189] ༄༅། །སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་ གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གློང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་ སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་ པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་ བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། ། བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་

[p. 190] བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ་། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་ གནད་བསྟན་པ་ལས། །སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་ མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་ པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་ དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་

[p. 191] བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། ། གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚ། །ལུས་ ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་

[p. 192] པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་ དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་ འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་ དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་ འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་ མཐའ་བར་མད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལེ་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨོཾ་དང་ནི། །སྤྲེལ་མ་སྣ་ཚོགས་བརྗོད་ པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ།། །།ཐ་མར་

[p. 193] ༄༅། །བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །དམ་ཞིང་འཇམ་པ་ཁྲག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་ མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་རོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། ། མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་པ། །ཕྱི་དུས་ འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཟེར་རོ། །

[p. 194] སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་ མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། ། གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་ དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་ དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་

[p. 195] པོ་དགའ་སྟོན་ཆེ། །ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་ བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སྐུ་ཞིང་ཚོགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་ པར་བཞུགས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་ རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་ བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ་། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་ པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་

[p. 196] འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་ གོ། །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་ སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་

[p. 197] པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། ། འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགོང་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་ སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་ པ་སྦྱིན་ཅིང་ཉེས་པ་སྤོང་༑ ༑ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་ པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་བའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་ དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་

[p. 198] སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། ། འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་ བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་ བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་ བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་ མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་

[p. 199] ༄༅། །དུ་སློང་བ་འཐེབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་ འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་ བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ ནུས། །གཞན་ཡང་བསད་དང་གསོ་བ་དང་། །བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། ། སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་ འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་

[p. 200] གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་ འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་ དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་བརྒྱས་ ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་

[p. 201] ༄༅། །འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མིན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་ པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉི་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། ། ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། ། ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག །ཇི་ལྟར་ བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་བས། བོད་སྐད་དུ་ དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་ དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་༑ ༑གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི་

[p. 202] འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་ དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་ སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་མུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་ འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། ། རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་ དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །

[p. 203] ༄༅། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་ སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་ གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་ གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་ དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདམ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་

[p. 204] རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྡུད་པ་ དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། ། གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་ རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤེར་ཕྱོགས་དཀར་པོ་སྟེ། །ལྷོ་ ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཆུ་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་ མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔ་མོ། །རང་བཞིན་གྱི་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤོགས་དང་ནི་གླང་ཆེན་ལྤོགས། །སྦྲུལ་

[p. 205] ༄༅། །དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། ། དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་ བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ། ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་ སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་

[p. 206] གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་ འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། ། ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། ཐམས་ཅད་ཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་ གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། ། དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་

[p. 207] ༄༅། །པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་ དང༑ གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་ མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).
Volume I2PD19908

[p. 120] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 121] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སློང་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ། །དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ ༄༅། །ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་ངེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླ་ན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལེན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། ངེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་དང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཚོལ་བ། ཐོས་བསམ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 122] རང་ཤར་ལས། རང་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་དེ་ཅིག་དུང་ལྡན། ། ལྷང་དེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤོང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད།། ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་དེ་གཟིགས་ཤིང་དུས་ཕན་པའི་ཞལ་ཏ་དང་ཆོས་དང་། ཐན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཅེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་བོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་པར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 123] བར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་པ་ནང་པ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ།། གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ། །པ་ཞི་བ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུབས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས། ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེས་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་པ་དང་། པད་མ་ལྟ་བུར་རེག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བ་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་ཐུགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 124] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ ཏེ་ཡོན་ཏན་བརྒྱད་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། །།གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ཡི་ཕྲེང་བ་དང་། སྡོང་པ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཆེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་ངོད་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ། །ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་ ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོག་དང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་ག་དང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་ག་དང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་ག་དང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་པ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་ པའི་རི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟང་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་ག་དང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།།

[p. 125] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པ་འོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དབྱིང་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་རབ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་བྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུ་འོ། །བསྐུར་ དུས་ཉིན་ཕྱེད་ནམ་བུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་བཟུང་དུ་མེད། ། བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རླེབ་མེད་ནང་ངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །དོན་ མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནང་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། ། ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོས་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལ་འོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དང་ལྡན་ལྔ་དང་དྲུག །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དང་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ། །གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 126] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཆོས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟང་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཆར་མཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ བྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུའི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་ ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 127] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེ་དཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་བ་མེད་པ་ཡི། །དུས་དང་མཚན་མེ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏང་། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏང་། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་ཏུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ཡུམ་གནང་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །རང་ བྱུང་འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་རང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་འབུགས་ཕྱུང་ན། །ངེས་པར་ཐེབ་པར་ཐེ་ཚོམས་མེད། །ཅེས་བ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚིགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 128] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣར་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་བྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ རབ་རྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 129] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པ་འོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གངར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པ་འོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུ་འོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་ པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་པ་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་པ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་།།

[p. 130] ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་བ་བུང་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། ། བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་ བྱས་ཏེ་དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བསྙོམས། །ཞེས་བརྗོད་ནམ་མཁའ་ དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་བསྲུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། ། རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱི། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཅིག་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་ བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལྭ་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ ཇི་ཙམ་གྱིས་འགྲུབ་ཞེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་ པའི་སྐུ། །གཅིག་ཆར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་བཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་ བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་ཉིས་བཅུས་གཉིས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་ པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། ། ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་

[p. 131] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་ དཀྱིལ་འཁོར་གྱི་རྣམ་བཞག །ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །དེས་ཚིག་ནི། རྒྱ་གར་གྱི་སྒྲ་ལས་ མཎྜལ་ཅེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་ དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་གནས། ། དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུད་ཁང་དཀར་པོ་མ། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་ འཁོར་ཆེན་པོ་གཉིས། །རྣམ་དག་སྤོང་བའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་ འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོད་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། ། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་ བཙས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རེ་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 132] འཁོར་མངོན་དུ་གྱུར་པ་ནི། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་བྱེད་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་ བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པོད་མ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་ འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་ དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟོབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུན་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། ། ༄༅། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚད། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རང་ན་ཧེ་རུ་ཀ། །ནུབ་ཏུ་པོད་མ་ཧེ་རུ་ཀ། བྱང་དུ་ཀོ་མ་ཧེ་རུ་ཀ། དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེས་སོ། །གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་པ་ དང་། །གསང་པ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 133] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས་རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་བའི་དབང་། །མ་འོངས་གནང་ལ་བསྒྲེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་ ཐམས་ཅད་བཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་ གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་པའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནཱ་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ནས་འི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང་། མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོང་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).
Volume I8LS32893

[p. 251] འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་ པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་

[p. 252] ༄༅། །བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་ རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞེང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད།། ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ ཞིང༑ ༑རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལམ་ཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་

[p. 253] དེ་ལྟར་བརྗོད་ཀྱིས་མེ་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་དུ་བཟང་པོའི་ཡོན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་བྱ་བ། །ཅེས་པས་ཀུན་དུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་ བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་དུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། །།དེ་ལྟར་ཡིད་ཆེས་པའི་ ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད།

[p. 254] ༄༅། །བྱ་བ་མི་འབྱུང་བར། བླ་མའི་གསུང་ལ་ཉན་ཞིང་སྔས་བསྒོ་མི་འཚོལ་བ། ལོ་སྔགས་མཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སྲས་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་གསུམ་དང་ ལྡན་པ་ནི། ཡང་དང་པོའི་སློབ་མ་བཟང་པོ་སྟེ། བླ་མེད་འཁོར་བ་ལས་ཕྲིར་ཐང་མ་པ་ཐོབ་པར་ངེས་པའོ། །དེ་སང་དུ་ཡང་། རང་གར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། ། ཕྱི་རུའི་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཕྱིར་སེལ་བ་མེད། །དེ་མ་ཚིག་ལྡན་ཞིང་སྤྱོད་ལ་བརྩོན། །ཕྲེང་བ་དོང་ངེ་བསྔོ་གདུང་ལྡན། །ཇི་ལྟར་དེ་ལྟ་ཞེ་ན་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དུ་མ་ ཚིག་ཕྱེལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་ བྱེད། །རྡོ་རྗེའི་དོན་ལས་མེ་འདའ་ཞིང་། །ཐོས་པ་མེད་པའི་གོ་འཕག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དེ་བས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་ གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །འདི་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ཡི། །རྫོགས་པ་ཆེན་པོའི་སྣེ་འཇུག་སྲུངས། །ཞེས་སོ། །འཇལ་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་

[p. 255] སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་ སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །ཡན་ལག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞན་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཆོག་དང་། ། ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། བྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་ མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། །འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་

[p. 256] ༄༅། །མེད་པར་བྱེད་པ་སྟེ། རབ་ཤར་ལས། ཐུགས་རྗེའི་འབྲེལ་བས་མ་ཆད་ཅིང་། །བཞི་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ ལས། སྲོག་མི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་ རབ་ལྡན་མ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་བུ་ལ་མེད། །ནོར་དང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བླེ་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་ སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་

[p. 257] ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཚོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་ བཟང་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་ མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་ཀླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་ སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་ དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་

[p. 258] ༄༅། །པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྡངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་ འགྱུར་བར་ངེས། །ཞེས་པ་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། ། དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡངས་པ་ལ་སོགས་པ་མི་འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་ མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་ བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་

[p. 259] བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ། །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་ སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་ དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་ དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན།། འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་ བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་

[p. 260] ༄༅། །ཡིན་པ་ཤེས་ལག་སྐྱ་མེད་པ་ཡིས། །ཚུ་མའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་ཕྲེང་བ་དང་། སྤངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འཇུག་པའི་ཤེས་ཤེས་རབ་ཕྱེད་འབྱུང་བའོ། །བག་ཆགས་ཀྱི་ལུས་ངག་བོ་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉོན་པ་དང་། བར་ཆད་མཐོང་འབྱུང་བ་དང་། བྱ་བ་ཐོབ་པས་ཅད་མི་འགྲུབ་པའོ། །དེ་ནི་གང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་ པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་གྱི་ཇི་མི་ནུས་པ། དེའི་ཕྱིར་ན་གསང་སྔགས་ སྤྱོད་པ་སྤང་བྱ་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་ཀ་བ་དུ་བསྐུལ་བའི་གནས་ནི། དབེན་ཞིང་ཡིད་འཁོར་བ་དངོས་གྲུབ་ཏེ་བརླམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དམྱལ་བ་དྲང་པོ་ཡོད་པ་ལ་ནག་པོ་རྩེ་ལ་བཟང་པོ་ལ་ སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་མ་བྱས་ཀྱི་གནས་ཀྱི་དཔོན་མའི་ལུས་མི་ཡིན་ན་ལྷོག་དངོས་ལ་བྱ་བ་སྐྱོབ་པའོ། །ཆུ་ཡི་ནང་ན་ས་རྡ་གདངས་ལ་ནུབ་སྐྱོབ་པའོ། །མི་ཡི་ནང་ན་ནུབ་གདངས་ལ་ཤར་སྐྱོབ་པའོ། །

[p. 261] བ་དང་། པདམ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་བ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་ སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་ བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བདེ་གསང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲི་བར་འགྱུར་རོ། །དེ་ དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་

[p. 262] ༄༅། །བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབར། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྔོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་ པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་ མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རེམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ཕྱི་བ་འབྲུག་དང་རྟ་དང་ཕག། །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཆོས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་ རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤེས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་

[p. 263] རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་ རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་པ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་ པ་གནས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་ཀི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་བ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་ པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ ཉིད་གདངས། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་གཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་

[p. 264] ༄༅། །ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་ དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་ བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་ མ་ཡང་། དེ་ཉིད་ལས། ད་ནི་ཤིན་ཏུ་སྨོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་གསུམ་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས།། བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་

[p. 265] མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལྔ་སོགས་ཏེ་ཡི། །འབྱུང་ལྔས་མཐུ་ཆེན་འགའ་ཡང་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མ་མེ་གཏང་སྐྱ་དང་མི་ལྡན་ན། །དམ་ཚིག་བསྐྱང་བའི་ཆོ་ག་ བྱ། །རྨ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤིན་ཏུ་ཆད་འཇུག །དེ་བླང་རྫོགས་འཛིན་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་དུ། །ལུས་ལ་ནད་ཉིད་བྱུང་བ་ན། །བྱ་གྲོ་དང་བསྐོར་བ་ དག་བྱའོ། །དག་ལ་གྲབ་ཙམ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་མངོན། །སེམས་ནི་ལྟོས་ནས་མི་མ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་དམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གཏོད་ཀྱིས་དབང་བསྐུར་ཆོ་ག་འབད། ། གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དམ་ལ་ཞུགས་གྱུར་ནས། །བརྟག་ཏུ་མཚན་མ་བཟང་མཐོང་ན། །ཀུན་སློང་དངོས་གྲུབ་སྒོ་མིས་འགྲུབ། ། ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྦྱོར། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་དྲུག་བདེ་མཐོང་ན། །འདིས་ནི་ སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་

[p. 266] ༄༅། །རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ ཕཊ་དང་ཨོཾ་དང་ནི། །སྤྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་ བ་ནི། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ།། ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་ རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་ དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་ བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་གཟུང་མཁས་པས་བརྟག། །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་

[p. 267] དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། ། སྤྲིན་དང་ཁུ་དྭངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉིས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་ པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མ་དེ་གཟིམས་བདེ་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། ། བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །ངེས་པ་དག་ལ་བསློབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་ གྱུར་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག། །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་

[p. 268] ༄༅། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། ། སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་བྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། ། ཆོས་ཉིད་ཟད་པའི་ས་ལ་བྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་ རིམ་གྱིས་ཀྱང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། ། གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྫོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་ མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་དེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། །སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །

[p. 269] སྒོའི་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕེལ། །ལུས་ལ་བྱང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་གདན་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཆོ་ག་རྣམས་ བརྗོད་པ་ནི། །དེ་བཞིན་དུ་ཡང་དག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེ་དུས་མི་འཇམ་པ་རྣམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། ། དེ་བཞིན་དག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་ མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲི་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡང་ངོའི་ཚེས་གཅིག་གམ། །ཡང་ན་གང་བའི་མཚམས་ལ་གཏད། །ཐིག་ལེ་ཉག་ གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །གལ་ལྡན་གཅིག་ལས་མང་མེ་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཉིད་དུ་འོང་བའི་བུ། །སྐལ་པ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་ སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་ཅི་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གདན་ཡོད་པའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །

[p. 270] ༄༅། །གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་ དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱེན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་ སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ཅས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དཔའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། ། དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་

[p. 271] ཞེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། ། ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། ། ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་ རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་ བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ། །ཚོགས་

[p. 272] ༄༅། །པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། །དེ་ཉིད་ལས། སྔར་ བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། ། དཔལ་ནི་འཁོར་འདབ་འཕེལ་བ་དང་། །ཕུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འཕྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་ སྟེ། །ཤིང་ཐེབ་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨོན་ཞིང་རྒྱས་པ་དང་། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་ དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་འདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་དམ་པས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ཀུན་འདུའོ། །མི་མ་ ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བདེ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་བསྟན་ལ་དགའ་བ་ཡི། །

[p. 273] ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྐུ་ན། གཅིག་དང་ གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ ནི༑ ༑བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་ མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་ གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་

[p. 274] ༄༅། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་ རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་ བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཐས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བས་ད་དང་གསོ་བ་དང་། །བཅིང་དང་ རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ་ ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོད་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྡུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་འཆའ་དང་མྱང་བ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། ། རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །འཚོ་གསུང་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་

[p. 275] རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་ སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེང་། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉིས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་ རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚན་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་ དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་སྒྱུར་པའི་བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་ སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང་། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་ འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཚོར་དང་། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །

[p. 276] ༄༅། །ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅད་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་ཉིས་བརྒྱས་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་ བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་ལེགས་པ་འགྲུབ་མོར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲ་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤྱན་སྲིད་དང་། །བླ་མའི་ཉ་གནས་ཉེ་འཁོར་དང་། །དགེ་སློང་ ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་བ་བྱེ་མའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་

[p. 277] གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་ དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཆན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གང་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་བས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་དྲི་ཙམ་གྱིས་ འགྲུབ་ཙ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་པ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་

[p. 278] ༄༅། །ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལྕགས་ཀྱུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་ སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དྭངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། ། འཕྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཧོཿ འི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་ ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་ དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟ་བུ་བྱ། ། ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་རང་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུང་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་

[p. 279] དང༑ ༑ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་ དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜལ་ཞེས་འབྱུང་ བས༑ བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གདུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་ འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་ འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་ གནས༑ ༑དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་

[p. 280] ༄༅། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདམ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་ པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་ བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡར་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སོ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་ སོའི་མཚན་ཉིད་འཛིན། །དབུས་མའི་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའི། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་ར་རེའི་

[p. 281] དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྟིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས་ཀྱི། རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་ པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོ་མ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམ་ཆོས་ ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་ པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་ དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེནཔོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་པ་ཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁཽར་ཆེན་པོ་ གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟོངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་གཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟངས་ན། །

[p. 282] ༄༅། །སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། །དབྱེད་དང་། དབྱར་དང་། སྟོན་དང་དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་ བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡན་ན། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། །སྤྲོས་བཅས་སྤྱིའི་རྣམ་པར་གཞག་ པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །

[p. 283] དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུ་དྷི་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ། །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་ བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། ། གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་ཆུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ། །དེ་ཡང་ཁ་དོག་འདི་ ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་ བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་

[p. 284] ༄༅། །ཁོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ ལ་ཕྱི་དང་། ནང་དང་། གསང་བ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དག་པོ་ཀུན་ལ་དགྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་གཞིར་དབྱེ་བའི་ཕྱིའི་དབང་བསྐུར་ བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་བྱིན་བརྒྱས་པ་ཡོངས་རྫོགས་བཞི་བཞི་བཤད་ན། ཉན་ཐོས་ཀྱི་སངས་སུ་སྐྱེ་བཞིར་བྱ་དང་། སྟོན་གཡོགས་སྦྱིན་པ་དང་། སྨད་ གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་། དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་དང་། དེ་ནས་དགེ་སློང་གི་སྡོམ་པ་སྦྱིན་པ་དང་། བསིལ་བྱེད་དང་ལྷུང་བཟེད་སྦྱིན་པ་ལ་སོགས་པ་ནི་ཕྱེའོ། །དེ་ནས་ནང་ངན་སངས་རྒྱས་དང་། གསང་བ་ བྱང་ཆུབ་སེམས་དཔའ་སྟེ། ཕྱིས་ཕྱི་ནང་གསང་བ་གསུམ་གྱིས། རྒྱུའི་འོག་པ་གསུམ་གྱི་དབང་རྫོགས་པས་རྒྱུ་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་དང་། ཆོས་ཀྱི་བྱ་བ་རྒྱུའི་ས་བོན་རྣམས་ལ་འཇུག་ ཏུ་རུང་བའི་རྣམ་པ་ལ་དབང་བར་གྱུར་པས་རུང་བ་ང་བཞེས་བྱའོ། །དེ་རེ་རེ་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞི་བཞི་སྟེ་བཅུ་གཉིས་སུ་བཤད་དོ། །དེ་ནས་ནང་གསང་སྔགས་ཀྱི་ཐིག་ལེ་གསུམ་གྱི་དབང་རྫོགས་པར་བྱས་པས། ལམ་གྱི་

[p. 285] བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་གཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་བར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་ཟློག་པར་བྱེད་པའི་དབང་།། གསོ་བྱད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང་། །ཐལ་བྱེད་རོ་སྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་ངོ་བོར་ བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱེས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། སྔར་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་བ། ། རྒྱུད་ལ་འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། ། འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་

[p. 286] ༄༅། །དང་ཡེ་ཤེས་ལ་དབང་ཐོབ་པའོ། །བཀྲ་ཤིས་རྫས་བརྒྱད་ཀྱི་སྐབས་སུ། ཕྱི་རིགས་ལྔའི་འོག་ཏུ་བསྐུར་བས་རིགས་ལྔའི་ཞིང་ཁམས་ལ་དབང་ཐོབ། ནང་བཀྲ་ཤིས་ཀྱི་ལྷ་ལོ་བརྒྱད་དུ་བསྐུར་བས་ཆོས་ཀྱི་ དབྱིངས་ལ་དབང་ཐོབ་པའོ། །དེ་དག་ནི་དུས་པའི་བྱེད་པ་སྔོན་དུ་འགྲོ་བས་བསྡུས་པའི་ཕྱིར་ཆོས་པའི་དབང་ངོ། །སྤྲོས་མེད་གསལ་བ་ལ་བརྟེན་ནས་བསྐུར་བ་ནི། བདུད་རྩི་ལྔ་དང་། བྲན་དྷ་དང་། རྡོལ་ཆུང་དང་། ཐོད་པ་དང་། ཤ་ལྷ་དང་། རིན་པོ་ཆེ་ལྔ་དང་། ཁྱད་པར་དབང་ཆེན་གྱི་སྐུ་དང་། མཆོག་གི་རྫས་བདུན་ལ་བརྟེན་ནས་བསྐུར་བས། ནང་སྲིད་པའི་འཁོར་ལོ་བདུན་རྒྱུན་ཆད་པར་བྱེད་པའོ། །ཁྱད་པར་དབང་ཆེན་གྱི་སྐུ་ནི་འབུར་དུ་འཐོབ་པ་དང་། ལུགས་སུ་བླུགས་པ་དང་། རིས་

[edit]
OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).
Volume I0TTBBC0034_001

[p. 235] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 236] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ། །དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །དང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་

[p. 237] ༄༅། །བྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་ངེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། དང་པོར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླ་ན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་བྱེ་ལ་བར་གྱུར་བ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མེན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དང་བ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ པོ་དང་ང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསཾ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་མེ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 238] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུང་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་དེ་རྩེ་གདུང་ལྡན། ། ལྷུང་དེ་ལྟ་ན་ནི་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུང་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་དང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱུན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །དང་དང་ལྡན་པ་འགའ་ཡི་བཅུད། །

[p. 239] ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ།། ༑གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དབོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཅེས་སོ།། གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙུན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔ་འམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱ་འམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 240] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུང་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡོངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །བྲེང་དེ་དུང་ངེ་རྩེ་གདུང་ལྡན། ། ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུང་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱུན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ཕན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད། །

[p. 241] ༄༅། །སྣོད་ངན་ངག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་ངན་རྣམས་ལ་གསང་། །ཅེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་རྒྱུ་ལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུ་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་མིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཅེས་སོ། །གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ཡོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་བ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་བསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འཁོར་ནའང་སྔོན་དུ་སྨན་པས་ནང་པ་བདག་པོས་བ་བཞིན་ནོ། །དེས་ན་ལོ་ལྔ་པ་མ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 242] པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་དོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱང་གོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཆེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་མ། །རིམ་པ་ཇི་ལྟར་བསྐུར་བ་ཡི། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས།

[p. 243] ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། བད་མ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་བ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 244] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སེམས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ཡེ་བྲེད་པ་དང་། སྡང་བ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།། ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་དེ། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིངས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 245] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོ་གདང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་གདང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རི་འི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པ་འམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་བ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །

[p. 246] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ཡིན་པ་དག་ཀྱང་མཐའ་བཏུད་གྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མང་ན་བ་དང་འདྲ་བར་འགྱུར་རོ། །དེ་དག་ལ་སེམས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་རང་བང་ལམ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉེན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡང་བ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་པ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་རྟེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་བོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།།ཅེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཞིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 247] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོ་གདང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་གདང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་གདང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རི་འི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ་། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པ་འམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྤྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་བ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང་། །མདུན་ན་བཟུགས་པོ་མེད་པ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།། །།

[p. 248] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཆེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པ་འོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དབྱིང་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གཙང་བསྟན་པ་ལས། སྤྲོས་བཅས་ངག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཆེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུ་འོ། །བསྐུར་ དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཆང་དུ་བཟུང་དུ་མེད། ། བརྒྱ་འམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མེ་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རྨེ་བ་མེད་ནང་ངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །འོ་ན་ མེད་ཤེ་ན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནང་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །

[p. 249] ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ།། གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག། །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །དག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ།། གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚམ་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 250] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྐྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 251] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 252] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤྲོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 253] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 254] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཆོས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ སངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 255] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟོགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། ལྔ་པ་དགའ་སྟོན་བྱ་བཞི་རིམས། ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བྱ་མ། ། ཞེས་པ་འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 256] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ།། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཆོས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 257] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། །།ལྔ་པ་དགའ་སྟོན་བྱ་བཞི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 258] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་

[p. 259] ༄༅། །ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྦྱོང་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྦུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 260] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 261] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ན་བཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་དང་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 262] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གང་རེ་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 263] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་དང་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུཾ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་བུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྦྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 264] སྭ་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་བ་བུད་མེད་བསྒྱུར་བ་དང་། །མི་དང་བྱོལ་སོང་ལ་སོགས་དང་། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང་། །དེ་བཞིན་ཟས་དང་ནོར་ལ་སོགས། །ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང་། བཅིང་དང་རེངས་དང་འགུགས་པ་དང་། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏཾ་རྒྱུད་ངེས་པ་ཡང་། དེ་ཉིད་ལས། འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང་། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང་། །བཟའ་དང་བཅའ་དང་མྱང་པ་དང་། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང་། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་ བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བསྙེམས། །ཞེས་བརྗོད་ནམ་མཁའ་ དག་ལ་སོང་། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང་། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས།། རྐང་པ་ས་ལ་ཁྲུ་གང་གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱི། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་ བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་ཏུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་

[p. 265] ༄༅། །ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང་། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ ཇི་ཙམ་གྱིས་འགྲུབ་ཞེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་ པའི་སྐུ། །གཅིག་ཆར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང་། །གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་བཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་ བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་ པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང་། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། ། ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིད་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ ནི་བསྐལ་པ་བྱེ་བའི་བར། །ཟང་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་

[p. 266] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ།། ༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བ་འོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི། རྒྱ་གར་གྱི་སྒྲ་ལྶ མཎྜ་ལ་ཅེས་འབྱུང་པས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང། །གཟུགས་བརྙན དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ།། དང་པོ་ནི། འགྲོ་བ་ཀུན་ལ་གནས་བ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་བོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས་ དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེ་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བ་འི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ

[p. 267] ༄༅། །འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས།། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ།། གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེར་བར་ བཅས། །རིན་ཆེན་པ་གུ་དག་དང་ནི། །ཟ་རཾ་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩི་བས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ།། གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 268] འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེ་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁཽར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟོངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་གཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ ཕྱོགས་འཁོར་ལོའི་རྩིབས་སྟེགས་ན། །སྣང་པ་མཐའ་ཡས་དཀྱིལ་ཡིན་ཏེ། །པད་མ་རིགས་ཀྱི་འཁོར་གྱིས་བསྐོར་། །རང་བཞིན་དཀྱིལ་འཁོརཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་ཏེ་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི འཁོར་གྱིས་བསྐོར། །རང་པ་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པ་འོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པ་འོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་།

[p. 269] ༄༅། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རང་ན་ཧེ་རུ་ཀ། །ནུབ་ཏུ་པད་མ་ཧེ་རུ་ཀ། བྱང་དུ་ཀརྨ་ཧེ་རུ་ཀ། དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོང་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེསོ།། །གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་ དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 270] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་པ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་པའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་ ཐམས་ཅད་བཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་

[p. 271] ༄༅། །གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང༑ འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་དང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་དང་། །ཉན་ཐོས་ཐེག་པ་ནཱ་བ་རྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ནས་སའི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དབང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང༑ མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).
Volume I0TTBBC0007_001

[p. 196] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས།

[p. 197] དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་བཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུའོ།། དང་པོ་ལ་བཞི་སྟེ། བསྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་ འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་བསྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་ མེད་གཏེར་ལ་སྤྱོད་པའོ། །ཅེས་པ་དང་། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཅེས་གསུངས་ པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་དུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་བསྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་ པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་མངའ་བའི་

[p. 198] ༄༅། །ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་ བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞ་གནས། རྒྱུད་བཤད་པ་ནི་གཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་གསུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། རང་ཤར་ལས༑ མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཙོང་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། ། དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མེན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ། ཅེས་སོ།། གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་དོན་ལ་མོས་ཤིང་གཏོང་ ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང་

[p. 199] རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །ཟེང་ངེ་དུང་ངེ་རྩེ་གདུང་ལྡན། ། ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་འཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་ དེ་བཞིན་སྤྱོད། །གསང་བ་གཉེར་གཏང་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། ། སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཅེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། དེ་ཉིད་ལས། བཀུར་བསྟི་ ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་ མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། ། གལ་ཏེ་བླུག་ན་ཆོས་ཀྱི་ཆེ་བ་ཉམས་ཤིང་། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །ངང་དང་ལྡན་པ་འགའ་ཡི་བཅུད། །

[p. 200] ༄༅། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཅེས་སོ།། གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་ཏེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ ཆོས། རྟེན་ཞིང་གསོལ་བ་གདབ་པའི་ཚུལ། དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང་། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཅེས་སོ།། གཉིས་ པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་པ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བརྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། ། མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང་། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། བློ་བུར་དུ་འཇུག་ པ་མ་ཡིན་ཏེ། ཐུན་མོང་གི་འགྲོན་འབོད་ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔ་འམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ལོ་འདི་ ཙམ་ཞིག་ན། དབང་འདི་ཞེས་བྱ་འམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་

[p. 201] པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱང་བའི་དོན་དུ་བློ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་བཞུག་གོ། དེའི་ དགོས་པ་ལུས་ལྷའི་སྐུར་སྨིན་པ་དང་། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང་། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་ བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང་། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ།། གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་། བླ་མ་ བསྟེན་པས། ཅི་འདོད་པ་ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ འཐོབ།། དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཅེས་སོ།། བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། ནམ་གྱི་ ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་ འགྱུར། །ཅེས་པ་དང་། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཅེས་པ་དང་། གསང་སྙིང་ལས།

[p. 202] ༄༅། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང་། ཡང་རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ ལྟ་བུ་སྟེ། བར་མདོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་ འོང་ངོ། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་པོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མའི་བྱིན་བརླབས་ བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པད་མ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་ གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་མ་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་ པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །འདི་ན་བག་གིས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །

[p. 203] བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སཱ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཅེས་སོ།། གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོམ་པ་ རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཅེས་པ་དང་། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང་། སྡང་པ་དང་། བརྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་ བཀུར་བའི་འོས་སུ་མི་མཐོང་པ་དང་། བསོད་ནམས་ཆུང་བ་དང་། ཆེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་ཉུང་བ་དང་། ཁ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ།། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ།། ཅེས་སོ།། གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་སྤྱད་བཟང་པོ་ཡོད་པ་ལ་ནགས་

[p. 204] ༄༅། །ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་། སློབ་མའི་ལུས་ས་ཡིན་ན་ལྷོག་དང་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་ག་དང་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ ནུབ་ག་དང་ལ་ཤར་སྐྱོབ་པའོ། །རླུང་ཡིན་ན་བྱང་ག་དང་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་འཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་པ་དང་འཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་དུ་སྤྲོས་མེད་ལ་ལུང་པ་གསུཾ་འདུས་ པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་ཟན་མ་རུངས་པ་གནས་པ་ དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་སྦྱང་སྐྱི་ལ་སོགས་པ་དང་། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང་། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་ བརྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང་། ཡང་། ཤིན་དུ་དབེན་ཞིང་ཉམས་དགའ་བར། །གནས་ ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་བརྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུང་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདང་། །བྱང་ཉིད་སྐྱོབ་པ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་པ་འདྲ་ བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་ས་ལ་སུལ་མེད་པ་དང་། །མདུན་ན་བཟླུགས་པོ་མྱོང་བ་དང་། །སེམས་ཅན་འདྲ་བའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར།།

[p. 205] མདུན་ན་ན་དང་ཆུ་རྩང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཅེས་སོ། །བཞི་པ་ནི་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ ནི། བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང་། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་ བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནང་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། ། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་འཚམས་སུའོ། །བསྐུར་ དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་གཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་བཟུང་དུ་མེད། ། བརྒྱ་འམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །རྨེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་པར་བྱའོ། །དོན་ མེད་ཤིན་བར་ཆད་འབྱུང་། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་བཅོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །

[p. 206] ༄༅། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་པའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་ མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་ སྤྱོད། བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་ བཤད་དོ། །ཅེས་སོ།། །།གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོའི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་ བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག། །བདུན་ལས་མངས་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །དག་གིས་བླ་མའི་ བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་དག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་ དང་མཚན་མ་བཤད་པའོ། །ཅེས་སོ།། །།གསུམ་པ་ཤིན་དུ་སྤྲོས་མེད་ཀྱི་དུས་དང་མཚམ་མ་ཡང་། དེ་ཉིད་ལས། ད་ནི་ཤིན་དུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་

[p. 207] བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་བསྡུད་དུས་སུ། །ཤིན་དུ་སྤོས་མེད་ དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་བརླབས་ གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟང་འཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མངས་ན་དོན་མི་འགྲུབ། །འདི་དུས་ སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྐྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་བསྐུར་ བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། ། ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་བས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཆར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་

[p. 208] ༄༅། །འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། ། རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨཱོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་ འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། ། འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་ པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་ འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེས་ནི་ཤིན་དུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཤིག་ དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་

[p. 209] ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབས་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་སྐུའོ། །སེམས་ནི་ཆོས་ སྐུའི་ཞིང་དུ་འགྲོ། །ཤིན་དུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ།། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང་། དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་ རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་འཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་ མངས་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱངས་པའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདང་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་ གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ ཕྱིན།། ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་

[p. 210] ༄༅། །པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམས་ཀྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་ གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་པོ། །སློབ་མའི་མཚན་ཉིད་རབ་བརྟགས་ ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་པའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཅེས་སོ།། ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། ། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཅེས་པ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་པ་དང་། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐོང་ཕྱིར་བླ་མ་ ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཅེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། འདིར་ཡང་རང་གི་འདོད་པའི་དོན་ཕུན་གསུམ་ཚོགས་པ་འཐོབ་ཅིང་། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་ གསུམ་ཚོགས་པ་དང་། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམ་ལས། འདོད་པའི་དོན་

[p. 211] རྣམས་རྫོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་ལེགས་པ་སྟེར་བ་དང་། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཅེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་ པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང་། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་ པར་འབྱུང་ངོ། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཅེས་སོ། ། དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང་། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང་། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་ དང་། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང་། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང་དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་། དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང་། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་

[p. 212] ༄༅། །ལས། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྦྱོང་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། ། འབྲས་ཆན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་ཕ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོ་འམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བ་འམ་ཡང་ན་བཏུང་བ་འམ། །གལ་ཏེ་སྐོམ་ཀྱང་ཉུང་ བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །

[p. 213] དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་ གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང་། །འདུ་དང་མཆེད་དང་ཐོབ་པ་དང་། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་ འཕེལ་བ་དང་། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང་། །མཐོང་ན་དགའ་ཞིང་བསྙེན་བཀུར་དང་། །བསྟོད་དང་སྙན་པ་བརྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང་། །ཆད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང་། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་ འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་གདར་ནས་ཕྱག་བྱེད་དང་། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང་། །བཙུན་མོ་རྣམས་ནི་འདུ་བ་དང་། །བསོད་ནམས་ཅན་ཡང་འདུ་བ་དང་། །ཡོན་ཏན་ལྡན་པ་ ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སངས་རྒྱས་ བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་

[p. 214] ༄༅། །པ་སྦྱིན་ཅིང་ཉེས་པ་སྤོང་། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང་། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང་། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་ འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང་། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང་། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་ལོས་བསྒྱུར་བའི་ བསོད་ནམས་དང་། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང་། །ས་སྤྱོད་མཁའ་ལ་སྤྱོད་པ་དང་། །མིག་སྨན་ཚེ་ལ་དབང་པ་འཐོབ། །དབང་བསྐུར་ཚེ་ལ་དབང་པ་དང་། །དཔལ་དང་ཡེ་ཤེས་ཕུན་གསུམ་ ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང་། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང་། །ཉོན་མོངས་རྐྱེན་དབང་མི་འཆོར་དང་། །རང་སྣང་ལམ་དུ་སློངས་ པ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་བ་དང་། །རང་ལུས་ཟང་ཐལ་འགྱུར་བ་དང་། །སངས་རྒྱས་རྟགས་མཚན་འབྱུང་བ་དང་། །ས་ཆུ་མེ་རླུང་གནོད་མེད་དང་། །ནམ་མཁའ་དག་ལ་འཕུར་བ་དང་། །ལུས་ནི་ དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང་། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང་། །དེ་བཞིན་ཆུ་ཡང་མེར་འགྱུར་དང་། །

[p. 215] ཏན་བསམ་མི་ཁྱབ། །ནང་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། ། ༈ །།དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་ དཀྱིལ་འཁོར་གྱི་རྣམ་བཞག། ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་རང་བཅས་པའི་གཙོ་འཁོར་ངེས་པའོ། །དེས་ཚིག་ནི། རྒྱ་གར་གྱི་སྒྲ་ལས་ མཎྜལ་ཅེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ། ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། ལམ་གཟུགས་བརྙན་ ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོང་། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་ དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཅི་ཏའི་དཀྱིལ་ན་གནས། ། དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་མ། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་ འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །གསུང་གི་དཀྱིལ་

[p. 216] ༄༅། །འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས།། དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཅེས་སོ།། གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་། ཐིག་དང་། ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་ བསྐྱེད་རྫོགས་བསྒོམ་པ་ན་དམིགས་པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་ འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐམ་རྡོ་རྗེ་ར་བར་ བཅས། །རིན་ཆེན་ཕ་གུ་ངག་དང་ནི། །ཟར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩི་བས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། ། དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་མཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ།། གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང་། སྤྲོས་མེད་དེའི་རྫོགས་རིམས་ཆོས་ཉིད་མངོན་གསུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་ལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་པ་སྐུའི་དཀྱིལ་

[p. 217] འཁོར་མངོན་དུ་གྱུར་པ་ནི། ཆོས་སྐུའི་དཀྱིལ་འཁོར་དང་རང་དང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་སྙིང་དང་བྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་ བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པད་མ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་ འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ ཏིང་འཛིན་ནོ། །སྒོ་བསྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པ་འོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་ དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟོབས་དང་བཅས་པ་འོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །

[p. 218] ༄༅། །དོ་ཤལ་དང་ནི་སེ་མོད། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུ་མ་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ ཕྱོགས་ལྗང་ཁུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རད་ན་ཧེ་རུ་ཀ །ནུབ་ཏུ་པད་མ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་ བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་འཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཅེས་སོ།། གཉིས་པ་ཇི་ ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང་། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་ དང་། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་

[p. 219] སྤྲོས་མེད་དང་། །ཤིན་དུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེའང་ཕྱིར། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་ཏེ་དུས་བཞི། ནང་དུ་ལུས་དང་། ངག་དང་། ཡིད་ དང་། སེམས་ཏེ་ཚོགས་པ་བཞི་དང་། གསང་པར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་ དག་པར་སྦྱོང་ཞིང་། ཚོགས་དང་། སྦྱོར་བ་དང་། མཐོང་པ་དང་། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་དུ་སྤྲོས་མེད་དང་། རབ་ཏུ་ སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ།། ༈ །།དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་བཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་བཟུང་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་ རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་པ་རྗེས་སུ་བཟུང་བའི་དབང་། །མ་འོངས་གནད་ལ་བསྒེར་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་།། ཐམས་ཅད་བཟློག་པར་བྱེད་པའི་དབང་། གསོ་བྱེད་ཡོ་བྱད་སྨན་གྱི་དབང་། །འདུལ་བྱེད་རོ་ལངས་གསེར་བསྒྲུབ་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །བསྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་

[p. 220] ༄༅། །གི་ངོ་བོར་བསྟན། །ཅེས་སོ།། གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་ དང་། འབྲིང་དང་། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་པའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་མཚོན་དགྱེ་བ། །རྒྱུད་ལ་འབྱོངས་ པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་ བཤད། །ཅེས་པས། སྔོན་དུ་བསྙེན་པ་དང་། བསྒྲུབ་པ་དང་། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང་། ལྷ་དང་བུམ་པ་དང་སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་ དང༑ མཚོན་དགྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང་། ནང་དང་། གསང་པ་དང་། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་ རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་བཅུ་རྩ་དྲུག་ཏུ་འགྱུར་ཡང་། འདིར་རིགས་བསྡུ་བས་བཞིར་དབྱེ་བའི། ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ ནང་གསང་པ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང་། སྟོད་གཡོགས་སྦྱིན་པ་དང་། སྨད་གཡོགས་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (288 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 276] དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་

པ་རྣམ་པར་གཞག་པ་ལ ] བཞག O T U · ལ་བཞི་སྟེ་སྐུར་བྱེད་སློབ ] བསྐུར O T U

[p. 277] སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་

མཁས་ཕྱི་ནང་སྒྲུབ་པ་ཐམས ] བསྒྲུབ O T U · ལ་སྤྱོད་པའོ་ཞེས་པ་དང ] ཅེས O T U · གཞི་འཛིན་པའོ་ཞེས་གསུངས་པས ] ཅེས O T U · བའི་ཆོས་རྒྱབ་ཏུ་དོར་བ ] དུ O T U · ལ་མཁས་ཤིང་སྒྲུབ་པ་ལ ] བསྒྲུབ O T U

[p. 278] མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་

བདག་བླ་མ་དེས་བསྟན་པའི ] ངེས O T · སུ་ལེན་པའོ་མན་ངག་གི་བླ ] ཡན་ལག P S · བཤད་པ་ནི་ཉིས་ལྡན་མན ] གཉིས O S T U · གི་བླ་མ་སུམ་ལྡན་དུ ] གསུམ O T U · བའོ་ཞར་ལ་སྤང་བྱའི་སློབ ] སྦྱང W K · ཆེན་པོ་དང་བླུན་རྨོངས་ཚིག ] བླ་ན O T · ཞེ་གཅོད་ཁེངས་ཚིག་དང་ལོག ] ཚིགས W K · པའི་སློབ་དཔོན་མིན་རྫོགས་ཆེན ] མེན T U · པར་མི་བྱའོ་ཞེས་སོ་གཉིས ] ཅེས O T U

[p. 279] དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །

དང་ལྡན་པ་ནི་ཐར་པ ] om. W K · ཚིག་ལྡན་ཞིང་སྒྲུབ་ལ་བརྩོན ] བསྒྲུབ O T U · ལ་བརྩོན་བྲེང་ངེ་དུང་ངེ ] དེ O T · སྤྱོད་སློབ་དཔོན་གསུངས་པ་ཇི་བཞིན ] གསུང་བ O T U · ལམ་གཞན་དང་མཐུན་པར་སྤྱོད ] འཐུན O T U · གསང་བ་གཉེར་གཏད་ཐུབ་པར ] གཏང O T U

[p. 280] དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་

སྣོད་དུ་གསུངས་ཞེས་སོ་ཞར ] ཅེས O T U · ཉིད་ལས་བཀུར་སྟི་ཕུ་དུད ] བསྟི O T U · དོན་མེད་ཕྱལ་བར་གྱུར་པ ] པར D S · ནོ་གལ་ཏེ་བླུགས་ན་ཆོས ] བླུག O T U · ངན་ཕལ་དུ་བླུགས་མི་བྱ ] བླུག O T U · བླུགས་མི་བྱ་དད་དང་ལྡན ] ངང O U · བླུགས་མི་བྱ་དད་དང་ལྡན ] དང A T · བཅུད་སྣོད་ངན་དག་ཏུ་བླུགས ] ངག O T

[p. 281] བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་

རྣམས་ལ་གསང་ཞེས་སོ་གསུམ ] ཅེས O T U · ཆོས་ལ་གསུམ་སྟེ་དཔོན་སློབ ] ཏེ O U · བསམ་པའི་ཆོས་བརྟེན་ཞིང་གསོལ ] རྟེན O T U · དེ་ལ་ཐུགས་རྗེས་བྲེང་ངེ ] རྗེ W K · པར་བྱེད་པ་སྟེ་རང་ཤར ] དེ O T U · ཐག་མ་ཆད་ཅིང་བརྩེ་གདུང ] ཅི་ང W K · མའི་འབྲེལ་པའོ་ཞེས་སོ་གཉིས ] ཅེས O U · མཚན་ཉིད་ཚང་བ་ལ་རྒྱལ ] པ O T U · སྤྱོད་རྣམས་ཀྱིས་བསྟེན་ལུས་ངག ] བརྟེན O T U · ལྡན་པ་ན་གློ་བུར་དུ ] བློ O T U · ཐུན་མོང་གི་མགྲོན་འབོད་ནའང ] འགྲོན O T U

[p. 282] ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་

དེས་ན་ལོ་ལྔའམ་བདུན་ནམ ] ལྔ་འམ T U · དབང་འདི་ཞེས་བྱ་བའམ་གདམས་པ ] བྱའམ D O · འདི་ཞེས་བྱ་བའམ་གདམས་པ ] འམ T U · བུ་ཁྱོད་དབང་⁁་ཞུ་ན ] དུ W K · དང་སྡིག་སྒྲིབ་སྦྱོང་བའི་དོན ] སྦྱང D O T U · བ་འདེབས་སུ་གཞུག་གོ་དེའི ] བཞུག O T U

[p. 283] ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་

བཟློག་ཕྱིར་རོ་ཞེས་སོ་བཞི ] ཅེས O T U · འགྱུར་བར་ངེས་ཞེས་པ་དང ] ཅེས O T U

[p. 284] བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་

བུ་སྟེ་བར་མ་དོ་ལ་རང ] མདོ O T U · སྡུག་བསྔལ་ཞིང་སྔངས་པ་ལ ] སྡངས A D · སྡུག་བསྔལ་ཞིང་སྔངས་པ་ལ་སོགས ] སྡང་བ O T U · ལྟ་བུ་འཐོབ་བོ་མཁའ་འགྲོ ] པོ D O T U · འགྲོ་མའི་བྱིན་རླབས་བྱེད་པ ] བརླབས O T U · གཟུགས་མཛེས་ཤིང་བལྟ་ན་སྡུག ] ལྟ O T U · ཀྱང་འཁོར་ལོས་སྒྱུར་བའི་རྒྱལ ] བསྒྱུར O T U · འབྱུང་བ་དང་པདྨ་ལྟ་བུར ] པད་མ O U · འགྲོ་བ་ཕལ་པ་ཟིལ་གྱིས ] བ S T

[p. 285] རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་

པར་འགྱུར་རོ་དེ་ནི་བགེགས ] དེས W K · པར་འགྱུར་རོ་ཞེས་སོ་གཉིས ] ཅེས O T U · པ་ལ་སོགས་རྩོམ་པ་རྣམས ] བརྩོམ T U · གསང་སྔགས་དབང་ལ་མ་བརྟེན་འགྲུབ ] ལམ O T · ཏེ་དཔེར་ན་མཉན་པ་ལག ] མཉེན D S

[p. 286] འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་

སྔངས་པ་དང་རྡུགས་པ་དང ] བརྡུགས T U · ཆུང་བ་དང་ཚེ་ཐུང་བ ] ཆེ O U · ཅད་མི་འགྲུབ་པོ་དེ་ནི ] བོ A P O · ཐོབ་པར་བྱའོ་ཞེས་སོ་གསུམ ] ཅེས O T U · ཤིས་ཤིང་ས་དཔྱད་བཟང་པོ ] སྤྱད O T U · ས་ཡིན་ན་ལྷོ་གདངས་ལ་བྱང ] ལྷོག་དང O U · ཡིན་ན་ཤར་གདངས་ལ་ནུབ ] ག་དང O U · ཡིན་ན་ནུབ་གདངས་ལ་ཤར ] ག་དང O U

[p. 287] པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་

རླུང་ཡིན་ན་བྱང་གདངས་ལ ] བྱད A D · ཡིན་ན་བྱང་གདངས་ལ་ལྷོ ] ག་དང O U · གནས་ནི་ནགས་མཐུག་པོའི་ཁྲོད ] འཐུག O T U · རི་སུལ་སློབ་མའི་འབྱུང་བ ] པའི W K · སློབ་མའི་འབྱུང་བ་དང་མཐུན ] པ O U · འབྱུང་བ་དང་མཐུན་པའི་དབྱིབས ] འཐུན O T U · ལ་བྱའོ་ཤིན་ཏུ་སྤྲོས་མེད ] དུ O T U · ལ་ལུང་པ་གསུམ་འདུས་པའི ] གསུཾ T U · འཇིགས་པ་གཅན་གཟན་མ་རུངས ] ཟན O T U · དུར་བྱ་དང་སྦྱང་གི་ལ་སོགས ] སྤྱང་ཀི P S · བྱ་དང་སྦྱང་གི་ལ་སོགས ] ཀི A D · བྱ་དང་སྦྱང་གི་ལ་སོགས ] སྐྱི O U · ཉིད་བསྟན་གྲོང་རྡལ་ཆེན་པོའི ] བརྡལ O T U · དང་ཡང་ཤིན་ཏུ་དབེན་ཞིང ] དུ O T U · པར་བྱ་གྲོང་གདལ་ཟད་པའི ] བརྡལ O T U · དག་དང་རྩི་ཤིང་ནགས་ཚལ ] ཞིང W K · ཏོག་སྣ་ཚོགས་འཁྲུངས་པ་དང ] འཁྲུང O U · ལ་ཤར་ཉིད་གདངས་བྱང་ཉིད ] གདང T U

[p. 288] འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་

དང་ལྷོ་ཕྱོགས་གདལ་བ་འདྲ་བའི ] བརྡལ་པ O T U · ནས་གྲོག་པོ་སལ་སུལ་མེད ] ས་ལ O U · དང་མདུན་ན་གཟུགས་པོ་མེད ] བཟུགས O T · ན་དང་ཆུ་གཙང་འབབ་ཡང ] རྩང O T U · སྣ་ཚོགས་སྒྲོགས་པའོ་ཞེས་སོ་བཞི ] པ་འོ་ཅེས O T · སོ་བཞི་པ་ནམ་གྱི་ཚེ ] ནི O T U · སྨིན་པ་དང་དཔྱིད་ཐར་པའི ] དབྱིང O T · འཇུག་པའི་དུས་གནད་བསྟན་པ ] གནང A O U · ཡིན་ཟླ་བ་ར་བ་བཞི་དག ] རབ A D O

[p. 289] རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །

བ་རྒྱས་པའི་མཚམས་སུའོ་བསྐུར་དུས ] འཚམས་སུ་འོ O T · ལ་ཚད་དུ་གཟུང་དུ་མེད ] བཟུང O T U · གཟུང་དུ་མེད་བརྒྱའམ་ལྔ་བཅུ ] བརྒྱ་འམ T U · ཚེ་མར་མེ་གདངས་དང་མི ] མདངས A P · ཆོ་ག་བྱ་དམེ་བ་མེད ] རྨེ T U · དམེ་བ་མེད་ན་དངོས་གྲུབ་ནི ] ནང་ངོས O T · ཡང་དུ་བླང་བར་བྱའོ་དོན ] པར O T U · བྱའོ་དོན་མེད་ཤི་ན་བར་ཆད ] ཤིན D O U · སུ་ལུས་ལ་ནད་ཉིད་བྱུང ] ནང O T · བྱའོ་ངག་ལ་ཀླབ་ཅོལ་སུ ] སབ P · ངག་ལ་ཀླབ་ཅོལ་སུ་ལ ] བཅོལ O T U · སུ་ལ་བྱུང་བསམས་ཏེ་ཡི ] བསམ W K · གལ་ཏེ་བྱང་བའི་རྟགས་བྱུང ] པའི A D T U

[p. 290] རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་

མཐོང་ན་ཐུན་མོང་དངོས་གྲུབ ] མོངས W K · ལེགས་བཤད་དོ་ཞེས་སོ་གཉིས ] ཅེས O T U · བྱ་འདི་ལ་ལོ་ཡི་བྱེ་བྲག ] ལོའི O T U · ལ་ཡང་ནི་ཤེས་པའོ་འདི ] ཤིས A P D O S T U · བསྐུར་དུས་ཐོ་རེངས་སྒྲ་སངས ] རངས A P D O S T U · དྲུག་བདུན་ལས་མང་ན་དོན ] མངས O T U · དགེ་ལྡན་ལ་ངག་གིས་བླ ] དག T U · མ་བཤད་པའོ་ཞེས་སོ་གསུམ ] ཅེས O T U

[p. 291] ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་

གསུམ་པ་ཤིན་ཏུ་སྤྲོས་མེད ] དུ O T U · ཀྱི་དུས་དང་མཚན་མ་ཡང ] མཚམ T U · ད་ནི་ཤིན་ཏུ་སྤྲོས་པ ] དུ O T U · བསྐུར་གྱི་དུས་⁁་དང་མཚན ] གསུམ D S · ཆུབ་ས་བོན་བརྟེན་པའི་ཕྱིར ] བརྟན O T U · དང་འབྲས་བུ་སྡུད་དུས་སུ ] བསྡུད O T U · དུས་སུ་ཤིན་ཏུ་སྤྲོས་མེད ] དུ O T · འཕེལ་དུས་ལ་ཚེས་གྲངས་མར ] ཆོས A O · ཉམས་དང་བྱིན་རླབས་གོང་དུ ] བརླབས O T U · ན་མར་གྱི་ཟད་མཚམས་སུ་རྟོག ] ཟང་འཚམས O U · ཟད་པའི་དོན་དུ་བྱའོ་སྐལ ] om. W K · གཉིས་གསུམ་ལས་མང་ན་དོན ] མངས O T U

[p. 292] དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་

ལ་སྤྱོད་པ་བརྩམས་བསྐྱར་ཀྱང ] བརྩམ A P D O T U · རིམ་པ་དག་ལ་བསླབ་པར ] ལས W K · དག་ལ་བསླབ་པར་བྱའོ་ངག ] བར P · རྣམས་སུ་རྒྱུད་ཀློག་པ་དང ] སོག P · བརྗོད་པ་དང་ཧཱུྃ་དང་ཕཊ ] ཧཱུཾ A D O S T U

[p. 293] ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་

དང་ཕཊ་དང་ཨོཾ་དང་ནི ] ཨཱོཾ T U · ཨོཾ་དང་ནི་སྦྲེལ་མ་སྣ ] སྤྲེལ D S · རིམ་པ་བསྒོམ་པའམ་ངག་ལས ] པ་འམ O T U · སོ་སོའི་ངོས་གཟུང་མཁས་པས ] བཟུང O T U · དེས་ནི་ཤིན་ཏུ་སྤྲོས་པ ] དུ O T U · བཤད་པའོ་རེ་ཞིག་དབང་ཐོབ ] ཤིག O T U

[p. 294] ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་

ལ་ཏིང་འཛིན་འབབ་པ་དང ] འབབས O T U · ཤིང་དྲན་པ་ཉམས་པ་ན ] ཉམ W K · དུ་འགྲོ་ཤིན་ཏུ་སྤྲོས་མེད ] དུ O T U · དུས་དང་མཚན་མ་ངེས་བསྟན ] པ W K · འབྲས་བུ་སྨིན་པའམ་འབྲུ་རྣམས ] པ་འམ O T U · ན་ཟད་པའི་མཚམས་ལ་གཏད ] འཚམས O T U · ལྡན་གཅིག་ལས་མང་ན་ཡང ] མངས O T U

[p. 295] གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་

དུ་ཐད་ཀར་སྦྱང་བའི་ཕྱིར་གལ ] སྦྱངས་པའི O T U · སྤྲིན་མེད་གནམ་གདངས་ན་ཆོས ] གདང O T U · གི་བརྗོད་པ་སྟོར་གྱུར་ན་འདིས ] སྟོང་གྱུ་ར P · མ་ཆད་པར་རིམ་གྱིས་ཀྱང་དབང་དག ] རིམས་ཀྱིས་ཡང T U

[p. 296] ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་

བས་དབང་ཐོབ་བོ་སློབ་མའི ] པོ A D T U · སློབ་མའི་འབྱོར་བའི་ཚོད་དང ] པའི A P D S U · པར་དུས་ན་མཆོག་ངེས་བཤད ] ཆོག A P · འཇུག་དོན་དུའོ་ཞེས་སོ་ལྔ ] ཅེས T U · དགའ་སྟོན་ཆེ་ཞེས་པ་དང ] ཅེས T U · ངེས་པར་ཐོབ་པ་ཐེ་ཚོམ ] པར T U · ན་དགོས་འདོད་བསྐང་ཕྱིར་བླ ] བསྐོང O T U · ངེས་པར་མཚུངས་ཞེས་སོ་དེ ] ཅེས O T U · པའི་དོན་ཕུན་སུམ་ཚོགས་པ ] གསུམ O T U · དབང་ཕྱུག་ཕུན་སུམ་ཚོགས་པ ] གསུམ O T U

[p. 297] ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་

ཡང་དབང་རབ་འབྱམས་ལས་འདོད ] འབྱམ O T U · པར་འཚང་རྒྱའོ་ཞེས་སོ་དེའང ] ཅེས O T U · འདི་ཉིད་ལ་བསམས་པའི་དོན ] བསམ W K · ཐོབ་པར་ངེས་ཞེས་སོ་དུས ] ཅེས O T U · ལ་སོགས་པ་སྣ་རེ་ཕུལ་བ ] སྣར A O

[p. 298] ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །

དུ་ཡང་དབང་རྣམ་པར་ཕྱེ ] རྣམས W K · བ་སྤུའི་ཁུང་ཙནྡན་གྱིས་ནི ] ཙན་དན O T U · གྱིས་ནི་རེག་སྤྱོད་ན་འདི ] སྦྱོང T U · ལ་བསོད་ནམས་ཕ་མཐའ་ཡས ] om. W K · སྟོང་གྲངས་མེད་ལ་ཚོགས་ཀྱི ] པ A P

[p. 299] རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་

མ་ཡིན་འབྲས་ཆེན་བཟའ་བཏུང ] ཆན D O S T U · ཡིས་རྣལ་འབྱོར་པ་རྣམས་མགུ ] ཕ P D O T U · རྡོ་རྗེའི་སྲིང་མོའམ་འོན་ཏེ ] མོ་འམ O T U · གཅིག་ལ་བཟའ་བའམ་ཡང་ན ] བ་འམ O T U · ཡང་ན་བཏུང་བའམ་གལ་ཏེ ] བ་འམ O T U · མཉེས་བྱའོ་རྣལ་འབྱོར་ཕ་དང ] འཕྱོར W K · པ་མཆོད་བྱས་ན་འདི་ལ ] ནས W K

[p. 300] ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་

དང་སྙན་པ་རྗོད་པར་བྱེད ] བརྗོད P O T U · རྒྱས་པ་དང་སྤྱད་པས་འཛད ] ཆད O T U · འདུ་མདུན་དུ་བདར་ནས་ཕྱག ] གདར T U

[p. 301] ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་

པ་སྦྱིན་ཅིང་ཉེས་པ་སྤོང ] ཉིས A S · ཅི་འདོད་པ་བསམས་པ་ཙམ ] བསམ W K

[p. 302] ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །

འགྱུར་འཁོར་ལོས་སྒྱུར་བའི་བསོད ] བསྒྱུར O T U · པ་ཐོབ་པས་རྐང་མགྱོགས་དང ] དང P · ཚེ་ལ་དབང་བ་འཐོབ་དབང ] པ O U · ཚེ་ལ་དབང་བ་དང་དཔལ ] པ O T U · ཡེ་ཤེས་ཕུན་སུམ་ཚོགས་ཆོས ] གསུམ O T U · སྣང་ལམ་དུ་སློང་བ་འཐོབ་མཆེད ] སློངས་པ O T U · ལུས་ནི་སྤྲུལ་པ་དང་རང ] བ O U · འཇིག་རྟེན་དབང་བསྒྱུར་ངེས་ཐོབ ] བསྐུར W K · ནུས་པ་དབང་བསྒྱུར་ནུས་མེ ] བསྐུར W K

[p. 303] ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་

ནུས་པའང་བསྒྱུར་བར་ནུས་གཞན ] བ W K · དུ་གྲུབ་པའི་གཏམ་རྒྱུད་ངེས ] གཏན W K · ཁྱི་ལ་སོགས་རྐང་པ་ས ] དང P

[p. 304] གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །

པར་འགྲོ་བར་གྱུར་དེ་ནས ] འགྱུར W K · སྤྱོད་ཐམས་ཅད་ཀྱིས་ཡང་ནི ] ཀྱི O T · ནི་དབང་བསྐུར་ཞུས་ནས་ནི ] ཞུགས A P · དགའ་བས་གླུ་བླང་ཞིང་དེ ] བླངས W K · ཙམ་གྱིས་འགྲུབ་ཅེ་ན་འདིར ] ཞེ O T · སྤྲུལ་པའི་སྐུ་ཅིག་ཅར་དུ་ནི ] གཅིག་ཆར O T

[p. 305] གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །

དཔལ་ནི་སུམ་ཅུས་ལེགས་པར ] ཅུ W K · དཔལ་ནི་སུམ་ཅུས་ལེགས་པར ] བཅུས O T · བསྒྱུར་བ་གཉིས་⁁་ཉིས་བརྒྱས ] ཀྱང P · བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང ] om. D T · བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ ] om. A O · གཉིས་ཉིས་བརྒྱས་ཀྱང་འགྲུབ་སངས ] མཆན P

[p. 306] ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་

བསམ་མི་ཁྱབ་ནད་ཞི་སྡུག ] ནང O T U · འཁོར་གྱི་རྣམ་གཞག་ཇི་ལྟར ] བཞག O T U · འཁོར་ངེས་པའོ་ངེས་ཚིག་ནི ] དེས O U · གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང ] མཎྜལ A D · གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས ] མཎྜལ་ཅེས O U · པ་ཡིན་ནོ་དབྱེ་ན་གསུམ་སྟེ ] དབྱེན O T U · གྱི་དཀྱིལ་འཁོར་རོ་དེ་སྐད ] om. W K

[p. 307] དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་

ནི་རང་རང་ཙིཏྟའི་དཀྱིལ་ན ] ཅི་ཏའི O U · ཁང་དཀར་པོ་ན་རྣམ་དག ] མ O U · དག་སྟོང་པའི་ཀློང་དཀྱིལ་དུ ] སོང P · རྗེ་ལུ་གུ་རྒྱུད་ཀྱི་སྐུ ] བརྒྱུད O T U · འཁོར་འགྱུར་མེད་ཀློང་གསུང་གི ] སོང P · བཅས་འགྲོ་མེད་འོང་མེད་འགྱུར ] འོད A O · ལ་རྫོགས་པའོ་ཞེས་སོ་གཉིས ] ཅེས O T U · བྲིས་པ་རྡུལ་ཚོན་གྱི་དཀྱིལ ] མཚོན O T U · དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ ] om. W K

[p. 308] པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་

པ་གཉིས་སུ་འདོད་ཞི་དང ] བརྗོད W K · ཐ་མ་རྡོ་རྗེ་ར་བར་བཅས ] རྗེར D T · དང་ནི་ཟ་ར་ཚགས་ཀྱི ] རང A P D S · སུ་འཁོར་ལོ་རྩིབས་བརྒྱད་ལྡན ] རྩི་བས T U · པར་བྱ་རྡུལ་ཚོན་དཀྱིལ་འཁོར ] མཚོན O T U · ནི་བརྡ་རྡུལ་ཚོན་གྱི་དཀྱིལ ] མཚོན O T U · མེད་དེའི་རྫོགས་རིམ་ཆོས་ཉིད ] རིམས O T U · ཆོས་ཉིད་མངོན་སུམ་གྱི་དོན ] གསུམ O T U · དཀྱིལ་འཁོར་ལ་བལྟས་པས་སྣང ] ལྟས O T U

[p. 309] བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །

དུ་གྱུར་པ་ན་ཆོས་སྐུའི ] ནི O U · འཁོར་ལོའི་རྩིབས་སྟེངས་ན་རིན ] སྟེང W K · འབྱུང་ལྡན་དཀྱིལ་⁁་ཡིན་ཏེ ] འཁོར W K · དཀྱིལ་ཡིན་ཏེ་པདྨ་རིགས་ཀྱི ] པད་མ T U · དཀྱིལ་ཡིན་ཏེ་པདྨ་རིགས་ཀྱི ] པདམ D S · མ་བསྐྱེད་རྫོགས་པའི་ཚུལ་དུ ] པར A P

[p. 310] ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་

འཛིན་ནོ་སྒོ་བ་སྒོམ་འཁོར་དང ] བསྒོམ O S T U · ནོ་སྒོ་བ་སྒོམ་འཁོར་དང ] སྒོ་མ P D · དཔག་ཏུ་མེད་པའོ་དེ་ཡང ] པ་འོ T U · ཀྱང་འགྱིང་བའི་སྟབས་དང་བཅས ] སྟོབས O U · སྟབས་དང་བཅས་པའོ་ཀུན་ཀྱང ] པ་འོ T U · དེ་ཡང་དབུ་རྒྱན་ལྔ་ལྔ ] བརྒྱན P · རྒྱན་དང་ནི་མགུར་ཆུ་དང ] མགུལ P · དམར་བྱང་ཕྱོགས་ལྗང་གུར་རྫོགས ] ཡང P · བྱང་ཕྱོགས་ལྗང་གུར་རྫོགས་པའོ ] ཁུར O T U

[p. 311] ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །

ཧེ་རུ་ཀ་ལྷོ་རུ་རཏྣ་ཧེ་རུ ] om. W K · ཀ་ལྷོ་རུ་རཏྣ་ཧེ་རུ ] རང་ན O T · ཀ་ནུབ་ཏུ་པདྨ་ཧེ་རུ ] པད་མ T U · ཀ་བྱང་དུ་⁁་ཀརྨ་ཧེ ] ཀརྨ་ཧེ་རུ་ཀ་བྱང་དུ W K · བཞུགས་ཚུལ་ནི་སྟང་སྟབས་དང ] སྟངས W K O T U · ལུའི་སྒྲ་སྟག་ལྤགས་དང་ནི ] བཞུགས P · ནི་གླང་ཆེན་ལྤགས་སྦྲུལ་དང ] བཞུགས P · དམར་ནག་སྐུ་ལྗང་ནག་ཕྲིན ] ཡང P · སྐུ་ལྗང་ནག་ཕྲིན་ལས་རྫོགས ] འཕྲིན O T U · བཞིན་དཀྱིལ་འཁོར་རོ་ཞེས་སོ ] ལོ W K · དཀྱིལ་འཁོར་རོ་ཞེས་སོ་གཉིས ] ཅེས O U · པ་དང་ཤིན་ཏུ་སྤྲོས་པ ] དུ O T U

[p. 312] དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་

པ་བཞི་ཡིས་ཀྱང་སྐལ་བ ] ཡང O T U · ཡིས་ཀྱང་སྐལ་བ་ལྡན་པ ] པ P · མེད་དང་ཤིན་ཏུ་སྤྲོས་པ ] དུ O T U · རང་རྒྱུད་སྨིན་པར་བྱེད་ཅེས ] པ W K · བྱེད་ཅེས་སོ་དེ་ཡང་ཕྱིར་དཔྱིད ] དེའང D O T U · དེ་ཡང་ཕྱིར་དཔྱིད་དང་དབྱར ] དཔྱྀད P · བཞི་དང་གསང་བར་གཏི་མུག ] པར O T U · བ་དང་མཐོང་བ་དང་བསྒོམ ] པ T U · མེད་དང་ཤིན་ཏུ་སྤྲོས་མེད ] དུ O T U · སྤྱིའི་རྣམ་པར་གཞག་པ་བྱེ ] བཞག O T U · པའི་དོན་ངོས་གཟུང་བའོ་དང་པོ ] བཟུང་པའོ O T U · རང་དང་གཞན་དང་གཉིས་ཀའི ] om. W K

[p. 313] སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་པའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་

དབང་རྣམ་པར་གཞག་པ་བཅུ ] བཞག O T U · པ་རྗེས་སུ་གཟུང་བའི་དབང ] བཟུང O U · གནད་ལ་བསྒེར་པའི་དབང་ད ] བའི A W K D S T U · དབང་ཐམས་ཅད་ཟློག་པར་བྱེད ] བཟློག O T U · རོ་ལངས་གསེར་སྒྲུབ་དབང་ཐལ ] བསྒྲུབ O T U · ཐལ་བྱེད་རོ་སྲེག་འཁོར་ལོའི ] བསྲེག O T U · འཁོར་ལོའི་དབང་སྒྲུབ་བྱེད་རལ ] བསྒྲུབ O T U · མཚན་ཉིད་ཚང་བའི་བླ་མས ] པའི O U · གོན་ཐིག་དང་ཚོན་དགྱེ་བ ] མཚོན O T U

[p. 314] འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌། དགེ་

གདབ་པ་དང་ཚོན་དགྱེ་བ ] མཚོན O T U · བ་དང་དཀྱིལ་འཁོར་བསྒྲུབ་པ ] om. W K · གཞི་དབང་བསྐུར་བའི་རིམ་པ ] པའི P · ནང་དང་གསང་བ་དང་ཡོངས ] པ O T U · དབྱེ་བས་སུམ་ཅུ་རྩ་དྲུག ] བཅུ O T U · ཕྱི་ནང་གསང་བ་ཡོངས་རྫོགས ] པ O T U
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See the contents page for how it was made.

[p. 276]

Having thus, as a branch for engendering conviction, ascertained the topics of the tantras (rgyud) that serve as the means of establishing them, now, among the meanings to be taught just as they emerge from those topics, the first is empowerment (dbang), since it is the door for entering the unsurpassed vehicle (theg pa). Here the definitive presentation of its topics has three parts: the basis (gzhi) for entering into the conferral of empowerment (dbang bskur ba); the path (lam) of the actual conferral of empowerment; and the fruition ('bras bu) of the conferral of empowerment brought to completion.

The first has four parts: the defining characteristics (mtshan nyid) of the master who confers it; the nature (rang bzhin) of the disciple upon whom it is conferred; the procedures (chos) to be performed in common; and the activity of empowerment, how it is conferred.

The first: he is one in whom all the qualities (yon tan) befitting a guru (bla ma) are complete, who is free of all faults, and whose compassion (thugs rje) is vast. From the Self-Arising Awareness (rig pa rang shar):

The master endowed with the vajra (rdo rje) meaning

[p. 277] is of good disposition and skilled in teaching;
having obtained empowerment, he applies himself to the meaning of secret mantra (gsang sngags);
he knows all outer and inner activities;
he is never apart from the yidam deity (yi dam lha);
he is not distracted from samādhi (ting nge 'dzin);
he is learned in the secret tantras of secret mantra
that bear the meaning of the pith instructions (man ngag) of the Great Perfection (rdzogs chen);
he performs all outer and inner accomplishment (sgrub pa);
he does not transgress the meaning of the view (lta ba);
he has relinquished outer, inner, and secret activities;
with qualities like a precious jewel,
he enjoys an inexhaustible treasure.

And from the Reverberation of Sound (thal 'gyur):

The stages of the guru, the great Vajradhara,
shall be fully explained.
The guru whose defining characteristics are complete
is the source of all qualities
and holds the ground of perfect awakening (byang chub).

Since this is taught, here he possesses six defining characteristics: he has cast the phenomena of saṃsāra ('khor ba) behind him; he has few desires and knows contentment; he is skilled in practical application and has experience (nyams myong); he is learned in the words and meaning of the tantras and diligent in accomplishment; he is learned in the meaning of the view and complete in capacity; and he has great compassion (snying rje) and delights in giving. One in whom these are complete is called a glorious vajra holder, for he empties out the seeds (sa bon) of the six classes of beings (rigs drug) in the disciple, purifies the six afflictions (nyon mongs pa), and causes the meaning of the six primordial wisdoms (ye shes) to dawn, since he possesses the capacity

[p. 278] for that very thing.

Furthermore, when gurus are divided, there are two: root and branch. The first, the root guru, is one in whom four characteristics are complete: with the conferral of empowerment laid as the foundation, he has explained the tantras, he has taught the pith instructions, and even now I myself am practicing the pith instructions taught by that guru. As for the guru of pith instructions: one who, with the conferral of empowerment laid as the foundation, has explained the tantras possesses two; if pith instructions have been imparted, he becomes a branch guru possessing three.

Incidentally, as for the master to be rejected, from the Self-Arising (rang shar):

Ignorant and greatly proud,
foolish and confused, chasing after words,
not considering the meaning of secret mantra,
arrogant in speech that cuts others to the heart,
having entered upon a wrong path,
not having seen the face of the maṇḍala (dkyil 'khor) of empowerment,
whose samaya (dam tshig) has become lax,
unable to give an answer to questions asked,
of little learning and great pride:
a master left unexamined is the disciple's māra (bdud).
He is not a master who teaches secret mantra;
he cannot teach the Ati of the Great Perfection;
one should not associate with him.

So it says.

Second, the nature of the disciple: his mind (blo) has turned away from the phenomena of saṃsāra; he has great devotion and yearning toward the guru, the Dharma, and his companions; his faith is stable and his mind does not engage in anything other than the Dharma; toward the definitive

[p. 279] meaning he is devoted, and he is great in generosity and diligence (brtson 'grus); he has little attachment and a good disposition; he has great wisdom (shes rab) and abides in samaya and vows (sdom pa); he is in harmony with the minds of others and turns them toward the Dharma; he heeds the guru's words and is not indiscreet with the door of secrecy; he is great in learning and reflection and his own mind-stream is tamed; and, in particular, he has devotion toward the guru as a buddha (sangs rgyas) or as more than that. One endowed with these ten qualities is a good disciple of supreme liberation (thar pa), and it is certain that he will swiftly attain the supreme liberation from saṃsāra. And so too it is said,

from the Self-Arising:

Great in the power of faith and in diligence,
great in wisdom and without grasping attachment,
great in reverence and practicing secret mantra,
nonconceptual, the mind (sems) without distraction,
possessing samaya and diligent in accomplishment,
steadfast and yearning, endowed with loving longing,
vivid and serene, engaged in meditation,
acting just as the master has said,
not letting samaya lapse into indifference,
conducting himself in harmony with others,
his mind clear in a manner of respect,
retaining even a single word that is taught,
acting accordingly for his own aim,
able to be entrusted with secrets,
not transgressing the vajra meaning,
relying upon persons of great learning,
not straying from his own aim,

[p. 280] speaking gently, without words of arrogance,
engaging in accord with the minds of others,
treating the master and the tathāgata
as one, without distinction:
these are the characteristics of a disciple.
A disciple endowed in this way
is said to be a vessel (snod) of the Great Perfection.

So it says. Incidentally, as for the disciple to be rejected, from the same:

Paying neither honor nor reverence,
practicing secret mantra indiscriminately,
without family lineage and without good disposition,
having become of little wisdom,
scorning kindness,
boasting of his own family lineage,
fastening fine ornaments upon his body,
and grown aimless and indifferent:
an unexamined disciple is the master's enemy.
To a person who does not take it up in practice
the meaning of the Great Perfection is not explained.

So it says. Moreover, such a bad vessel cannot hold the excellent quintessence (bcud), just as a clay vessel cannot hold a lion's milk. If it is poured in, the greatness of the Dharma is impaired, and that bad vessel, on account of it, goes to the lower realms (ngan song); therefore it must be kept secret from such a bad vessel, as from the same:

The meaning of the Great Perfection of pith instructions
should not be poured into ordinary bad vessels.
The quintessence for the few who possess faith,
should it be poured into bad vessels,
is without quintessence and brings both to

[p. 281] ruin.
Therefore keep it secret from those of inferior intellect.

So it says. Third, the things to be done in common are three:

the attitude master and disciple share toward one another;
the manner of relying and supplicating;
the purpose (dgos pa), the certain fruition.

First: the master regards the disciple with steadfast compassion, and at the proper time benefits him with helpful counsel and Dharma, and even with mere food and drink; and the disciple reflects upon the qualities of the guru and maintains loving longing and devotion without interruption. From the Self-Arising:

The bond of compassion unsevered
and the stream of loving longing uninterrupted:
this is the connection of master and disciple.

So it says. Second, from the Reverberation of Sound:

When the characteristics of each are complete,
rely upon him with kingdom and one's own body,
with retinue and enjoyments.
By pleasing conduct of body and speech,
rely upon the guru, joined to him as equal to a buddha.
Endowed with faith and wisdom,
devoted and without delusion,
without error or confusion in what is to be expressed,
rely upon the guru with clear faculties (dbang po).

Thus, when the disciple has the wish to request the elaborate (spros bcas) and other empowerments and the instructions (gdams pa), he does not enter upon them abruptly; rather, just as, even in the common invitation of a guest,

[p. 282] even so one must first give notice beforehand—so it is here. Therefore, five, seven, or three years or so in advance, one offers the guru a maṇḍala of a feast (tshogs), gold, and the like, and supplicates again and again, saying: "In about so many years I shall request the empowerment called such-and-such, or the instruction called such-and-such; please grant it." And at the beginning of the sessions of one's own virtuous practice, one meditates on the yoga (rnal 'byor) of that guru at the six times of day and night and supplicates him. The guru, for his part, grants permission, saying, "Son, if you request empowerment, then in the meantime, in order to dispel obstacles and purify misdeeds and obscurations, meditate on the guru at the crown of your head and supplicate at the six times of day and night," and thus sets him to supplicating. The purpose of this is that the body (lus) ripens into the kāya (sku) of the deity,

that speech ripens into the natural sound of āli and kāli, and that mind ripens into emptiness (stong nyid) free from the domain of thought—such is its purpose. When at that time one generates the fierce aspiration, "By all means I must obtain whatever empowerment or the like I desire," it is certain that signs (rtags) of having accomplished the guru will arise, such as his teaching the Dharma and giving prophecies in dreams (rmi lam). Third, the purpose, the certain fruition: by thus supplicating beforehand and relying upon the guru, everything one desires

[p. 283] is accomplished, arising as from a jewel or a wish-fulfilling tree. From the Reverberation of Sound:

The qualities that come from that reliance:
like the wish-fulfilling tree, the wish-fulfilling jewel,
and the cow that yields all one desires,
one obtains immeasurable qualities.
With that in view, rely upon the guru,
in order to turn back from the battle of saṃsāra.

Fourth, how it is conferred, the activity of empowerment, has five parts: the benefits of conferring empowerment; the faults of not conferring it; the place where it is conferred; the time at which it is conferred; and the sequence of performing the celebration. First, from the Self-Arising:

The particular qualities are these:
in the great appearance of primordial wisdom
one becomes free of obstruction and hindrance;
self-appearance (rang snang) is shown to be a companion;
and one comes to perform all activities.

And from the Tantra of Precious Empowerment:

If a guru who has abandoned desire
completes the rite of empowerment,
then, through the manner in which its stages are conferred,
one is certain to become a great vajra holder
even in this very life.

And from the Secret Essence:

When empowerment is conferred through the five heart essences (snying po lnga),
from this time onward one is a child of the victorious ones;
all lower realms are no more,
and one becomes master of the higher realms and of liberation.

And again from the Self-Arising: "The qualities of conferring

[p. 284] empowerment are as follows. In the intermediate state (bar ma do) one comes to recognize one's own appearances. And having recognized them, one attains stability in that itself, and within twenty-one days one is able to send forth nirmāṇakāyas (sprul pa'i sku). And for one who has reached the culmination of the highest faculties, suffering, terror, and the like do not occur. At the time of practice, too, the appearance of primordial wisdom shines clearly without ceasing. These are called the special qualities. As for the common qualities, one obtains the following: knowing the language of the ḍākinīs (mkha' 'gro ma);

the ḍākinīs bestowing their blessings (byin rlabs); through being blessed, being seen by people as an object of veneration; all beings being loving toward one; being of beautiful form and pleasing to behold; the increase of vast merit (bsod nams); after death and transference, being born in the body of a cakravartin king; the arising of great qualities, like a precious jewel; engaging in the pure Dharma, like a lotus; being seen by all as worthy of circumambulation, like a stūpa; overwhelming ordinary beings with splendor, like a parasol; being able to liberate beings through wisdom, like a mass of fire; being able to accomplish the aim, like a sword; and, like a vajra hook, being able to embrace beings with compassion;

[p. 285] and, like a cloud of Dharma, realizing (rtogs pa) the meaning of basic space (dbyings) and primordial wisdom being beyond meeting and parting; and performing all outer and inner activities. These and others: one will obtain one hundred and eight qualities. By this, whatever activities one undertakes will all be attained. Such a one cannot be assailed by obstructing spirits or misleading spirits. Having many children and great wealth is a sign of having obtained empowerment. One will remember one's former and later lives. One will also see sentient beings (sems can) taking birth. One will know the minds of others. One will mingle with nonhuman beings. These and others: one will obtain one hundred and eight qualities." So it says.

Second, the faults of empowerment not being conferred. From the Secret Heart Essence of the Magical Net (sgyu 'phrul gsang snying):

If one has not pleased the master
and has not obtained the empowerments,
undertakings such as listening
will be without fruition and will come to ruin.

And from the Great Tantra of the Self-Arisen Perfection of Empowerment (dbang rdzogs pa rang byung chen po'i rgyud):

Without relying on empowerment, secret mantra will not be accomplished;
just as, for example, a boatman without oars
is unable to ferry one across to the far shore of the river.

And from the Self-Arising Awareness: "The faults of not having obtained empowerment are

[p. 286] as follows. In the intermediate state there also occur terror, panic, exhaustion, obstruction, and the loss of perception. And until one has cast off the body of habitual tendencies (bag chags), one is not seen by beings as worthy of honor; one's merit is small, one's life is short, the enjoyments of one's livelihood are few, one is beset by dangers, and many obstacles arise. No activity whatever is accomplished. Those are the faults of not having obtained empowerment for the practice of secret mantra. A yogin (rnal 'byor pa) who practices secret mantra should obtain empowerment. If empowerment is not obtained, even a buddha is unable to turn the wheel of Dharma on the level of a tathāgata. If the wheel is not turned, one cannot accomplish the benefit of beings through the nirmāṇakāya of compassion. Therefore one who practices secret mantra should obtain empowerment." So it says.

Third, the place where it is conferred: places that are secluded, pleasing to the mind, and near to accomplishments (dngos grub). Here, the general place is one that is auspicious and has good geomantic features, with fine groves and the like; as for the particular places, there are four. For the site of the elaborate empowerment, too: if the disciple's body is earth, it is open to the south and sheltered to the north. If it is water, it is open to the east and sheltered to the west. If it is fire, it is open to the west and sheltered to the

[p. 287] east. If it is wind, it is open to the north and sheltered to the south. The site of the unelaborate (spros med) empowerment: a mountain hollow within a dense forest, performed in accordance with a shape and features that agree with the disciple's element ('byung ba). For the extremely unelaborate (shin tu spros med), the summit of a mountain spur where three valleys converge is supremely good. For the utterly unelaborate (rab tu spros med), it is a place of utter seclusion or a hermitage, that is, one krośa (rgyang grags) removed from a village. As for the sites for all four kinds of empowerment, a charnel ground—a place other beings fear, where savage beasts of prey dwell, where there are venomous snakes, carrion birds, wolves, and the like,

and where there are extremely fierce ḍākinīs—is supremely auspicious. Thus it is also said in the Self-Arisen Perfection (rdzogs pa rang byung):

This sacred conferral of empowerment itself is taught:
in the very midst of a great sprawling town
the yogin will not accomplish the aim.
At the far limits where villages and cities end,
in a forest, on a mountain crag, or in an empty valley,
the yogin enters upon the aim of empowerment.

And again:

Further, in a place extremely secluded and delightful,
one should examine the characteristics of the site:
at all the limits where sprawling towns come to an end,
on ground where plants and groves have ripened,
where flowers of many kinds spring up,
high to the west and open to the east,
the north itself seeming to shelter

[p. 288] and the south a place like a broad, open plain;
where, in the direction one faces,
there are no ravines or gullies,
in front there is no solid mass,
and no shapes resembling sentient beings;
where the back is set against a rock face,
on the sides fruits of many kinds abound,
and in front a meadow lies and pure water flows;
or else a place shaped like a rounded mound of ritual dough (tshe zan),
where the mountain ranges, too, are nowhere broken off,
and the calls of many kinds of birds resound.

Fourth, the time at which it is conferred, has two parts: the general presentation and the particular explanation.

First: when the guru has granted it and the interdependent connections (rten 'brel) have come together, that is an auspicious time. Nevertheless, the special times are exemplified by autumn, when the fruit of awakening ripens, and spring, when the seed of liberation is sown. As for the year, the monkey is auspicious. The eighth day of the waxing moon is good; among the lunar mansions, Puṣya (rgyal) is supreme; and among the planets, Jupiter (phur bu) is good.

Second, there are four parts. First, the time and signs (mtshan ma) of the elaborate empowerment. From the Teaching on the Key Points of the Times for Entering by Stages into the Conferral of Empowerment:

As for the conferral of the elaborate empowerment:
in the mouse, the dragon, the horse, and the pig—
in these four years in particular—
the rite of conferring empowerment is accomplished.
In the four first months of the seasons,

[p. 289] it is accomplished, since the time is fulfilled and brings forth the fruit.
As for the date, it is from the first day of the waxing moon
up to the juncture when the moon is full.
The time of conferral is midday or midnight.
According to the particular constitution of the yogin's body,
apply it to the year of each one's own element,
and the rite of empowerment will be auspicious.
At this time, for disciples possessed of samaya
whose elemental bodies are in accord,
there is no fixed measure to be placed on their number:
whether a hundred, or fifty, and so forth,
if they accord in element and karma, there is no conflict.
If, when one has entered into the rite,
the butter lamp does not possess radiance,
one should perform the rite of fulfilling the samaya.
If there is no defilement, accomplishment
should be taken up again and again.
If it goes out for no reason, an obstacle will arise;
strive intensely at the recitation that completes the empowerment.
At that time, whichever of the assembled brothers and sisters
has illness arise in the body
should perform prostrations and circumambulations.
Whoever has idle chatter arise in speech
should, with reflection, recite the hundred syllables.
If the mind is famished or mindfulness declines,
enter into the stages of generation and completion (bskyed rim, rdzogs rim).

If signs of purification arise,
only then apply yourself to the rite of conferring empowerment.
If the substances of accomplishment increase,
since the supremely excellent accomplishment has been attained,
one should aspire to the meaning of equality.
Once one has entered into the empowerment,

[p. 290] if one constantly sees good signs,
by that the common accomplishments are achieved.
If one is possessed of experience (nyams) and knowing as well,
by this too one enjoys joy and bliss itself.
Whoever gives rise to excellent devotion,
holding the guru himself as supreme,
by this too is joined to the supreme mudrā (phyag rgya).
If one sees one's own body and speech at ease,
by this the buddha fields are pure.
The time of the elaborate empowerment
and its signs as well have been well explained.

Second, the time and signs of the unelaborate empowerment. Again, from the same text:

Now the time and signs
of the unelaborate shall be precisely taught.
For this there is no distinction of year;
it is to be known as suitable for any whatsoever.
Its time is good in summer and in winter,
and the date is in the waxing phase of the moon.
The time of conferral is dawn, when sounds have fallen still.
For this, five or six who possess faith;
if there are more than seven, the aim is not accomplished.
Such a child endowed with faith,
virtuous in the actions of mind,
whose speech is possessed of praise for the guru—
when empowerment is conferred on such a one,
if the body is not at ease,
the misdeeds of the body should afterwards be confessed;
likewise, for speech and mind as well,
one should undertake the act of confessing misdeeds.
The time and signs of the unelaborate
empowerment have been explained.

Third, the extremely

[p. 291] unelaborate: its time and signs. From the same text:

Now the time and signs
of the extremely unelaborate,
supremely secret empowerment shall be explained.
For this too there is no distinction of year;
it is accomplished by doing it at whatever time one finds suitable.
The outer time is the time when seeds are sown:
because it supports the seed of awakening,
if empowerment is conferred at this time,
the self-arisen (rang byung) seed is said to increase.
At the time of gathering in grain and fruit,
if the extremely unelaborate empowerment is conferred,
then, because the fruition of primordial wisdom is perfected,
one will certainly go to the level of the three kāyas (sku gsum).
The inner time is the increasing period of the waxing moon:
by avoiding the dates of the waning phase,
in order to make experience stable,
experience and blessings increase ever higher.
The time of conferral is when the sun's crest rises,
for the purpose of the dawning of self-arisen primordial wisdom;
or else, at the point where the waning moon is exhausted,
it is done for the purpose of exhausting thoughts (rtog pa).
One fortunate one, or else two;
if there are more than three, the aim is not accomplished.
At this time, taking each aspect separately:
at the time of the body, if in the sky (nam mkha')
there occur clouds, mist, and sleet,
the sounds of wind and the like,
harm to the region, enemies and robbers,
and unpleasant forms,
then, since the misdeeds of the body are great,
afterwards,

[p. 292] once the empowerment has been conferred,
and without the guru's instructions having been taught,
one should make six hundred thousand circumambulations
of an image of the Sugata
or of one's own guru's residence,
or else one hundred thousand prostrations.
At that time, the distinctions of the signs are these:
if they are present at the beginning, but at the end and in the middle
the forms of the definite signs are pure,
then, since the conduct (spyod pa) of the body has been mastered,
no effort need be made afterwards.
If they occur at the end,
the body's misdeeds have not been fully cut off;
afterwards one should repeat and undertake the conduct again.
If even upon repetition the misdeeds are not purified,
one meditates on the kāya of the deity a thousand times.
Then one should train in the stages
of the guru's pith instructions.
At the time of speech likewise,
the one endowed with yoga should understand it thus:
if there are none at the beginning and end but they occur in the middle,
one should recite the hundred-syllable mantra
one hundred thousand times, with effort.
If they occur at the end,
one should recite the tantras of secret mantra
to the number of one's own years, one hundred and eight times.
At the times when they occur without distinction of beginning, end, and middle,
one should strive for seven months
in reading tantras and reciting mantras,
uttering various words of praise
to the guru and the yidam deities,
pronouncing singly, one by one,
the sounds of the letters (yi ge) āli and kāli,
and pronouncing hūṃ, phaṭ, and

[p. 293] oṃ in various combinations.
Then one is to be made a recipient of the instructions.
One should meditate for three days
on the samādhi of the yidam deity.
If they occur in the middle,
one should strive for seven days
at the emanation and reabsorption ('phro 'du) of the light rays of the mantra.
If they occur at the end,
one strives for up to ten days
in meditating on the emanation and reabsorption of the letters.
If they occur throughout—beginning, middle, and end—
one should strive for six months
at meditating on the completion stage (rdzogs pa'i rim pa)
or at the meditative concentration (bsam gtan) arising from speech.
If, moreover, at the respective times
of the conduct of body, speech, and mind,
the sky is clear blue and free of clouds,
without the sound of wind or chill breeze,
and what occurs is gentle and very gentle,
then the misdeeds need not be purified.
If they are present at the beginning,
yet at the respective ends they are pure,
then, since by this the misdeeds have been mastered,
the rite of confession need not be performed.
Likewise, the skilled should examine
the respective identifications for body, speech, and mind.
By this, the time of the extremely unelaborate
empowerment, and also
the examination of its signs, have been explained.
For the present, the signs of having obtained the empowerment:
at the time of casting the flower of awareness (rig pa),
the body sways and throbs violently.

[p. 294] If this occurs in the body, it is obtained through the body.
When speech utters sounds and voices of every kind,
speaks of the Dharma,
and pronounces wondrous words,
likewise it is obtained through speech.
When samādhi descends upon the mind,
or when one is distracted and mindfulness (dran pa) lapses,
the empowerment is obtained through the mind.
If it is obtained through the body,
by this the nirmāṇakāya itself is obtained;
likewise, for speech, the sambhogakāya (longs sku);
the mind goes to the field of the dharmakāya (chos sku).
The time and signs of the extremely unelaborate have been explained.
So it is said.

Fourth, the time and signs of the utterly unelaborate [empowerment]. From the same tantra:
The time and signs
of the utterly unelaborate shall be definitively taught.
The outer time is fixed at the ripening of fruit
or at the time when the grain is gathered,
because self-appearance is liberated into the fruition.
The inner time is fixed at the first day of the waxing moon,
or else at the juncture of [the moon's] exhaustion,
because, once the single sphere (thig le nyag gcig) has been realized,
karma (las) and habitual tendencies are exhausted.
Even if the fortunate ones are more than one,
the yogin will not accomplish the purpose;
confer it upon a single fortunate son
who is faithful and pleasing.
Both will certainly, without any doubt,
become perfect buddhas.
The time of conferral is when the tip of the sun rises.
Since through the respective words it is made definitively

[p. 295] clear,
one sees the naturally pure ground.
Here, whatever signs may occur,
there is no rite for purifying misdeeds,
because they have been purified directly above.
If the sky is cloudless and clear,
one courses in the field of the dharmakāya.
If the radiance of lights of every kind arises,
this is [passage] to the field of the sambhogakāya.
When sounds of every kind resound,
one is assured of the field of the nirmāṇakāya.
If a fortunate one at this time
is skilled in the key points (gnad) of the body
and does not waver from them,
in seven years he reaches the place of exhaustion (zad pa).
If the utterance of speech is lost,
by this, in twenty-one months,
he reaches the level of exhaustion in the nature of phenomena (chos nyid zad pa).
If he is skilled in the mind and the winds (rlung) are emptied,
in seven months this fortunate one
will have all appearances (snang ba) exhausted.
For those of supreme intellectual capacity,
the system of first beginning with the elaborate
and then, without interruption, gradually
bringing the empowerments to completion
is for those who are supreme;
since these are extremely rare,
over days, months, and up to years,
in accordance with one's own experience,
the four empowerments (dbang bzhi) are conferred in full.
If the four empowerments are not completed,
the extremely unelaborate empowerment,
the very object of realization of the profound portion—

[p. 296] by conferring this very one, empowerment is obtained.
Having thoroughly examined the disciple's characteristics,
two, three, and so forth
are matched to the measure of the disciple's means.
Finally, by one's own experience,
at the special time the supreme is definitively explained,
in order to instill capacity in the son.
So it is said.

Fifth, the stages of holding the celebratory feast (dga' ston). From the Magical Net: "Great compassion, the great celebratory feast." And from the Tantra of the King of Empowerment (dbang bskur rgyal po'i rgyud):
To the guru who ripens one through empowerment,
by offering the supreme of gifts, gold and silver
equal to one's own body,
one is with ease relieved
from saṃsāra and certainly obtains
the fruition of buddhahood, without doubt.
And from the Precious Empowerment Tantra (dbang rin po che'i tan tra):
Since the fruition is easy and without hardship,
and, bodhicitta having been generated (sems bskyed), awakening is perfected,
because he fulfills needs and wishes, the one called "guru"
is certainly equal to the wish-granting cow.
So it is said.

Moreover, since after the conferral of empowerment one presents gifts and holds a celebratory feast, here too one obtains the perfect fulfillment of one's own wishes, and in future time one manifestly obtains perfect sovereignty and the qualities of glory and excellence; and thereafter, in the buddha field arrayed with ornaments

[p. 297] one will manifestly and perfectly awaken. So too, from the Infinite Empowerment (dbang rab 'byams):
The desired aims are fulfilled;
glory, renown, primordial wisdom,
and excellent sovereignty are bestowed;
and in a well-arrayed buddha field
one manifestly and perfectly awakens.
So it is said.

Moreover, compared with gathering immeasurable accumulations at another time, what is gathered at this time is greater by a hundred-thousandfold increase. Through its power, in this very life all the aims one has in mind are accomplished, and an exceptional gathering of food, wealth, and the like certainly comes about without difficulty. From the completion of the two accumulations the two kāyas are accomplished; from the Array of the Precious Empowerment (dbang rin po che rnam par bkod pa):
For the fortunate one who relies on empowerment,
the fruition of bringing the two accumulations to completion
is certain: the attainment of the two sublime aims.
So it is said.

Of the two—offering a single item each of food, drink, wealth, and the like to the root guru (rtsa ba'i bla ma) at this time, and offering ten million at another time—the offering made here is greater in merit. And of the two—the merit of giving to a single woman or to a single man at this time, and the merit of performing an extensive feast offering (tshogs mchod) to ten million mamos (ma mo), that is, ḍākinīs, at another time—

[p. 298] giving to the single one at this time is superior. This is because at this time all the buddhas of the ten directions gather as one, through compassion, into the guru and perform the act of conferring empowerment, turn the unsurpassed wheel, and lead one into the city of great liberation, so that his kindness is surpassing; and because, in the women and men too, the heroes and heroines (dpa' bo dpa' mo) have taken them as their supports and, seated in the rows of the empowerment through compassion and samaya, bestow their blessings. Therefore it is taught that both the time of empowerment and the time of the celebratory feast are greater than other times by a hundred-thousandfold increase. As is also said,

from the Subtle Commentary Differentiating Empowerment (dbang rnam par phye ba'i 'phra tig):
Whoever, making offering with a great celebratory feast,
holds a banquet for the guru and the guru's retinue,
together with the consort (yum), for all of them—
though for inconceivable hundreds of thousands of eons
one should please all the buddhas,
that would not match a fraction of this merit.
If one anoints with sandalwood
a single pore of the guru's body,
the merit in this is boundless.
Likewise, whoever holds the feast celebration
for one's own vajra siblings,
one, two, or three,
or else a hundred, a thousand, or countless—
compared with making offerings to one's own guru

[p. 299] countless hundreds of times
when it is not the time of empowerment,
the merit of doing this once here
cannot be measured by the intellect.
If one gratifies the yogins
with a banquet of fine rice, food, and drink,
all excellence will be accomplished
and one will be freed from faults.
If one gratifies with the feast banquet
the hosts of yoginīs,
whether vajra sisters
or the guru's disciples—
then, compared with performing nine hundred
feast offerings to the eight mamos or to Vārāhī
at a time other than this,
if at this time one gives to a single yoginī
food, or else drink,
or even a little to quench her thirst,
that merit is not equal to this.
Therefore, go to the city of the mamos
and please the yoginīs.
If one makes offering to yogin fathers and mothers both,
equal and mingled together,
from this arise accomplishments such as these,
endowed with supreme wonder:
desired aims in this world,
and, hereafter, in order to enjoy the basic space of primordial wisdom,
the accomplishments of the sky-farers (mkha' spyod)—
whoever becomes master of these manifold ones
is able, together with a retinue,
to course through the sky.
So it is said.

Moreover, if the celebratory feast is performed extensively, in this very life

[p. 300] one will certainly attain some kind of accomplishment, for it is a time of extraordinary gathering.

The explanation of the signs of accomplishment: from that same tantra:

From the feast offering performed before,
the causes of accomplishment, eight in kind,
are said to be obtained through the yoginīs.
What, then, are they?
Splendor, renown, enjoyments,
gathering, expansion, attainment,
worldly empowerment, and the accomplishment of buddhahood.
Splendor is the increase of retinue and attendants,
and being endowed with children and dominion.
Through renown, beings feel affection;
when they see one they rejoice and offer honor and service,
and they utter praise and pleasing words.
Enjoyments: wealth, food,
grain, and the aims one desires are accomplished;
fruits and crops, more than those of others,
ripen supremely and flourish,
and however much they are used they become inexhaustible.
Gathering is of four kinds:
humans and nonhumans,
wealth and foods gather.
As for humans, at the very first
crowds of women gather,
and thereafter many thousands gather;
drawing near before one, they prostrate
and listen to the Dharma as well.
Then kings, ministers,
and queens gather;
the meritorious also gather;
and all those endowed with qualities

[p. 301] gather.
As for nonhumans: one goes to the charnel ground,
and at the time of going there,
at night hosts of thousands of ḍākinīs
gather and display their forms;
they show symbols (brda) and also give prophecies.
Gods, nāgas, yakṣas,
and those possessed of miraculous powers (rdzu 'phrul)
who delight in the Buddha's teaching gather,
and they also generate brilliance, radiance, and strength.
They display forms and reveal
all the good and ill of worldly people.
To that great yogin himself
they grant what is good and dispel what is ill;
they guard, protect, and conceal him,
and bestow good things of many kinds.
To his retinue and his kin
they grant what is good and dispel what is ill.
As for the gathering of foods morning and evening:
first, whatever there is in this region
that is pleasing and of supreme flavor
gathers in abundance;
then the foods of other kingdoms,
fruits endowed with quintessence,
medicinal compounds of various kinds,
and wondrous foods
gather for that fortunate one.
Whatever kinds of wealth one desires
gather merely by being thought of.
Clothing, bedding, seats, and so forth—
whatever one has thought of in one's mind—
is accomplished for this fortunate one.
Through obtaining the merit

[p. 302] and renown of a universal monarch, there is no harm.
Through obtaining accomplishment, one obtains swift-footedness,
travel on the earth and travel in the sky,
the eye salve, and mastery over life.
Through empowerment, mastery over life,
perfect splendor and primordial wisdom,
and perfect Dharma and enjoyments are obtained.
One is endowed with merit, the accumulations are complete,
and after death and passing on one obtains the higher realms.
Through obtaining the nature of phenomena (chos nyid), one obtains equality,
not falling under the power of the conditions (rkyen) of the afflictions,
and the raising of self-appearance onto the path.
One obtains expansion (mched pa) and miraculous powers:
emanating bodies of various kinds,
one's own body becoming unimpeded (zang thal),
the arising of the signs and marks of a buddha,
freedom from harm by earth, water, fire, and wind,
flying in the sky,
and the body's breaking into pieces are accomplished.
The certain attainment of mastery over the world—
this here is the accomplishment of a vidyādhara (rigs 'dzin):
one is able to turn harm into benefit
and to master the powers of others;
one is able to turn fire into water,
and likewise water into fire,
and earth and wind in the same way;
one is able to transform a man into a woman,
and to transform the respective forms
of humans, animals, and so forth;
and likewise food, wealth, and so forth—

[p. 303] one is able to transform the potency of all of these as well.
Furthermore, the activities of killing and reviving,
binding and paralyzing, summoning,
expelling, and separating are accomplished.

Thus it is said.

The certain account of how these were accomplished in former times is also given in that same tantra:

If the history of this is told:
formerly, in the Bamboo Grove of Magadha,
the one known as the lord of the gathering (tshogs bdag), Kṛṣṇapāda—
no sooner had I conferred upon him in particular
the utterly unelaborate empowerment
than, with six hundred loads of rice,
he prepared an abundance of things to eat, to chew,
to taste, and to drink,
and held a great celebration of the feast gathering
for five hundred yogins and yoginīs.
At that time a yoginī
spoke these words to that lord of the gathering:
"Ema! Fortunate only son,
through this gratification by the banquet of the feast gathering
you will certainly attain accomplishment;
I too have found the accomplishment of the feast gathering."
So saying, she went off into the sky.
Then, at that very moment,
ten million riders on elephants,
together with a retinue of mamos,
went off eastward through the sky.
Then, when three days had passed,
the retinue of that very lord of the gathering—
his cattle, his dogs, and the rest—
came to move with their feet a full cubit

[p. 304] above the ground, without touching it.
Then that lord of the gathering,
with all his substances and possessions,
once more requested empowerment
and held a single banquet of the feast gathering;
merely by doing that,
he departed into the sky together with his retinue,
accompanied by a sound.
Now, in the eastern part of Jambudvīpa,
in the sky above the region
called Dhartul, together with
seven hundred thousand ḍākinīs,
he carries out the activities of the yogins
whose enjoyment in the feast gathering is perfected.
Thus, since such wondrous accomplishment
is achieved through the banquet,
at this time sing songs with joy,
and likewise dance with joy;
perform the various conducts of joy and bliss.
By doing so, the celebration is accomplished.

Thus it is said.

Furthermore, if one asks by how many empowerments and their celebrations those eight accomplishments are achieved, here their number is taught. Again, from that same tantra:

Thus, when a fortunate one
has empowerment conferred as many times as the number of his own years,
or one hundred and eight times, or a thousand, and so forth,
the fruition of buddhahood will be accomplished:
the dharmakāya, the sambhogakāya, and the nirmāṇakāya
are certain to be attained all at once.
The attainment of these arises from empowerment.

[p. 305] Mastery through renown is accomplished by twenty-one
accompanied by banquets;
splendor is well accomplished by thirty;
enjoyments by forty;
attainment by one hundred and eight;
expansion by one hundred and twenty-one;
the two transformations of the world are accomplished by two hundred as well;
buddhahood is accomplished by a thousand.
Therefore, in the rite of empowerment,
if there is no banquet the aim is not accomplished;
if the great celebration is fully performed,
the yogin fully accomplishes the aim.

Thus it is said.

Likewise, that excellence is accomplished through the celebration is stated also in the Great Array (bkod pa chen po):

Having obtained empowerment from the guru himself,
with foods of various kinds,
with worked cloth and mendri,
with fruits, cakes, and drinks—
with whatever various things one has—
whoever, at the completion of the empowerment, gives food and drink
especially to the guru and to one's brothers and sisters,
to the guru's attendants and close retinue,
to bhikṣus who abide by the discipline,
to Dharma teachers and people endowed with qualities,
and furthermore to those who are objects of compassion:
for him, for ten million eons (bskal pa),
this will not be exhausted or depleted.
In particular, the fruition one desires
is accomplished just as one intends,
and to countless hundreds of thousands of buddhas—

[p. 306] compared with offering gifts, this is of greater import.
Therefore the feast of empowerment is supreme;
its special qualities are inconceivable:
illness is pacified and one is freed from suffering,
one possesses enjoyments and the accumulations are perfected,
and one attains the qualities of a perfect buddha.

Thus it is said.

The second topic, the path of the actual conferral of empowerment, has three parts: the presentation of the maṇḍala in which it is conferred; the nature of empowerment, how it is conferred; and the divisions (dbye ba) of the empowerment thus conferred.

Of the first there are three. The essence (ngo bo) is the ascertained principal and retinue of self-arisen primordial wisdom (rang byung gi ye shes), together with the path and the fruition. The etymology (nges tshig): since it derives from the Indian word maṇḍala, in the Tibetan language it is dkyil 'khor, "center and circle"; whatever phenomenon is such that a principal is beautifully encircled by a retinue is called a maṇḍala. When divided, there are three: the root maṇḍala of the ground, spontaneous presence (lhun grub); the maṇḍala of images, the skillful means (thabs) of the path; and the maṇḍala of the nature, the utterly pure fruition. To the same effect, Self-Arising Awareness says:

Maṇḍalas are held to be of three kinds:
the great maṇḍala of the nature,
the great root maṇḍala,
and the maṇḍala of images—these three are taught.

Thus it is said.

The first is the self-arisen primordial wisdom that abides in all beings, that which abides as the three maṇḍalas of luminosity ('od gsal).

[p. 307] From the same text:

The great root maṇḍala
abides in the center of each one's own citta.
Moreover, this maṇḍala is as follows:
self-arisen awareness is the center,
and the appearance of the five lights ('od lnga) is held to be the retinue.
This is the first great root maṇḍala.
In each one's own white conch chamber (dung khang),
the utterly pure sphere (thig le) is the center,
and the minor spheres (thig phran) endowed with rays are in the manner of the retinue.
This is the second great root maṇḍala.
In the center of the expanse (klong) of utterly pure emptiness,
the kāya of the vajra chains (rdo rje lu gu rgyud);
the lamp of basic space (dbyings kyi sgron ma) is held to be the retinue.
This is the third great root maṇḍala.
These and the other maṇḍalas:
the maṇḍala of enlightened body, the unchanging expanse;
the maṇḍala of enlightened speech, unceasing and vast;
the maṇḍala of enlightened mind (sku gsung thugs), nonconceptual and limpid.
The maṇḍalas of enlightened body, speech, and mind,
each together with its own center and retinue,
without going, without coming, without change,
abide in the center of each one's own citta.
Thus the meaning of the great maṇḍala
is complete in each one's own body.

Thus it is said.

The second: the maṇḍala of drawn colored powder that illustrates the symbol of the conferral of empowerment, and the maṇḍalas of lines and of heaps (tshom bu), are the symbolic maṇḍala; and, relying on the symbolic maṇḍala, when one meditates on generation and completion (bskyed rdzogs), that which is meditated upon as the object of focus (dmigs pa),

[p. 308] the maṇḍala of samādhi, which becomes the ground for the arising of the qualities of the path, is the maṇḍala of the meaning. Their being taught as the maṇḍalas in which symbol and meaning are ascertained is, again, from the same text:

The great maṇḍala of images:
when the sacred empowerment is performed,
maṇḍalas are held to be of two kinds;
they are taught as two, peaceful and wrathful.
When one brings the empowerment to completion, one should proceed thus.
In the center of the great peaceful maṇḍala
is a wheel with four spokes.
Its perimeter is furnished with a vajra fence,
with jewel friezes,
and endowed with garlands of hanging lattices;
likewise it is endowed with doors and door-porticoes.
That is the peaceful maṇḍala.
The wrathful maṇḍala is as follows:
in the center it has a wheel with eight spokes,
and a triangular palace of dark blue.
These and the other procedures
should be known in due order.
They are held to be maṇḍalas of colored powder.

Thus it is said.

Third, the maṇḍala of the nature, the utterly pure fruition: having entered the symbolic maṇḍala of colored powder, then, in the maṇḍala of samādhi, the meaning—through the elaborate, in which one meditates on the peaceful and wrathful deities and recites mantra, and through the unelaborate, its completion stage, in which one gazes upon the maṇḍala of light that is the meaning of the direct perception of the nature of phenomena (chos nyid mngon sum)—the four visions (snang ba bzhi) reach their full measure, and when the maṇḍala of the youthful vase body (gzhon nu bum pa sku) becomes manifest,

[p. 309] the maṇḍala of the dharmakāya and the maṇḍala of the sambhogakāya of self-appearance are complete, and so it is spontaneously present as the nature of both the peaceful and the wrathful deities. From that same text:

The great maṇḍala of the nature:
in Akaniṣṭha, the palace of the basic space of phenomena (chos dbyings),
at the hub of the central wheel
is the maṇḍala of Vairocana,
with a retinue of male and female deities (lha dang lha mo) of the four families (rigs)—
the first great maṇḍala of the nature.
Upon the spoke of the wheel in the east
is the maṇḍala of Vajrasattva,
encircled by a retinue of bodhisattvas of the four families—
the second great maṇḍala of the nature.
Upon the spoke of the wheel in the south
is the maṇḍala of Ratnasambhava,
encircled by a retinue of the ratna family—
the third great maṇḍala of the nature.
Upon the spoke of the wheel in the west
is the maṇḍala of Amitābha,
encircled by a retinue of the padma family—
the fourth great maṇḍala of the nature.
Upon the spoke of the wheel in the north
is the maṇḍala of Amoghasiddhi,
encircled by a retinue of the karma family—
the fifth great maṇḍala of the nature.
They abide in the manner of being complete without being generated.
And their manner of abiding is this:

[p. 310] endowed with kāyas in peaceful attire,
standing and seated,
appearing as male and female consorts (yab yum),
with mudrās and with samādhis.
Together with the male and female gatekeepers and their retinue,
the retinue of the six munis and the rest
is immeasurable.
Moreover, with their distinct hand emblems,
they display mudrās, dance, and so forth;
with various sounds and music
they make offerings to the principal lord.
In the great maṇḍala of the nature
all the male and female deities as well
are endowed with a majestic bearing.
All possess fivefold rays of light;
arising from themselves, they disport within themselves.
Moreover, with fivefold crown ornaments,
armlets and necklaces,
bracelets and anklets,
long necklaces and short necklaces—
likewise, with these kinds of ornaments,
their kāyas endowed with the major and minor marks (mtshan dang dpe byad)
each hold their own defining characteristics, unmixed.
The center is blue, the east white,
the south yellow, the west red,
and the north is complete as green.
Such are the colors of the families.
That is the maṇḍala of the nature.
In the crown ornament of each peaceful deity
a cluster of five wrathful deities is complete.
And the manner in which they are complete is this:
as the crown ornament of Vairocana,
Buddha Heruka is held to be the principal;
in the east, Vajra Heru-

[p. 311] ka;
in the south, Ratna Heruka;
in the west, Padma Heruka;
in the north, Karma Heruka.
Likewise, as the crown ornaments of the peaceful deities
there are five wrathful crown ornaments each.
This is held to be the great maṇḍala of the nature.
The manner in which the wrathful deities abide:
in the warrior stance and in the manner of striking,
in the manner of majesty and ferocity,
wrathful, with fangs bared,
their furrowed brows like a thousand flickering lightning flashes,
with the sound of thunder and the sound of rulu,
with tiger skins and elephant hides,
with crossed belts of snakes and skulls,
holding various weapons in their hands.
Moreover, they have three heads and six arms.
And their colors are these:
dark blue and dark white,
dark yellow and dark red kāyas,
and dark green—enlightened activity (phrin las) is complete.
Such is the maṇḍala of the nature.

Thus it is said.

Second, the nature of empowerment—how it is conferred—is fourfold: the elaborate, the unelaborate, the extremely unelaborate, and the utterly unelaborate. As is also said in the Reverberation of Sound:

The rite of conferring empowerment is explained:
through the four modes of combination—
outer, inner, secret,
and the utterly complete secret—
in order to utterly purify
the four: the body, speech, mental faculty (yid), and mind of beings,

[p. 312] by the four aspects of empowerment as well
the fortunate are to be brought to maturity:
the elaborate itself and the unelaborate,
the extremely unelaborate,
and likewise the utterly unelaborate.
By way of this fourfold division
the mind-streams of the faithful are brought to maturity.

Thus it is said. Moreover, outwardly there are the four times—spring, summer, autumn, and winter; inwardly there are the four groupings—body, speech, mental faculty, and mind; and secretly there are the four—bewilderment (gti mug), anger (zhe sdang), desire ('dod chags), and their equal combination. In order to purify the loci of these, one cleanses and purifies them by means of the four: the vase (bum pa), the secret (gsang ba), the wisdom–primordial wisdom, and the utterly complete precious word empowerment;

and, having traversed the four paths of accumulation, joining, seeing, and meditation, in order that the four kāyas be attained—the nirmāṇakāya, the sambhogakāya, the dharmakāya, and the svābhāvikakāya (ngo bo nyid kyi sku)—they are established as four: the elaborate, the unelaborate, the extremely unelaborate, and the utterly unelaborate; and their number is definite.

Of these, the first, the elaborate empowerment, has three parts: the general presentation of the elaborate; the specific exposition; and the identification of the meaning of the third. First: in this unsurpassed tantra, in view of accomplishing the aims of oneself, of others, and of both, the general presentation of the elaborate

[p. 313] empowerment is taught as twelvefold, together with the many subdivisions within them, from the empowerment of ablution up to the exposition of the precious wheel of empowerment. From the Tantra of the River of Empowerment, the Self-Arisen Perfection:

The empowerment of the unceasing abiding nature (gnas lugs);
the empowerment of activity continually practiced;
the empowerment that takes the past under its care;
the empowerment that directs the future to the key point;
the empowerment that brings the present to maturity;
the empowerment that completes the incomplete;
the empowerment that averts everything;
the empowerment of medicine, the requisite that heals;
the empowerment of the vetāla accomplishment of gold, which tames;
the empowerment of the corpse-burning wheel, which reduces to ash;
the empowerment of the sword and weapons, which accomplish;
the empowerment of the four vows, which brings to maturity—
all are taught as the essence of empowerment.

Thus it is said. Second: among these, taking as the ground the abiding nature present in oneself, the conferral of the definite empowerment of the four vows for the sake of bringing to maturity in the present is of three kinds: the great elaborate maṇḍala, the middling, and the condensed. As for the great, from the Reverberation of Sound:

For the sake of those who require elaboration, too,
approach (bsnyen pa), accomplishment, and close approach
are to be performed by a guru complete in the defining characteristics.
Further, the rite of the site,
the preparation, the lines, and the distribution of colors
are carried out, by one trained in the tantras,

[p. 314] in accordance with the maṇḍala.
Then, as for the rite of conferring empowerment,
beginning from the vehicle of the śrāvakas (nyan thos),
having completed the eight stages,
the empowerment of the dynamic energy (rtsal) of awareness of the Great Perfection is conferred.
The purpose of each of these,
and the distinctions of entry and of capacity, are explained.

Accordingly, having first completed the approach, the accomplishment, and the close approach, when the time has come one completes the rites to be performed on the first evening—the rite of the site, and the establishing of the deity, the vase, and the disciple in the preparation; and on the following day, having laid down the lines, distributed the colors, accomplished the maṇḍala, effected the entry of oneself and the disciple, and so forth, one proceeds to the stages of the main practice (dngos gzhi), the conferral of empowerment. Here, although, if one divides all nine—from the śrāvakas up to the Great Perfection—by the stages of the four, outer, inner, secret, and utterly complete, they come to thirty-six, in this case they are gathered by type into a fourfold division: the outer conferral of empowerment is explained with reference to the tenet systems (grub mtha') of the nine stages taken in a general way, and for each of these, too, four are explained—outer, inner, secret, and utterly complete. In the context of the śrāvakas, these are shaving the hair, giving the upper garment, giving the lower garment, giving the Dharma robe, and

Translation notes

• [p. 276] gzhi in "dbang bskur ba la 'jug pa'i gzhi" and gzhir bzhag (p. 278) is used in the ordinary sense, not the technical "ground"; rendered "basis"/"foundation" accordingly.
• [p. 276] shes byed rgyud: Gemini 3.1 Pro, GPT-6 Astra, Dharmamitra "means of proof / authoritative sources", Claude Fable 5.1 "means of knowing", MITRA omits; I read shes byed as the tantras that serve to establish (prove) the topics, following the sense of chapter 5.
• [p. 277] ye shes drug: Gemini 3.1 Pro and GPT-6 Astra "pristine knowledges/cognitions"; house glossary "primordial wisdoms" adopted.
• [p. 278] man ngag gi bla ma ni … : Dharmamitra misconstrues the sentence (making the pith-instruction guru possess both tantras and instructions); I follow Grok 4.7, GPT-6 Astra, MITRA, Claude Fable 5.1: the guru who has conferred empowerment and explained the tantras "possesses two", and if he has also imparted pith instructions he is a branch guru "possessing three" (the root guru's fourth mark being that one is presently practicing his instructions). The heading "guru of pith instructions" for the branch category is odd; possibly a variant for yan lag gi bla ma, but the text is kept.
• [p. 278] 'brengs / Adzom 'brangs: orthographic variant of the same verb ("to follow after"); no change of meaning.
• [p. 278] dam tshig phyal bar gyur pa: Adzom reads byal bar ("gone to waste, broken"); the e-text phyal bar ("become lax, indifferent") is followed, but the sense is close in either case.
• [p. 278] slob dpon ma brtags slob ma'i bdud: MITRA takes it as "demons of the disciple who fails to examine"; I follow Gemini 3.1 Pro, Grok 4.7, GPT-6 Astra, Claude Fable 5.1: the unexamined master is himself the disciple's māra.
• [p. 278] blo lo pa: blo rendered "mind" rather than the glossary's "intellect", since the idiom means turning one's mind away.
• [p. 279] gsang sgo mi 'chol ba: 'chol ba means to confuse, misuse or let go astray; Dharmamitra/Gemini 3.1 Pro "not violating", MITRA/Grok 4.7 "not divulging". Rendered "not indiscreet with the door of secrecy," which covers both divulging and misusing secrets. The Adzom reading 'chol la for 'chol ba changes nothing in meaning; the e-text is kept.
• [p. 279] gus pa'i tshul gyis sems dang zhing: dang ba here is "clear, serene" (GPT-6 Astra, Gemini 3.1 Pro), not "devoted" (Grok 4.7) or "tamed" (Claude Fable 5.1); rendered "his mind clear in a manner of respect."
• [p. 280] snod ngan de las des ngan song du 'gro bas: MITRA takes the master as going to the lower realms, GPT-6 Astra the recipient; the Tibetan is elliptical. I read the bad vessel (the unfit recipient) as the one who goes to the lower realms on account of receiving the teaching, which fits "both are brought to ruin" below, and kept the phrase close to the Tibetan.
• [p. 280] bcud med gnyis ka phung bar byed: read as "[the quintessence] is without quintessence [i.e. is lost] and brings both to ruin," as Grok 4.7/Claude Fable 5.1; Dharmamitra/GPT-6 Astra's "the essence is lost" is the same sense.
• [p. 281] Adzom 'brel ba'o for 'brel pa'o: orthographic only; e-text kept.
• [p. 282] ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ: the clause completes the guest-invitation simile begun in the previous part; Grok 4.7/Claude Fable 5.1 "submit a petition for a hearing" is literal, but the sense is simply that formal notice must be given in advance (GPT-6 Astra), so rendered "give notice."
• [p. 282] བླ་མ་གྲུབ་པའི་རྟགས: Grok 4.7 "accomplishment of the master" and Gemini 3.1 Pro/GPT-6 Astra "signs of having accomplished the guru [practice]" both possible; taken as signs of accomplishment of the guru yoga, since the disciple has been set to practise the guru's yoga.
• [p. 283] རྡོ་རྗེ་འཛིན་པ་ཆེན་པོར་ཡང: ཡང taken with ཚེ་འདི་ཉིད་ལ ("even in this very life"), as Grok 4.7; MITRA/Gemini 3.1 Pro/Claude Fable 5.1 read "great Vajradhara," rendered here more literally as "great vajra holder."
• [p. 283] སྙིང་པོ་ལྔ: rendered "five heart essences" per the house glossary for snying po; drafts have "five essences."
• [p. 284] སྔངས་པ (typeset) vs Adzom སྡངས་པ ("aversion"): followed the typeset reading "terror," which suits the intermediate-state context; Grok 4.7's "enmity" reflects the Adzom variant.
• [p. 284] དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང: Dharmamitra takes this as "those of highest capacity who have reached the ultimate"; Grok 4.7 "even one who has reached the culmination"; read ཀྱང as additive ("and for one who…"), since the point is a further quality, not a concession.
• [p. 284] མཁའ་འགྲོ་མའི་བྱིན་རླབས་བྱེད་པ: Gemini 3.1 Pro/Dharmamitra "performing/conferring the blessings of the ḍākinīs" (the recipient blesses) vs MITRA/GPT-6 Astra/Claude Fable 5.1 "receiving the ḍākinīs' blessings"; the following clause "through being blessed" shows the ḍākinīs are the agents.
• [p. 284] The final clause runs onto p. 285 (ཐུགས་|རྗེས་འཛིན་པར་ནུས་པ་དང); the English "being able to embrace beings with compassion" completes that clause, so the next part begins at ཆོས་ཀྱི་སྤྲིན་ལྟ་བུར.
• [p. 285] The opening clause "rjes 'dzin par nus pa dang" was already rendered at the end of the previous part ("being able to embrace beings with compassion"); translation begins with "chos kyi sprin lta bur".
• [p. 285] "dbyings dang ye shes 'du 'bral med pa": Claude Fable 5.1, Grok 4.7 render dbyings as "expanse"; the house term is "basic space" (Gemini 3.1 Pro, MITRA, GPT-6 Astra). GPT-6 Astra's "neither coming together nor separating" is closest to 'du 'bral med pa; adopted as "beyond meeting and parting".
• [p. 285] "mnyan pa lag skya med pa": mnyan pa is "boatman/ferryman" and lag skya "oar" (Claude Fable 5.1, Gemini 3.1 Pro, MITRA, GPT-6 Astra, Dharmamitra). Grok 4.7's "a listener without even a hand" misreads mnyan pa as "listener" and lag skya as "hand"; rejected.
• [p. 285] The title dbang rdzogs pa rang byung chen po'i rgyud most likely designates the empowerment section of the Rdzogs pa rang byung; rendered literally, following the glossary's "Self-Arisen Perfection". Gemini 3.1 Pro's "Naturally Arising" for rang byung departs from the glossary.
• [p. 286] "kha nyen pa": drafts differ widely (Claude Fable 5.1 "precarious position", GPT-6 Astra "exposure to censure", Grok 4.7 "verbal harm", Dharmamitra "vulnerable to criticism"). kha nyen in Tibetan usage means "danger, risk" (cf. nyen kha); read as "one is beset by dangers".
• [p. 286] "thugs rje sprul pa'i sku": rendered "nirmāṇakāya of compassion" since here thugs rje denotes the buddhas' compassion for beings (glossary permits plain "compassion" in that sense).
• [p. 287] "rgyang grags gcig": glossary gives "krośa" (Claude Fable 5.1, Gemini 3.1 Pro, MITRA); GPT-6 Astra, Grok 4.7, Dharmamitra's "earshot" rejected.
• [p. 287] "sbyang gi" read as spyang ki, "wolf" (Gemini 3.1 Pro, GPT-6 Astra, Grok 4.7, Dharmamitra); Claude Fable 5.1 and MITRA's "jackals" is less exact.
• [p. 287] "'gro ba gzhan dag 'jigs pa gcan gzan ma rungs pa gnas pa": read as two features, "a place other beings fear, where savage beasts of prey dwell" (MITRA, GPT-6 Astra, Grok 4.7, Dharmamitra), rather than Claude Fable 5.1's "beasts of prey that terrify other beings", though the sense is close.
• [p. 287] The final line "byang nyid skyob pa" continues on p. 288 with "'dra ba dang" ("seeming to"); "seeming" has been incorporated here so that the English line is complete; the next part should begin with the following line (lho phyogs gdal ba 'dra ba'i gnas).
• [p. 288] tshe zan: the drafts diverge widely (Claude Fable 5.1 "mound of dough", Gemini 3.1 Pro "longevity dough-offering", Dharmamitra "hermitage", Grok 4.7 "nourishment for life", GPT-6 Astra "beggar"). tshe zan is a rounded dough figure used in longevity rites; as a geomantic simile it describes a rounded, mound-like site. Rendered "a rounded mound of ritual dough (tshe zan)".
• [p. 288] mtshan ma here means the signs/omens attending the empowerment, not "characteristics" (glossary); rendered "signs".
• [p. 288] byi ba: Adzom reads phyi ba ("marmot"), an evident error for the mouse of the twelve-year cycle; the e-text byi ba is followed.
• [p. 289] 'byung las mthun na: read as "accord in element and karma" (with Claude Fable 5.1, GPT-6 Astra); Grok 4.7/MITRA take it as "accord in element" only. Either is possible; the fuller reading is kept since las is explicit.
• [p. 289] don med shi na: Claude Fable 5.1, Dharmamitra, Grok 4.7, MITRA take shi as a person dying; Gemini 3.1 Pro, GPT-6 Astra as the lamp going out. Since the passage concerns the butter lamp (mar me) and shi ba is standard for a lamp being extinguished, "if it goes out for no reason" is adopted.
• [p. 289] Adzom mdangs for gdangs: synonymous, no change of meaning; e-text kept.
• [p. 289] gdod kyis: rendered "only then" (with GPT-6 Astra) rather than "from the very first" (Grok 4.7/MITRA); gdod kyis here marks the point at which one may proceed after signs of purification appear.
• [p. 290] sgra sangs: Dharmamitra, Grok 4.7, GPT-6 Astra "when sounds are clear"; Claude Fable 5.1, MITRA "when sounds have subsided". sangs pa means "cleared away"; rendered "when sounds have fallen still" (the quiet of dawn).
• [p. 291] ཡང་ན་མར་གྱི་ཟད་མཚམས་སུ: mar gyi is the waning (moon), parallel to ཡར་ངོ above; Grok 4.7's "butter" is a misreading. Followed Gemini 3.1 Pro/MITRA/Claude Fable 5.1.
• [p. 291] ཁ་ཆར: read as "sleet" (Dharmamitra, MITRA, Claude Fable 5.1); Gemini 3.1 Pro/GPT-6 Astra split it into "snow or rain".
• [p. 292] ཐོག་མ་ཡོད་ལ་ཐ་མ་བར། ངེས་པའི་མཚན་མའི་གཟུགས་དག་ནས: read with Claude Fable 5.1/Grok 4.7 as bad signs present at the beginning but the forms of the definite signs "pure" (dag) at the end and middle, which fits the following "no effort need be made"; Dharmamitra/MITRA take dag as a plural marker.
• [p. 292] རང་ལོའི་གྲངས། བརྒྱ་དང་རྩ་བརྒྱད: syntax ambiguous—either 108 recitations per year of one's age (GPT-6 Astra, Grok 4.7) or "to the number of one's years, 108 times" (MITRA, Claude Fable 5.1); rendered literally to preserve the ambiguity.
• [p. 292] ཐོག་མཐའ་བར་མེད་དུས་རྣམས་སུ: read with Claude Fable 5.1 as signs occurring throughout without distinction of beginning, middle, or end (parallel to ཐོག་མ་བར་མཐའ་ཀུན་བྱུང་ན below), since the heaviest remedy follows; Grok 4.7's "when beginning, end and middle are absent" would leave the remedy unmotivated.
• [p. 293] གདམས་པའི་གནས་བྱའོ: literally "make [one] a locus of instruction"; Claude Fable 5.1 "the instructions should be given", GPT-6 Astra "become a suitable vessel"; Gemini 3.1 Pro/Grok 4.7 "establish the instructions" is less likely.
• [p. 293] The final ལུས་ of this part begins the sentence ལུས་ལ་བྱུང་ན་ལུས་ཀྱིས་ཐོབ that continues on the next page; it is translated at the start of the next part.
• [p. 294] གཉིས་ཀ་རྫོགས་པའི་སངས་རྒྱས་ལ: "both" refers to the two persons (master and disciple) becoming perfect buddhas, as Gemini 3.1 Pro, Claude Fable 5.1, MITRA, GPT-6 Astra, Grok 4.7; Dharmamitra's "a buddha in whom both are perfected" misconstrues the syntax.
• [p. 294] སོ་སོའི་ཚིག་གིས་ངེས་གསལ་བས་རང་བཞིན་དག་པའི་གཞི་མཐོང་བའོ: read as a causal clause ("since it is made definitively clear through the respective words, one sees the naturally pure ground"), with Claude Fable 5.1 and Grok 4.7; Gemini 3.1 Pro and GPT-6 Astra make it purposive, which the instrumental བས does not support.
• [p. 295] ངག་གི་བརྗོད་པ་སྟོར་གྱུར་ན: Adzom reads སྟོང་ ("is emptied/exhausted") for སྟོར་ ("is lost"); either fits, and Adzom's reading would parallel རླུང་སྟོངས་ below, but the sense is the same and I keep the e-text's སྟོར་.
• [p. 295] ཟད་སར་ཕྱིན / ཆོས་ཉིད་ཟད་པའི་ས་ལ་ཕྱིན: ས rendered "place" in the first (ཟད་ས, the place of exhaustion, on the model of གྲོལ་ས) and "level" in the second, per the glossary; Gemini 3.1 Pro, Dharmamitra, Grok 4.7 use "reality" for chos nyid, corrected to "nature of phenomena."
• [p. 295] རང་གི་ཉམས: "one's own experience" left open, as the Tibetan is; GPT-6 Astra takes it as the disciples' experience, others as the master's. Both are possible.
• [p. 296] སློབ་མའི་འབྱོར་བའི་ཚོད: འབྱོར་བ ordinarily means "resources/means"; Gemini 3.1 Pro, MITRA, Grok 4.7 so take it, Claude Fable 5.1, GPT-6 Astra "capacity." I keep "means," which covers both, since the passage concerns how many empowerments to confer in accordance with the disciple.
• [p. 296] སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ: a single verse line; Gemini 3.1 Pro, MITRA, GPT-6 Astra supply "is." I keep the appositive form.
• [p. 296] སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན: GPT-6 Astra "resolve for awakening and awakening itself are perfected"; Claude Fable 5.1 "the awakened mind is brought to the perfection of enlightenment"; I read "bodhicitta having been generated, awakening is perfected," keeping the glossary's "generating bodhicitta" for sems bskyed.
• [p. 296] རྒྱན་རྣམ་པར་བཀོད་པའི་ཞིང་[ཁམས]: the sentence runs on to the next page (ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ); rendered only up to the page break, "arrayed with ornaments" (Alaṃkāravyūha) as a description rather than a capitalized title.
• [p. 297] ཟས་དང་ནོར: Adzom reads ཟས་དར་ནོར ("food, silk, wealth"); both are meaningful, but I follow the e-text ཟས་དང་ནོར.
• [p. 297] སྣ་རེ་ཕུལ་བ: Adzom reads སྣར་ཕུལ་བ ("offered before"), which does not fit the contrast with "ten million at another time"; I follow the e-text སྣ་རེ ("a single item each").
• [p. 298] དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ: MITRA reads "giving to one at this time is superior to giving to two at other times"; but གཉིས here resumes the two alternatives just stated (with Claude Fable 5.1, Grok 4.7, Gemini 3.1 Pro, GPT-6 Astra), so "of these two, giving to the single one at this time is superior."
• [p. 298] དཔའ་བོ་དཔའ་མོ་རྟེན་བཅས་ཏེ: Dharmamitra takes the heroes and heroines as "established as the basis"; with Claude Fable 5.1, Grok 4.7, Gemini 3.1 Pro, GPT-6 Astra I read that they take the women and men present as their supports (i.e. are present in them), which is the reason giving to them is meritorious.
• [p. 298] རང་གི་བླ་མ་མཆོད་པ etc.: the "whoever holds the feast for vajra siblings" clause is the subject of the whole comparison; Dharmamitra and MITRA break off and leave it hanging. I keep the syntax continuous.
• [p. 299] འབྲས་ཆེན: read as "fine rice" (with MITRA, Gemini 3.1 Pro), not "great fruit" (Claude Fable 5.1) or "richly rewarding" (GPT-6 Astra); it heads a list of foodstuffs.
• [p. 299] ཡེ་ཤེས་དབྱིངས: rendered "basic space of primordial wisdom" per the glossary; drafts Dharmamitra, MITRA, Grok 4.7, Gemini 3.1 Pro, GPT-6 Astra have "expanse", reserved for klong.
• [p. 300] mtshan ma rendered "signs" (of accomplishment) rather than the glossary's "characteristics," which the context clearly demands.
• [p. 300] rnal 'byor mas ni thob par bshad: the instrumental is ambiguous—"obtained by the yoginī" (Dharmamitra, Grok 4.7, MITRA, Gemini 3.1 Pro) or "obtained through the yoginīs" (GPT-6 Astra). Given the preceding context (gratifying the yoginīs produces accomplishments) and that the recipient below is "that great yogin," I follow GPT-6 Astra.
• [p. 300] 'jig rten dbang bskur: Adzom reads dbang skur, a spelling variant with no change of meaning; kept bskur. Rendered "worldly empowerment" (Grok 4.7, GPT-6 Astra, MITRA, Gemini 3.1 Pro) rather than "mastery over the world" (Claude Fable 5.1), since the list's dbang bskur corresponds to "through empowerment (dbang bskur)" on p. 302, while 'jig rten dbang bsgyur there is the separate item "mastery over the world."
• [p. 300] Adzom zas ngang ni for zas dang ni is an evident misreading; ignored.
• [p. 301] mi ma yin pa dur khrod du 'gro bar byed: it is the yogin who goes to the charnel ground where the nonhumans gather (Grok 4.7, GPT-6 Astra, Gemini 3.1 Pro, Claude Fable 5.1); Dharmamitra and MITRA, which have the nonhumans going or residing there, misread the syntax.
• [p. 301] sbed pa: Adzom sped pa is not a word and is presumably a misreading of the print; followed sbed pa "conceal."
• [p. 301] legs pa rnams ni sna tshogs ster belongs to what is bestowed on the yogin himself; Dharmamitra misattaches it to the retinue and kin.
• [p. 301] nang nub "morning and evening" (Dharmamitra, GPT-6 Astra, MITRA, Gemini 3.1 Pro, Claude Fable 5.1); Grok 4.7's "within the night" is a misreading.
• [p. 301] lung yang ston par 'gyur: lung here means "prophecies," not scripture/transmission as in the glossary.
• [p. 302] lus ni dum bur bsil ba: read bsil ba as sil ba "falling to pieces," the ability to fragment the body (so Grok 4.7, GPT-6 Astra, MITRA, Gemini 3.1 Pro, Claude Fable 5.1); Dharmamitra's "capable of being divided" is the same sense.
• [p. 302] rigs 'dzin: rendered "vidyādhara" per the glossary; Claude Fable 5.1's "holder of the families" is reserved for places where the text glosses rigs, which it does not do here.
• [p. 302] The final line runs on into the next page (kun gyi nus pa'ang bsgyur bar nus); the English sentence is left open for the next part to complete.
• [p. 303] dbus 'gyur 'od ma'i tshal: dbus 'gyur is the standard Tibetan name of Magadha, and 'od ma'i tshal the Veṇuvana (Bamboo Grove) at Rājagṛha; Dharmamitra, Claude Fable 5.1, GPT-6 Astra, MITRA, Gemini 3.1 Pro render "central land/region," which misses the toponym. tshogs bdag nag po zhabs: taken as a personal name, Kṣṇapāda (Grok 4.7, GPT-6 Astra, Gemini 3.1 Pro); Dharmamitra's "Black Lord of the Assembly" and Claude Fable 5.1's untranslated "Nag po zhabs" not adopted. tshogs bdag here means the host of the feast gathering, not Gaṇapati (MITRA).
• [p. 303] glang po zhon pa bye ba gcig / ma mo'i 'khor dang bcas nas: read with Dharmamitra, Grok 4.7, Claude Fable 5.1, MITRA, Gemini 3.1 Pro as ten million elephant-riders with a retinue of mamos going east; GPT-6 Astra takes the yoginī as subject, going east with a retinue of ten million elephant-riding mamos, which is grammatically possible but less natural after she has already departed. Adzom ma mo 'khor for ma mo'i 'khor changes nothing.
• [p. 303] rkang pa sa la khru gang gis reg pa med par 'gro bar gyur: the retinue, cattle, and dogs move a cubit above the ground; MITRA splits this into two disconnected sentences ("By this, one shall travel without touching the ground") and is not followed. Adzom rig pa for reg pa is a misprint.
• [p. 305] grags pas dbang bsgyur nyer gcig gis: read as the first accomplishment, "mastery through renown," accomplished by twenty-one empowerments with banquets (Claude Fable 5.1, GPT-6 Astra, Gemini 3.1 Pro); Dharmamitra's "twenty-one factors that govern fame" and MITRA's "twenty-one offerings of renown" misconstrue the syntax.
• [p. 305] 'jig rten bsgyur ba gnyis nyis brgyas kyang 'grub: the line is hypermetric; I read gnyis with 'jig rten bsgyur ba ("the two transformations of the world") and nyis brgyas as the number, two hundred (Grok 4.7, GPT-6 Astra, Gemini 3.1 Pro), not "two hundred and two" (Dharmamitra, Claude Fable 5.1), which Tibetan would express as nyis brgya rtsa gnyis. Adzom omits nyis brgyas, which would make the two transformations of the world accomplished by the one hundred and twenty-one of the preceding line; I follow the typeset text, since otherwise the passage gives no number for this accomplishment.
• [p. 305] bcos bu'i ras dang men dri: men dri is obscure; the drafts guess "incense" (Dharmamitra), "medicinal fragrances" (Grok 4.7), "fragrant seasonings" (GPT-6 Astra), "fine silk/fabrics" (MITRA, Gemini 3.1 Pro). In a list beside ras (cloth) it is most likely a kind of fabric, but I leave it transliterated rather than guess.
• [p. 305] dbang rdzogs bza' btung sus byin pa: read "at the completion of the empowerment" (Claude Fable 5.1, GPT-6 Astra, MITRA); Dharmamitra's "empowered food and drink" and Grok 4.7's "food and drink that complete the empowerment" are less likely.
• [p. 306] ཡོན་ཕུལ་བས་ནི་འདི་དོན་ཆེ: the བས is comparative, continuing "to countless hundreds of thousands of buddhas" from the previous part (so GPT-6 Astra, Claude Fable 5.1); MITRA, Gemini 3.1 Pro and Dharmamitra take it as causal ("because offerings are presented") and miss the comparison.
• [p. 306] རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པ: read as "the ascertained principal and retinue of self-arisen primordial wisdom together with path and fruition" (Grok 4.7, GPT-6 Astra, Claude Fable 5.1); MITRA and Dharmamitra make path and fruition belong to the wisdom, which strains the syntax.
• [p. 306] The three names are rtsa ba'i dkyil 'khor, gzugs brnyan dkyil 'khor and rang bzhin dkyil 'khor (as the quotation confirms); gzhi lhun grub, lam … thabs and 'bras bu rnam dag are their qualifiers, and the translation is arranged accordingly.
• [p. 307] འགྲོ་མེད་འོང་མེད: Adzom reads འོད་མེད ("without light"), which gives no sense in the triad going / coming / changing; I follow the e-text འོང་མེད.
• [p. 307] ཐིག་ལེ / ཐིག་ཕྲན rendered "sphere / minor spheres" per the glossary, since these are the spheres of luminosity in the conch chamber, not the bindus of the channel physiology (MITRA, Grok 4.7, Gemini 3.1 Pro, GPT-6 Astra, Claude Fable 5.1, Dharmamitra all have "bindu").
• [p. 307] ཚོམ་བུ here means the heaps of grain of a maṇḍala, not clusters of deities; rendered "heaps" rather than the glossary's "clusters".
• [p. 307] The sentence བརྡའི་དཀྱིལ་འཁོར་ལ་བརྟེན་ནས lacks a shad after བརྡའི་དཀྱིལ་འཁོར; I read it as ending the first clause ("… are the symbolic maṇḍala") and beginning the next ("relying on the symbolic maṇḍala …"), as Grok 4.7, Gemini 3.1 Pro, Claude Fable 5.1. GPT-6 Astra and Dharmamitra run the two together.
• [p. 308] རྡོ་རྗེ་ར་བ / Adzom རྭ་བ and ཟ་ར་ཚགས / Adzom ཟར་ཚགས: spelling variants only, no change of meaning.
• [p. 308] ཞི་ཁྲོའི་ལྷ་བསྒོམ: Adzom reads ལྟ་བསྒོམ, evidently a misreading; "meditating on the peaceful and wrathful deities" is required by the elaborate generation stage; I follow the e-text.
• [p. 308] The final sentence runs on into the next page; the clause "when the maṇḍala of the youthful vase body becomes manifest" is completed here because English word order requires it, and the next part continues from ཆོས་སྐུའི་དཀྱིལ་འཁོར་དང་.
• [p. 309] Adzom རྫོགས་པར་ for རྫོགས་པའི་ and [p. 311] Adzom ཁྲོ་བོའི་ for ཁྲོ་བོ་ are ungrammatical and change nothing of substance; the e-text is followed.
• [p. 310] སྒོ་བ་སྒོམ་འཁོར་དང་བཅས: the e-text line has only six syllables and "sgom 'khor" ("meditation retinue", so Grok 4.7, Gemini 3.1 Pro, Claude Fable 5.1) is odd; W22920 reads སྒོ་མ, giving a regular seven-syllable line and the expected pair "male and female gatekeepers" (so GPT-6 Astra, MITRA, Dharmamitra). I follow W22920.
• [p. 310] གཙོ་བོ་ཡབ་ལ: Gemini 3.1 Pro "principal male figures" (plural); the Tibetan is singular—the offerings are made to the principal lord (yab) of the maṇḍala. GPT-6 Astra, Grok 4.7, Dharmamitra, Claude Fable 5.1 "father" is literal; I render "principal lord" since yab here denotes the male principal, not a parent.
• [p. 311] སྟང་སྟབས: Dharmamitra "dance postures", Grok 4.7 "striding stance", Claude Fable 5.1 "aggressive stance"; stang stabs is the warrior's dance-stance of wrathful deities, rendered "warrior stance".
• [p. 311] ཐོད་པའི་སེ་རལ་ཁ: Grok 4.7 "diadem of skulls" misreads se ral kha, which is the crossed belt/bandolier worn over the chest (so GPT-6 Astra, Gemini 3.1 Pro, Claude Fable 5.1); "snakes and skulls" both qualify it.
• [p. 311] ལུས་ངག་ཡིད་སེམས་བཞི: MITRA and Dharmamitra render sems as "consciousness"; Claude Fable 5.1 "heart-mind". Following the glossary, yid is "mental faculty" and sems "mind", which also fits the fourfold correspondence with the four empowerments in the following lines.
• [p. 311] ཤིན་ཏུ་སྤྲོས་པ་མེད་པ / རབ་ཏུ་སྤྲོས་པ་མེད་པ: GPT-6 Astra, Dharmamitra, Claude Fable 5.1 give "very/extremely" and "utterly" in varying order; per the house glossary the third empowerment is "extremely unelaborate" and the fourth "utterly unelaborate".
• [p. 312] spros bcas / Adzom spro bcas (twice): an orthographic variant or misprint with no change of meaning; the e-text reading is followed.
• [p. 312] tshig dbang rin po che yongs su rdzogs pa: read as the name of the fourth empowerment ("the utterly complete precious word empowerment"), with Claude Fable 5.1, Grok 4.7, GPT-6 Astra; Dharmamitra and MITRA detach "completely" as an adverb of purification, which the syntax does not support.
• [p. 313] 'das pa rjes su gzung ba: MITRA and GPT-6 Astra take 'das pa as "the deceased/departed"; since the next two lines name the future (ma 'ongs) and the present (da lta), the three times are meant, so "the past" is followed, with Gemini 3.1 Pro, Claude Fable 5.1, Grok 4.7.
• [p. 313] ma 'ongs gnad la bsger pa: bsger pa "to aim/direct at"; rendered "directs the future to the key point" (GPT-6 Astra), rather than "striking" (Gemini 3.1 Pro, MITRA).
• [p. 314] grub mtha' 'dod rgyal gyi dbang du byas: 'dod rgyal here means "taken loosely, in a general way"; followed Claude Fable 5.1. Grok 4.7's "whichever one wishes to hold supreme" and MITRA's "sovereign empowerments" misread the idiom.
• [p. 314] The final sentence runs on into the next page (dge tshul gyi sdom pa sbyin pa); the English is left at "and" to be continued there.
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See the contents page for how it was made.
Tibetan (critical edition) English
[p. 276]དེ་ལྟར་ཡིད་ཆེས་པའི་ཡན་ལག་ཏུ་ཤེས་བྱེད་རྒྱུད་ཀྱི་གནས་གཏན་ལ་ཕབ་ནས། ད་ནི་དེའི་གནས་ལས་ཇི་སྐད་འབྱུང་བའི་དོན་རྣམས་བསྟན་པར་བྱ་བ་ལས། དང་པོ་བླ་ན་མེད་པའི་ཐེག་པར་འཇུག་པའི་སྒོ་དབང་ཡིན་པས། འདིར་དེའི་གནས་ངེས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས། །ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་བ་ཐུགས་རྗེ་རླབས་ཆེ་བ་སྟེ། རིག་པ་རང་ཤར་ལས། རྡོ་རྗེའི་དོན་ལྡན་

Having thus, as a branch for engendering conviction, ascertained the topics of the tantras (rgyud) that serve as the means of establishing them, now, among the meanings to be taught just as they emerge from those topics, the first is empowerment (dbang), since it is the door for entering the unsurpassed vehicle (theg pa). Here the definitive presentation of its topics has three parts: the basis (gzhi) for entering into the conferral of empowerment (dbang bskur ba); the path (lam) of the actual conferral of empowerment; and the fruition ('bras bu) of the conferral of empowerment brought to completion.

The first has four parts: the defining characteristics (mtshan nyid) of the master who confers it; the nature (rang bzhin) of the disciple upon whom it is conferred; the procedures (chos) to be performed in common; and the activity of empowerment, how it is conferred.

The first: he is one in whom all the qualities (yon tan) befitting a guru (bla ma) are complete, who is free of all faults, and whose compassion (thugs rje) is vast. From the Self-Arising Awareness (rig pa rang shar):

The master endowed with the vajra (rdo rje) meaning

[p. 277]སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང༌། །ཕྱི་ནང་གསང་བའི་བྱ་བ་བཏང༌། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱི། །རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང༌། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་གསུངས་པས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང༌། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་དེ་

is of good disposition and skilled in teaching;
having obtained empowerment, he applies himself to the meaning of secret mantra (gsang sngags);
he knows all outer and inner activities;
he is never apart from the yidam deity (yi dam lha);
he is not distracted from samādhi (ting nge 'dzin);
he is learned in the secret tantras of secret mantra
that bear the meaning of the pith instructions (man ngag) of the Great Perfection (rdzogs chen);
he performs all outer and inner accomplishment (sgrub pa);
he does not transgress the meaning of the view (lta ba);
he has relinquished outer, inner, and secret activities;
with qualities like a precious jewel,
he enjoys an inexhaustible treasure.

And from the Reverberation of Sound (thal 'gyur):

The stages of the guru, the great Vajradhara,
shall be fully explained.
The guru whose defining characteristics are complete
is the source of all qualities
and holds the ground of perfect awakening (byang chub).

Since this is taught, here he possesses six defining characteristics: he has cast the phenomena of saṃsāra ('khor ba) behind him; he has few desires and knows contentment; he is skilled in practical application and has experience (nyams myong); he is learned in the words and meaning of the tantras and diligent in accomplishment; he is learned in the meaning of the view and complete in capacity; and he has great compassion (snying rje) and delights in giving. One in whom these are complete is called a glorious vajra holder, for he empties out the seeds (sa bon) of the six classes of beings (rigs drug) in the disciple, purifies the six afflictions (nyon mongs pa), and causes the meaning of the six primordial wisdoms (ye shes) to dawn, since he possesses the capacity

[p. 278]མངའ་བའི་ཕྱིར་རོ། །དེའང་བླ་མ་ལ་དབྱེ་ན་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་རྩ་བའི་བླ་མ་ནི། མཚན་ཉིད་བཞི་རྫོགས་པ་སྟེ་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ། མན་ངག་བསྟན་པ། ད་ལྟ་ཡང་བདག་བླ་མ་དེས་བསྟན་པའི་མན་ངག་ཉམས་སུ་ལེན་པའོ། །མན་ངག་གི་བླ་མ་ནི་དབང་བསྐུར་བ་གཞིར་བཞག་ནས། རྒྱུད་བཤད་པ་ནི་ཉིས་ལྡན། མན་ངག་ཕོག་ན་ཡན་ལག་གི་བླ་མ་སུམ་ལྡན་དུ་འགྲོ་བའོ། །ཞར་ལ་སྤང་བྱའི་སློབ་དཔོན་ནི། །རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང༌། །བླུན་རྨོངས་ཚིག་ཕྱིར་འབྲེངས་པ་དང༌། །གསང་སྔགས་དོན་ལ་མི་དགོངས་དང༌། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང༌། །ལོག་པའི་ལམ་དུ་ཞུགས་པ་དང༌། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང༌། །དམ་ཚིག་ཕྱལ་བར་གྱུར་པ་དང༌། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་རང་བཞིན་ནི། འཁོར་བའི་ཆོས་ལས་བློ་ལོག་པ། །བླ་མ་དང་ཆོས་དང་གྲོགས་ལ་མོས་གུས་དང་གདུང་སེམས་ཆེ་བ། དད་པ་བརྟན་ཞིང་ཆོས་ལས་གཞན་ལ་བློ་མི་འཇུག་པ། ངེས་པའི་

for that very thing.

Furthermore, when gurus are divided, there are two: root and branch. The first, the root guru, is one in whom four characteristics are complete: with the conferral of empowerment laid as the foundation, he has explained the tantras, he has taught the pith instructions, and even now I myself am practicing the pith instructions taught by that guru. As for the guru of pith instructions: one who, with the conferral of empowerment laid as the foundation, has explained the tantras possesses two; if pith instructions have been imparted, he becomes a branch guru possessing three.

Incidentally, as for the master to be rejected, from the Self-Arising (rang shar):

Ignorant and greatly proud,
foolish and confused, chasing after words,
not considering the meaning of secret mantra,
arrogant in speech that cuts others to the heart,
having entered upon a wrong path,
not having seen the face of the maṇḍala (dkyil 'khor) of empowerment,
whose samaya (dam tshig) has become lax,
unable to give an answer to questions asked,
of little learning and great pride:
a master left unexamined is the disciple's māra (bdud).
He is not a master who teaches secret mantra;
he cannot teach the Ati of the Great Perfection;
one should not associate with him.

So it says.

Second, the nature of the disciple: his mind (blo) has turned away from the phenomena of saṃsāra; he has great devotion and yearning toward the guru, the Dharma, and his companions; his faith is stable and his mind does not engage in anything other than the Dharma; toward the definitive

[p. 279]དོན་ལ་མོས་ཤིང་གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་བཟང་བ། ཤེས་རབ་ཆེ་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞན་གྱི་སེམས་དང་མཐུན་ཞིང་ཆོས་ལ་བསྒྱུར་བ། བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། ཐོས་བསམ་ཆེ་ཞིང་རང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་ལ་སངས་རྒྱས་སམ་དེ་ལས་ལྷག་པའི་མོས་གུས་ཡོད་པ་སྟེ། ཆོས་བཅུ་དང་ལྡན་པ་ནི༌། ཐར་པ་དམ་པའི་སློབ་མ་བཟང་པོ་སྟེ། །མྱུར་དུ་འཁོར་བ་ལས་ཐར་པ་དམ་པ་ཐོབ་པར་ངེས་པའོ། །དེ་སྐད་དུ་ཡང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང༌། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དང་ཞིང༌། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང༌། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །

meaning he is devoted, and he is great in generosity and diligence (brtson 'grus); he has little attachment and a good disposition; he has great wisdom (shes rab) and abides in samaya and vows (sdom pa); he is in harmony with the minds of others and turns them toward the Dharma; he heeds the guru's words and is not indiscreet with the door of secrecy; he is great in learning and reflection and his own mind-stream is tamed; and, in particular, he has devotion toward the guru as a buddha (sangs rgyas) or as more than that. One endowed with these ten qualities is a good disciple of supreme liberation (thar pa), and it is certain that he will swiftly attain the supreme liberation from saṃsāra. And so too it is said,

from the Self-Arising:

Great in the power of faith and in diligence,
great in wisdom and without grasping attachment,
great in reverence and practicing secret mantra,
nonconceptual, the mind (sems) without distraction,
possessing samaya and diligent in accomplishment,
steadfast and yearning, endowed with loving longing,
vivid and serene, engaged in meditation,
acting just as the master has said,
not letting samaya lapse into indifference,
conducting himself in harmony with others,
his mind clear in a manner of respect,
retaining even a single word that is taught,
acting accordingly for his own aim,
able to be entrusted with secrets,
not transgressing the vajra meaning,
relying upon persons of great learning,
not straying from his own aim,

[p. 280]དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །ཞར་ལ་སྤང་བྱའི་སློབ་མ་ནི། །དེ་ཉིད་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །དེའང་སྣོད་ངན་པ་དེས་བཅུད་བཟང་པོ་མི་ཐུབ་སྟེ། སེང་གེའི་འོ་མ་རྫ་སྣོད་དུ་མི་ཐུབ་པ་བཞིན་ནོ། །གལ་ཏེ་བླུགས་ན་ཆོས་ཀྱི་ཆེ་བ་ཉམས་ཤིང༌། སྣོད་ངན་དེ་ལས་དེས་ངན་སོང་དུ་འགྲོ་བས། སྣོད་ངན་དེ་ལྟ་བུ་ལ་གསང་དགོས་པར། དེ་ཉིད་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་ཕུང་བར་

speaking gently, without words of arrogance,
engaging in accord with the minds of others,
treating the master and the tathāgata
as one, without distinction:
these are the characteristics of a disciple.
A disciple endowed in this way
is said to be a vessel (snod) of the Great Perfection.

So it says. Incidentally, as for the disciple to be rejected, from the same:

Paying neither honor nor reverence,
practicing secret mantra indiscriminately,
without family lineage and without good disposition,
having become of little wisdom,
scorning kindness,
boasting of his own family lineage,
fastening fine ornaments upon his body,
and grown aimless and indifferent:
an unexamined disciple is the master's enemy.
To a person who does not take it up in practice
the meaning of the Great Perfection is not explained.

So it says. Moreover, such a bad vessel cannot hold the excellent quintessence (bcud), just as a clay vessel cannot hold a lion's milk. If it is poured in, the greatness of the Dharma is impaired, and that bad vessel, on account of it, goes to the lower realms (ngan song); therefore it must be kept secret from such a bad vessel, as from the same:

The meaning of the Great Perfection of pith instructions
should not be poured into ordinary bad vessels.
The quintessence for the few who possess faith,
should it be poured into bad vessels,
is without quintessence and brings both to

[p. 281]བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང༌། །ཞེས་སོ། །གསུམ་པ་ཐུན་མོང་དུ་བྱ་བའི་ཆོས་ལ་གསུམ་སྟེ། དཔོན་སློབ་ཐུན་མོང་དུ་བསམ་པའི་ཆོས། །བརྟེན་ཞིང་གསོལ་བ་གདབ་པའི་ཚུལ། །དགོས་པ་ངེས་པའི་འབྲས་བུའོ། །དང་པོ་ནི། སློབ་དཔོན་དེས་སློབ་མ་དེ་ལ་ཐུགས་རྗེས་བྲེང་ངེ་གཟིགས་ཤིང་དུས་སུ་ཕན་པའི་ཞལ་ཏ་དང་ཆོས་དང༌། ཐ་ན་ཟས་སྐོམ་ཙམ་གྱིས་ཀྱང་ཕན་གདགས་ལ། སློབ་མ་དེས་བླ་མ་དེའི་ཡོན་ཏན་ལ་བསམ་ཞིང་བརྩེ་གདུང་དང་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་སྟེ། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གཉིས་པ་ནི། ཐལ་འགྱུར་ལས། སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པ་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང༌། །མོས་ཤིང་འཁྲུལ་པ་མེད་པ་དང༌། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །ཅེས་པས། སློབ་མ་དེས། སྤྲོས་བཅས་ལ་སོགས་པའི་དབང་དང༌། གདམས་པ་ཞུ་བའི་འདུན་པ་དང་ལྡན་པ་ན། གློ་བུར་དུ་འཇུག་པ་མ་ཡིན་ཏེ། ཐུན་མོང་གི་མགྲོན་འབོད་

ruin.
Therefore keep it secret from those of inferior intellect.

So it says. Third, the things to be done in common are three:

the attitude master and disciple share toward one another;
the manner of relying and supplicating;
the purpose (dgos pa), the certain fruition.

First: the master regards the disciple with steadfast compassion, and at the proper time benefits him with helpful counsel and Dharma, and even with mere food and drink; and the disciple reflects upon the qualities of the guru and maintains loving longing and devotion without interruption. From the Self-Arising:

The bond of compassion unsevered
and the stream of loving longing uninterrupted:
this is the connection of master and disciple.

So it says. Second, from the Reverberation of Sound:

When the characteristics of each are complete,
rely upon him with kingdom and one's own body,
with retinue and enjoyments.
By pleasing conduct of body and speech,
rely upon the guru, joined to him as equal to a buddha.
Endowed with faith and wisdom,
devoted and without delusion,
without error or confusion in what is to be expressed,
rely upon the guru with clear faculties (dbang po).

Thus, when the disciple has the wish to request the elaborate (spros bcas) and other empowerments and the instructions (gdams pa), he does not enter upon them abruptly; rather, just as, even in the common invitation of a guest,

[p. 282]ནའང་སྔོན་དུ་སྙན་གསན་དབབ་དགོས་པ་བཞིན་ནོ། །དེས་ན་ལོ་ལྔའམ་བདུན་ནམ་གསུམ་ལ་སོགས་པའི་གོང་ནས་བླ་མ་ལ་ཚོགས་དང་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་བདག་ལོ་འདི་ཙམ་ཞིག་ན། དབང་འདི་ཞེས་བྱ་བའམ། གདམས་པ་འདི་ཞེས་བྱ་བ་ཞུ་བས་གནང་བར་ཞུ་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། རང་གི་དགེ་སྦྱོར་གྱི་ཐུན་མགོར་བླ་མ་དེའི་རྣལ་འབྱོར་ཉིན་མཚན་དུས་དྲུག་ཏུ་བསྒོམས་ལ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་བུ་ཁྱོད་དབང་ཞུ་ན་དེའི་བར་ལ་བར་ཆད་སེལ་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ་བླ་མ་སྤྱི་བོར་བསྒོམས་ལ་ཉིན་མཚན་དུས་དྲུག་ཏུ་གསོལ་བ་ཐོབ་ཅིག་ཅེས་གནང་བ་བྱིན་ནས་གསོལ་བ་འདེབས་སུ་གཞུག་གོ །དེའི་དགོས་པ་ལུས་ལྷའི་སྐུར་སྨིན་པ་དང༌། ངག་ཨཱ་ལི་ཀཱ་ལིའི་རང་སྒྲར་སྨིན་པ་དང༌། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བར་སྨིན་པའི་དགོས་པ་ཡོད་དོ། །དེའི་དུས་སུ་རང་འདོད་པའི་དབང་ལ་སོགས་པ་གང་ཡིན་ལ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་འཆད་པ་དང༌། ལུང་སྟོན་པ་ལ་སོགས་པ་བླ་མ་གྲུབ་པའི་རྟགས་འབྱུང་བར་ངེས་སོ། །གསུམ་པ་དགོས་པ་ངེས་པའི་འབྲས་བུ་ནི། དེ་ལྟར་སྔོན་དུ་གསོལ་བ་བཏབ་ཅིང་བླ་མ་བསྟེན་པས། ཅི་འདོད་པ་

even so one must first give notice beforehand—so it is here. Therefore, five, seven, or three years or so in advance, one offers the guru a maṇḍala of a feast (tshogs), gold, and the like, and supplicates again and again, saying: "In about so many years I shall request the empowerment called such-and-such, or the instruction called such-and-such; please grant it." And at the beginning of the sessions of one's own virtuous practice, one meditates on the yoga (rnal 'byor) of that guru at the six times of day and night and supplicates him. The guru, for his part, grants permission, saying, "Son, if you request empowerment, then in the meantime, in order to dispel obstacles and purify misdeeds and obscurations, meditate on the guru at the crown of your head and supplicate at the six times of day and night," and thus sets him to supplicating. The purpose of this is that the body (lus) ripens into the kāya (sku) of the deity,

that speech ripens into the natural sound of āli and kāli, and that mind ripens into emptiness (stong nyid) free from the domain of thought—such is its purpose. When at that time one generates the fierce aspiration, "By all means I must obtain whatever empowerment or the like I desire," it is certain that signs (rtags) of having accomplished the guru will arise, such as his teaching the Dharma and giving prophecies in dreams (rmi lam). Third, the purpose, the certain fruition: by thus supplicating beforehand and relying upon the guru, everything one desires

[p. 283]ཐམས་ཅད་འགྲུབ་པ་ནོར་བུ་དང་དཔག་བསམ་ཤིང་ལྟ་བུ་འབྱུང་སྟེ། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ་སྟེ། དབང་བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། །ནམ་གྱི་ཚེ་བསྐུར་བའི་དུས། དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང༌། །རང་སྣང་གྲོགས་སུ་བསྟན་པ་དང༌། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་པ་དང༌། དབང་རིན་པོ་ཆེའི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རིམ་པ་ཇི་ལྟར་བསྐུར་བ་ཡིས། །རྡོ་རྗེ་འཛིན་པ་ཆེན་པོར་ཡང༌། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་པ་དང༌། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་པ་དང༌། ཡང་རང་ཤར་ལས། །དབང་

is accomplished, arising as from a jewel or a wish-fulfilling tree. From the Reverberation of Sound:

The qualities that come from that reliance:
like the wish-fulfilling tree, the wish-fulfilling jewel,
and the cow that yields all one desires,
one obtains immeasurable qualities.
With that in view, rely upon the guru,
in order to turn back from the battle of saṃsāra.

Fourth, how it is conferred, the activity of empowerment, has five parts: the benefits of conferring empowerment; the faults of not conferring it; the place where it is conferred; the time at which it is conferred; and the sequence of performing the celebration. First, from the Self-Arising:

The particular qualities are these:
in the great appearance of primordial wisdom
one becomes free of obstruction and hindrance;
self-appearance (rang snang) is shown to be a companion;
and one comes to perform all activities.

And from the Tantra of Precious Empowerment:

If a guru who has abandoned desire
completes the rite of empowerment,
then, through the manner in which its stages are conferred,
one is certain to become a great vajra holder
even in this very life.

And from the Secret Essence:

When empowerment is conferred through the five heart essences (snying po lnga),
from this time onward one is a child of the victorious ones;
all lower realms are no more,
and one becomes master of the higher realms and of liberation.

And again from the Self-Arising: "The qualities of conferring

[p. 284]བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱི་མཐར་ཕྱིན་པ་ཅིག་ཀྱང་སྡུག་བསྔལ་ཞིང་སྔངས་པ་ལ་སོགས་པ་མི་འོང་ངོ༌། །ཉམས་སུ་ལེན་པའི་དུས་ན་ཡང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང༌། མཁའ་འགྲོ་མའི་བྱིན་རླབས་བྱེད་པ་དང༌། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང༌། འགྲོ་བ་ཐམས་ཅད་བྱམས་པ་དང༌། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང༌། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང༌། ནོར་བུ་རིན་པོ་ཆེ་ལྟ་བུར་ཡོན་ཏན་ཆེན་པོ་འབྱུང་བ་དང༌། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང༌། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང༌། གདུགས་ལྟ་བུར་འགྲོ་བ་ཕལ་པ་ཟིལ་གྱིས་གནོན་པ་དང༌། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང༌། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ལ་ཐུགས་

empowerment are as follows. In the intermediate state (bar ma do) one comes to recognize one's own appearances. And having recognized them, one attains stability in that itself, and within twenty-one days one is able to send forth nirmāṇakāyas (sprul pa'i sku). And for one who has reached the culmination of the highest faculties, suffering, terror, and the like do not occur. At the time of practice, too, the appearance of primordial wisdom shines clearly without ceasing. These are called the special qualities. As for the common qualities, one obtains the following: knowing the language of the ḍākinīs (mkha' 'gro ma);

the ḍākinīs bestowing their blessings (byin rlabs); through being blessed, being seen by people as an object of veneration; all beings being loving toward one; being of beautiful form and pleasing to behold; the increase of vast merit (bsod nams); after death and transference, being born in the body of a cakravartin king; the arising of great qualities, like a precious jewel; engaging in the pure Dharma, like a lotus; being seen by all as worthy of circumambulation, like a stūpa; overwhelming ordinary beings with splendor, like a parasol; being able to liberate beings through wisdom, like a mass of fire; being able to accomplish the aim, like a sword; and, like a vajra hook, being able to embrace beings with compassion;

[p. 285]རྗེས་འཛིན་པར་ནུས་པ་དང༌། ཆོས་ཀྱི་སྤྲིན་ལྟ་བུར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེས་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ་ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། སྒྱུ་འཕྲུལ་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང༌། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་པ་དང༌། རང་ཤར་ལས། དབང་མ་ཐོབ་པའི་སྐྱོན་ནི་

and, like a cloud of Dharma, realizing (rtogs pa) the meaning of basic space (dbyings) and primordial wisdom being beyond meeting and parting; and performing all outer and inner activities. These and others: one will obtain one hundred and eight qualities. By this, whatever activities one undertakes will all be attained. Such a one cannot be assailed by obstructing spirits or misleading spirits. Having many children and great wealth is a sign of having obtained empowerment. One will remember one's former and later lives. One will also see sentient beings (sems can) taking birth. One will know the minds of others. One will mingle with nonhuman beings. These and others: one will obtain one hundred and eight qualities." So it says.

Second, the faults of empowerment not being conferred. From the Secret Heart Essence of the Magical Net (sgyu 'phrul gsang snying):

If one has not pleased the master
and has not obtained the empowerments,
undertakings such as listening
will be without fruition and will come to ruin.

And from the Great Tantra of the Self-Arisen Perfection of Empowerment (dbang rdzogs pa rang byung chen po'i rgyud):

Without relying on empowerment, secret mantra will not be accomplished;
just as, for example, a boatman without oars
is unable to ferry one across to the far shore of the river.

And from the Self-Arising Awareness: "The faults of not having obtained empowerment are

[p. 286]འདི་ལྟ་བུའོ། །བར་མ་དོ་ལ་བྲེད་པ་དང༌། །སྔངས་པ་དང༌། རྡུགས་པ་དང༌། ཐོགས་པ་དང༌། འདུ་ཤེས་ཤོར་བ་ཡང་འབྱུང་ངོ༌། །བག་ཆགས་ཀྱི་ལུས་མ་བོར་བའི་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང༌། བསོད་ནམས་ཆུང་བ་དང༌། ཚེ་ཐུང་བ་དང༌། འཚོ་བའི་ལོངས་སྤྱོད་ཉུང་བ་དང༌། ཁ་ཉེན་པ་དང༌། བར་ཆད་མང་པོ་འབྱུང་ངོ༌། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ་ཞེས་སོ། །གསུམ་པ་གང་དུ་བསྐུར་བའི་གནས་ནི། དབེན་ཞིང་ཡིད་དུ་འོང་བ་དངོས་གྲུབ་ཉེ་བ་རྣམས་སོ། །འདི་ལ་སྤྱིའི་གནས་བཀྲ་ཤིས་ཤིང་ས་དཔྱད་བཟང་པོ་ཡོད་པ་ལ་ནགས་ཚལ་བཟང་པོ་ལ་སོགས་པ་ཡིན་ལ། བྱེ་བྲག་གི་གནས་ལ་བཞི་ལས། སྤྲོས་བཅས་ཀྱི་གནས་ཀྱང་སློབ་མའི་ལུས་ས་ཡིན་ན་ལྷོ་གདངས་ལ་བྱང་སྐྱོབ་པའོ། །ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པའོ། །མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་

as follows. In the intermediate state there also occur terror, panic, exhaustion, obstruction, and the loss of perception. And until one has cast off the body of habitual tendencies (bag chags), one is not seen by beings as worthy of honor; one's merit is small, one's life is short, the enjoyments of one's livelihood are few, one is beset by dangers, and many obstacles arise. No activity whatever is accomplished. Those are the faults of not having obtained empowerment for the practice of secret mantra. A yogin (rnal 'byor pa) who practices secret mantra should obtain empowerment. If empowerment is not obtained, even a buddha is unable to turn the wheel of Dharma on the level of a tathāgata. If the wheel is not turned, one cannot accomplish the benefit of beings through the nirmāṇakāya of compassion. Therefore one who practices secret mantra should obtain empowerment." So it says.

Third, the place where it is conferred: places that are secluded, pleasing to the mind, and near to accomplishments (dngos grub). Here, the general place is one that is auspicious and has good geomantic features, with fine groves and the like; as for the particular places, there are four. For the site of the elaborate empowerment, too: if the disciple's body is earth, it is open to the south and sheltered to the north. If it is water, it is open to the east and sheltered to the west. If it is fire, it is open to the west and sheltered to the

[p. 287]པའོ། །རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །སྤྲོས་མེད་ཀྱི་གནས་ནི། ནགས་མཐུག་པོའི་ཁྲོད་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་བསྟུན་ལ་བྱའོ། །ཤིན་ཏུ་སྤྲོས་མེད་ལ་ལུང་པ་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་བཟང་ངོ༌། །རབ་ཏུ་སྤྲོས་མེད་ལ་རབ་ཏུ་དབེན་པའམ་དགོན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའོ། །དབང་རྣམ་པ་བཞི་ཀའི་གནས་ལ་འགྲོ་བ་གཞན་དག་འཇིགས་པ་གཅན་གཟན་མ་རུངས་པ་གནས་པ་དང༌། །སྦྲུལ་གདུག་པ་ཅན་དང༌། དུར་བྱ་དང་སྦྱང་གི་ལ་སོགས་པ་དང༌། མཁའ་འགྲོ་མ་རབ་ཏུ་མི་བསྲུན་པ་ཡོད་པའི་གནས་དུར་ཁྲོད་ནི་མཆོག་ཏུ་ཤིས་སོ། །དེ་སྐད་དུ་ཡང༌། རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང༌། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་དབང་གི་དོན་ལ་འཇུག །ཅེས་པ་དང༌། ཡང་ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་གདལ་ཟད་པའི་མཐའ་དག་དང༌། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང༌། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདངས། །བྱང་ཉིད་སྐྱོབ་པ་

east. If it is wind, it is open to the north and sheltered to the south. The site of the unelaborate (spros med) empowerment: a mountain hollow within a dense forest, performed in accordance with a shape and features that agree with the disciple's element ('byung ba). For the extremely unelaborate (shin tu spros med), the summit of a mountain spur where three valleys converge is supremely good. For the utterly unelaborate (rab tu spros med), it is a place of utter seclusion or a hermitage, that is, one krośa (rgyang grags) removed from a village. As for the sites for all four kinds of empowerment, a charnel ground—a place other beings fear, where savage beasts of prey dwell, where there are venomous snakes, carrion birds, wolves, and the like,

and where there are extremely fierce ḍākinīs—is supremely auspicious. Thus it is also said in the Self-Arisen Perfection (rdzogs pa rang byung):

This sacred conferral of empowerment itself is taught:
in the very midst of a great sprawling town
the yogin will not accomplish the aim.
At the far limits where villages and cities end,
in a forest, on a mountain crag, or in an empty valley,
the yogin enters upon the aim of empowerment.

And again:

Further, in a place extremely secluded and delightful,
one should examine the characteristics of the site:
at all the limits where sprawling towns come to an end,
on ground where plants and groves have ripened,
where flowers of many kinds spring up,
high to the west and open to the east,
the north itself seeming to shelter

[p. 288]འདྲ་བ་དང༌། །ལྷོ་ཕྱོགས་གདལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ནས། །གྲོག་པོ་སལ་སུལ་མེད་པ་དང༌། །མདུན་ན་གཟུགས་པོ་མེད་པ་དང༌། །སེམས་ཅན་འདྲ་བའི་གཟུགས་མེད་དང༌། །རྒྱབ་ནི་བྲག་ལ་གཏད་པ་དང༌། །ལོགས་ལ་ཤིང་ཐོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །ཞེས་སོ། །བཞི་པ་ནམ་གྱི་ཚེ་བསྐུར་བའི་དུས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བླ་མས་གནང་ནས་རྟེན་འབྲེལ་ཚོགས་པ་ནི་ཤིས་པའི་དུས་ཡིན་ལ། འོན་ཀྱང་ཁྱད་པར་གྱི་དུས་ནི། སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་དང༌། དཔྱིད་ཐར་པའི་ས་བོན་འདེབས་པ་ལ་མཚོན་པའོ། །ལོ་ནི་སྤྲེའུ་ཤིས་སོ། །ཡར་ངོའི་ཚེས་བརྒྱད་བཟང་ལ། སྐར་མ་ནི་རྒྱལ་མཆོག་ལ། གཟའ་ཕུར་བུ་བཟང་ངོ༌། །གཉིས་པ་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་དུས་དང་མཚན་མ་ནི། དབང་བསྐུར་བ་ལ་རིམ་པར་འཇུག་པའི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་

and the south a place like a broad, open plain;
where, in the direction one faces,
there are no ravines or gullies,
in front there is no solid mass,
and no shapes resembling sentient beings;
where the back is set against a rock face,
on the sides fruits of many kinds abound,
and in front a meadow lies and pure water flows;
or else a place shaped like a rounded mound of ritual dough (tshe zan),
where the mountain ranges, too, are nowhere broken off,
and the calls of many kinds of birds resound.

Fourth, the time at which it is conferred, has two parts: the general presentation and the particular explanation.

First: when the guru has granted it and the interdependent connections (rten 'brel) have come together, that is an auspicious time. Nevertheless, the special times are exemplified by autumn, when the fruit of awakening ripens, and spring, when the seed of liberation is sown. As for the year, the monkey is auspicious. The eighth day of the waxing moon is good; among the lunar mansions, Puṣya (rgyal) is supreme; and among the planets, Jupiter (phur bu) is good.

Second, there are four parts. First, the time and signs (mtshan ma) of the elaborate empowerment. From the Teaching on the Key Points of the Times for Entering by Stages into the Conferral of Empowerment:

As for the conferral of the elaborate empowerment:
in the mouse, the dragon, the horse, and the pig—
in these four years in particular—
the rite of conferring empowerment is accomplished.
In the four first months of the seasons,

[p. 289]རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ༌། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་གདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །དམེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱའོ། །དོན་མེད་ཤི་ན་བར་ཆད་འབྱུང༌། །དབང་རྫོགས་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླབ་ཅོལ་སུ་ལ་བྱུང༌། །བསམས་ཏེ་ཡི་གེ་བརྒྱ་པ་གདོན། །སེམས་ནི་ལྟོགས་སམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །

it is accomplished, since the time is fulfilled and brings forth the fruit.
As for the date, it is from the first day of the waxing moon
up to the juncture when the moon is full.
The time of conferral is midday or midnight.
According to the particular constitution of the yogin's body,
apply it to the year of each one's own element,
and the rite of empowerment will be auspicious.
At this time, for disciples possessed of samaya
whose elemental bodies are in accord,
there is no fixed measure to be placed on their number:
whether a hundred, or fifty, and so forth,
if they accord in element and karma, there is no conflict.
If, when one has entered into the rite,
the butter lamp does not possess radiance,
one should perform the rite of fulfilling the samaya.
If there is no defilement, accomplishment
should be taken up again and again.
If it goes out for no reason, an obstacle will arise;
strive intensely at the recitation that completes the empowerment.
At that time, whichever of the assembled brothers and sisters
has illness arise in the body
should perform prostrations and circumambulations.
Whoever has idle chatter arise in speech
should, with reflection, recite the hundred syllables.
If the mind is famished or mindfulness declines,
enter into the stages of generation and completion (bskyed rim, rdzogs rim).

If signs of purification arise,
only then apply yourself to the rite of conferring empowerment.
If the substances of accomplishment increase,
since the supremely excellent accomplishment has been attained,
one should aspire to the meaning of equality.
Once one has entered into the empowerment,

[p. 290]རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང༌། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང༌། །མོས་པ་བཟང་པོ་སུ་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ །སྤྲོས་བཅས་དབང་གི་དུས་དང་ཡང༌། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་སོ། །གཉིས་པ་སྤྲོས་མེད་ཀྱི་དུས་དང་མཚན་མ་ནི། ཡང་དེ་ཉིད་ལས། ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤེས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང༌། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རེངས་སྒྲ་སངས་ལའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནས་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང༌། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ཞེས་སོ། །གསུམ་པ་ཤིན་

if one constantly sees good signs,
by that the common accomplishments are achieved.
If one is possessed of experience (nyams) and knowing as well,
by this too one enjoys joy and bliss itself.
Whoever gives rise to excellent devotion,
holding the guru himself as supreme,
by this too is joined to the supreme mudrā (phyag rgya).
If one sees one's own body and speech at ease,
by this the buddha fields are pure.
The time of the elaborate empowerment
and its signs as well have been well explained.

Second, the time and signs of the unelaborate empowerment. Again, from the same text:

Now the time and signs
of the unelaborate shall be precisely taught.
For this there is no distinction of year;
it is to be known as suitable for any whatsoever.
Its time is good in summer and in winter,
and the date is in the waxing phase of the moon.
The time of conferral is dawn, when sounds have fallen still.
For this, five or six who possess faith;
if there are more than seven, the aim is not accomplished.
Such a child endowed with faith,
virtuous in the actions of mind,
whose speech is possessed of praise for the guru—
when empowerment is conferred on such a one,
if the body is not at ease,
the misdeeds of the body should afterwards be confessed;
likewise, for speech and mind as well,
one should undertake the act of confessing misdeeds.
The time and signs of the unelaborate
empowerment have been explained.

Third, the extremely

[p. 291]ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱའོ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་འཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟེན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང༌། །རླུང་ལ་སོགས་པའི་སྒྲ་དག་དང༌། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང༌། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་

unelaborate: its time and signs. From the same text:

Now the time and signs
of the extremely unelaborate,
supremely secret empowerment shall be explained.
For this too there is no distinction of year;
it is accomplished by doing it at whatever time one finds suitable.
The outer time is the time when seeds are sown:
because it supports the seed of awakening,
if empowerment is conferred at this time,
the self-arisen (rang byung) seed is said to increase.
At the time of gathering in grain and fruit,
if the extremely unelaborate empowerment is conferred,
then, because the fruition of primordial wisdom is perfected,
one will certainly go to the level of the three kāyas (sku gsum).
The inner time is the increasing period of the waxing moon:
by avoiding the dates of the waning phase,
in order to make experience stable,
experience and blessings increase ever higher.
The time of conferral is when the sun's crest rises,
for the purpose of the dawning of self-arisen primordial wisdom;
or else, at the point where the waning moon is exhausted,
it is done for the purpose of exhausting thoughts (rtog pa).
One fortunate one, or else two;
if there are more than three, the aim is not accomplished.
At this time, taking each aspect separately:
at the time of the body, if in the sky (nam mkha')
there occur clouds, mist, and sleet,
the sounds of wind and the like,
harm to the region, enemies and robbers,
and unpleasant forms,
then, since the misdeeds of the body are great,
afterwards,

[p. 292]དབང་བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམས། །བསྐྱར་ཀྱང་སྡིག་པ་མ་དག་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱའོ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག །འབད་དང་བཅས་ཏེ་བཟླས་པར་བྱའོ། །གལ་ཏེ་ཐ་མར་བྱུང་བ་ན། གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང༌། །བླ་མ་ཡི་དམ་ལྷ་དག་གི །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང༌། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང༌། །ཧཱུྃ་དང་ཕཊ་དང་

once the empowerment has been conferred,
and without the guru's instructions having been taught,
one should make six hundred thousand circumambulations
of an image of the Sugata
or of one's own guru's residence,
or else one hundred thousand prostrations.
At that time, the distinctions of the signs are these:
if they are present at the beginning, but at the end and in the middle
the forms of the definite signs are pure,
then, since the conduct (spyod pa) of the body has been mastered,
no effort need be made afterwards.
If they occur at the end,
the body's misdeeds have not been fully cut off;
afterwards one should repeat and undertake the conduct again.
If even upon repetition the misdeeds are not purified,
one meditates on the kāya of the deity a thousand times.
Then one should train in the stages
of the guru's pith instructions.
At the time of speech likewise,
the one endowed with yoga should understand it thus:
if there are none at the beginning and end but they occur in the middle,
one should recite the hundred-syllable mantra
one hundred thousand times, with effort.
If they occur at the end,
one should recite the tantras of secret mantra
to the number of one's own years, one hundred and eight times.
At the times when they occur without distinction of beginning, end, and middle,
one should strive for seven months
in reading tantras and reciting mantras,
uttering various words of praise
to the guru and the yidam deities,
pronouncing singly, one by one,
the sounds of the letters (yi ge) āli and kāli,
and pronouncing hūṃ, phaṭ, and

[p. 293]ཨོཾ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱའོ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱའོ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་ལ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང༌། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་བསངས་སྤྲིན་དང་བྲལ། །རླུང་དང་སེར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང༌། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གི །སོ་སོའི་ངོས་གཟུང་མཁས་པས་བརྟག །དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང༌། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་

oṃ in various combinations.
Then one is to be made a recipient of the instructions.
One should meditate for three days
on the samādhi of the yidam deity.
If they occur in the middle,
one should strive for seven days
at the emanation and reabsorption ('phro 'du) of the light rays of the mantra.
If they occur at the end,
one strives for up to ten days
in meditating on the emanation and reabsorption of the letters.
If they occur throughout—beginning, middle, and end—
one should strive for six months
at meditating on the completion stage (rdzogs pa'i rim pa)
or at the meditative concentration (bsam gtan) arising from speech.
If, moreover, at the respective times
of the conduct of body, speech, and mind,
the sky is clear blue and free of clouds,
without the sound of wind or chill breeze,
and what occurs is gentle and very gentle,
then the misdeeds need not be purified.
If they are present at the beginning,
yet at the respective ends they are pure,
then, since by this the misdeeds have been mastered,
the rite of confession need not be performed.
Likewise, the skilled should examine
the respective identifications for body, speech, and mind.
By this, the time of the extremely unelaborate
empowerment, and also
the examination of its signs, have been explained.
For the present, the signs of having obtained the empowerment:
at the time of casting the flower of awareness (rig pa),
the body sways and throbs violently.

[p. 294]ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཅིང་ཆོས་རྣམས་སྨྲ་བ་དང༌། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང༌། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་ལ་ལོངས་་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དུས་དང་མཚན་མ་ཡང༌། །དེ་ཉིད་ལས། རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང༌། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་

If this occurs in the body, it is obtained through the body.
When speech utters sounds and voices of every kind,
speaks of the Dharma,
and pronounces wondrous words,
likewise it is obtained through speech.
When samādhi descends upon the mind,
or when one is distracted and mindfulness (dran pa) lapses,
the empowerment is obtained through the mind.
If it is obtained through the body,
by this the nirmāṇakāya itself is obtained;
likewise, for speech, the sambhogakāya (longs sku);
the mind goes to the field of the dharmakāya (chos sku).
The time and signs of the extremely unelaborate have been explained.
So it is said.

Fourth, the time and signs of the utterly unelaborate [empowerment]. From the same tantra:
The time and signs
of the utterly unelaborate shall be definitively taught.
The outer time is fixed at the ripening of fruit
or at the time when the grain is gathered,
because self-appearance is liberated into the fruition.
The inner time is fixed at the first day of the waxing moon,
or else at the juncture of [the moon's] exhaustion,
because, once the single sphere (thig le nyag gcig) has been realized,
karma (las) and habitual tendencies are exhausted.
Even if the fortunate ones are more than one,
the yogin will not accomplish the purpose;
confer it upon a single fortunate son
who is faithful and pleasing.
Both will certainly, without any doubt,
become perfect buddhas.
The time of conferral is when the tip of the sun rises.
Since through the respective words it is made definitively

[p. 295]གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང༌། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་གདངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་གདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲག་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང༌། །དེ་ལས་གཡོ་བ་མེད་པ་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཀྱང༌། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང༌། །ཟབ་མོའི་ཆ་ཤས་རྟོགས་ཡུལ་

clear,
one sees the naturally pure ground.
Here, whatever signs may occur,
there is no rite for purifying misdeeds,
because they have been purified directly above.
If the sky is cloudless and clear,
one courses in the field of the dharmakāya.
If the radiance of lights of every kind arises,
this is [passage] to the field of the sambhogakāya.
When sounds of every kind resound,
one is assured of the field of the nirmāṇakāya.
If a fortunate one at this time
is skilled in the key points (gnad) of the body
and does not waver from them,
in seven years he reaches the place of exhaustion (zad pa).
If the utterance of speech is lost,
by this, in twenty-one months,
he reaches the level of exhaustion in the nature of phenomena (chos nyid zad pa).
If he is skilled in the mind and the winds (rlung) are emptied,
in seven months this fortunate one
will have all appearances (snang ba) exhausted.
For those of supreme intellectual capacity,
the system of first beginning with the elaborate
and then, without interruption, gradually
bringing the empowerments to completion
is for those who are supreme;
since these are extremely rare,
over days, months, and up to years,
in accordance with one's own experience,
the four empowerments (dbang bzhi) are conferred in full.
If the four empowerments are not completed,
the extremely unelaborate empowerment,
the very object of realization of the profound portion—

[p. 296]ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བའི་རིམ་པ་ནི། སྒྱུ་འཕྲུལ་ལས། སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ། །ཞེས་པ་དང༌། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པ་ཐེ་ཚོམ་མེད། །ཅེས་པ་དང༌། དབང་རིན་པོ་ཆེའི་ཏན་ཏྲ་ལས། འབྲས་བུ་སླ་ཞིང་ཚེགས་མེད་པར། །སེམས་བསྐྱེད་བྱང་ཆུབ་རྫོགས་པས་ན། །དགོས་འདོད་བསྐང་ཕྱིར་བླ་མ་ཞེས། །འདོད་འཇོའི་བ་དང་ངེས་པར་མཚུངས། །ཞེས་སོ། །དེ་ཡང་དབང་བསྐུར་བའི་རྗེས་ལ་ཡོན་དང་དགའ་སྟོན་བྱས་པས། །འདིར་ཡང་རང་གི་འདོད་པའི་དོན་ཕུན་སུམ་ཚོགས་པ་འཐོབ་ཅིང༌། མ་འོངས་པའི་དུས་ན་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། དཔལ་དང་ལེགས་པའི་ཡོན་ཏན་རྣམས་མངོན་པར་འཐོབ་ལ། དེའི་འོག་ཏུ་རྒྱན་རྣམ་པར་བཀོད་པའི་ཞིང་

by conferring this very one, empowerment is obtained.
Having thoroughly examined the disciple's characteristics,
two, three, and so forth
are matched to the measure of the disciple's means.
Finally, by one's own experience,
at the special time the supreme is definitively explained,
in order to instill capacity in the son.
So it is said.

Fifth, the stages of holding the celebratory feast (dga' ston). From the Magical Net: "Great compassion, the great celebratory feast." And from the Tantra of the King of Empowerment (dbang bskur rgyal po'i rgyud):
To the guru who ripens one through empowerment,
by offering the supreme of gifts, gold and silver
equal to one's own body,
one is with ease relieved
from saṃsāra and certainly obtains
the fruition of buddhahood, without doubt.
And from the Precious Empowerment Tantra (dbang rin po che'i tan tra):
Since the fruition is easy and without hardship,
and, bodhicitta having been generated (sems bskyed), awakening is perfected,
because he fulfills needs and wishes, the one called "guru"
is certainly equal to the wish-granting cow.
So it is said.

Moreover, since after the conferral of empowerment one presents gifts and holds a celebratory feast, here too one obtains the perfect fulfillment of one's own wishes, and in future time one manifestly obtains perfect sovereignty and the qualities of glory and excellence; and thereafter, in the buddha field arrayed with ornaments

[p. 297]ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ཡང་དབང་རབ་འབྱམས་ལས། འདོད་པའི་དོན་རྣམས་རྫོགས་པ་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ཕྱུག་ལེགས་པ་སྟེར་བ་དང༌། །སངས་རྒྱས་ཞིང་ཁམས་བཀོད་ལེགས་པར། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེའང་དུས་གཞན་དུ་ཚོགས་དཔག་ཏུ་མེད་པ་བསགས་པ་བས། འདིའི་དུས་སུ་བསགས་པ་འབུམ་ཕྲག་འགྱུར་གྱིས་འཕེལ་ཆེ་བའོ། །དེའི་མཐུས་འདི་ཉིད་ལ་བསམས་པའི་དོན་ཀུན་འགྲུབ་པ་དང༌། ཟས་དང་ནོར་ལ་སོགས་པའི་འདུ་བ་ཁྱད་པར་ཅན་ངེས་པར་འགྲུབ་པ་ལ་དཀའ་བ་མེད་པར་འབྱུང་ངོ༌། །ཚོགས་གཉིས་རྫོགས་པ་ལས་སྐུ་གཉིས་འགྲུབ་སྟེ། དབང་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དབང་བསྐུར་བསྟེན་པའི་སྐལ་ལྡན་གྱིས། །ཚོགས་གཉིས་མཐར་ཕྱིན་འབྲས་བུ་ནི། །དམ་པ་གཉིས་དོན་ཐོབ་པར་ངེས། །ཞེས་སོ། །དུས་འདིར་རྩ་བའི་བླ་མ་ལ་ཟས་དང་སྐོམ་དང་ནོར་ལ་སོགས་པ་སྣ་རེ་ཕུལ་བ་དང༌། དུས་གཞན་དུ་བྱེ་བ་ཕུལ་བ་གཉིས་འདིར་ཕུལ་བ་བསོད་ནམས་ཆེ་ལ། དུས་འདིར་བུད་མེད་གཅིག་ལ་བྱིན་པ་དང༌། སྐྱེས་པ་གཅིག་ལ་བྱིན་པའི་བསོད་ནམས་དང༌། གཞན་དུ་མ་མོ་སྟེ་མཁའ་འགྲོ་མ་བྱེ་བ་ལ་ཚོགས་མཆོད་རྒྱ་ཆེར་བྱས་པའི་བསོད་

one will manifestly and perfectly awaken. So too, from the Infinite Empowerment (dbang rab 'byams):
The desired aims are fulfilled;
glory, renown, primordial wisdom,
and excellent sovereignty are bestowed;
and in a well-arrayed buddha field
one manifestly and perfectly awakens.
So it is said.

Moreover, compared with gathering immeasurable accumulations at another time, what is gathered at this time is greater by a hundred-thousandfold increase. Through its power, in this very life all the aims one has in mind are accomplished, and an exceptional gathering of food, wealth, and the like certainly comes about without difficulty. From the completion of the two accumulations the two kāyas are accomplished; from the Array of the Precious Empowerment (dbang rin po che rnam par bkod pa):
For the fortunate one who relies on empowerment,
the fruition of bringing the two accumulations to completion
is certain: the attainment of the two sublime aims.
So it is said.

Of the two—offering a single item each of food, drink, wealth, and the like to the root guru (rtsa ba'i bla ma) at this time, and offering ten million at another time—the offering made here is greater in merit. And of the two—the merit of giving to a single woman or to a single man at this time, and the merit of performing an extensive feast offering (tshogs mchod) to ten million mamos (ma mo), that is, ḍākinīs, at another time—

[p. 298]ནམས་གཉིས་དུས་འདིའི་གཅིག་ལ་བྱིན་པ་ལྷག་གོ །དེ་ཡང་དུས་འདིའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང༌། བླ་ན་མེད་པའི་འཁོར་ལོ་བསྐོར་བ་དང༌། བདག་ཐར་པ་ཆེན་པོའི་གྲོང་དུ་འཇུག་པས་དྲིན་ལྷག་ལ། བུད་མེད་དང་སྐྱེས་པ་རྣམས་ལའང༌། དཔའ་བོ་དཔའ་མོ་རྟེན་བཅས་ཏེ་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་ནས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར། དབང་གི་དུས་དང་དགའ་སྟོན་གྱི་དུས་གཉིས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཏོ། །དེ་སྐད་དུ་ཡང༌། དབང་རྣམ་པར་ཕྱེ་བའི་འཕྲ་ཏིག་ལས། དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང༌། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང༌། །ཙནྡན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །

giving to the single one at this time is superior. This is because at this time all the buddhas of the ten directions gather as one, through compassion, into the guru and perform the act of conferring empowerment, turn the unsurpassed wheel, and lead one into the city of great liberation, so that his kindness is surpassing; and because, in the women and men too, the heroes and heroines (dpa' bo dpa' mo) have taken them as their supports and, seated in the rows of the empowerment through compassion and samaya, bestow their blessings. Therefore it is taught that both the time of empowerment and the time of the celebratory feast are greater than other times by a hundred-thousandfold increase. As is also said,

from the Subtle Commentary Differentiating Empowerment (dbang rnam par phye ba'i 'phra tig):
Whoever, making offering with a great celebratory feast,
holds a banquet for the guru and the guru's retinue,
together with the consort (yum), for all of them—
though for inconceivable hundreds of thousands of eons
one should please all the buddhas,
that would not match a fraction of this merit.
If one anoints with sandalwood
a single pore of the guru's body,
the merit in this is boundless.
Likewise, whoever holds the feast celebration
for one's own vajra siblings,
one, two, or three,
or else a hundred, a thousand, or countless—
compared with making offerings to one's own guru

[p. 299]རང་གི་བླ་མ་མཆོད་པ་ནི། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང༌། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་མིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱའོ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང༌། །འཇིག་རྟེན་འདི་ལ་འདོད་དོན་དང༌། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྤྱོད་པ་དག་ཏུ་ནུས་པ་ཡིན། །ཅེས་སོ། །དེའང་དགའ་སྟོན་རྒྱ་ཆེར་བྱས་ན། ཚེ་འདི་

countless hundreds of times
when it is not the time of empowerment,
the merit of doing this once here
cannot be measured by the intellect.
If one gratifies the yogins
with a banquet of fine rice, food, and drink,
all excellence will be accomplished
and one will be freed from faults.
If one gratifies with the feast banquet
the hosts of yoginīs,
whether vajra sisters
or the guru's disciples—
then, compared with performing nine hundred
feast offerings to the eight mamos or to Vārāhī
at a time other than this,
if at this time one gives to a single yoginī
food, or else drink,
or even a little to quench her thirst,
that merit is not equal to this.
Therefore, go to the city of the mamos
and please the yoginīs.
If one makes offering to yogin fathers and mothers both,
equal and mingled together,
from this arise accomplishments such as these,
endowed with supreme wonder:
desired aims in this world,
and, hereafter, in order to enjoy the basic space of primordial wisdom,
the accomplishments of the sky-farers (mkha' spyod)—
whoever becomes master of these manifold ones
is able, together with a retinue,
to course through the sky.
So it is said.

Moreover, if the celebratory feast is performed extensively, in this very life

[p. 300]ཉིད་ལ་དངོས་གྲུབ་སྣ་རེ་ཅིས་ཀྱང་ཐོབ་སྟེ་འདུ་བ་ཁྱད་པར་ཅན་གྱི་དུས་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། དེ་ཉིད་ལས། སྔར་བྱས་ཚོགས་ཀྱི་མཆོད་པ་ལས། །དངོས་གྲུབ་རྒྱུ་ནི་རྣམ་པ་བརྒྱད། །རྣལ་འབྱོར་མས་ནི་ཐོབ་པར་བཤད། །དེ་ཡང་གང་དང་གང་ཞེ་ན། །དཔལ་དང་གྲགས་དང་ལོངས་སྤྱོད་དང༌། །འདུ་དང་མཆེད་དང་ཐོབ་པ་དང༌། །འཇིག་རྟེན་དབང་བསྐུར་སངས་རྒྱས་འགྲུབ། །དཔལ་ནི་འཁོར་འདབ་འཕེལ་བ་དང༌། །བུ་དང་དབང་ཕྱུག་ལྡན་པའོ། །གྲགས་པས་འགྲོ་བ་བྱམས་པ་དང༌། །མཐོང་ན་དགའ་ཞིང་བསྙེན་བཀུར་དང༌། །བསྟོད་དང་སྙན་པ་རྗོད་པར་བྱེད། །ལོངས་སྤྱོད་ནོར་དང་ཟས་དང་ནི། །འབྲུ་དང་འདོད་པའི་དོན་འགྲུབ་སྟེ། །ཤིང་ཐོག་ལོ་ཐོག་གཞན་པས་ནི། །མཆོག་ཏུ་སྨིན་ཞིང་རྒྱས་པ་དང༌། །སྤྱད་པས་འཛད་པ་མེད་པར་འགྱུར། །འདུ་བ་ལ་ནི་རྣམ་པ་བཞི། །མི་དང་མི་མ་ཡིན་པ་དང༌། །ནོར་དང་ཟས་རྣམས་འདུ་བར་འགྱུར། །མི་ནི་སྐྱེ་ཚོགས་བུད་མེད་ནི། །དང་པོ་ཉིད་དུ་འདུ་བ་ལས། །དེ་ནས་སྟོང་ཕྲག་དུ་མ་འདུ། །མདུན་དུ་བདར་ནས་ཕྱག་བྱེད་དང༌། །ཆོས་ཀྱང་ཉན་པར་བྱེད་པའོ། །དེ་ནས་རྒྱལ་པོ་བློན་པོ་དང༌། །བཙུན་མོ་རྣམས་ནི་འདུ་བ་དང༌། །བསོད་ནམས་ཅན་ཡང་འདུ་བ་དང༌། །ཡོན་ཏན་ལྡན་པ་

one will certainly attain some kind of accomplishment, for it is a time of extraordinary gathering.

The explanation of the signs of accomplishment: from that same tantra:

From the feast offering performed before,
the causes of accomplishment, eight in kind,
are said to be obtained through the yoginīs.
What, then, are they?
Splendor, renown, enjoyments,
gathering, expansion, attainment,
worldly empowerment, and the accomplishment of buddhahood.
Splendor is the increase of retinue and attendants,
and being endowed with children and dominion.
Through renown, beings feel affection;
when they see one they rejoice and offer honor and service,
and they utter praise and pleasing words.
Enjoyments: wealth, food,
grain, and the aims one desires are accomplished;
fruits and crops, more than those of others,
ripen supremely and flourish,
and however much they are used they become inexhaustible.
Gathering is of four kinds:
humans and nonhumans,
wealth and foods gather.
As for humans, at the very first
crowds of women gather,
and thereafter many thousands gather;
drawing near before one, they prostrate
and listen to the Dharma as well.
Then kings, ministers,
and queens gather;
the meritorious also gather;
and all those endowed with qualities

[p. 301]ཀུན་འདུའོ། །མི་མ་ཡིན་པ་དུར་ཁྲོད་དུ། །འགྲོ་བར་བྱེད་ཅིང་འགྲོ་བའི་ཚེ། །མཚན་མོ་མཁའ་འགྲོ་སྟོང་ཕྲག་ཚོགས། །འདུ་བར་བྱེད་ཅིང་གཟུགས་བརྙན་སྟོན། །བརྡ་སྟོན་ལུང་ཡང་སྟོན་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སངས་རྒྱས་བསྟན་ལ་དགའ་བ་ཡི། །རྫུ་འཕྲུལ་ལྡན་པ་རྣམས་འདུ་སྟེ། །བཀྲག་དང་གཟི་མདངས་སྟོབས་ཀྱང་བསྐྱེད། །གཟུགས་རྣམས་སྟོན་ཅིང་འཇིག་རྟེན་པའི། །ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ཉིད་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །བསྲུང་ཞིང་སྐྱོབ་སྟེ་སྦེད་པ་དང༌། །ལེགས་པ་རྣམས་ནི་སྣ་ཚོགས་སྟེར། །དེ་ཡི་འཁོར་དང་ཉེ་དུ་ལ། །ལེགས་པ་སྦྱིན་ཅིང་ཉེས་པ་སྤོང༌། །ནང་ནུབ་ཟས་རྣམས་འདུ་བ་ནི། །ཡུལ་ཁམས་འདི་ན་ཅི་ཡོད་པའི། །ཡིད་དུ་འོང་དང་རོ་མཆོག་ལྡན། །དུ་མ་འདུ་བ་དང་པོ་སྟེ། །དེ་ནས་རྒྱལ་ཁམས་གཞན་གྱི་ཟས། །ཤིང་ཐོག་བཅུད་དང་ལྡན་པ་དང༌། །སྨན་སྦྱོར་རྣམ་པ་སྣ་ཚོགས་དང༌། །ངོ་མཚར་ཅན་གྱི་ཟས་རྣམས་ནི། །སྐལ་ལྡན་དེ་ལ་འདུ་བར་འགྱུར། །ནོར་གྱི་རྣམ་པ་ཅི་འདོད་པ། །བསམས་པ་ཙམ་གྱིས་འདུ་བར་འགྱུར། །གོས་དང་མལ་ཆ་སྟན་ལ་སོགས། །བདག་གི་ཡིད་ལ་ཅི་བསམས་པ། །སྐལ་ལྡན་འདི་ལ་འགྲུབ་པར་འགྱུར། །འཁོར་

gather.
As for nonhumans: one goes to the charnel ground,
and at the time of going there,
at night hosts of thousands of ḍākinīs
gather and display their forms;
they show symbols (brda) and also give prophecies.
Gods, nāgas, yakṣas,
and those possessed of miraculous powers (rdzu 'phrul)
who delight in the Buddha's teaching gather,
and they also generate brilliance, radiance, and strength.
They display forms and reveal
all the good and ill of worldly people.
To that great yogin himself
they grant what is good and dispel what is ill;
they guard, protect, and conceal him,
and bestow good things of many kinds.
To his retinue and his kin
they grant what is good and dispel what is ill.
As for the gathering of foods morning and evening:
first, whatever there is in this region
that is pleasing and of supreme flavor
gathers in abundance;
then the foods of other kingdoms,
fruits endowed with quintessence,
medicinal compounds of various kinds,
and wondrous foods
gather for that fortunate one.
Whatever kinds of wealth one desires
gather merely by being thought of.
Clothing, bedding, seats, and so forth—
whatever one has thought of in one's mind—
is accomplished for this fortunate one.
Through obtaining the merit

[p. 302]ལོས་སྒྱུར་བའི་བསོད་ནམས་དང༌། །གྲགས་པ་ཐོབ་པས་འཚེ་བ་མེད། །གྲུབ་པ་ཐོབ་པས་རྐང་མགྱོགས་དང༌། །ས་སྤྱོད་མཁའ་ལ་སྤྱོད་པ་དང༌། །མིག་སྨན་ཚེ་ལ་དབང་བ་འཐོབ། །དབང་བསྐུར་ཚེ་ལ་དབང་བ་དང༌། །དཔལ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཆོས་དང་ལོངས་སྤྱོད་ཕུན་ཚོགས་འཐོབ། །བསོད་ནམས་ལྡན་ཞིང་ཚོགས་རྫོགས་དང༌། །ཤི་འཕོས་ནས་ནི་མཐོ་རིས་འཐོབ། །ཆོས་ཉིད་ཐོབ་པས་མཉམ་པ་དང༌། །ཉོན་མོངས་རྐྱེན་དབང་མི་འཆོར་དང༌། །རང་སྣང་ལམ་དུ་སློང་བ་འཐོབ། །མཆེད་པ་དག་དང་རྫུ་འཕྲུལ་འཐོབ། །སྣ་ཚོགས་ལུས་ནི་སྤྲུལ་པ་དང༌། །རང་ལུས་ཟང་ཐལ་འགྱུར་བ་དང༌། །སངས་རྒྱས་རྟགས་མཚན་འབྱུང་བ་དང༌། །ས་ཆུ་མེ་རླུང་གནོད་མེད་དང༌། །ནམ་མཁའ་དག་ལ་འཕུར་བ་དང༌། །ལུས་ནི་དུམ་བུར་བསིལ་བ་འགྲུབ། །འཇིག་རྟེན་དབང་བསྒྱུར་ངེས་ཐོབ་པ། །འདིར་ནི་རིགས་འཛིན་དངོས་གྲུབ་སྟེ། །གནོད་པ་ཕན་པར་བསྒྱུར་བ་དང༌། །གཞན་གྱི་ནུས་པ་དབང་བསྒྱུར་ནུས། །མེ་ནི་ཆུ་རུ་བསྒྱུར་ནུས་དང༌། །དེ་བཞིན་ཆུ་ཡང་མེར་འགྱུར་དང༌། །ས་དང་རླུང་ཡང་དེ་བཞིན་ནོ། །སྐྱེས་པ་བུད་མེད་བསྒྱུར་བ་དང༌། །མི་དང་བྱོལ་སོང་ལ་སོགས་དང༌། །སོ་སོའི་གཟུགས་བརྙན་བསྒྱུར་ནུས་དང༌། །དེ་བཞིན་ཟས་དང་ནོར་ལ་སོགས། །

and renown of a universal monarch, there is no harm.
Through obtaining accomplishment, one obtains swift-footedness,
travel on the earth and travel in the sky,
the eye salve, and mastery over life.
Through empowerment, mastery over life,
perfect splendor and primordial wisdom,
and perfect Dharma and enjoyments are obtained.
One is endowed with merit, the accumulations are complete,
and after death and passing on one obtains the higher realms.
Through obtaining the nature of phenomena (chos nyid), one obtains equality,
not falling under the power of the conditions (rkyen) of the afflictions,
and the raising of self-appearance onto the path.
One obtains expansion (mched pa) and miraculous powers:
emanating bodies of various kinds,
one's own body becoming unimpeded (zang thal),
the arising of the signs and marks of a buddha,
freedom from harm by earth, water, fire, and wind,
flying in the sky,
and the body's breaking into pieces are accomplished.
The certain attainment of mastery over the world—
this here is the accomplishment of a vidyādhara (rigs 'dzin):
one is able to turn harm into benefit
and to master the powers of others;
one is able to turn fire into water,
and likewise water into fire,
and earth and wind in the same way;
one is able to transform a man into a woman,
and to transform the respective forms
of humans, animals, and so forth;
and likewise food, wealth, and so forth—

[p. 303]ཀུན་གྱི་ནུས་པའང་བསྒྱུར་བར་ནུས། །གཞན་ཡང་བསད་དང་གསོ་བ་དང༌། །བཅིང་དང་རེངས་དང་འགུགས་པ་དང༌། །བསྐྲད་ཅིང་དབྱེ་བའི་ལས་རྣམས་འགྲུབ། །ཅེས་སོ། །འདི་དག་སྔོན་བྱུང་དུ་གྲུབ་པའི་གཏམ་རྒྱུད་ངེས་པ་ཡང༌། །དེ་ཉིད་ལས། །འདི་ཡི་ལོ་རྒྱུས་བཤད་བྱས་ན། །སྔོན་ནི་དབུས་འགྱུར་འོད་མའི་ཚལ། །ཚོགས་བདག་ནག་པོ་ཞབས་ཞེས་པ། །རབ་ཏུ་སྤྲོས་པ་མེད་པའི་དབང༌། །ཁྱད་པར་བདག་གིས་བསྐུར་ཙམ་ན། །འབྲས་ཁལ་བརྒྱ་ཕྲག་དྲུག་ལ་ཡང༌། །བཟའ་དང་བཅའ་དང་མྱང་བ་དང༌། །བཏུང་བའི་ཚོགས་ནི་བྱས་ནས་ཀྱང༌། །རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ལ། །ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱས། །དེ་ཚེ་རྣལ་འབྱོར་མ་གཅིག་གིས། །ཚོགས་བདག་དེ་ལ་འདི་སྐད་སྨྲས། །ཨེ་མ་བུ་གཅིག་སྐལ་ལྡན་པ། །ཚོགས་ཀྱི་སྟོན་མོས་མགུ་བ་འདིས། །ཁྱོད་ལ་དངོས་གྲུབ་འགྲུབ་པར་ངེས། །བདག་ཀྱང་ཚོགས་ཀྱི་དངོས་གྲུབ་བརྙེས། །ཞེས་བརྗོད་ནམ་མཁའ་དག་ལ་སོང༌། །དེ་ནས་དུས་ཚོད་དེ་ཉིད་དུ། །གླང་པོ་ཞོན་པ་བྱེ་བ་གཅིག །མ་མོའི་འཁོར་དང་བཅས་ནས་ནི། །ནམ་མཁའ་དག་ལ་ཤར་ཕྱོགས་སོང༌། །དེ་ནས་ཞག་གསུམ་ལོན་པའི་ཚེ། །ཚོགས་ཀྱི་བདག་པོ་དེ་ཉིད་ཀྱི། །འཁོར་དང་བ་གླང་ཁྱི་ལ་སོགས། །རྐང་པ་ས་ལ་ཁྲུ་གང་

one is able to transform the potency of all of these as well.
Furthermore, the activities of killing and reviving,
binding and paralyzing, summoning,
expelling, and separating are accomplished.

Thus it is said.

The certain account of how these were accomplished in former times is also given in that same tantra:

If the history of this is told:
formerly, in the Bamboo Grove of Magadha,
the one known as the lord of the gathering (tshogs bdag), Kṛṣṇapāda—
no sooner had I conferred upon him in particular
the utterly unelaborate empowerment
than, with six hundred loads of rice,
he prepared an abundance of things to eat, to chew,
to taste, and to drink,
and held a great celebration of the feast gathering
for five hundred yogins and yoginīs.
At that time a yoginī
spoke these words to that lord of the gathering:
"Ema! Fortunate only son,
through this gratification by the banquet of the feast gathering
you will certainly attain accomplishment;
I too have found the accomplishment of the feast gathering."
So saying, she went off into the sky.
Then, at that very moment,
ten million riders on elephants,
together with a retinue of mamos,
went off eastward through the sky.
Then, when three days had passed,
the retinue of that very lord of the gathering—
his cattle, his dogs, and the rest—
came to move with their feet a full cubit

[p. 304]གིས། །རེག་པ་མེད་པར་འགྲོ་བར་གྱུར། །དེ་ནས་ཚོགས་བདག་དེ་ཉིད་ཀྱི། །རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས། །ཡང་ནི་དབང་བསྐུར་ཞུས་ནས་ནི། །ཚོགས་ཀྱི་སྟོན་མོ་གཅིག་བྱས་པས། །དེ་ཉིད་བྱས་པ་ཙམ་གྱིས་ནི། །འཁོར་དང་བཅས་ཏེ་ནམ་མཁའ་ལ། །སྒྲ་དང་བཅས་ཏེ་སོང་བ་ཡིན། །ད་ལྟ་འཛམ་གླིང་ཤར་གྱི་ཕྱོགས། །དྷ་རྟུལ་ཅེས་པའི་ཡུལ་ཕྱོགས་ཀྱི། །ནམ་མཁའ་དག་ལ་མཁའ་འགྲོ་མ། །འབུམ་ཕྲག་བདུན་དང་བཅས་ནས་ནི། །ཚོགས་ལ་ལོངས་སྤྱོད་རྫོགས་པ་ཡི། །རྣལ་འབྱོར་རྣམས་ཀྱི་ལས་སྒྲུབ་སྟེ། །འདི་ལྟར་ཡ་མཚན་དངོས་གྲུབ་ནི། །སྟོན་མོ་ལས་ནི་གྲུབ་པས་ན། །འདི་ཚེ་དགའ་བས་གླུ་བླང་ཞིང༌། །དེ་བཞིན་དགའ་བས་གར་ཡང་བྱ། །དགའ་བདེའི་སྤྱོད་ལམ་སྣ་ཚོགས་བྱ། །དེ་ལྟར་བྱས་པས་དགའ་སྟོན་འགྲུབ། །ཅེས་སོ། །དེ་ཡང་དངོས་གྲུབ་བརྒྱད་པོ་དེ་དབང་དང་དེའི་དགའ་སྟོན་ཇི་ཙམ་གྱིས་འགྲུབ་ཅེ་ན། འདིར་དེའི་གྲངས་བསྟན་པ་ནི། ཡང་དེ་ཉིད་ལས། འདི་ལྟར་སྐལ་བ་ལྡན་པས་ནི། །དབང་བསྐུར་རང་གི་ལོ་གྲངས་སམ། །བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས། །སངས་རྒྱས་འབྲས་བུ་འགྲུབ་པར་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །ཅིག་ཅར་དུ་ནི་ཐོབ་པར་ངེས། །དེ་དག་ཐོབ་པ་དབང་ལས་བྱུང༌། །

above the ground, without touching it.
Then that lord of the gathering,
with all his substances and possessions,
once more requested empowerment
and held a single banquet of the feast gathering;
merely by doing that,
he departed into the sky together with his retinue,
accompanied by a sound.
Now, in the eastern part of Jambudvīpa,
in the sky above the region
called Dhartul, together with
seven hundred thousand ḍākinīs,
he carries out the activities of the yogins
whose enjoyment in the feast gathering is perfected.
Thus, since such wondrous accomplishment
is achieved through the banquet,
at this time sing songs with joy,
and likewise dance with joy;
perform the various conducts of joy and bliss.
By doing so, the celebration is accomplished.

Thus it is said.

Furthermore, if one asks by how many empowerments and their celebrations those eight accomplishments are achieved, here their number is taught. Again, from that same tantra:

Thus, when a fortunate one
has empowerment conferred as many times as the number of his own years,
or one hundred and eight times, or a thousand, and so forth,
the fruition of buddhahood will be accomplished:
the dharmakāya, the sambhogakāya, and the nirmāṇakāya
are certain to be attained all at once.
The attainment of these arises from empowerment.

[p. 305]གྲགས་པས་དབང་བསྒྱུར་ཉེར་གཅིག་གིས། །སྟོན་མོར་བཅས་པ་དག་གིས་འགྲུབ། །དཔལ་ནི་སུམ་ཅུས་ལེགས་པར་འགྲུབ། །ལོངས་སྤྱོད་དག་ནི་བཞི་བཅུས་སོ། །ཐོབ་པ་བརྒྱ་ནི་རྩ་བརྒྱད་དོ། །མཆེད་པ་བརྒྱ་དང་ཉེར་གཅིག་གིས། །འཇིག་རྟེན་བསྒྱུར་བ་གཉིས་ཉིས་བརྒྱས་ཀྱང་འགྲུབ། །སངས་རྒྱས་སྟོང་ཕྲག་དག་གིས་འགྲུབ། །དེས་ན་དབང་བསྐུར་ཆོ་ག་ལ། །སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ན། །རྣལ་འབྱོར་པ་ཡིས་དོན་རབ་འགྲུབ། །ཅེས་སོ། །དེ་བཞིན་དུ་དགའ་སྟོན་གྱིས་ལེགས་པ་འགྲུབ་པར། བཀོད་པ་ཆེན་པོ་ལས་ཀྱང༌། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང༌། །བཅོས་བུའི་རས་དང་མེན་དྲི་དང༌། །ཤིང་ཐོག་ཁུར་བ་བཏུང་བ་དང༌། །ཇི་ལྟར་འབྱོར་པ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང༌། །བླ་མའི་ཉེ་གནས་ཉེ་འཁོར་དང༌། །དགེ་སློང་ཁྲིམས་ལ་གནས་པ་དང༌། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདི་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམས་པ་འགྲུབ་པ་དང༌། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །

Mastery through renown is accomplished by twenty-one
accompanied by banquets;
splendor is well accomplished by thirty;
enjoyments by forty;
attainment by one hundred and eight;
expansion by one hundred and twenty-one;
the two transformations of the world are accomplished by two hundred as well;
buddhahood is accomplished by a thousand.
Therefore, in the rite of empowerment,
if there is no banquet the aim is not accomplished;
if the great celebration is fully performed,
the yogin fully accomplishes the aim.

Thus it is said.

Likewise, that excellence is accomplished through the celebration is stated also in the Great Array (bkod pa chen po):

Having obtained empowerment from the guru himself,
with foods of various kinds,
with worked cloth and mendri,
with fruits, cakes, and drinks—
with whatever various things one has—
whoever, at the completion of the empowerment, gives food and drink
especially to the guru and to one's brothers and sisters,
to the guru's attendants and close retinue,
to bhikṣus who abide by the discipline,
to Dharma teachers and people endowed with qualities,
and furthermore to those who are objects of compassion:
for him, for ten million eons (bskal pa),
this will not be exhausted or depleted.
In particular, the fruition one desires
is accomplished just as one intends,
and to countless hundreds of thousands of buddhas—

[p. 306]ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག །ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང༌། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང༌། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ། །ཅེས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གསུམ་སྟེ། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག ཇི་ལྟར་བསྐུར་བ་དབང་གི་རང་བཞིན། དེ་ལྟར་བསྐུར་བའི་དབང་གི་དབྱེ་བའོ། །དང་པོ་ལ་གསུམ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ལམ་འབྲས་བུ་དང་བཅས་པའི་གཙོ་འཁོར་ངེས་པའོ། །ངེས་ཚིག་ནི་རྒྱ་གར་གྱི་སྒྲ་ལས་མཎྜ་ལ་ཞེས་འབྱུང་བས། བོད་སྐད་དུ་དཀྱིལ་འཁོར་ཏེ་ཆོས་གང་ཞིག་གཙོ་བོ་ལ་འཁོར་གྱིས་མཛེས་པར་བསྐོར་ན་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན་གསུམ་སྟེ། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར། །ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། དེ་སྐད་དུ་ཡང༌། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང༌། རྩ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཅེས་སོ། །དང་པོ་ནི། འགྲོ་བ་ཀུན་ལ་གནས་པ་རང་བྱུང་གི་ཡེ་ཤེས། འོད་གསལ་གྱི་

compared with offering gifts, this is of greater import.
Therefore the feast of empowerment is supreme;
its special qualities are inconceivable:
illness is pacified and one is freed from suffering,
one possesses enjoyments and the accumulations are perfected,
and one attains the qualities of a perfect buddha.

Thus it is said.

The second topic, the path of the actual conferral of empowerment, has three parts: the presentation of the maṇḍala in which it is conferred; the nature of empowerment, how it is conferred; and the divisions (dbye ba) of the empowerment thus conferred.

Of the first there are three. The essence (ngo bo) is the ascertained principal and retinue of self-arisen primordial wisdom (rang byung gi ye shes), together with the path and the fruition. The etymology (nges tshig): since it derives from the Indian word maṇḍala, in the Tibetan language it is dkyil 'khor, "center and circle"; whatever phenomenon is such that a principal is beautifully encircled by a retinue is called a maṇḍala. When divided, there are three: the root maṇḍala of the ground, spontaneous presence (lhun grub); the maṇḍala of images, the skillful means (thabs) of the path; and the maṇḍala of the nature, the utterly pure fruition. To the same effect, Self-Arising Awareness says:

Maṇḍalas are held to be of three kinds:
the great maṇḍala of the nature,
the great root maṇḍala,
and the maṇḍala of images—these three are taught.

Thus it is said.

The first is the self-arisen primordial wisdom that abides in all beings, that which abides as the three maṇḍalas of luminosity ('od gsal).

[p. 307]དཀྱིལ་འཁོར་གསུམ་དུ་གནས་པ་དེ་ཡིན་ཏེ། དེ་ཉིད་ལས། རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་གྱི་ཚུལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་སྟོང་པའི་ཀློང་དཀྱིལ་དུ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང༌། །གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། དབང་བསྐུར་བའི་བརྡ་མཚོན་པ་བྲིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཐིག་དང་ཚོམ་བུའི་དཀྱིལ་འཁོར་རྣམས་ནི་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རྫོགས་བསྒོམ་པ་ན་དམིགས་

From the same text:

The great root maṇḍala
abides in the center of each one's own citta.
Moreover, this maṇḍala is as follows:
self-arisen awareness is the center,
and the appearance of the five lights ('od lnga) is held to be the retinue.
This is the first great root maṇḍala.
In each one's own white conch chamber (dung khang),
the utterly pure sphere (thig le) is the center,
and the minor spheres (thig phran) endowed with rays are in the manner of the retinue.
This is the second great root maṇḍala.
In the center of the expanse (klong) of utterly pure emptiness,
the kāya of the vajra chains (rdo rje lu gu rgyud);
the lamp of basic space (dbyings kyi sgron ma) is held to be the retinue.
This is the third great root maṇḍala.
These and the other maṇḍalas:
the maṇḍala of enlightened body, the unchanging expanse;
the maṇḍala of enlightened speech, unceasing and vast;
the maṇḍala of enlightened mind (sku gsung thugs), nonconceptual and limpid.
The maṇḍalas of enlightened body, speech, and mind,
each together with its own center and retinue,
without going, without coming, without change,
abide in the center of each one's own citta.
Thus the meaning of the great maṇḍala
is complete in each one's own body.

Thus it is said.

The second: the maṇḍala of drawn colored powder that illustrates the symbol of the conferral of empowerment, and the maṇḍalas of lines and of heaps (tshom bu), are the symbolic maṇḍala; and, relying on the symbolic maṇḍala, when one meditates on generation and completion (bskyed rdzogs), that which is meditated upon as the object of focus (dmigs pa),

[p. 308]པའི་ཡུལ་དུ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་གྱི་ཡོན་ཏན་སྐྱེ་བའི་གཞིར་གྱུར་པ་དོན་གྱི་དཀྱིལ་འཁོར་ཏེ། བརྡ་དོན་ངེས་པའི་དཀྱིལ་འཁོར་དུ་བསྟན་པ་ནི། ཡང་དེ་ཉིད་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་དང་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེ་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚགས་ཀྱི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་དག་ཏུ་འདོད། །ཅེས་སོ། །གསུམ་པ་འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི། བརྡ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་ལྷ་བསྒོམ་ཞིང་སྔགས་བཟླས་པ་དང༌། སྤྲོས་མེད་དེའི་རྫོགས་རིམ་ཆོས་ཉིད་མངོན་སུམ་གྱི་དོན་འོད་ཀྱི་དཀྱིལ་འཁོར་ལ་བལྟས་པས། སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་

the maṇḍala of samādhi, which becomes the ground for the arising of the qualities of the path, is the maṇḍala of the meaning. Their being taught as the maṇḍalas in which symbol and meaning are ascertained is, again, from the same text:

The great maṇḍala of images:
when the sacred empowerment is performed,
maṇḍalas are held to be of two kinds;
they are taught as two, peaceful and wrathful.
When one brings the empowerment to completion, one should proceed thus.
In the center of the great peaceful maṇḍala
is a wheel with four spokes.
Its perimeter is furnished with a vajra fence,
with jewel friezes,
and endowed with garlands of hanging lattices;
likewise it is endowed with doors and door-porticoes.
That is the peaceful maṇḍala.
The wrathful maṇḍala is as follows:
in the center it has a wheel with eight spokes,
and a triangular palace of dark blue.
These and the other procedures
should be known in due order.
They are held to be maṇḍalas of colored powder.

Thus it is said.

Third, the maṇḍala of the nature, the utterly pure fruition: having entered the symbolic maṇḍala of colored powder, then, in the maṇḍala of samādhi, the meaning—through the elaborate, in which one meditates on the peaceful and wrathful deities and recites mantra, and through the unelaborate, its completion stage, in which one gazes upon the maṇḍala of light that is the meaning of the direct perception of the nature of phenomena (chos nyid mngon sum)—the four visions (snang ba bzhi) reach their full measure, and when the maṇḍala of the youthful vase body (gzhon nu bum pa sku) becomes manifest,

[p. 309]བུམ་པ་སྐུའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན། ཆོས་སྐུའི་དཀྱིལ་འཁོར་དང་རང་སྣང་ལོངས་སྐུའི་དཀྱིལ་འཁོར་རྫོགས་པས་ཞི་ཁྲོ་གཉིས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ནི། དེ་ཉིད་ལས། རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །

the maṇḍala of the dharmakāya and the maṇḍala of the sambhogakāya of self-appearance are complete, and so it is spontaneously present as the nature of both the peaceful and the wrathful deities. From that same text:

The great maṇḍala of the nature:
in Akaniṣṭha, the palace of the basic space of phenomena (chos dbyings),
at the hub of the central wheel
is the maṇḍala of Vairocana,
with a retinue of male and female deities (lha dang lha mo) of the four families (rigs)—
the first great maṇḍala of the nature.
Upon the spoke of the wheel in the east
is the maṇḍala of Vajrasattva,
encircled by a retinue of bodhisattvas of the four families—
the second great maṇḍala of the nature.
Upon the spoke of the wheel in the south
is the maṇḍala of Ratnasambhava,
encircled by a retinue of the ratna family—
the third great maṇḍala of the nature.
Upon the spoke of the wheel in the west
is the maṇḍala of Amitābha,
encircled by a retinue of the padma family—
the fourth great maṇḍala of the nature.
Upon the spoke of the wheel in the north
is the maṇḍala of Amoghasiddhi,
encircled by a retinue of the karma family—
the fifth great maṇḍala of the nature.
They abide in the manner of being complete without being generated.
And their manner of abiding is this:

[p. 310]ཞི་བའི་ཆ་ལུགས་སྐུ་དང་ལྡན། །བཞེངས་པ་དང་ནི་བཞུགས་པ་དང༌། །ཡབ་དང་ཡུམ་དུ་སྣང་བ་དང༌། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོམ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པ་ཡི། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང༌། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་ཡབ་ལ་མཆོད་པ་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང༌། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་རོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང༌། །དཔུང་རྒྱན་དང་ནི་མགུར་ཆུ་དང༌། །ཕྱག་གདུབ་དང་ནི་ཞབས་གདུབ་དང༌། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང༌། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །མ་འདྲེས་སོ་སོའི་མཚན་ཉིད་འཛིན། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུར་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང༌། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུདྡྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་

endowed with kāyas in peaceful attire,
standing and seated,
appearing as male and female consorts (yab yum),
with mudrās and with samādhis.
Together with the male and female gatekeepers and their retinue,
the retinue of the six munis and the rest
is immeasurable.
Moreover, with their distinct hand emblems,
they display mudrās, dance, and so forth;
with various sounds and music
they make offerings to the principal lord.
In the great maṇḍala of the nature
all the male and female deities as well
are endowed with a majestic bearing.
All possess fivefold rays of light;
arising from themselves, they disport within themselves.
Moreover, with fivefold crown ornaments,
armlets and necklaces,
bracelets and anklets,
long necklaces and short necklaces—
likewise, with these kinds of ornaments,
their kāyas endowed with the major and minor marks (mtshan dang dpe byad)
each hold their own defining characteristics, unmixed.
The center is blue, the east white,
the south yellow, the west red,
and the north is complete as green.
Such are the colors of the families.
That is the maṇḍala of the nature.
In the crown ornament of each peaceful deity
a cluster of five wrathful deities is complete.
And the manner in which they are complete is this:
as the crown ornament of Vairocana,
Buddha Heruka is held to be the principal;
in the east, Vajra Heru-

[p. 311]ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟང་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང༌། །ཁྲོ་བ་དང་ནི་མཆེ་བ་གཙིགས། །གཉེར་མ་གློག་སྟོང་འགྱུ་བཞིན་དང༌། འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པའི་སེ་རལ་ཁ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དེ་ཡང་དབུ་གསུམ་ཕྱག་་དྲུག་གོ །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང༌། །སེར་ནག་དང་ནི་དམར་ནག་སྐུ། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་བཞིན་རང་བཞིན་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ལ་བཞི་སྟེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་དང༌། རབ་ཏུ་སྤྲོས་པ་མེད་པའོ། །དེ་སྐད་དུ་ཡང༌། ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །བསྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །

ka;
in the south, Ratna Heruka;
in the west, Padma Heruka;
in the north, Karma Heruka.
Likewise, as the crown ornaments of the peaceful deities
there are five wrathful crown ornaments each.
This is held to be the great maṇḍala of the nature.
The manner in which the wrathful deities abide:
in the warrior stance and in the manner of striking,
in the manner of majesty and ferocity,
wrathful, with fangs bared,
their furrowed brows like a thousand flickering lightning flashes,
with the sound of thunder and the sound of rulu,
with tiger skins and elephant hides,
with crossed belts of snakes and skulls,
holding various weapons in their hands.
Moreover, they have three heads and six arms.
And their colors are these:
dark blue and dark white,
dark yellow and dark red kāyas,
and dark green—enlightened activity (phrin las) is complete.
Such is the maṇḍala of the nature.

Thus it is said.

Second, the nature of empowerment—how it is conferred—is fourfold: the elaborate, the unelaborate, the extremely unelaborate, and the utterly unelaborate. As is also said in the Reverberation of Sound:

The rite of conferring empowerment is explained:
through the four modes of combination—
outer, inner, secret,
and the utterly complete secret—
in order to utterly purify
the four: the body, speech, mental faculty (yid), and mind of beings,

[p. 312]དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་པ་མེད་པ་དང༌། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ཡང་ཕྱིར། དཔྱིད་དང༌། དབྱར་དང༌། སྟོན་དང༌། དགུན་ཏེ་དུས་བཞི། ནང་དུ་ལུས་དང༌། ངག་དང༌། ཡིད་དང༌། སེམས་ཏེ་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ་ལ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱོང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་པར་བྱེད་པའི་ཕྱིར་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་བཞིར་བཞག་ཅིང་གྲངས་ངེས་པ་ཡིན་ནོ། །དེ་ལ་དང་པོ་སྤྲོས་བཅས་ཀྱི་དབང་ལ་གསུམ་སྟེ། སྤྲོས་བཅས་སྤྱིའི་རྣམ་པར་གཞག་པ། བྱེ་བྲག་ཏུ་བསྟན་པ། གསུམ་པའི་དོན་ངོས་གཟུང་བའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་འདི་ནས། རང་དང་གཞན་དང་གཉིས་ཀའི་དོན་བསྒྲུབ་པ་ལ་ལྟོས་ནས། སྤྲོས་བཅས་

by the four aspects of empowerment as well
the fortunate are to be brought to maturity:
the elaborate itself and the unelaborate,
the extremely unelaborate,
and likewise the utterly unelaborate.
By way of this fourfold division
the mind-streams of the faithful are brought to maturity.

Thus it is said. Moreover, outwardly there are the four times—spring, summer, autumn, and winter; inwardly there are the four groupings—body, speech, mental faculty, and mind; and secretly there are the four—bewilderment (gti mug), anger (zhe sdang), desire ('dod chags), and their equal combination. In order to purify the loci of these, one cleanses and purifies them by means of the four: the vase (bum pa), the secret (gsang ba), the wisdom–primordial wisdom, and the utterly complete precious word empowerment;

and, having traversed the four paths of accumulation, joining, seeing, and meditation, in order that the four kāyas be attained—the nirmāṇakāya, the sambhogakāya, the dharmakāya, and the svābhāvikakāya (ngo bo nyid kyi sku)—they are established as four: the elaborate, the unelaborate, the extremely unelaborate, and the utterly unelaborate; and their number is definite.

Of these, the first, the elaborate empowerment, has three parts: the general presentation of the elaborate; the specific exposition; and the identification of the meaning of the third. First: in this unsurpassed tantra, in view of accomplishing the aims of oneself, of others, and of both, the general presentation of the elaborate

[p. 313]སྤྱིའི་དབང་རྣམ་པར་གཞག་པ་བཅུ་གཉིས་ནང་ཚན་གྱི་དབྱེ་བ་དུ་མ་དང་བཅས་པས། ཁྲུས་ཀྱི་དབང་ནས་དབང་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་ཏེ། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། གནས་ལུགས་འགག་པ་མེད་པའི་དབང༌། བྱ་བ་རྒྱུན་དུ་སྤྱོད་པའི་དབང༌། །འདས་པ་རྗེས་སུ་གཟུང་བའི་དབང༌། །མ་འོངས་གནད་ལ་བསྒེར་པའི་དབང༌། །ད་ལྟ་སྨིན་པར་བྱེད་པའི་དབང༌། །མ་རྫོགས་རྫོགས་པར་བྱེད་པའི་དབང༌། །ཐམས་ཅད་ཟློག་པར་བྱེད་པའི་དབང༌། །གསོ་བྱེད་ཡོ་བྱད་སྨན་གྱི་དབང༌། །འདུལ་བྱེད་རོ་ལངས་གསེར་སྒྲུབ་དབང༌། །ཐལ་བྱེད་རོ་སྲེག་འཁོར་ལོའི། །དབང༌། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང༌། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང༌། །ཐམས་ཅད་དབང་གི་ངོ་བོར་བསྟན། །ཅེས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་གནས་ལུགས་རང་ལ་ཡོད་པ་ལ་གཞི་བྱས་ཏེ་ད་ལྟ་སྨིན་པར་བྱ་བའི་དོན་དུ་སྡོམ་པ་བཞིའི་དབང་ངེས་པ་བསྐུར་བ་ནི། དཀྱིལ་འཁོར་སྤྲོས་བཅས་ཆེན་པོ་དང༌། འབྲིང་དང༌། བསྡུས་པ་གསུམ་ལས། ཆེན་པོ་ནི། ཐལ་འགྱུར་ལས། སྤྲོས་པ་ཅན་གྱི་དོན་དུ་ཡང༌། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང༌། །སྟ་གོན་ཐིག་དང་ཚོན་དགྱེ་བ། །རྒྱུད་ལ་

empowerment is taught as twelvefold, together with the many subdivisions within them, from the empowerment of ablution up to the exposition of the precious wheel of empowerment. From the Tantra of the River of Empowerment, the Self-Arisen Perfection:

The empowerment of the unceasing abiding nature (gnas lugs);
the empowerment of activity continually practiced;
the empowerment that takes the past under its care;
the empowerment that directs the future to the key point;
the empowerment that brings the present to maturity;
the empowerment that completes the incomplete;
the empowerment that averts everything;
the empowerment of medicine, the requisite that heals;
the empowerment of the vetāla accomplishment of gold, which tames;
the empowerment of the corpse-burning wheel, which reduces to ash;
the empowerment of the sword and weapons, which accomplish;
the empowerment of the four vows, which brings to maturity—
all are taught as the essence of empowerment.

Thus it is said. Second: among these, taking as the ground the abiding nature present in oneself, the conferral of the definite empowerment of the four vows for the sake of bringing to maturity in the present is of three kinds: the great elaborate maṇḍala, the middling, and the condensed. As for the great, from the Reverberation of Sound:

For the sake of those who require elaboration, too,
approach (bsnyen pa), accomplishment, and close approach
are to be performed by a guru complete in the defining characteristics.
Further, the rite of the site,
the preparation, the lines, and the distribution of colors
are carried out, by one trained in the tantras,

[p. 314]འབྱོངས་པས་དཀྱིལ་འཁོར་བཞིན། །དེ་ནས་དབང་བསྐུར་ཆོ་ག་ཡང༌། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པའི་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོས་པ་དང༌། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །ཅེས་པས། སྔོན་དུ་བསྙེན་པ་དང༌། །བསྒྲུབ་པ་དང༌། ཉེ་བར་བསྙེན་པ་རྣམས་རྫོགས་ནས། དུས་ལ་བབ་པ་ན་སའི་ཆོ་ག་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ལ་གནས་པ་སྟེ་ནུབ་དང་པོར་བྱ་བའི་ཆོ་ག་རྫོགས་ནས། སང་ཉིན་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། བདག་དང་སློབ་མ་འཇུག་པ་ལ་སོགས་པ་བྱས་ནས། །དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ཕྱི་དང༌། ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས། ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་དགུ་པོ་ཀུན་ལ་དབྱེ་བས། སུམ་ཅུ་རྩ་དྲུག་ཏུ་འགྱུར་ཡང༌། འདིར་རིགས་བསྡུ་བས་བཞིར་དབྱེ་བའི་ཕྱིའི་དབང་བསྐུར་བ་ནི། རིམ་པ་དགུའི་གྲུབ་མཐའ་འདོད་རྒྱལ་གྱི་དབང་དུ་བྱས་ནས། འདི་དག་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་བཤད་དོ། །ཉན་ཐོས་ཀྱི་སྐབས་སུ་སྐྲ་བཞར་བ་དང༌། སྟོད་གཡོགས་སྦྱིན་པ་དང༌། སྨད་གཡོགས་སྦྱིན་པ་དང༌། ཆོས་གོས་སྦྱིན་པ་དང༌། དགེ་