LONGCHENPA-PECIN-06-CHA-026: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-06-CHA-026
Jump to navigation Jump to search
Longchenpa Project: generated page (21 November 2026)

Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026)

Line 25: Line 25:

= Tibetan Text =
= Tibetan Text =

༄༅། །འཕོ་བ་བཞུགས་སོ༔
༄༅། །འཕོ་བ་བཞུགས་སོ༔

« ཧྱཀཐབྱ༔ཉབ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྣལ་འབྱོར་ལེ་ལོ་ཅན་དོན་དུ༔ འཕོ་བའི་གདམས་པ་བསྟན་པར་བྱ༔ ཚེ་འདིར་ལྷག་མེད་མ་གྲུབ་ན༔ ཚེ་འཕོས་མཁའ་སྤྱོད་བསྒྲུབ་འདོད་པས༔ སྦྱོང་དང་ལས་ལ་སྦྱར་བ་འོ༔ ཐོག་མར་སྦྱང་བར་བྱ་བ་ནི༔ ཤིན་ཏུ་དབེན་པའི་གནས་སོང་སྟེ༔ མཁའ་འགྲོ་མཆོད་པའི་ཡོ་བྱད་བཤམ༔ ཕྱི་ནང་མཚམས་བཅད་གཙང་དག་བྱ༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་བསྡད༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་གཏོང་༔ སྟོང་པའི་ངང་ལས་ཆོས་འབྱུང་དབུས༔ པདྨ་རོ་དང་ཉི་སྟེང་དུ༔ བདག་ཉིད་མཁའ་འགྲོ་དམར་མོ་ནི༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ མཁའ་འགྲོ་སྡེ་བཞིས་སྐོར་བར་བསྐྱེད༔ མདུན་དུ་མཁའ་འགྲོ་ཕག་མོར་བཅས༔ རང་བཞིན་གནས་དང་དབྱེར་མེད་པར༔ དུར་ཁྲོད་ཕོ་བྲང་ལྟ་བུ་ལ༔ སྤྱན་དྲངས་མཆོད་བསྟོད་རྒྱས་པར་བྱ༔ གསོལ་བ་བཏབ་ལ་མོས་གུས་བསྐྱེད༔ འབྱུང་པོ་ཚོགས་ལ་གཏོར་མ་སྦྱིན༔ དེ་»ནི«་སྔོན་དུ་འགྲོ་བ་འོ༔ དེ་ནས་སྤྱོད་པ་དངོས་གཞི་ནི༔ ཙོག་བུ་སྐྱིལ་ཀྲུང་ཁྲུ་ཁྱུད་བྱ༔ རླུང་རོ་དབྱུང་ལ་བར་ཆད་སྦྱང་༔ སྐད་ཅིག་ཆོས་འབྱུང་དམར་པོའི་ནང་༔ པད་ཉི་རོ་ཡི་གདན་སྟེང་དུ༔ ཧྲཱིཿལས་རྡོ་རྗེ་ཕག་མོར་བསྐྱེད༔ གྲི་གུག་ཐོག་ཁྲག་སྐྱིལ་ཀྲུང་བྱས༔ རིན་ཆེན་རྒྱན་གྱིས་སྤྲས་པར་བསམ༔ དེ་དབུས་དབུ་མ་སྔོན་པོ་ནི༔ དྲང་བཤན་ཟངས་དུང་ལྟ་བུ་ཡི༔ མར་སྣ་སུམ་མདོའི་ཉི་སྟེང་དུ༔ རྡོ་རྗེ་ཕག་མོ་རྒྱ་གྲམ་ལ༔ ལྟེ་བར་ཨ་ཐུང་དམར་པོ་སྟེ༔ འོད་ཟེར་ལྡན་པ་བསྐྱེད་པར་བྱ༔ ཡར་སྣ་ཚངས་པར་ཟླ་སྟེང་དུ༔ ཀུན་བཟང་དམར་པོ་གཟི་བརྗིད་ལྡན༔ རྡོ་རྗེ་དྲིལ་བུ་འཛིན་པ་ལ༔ རིན་ཆེན་རྒྱན་གྱིས་བརྒྱན་པར་བསྐྱེད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཅས༔ ཐུགས་ཁར་ཧཱུྃ་བསམ་འོད་དང་ལྡན༔ ཤེས་པ་རྩེ་གཅིག་ལ་གཏད་དེ༔ དེ་ནས་རླུང་གི་སྦྱོར་བ་ནི༔ སྟེང་མནན་འོག་འཐེན་བར་དུ་བྱ༔ སྦྱོར་བ་འདི་དང་ལྡན་པའི་ཚེ༔ ལྟེ་བའི་ཨ་ལས་ཐིག་ལེ་ནི༔ དམར་པོ་ཡུངས་ཀར་འཚེར་བ་ཙམ༔ རྒྱུན་མ་ཆད་པར་འཕྲོས་པ་ནི༔ བར་མཚམས་མེད་པར་འགྲོ་བྱས་ནས༔ བླ་མའི་ཐུགས་ཀར་ཧཱུྃ་ལ་ཐིམ༔ རིམ་རིམ་ཉིད་ནི་བསྟིམ་པར་བྱ༔ ཐིག་ལེ་འབར་འཕྲོ་བཅད་པར་བྱ༔ ཡང་ནི་སླར་ཡང་རླུང་བཟུང་བསྟིམ༔ འདི་ལ་དྲག་ཏུ་གོམས་པ་ན༔ སྤྱི་བོ་ཟ་དང་ཆུ་བུར་དང་༔ ཚག་ཚག་བྱུང་ན་ཚད་ཡིན་ཏེ༔ ཚངས་པའི་སྒོ་ནི་བྱང་བར་འགྱུར༔ དེ་ཚེ་བླ་མ་ཨ་ལ་བསྟིམ༔ གཉིས་སུ་མེད་པར་མཉམ་པར་བཞག༔ མཐར་ཐུག་ལས་ལ་སྦྱར་བ་ནི༔ འབྱུང་བ་འདུ་འབྲལ་ཐིམ་སྡུད་དང་༔ དུས་ཀྱི་ཐ་མ་འཆི་བའི་ཚེ༔ དཀོན་མཆོག་མཆོད་བཤམས་གསོལ་བ་བཏབ༔ རང་ལུས་ཙོག་པུ་སྐྱིལ་ཀྲུང་ངམ༔ ཡང་ན་སེང་གེའི་ཉལ་སྟབས་སུ༔ མཁའ་འགྲོའི་དཀྱིལ་འཁོར་གསལ་བར་བསྐྱེད༔ དབུ་མ་སུམ་མདོར་རྒྱ་གྲམ་བཅའ༔ ཨ་ལས་ཐིག་ལེ་འཕྲོས་བྱས་ཏེ༔ སྤྱི་བོར་ཀུན་བཟང་སྔར་ལྟར་བསྟིམ༔ འོད་ཟེར་ལྔ་དང་ལྡན་པ་བསྐྱེད༔ ཤེས་པ་དེ་ལ་མ་ཡེངས་གཏད༔ མཆོད་པས་མཆོད་ལ་མོས་གུས་བསྐྱེད༔ གསོལ་བ་སྙིང་གི་དཀྱིལ་ནས་བཏབ༔ ཉེར་གཅིག་བར་དུ་ཐིག་ལེ་བསྟིམ༔ དེ་ནས་སུམ་མདོར་མཁའ་འགྲོ་མ༔ འོད་ཕུང་ཐ་མའི་ལམ་ལ་བསྟིམ༔ སྤྱི་བོར་ཀུན་བཟང་དབྱེར་མེད་བཞུགས༔ བླ་མ་འོད་ཟེར་ལྔའི་རང་བཞིན༔ མཁའ་ལ་འདོམ་གང་ཙམ་དུ་འཕར༔ རབ་ཀྱིས་འོད་གསལ་ཆོས་སྐུར་བསྟིམ༔ འབྲིང་གིས་འཇའ་ལུས་ལོངས་སྐུར་བསྟིམ༔ ཐ་མས་སྣ་ཚོགས་སྤྲུལ་སྐུར་བསྟིམ༔ རབ་ཀྱིས་འོད་གསལ་བསྟིམ་པ་ནི༔ མཐའ་བྲལ་རྣམ་དག་ཀུན་བཟང་ཀློང་༔ མི་གཡོ་མཉམ་ཉིད་ཆེན་པོར་བསྟིམ༔ འབྲིང་གིས་ལོངས་སྐུར་བསྟིམ་པ་ནི༔ རྣལ་འབྱོར་རྩལ་དང་ལྡན་པ་ཡིས༔ སྐུ་གསུམ་རིམ་བཞིན་བསྲེ་བས་བསྲེ༔ ཞི་ཁྲོའི་སྐུ་དང་ཞིང་ཁམས་ལ༔ ཡེ་ཤེས་རོ་གཅིག་རོལ་པར་བསྲེ༔ ཐ་མས་སྤྲུལ་སྐུར་བསྟིམ་པ་ནི༔ སྣང་ཡུལ་སྐུ་ལ་འཇུག་པར་བྱ༔ རྣལ་འབྱོར་རྩལ་དང་ལྡན་པ་ཡིས༔ སྐུ་གསུམ་རིམ་གྱིས་བསྲེ་བ་སྟེ༔ ཆོས་སྐུ་སྐྱེ་མེད་ཞག་བདུན་ལ༔ ལོངས་སྐུའི་ཞི་ཁྲོར་ཞག་བདུན་གནས༔ སྤྲུལ་པའི་སྐུ་ལ་ཞག་བདུན་གནས༔ བདུན་གསུམ་ཉི་ཤུ་རྩ་གཅིག་རྫོགས་པ་ན༔ འདོད་པའི་ལུས་ལ་རབ་ཏུ་འཇུག༔ ཤིན་ཏུ་ཐ་མར་གྱུར་པ་རྣམས༔ བླ་མ་ཀུན་བཟང་མཁའ་འགྲོའི་ཚོགས༔ མཁར་བསྟིམ་འཇའ་ལུས་ཆོས་ཉིད་དབྱིངས༔ དབྱེ་བ་མེད་པར་མོས་གུས་བྱ༔ དེ་ཡང་བར་དོ་དག་པར་འགྱུར༔ སྒྱུ་ལུས་འཕོ་ཚེ་འདུན་པ་གཅེས༔ གོམས་ཤུགས་དྲག་རྩལ་གྱིས་འཕང་ངོ་༔ མན་ངག་གནད་ཀྱི་གདམས་པ་ཡིན༔ གྲོང་ཁྱེར་འཕོ་བའི་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གཏད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔» ༔

= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:

* [[Klong chen rab byams gsung 'bum/volume 006 164]] (revision 10549, 2020-03-22)

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).

<headertabs/>
<headertabs/>

Latest revision as of 21:16, 21 November 2026

གཡུང་གི་ལོ་རྒྱུས klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས

Title འཕོ་བ
Wylie 'pho ba

Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 26, pages 187–189 (BDRC scan pages)
Section snying thig ya bzhi › mkha' 'gro snying thig

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.28
Citation Klong chen rab 'byams pa. 'pho ba. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 187–189. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །འཕོ་བ་བཞུགས་སོ༔

« ཧྱཀཐབྱ༔ཉབ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྣལ་འབྱོར་ལེ་ལོ་ཅན་དོན་དུ༔ འཕོ་བའི་གདམས་པ་བསྟན་པར་བྱ༔ ཚེ་འདིར་ལྷག་མེད་མ་གྲུབ་ན༔ ཚེ་འཕོས་མཁའ་སྤྱོད་བསྒྲུབ་འདོད་པས༔ སྦྱོང་དང་ལས་ལ་སྦྱར་བ་འོ༔ ཐོག་མར་སྦྱང་བར་བྱ་བ་ནི༔ ཤིན་ཏུ་དབེན་པའི་གནས་སོང་སྟེ༔ མཁའ་འགྲོ་མཆོད་པའི་ཡོ་བྱད་བཤམ༔ ཕྱི་ནང་མཚམས་བཅད་གཙང་དག་བྱ༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་བསྡད༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་གཏོང་༔ སྟོང་པའི་ངང་ལས་ཆོས་འབྱུང་དབུས༔ པདྨ་རོ་དང་ཉི་སྟེང་དུ༔ བདག་ཉིད་མཁའ་འགྲོ་དམར་མོ་ནི༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ མཁའ་འགྲོ་སྡེ་བཞིས་སྐོར་བར་བསྐྱེད༔ མདུན་དུ་མཁའ་འགྲོ་ཕག་མོར་བཅས༔ རང་བཞིན་གནས་དང་དབྱེར་མེད་པར༔ དུར་ཁྲོད་ཕོ་བྲང་ལྟ་བུ་ལ༔ སྤྱན་དྲངས་མཆོད་བསྟོད་རྒྱས་པར་བྱ༔ གསོལ་བ་བཏབ་ལ་མོས་གུས་བསྐྱེད༔ འབྱུང་པོ་ཚོགས་ལ་གཏོར་མ་སྦྱིན༔ དེ་»ནི«་སྔོན་དུ་འགྲོ་བ་འོ༔ དེ་ནས་སྤྱོད་པ་དངོས་གཞི་ནི༔ ཙོག་བུ་སྐྱིལ་ཀྲུང་ཁྲུ་ཁྱུད་བྱ༔ རླུང་རོ་དབྱུང་ལ་བར་ཆད་སྦྱང་༔ སྐད་ཅིག་ཆོས་འབྱུང་དམར་པོའི་ནང་༔ པད་ཉི་རོ་ཡི་གདན་སྟེང་དུ༔ ཧྲཱིཿལས་རྡོ་རྗེ་ཕག་མོར་བསྐྱེད༔ གྲི་གུག་ཐོག་ཁྲག་སྐྱིལ་ཀྲུང་བྱས༔ རིན་ཆེན་རྒྱན་གྱིས་སྤྲས་པར་བསམ༔ དེ་དབུས་དབུ་མ་སྔོན་པོ་ནི༔ དྲང་བཤན་ཟངས་དུང་ལྟ་བུ་ཡི༔ མར་སྣ་སུམ་མདོའི་ཉི་སྟེང་དུ༔ རྡོ་རྗེ་ཕག་མོ་རྒྱ་གྲམ་ལ༔ ལྟེ་བར་ཨ་ཐུང་དམར་པོ་སྟེ༔ འོད་ཟེར་ལྡན་པ་བསྐྱེད་པར་བྱ༔ ཡར་སྣ་ཚངས་པར་ཟླ་སྟེང་དུ༔ ཀུན་བཟང་དམར་པོ་གཟི་བརྗིད་ལྡན༔ རྡོ་རྗེ་དྲིལ་བུ་འཛིན་པ་ལ༔ རིན་ཆེན་རྒྱན་གྱིས་བརྒྱན་པར་བསྐྱེད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཅས༔ ཐུགས་ཁར་ཧཱུྃ་བསམ་འོད་དང་ལྡན༔ ཤེས་པ་རྩེ་གཅིག་ལ་གཏད་དེ༔ དེ་ནས་རླུང་གི་སྦྱོར་བ་ནི༔ སྟེང་མནན་འོག་འཐེན་བར་དུ་བྱ༔ སྦྱོར་བ་འདི་དང་ལྡན་པའི་ཚེ༔ ལྟེ་བའི་ཨ་ལས་ཐིག་ལེ་ནི༔ དམར་པོ་ཡུངས་ཀར་འཚེར་བ་ཙམ༔ རྒྱུན་མ་ཆད་པར་འཕྲོས་པ་ནི༔ བར་མཚམས་མེད་པར་འགྲོ་བྱས་ནས༔ བླ་མའི་ཐུགས་ཀར་ཧཱུྃ་ལ་ཐིམ༔ རིམ་རིམ་ཉིད་ནི་བསྟིམ་པར་བྱ༔ ཐིག་ལེ་འབར་འཕྲོ་བཅད་པར་བྱ༔ ཡང་ནི་སླར་ཡང་རླུང་བཟུང་བསྟིམ༔ འདི་ལ་དྲག་ཏུ་གོམས་པ་ན༔ སྤྱི་བོ་ཟ་དང་ཆུ་བུར་དང་༔ ཚག་ཚག་བྱུང་ན་ཚད་ཡིན་ཏེ༔ ཚངས་པའི་སྒོ་ནི་བྱང་བར་འགྱུར༔ དེ་ཚེ་བླ་མ་ཨ་ལ་བསྟིམ༔ གཉིས་སུ་མེད་པར་མཉམ་པར་བཞག༔ མཐར་ཐུག་ལས་ལ་སྦྱར་བ་ནི༔ འབྱུང་བ་འདུ་འབྲལ་ཐིམ་སྡུད་དང་༔ དུས་ཀྱི་ཐ་མ་འཆི་བའི་ཚེ༔ དཀོན་མཆོག་མཆོད་བཤམས་གསོལ་བ་བཏབ༔ རང་ལུས་ཙོག་པུ་སྐྱིལ་ཀྲུང་ངམ༔ ཡང་ན་སེང་གེའི་ཉལ་སྟབས་སུ༔ མཁའ་འགྲོའི་དཀྱིལ་འཁོར་གསལ་བར་བསྐྱེད༔ དབུ་མ་སུམ་མདོར་རྒྱ་གྲམ་བཅའ༔ ཨ་ལས་ཐིག་ལེ་འཕྲོས་བྱས་ཏེ༔ སྤྱི་བོར་ཀུན་བཟང་སྔར་ལྟར་བསྟིམ༔ འོད་ཟེར་ལྔ་དང་ལྡན་པ་བསྐྱེད༔ ཤེས་པ་དེ་ལ་མ་ཡེངས་གཏད༔ མཆོད་པས་མཆོད་ལ་མོས་གུས་བསྐྱེད༔ གསོལ་བ་སྙིང་གི་དཀྱིལ་ནས་བཏབ༔ ཉེར་གཅིག་བར་དུ་ཐིག་ལེ་བསྟིམ༔ དེ་ནས་སུམ་མདོར་མཁའ་འགྲོ་མ༔ འོད་ཕུང་ཐ་མའི་ལམ་ལ་བསྟིམ༔ སྤྱི་བོར་ཀུན་བཟང་དབྱེར་མེད་བཞུགས༔ བླ་མ་འོད་ཟེར་ལྔའི་རང་བཞིན༔ མཁའ་ལ་འདོམ་གང་ཙམ་དུ་འཕར༔ རབ་ཀྱིས་འོད་གསལ་ཆོས་སྐུར་བསྟིམ༔ འབྲིང་གིས་འཇའ་ལུས་ལོངས་སྐུར་བསྟིམ༔ ཐ་མས་སྣ་ཚོགས་སྤྲུལ་སྐུར་བསྟིམ༔ རབ་ཀྱིས་འོད་གསལ་བསྟིམ་པ་ནི༔ མཐའ་བྲལ་རྣམ་དག་ཀུན་བཟང་ཀློང་༔ མི་གཡོ་མཉམ་ཉིད་ཆེན་པོར་བསྟིམ༔ འབྲིང་གིས་ལོངས་སྐུར་བསྟིམ་པ་ནི༔ རྣལ་འབྱོར་རྩལ་དང་ལྡན་པ་ཡིས༔ སྐུ་གསུམ་རིམ་བཞིན་བསྲེ་བས་བསྲེ༔ ཞི་ཁྲོའི་སྐུ་དང་ཞིང་ཁམས་ལ༔ ཡེ་ཤེས་རོ་གཅིག་རོལ་པར་བསྲེ༔ ཐ་མས་སྤྲུལ་སྐུར་བསྟིམ་པ་ནི༔ སྣང་ཡུལ་སྐུ་ལ་འཇུག་པར་བྱ༔ རྣལ་འབྱོར་རྩལ་དང་ལྡན་པ་ཡིས༔ སྐུ་གསུམ་རིམ་གྱིས་བསྲེ་བ་སྟེ༔ ཆོས་སྐུ་སྐྱེ་མེད་ཞག་བདུན་ལ༔ ལོངས་སྐུའི་ཞི་ཁྲོར་ཞག་བདུན་གནས༔ སྤྲུལ་པའི་སྐུ་ལ་ཞག་བདུན་གནས༔ བདུན་གསུམ་ཉི་ཤུ་རྩ་གཅིག་རྫོགས་པ་ན༔ འདོད་པའི་ལུས་ལ་རབ་ཏུ་འཇུག༔ ཤིན་ཏུ་ཐ་མར་གྱུར་པ་རྣམས༔ བླ་མ་ཀུན་བཟང་མཁའ་འགྲོའི་ཚོགས༔ མཁར་བསྟིམ་འཇའ་ལུས་ཆོས་ཉིད་དབྱིངས༔ དབྱེ་བ་མེད་པར་མོས་གུས་བྱ༔ དེ་ཡང་བར་དོ་དག་པར་འགྱུར༔ སྒྱུ་ལུས་འཕོ་ཚེ་འདུན་པ་གཅེས༔ གོམས་ཤུགས་དྲག་རྩལ་གྱིས་འཕང་ངོ་༔ མན་ངག་གནད་ཀྱི་གདམས་པ་ཡིན༔ གྲོང་ཁྱེར་འཕོ་བའི་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གཏད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔» ༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).