Ngb-pt-0227-vol-03-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
m (Move page script moved page Ngb-pt-0227-vol2-text to Ngb-pt-0227-vol-03-text)
 
(One intermediate revision by the same user not shown)
(No difference)

Latest revision as of 08:13, 20 March 2020

Front

Body

རྒྱ་གར་སྐད་དུ། སུ་ག་ཏ་ས་མུ་དྭ་ཡ་མནྟྲ་ཏསྒྲོཨུསྟ་རོསྟ་ད་ནཱ་མ། བོད་སྐད་དུ། བདེ་གཤེགས་འདུས་པའི་སྔགས་རྒྱུད། ཕྱི་མའི་ཕྱི་མ་ཞེས་བྱ་བའོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་དང་། རིག་འཛིན་རྣམས་ཀྱིས་བསྐོར་ཏེ་བཞུགས་པ་ལས། དེའི་ཚེ་རྡོ་རྗེ་ཆོས་ལ་སོགས་པའི་རིག་འཛིན་རྣམས་ཀྱིས་བསྐོར་བ་ལན་སྟོང་བྱས་ཏེ། འདི་སྐད་ཞུས་སོ། །ཨེ་མ་སྤྱི་དཔལ་ཆེན་པོ་ལགས། །མ་འོངས་རྣལ་འབྱོར་སྒྲུབ་པ་པོས། །སྔགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །སྔགས་ཀྱི་དེ་ཉིད་བཤད་པར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། མ་འོངས་རྣལ་འབྱོར་དོན་ཆེད་དུ། །སྔགས་ཀྱི་དོན་རྣམས་ཞུ་བ་ལེགས། །དོན་གྲུབ་དངོས་གྲུབ་འཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །དེ་ཡང་སྒྲུབ་ཐབས་རྣམ་པ་བརྒྱད། །ཆེ་མཆོག་ཡོན་ཏན་བསྒྲུབ་པ་དང་། །ཡང་དག་ཐུགས་ཀྱི་བསྒྲུབ་པ་དང་། །འཇམ་དཔལ་སྐུ་ཡི་བསྒྲུབ་པ་དང་། །པདྨ་གསུང་གི་བསྒྲུབ་པ་དང་། །ཕུར་པ་ཕྲིན་ལས་བསྒྲུབ་པ་དང་། །མ་མོ་རྦོད་གཏོང་བསྒྲུབ་པ་དང་། །འཇིག་རྟེན་མཆོད་བསྟོད་བསྒྲུབ་པ་དང་། །དམོད་པ་དྲག་སྔགས་བསྒྲུབ་པ་དང་བརྒྱད། །འདི་རྣམས་བསྒྲུབ་པ་བཀའ་བརྒྱད་ཡིན།༷ །ཨཱོཾ༷་བཛྲ་ཀྲོ་ཏ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་གཉིས་པ། །ཆེ་མཆོག་ཡོན་ཏན་སྙིང་པོ་ཡིན། །ཨཱོཾ༷་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། གསང་སྔགས་ཡི་གེ་འབྲུ་དགུ་པ། །ཡང་དག་ཐུགས་ཀྱི་སྙིང་པོ་ཡིན། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་བཱཏྣ་༷ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་བདུན་པ། །འཇམ་དཔལ་སྐུ་ཡི་སྙིང་པོ་ཡིན། །ཨོ་པདྨརྙ་ཀྲིཏ་བཛྲ༷་ཀྲོ་དྷ་ཧ་ཡ་རྒི་བ་ཧུ༷་ཕཊ། གསང་སྔགས་ཡིག་འབྲུ་བཅུ་བཞི་པ། །པདྨ་གསུང་གི་སྙིང་པོ་ཡིན། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣྲུ༷་བ༷་ཧུ༷་ཕཊ། གསང་སྔགས་ཡིག་འབྲུ་བ༷ཅུ་བཞི་པ། །ཕུར་པ་ཕྲིན་ལས་སྙིང་པོ་ཡིན། །ཨཱོཾ་གུ་རྒྱ་ཙྭ་ན་ཉི་ཧེ་རུ་ཀ་གུ་རྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་སྟུ༷། མ་མ་ཡོ་གི་ནི༷་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། །གསང་སྔགས་ཡི་གེ་སུམ་ཅུ་པ། །མ་མོ་རྦོད་གཏོང་སྙིང་པོར་བཤད། །ཨཱོཾ་བཛྲ་ཙཎྜསརྦ་དུཁུ་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་པ་ནི། །འཇིག་རྟེན་མཆོད་བསྟོད་སྙིང་པོར་བཤད། །ཨཱོཾ་བཛྲ་སརྦ་དུཁུ་ཧུ༷་ཕཊ། གསང་སྔགས་ཡི་གེ་བརྒྱད་པ་ནི། །དམོད་པ་དྲག་སྔགས་སྙིང་པོར་བཤད། །བཀའ་ཡི་གསང་རྒྱུད་ཐམས་ཅད་རྣམས། །བསྡུས་པས་བསྒྲུབ་པ་བརྒྱད་དུ་འདུས། །སྔགས་ཀྱི་གཏན་ཚིགས་ཚད་མ་འདི། །ཐབས་ཀྱི་རྒྱལ་པོར་གནས་པའོ། །འདི་དང་ལྡན་པའི་རྣལ་འབྱོར་གང་། །སྔགས་ཀྱི་དངོས་གྲུབ་རང་ལ་ཤར། །ཡིདབཞིནནོརབུམབཙལ་རྙེད། །བྱ་བའི་ལས་ལ་ཐེ་ཚོམ་མེད། །འདི་དང་མི་ལྡན་རྣལ་འབྱོར་གང་། །ཕྱོགས་འགའ་ཙམ་ལ་བརྟེན་པ་རྣམས། །སྔགས་ཀྱི་དེ་ཉིད་མ་རྟོགས་པར། །བྱ་བའི་ལས་རྣམས་ཀུན་ལ་རྨོངས། །ཞེས་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིག་འཛིན་རྣམས་ཀྱིས་ཞུས་པ། །སྤྱི་དཔལ་ཆེན་པོ་ཐབས་ལ་མཁས། །ཐབས་དང་ཤེས་རབ་ཡི་གེ་ལས། །སྔགས་ཀྱི་ན་ཡ་བརྩི་བའམ། །ཡི་གེ་བཏུ་བ་ཇི་ལྟར་ལགས། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སྐྱེ་བ་མེད་པའི་རང་བཞིན་ལས། །སྐྱེ་བའི་ཆོ་འཕྲུལ་བསྟན་པ་ནི། །ཐབས་དང་ཤེས་རབ་ཡི་གེ་སྟེ། །ཐབས་ནི་རྡོ་རྗེའི་རང་བཞིན་ལ། ཁྲེས་རབ་པདྨའི་རང་བཞིན་ནོ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྔགས་ཀྱི་སྒྲ་ནི་སྣ་ཚོགས་འབྱུང་། །དེ་ཡི་རྣམ་པ་འདི་ལྟར་བཤད། །ཀ་ཁ་ག་ཀྟ་ང་། །ཙ་ཚ་ཛ་རྙོ་ཉ། །ཊ་ཋ་ཌ་བྷ་ཎ། ཏ་ཐ་ད་དྷ་ན། །པ་ཕ་བ་བྷ་མ། །ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ༷༷ སྒྲའི་གནས་བརྒྱད་ནས་བྱུང་བ་འདི་རྣམས་ནི། ཐབས་རྡོ་རྗེའི་ཡི་གེ་ཡིན་ཏེ། སྡེ་ཚན་བརྒྱད་པའོ། །ཨ་ཨུ། ཨི་སྙི། ཨུ་སྐྲུ། རི་རྡི། ལི་སྙི། ཨེ་ཞི། ཨོ་ཨཱོཾ། ཨ༷་ཨ། སྡེ་ཚན་བརྒྱད་དང་སྦྱར་བ་ཡིས། །དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་རྣམས་ནི། ཤེས་རབ་པདྨའི་ཡི་གེའོ། །གཉིས་སུ་མེད་པའི་རང་བཞིན་ལས། །ཡི་གེ་བཏུ་བ་འདི་ལྟར་བཤད། །ཐམས་ཅད་ཀུན་གྱི་དང་པོ་ལ། །དབྱིངས་ཡིག་གཉིས་པ༷ས་འོག་ཏུ་བརྒྱན། །དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། །དེ་ལ་དབྱངས་ཡིག་བཅོ་ལྔ་པས། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །འདི་ནི་ཡེ་ཤེས་ལྔ་རྫོགས་ཡིན། །སྔགས་རྣམས་ཀུན་གྱི་མགོ་ལ་བཞག །ཨཱོཾ། པ་ཚན་གསུམ་པ་གཞག་པར་བྱ། །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་བརྒྱན། །ཀ་ཚན་དང་པོ་གཞག་པར་བྱ། །ཡ་ཚན་གསུམ་པ་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་བཞག །མ་ཚན་ཡི་གེ་ལྔ་པ་བཞག ་་ཚན་ཡི་གེ་བཞི་པ་བཞག ཁྲ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན །ཀ་ཚན་ཡི་གེ་དང་པོ༷་བཞག ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་སྟེང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཀྲོ་ཏ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཉིས་པ། །ཆེ་མཆོག་ཡོན་ཏན་སྙིང་པོ་དེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །ཕ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཤ་ཚན་བཞི་པས་སྤྲས། །དེ་ལ་ཡ་ཚན་དང་པོས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བ༷རྒྱན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་སྤྲས། །ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཨོ་དང་ཕཊ་ཀྱི་ཐོག་མཐའ་བརྟེན། །གསང་སྔགས་ཡི་གེ་འབྲུ་བདུན་པ། །ཡང་དག་ཐུགས་ཀྱི་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །ཐམས་ཅད་ཀུན་གྱི་དང་པོ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་གསུམ་པོ་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་དང་པོ་བཞག །པ་ཚན་ཡི་གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་པ་བཞག །ཡ་ཚན་ཡི་གེ་དང་པོ་བཞག །ཀ་ཚན་ཡི་གེ་གསུམ་པ་བཞག །ཡ་ཚན་གསུམ་པ་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །པ་ཚན་ཡི་གེ་གསུམ་པ༷་བཞག ་་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་པདྷན་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་བཞི་པ། །པདྨ་དབང་ཆེན་སྙིང་པོ་སྟེ། །འཁོར་དང་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །དེ་ནས་པ་མཚན་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པ་བཞག །ཡ་ཚན་གསུམ་པས་འོག་ཏུ་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཡ་ཚན་ཡི་གེ་དང་པོ་བཞག ཁྲ་ཚན་ཡི་གེ་གསུམ་པ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེའོགཔཚནགསུམཔསསྤྲས། །པཚནཡིགེགསུམཔ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེདངཀཚནབཞིཔདང། །ཏཚནཡིགེལྔགཉིས་ ན། །དབྱངས་ཀྱི་ཡི་ ་ ཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པ་བཞག །ཀ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་གསུམ་པས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་དང་པོ་བཞག །ཡ་ཚན་ཡི་གེ་གཉིས་པར་ལྡན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་མཛེས། ་་ཚན་ཡི་གེ་གསུམ་པ་བཞག །དེ་ལ་ཏ་ཚན་དང་པོས་སྤྲས། །ཡ་ཚན་ཡི་གེ་གཉིས་པར་ལྡན། །སྟེང་དུ་དབྱངས་ཡིག་བཅོ་ལྔས་མཛེས། །པ་ཚན་ཡི་གེ་ལྔ་གཉིས་བཞག །ཡ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཅུ་གསུམ་མཛེས། །ཀ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་མཛེས། །ཏ་ཚན་ཡི་གེ་ལྔ་པ་བཞག །དེ་ལ་དབྱངས་ཡིག་བཞི་པས་མཛེས། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་བཞི་པ་བཞག །ཡ་ཚན་ཡི་གེ་དང་པོར་ལྡན། །དེ་ལ་དབྱངས་ཡིག་བཅུ་གསུམ་སྤྲས། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་བཞག །དེ་ལ་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་གུ་རྒྱ་ཙྭ་ན་ཤི་ཧེ་རུ་ཀ་གུ་རྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་སྟོ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧུ༷་སྤྱོ་ཧུ༷་ཕཊ། གསང་སྔགས་ཡི་གེ་སུམ་ཅུ་པ། །མ་མོ་རྦོད་གཏོང་སྙིང་པོ་ཡིན། །འཁོར་དང་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །ཙ་ཚན་ཡི་གེ་དང་པོ་བཞག །དེ་དང་ཊ་ཚན་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཤ་ཚན་གསུམ་པས་སྤྲས། །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་པ་ཚན་གསུམ་པས་སྤྲས། །ཏ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། ཁྲ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཊ་ཚན་དང་པོས་སྤྲས། །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ༷ ་པར་ལྡན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་ཙཎྜསརྦ་དུཛི༷་ཧུ༷་ཕཊ། གསང་སྔགས་ཡི་གེ་བཅུ་པ་ནི། །འཇིག་རྟེན་མཆོད་བསྟོད་སྙིང་པོ་དེ། །འཁོར་དང་བཅས་པའི་སྔགས་སུ་བསྟན། །ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག །པ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། ཁྲ་ཆེན་ཡི་གེ་གསུམ་པ་བཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་པ་ཚན་གསུམ་པས་སྤྲས། །ཏ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། ཁྲ་ཚན་ཡི་གེ་གསུམ་པ་བཞག །དེ་འོག་ཊ་ཚན་དང་པོ་བཞག །དེ་ལ་དབྱངས་ཡིག་གཉིས་པར་ལྡན། །དེ་དང་ཏ་ཚན་ལྔ་པར་སྡུན། ཁྲ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བརྒྱན། །ཕ་ཚན་ཡི་གེ་གསུམ་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ཨཱོཾ་བཛྲ་སརྦ་དུཁྱི༷་ཧུ༷་ཕཊ།གསང་སྔགས་ཡི་གེ་བརྒྱད་པ་ནི། །དམོད་པ་དྲག་སྔགས་སྙིང་པོ་སྟེ། །འཁོར་དང་བཅས་པའི་སྔགས་སུ་བསྟན། །ཞེས་གསུངས་སོ། །སྔགས་ཀྱི་ཡི་གེ་བཏུ་བའི་ལེའུ་སྟེ་གཉིས་པའོ།། །།སྤྱི་སྔགས་ཀྱི་སྐབས་ཏེ་དང་པོའོ།། །།དེ་ནས་རིག་འཛིན་རྣམས་ཀྱིས་གསོལ་པ། སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་། །སྤྱི་སྔགས་བཏུ་བ་དེ་ལགས་ན། །སོ་སོའི་སྔགས་ཀྱི་ཕྲེང་བ་རྣམས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སོ་སོའི་སྙིང་པོ་བཤད་ཀྱིས་ཉོན། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི། །སྔགས་ཀྱི་རིམ་པ་འདི་རྣམས་སོ། །ཨོ་བྲརྙ་བེ་རོ་ཙ་ན་ཨོ། ཨོ་བཛྲ་དེ་ཏི་ཤ་ཡ་ཤ་ར་ཏི་ཨོ། ཨོ་བཛྲ་ཨཀློ་བྷ་ཧྭ༷། ཨོ་བཛྲ་བུརྙ་ལོ་ཙ་ན་ཧུ༷། ཨོ་རཏྣ་སལྷ་བ་ཧྭ༷། ཨོ་བཛྲ་བསྟོ་ར་ལི་ནི་ཧྭ༷། ཨོ་བཛྲ་ཨ་མི་ཏྭ་བྷ་དྷི༷༷། ཨོ་བཛྲ་མུ་མ་ཀི་ཧི༷༷ ཨོ་བཛྲ་ཨ་མོ་སྙ་སིརྙ་ཨ། ཨོ་བཛྲ་ས་མ་ཡ་ཏྭ་རྭ་ཧྭ། ཨོ་བཛྲ་ས་མརྙ་བྷ་དྲ་ཧུ༷། ཨོ་བཛྲ་དྷ་ར་ཧུ༷། ཨོ་བཛྲ་ས་ཏྭ་ཧུ༷། ཨོ་བཛྲ་རྭ་ཛ་ཧུ༷། ཨོ་བཛྲ་རྭ་ག་ཧུ༷། ཨོ་བཛྲ་སྭ་དྷ་ཧུ༷། ཨོ་བཛྲ་ལྭ་པྱེ་ཧུ༷། ཨོ་བཛྲ་དྷ་པེ་ཧུ༷། ཨོ་བཛྲ་ཨ༷་ཀུ་ཤ་ཧུ༷། ཨོ་བཛྲ་དི་བ༷་ཤྭ་ར་ཏིཧྭ༷། ཨོམཉུཤིཀུམྱུརམུལ་ཏྲུ༷། ཨོ་རཏྣ་དྷ་ར་ཧུ༷། ཨོ་བཛྲ་རཏྣ་ཧུ༷། ཨོ་བཛྲ་སྒུརུ་ཏྭ༷། ཨོ་བཛྲ་ཀེ་ཏུ་ཧི༷༷ ཨོ་བཛྲ་ཧ་ས་ཧ། ཨོ་བཛྲ་སྨྱུ་ལེ༄་ཧུ༷། ཨོ་བཛྲ་པྲརྫེ་ཏྲུ༷། ཨོ་བཛྲ་བཱ་རྒེ་ཧི༷༷ ཨོ་བཛྲ་སུ་ཁ་ཧྭ། ཨོ་སརྦ་ཏ་ཐུ་ག་ཏ་ཨ་བ་ལོ་གི་ཏེ་ཀྭ་རུ་ཎ་མ་ཧྭ་རྭ་ཛ་སྙི༷༷ ཨོ་པདྨ་དྷ་ར་ཧྲི༷༷། ཨོ་བཛྲ་དྷརྣ་ཧྭ༷། ཨོ་བཛྲ་ཏིསྐོ་ཏྲེ། ཨོ་བཛྲ་བྷ་ཥ་སྙི༷༷ ཨོ་བཛྲ་ཙཀྲ་ཧྭ། ཨོ་བཛྲ་གིརྟི་ཧྭ༷། ཨོ་བཛྲ་ཨུ་ལོ་ཀེ་ཏྭ༷། ཨོ་བཛྲ་སྐྲོ་ཊ་སྣྲི༷༷ ཨོ་བཛྲ་རྭ་ག་ར་ཏི་ཧྭ། ཨོ་བཛྲ་བཱ་ཁི་ས་མརྙ་ཧུ༷། ཨོ་བཛྲ་ཀརྨ་དྷ་ར་ཧུ༷། ཨོ་བཛྲ་ཀརྨ་ཧུ༷། རྨོ་བཛྲ་རཀྟ་ཏྲུ༷། སྐོ་བཛྲ་ཡཀྟ་ཧི༷༷ ་་བཛྲ་སརྙི་ཧི།འཨོ་བཛྲསྣྲ་ཏྲེ་ཧུ༷། ཨོ་བཛྲ་གརྙེ་ཧྲུ༷། ཚེ་བཛྲ་བྷཎྜ་ཧི༷༷ ཨོ་བཛྲ་ཨུ་བེ་ཤ་ཧྭ། ཨོ་སྤྱི་ཏི་གསྟོ་རཏྣ་ཨོ། ཨོ་བཛྲ་ནིརྟི་ཧཱུཾ།ཨོ་དྷརྨ་ཀེ་ཏུ་ཧུ༷། ཨོ་ཀེ་ཏི་ཤྭ་ར་རྭ་ཛ་ཧྭ༷། ཨོ་པདྨ་ལ་པདྨ་དྷ་ར་ཧི༷༷། ཨོ་རཏྣ་པྲབྷ་ཧྭ། ཨོ་བཛྲ་ཁ་༷་ག་པྲ་ལ་ཡ་ཧུ༷། ཨོ་བཛྲ་ཨ་མོ་ཀྟ་ཤ་ར་ཡ་ཏྭ༷། ཨོ་བཛྲ་རྭ་ག་ས་མ་ཡ་སྙི༷༷། ཨོ་བཛྲ་སྙཎྜཛ་ལ་ཡ་ཧྭ། ཨོ་ཨུ་ཀྭ་ཤ་གསྙེ་གྲྭ་ཧྭ། ཨོ་རཏྣ་ནི་ཏྲེ་ཏྣ༷། ཨོ་ཨུ་ལོ་ཀ་ཨ་གྲ་པྲ་བརྟ་ཧུ༷། ཨོ་མུ་དྲ་རྭ་ཛ་པྲ་བྷ་ཏ་ཏྣ༷། ཨོ་པྲ་ཏི་བྷ་ན་རྭ་ཛ་ནེ་སྙི༷༷ ཨོ་པྲ་ཏི་བྷ་ན་ཀུ་ཊ་ཡེ་ཧྭ། ཨོ་བཛྲ་ཨུ་བླུ་བ་ཧུ༷། ཨོ་བཛྲ་ཀེ་ཏུ་ཧྲུ༷། ཨོ་བཛྲ་བི་ཏྭ་ན་སྙི༷༷། ཨོ་ཚཏྲི་ཧྭ།ཨོརྒི་ ་མ་ཧྭ་མི་ཏྲི་ཧུ༷། ཨོ་པདྨ་ནི་ཏི་ཨོ། ཨོ་ཀ་མ་ལ་རྭ་ཛ་མ་ཧྭ་རྭ་ཛ་ཧྭ༷། ཨོ་པདྨ་མ་ལ་པདྨ་དྷ་ར་ཏྲ༷། ཨོ་བཛྲ་ཨ་ཀློ་བྷ་ཧི༷༷། ཨོ་ཨ་མོ་་ཀྟ་རྭ་ཛ་ཡ་ཧྭ༷༷ ཨོ་བི་མ་ལི་ཀརྨ་མསྐྲུ་ཥཡ་ཧུ༷། ཨོ་ཛ་ལི་མི་ལི་ཧུ་ལུ་བ་ཏྲེ་བ་ཏུ་ས་བ་ཏྲེ་ཧྲུ༷།ཨོ་ཏ་ཀ་རུ་ན་ཛ་ལ་པུ་ཙ་པརླེ་སྤྱི༷༷། ཨོ་ཏྲ་ས་ནི་བི་ཏྲ་ས་ནི་བི་ཏྲ་ས་ནི་ཧ། ཨོ་སརྦ་ནི་བ་ར་ཎ་བི་་།་དྷ་ཡ་བ་རེ་ཨོ། ཨོ་ཀརྨ་ནི་ཏེ་ཧུ༷། ཨོ་རསྣེ་ཤྭ་ར་རཏྣ་དྷ་ར་ཧུ༷། ཨོ་ཀརྨ་སིརྙི་རཏྣ་དྷ་རྭ་ཡ་ཧྭ༷། ཨོ་ཨུ་ར་ཏི་ཤཱསྟུ་དྷ་ར་ཡ་སྙི༷༷ཨོ་ཨ་ཙ་ལ་ཨསྨྱོ་བྷ་དྷ་ར་ཡ་ཧྭ། ཨོ་ཛ་ཡ་ཛ་ཡེ་བ་ཏེ་སརྦ་ཤ་ནི་ཧུ༷། ཨོ་ཛ་ལ་པྲ་ཛ་ལ་ད་ཧ་པ་ཙ་ཏྭ༷། ཨོ་གརྙེ་ཙུ་རུ་མ་ཧྭ་པ་ཤར་ཨ་ཏི་ཏེ་སྤྱི༷༷ ཨོ་ཧ་ཀ་ཧུ་རུ་ན་པྲ་ཀ་རི་ཧྭ། ཨོ་མུ་ནི་ཀྲི་སྲུ་ཧྭ། ཨོ་མུ་ནེ་ཧུ༷་ཏྲུ༷་གྲྭ་ཧྭ། ཨོ་མུ་ནེ་སྲུ༷་གྲྭ་ཧྭ། ཨོ་མུ་ནེ་པྲ༷་གྲྭ་ཧྭ། ཨོ་མུ་ནེ་ཀྟ༷་གྲྭ་ཧྭ། ཨོ་མུ་ནེ་ཡེ་སྲུ་ཧྭ། ཨོ་བཛྲ་ཨ༷་ཀུ་ཤ་ཛ༷༷། ཨོ་བཛྲ་བཱ་ཤ་ཧུ༷། ཨོ་བཛྲ་སྤྲོ་ཊ་བ༷། ཨོ་བཛྲ་བྷསྟེ་ཧོ༷༷ དམ་པ་རིགས་བརྒྱའི་སྔགས་སོ། །ཧུ༷་ཧུ༷་ཧུ༷་བཛྲ་ཙིསྟ་ཨཱོཾ༷། ཨ་ཨ་ཨ་བརྡོ་བྷ་དྲུ་ས་མརྙ་ཨོ། ཨོ་ཛི་ན་ཛིཀ །ཧུ༷་བཛྲ་སྙིཀ །གྲྭ་རཏྣལྷོཀ །ཨུ༷་ཨུ་རོ་ལིཀ །ཧྭ་པྲཙྭ་སྙིཀ །ལྭ༷་དེ་ཥ་ར་ཏི། མྱུ༷་དྷ་ཏི་ཤྭ་རྡི། བཱ༷་མོ་ཧ་ར་ཏི། པྱི་རྭ་ག་ར་ཏི། ཧཱུཾ་བཛྲ་ར་ཏི། སྟོ་ཧི་རྭ་ཛུ་ཡ། ཧཱུཾ་ཨུ་གསྒྲོ་ཡ། སྙི༷༷པདྨ་བཱ་ད་མ། ཛི་ཀུ་རུ་བཱ་ཎ། མི་ཏྲི་དྷ་ར་ཁེ་གྲྭ་ཧྭ། སྙི་ནིསྒ་ར༷་བྷ་ཡ་སྲུ་ཧྭ། ཧུ༷་སུ་རྭ་ཛུ་ཡ་གྲྭ་ཧྭ། མུ༷་ཤི་ཨུ༷་རྭ་གྭ་ཡ་གྲྭ་ཧྭ། ཧུ༷་ལྭ་པྱེ་ས་མ་ཡ་སྟུ༷། ཏྲ༷་ནཱ་ལེ་ས་མ་ཡ་ཧོ།སྙི་གིརྟི་རྭ་གོ྅ཧ༷། ཨ༷་ནིརྟི་རྭ་ག་ཡུ་མི། ཛ༷༷རྙུ་པེ་པྲ་ཝེ་ཤ །ཧུ༷་་བྱུ་སྣྲོ་ཨུ་བེ་ཤ །བ༷་དི་བ་སུ་གི་རྡི། ཧོ་༷གརྙེ་ཙིསྟ། ཨོ་མུ་ནེ་ཀྲི་གྲྭ་ཧྭ། ཨོ་མུ་ནེ་ཧུ༷་ཏྲུ༷་གྲྭ་ཧྭ། ཨོ་མུ་ནེ་སྲུ༷་གྲྭ་ཧྭ། ཨོ་མུ་ནེ་པྲ༷་གྲྭ་ཧྭ། ཨོ་མུ་ནེ་ཀྟ༷་གྲྭ་ཧྭ། ཨོ་མུ་ནེ་ཡེ་གྲྭ་ཧྭ། ཨོ་ཡ་མུརྙ་ཀྲིཏ་ཕཊ། ཨོ་པྲཙྭརྙ་ཀྲིཏ་ཕཊ། ཨོ་པདྨརྙ་ཀྲིཏ་ཕཊ།ཨོ་བིསྒྱུ༷་ཏ་ཀྲིཏ་ཕཊ། ཨོ་མ་ཧྭ་བཛྲ་དྷ་རོ་མ་ཧྭ་ཀྲོ་དྷི་ཤྭ་རྡི་ཛ་ལ་ནི་ཧུ༷་ཕཊ། ཨོ་མ་ཧྭ་རཏྣ་དྷ་རོ་མ་ཧྭ་ཀྲོ་དྷི་ཤྭ་རྡི་ཛ་ལ་ནི་ཧུ༷་ཕཊ། ཨོ་མ་ཧྭ་པདྨ་དྷ་རོ་མ་ཧྭ་ཀྲོ་དྷི་ཤཱ་རྡི་ཛ་ལ་ནི་ཧུ༷་ཕཊ། ཨོ་མ་ཧྭ་ཀརྨ་དྷ་རོ་མ་ཧྭ་ཀྲོ་དྷི་ཤྭ་རྡི་ཛ་ལ་ནི་ཧྭ༷་ཕཊ། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི་ལེའུ་སྟེ་གསུམ་པའོ།། །།ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ་ཕཊ། ཨོ་མ་ཧྭ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་ཤི་མ་ཧྭ་རསྒ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཤི་མ་ཧྭ་གུ་རྒྱ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཤི་མ་ཧྭ་བི་ཤྭ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཤི་མ་ཧྭ་ཡསྒ་ཧེ་རུ་ཀ་ཧུ༷་ཕཊ། ཨོ་རསྒ་ཀྲོ་དྷི་ཤཱ་རྡི་ཧུ༷་ཕཊ། ཨོགུརྒྱཀྲོསྡིཤཱརྡི་ཧུ༷ཕཊ། ཨོ་བི་ཤྭ་ཀྲོ༷་དྷི་ཤཱ་རྡི་ཧུ༷་ཕཊ། ཨོ་ཡ༷སྒ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་གརྫ་གརྫ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་ད་ཧ་ད་ཧ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་པ་ཙ་པ་ཙ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲ་དྷ་བརྙ་བརྙ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧུ་ཕཊ། ཨོ་མ་ཧྭ་ཀྲོ་དྷ་ཏིཇི་ཏིཛི་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་སྣྲིཇི་སྣྲིཇི་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་སྟིསྡོ་སྟིསྡོ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་སྤོ་ཊ་སྤོ་ཊ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་ཡ་ཤཱརྙ་ཀྲིཏ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་པྲཙྭརྙ་ཀྲོཏ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་པདྷརྙ་ཀྲིཏ་ཧུ༷་ཕཊ། ཨོ་མ་ཧྭ་ཀྲོ་དྷ་བིསྒྱུ༷རྙ་ཀྲིཏ་ཧུ༷་ཕཊ། ཆེ་མཆོག་ཡོན་ཏན་གྱི་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོ་བཛྲ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་བུརྙ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་རཏྣ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་པདྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་ཀརྨ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་་སྒོ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་རཏྣ་ཀྲོ་དྷི་ཤཱ་རྡི་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་ཀརྨུ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨོ་བཛྲ་གོ་རྡི་ཧ། ཨོ་བཛྲ་ཙོ་རྡི་ཧ། ཨོ་བཛྲ་པྲ་མོ་ཧེ་ཧ། ཨོ་བཛྲ་བེ་ཏྭ་སྙི་ཧ། ཨོ་བཛྲ་པུསྐ་སྙི་ཧ། ཨོ་བཛྲ་བྷསྨ་རྙི་ཧ། ཨོ་བཛྲ་སྨ་ཤ་ནི་ཧ། ཨོ་བཛྲ་ཙཎྜལི་ཧ། ཨོ་བཛྲ་སེདྷ་མུ་ཁྲི་ཧེ། ཨོ་བཛྲ་བྱུ་སྒྲི་མུ་ཁྲི་ཧེ། ཨོ་བཛྲ་སྲི་ག་ལ་མུ་ཁྲི་ཧེ། ཨོ་བཛྲ་ཤྭ་ན་མུ་ཁྲི་ཧི། ཨོ་བཛྲ་གྲིརྙ་མུ་ཁྲི་ཧེ། ཨོ་བཛྲ་ཀ༷་ཀ་མུ་ཁྲི་ཧེ། ཨོ་བཛྲ་ཀྭ་ཀ་མུ་ཁྲི་ཧེ། ཨོ་བཛྲ་ཨུ་ལྕུ་ཀ་མུ་ཁྲི་ཧེ། ཨོ་བཛྲ་ཨུརླ་ཏེ་ཛ་ཏང་ཛ༷༷ ཨོ་བཛྲ་ཨ་མོ་ཀ་ཧུ༷། ཨོ་བཛྲ་ལོ་ཀ་བ། ཨོ་བཛྲ་བྷསྨི་བ་ལ་ཡ་ཏུ་ཧོ༷༷ ཡང་དག་ཐུགས་ཀྱི་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧུ༷་ཕཊ། ཨོ་བེ་ཏྭ་ལི་རསྒ་མ་ན་ཧུ༷་སྨྱོ་ཧུ༷། ཨོ་ཨེ་ཀ་ཛ་ཏི་་ག་རསྒ་ཁ་མུན་ཏྲ་སྙིང་ཁ་རག་མ་རུ་ལུ་རུ་ལུ་སྟོ། འངད་མན་སྔག་སོར་བ་ག །ཨོ་ཡ་མ་རྭ་ཛ་པྲེ་ཏ་ཐོ་ལ་ཡང་ཧུ༷་ཕཊ། ཨོ་ཡ་མ་རྭ་ཛ་པྲེ་ཏ་བྱི་ཏྲི་ཏི་པི་མར་ཏ་ཀ་ཧུ༷་ཕཊ། ཨོ་ཡ་མ་རྭ་ཛ་པྲེ་ཏ་ཛ་ལ་ཧུ༷་ཕཊ། ཨོ་ཡ་མ་རྭ་ཛ་ཀ་ལ་སྟེ་པྲེ་ཏོ་ད་སྟེ་ཏྲ་ཧུ༷་ཕཊ། ཨོ་རག་མོ་རག་མོ་སྙིང་རྩལ་ཤ་མ་སྨྱོ། ཨོ་རག་མོ་རག་མོ་ཁྲག་ལ་མུ་ཤ་མ་སྨྱོ། ཨོ་རག་མོ་རག་མོ་ཏིང་ལ༷་མ་སྨྱོ། ཨོ་རག་མོ་རག་མོ་ཏིང་ཏིང་ཀ་ལ་མ་སྦྱོ། ཨོ་ཧེ་མ་དྷི་བྲི་ཧུ༷། ཨོ་ཡ་མ་རྙེ་བྲི་ཧུ༷། ཨོ་ནཱ་ག་སྟེ་བྲི་ཧུ༷། ཨོ་ཁ་རག་དེ་བྲི་ཧུ༷། ཨོ་བཛྲ་ཡ་མ་རསྒ་ཀྲོ་དྷ་ཧུ༷་ཕཊ། ཨོ་ཡ་མ་སྙི༷༷ལྗོ༷༷ཧུ༷་ཕཊ། ཨོ་ཡ་མ་མ་ཧྭ་བ་ཏ་ཧུ༷་ཕཊ། ཨོ་ཡ་མ་ཧྲི་ཀུ་རུ་ཧུ༷་ཕཊ། ཨོ་ཡ་མ་པ་ཏི་ཧུ༷་ཕཊ། ཨོ་ཡ་མ་ཨུརུ་དྷ་ར་ཧུ༷་ཕཊ།ཨོ་ཡ་མ་རག་ཤ་ཧུ༷་ཕཊ། ཨོ་ཡ་མ་སརྦ་ས་ཏ་ཧུ༷་ཕཊ། ཨོ་ཡ་མ་ཨ་མྲི་ཏ་ལ༷་ཧུ༷་ཕཊ། ཨཱོཾ་ཡ་མ་དྷརྨ་རྭ་ཛ་ཧུ༷་ཕཊ། ཨོ་ཡ་མ་དེ་བ་ཛ་ལ་ར༷་ཧུ༷་ཕཊ། ཨོ་ཡ་མ་སྙི༷༷རྨྱི༷བ༷་ཧུ༷་ཕཊ། ཨོ་མ་མ་རག་མོ་རུ་ལུ་སྨྱོ། ཨོ་རག་མོ་རསྒ་རུ་ལུ་སྨྱོ། ཨོ་མ་མ་ཡག་མོ་རུ་ལུ་སྨྱོ། ཨོ་མ་མ་རསྒ་སྣྲི༷༷སྐྱི༷༷སྙིང་རུ་ལུ་སྨྱོ། ཨོ་མ་མ་རསྒ་མ་ཏི་རུ་ལུ་སྨྱོ། ཨོ་རག་མོ་ཏ་ན་རུ་ལུ་སྨྱོ། ཨོ་མ་མ་ནཱ་ག་རུ་ལུ་སྨྱོ། ཨོ་མ་མ་བ་ཡ་དེ་བ་རུ་ལུ་སྨྱོ། ཨོ་ཡག་མོ་ཡག་མོ་རུ་ལུ་སྨྱོ། ཨོ་མ་མ་བཛྲ་ཨེ་ཀ་རུ་ལུ་སྨྱོ། ཨོ་མ་མ་རག་མོ་རུ་ལུ་སྨྱོ། ཨོ་ཀྭ་སྙི་རག་མོ་རུ་ལུ་སྨྱོ། ཨོ་ཡ་མ་ཨ༷་ཀུ་ཤ་ཛ༷༷། ཨོ་ཡ་མ་བཱ་ཤ་ཧུ༷། ཨོ་ཡ་མ་སྤྲོ་ཊ་བ༷། ཨོ་ཡ་མ་བྷཎྜ་ཧོ༷༷ འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།པདྨ་གསུང་ ་ལྷ་ གས་ཀྱ་སྔགས་བསྟན་པ། ་བཛྲ་མ་ཧྭ་ཀྲོ་དྷ་ཧ་ཡ་ ་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ་ཨེ་ཀ་ཛ་ ་གུ་རྒྱ་ ་ས་མ་ཡ་སྨྱོ་ཛ། ཨོ་བཛྲ་ཀྲོ་ཏ་པ་ཙ་ལ་མུ་ཁ་ཧུ༷་ཛ། ཨོ་བཛྲ་པཀྟ་ཏི་མུ་ཁ་ཧུ༷་ཛ། ཨོ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་སྟིསྡོ་སྟིསྡོ་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་བརྙ་བ་་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་སྦྱིསྡོ་་ན་ཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་གརྫ་གརྫཧུ༷་ཕཊ། ཨོ་པདྨ་ཀྲོ་དྷ་སྐྲོ་ཊ་སྒྲོ་ཊ་ཧུ༷་ཕཊ། ཨོ་གུ་རྒྱ་ཀྲོ་དྷི་ཧུ༷། ཨོ་ཙྭ་ན་ཀྲོ་དྷི་ཧུ༷། ཨོ་རསྒ་ཀྲོ་དྷི་ཧུ༷། ཨོ་ཙིསྟ་ཀྲོ་དྷི་ཧུ༷། ཨོ་བཛྲ་ཀྲོ་དྷི་ཧུ༷། ཨོ་ཡ་མ་ཀྲོ་དྷི་ཧུ༷། ་་ནཱ་ག་ཀྲོ་དྷི་ཧུ༷། ཨོ་ཡསྒ་ཀྲོ་རྙི་ཧུ༷། ཨོ་བཛྲ་ཨ༷་ཀུ་ཤ་ཛ༷༷། ཨོ་བཛྲ་བཱ་ཤ་ཧུ༷། ཨོ་བཛྲ་སྒྲོ་ཊ་བ༷། ཨོ་བཛྲ་བྷསྐོཧོ༷༷ པདྨ་གསུང་གི་ལྷ་ཚོགས་ཀྱི་ལེའུ་སྟེ་བདུན་པའོ།། །།ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཤི་ཀུ་བཱ་ར་ཧུ༷་ཕཊ། ཨོ་དིསྟ་ཏ་ཙཀྲ་རུ་ལུ་རུ་ལུ་སྦྱོ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་རཏྣ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་པདྨ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་ཀརྨ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཧུ༷་ཀྭ་ར་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཡ་བཱརྙ་ཀ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨུརླ་ཨ་ཙ་ལ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་བ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་མ་ཧ་བ་ལ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ར་བ་ཡ་ཏི་ཧུ༷། ཨོ་བཛྲ་ཀྲོ་དྷི་ལྭ་སེ་ཀི་ཧུ༷། ཨོ་བཛྲ་ཀྲོ་དྷི་ཏ་ཏཏྲ་ཡང་ན་པ་ཏི་ཧུ༷། ཨོ་བཛྲ་ཀྲོ་དྷི་ཤཱ་ཤ་ན་བརྟི་ཧུ༷། ཨོ་བཛྲ་ཀྲོ་དྷི་མུ་ས་ལ་ཏི་ཧུ༷། ཨོ་བཛྲ་ཀྲོ་དྷི་ཙཎྜསྙི་ཧུ༷། ཨོ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧུ༷། ཨོ་བཛྲ་ཀྲོ་དྷི་ས་བྱ་མི་ཏ་ཧུ༷། ཨོ་བཛྲ་ཀྲོ་དྷི་མྱ་ར་ཎ་ཧུ༷། ཨོ་བཛྲ་ཀྲོ་དྷི་ཙུཇི་ཡ་ཏི་ཧུ༷། ཨོ་བཛྲ་སྨུ་ཀ་ར་མུ་ཁ་ཧུ༷། ཨོ་བཛྲ་བྱུ་སྤྱ་མུ་ཁ་ཧུ༷། ཨོ་བཛྲ་ཙ་མ་ར་མུ་ཁ་ཧུ༷། ཨོ་བཛྲ་ཧ་རི་ཎ་མུ་ཁ་ཧུ༷། ཨོ་བཛྲ་དི་སྙི་མུ་ཁ་ཧུ༷། ཨོ་བཛྲ་པི་ཌའ་ལ་མུ་ཁ་ཧུ༷། ཨོ་བཛྲ་ཤྭ་ན་མུ་ཁ་ཧུ༷། ཛི་བཛྲ་སིདྷ་མུ་ཁ་ཧུ༷། ཨོ་བཛྲ་ཏ་རཀྱུ་མུ་ཁ་ཧུ༷། ཨོ་བཛྲ་ར༷ཀྟ་མུ་ཁ་ཧུ༷། ཨོ་བཛྲ་ཨུ་ཨི་རུཔཡངཔི་ཀ་མུ་ཁྲི་ཧུ༷། ཨོ་བཛྲ་གྲོརྙེ་མུ་ཁྲི་ཏཱ༷། ཨོ་བཛྲ་ཀྭ་ཀ་མུ་ཁྲི་ཧུ༷། ཨོ་བཛྲ་ཨུ་ལྕུ་མུ་ཁྲི་ཧུ༷། ཨོ་བཛྲ་བཱ་ཡ་ས་མུ་ཁྲི་ཧུ༷། ཨོ་བཛྲ་ཡསྒ་ཏི་མུ་ཁྲི་ཧུ༷། ཨོ་བཛྲ་པ་སྙི་མུ་ཁྲི་ཧུ༷། ཨོ་བཛྲ་ཏི་ཏི་ལ་མུ་ཁྲི་ཧུ༷། ཨོ་བཛྲ་ན་ཀུ་ལ་མུ་ཁྲི་ཧུ༷། ཨོ་བཛྲ་མྱུ་ཁི་ཀ་མུ་ཁེའ་ཧུ༷། ཨོ་བཛྲ་ཡཁྲི་ཁེ་ཧྭ༷། ཨོ་བཛྲ་སྟི་ར་བེ་ཧུ༷། ཨོ་བཛྲབ་ཡཏཡང་ཨ་མྲི་ཏ་ཧུ༷། ཨོ་བཛྲ་མྱ་ར་ཁིའ་ཧུ༷། ཕུར་པ་ཕྲིན་ལས་ཀྱི་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།མ་མོ་རྦོད་གཏོང་གི་སྔགས་བསྟན་པ། ཨོ་ཧུ༷་བཛྲ་ཤི་ཧེ་རུ་ཀ་ཧུ༷་ཨ་ཨ། ཨོ་ཉིད་བཞི་མུ་ཁ་ལེ་ཀྲོ་དྷི་ཤྭ་རྡི་བྷ་ག་པདྨབྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་ནི་ཧུ༷་སྨྱོ། གྲི་བ་མུ་ཧུ༷་ཧ། ཛ་ལ་ར༷་བ་ཧ། སྟི་ཤ་སན་ཏི་ཧ། སྟི་ཡང་ཡང་ཏེ་ཧ། མ་ཧྭ་ལ༷་ཏེ་ཧ། ཨོ་བཛྲ་ཀྲོ་དྷི་ཤཱ་རྡི་བྷ་ག་པདྨརུ་ཧུ༷་ཧུ༷། ཨོ་བཛྲ་ཤིརྙ༷་པདྨ་ཀ་རུ་ཏིང་སྨྱོ། ཨོ་མུ་ཏྲི་ནི་སྨྱོ། ཨོ་ཤརྙི་ནི་སྨྱོ། བྷ་ག་དུན་ཏྲི་ནི་སྨྱོ། ཁ་མུན་དན་ཏྲི་ནི་སྨྱོ། ཨོ་བཛྲ་སྲུརླ་བི་ཏོ་ཨ་ཏོ་ཡེ། ཨོ་བཛྲ་པདྨ་བི་ཏོ་ཨ་ཏོ་ཡེ། ཨོ་བཛྲ་ཁ་རག་བི་ཏོ་ཨ་ཏོ་ཡེ། ཨོ་བཛྲ་སྲིང་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོ་བཛྲ་ཨ་ཀེ་ཨ་ཀེ་སྨྱོ། ཨོ་བཛྲ་ཏ་ཀེ་ཏ་ཀེ་སྨྱོ། ཨོ་བཛྲ་ནི་ལ་ནི་ལ་སྨྱོ། །ཨོ་བཛྲ་ལསྒོ་ལསྒོ་སྦྱོ། ཨོ་བཛྲ་ཛ་ཏྲ༷་མུ་ར༷་ཤྭ །བཛྲ་ཛ་ཏྲ༷་མུ་ར༷་ཤྭ །བཛྲ་ཁ་རག་སྙིང་རག་མ་སྨྱོ། སྒག་རསྒ་སྒག་རསྒ་སྨྱོ། སྒག་རསྒ་ཁ་མུན་ཏྲ་བ༷་ཁ་མན་སྒག་རསྒ་སྦྱོ། པྲ་ཀ་ར་ཏིཁྱི་སྨྱོ། པྲ་གི་བ༷་གི་ཤ་སྦྱོ། སྨྱོ་ཧུ༷་ཀ་རོ་ཀ །བ་རོད་་དྷ་རོད། ནི་ལ་ཆུ་མི་ཧ༷། ཁ་ཧཱུཾ་ག །ད་ལ་ཙ་ལ། པདྨ་ཙརྙ། ཡ་གུར་ར་ག་ཏོ།དིང་ས༷་དིང་ས༷། ཨེ་ཨུ་རལྦི། པུ་བྱི་རུ་ལུ་རུ་ལུ་སྨྱོ། ་ག་རག་ཤ ་ག་རག་ཤ་སྨྱོ། ཨ་ཏིང་སྨྱོ། བྱི་ཏིང་སྟོ། སུ་ཏིང་སྦྱོ། མུ་ཏིང་སྨྱོ། བཛྲ་ཤིརྙ༷་སྨྱོ། དུརྙི་སྦྱོ། ཧར་ཏི་སྨྱོ། གྲུབ་ཏི་སྨྱོ། ཏི་ཡ༷་སྨྱོ། ཨ་བརྟ་ལ་སྨྱོ། དྷ་ལ་དུ་ན་སྨྱོ། དི་ལ་མ་མ་ཡས་སྦྱོ། མ་ནུ་རཀྟ་སྙི་སྨྱོ། བྲདྨ་ཁིའ་སྦྱོ། ཀོའུ་སྙི་སྨྱོ། ཀོའུ་མྱ་རྡི་སྦྱོ། བིཁྱི་བི་སྨྱོ། ཨིནྟྲ་ཁིའ་སྦྱོ། པིསྐོ་སྙི་སྨྱོ། ཨ་མྲི་ཏ་སྦྱོ། སོའུ་མྱ་སྦྱོ། དཎྜད༷་སྨྱོ། རསྒ་སྙི་སྦྱོ། བྷ་ཀྟ་སྙི་སྦྱོ། ར་ཏི་བཛྲ་སྦྱོ། རུ་དྷི་ར་མ་སྟི་སྦྱོ། ཨེ་ཀ་ཙ་རི་ཁིའ་སྨྱོ། མ་ནོ་ཧ་ར༷་སྨྱོ། སིརྙི་ཀ་སྨྱོ། པ་ཡ་བྲི་སྨྱོ། མ་ཧྭ་མུ་ར་ཎ་སྨྱོ། བཛྲ་ཨསྣི་སྨྱོ། ཝ་ར་ཧི་སྨྱོ། མུརྙི་སྨྱོ། སུ་ཏ་ནི་སྦྱོ། བ་རུ་ཁིའ་སྨྱོ། མ་ཧྭ་ཀ་སྙི་སྨྱོ། ཙ་ཀ་སྙི་སྨྱོ། ཀུསྦྱུ་ཀཎ་སྨྱོ། ལི་བོ་ད་ར་སྨྱོ། མ་རྨི་རྦོད་གཏོང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།འཇིག་རྟེན་མཆོད་བསྟོད་ཀྱི་སྔགས་བསྟན་པ། ཨོ་བཛྲ་ཙཎྜ་སརྦ་དུཛི༷་ཧུ༷་ཕཊ། མ་ཧྭ་དེ་བ་ཨེ་ཛ༷༷སྨྱོ། ཨུ་མ་དེ་བྲི་ཨེ་ཛ༷༷སྨྱོ། ཡ་མ་ཡ་ཛ༷༷སྨྱོ། ཡ་མ་དརྙི་ཡ་ཛ༷༷སྨྱོ།ཡ་མ་རུ་ལུ་མ་ཛ༷༷སྨྱོ། ཨེ་ཀ་ཛ་རྟི་སྒག་ཛ༷༷སྦྱོ། དུ་ཕྲག་དུ་ཛ༷༷སྦྱོ། དུན་ཏི་དུ་ཛ༷༷སྨྱོ། ར་ཙ་ཙ་ཛ༷༷སྦྱོ། གི་ཀ་ར་ཏྲི་ཛ༷༷སྦྱོ། བཛྲ་སྭ་རྫུ་ཏྲི་ཛ༷༷སྨྱོ། རྭ་ཧུ་ལ་ཏྲི་ཛ༷༷སྨྱོ། རསྣ་ར་ཛ༷༷སྨྱོ། རག་མོ་ར་ཛ༷༷སྨྱོ། ཡཀྟ་རཀྟ་ཛ༷༷སྨྱོ། ཡ་ག་མོ་ཀྟ་ཛ༷༷སྨྱོ། མ་ཧྭ་ཀྭ་ལ་ཤི་ཛ༷༷སྨྱོ། དུ་ཏྲ་དྲི་ཛ༷༷སྦྱོ། མུན་མུན་པ་ཛ༷༷སྨྱོ། ཏིརྙི་ཀ་ཐ་ཛ༷༷སྦྱོ། དེ་བ་ཨ་ཛ༷༷སྨྱོ། ཨ་སེ་ལ་ཨ་ཛ༷༷སྦྱོ། ཏིག་སྣ་འདྲེ་རུ༷་རྩ་ཛ༷༷སྦྱོ། ཨ་སྟི་ཤུསྟུ་ཛ༷༷སྨྱོ། ཏྲི་པ་ཤ་ལི་ཏྲི་ཛ༷༷སྦྱོ། ཧ༷་ཤ༷་ཏྲི་ཛ༷༷སྦྱོ། བི་ནཱ་ཡ་ཀ་ཨུ་ཛ༷༷སྨྱོ། དྷ་ཀི་ནི་མ༷་ཛ༷༷སྨྱོ། ནཱ་ག་ཕུ་ཛ༷༷སྨྱོ། ནཱ་ག་ཀྲོ་དྷི་ཤྭ་རྡི་ཕུ་ཛ༷༷སྨྱོ། འཇིག་རྟེན་མཆོད་བསྟོད་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དམོད་པ་དྲག་སྔགས་ཀྱི་སྔགས་བསྟན་པ། ཨོ་བཛྲ་སརྦ་དུཛི༷་ཧུ༷་ཕཊ། ཡ་མ་ཡ་ཙིསྟ་སྙི་ཉྭ་ཛ༷༷ཛ༷༷། མ་མ་སྔགས་འད་ལྷ་གྲངས་དང་མ་འགྲགས་པས་ལྷག་གམ། རུ་ལུ་མ་ཙིསྟ་ཉྭ་ཉྭ་ཛ༷༷ཛ༷༷། ཏིརྦི་ཀ་ཐ་ཙིསྟ་རྒི་རྒི་ཛ༷༷ཛ༷༷། དུ་ཕྲག་དུ་ཙིསྟ་སྙི་སྙི་ཛ༷༷ཛ༷༷། དུན་ཏེ་དུ་ཙིསྟ་སྙི་སྙི་ཛ༷༷ཛ༷༷། དེ་བ་ཨ་ཙིསྟ་རྒི་སྣྲི་ཛ༷༷ཛ༷༷། རྭ་ཏྲ་དྲི་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷། རསྒ་ར་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷། རག་མོ་ར་ཙིསྟ་སྣྲི༷༷སྣྲི༷༷ཛ༷༷ཛ༷༷། ཡཀྟ་ཀྟ་ཙིསྟ་སྣྲི་སྣྲི༷༷ཛ༷༷ཛ༷༷། ཡག་མོ་ཀྟ་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷། ར་ཛ་ཙ་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷། ཡ༷་ཏྲི་ཤུ་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷། མུན་མུན་བ་ཙིསྟ་སྣྲི་སྣྲི་ཛ༷༷ཛ༷༷།བཛྲ་སྭ་རྙུ་ཏྲི་ཙིཉི་སྣྲི་ཉི་ཛ༷༷ཛ༷༷། ཧ༷་ཤ༷་ཏྲི་ཙིསྟ་ཉྭ་ཉྭ་ཛ༷༷ཛ༷༷། ར་ཧུ་ལ་པ་ཙིསྟ་ཉྭ་ཉྭ་ཛ༷༷ཛ༷༷། ནཱ་ག་ཕུ་ཙིསྟ་རྙི་ཉྭ་ཛ༷༷ཛ༷༷། དམོད་པ་དྲག་སྔགས་ཀྱི་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།བསྒྲུབ་པ་བཀའ་བརྒྱད་ཀྱི་སྔགས་ཀྱི་བྱེ་བྲག་གི་ཕྲེང་བ་བསྟན་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་སྤྱི་དཔལ་ཆེན་པོ་ལགས། །སྔགས་ཀྱི་བཤད་པ་དགོས་པ་རྣམས། །དེ་དོན་རྒྱས་པར་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་བཅུ་གཅིག་གྲོངས་མཛེས་པ། །ཆེ་མཆོག་ཡོན་ཏན་སྲོག་སྔགས་ཡིན །ཨོ་ནི་ཡེ་ཤེས་རྣམ་པ་ལྔ། །བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། མ་ཧྭ་ཆེན་པོ། ཤི་དཔལ། ཧེ་ནི་དགྱེས་པ། རུ་དབང་དྲག །ཀ་ཕྲིན་ལས། ཧུ༷་ནི་ཡེ་ཤེས་ཁྲོ་བོ་ལ། །ཕཊ་ནི་རྣམ་རྟོག་གཅོད་པའོ། །དེ་ནི་དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོ་ནི་ཡེ་ཤེས་རྣམ་པ་ལྔ་ཡི་སྙིང་པོའོ། །བཛྲ་མི་འགྱུར་བའི་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། མ་ཧྭ་ཤི་ཧེ་རུ་ཀ་ཡབ་ཆེ་མཆོག་ཡུམ་གནམ་ཞལ། །ཧུ༷་བསྡུས་ཕཊ་གཏོར་བའོ། །དེ་ནི་ཡབ་ཡུམ་གཉིས་ཀྱི་སྙིང་པོར་བསྟན་པའོ། །ཨོ་བཛྲ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཕྱག་མཚན་གྱི་སྔགས། ཀྲོ་དྷ་མཐར་བྱེད་ཁྲོ་བོའི་སྔགས། །མ་ཧྭ་ཤི་ཆེ་མཆོག་ཡབ་ཡུམ་གྱི་སྔགས། ཧེ་རུ་ཀ་རིགས་བཞི་ཡབ་ཡུམ་གྱི་སྔགས། ཧུ༷་དྲེག་པ་འདུལ་བའི་ཁྲོ་བོ་བཅུའི་སྔགས། ཕཊ་སྒོ་བ་བཞི་ཡི་སྔགས་སོ། །དེ་ནི་ལྷ་ཚོགས་རྣམས་ཀྱི་སྙིང་པོར་བསྟན་པའོ། །རྣལ་འབྱོར་དབང་ཆེན་ཐོབ་འདོད་པས། །མ་ལ་ཡ་ཡི་ས་ཕྱོགས་སུ། །ཏིང་འཛིན་བརྟན་པོ་ཐོབ་གྱུར་ནས། ཁྲག་འཐུང་འཕྲོས་པའི་ལྷ་རྒྱུད་གསལ། །དེ་ལྟར་ཡིག་འབྲུ་བཅུ་གསུམ་མོ། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི། །སྲོག་དང་སྲོག་གི་སྙིང་པོར་བསྟན། །དེ་ལྟར་སྲོག་ཐོབ་སྙིང་པོ་རྫོགས། །ཐུན་མོང་དངོས་གྲུབ་གང་འདོད་འགྲུབ། །དེ་ལྟར་སྤྱད་ཅིང་གནས་པ་ནི། །རང་གི་སེམ་ཉིད་དེར་འཕྲུལ་བས། །སེམས་ཀྱི་མཚན་ཉིད་གདོད་ནས་དག ཁུ་དང་རྐྱེན་ལས་རག་མ་ལུས། །སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ཀྱང་། །ཡེ་ནས་ལྷུན་གྱིས་གྲུབ་པས་ན། །དཔེར་ན་མཚལ་དང་ཁུ་བ་འདྲ། །མཚལ་དམར་ཁུ་བ་དམར་བ་བཞིན། །ཐུན་མོང་དངོས་གྲུབ་ཐོབ་ནས་ནི། །མཆོག་གི་དངོས་གྲུབ་ཆེན་པོ་འཐོབ ཚེ་གཅིག་སངས་རྒྱས་ས་ལ་སྦྱོར། །ཞེས་གསུངས་སོ། །ཆེ་མཆོག་ཡོན་ཏན་གྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡང་དག་ཐུགས་ཀྱི་འཛབ་དགོངས་ལ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་ཡིག་འབྲུ་བདུན་གནས་པ། ཁྲག་འཐུང་ལྷ་རྒྱུད་སྲོག་སྙིང་ཡིན། །ཨོ་ནི་ཡེ་ཤེས་རྣམ་པ་ལྔ། །རུ་ནི་ཆགས་པ་ཆེན་པོའོ། །ལུ་ནི་ཀུན་བཟང་ཡུམ་གྱི་མཁའ། །རུ་ནི་ཉོན་མོངས་དབང་སྡུད་པ། །ལུ་ནི་སྲིད་གསུམ་དབང་དུ་སྡུད་པའོ། །ཧུ༷་ནི་དགྱེས་པ་ཆེན་པོའོ། །སྤྲུལ་པ་མང་པོ་འགྱེད་པའོ། །སྨྱོ་ནི་ཆོས་ཀྱི་དབྱིངས་འཇིག་རྟེན་གནས་འགྱུར་བའི་ཡི་གེ་ཡིན་པའོ། །ཧུ༷་ཐ་མ་ཡོན་ཏན་རིན་པོ་ཆེ་ནོར་བུ་རིན་པོ་ཆེ། ཕཊ་ནི་ཆོས་ཀྱི་དབྱིངས་བདེ་བ་ཆེན་པར་བསྐུལ་བའོ། །དེ་ནི་སྔགས་ཀྱི་དོན་དང་སྦྱར་ཏེ་བསྟན་པའོ། ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་སྙིང་པོར་བསྟན་པ་ནི། །ཨོ་ནི་ཁྲག་འཐུང་ཡབ་ཡུམ་བཅུའི་སྙིང་པོའོ། །རུ་ལུ་གོང་མ་གོ་རྡི་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧུ༷་ནི་འཇིགས་བྱེད་ཁྲོ་བོ་བཅུ། །སྨྱོ་ནི་དབང་ཕྱུག་མ་ཉི་ཤུ་བརྒྱད། ཧུ༷་སྒོ་བ་བཞི། ཕཊ་སྤྲོ་བའོ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྙིང་པོར་སྟོན་པ་ནི། ཨོ་ཁྲག་འཐུང་ཡབ་ཡུམ་བཅུ། རུ་ལུ་གོང་མ་གོ་རྡི་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། ཧུ༷་སྒོ་བ་བཞི། སྨྱོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཧུ༷་ཐ་མས་དབང་དུ་སྡུད་པ།ཕཊ་ཀྱི་ལས་བྱེད་པའོ། །ཡང་དག་དོན་གྱི་ལྷ་དགུར་སྟོན་པ་ནི། །ཨོ་དཔལ་ཆེན་ཡང་གྱི་སྲོག་ཏུ་གནས། །རུ་ལུ་གོང་མ་ཡུམ་གྱི་སྲོག་ཏུ་གནས། །རུ་ལུ་འོག་མ་གོ་རྡི་མ་བརྒྱད་ཀྱི་སྲོག་ཏུ་གནས། ཧུ༷་དང་པོས་ལྷ་དགུ་པོ་དེ་དབང་དུ་སྡུད་པའོ། །སྨྱོ་ནི་ལས་ལ་སྐུལ་བར་བྱེད་པའོ། །ཧུ༷་ཐ་མས་མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་པར་བྱེད་པའོ། །ཕཊ་ནི་སྣང་སྲིད་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པར་བྱེད་པའོ། །དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པར་སྟོན་པ་ནི། ཨོ་ནི་དཔལ་ཆེན་པོའི་སྙིང་པོའོ། །རུ་ལུ་གཉིས་ཡུམ་གྱི་སྙིང་པོའོ། །ཧཱུཾ་ཐུགས་དམ་གྱི་རྒྱུད་སྐུལ་བ། སྨྱོ་ལས་ལ་འགྱེད་པ། ཧུ༷་དྲག་ཏུ་སྐུལ་བ། ཕཊ་གདུག་པ་སྒྲོལ་བ། འཇིག་རྟེན་པའི་སྲོག་གི་སྙིང་པོར་བསྟན་པ་ནི། ཨོ་གཙོ་བོ་བཛྲ་ཧེ་རུ་ཀ །སྐུ་མཆོག་དམར་པོའི་ངོ་བོར་གནས། །རུ་ལུ་གོ་རི་མ་མོ་བརྒྱད་པོ་ཡང་། །སྲིན་མོ་བརྒྱད་ཀྱི་ངོ་བོར་གནས། །རུ་ལུ་སིང་ཧའི་ཕྲ་མེན་བརྒྱད་པོ་ཡང་། །སྲིན་མོ་བརྒྱད་ཀྱི་ངོ་བོར་གནས། །ཧུ༷་ཁྲོ་བོ་ཆེན་པོ་བཅུ་པོ་ཡང་། །གིང་ཆེན་བཅོ་བརྒྱད་ཀྱི་ངོ་བོར་གནས། །ཧུ༷་རྟ་གདོང་སྒོ་བ་བཞི་པོ་ཡང་། །བསེ་མོ་བཞི་ཡི་ངོ་བོར་གནས། །སྨྱོ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་གནས། །ཕཊ་འཇིག་རྟེན་དྲེགས་པ་ལས་ལ་འགྱེད། །འབྲུ་བརྒྱད་སྔགས་ཀྱི་འཕྲོ་འདུ་ཡི། །འཇིག་རྟེན་དྲེགས་པ་གནད་ན་བསྐུལ། །འབྲུ་དགུ་སྔགས་ཀྱི་འཕྲོ་འདུ་ལ། །འོད་དང་སྒྲ་དང་གཟུགས་ཀྱང་སྟོན། །གནད་ནས་བསྐུལ་ཅིང་ལས་ལ་སྦྱར། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །བསྡུས་པས་ཧུ༷་གི་ངོ་བོར་གནས། །རབ་ཏུ་དབེན་པའི་དུར་ཁྲོད་གནས། །ཧུ༷་ལས་བཛྲ་ཧེ་རུ་ཀ །ཡབ་ཡུམ་གཉིས་སུ་མེད་པར་གྱུར། །རུ་ལུ་སྔགས་ཀྱི་འཕྲོ་འདུ་ཡིས། །བདེགཤེགསཐུགས་དམ་རྒྱུད་བསྐུལ་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །དངོས་གྲུབ་རང་དབང་བྱ་བ་དང་། །འགྲོ་བའི་དོན་རྣམས་བྱ་བ་དང་། །ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡང་དག་ཐུགས་ཀྱི་སྔགས་ཀྱི་འཛབ་དགོངས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཇམ་དཔལ་སྐུ་ཡི་འཛབ་དགོངས་ལ། ཨོ་ཨ་ཀྲོ་ཏེ་ཀ་ཡ་བཱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་ཡིག་འབྲུ་བཅོ་ལྔ་གནས། །གཤིན་རྗེའི་ལྷ་རྒྱུད་སྲོག་སྙིང་ཡིན། །ཨོ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ།ཨ་སྐྱེ་བ་མེད་པ། ཀྲོ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་བྱུང་བ། ཏེ་རིག་པའི་ཡེ་ཤེས་ཀྱི་གཏི་མུག་དག་པ། ཀ་ཀརྨ་ལས་ཀྱི་རྒྱལ་པོ། ཡ་ཡན་པ་ཆེན་པོ། མན་ངག་སོད་གནོན་པ། ཏ་བདེ་བ་དག་པ། ཀ་ཐུགས་རྗེ་ཆེན་པོ། ཧ་དགྱེས་པ་ཆེན་པོ། ན་ངན་སོང་སྟོང་པ། མ་ཀུན་གྱི་གཞི། ཐ་ཐུགས་དམ་བསྐུལ་བ། བྷ་ཉ་ཐུགས་རྗེས་སྒྲོལ་བ། །ཛ་ཐུགས་རྗེས་འགུགས་པ། ཧུ༷་ཐམས་ཅད་སྡུད་པ། ཕཊ་ཐུགས་རྗེས་རྣམ་རྟོག་ཐམས་ཅད་གཅོད་པའོ། །དོན་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་སྟེ། ཡ་མུརྙ་ཀའི་སྙིང་པོའོ། །ཨ་ཡུམ་བི་ཏྭ་ལིའི་སྙིང་པོའོ། །ཀྲོ་ཨེ་ཀ་ཙ་ཏིའི་སྙིང་པོའོ། །ཏེ་རལ་པ་ཚར་དགུའི་སྙིང་པོའོ། །ཀ་ཡ་མ་ར་ཙའི་སྙིང་པོའོ། །ཡ་མྱོས་བྱེད་འབར་བའི་སྙིང་པོའོ། །མན་ཨུརུ་མེ་རུའི་སྙིང་པོ། ཏ་ཀོང་རྩེ་བྲག་འཇོམས་ཀྱི་སྙིང་པོ། ཀ་བན་གླང་མགོ་ཅན་གྱི་སྙིང་པོ། ཧ་ཡ་བ་ཏིའི་སྙིང་པོ། ན་རྨིག་པའི་སྙིང་པོ། མ་ལྷ་མཆོག་དུད་ཁའི་སྙིང་པོ། ཐ་ཨ་བ་གླང་མགོའི་སྙིང་པོ། བྷ་ཉ་མིག་དམར་གྱི་སྙིང་པོ། ཛ་ཆོས་ཀྱི་རྒྱལ་པོའི་སྙིང་པོ། ཧུ༷་བདུད་འཇོམས་ཀྱི་སྙིང་པོ། ཕཊ་རྟེལ་བའི་སྙིང་པོ། ལྷ་བཅུ་བདུན་གྱི་སྙིང་པོར་བསྟན་པའོ། །ཨོ་ཡེ་ཤེས་ལྔ་དང་ལྡན་པས་སྔགས་ཀྱི་མགོ་འདྲེན་པའི། །ཨ་ཀྲོ་ཏེ་ཀ་གཙོ་བོ་ཡབ་ཡུམ་གསུམ་གྱི་སྙིང་པོའོ། །ཡ་བཱརྙ་ཀ་གཤེད་བཞིའི་སྙིང་པོའོ། །ཧ་ན་མ་ཐ་གཤེད་བཞིའི་ཡུམ་གྱི་སྙིང་པོའོ། །བྷརྫི་ཧུ༷་ནི་ཕྱོགས་སྐྱོང་ཡབ་ཡུམ་བཅུ་གཉིས་ཀྱི་སྙིང་པོའོ། །ཕཊ་སྒོ་བ་བཞིའི་སྙིང་པོ། ལྷ་རྒྱུད་དང་སྦྱར་ཏེ་བསྟན་པའོ། །ཨོ་ཨ་ཀྲོ་ཏེ་ཀ་གཤིན་རྗེ་གཤེད་པོའི་སྙིང་པོ། ཡ་བཱརྙ་ཀ་གཤེད་བཞིའི་སྙིང་པོ། ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། མཐར་བྱེད་བརྒྱད་ཀྱི་སྙིང་པོ། ཡ་ནཱརྙ་ཏ་ཀ་གཤེད་མཐར་བྱེད་དང་བཅས་པའི་སྙིང་པོར་བསྟན་པའོ། །ཨོ་ཡེ་ཤེས་ལྔ་དང་ལྡན་པས་སྔགས་ཀྱི་མགོ་འདྲེན་པའོ། །ཨ་ཀྲོ་ཏེ་ཀ་གདུག་པ་ཐམས་ཅད་འདུལ་བའོ། །ཡ་མུརྙ་ཀ་གནོད་པར་བྱེད་པའི་མགོ་ཆོམ། ཧ་ན་མ་ཐ་རྒྱོབ་སོད། བྷརྫི་ཧུ༷་ཕཊ། བྷཉ་ཀྱིས་ཆིངས། ཛས་ཁུག ཧུ༷་གིས་སྡུས། ཕཊ་ཀྱིས་གཏོར། གདུག་པ་འདུལ་བའི་སྔགས་སུ་བསྟན་པའོ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་གཙོ་བོའི་སྙིང་པོ།ཧ་ན་མ་ཐ་བྷ྅་ཡུམ་ཨེ་ཀ་ཛ་ཧྲིའི་སྙིང་པོ། ཧྭ༷་སྡུས་ཤིག ཕཊ་གཏོར་ཅིག ཡབ་ཡུམ་གཉིས་ཀྱི་སྙིང་པོར་བསྟན་པའོ། །དུརཁྲོདཆེནཔོའིསཕྱོགས་སུ། །ཏིང་འཛིན་བརྟན་པར་གྱུར་པ་ན། །འཇིག་རྟེན་ལྷ་ཚོགས་གསལ་བྱས་ནས། །ཡིག་འབྲུ་བཅུ་བདུན་འབུམ་དུ་གདོན། །མ་གཤིན་འབུམ་སྡེའི་སྲོག་ཉིད་ཀྱང་། །རང་དབང་མེད་པར་འཐོབ་པར་འགྱུར། །ཐམས་ཅད་གཤིན་རྗེའི་དཀྱིལ་འཁོར་ཆེ། །གཤིན་རྗེ་གཤིན་རྗེ་མ་རིག་པ། །གཤིན་རྗེ་མ་སྤངས་རང་ས་གྲོལ། །འཇམ་དཔལ་སྐུའི་འཛབ་དགོངས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།པདྨ་གསུང་གི་འཛབ་དགོངས་ལ། ཨོ་པསྙིརྙ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་རྒི་བ་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་བཅུ་བཞིས་གྲོང་མཛེས་པ། །པདྨ་དབང་ཆེན་ལྷ་རྒྱུད་སྙིང་པོ་ཡིན། །ཨོ་ཡེ་ཤེས་ལྔ་དང་ལྡན་པ། །པད་མི་འགྱུར་བའི་རིག་མྱན་བྱམས་པ་ཆེན་པོ། ཏ་བདེ་བ་ཆེན་པོ། ཀྲིཏ་དགའ་བ་ཆེན་པོ། བཛྲ་བཏང་སྙོམས་ཆེན་པོ། ཀྲོ་མི་འགྱུར་བའི་རྡོ་རྗེ། དྷ་བདག་ཉིད་ཆེན་པོ། ཧ་བདག་གི་སྐུ། ཡ་འདྲེན་པ་ཆེན་པོ། སྐོ་གཅོད་པ་ཆེན་པོ། བ་དག་པའི་སྐུ། ཧུ༷་སྡུད་པ་ཆེན་པོ། ཕཊ་གཅོད་པ་ཆེན་པོ། །དེ་ནི་དོན་དམ་ཆོས་ཉིད་དང་སྦྱར་ཏེ་བཤད་པའོ། །ཨོ་ཡེ་ཤེས་རྣམ་པ་ལྔ། པད་མུརྙ་ཀྲིཏ་པདྨ་དབང་ཆེན་གྱི་སྙིང་པོ། བཛྲ་ཀྲོ་དྷ་ཟིལ་གནོན་གྱི་ཁྲོ་བོ་བརྒྱད་ཀྱི་སྙིང་པོ། ཧ་ཡ་གྲི་བ་ཡུམ་རྣམས་ཀྱི་སྙིང་པོ། ཧུ༷་བཀའ་ཉན་ལས་བྱེད་ཀྱི་སྙིང་པོ། ཕཊ་སྒོ་བ་བཞིའི་སྙིང་པོ། པདྨ་དབང་ཆེན་ལྷ་རྒྱུད་དང་སྦྱར་བའོ། །ཨོ་ཡེ་ཤེས་ལྔ་པདྨ་ན་པདྨའི་རིགས། ཏ་ཀྲིཏ་རྟ་མགྲིན། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཧ་ཡ་རྒི་བ་རྟ་མགྲིན།ཧུ༷་གཏུམས་སོད། ཕཊ་གསོད་སྔགས། ལྷ་འདྲེའི་དམག་དཔུང་གཞོམ་པར་བསྟན་པའོ། །ཨོ་ཡེ་ཤེས་ལྔས་འཁོལ་བ། པད་མུརྙ་ཀྲིཏ་པདྨ་དབང་ཆེན། ཧ་ཡ་རྒི་བ་གསུང་རྟ་སྐད་དང་ལྡན་པ། ཧཱུཾ་སྡེ་བརྒྱད་ལས་ལ་གཟུད་ཅིང་དབང་དུ་སྡུད་པ། ཕཊ་ལས་ལ་སྐུལ་བའོ། །དམ་ཅན་ཇི་བཞིན་སྐུལ་བ་དང་སྦྱར་བའོ། །ཨོ་ཡེ་ཤེས་རྣམ་པ་ལྔས་སྲེག་པ། པདྷརྙ་ཀྲིཏ་པདྨ་དབང་ཆེན། བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ། ཧ་ཡ་རྒི་བ་རྟ་མགྲིན། ཧུ༷་སྟོབས་ཀྱིས་ཀླུ་གདོན་ཐུལ། ཕཊ་སོད། ནཱ་ག་ཀླུ་འདུལ་བའི་དོན་དུ་བཟླས་པའོ། །དེ་ལྟར་གཉེན་པོའི་དོན་སྟོན་པ། །དཔལ་གྱི་རྟ་སྐད་ཐེངས་གསུམ་དང་། །མ་མོའི་འགྱིང་སྐད་ཐེངས་གསུམ་དང་། །རྣལ་འབྱོར་བརྡ་སྐད་ཐེངས་གསུམ་གྱིས། །དང་པོས་སྣང་སྲིད་ཐམས་ཅད་ཀུན། །རྟ་མགྲིན་དབང་གི་ལྷ་རུ་བྱུང་། །གཉིས་པས་སྣང་སྲིད་ཤ་ཁྲག་གྱུར། །གསུམ་པས་མ་སྲིང་དབྱིངས་ནས་བསྐུལ། །བསྟན་པའི་མཁར་སྤེའུ་རྩིག་པའོ། །འདི་ལྟ་བུ་ཡི་དོན་རྟོགས་ན། །ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ། །དབང་ཆེན་རྟ་ཡི་ང་རྒྱལ་གྱིས། །གང་དག་གནས་པར་བྱེད་པ་དེས། །རྟ་མགྲིན་དབང་གི་སྦྱོར་བ་ཡིས། །ལྷ་སྲིན་ལས་ལ་འདི་ཡིས་འཁོལ། །ལྷ་འདྲེའི་དམག་དཔུང་འདི་ཡིས་འཇོམས། །ས་བདག་ཀླུ་རྣམས་འདི་ཡིས་ཐུལ། །དྲག་སྔགས་བསྙེན་པ་འདི་ཡིས་སྐྱོལ། །གསུང་གི་དངོས་གྲུབ་འདི་ཡིས་འཐོབ། །དབང་མཆོག་སྐུ་ཡང་འདི་ཡིས་མཐོང་། །གསང་སྔགས་ཟབ་མོའི་མན་ངག་འདི། །སྐལ་མེད་རྨོངས་པའི་གང་ཟག་དག །ཀུན་ལ་བསྟན་པར་མ་གསུངས་སོ། །པདྨ་གསུང་གི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཕུར་པ་ཕྲིནལས་འཛབ་་དགོངས་ལ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན་བ༷་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་བཅུ་བཞིའི་གྲོང་མཛེས་པ། །ཕུར་པ་ལྷ་རྒྱུད་སྙིང་པོ་ཡིན། །ཨོ་ནི་གཞི་རྩ་བ་ཐམས་ཅད་ཀྱི་མཆོག །དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཚོབ་པ་མྱ་ངན་ལས་འདས་པའི་ཐུགས། བྱང་ཆུབ་ཀྱི་སེམས་སོ། །བཛྲ་ནི་དབྱིངས་གཏིང་མཐའ་མེད་པ་ནས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཕུར་བུའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གྱུར་ནས། མི་གནས་པར་མྱ་ངན་འདས་པའི་བྱང་ཆུབ་སེམས་སོ། །ཀི་ལི་ཀི་ལ་ཡ་ནི། དེ་ལྟར་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་བསྒྲལ་ནས། །ཆགས་པ་མེད་པར་མྱ་ངན་འདས་པའི་བྱང་ཆུབ་སྟེ། ཆོས་ཉིད་ཆགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་མཐོ་རིས་དང་ངན་སོང་ལས་མི་སྟོང་པས་ཟིན་པ་ལས་མི་འདའ་བའི་བྱང་ཆུབ་སེམས་སོ། །སརྦ་ནི་ཡུམ་གྱི་དབྱིངས་ལས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ལྷག་པའི་བྱང་ཆུབ་སེམས་ལས་མི་གནས་པས། ཤེས་རབ་ཡང་དག་པའི་བྱང་ཆུབ་ཀྱི་སེམས་སོ། །བིསྒྱུ༷་ནི་ཡབ་ཀྱི་མཁའི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའི་རྒྱུ་ཐབས་བྱང་ཆུབ་ཀྱི་སེམས་སོ། །བ༷་ནི་དེ་ལྟར་ཐབས་ཤེས་རབ་གཉིས་སུ་མེད་པའི་མྱ་ངན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས་སོ། །ཧུ༷་ནི་རྒྱུད་ལྔ་གནས་སུ་དག་ནས། ངབྲས་་བུ་སྐུ་ལྔར་ལྷུན་གྱིས་གྲུབ་པས། མཐར་ཐུག་ཆོས་ཉིད་ཀྱི་བྱང་ཆུབ་སེམས་སོ། །ཕཊ་ནི་དེ་ལྟར་འབྲས་བུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། མ་བཙལ་རྫོགས་པ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་སོ། །ཕུར་པ་རྩེ་གཅིག་པ་དེའི་དོན་ཕྱི་མོ་ནས་རང་བཞིན་གྱིས་གནས་པ་ཞེས་བྱའོ། །ལྷ་ཚོགས་སྔགས་སུ་བསྟན་པ་ནི། །ཨཱོཾ༷་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཞེས་པ་ཡུམ་ཡིན་ནོ། །ཀི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་ཡིན། །ཀི་ནི་ཐབས་ཀྱི་མཆེ་བ་ཅན། །ལྭ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཁྲོ་བོ་ཡིན། །སརྦ་ཐམས་ཅད་སྡུད་པའོ། །བིཀྟ་ནི་དགྲ་དང་སྒྲིབ་པ་ཡིན། །ནན་ནི་བགེགས་རྣམས་འཆིང་བ་ཡིན། །བ༷་ནི་དབང་དུ་སྡུད་པ་སྟེ། །ཧུ༷་ནི་ཕྱག་བརྙན་སྒོ་མ་བཞི། །ཕཊ་ནི་སྒྲོལ་བའི་ཕྲིན་ལས་རྫོགས། །དཀྱིལ་འཁོར་གསུམ་དུ་བསྟན་པ་ནི། །དང་པོ་ཨོ་དང་བཛྲ་ནི། །བདག་ཉིད་རྩ་བའི་དཀྱིལ་འཁོར་རོ། །ཀི་ལི་ཀི་ལའི་ཡི་གེ་བཞི། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོ། །ཡ་ནི་རྫས་ཀྱི་དཀྱིལ་འཁོར་རོ། །སརྦ་ཐམས་ཅད་མ་ལུས་པ། །བི༷་བགེགས་ཞེས་བྱ་བ་སྟེ། །བ༷་གྱིས་ཆིངས་ལ་ཧུ༷་གིས་བསྡུས། །ཕཊ་ཀྱིས་མི་གནས་སྲེག་པར་བྱེད། །བཅུ་གཅིག་འདུས་པའི་སྔགས་སུ་བསྟན། །ཨོ་ནི་ཡེ་ཤེས་རྣམ་པ་ལྔ། །བཛྲ་ཡེ་ཤེས་རྡོ་རྗེ་ཡིན། །ཀི་ལི་ཀི་ལ་ཡ་དང་ལྔ། །རང་བཞིན་དག་པའི་ཕུར་པའོ། །སརྦ་བི་༷་ཐམས་ཅད་བགེགས། །བ༷་གྱིས་ནོན་ལ་ཧུ༷་གིས་བསྡུས། །ཕཊ་ཀྱིས་མི་གནས་སྲེག་པར་བྱེད། །ཉམས་དགའ་བ་ཡི་གནས་དག་ཏུ། །མཐིང་ནག་ཧུ༷་ལས་སྐུ་བསྐྱེད་པ། །རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས། །རྣལ་འབྱོར་རིག་པས་རྟགས་བཟླས་ན། །གསང་སྔགས་བྱིན་རླབས་དངོས་གྲུབ་དང་། །ལོག་འདྲེན་སྒྲོལ་བའི་སངས་རྒྱས་མཐུ། །འཐོབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཕུར་པ་ཕྲིན་ལས་ཀྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།མ་མོ་རྦོད་གཏོང་འཛབ་དགོངས་ལ། །ཨོ་གུ་རྒྱ་ཙྭ་ན་ཤི་ཧེ་རུ་ཀ །གུརྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་སྟུ༷། མ་མ་ཡོ་གེ་ནི་རུ་ལུ་རུ་ལུ་སྨྱོ་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་གྲོང་ཁྱེར་ཉི་ཤུ་བརྒྱད། །སྲིད་པ་མ་མོའི་སྲོག་སྙིང་ཡིན། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །བདག་ཉིད་བླ་མེད་ཧེ་རུ་ཀའི། །ང་རྒྱལ་བརྟན་པོར་བཟུང་བྱས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །མ་མོ་མཁའ་འགྲོ་ཐམས་ཅད་ཀུན། །རང་དབང་མེད་པར་ལས་ལ་གཟུད། །གང་དང་གང་ལ་དམིགས་པ་ཡི། །ལས་རྣམས་དེ་དག་ཐམས་ཅད་ཀུན། །སྐད་ཅིག་ཙམ་གྱིས་འགྲུབ་པར་འགྱུར། །ཨོ་ཡེ་ཤེས་ལྔ། གུ་རྒྱ་ཡབ། ་ན་ཡེ་ཤེས། ཤི་དཔལ། ཧེ་དགྱེས་པ། རུ་དབང་སྡུད། ཀ་ཕྲིན་ལས། གུ་རྒྱ་ཡུམ་གྱི་མཁའ། ཙྭ་ན་ཡུམ་གྱི་ཡེ་ཤེས། ཀྲོ་དྷི་ཡུམ། ཤཱ་རྡི་དབྱིངས། སྟུ༷་དབྱིངས་སུ་ཐིམ་པ། མ་ཆོས་ཀྱི་དབྱིངས། མ་རིག་པའི་ཡེ་ཤེས། ཡོ་གི་ནི་རྣལ་འབྱོར་པ། རུ་ལུ་མཁའ། རུ་ལུ་དབྱིངས། སྨྱོ་ལས། ཧུ༷་སྡུས། ཕཊ་གཅོད་པའོ། །སྔགས་ཀྱི་དོན་ཆོས་ཉིད་དུ་བཤད་པའོ། །ཨོ་ཡེ་ཤེས་ལྔ། །གུརྒྱ་ཙྭ་ན་ཤི་ཧེ་རུ་ཀ་ཡབ་ཀྱི་སྙིང་པོ། གུརྒྱ་ཙྭ་ན་ཀྲོ་དྷི་ཤྭ་རྡི་དབྱིངས་ཀྱི་ཡུམ་དྲུག་གི་སྙིང་པོ། མ་མ་ཡོ་གི་ནི་རང་བཞིན་རྣལ་འབྱོར་མ་རྗེ༷་མོ་བཅུ་བཞིའི་སྙིང་པོའོ། །རུ་ལུ་རུ་ལུ་སྨན་མོ་སུམ་ཅུའི་སྙིང་པོ། སྨྱོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྙིང་པོའོ། །ཧུ༷་དབང་དུ་སྡུད་པ། ཕཊ་ལས་ལ་འགྱེད་པའོ། །མ་ཆེན་བདུན་ཅུ་རྩ་ལྔའི་སྙིང་པོར་བསྟན་པའོ། །ཨཱོཾ་ཡེ་ཤེས་ལྔ་འདུས་པ། གུརྒྱ་ཙྭ་ན་ཡེ་ཤེས་གསང་བའི་ཐུགས། །ཤི་ཧེ་རུ་ཀ་དཔལ་ཆེན་པོ། གུརྒྱ་ཙྭ་ན་གསང་བའི་ཡུམ། ཀྲོ་དྷི་ཤྭ་རྡི་ཡུམ་གྱི་ཚོགས།སྟུ༷་ནི་ཐམས་ཅད་དབང་དུ་སྡུད། མ་མ་ཡོ་གི་ནི་མ་མོ་དབང་དུ་སྡུད་ཅིང་འཁོལ། །རུ་ལུ་རུ་ལུ་མ་མོ་མཁའ་འགྲོ་ལས་ལ་འཛུད་པ། ཧུ༷་གིས་དབང་དུ་སྡུད། སྨྱོ་ཡིས་ལས་ལ་འཁོལ། ཕཊ་ཀྱི་ཐམས་ཅད་སྒྲོལ་བར་བྱེད།མཁའ་འགྲོ་མའི་སྔགས་སུ་བསྟན་པའོ། །ཨོ་གུ་ཡ་ཙྭ་ན་ཤི་ཧེ་རུ་ཀ་གུ་ཡ་ཙྭ་ན་ཀྲོ་ཏི་ཤཱ་རྡི་ཤི་སྟུ༷། ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྙིང་པོའོ། །མ་མ་ཡོ་གི་ནིརངབཞིནགྱིརྣལའབྱོར་མའི་སྙིང་པོའོ། །རུ་ལུ་རུ་ལུ་སྨྱོ་ནི་ལས་ཀྱི་མཁའ་འགྲོ་མའི་སྙིང་པོའོ། །ཧྭ་དབང་དུ་སྡུས། ཕཊ་ལས་ལས་བསྐུལ་བའོ། །མཁའ་འགྲོ་རྣམ་བཞིའི་སྙིང་པོར་བསྟན་པའོ། །མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འཇིག་རྟེན་མཆོད་བསྟོད་ཀྱི་འཛབ་དགོངས་ལ། ཨོ་བཛྲ་ཙཎྜསརྦ་དུཛི༷་ཧུ༷་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། བར་ན་འབྲུ་བརྒྱད་གྲང་གནས་པ། །དྲེགས་པ་འདུས་པའི་སྙིང་ཛོ་ཡིན། །ཨོ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། ཙཎྜག་་པོ། སརྦ་ཐམས་ཅད། དུཛི༷་སྟོབས་ཆེ་བ། ཧུ༷་དབང་དུ་བསྡུས། ཕཊ་ཀྱིས་ལས་ལ་འཛུད་པའོ། །སྔགས་ཀྱི་སྒྲ་དོན་བསྟན་པའོ། །ཨོ་བཛྲ་ཙཎྜདྲེགས་པ་ཀུན་འདུལ་གྱི་སྙིང་པོ། སརྦ་དུགི༷་དྲེགས་པ་ཅན་སུམ་ཅུའི་སྟོབས། ཧུ༷་ཡུམ་ཁམས་གསུམ་སྤྱི་འདུལ་མ། ཡབ་ཡུམ་གྱི་བར་དུ་དྲེགས་པ་ཅན་བཅུག་པ་སྟོབས་དབང་དུ་སྡུད་པའོ། །ཕཊ་ཀྱིས་སྟོབས་འཕྲོག་པའོ། །དྲེགས་པ་དབང་དུ་སྡུད་པའི་ཚུལ་དུ་བཟླས་པའོ། །ཨོ་ཡེ་ཤེས་ལྔ་དང་ལྡན་པ། བཛྲ་རྡོ་རྗེ། ཙཎྜག་་པོ། སརྦ་ཐམས་ཅད། དུ་༷་གནོན་པ། ཧུ༷་དབང་དུ་སྡུད་པ། ཕཊ་ཀྱིས་གཅོད་པའོ། །དྲག་སྔགས་སུ་བསྟན་པའོ། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །རྣལ་འབྱོར་སྟོབས་དང་ལྡན་པ་ཡིས། །དྲེགས་པ་དབང་དུ་བསྡུ་འདོད་ན། །བདག་ཉིད་ཁྲོ་ཆིན་སྐུར་བསྒོམས་ལ། །འཇིག་རྟེན་དྲེགས་པ་གནད་ལ་བོར། །དབང་དུ་བསྡུས་ཏེ་དམ་སྩལ་ལ། །ཕྲིན་ལས་རྒྱ་མཚོ་ཀུན་ལ་སྦྱར། །ཞེས་གསུངས་སོ། །འཇིག་རྟེན་མཆོད་བསྟོད་ཀྱི་སྔགས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དམོད་པ་དྲག་སྔགས་འཛབ་དགོངས་ལ། །ཨོ་བཛྲ་སརྦ་དུགི་ཧུ་ཕཊ། ཐོག་མཐའ་ཨོ་དང་ཕཊ་བཞག་ནས། །བར་ན་གྲོང་ཁྱེར་དྲུག་གནས་པ། །དྲེགས་པ་གཟིར་བའི་སྙིང་པོ་ཡིན། །ཨོ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། སརྦ་ཐམས་ཅད། དུ་༷་གནོན་པ། །ཧུ༷་སྡུད་པ། ཕཊ་གཅོད་པའོ། །སྔགས་ཀྱི་དོན་བསྟན་པའོ། །ཨོ་བཛྲ་སྟོབས་ལྡན་ནག་པོའི་སྙིང་པོའོ། །སརྦ་དྲེགས་པ་ཅན་སྔགས་བདག་བཅོ་བརྒྱད། དུཛི༷་གཟིར་ཅིང་གནོན་པ། ཧུ༷་འབྱུང་བ་ལྔའི་བདག་མོ། ཡབ་ཡུམ་གྱིས་དྲེགས་པ་ཅན༷་བར་དུ་བཅུག་ལ་གཟིར་བའོ། །ཕཊ་ཀྱིས་གཟིར་ཞིང་གཅོད་པའོ། །དྲེགས་པ་ཅན་གཟིར་བའི་དོན་དུ་བཟླས་པའོ། །ཨོ་ཡེ་ཤེས་ལྔའི་རང་སྔགས། བཛྲ་རྡོ་རྗེ། སརྦ་ཐམས་ཅད། དུགི༷་དྲེགས་པ་ཅན་གྱི་སྟོབས་སོ། །ཧུ་ཟིལ་གྱིས་གནོན་པ་ཐུགས་འདུས་པ། ཕཊ་གཅོད་པའོ། །དྲག་སྔགས་གཟིར་གནོན་དུ་བཟླས་པའོ། །བདག་ཉིད་སྟོབས་ལྡན་གསལ་བ་ལས། །དྲེགས་པ་མ་ལུས་གཟིར་བྱེད་ཅིང་། ཁམས་སུ་དྲེགས་པ་གནད་ལ་བོར། །དེ་ཉིད་སྡེ་བརྒྱད་ལས་ལ་དགྱེ། །བསྟན་པའི་བསྲུང་མར་དབང་བསྐུར་རོ། །ཞེས་གསུངས་སོ། །དམོད་པ་དྲག་སྔགས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།སྒྲུབ་པ་བཀའ་བརྒྱད་ཀྱི་འཛབ་དགོངས་སྔགས་ཀྱི་དོན་བསྟན་པའི་སྐབས་ཏེ་གསུམ་པའོ།། །།མ་ཚང་བསྐོང་བའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་དགུ་པ་སྐབས་གསུམ་པ། རྫོགས་སོ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་