Ngb-pt-0174-vol-02-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 08:20, 20 March 2020

Front

Body

སོ།། །། རྒྱ་གར་སྐད་དུ། མ་ཧྭ་ཀྭ་རུ་ཎའ་བ་ལིརྩི་མུ༷་ས་རཀྟ་སྦི་མ་ཧྭ་བ་ལིསྟནྟྲ། བོད་སྐད་དུ། ཐུགས་རྗེ་ཆེན་པོའི་གཏོར་མ་དང་། ཤ་ཁྲག་རུས་པའི་གཏོར་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བླ་ན་མེད་པའི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཤེས་ནས་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རང་རིག་པའི་ཀློང་ན་བཞུགས་པ་ལ། དེ་ཉིད་ཀྱི་ཁྱད་པར་ལས། དེ་ཉིད་དང་གཉིས་སུ་མེད་པའི་ཡུམ་དེས་འདི་སྐད་བསྐུལ་ལོ། །ཨསྒ་ཧོ། དང་པོ་སྐྱེ་མེད་ཆོས་རྣམས་ཡུམ་གྱི་ངང་། །མ་བྱུང་མ་སྐྱེས་སེམས་ཉིད་སྐྱེ་བ་མེད། །སྐྱེ་བ་མེད་པའི་སེམས་ཉིད་དག་པ་ལས། །འཁོར་བ་ངན་སོང་ཡེ་ནས་མེད་པ་ལ། །བརྟགས་པས་འཁྲུལ་པའི་རྫས་སུ་སྣང་བ་ཀུན། །ཐུགས་རྗེ་ཆེན་པོས་སྦྱང་བའི་དུས་ལ་བབ ངོ་མཚར་ཆེ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་གླེང་བསླངས་པ་དང་། ཡབ་ཀྱིས་ཡུམ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨསྒ་ཧོ། མ་བཅོས་ཡོངས་ཀྱིས་དག་པའི་ཞིང་ཁམས་སུ། །ཐམས་ཅད་གཉིས་མེད་རྒྱལ་བའི་སངས་རྒྱས་བཞུགས། །དེ་ཚེ་ལོག་རྟོག་མཚན་མ་མིང་ཡང་མེད། །སྟོང་པ་ཉིད་ལས་སྟོང་པའི་རང་བཞིན་གནས། །སྟོང་ཉིད་བརྟགས་པས་སྟོང་ཉིད་རང་བཞིན་བདེ། །མི་སྐྱེའི་ཆོས་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཆོས་ཉིད་ལོངས་སྤྱོད་རྒྱན་དུ་གཅིག་པར་བྱོས། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་སུས་ཀྱང་མ་བརྗོད་པའི་རང་སྒྲ་ཙམ་ཉིད་ལས། ཧུ༷་ཨོ་གྲྭ་ཨུ༷་ཧྭ་ལྔ་ལས། རྣམ་པར་ཤེས་པའི་ཚོགས་ཀྱིས་བསྡུས་པ་ཐམས་ཅད་རྡོ་རྗེའི་རིགས་ཀྱི་གཏོར་མར་གྱུར་ཏོ། །གཟུགས་ཀྱི་ཕུང་པོས་བསྡུས་པ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་གཏོར་མར་གྱུར་ཏོ། །ཚོར་བར་སྣང་བ་ཐམས་ཅད་རིན་པོ་ཆེ་རིགས་ཀྱི་གཏོར་མར་གྱུར་ཏོ། །འདུ་ཤེས་ཀྱིས་བསྡུས་པ་ཐམས་ཅད་པདྨའི་རིགས་ཀྱི་གཏོར་མར་གྱུར་ཏོ། །འདུ་བྱེད་ཀྱིས་བསྡུས་པ་ཐམས་ཅད་ལས་ཀྱི་རིགས་ཀྱི་གཏོར་མར་གྱུར་ཏོ། །དེ་ཡང་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། མིག་གི་རྣམ་པར་ཤེས་པ་ནི། སྡུག་ཅིང་མཛེས་པས་གཟུགས་སྡུག་པ་དང་། མི་སྡུག་པ་དང་། གཉིས་ཀ་མ་ཡིན་པ་དང་། དཀར་བ་དང་། དམར་བ་དང་། སེར་བ་དང་། ལྗང་བ་ལ་སོགས་ཏེ། མེ་ཏོག་སྣ་ཚོགས་པའི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་དང་།མཆོད་པ་དང་། ཐུགས་དམ་བསྐུལ་བ་དང་། ཚིམ་པ་དང་དངོས་གྲུབ་སྩོལ་བ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་།སངས་རྒྱས་ཤིང་གཏོར་མར་གྱུར་ཏོ། །དེ་ཡང་བྱམས་ཤིང་ཐུགས་རྗེ་ཆེ་ལ་ཡོངས་ལ་ཁྱབ་པས་གཏོར་མར་གྱུར་ཏོ། །སྣའི་རྣམ་པར་ཤེས་པ་ནི། ཚིམས་པར་བྱེད་པས་དྲི་ཞིམ་པ་དང་། མི་ཞིམ་པ་དང་།གཉིས་ཀ་མ་ཡིན་པ་དང་། སྤོས་དང། བདུག་པ་དང་། སྨན་གྱི་དྲི་དང་། ཞལ་ཟས་ཀྱི་དྲི་ལ་སོགས་པ་སྤོས་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཐུགས་དམ་བསྐུལ་བ་དང་།སྒྲིབ་པ་སྦྱོང་བ་དང་། དངོས་གྲུབ་སྩོལ་བ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་།རྫས་སུ་སྣང་བ་སྟེ། ཐམས་ཅད་དུ་སངས་རྒྱས་ཤིང་གཏོར་མར་གྱུར་ཏོ།།དེས་ཀྱང་བྱམས་ཤིང་ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པས་གཏོར་མར་གྱུར་ཏོ། །ལྕེའི་རྣམ་པར་ཤེས་པ་ནི། མྱོང་བར་བྱེད་པས་རོ་བྲོ་བ་དང་། མི་བྲོ་བ་དང་། གཉིས་ཀ་མ་ཡིན་པ་དང་། ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། རྩུབ་པ་དང་། ལན་ཚུའི་རོ་ལ་སོགས་པ་བཤོས་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཚིམ་པ་དང་། ཐུགས་དམ་བསྐུལ་བ་དང་། སྒྲིབ་པ་སྦྱོང་བ་དང་། དངོས་གྲུབ་སྩོལ་བ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་།གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་། རྫས་སུ་སྣང་བ་དང་། འབྲས་བུ་ཐོབ་པར་བྱས་ཏེ། ཐམས་ཅད་སངས་རྒྱས་ཤིང་གཏོར་མར་གྱུར་ཏོ། །དེས་ཀྱང་བྱམས་ཤིང་ཐུགས་རྗེ་ཆེ་ལ་ཡོངས་ལ་ཁྱབ་པས་གཏོར་མར་གྱུར་ཏོ། །ལུས་ཀྱི་རྣམ་པར་ཤེས་པ་ནི། རེག་པར་བྱེད་པས། འཇམ་པ་དང་། རྩུབ་པ་དང་། གཉིས་ཀ་མ་ཡིན་པ་དང་། ལྷ་དང་མིའི་གོས་ལ་སོགས་པ་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཚིམ་པ་དང་། ཐུགས་དམ་སྐུལ་བ་དང་། སྒྲིབ་པ་སྦྱོང་བ་དང་། དངོས་གྲུབ་སྩོལ་པ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་དོན་གོང་མ་བཞིན་དུ་གྱུར་ཏོ། །རྣ་བའི་རྣམ་པར་ཤེས་པ་ནི། ཐོས་པར་བྱེད་པས། སྒྲ་སྙན་པ་དང་། མི་སྙན་པ་དང་། གཉིས་ཀ་མ་ཡིན་པ་དང་། ཅི་ལྟར་ལྷ་དང་མིའི་སྒྲ་དང་། རོལ་མོ་དང་། འབྱུང་བ་ཆེན་པོ་ལས་གྱུར་པ་ཐམས་ཅད་དང་། སྒྲ་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་གོང་མ་བཞིན་དུ་གྱུར་ཏོ། །ཀུན་གཞི་རྣམ་པར་ཤེས་པས་ལས་སོགས་པར་བྱེད་པས། བག་ཆགས་བཟང་པོ་དང་། ངན་པ་དང་། གཉིས་ཀ་མ་ཡིན་པ་དང་། རྗེས་སུ་རྒྱུ་བ་དང་། དྲན་པ་དང་། རྩོལ་བ་དང་། ཤེས་རབ་རྣོ་བ་ལ་སོགས་པ་སྣང་བ་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི། རྗེས་སུ་རྒྱུ་བར་བྱེད་པས།ཚོར་བ་དང་། སྣང་བ་དང་། ཐོས་པ་དང་། གནས་པ་ལ་སོགས་པ་སྣང་བ་ཡོངས་སུ་སྣང་བའི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་བྱས་བ་ལ་སོགས་པ་གོང་མ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི།གསལ་བར་གཅོད་པས། ལྷ་དང་མིའི་གཟུགས་ལ་སོགས་པ་དང་། ཚིག་དང་སྒྲའི་དོན་ཐམས་ཅད་ཤེས་པ་དང་། འཛིན་པ་དང་། མི་བརྗེད་པ་དང་། སྣོད་དུ་གྱུར་པ་ལ་སོགས་པ་ཡོངས་སུ་སྣང་བའི་གཏོར་མར་སྤྲུལ་ཏེ། དེས་ཀྱང་དོན་དུ་བྱ་བ་དང་། མཆོད་པ་དང་། ཚིམ་པ་དང་། ཐུགས་དམ་བསྐུལ་བ་དང་། སྒྲིབ་པ་སྦྱོང་བ་དང་། དངོས་གྲུབ་སྩོལ་བ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་དོན་བྱ་བ་དང་། ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་། རྫས་སུ་སྣང་བ་དང་། འབྲས་བུ་ཐོབ་པར་བྱེད་སྟེ། ཐམས་ཅད་ཡོངས་སུ་རྒྱས་ཤིང་གཏོར་མར་གྱུར་ཏེ།དེས་ཀྱང་བྱམས་ཤིང་ཐུགས་རྗེ་ཆེན་པོ་ཡོངས་ལ་ཁྱབ་པས་གཏོར་མར་གྱུར་ཏོ། །དེ་ལ་གཟུགས་ཀྱིས་བསྡུས་པ་ནི་གང་ཞེ་ན། རྒྱུའི་གཟུགས་བཞི་དང་། འབྲས་བུའི་གཟུགས་བཅུ་གཅིག་དང་། ལྷ་དང་མིའི་གཟུགས་ལ་སོགས་པ་སྣ་ཚོགས་ཏེ། རྒྱུའི་གཟུགས་བཞི་ནི། འབྱུང་བ་ཆེན་པོ་བཞི་ནམ་མཁའ་སྤྱིར་བཏང་བ་དང་ལྔ་སྟེ། ནམ་མཁའ་ནི་་།ང་ཡངས་ཆེ་བ་དང་། སྟེང་འོག་མེད་པར་གདལ་བ་དང་། མཐའ་དབུས་མེད་པར་ཁྱབ་པ་དང་། ཕྱོགས་རིས་མེད་པར་ཁྱབ་པ་དང་། ཐུགས་པ་མེད་པར་དཔལ་གྱི་གཏོར་མར་གྱུར་ཏོ། །དེས་ཀྱང་བྱམས་པ་ལ་སོགས་པ་གོང་མ་བཞིན་ནོ། །ས་ནི་སའི་རང་བཞིན་སྲ་བ་དང་། རྒྱ་ཆེ་བ་དང་། གྲངས་མང་བ་དང་། སྐྱེ་བ་སྨིན་པར་བྱེད་པ་དང་། ཁ་དོག་གསལ་བ་དང་། རི་རབ་དང་གླིང་དུ་ལྡན་པའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །ཆུ་ནི་གཤེར་བ་དང་། རླན་པ་དང་། སྡུད་པར་བྱེད་པ་དང་། གཏིང་ཟབ་པ་དང་། འབབ་པ་དང་། རྒྱ་མཚོ་དང་། གཏིང་དཔག་ཡངས་པའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །མེ་ནི་དྲོ་བ་དང་། ཚ་བ་དང་། གསལ་བ་དང་། མཆེད་པ་དང་། སྲེག་པ་དང་། དྲོ་ཞིང་ཤར་བའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །རླུད་ནི་བསྐྱོད་པ་དང་། ཡང་བ་དང་། འདེགས་པ་དང་། བསིལ་བ་དང་། འབྱེད་པ་དང་། ཁྱབ་པ་དང་། འཐོར་བའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །དེས་བསྐྱེད་པའི་འབྲས་བུའི་གཟུགས་ནི། ཡུལ་ལྔ་དབང་པོ་ལྔ་དང་། རྣམ་པར་རིག་པ་མ་ཡིན་པ་ལ་སོགས་པ་ཐམས་ཅད་གསལ་བ་དང་། སྣང་བ་དང་། ལྡན་པ་དང་། བརྟན་པ་དང་། དངོས་སུ་སྣང་བའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །ཚོར་བས་བསྡུས་པ་གང་ཞེ་ན། བདེ་བ་དང་།སྡུག་བསྔལ་བ་དང་། གཉིས་ཀ་མ་ཡིན་པ་སྟེ། དེ་དག་ཀྱང་རྒྱུ་འབྲས་ཁྱད་པར་གྱི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །འདུ་ཤེས་ཀྱིས་བསྡུས་པ་གང་ཞེ་ན། རྒྱ་ཆེ་བ་དང་། ཆུང་ངུ་དང་། ཚད་མེད་པ་སྟེ། དེ་དག་ཀྱང་ཀུན་ལ་ཁྱབ་པའི་གཏོར་མར་གྱུར་ཏེ། དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །འདུ་བྱེད་ཀྱིས་བསྡུས་པ་གང་ཞེ་ན། ལྔ་བཅུ་རྩ་གཅིག་སྟེ། དེ་དག་ཀྱང་ཁམས་གསུམ་ཁྱབ་པའི་གཏོར་མར་གྱུར་ཏོ། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཚིམ་པ་དང་། ཐུགས་དམ་སྐུལ་བ་དང་། སྒྲིབ་པ་སྦྱོང་བ་དང་། དངོས་གྲུབ་སྩོལ་བ་ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། །དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་། རྫས་སུ་སྣང་བ་དང་། འབྲས་བུ་ཐོབ་པར་བྱེད་དེ། ཐམས་ཅད་དུ་སངས་རྒྱས་ཤིང་གཏོར་མར་གྱུར་ཏོ། །དེ་ཡང་བྱམས་ཤིང་ཐུགས་རྗེ་ཆེ་ལ། ཡོངས་ལ་ཁྱབ་པའི་གཏོར་མའོ། །དེ་ནས་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་ཡེ་ནས་གདལ་བ་ལ། རང་རིག་ཡེ་ཤེས་རྒྱལ་པོའི་སྐུ་མངོན་དུ་ཕྱུང་བས་གཏོར་མའོ། །རང་རིག་པའི་རྒྱལ་པོ་ཤར་བས་མ་སྐྱེས་པའི་ཡུལ་གདལ་བས་གཏོར་མའོ། །ཡབ་ཡུམ་གཉིས་སུ་མེད་པས་གླེང་བསླངས་པས། རིགས་ལྔའི་སངས་རྒྱས་མ་སྐྱེས་རྫོགས་པའི་ཚུལ་དུ་བྱུང་བས་གཏོར་མའོ། །རྫས་ཀྱིས་ཀུན་ལ་ཁྱབ་པས་གཏོར་མའོ། །མཐའ་ལ་ཐུག་པ་མེད་པས་གཏོར་མའོ། །དབྱིངས་ལས་བྲི་བ་མེད་པས་གཏོར་མའོ། །དེ་ཙམ་ན་ཡོད་པར་འཛིན་པ་རྫས་ཀྱི་གཏོར་མར་བྱུང་སྟེ། དེ་ཡང་འདི་ལྔ་སྟེ།གནས་ཤིང་བརྟན་པའི་དུས་ན་རྩ་བའི་གཏོར་མ་སྟེ། རྩ་བའི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱི་གཏོར་མ་གྲངས་ཀྱིས་མི་ལངས་པ། བརྗོད་ཀྱིས་མི་ལངས་པ། རྩ་བའི་གཏོར་མ་སྣ་ཚོགས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་སངས་རྒྱས་ཀྱི་དགོངས་པ་གང་ཞིང་རྒྱས་པར་འགྱུར་རོ། སྒོག་པ་དང་སྔོ་སྨན་འབྱུང་ཞིང་སྐྱེ་བའི་དུས་ན་ལོ་མའི་གཏོར་མ་སྟེ། རྩི་ཤིང་ནགས་ཚལ་ལ་སོགས་པ། །མྱང་བའི་གཏོར་མ་རྣམ་པ་སྣ་ཚོགས་པ་ཡང་ དེ་བཞིན་དུ་གང་ཞིང་རྒྱས་པའི་གཏོར་མར་གྱུར་ཏོ། །གསལ་ཞིང་སྡུག་པའི་དུས་ན་མེ་ཏོག་གི་གཏོར་མ་རྣམ་པ་སྣ་ཚོགས་པ། པདྨ་དང་ཨུཏུལ་ལ་སོགས་པ་བལྟ་བའི་གཏོར་མ་ལ་སོགས་རྣམ་པ་སྣ་ཚོགས་པ་ཡང་དེ་བཞིན་དུ་གྱུར་ཏེ། སྨིན་ཅིང་གྲུབ་པའི་དུས་ན་འབྲས་བུའི་གཏོར་མ་རྣམ་པ་སྣ་ཚོགས་པ་སྨན་དང་། གེལ་པ་དང་། འབྲུ་ལ་སོགས་པ་བཟའ་བའི་གཏོར་མ་རྣམ་པ་སྣ་ཚོགས་པ་དེ་ཡང་དེ་བཞིན་དུ་གྱུར་ཏོ། །དེ་ཙམ་ན་མེད་པར་འཛིན་པ་རྣམས་ལ་ཆོས་ཉིད་ཀྱི་གཏོར་མ་རྒྱ་ཆེ་བ། ཟབ་པ་གཏིང་དཔག་དཀའ་བ། མཐའ་དབུས་མེད་པའི་སྙིང་པོ་ཅན་གྱིས་ཡོངས་སུ་ཁྱབ་པར་གྱུར་ཏོ། །དེ་ཙམ་ན་ལྷའི་སྐུར་སྣང་བར་འདོད་པ་ལ་ཐམས་ཅད་ལྷའི་དཀྱིལ་འཁོར་ཏེ། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་ལ་སོགས་པའི་དཔེ་བྱད་དུ་ལྡན་པའི་གཏོར་མ་རྣམ་པ་སྣ་ཚོགས་པས་གང་བར་གྱུར་ཏོ། །དེས་ཀྱང་དོན་བྱ་བ་ལ་སོགས་པ་གོང་མ་བཞིན་ནོ། །དེ་བཞིན་དུ་ཅི་ལྟར་འདོད་པ་དེ་བཞིན་དུ་གཏོར་མར་སྣང་བར་གྱུར་ཏོ། །དེ་ནས་ཉིད་ལ་ཉིད་ཆེད་དུ་གླེང་ངོ་། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྨད་བྱུང་ཡོན་ཏན་བསམ་མི་ཁྱབ། །ཡེ་ཤེས་དབྱིངས་ཀྱི་རོལ་པ་ནི། །དམིགས་པ་མེད་ལས་དམིགས་པར་སྣང་། །ཞེས་བརྗོད་དོ། །དེ་ནས་ཡུམ་གྱིས་མིང་ཙམ་ལས་སངས་རྒྱས་ཀྱི་སྐུ་མི་ཕྱེད་རྫོགས་པའི་ཚུལ་གྱིས་འབྱུང་བ་འདི་ལྟ་སྟེ། སྲས་མཆོག་རིགས་ལྔའི་སངས་རྒྱས་དང་། །སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ཀྱང་ལྷག་མ་མེད་མཐོང་སྟེ། །གནས་པ་མེད་པའི་ཚུལ་གྱིས་འཁོད། །དེ་ནས་སྣོད་ཀུན་ཏུ་བཟང་མོའི་གཏོར་མར་གྱུར་པ་ལས། ནམ་མཁའ་ཀུན་ཏུ་བཟང་མོས་ཡངས་ཤིང་རྒྱ་ཆེ་བའི་གཏོར་མར་བྱིན་གྱིས་བརླབས་པ། ཨེ་མཁའ་ཀློང་རང་བཞིན་མཐའ་དབུས་གཡོ་བ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་འབྱུང་བའི་ཡུམ། །ཡངས་དོག་མེད་པ་མཁའ་ཀློང་ཆེན་པོ་མྲ །གདོད་ནས་དག་པའི་གཏོར་གཞོང་ཆེན་པོར་གྱུར། །ཨེ་བ་ལི་ཏ། ཞེས་བྱ་བའི་སྒྲ་ཕྱོགས་བཅུ་ཐམས་ཅད་དུ་གྲགས་སོ། །གྲགས་མ་ཐག་ཏུ་ཅིས་ཀྱང་མི་འགྱུར་བའི་དབྱིངས་ཀྱི་གཏོར་མར་ཤར། དེ་ནས་སྣོད་དམ་ཚིག་སྒྲོལ་མ་ཡང་ཞིང་གཡོ་བའི་གཏོར་མར་བྱིན་གྱིས་བརླབས་པ། ཡ༷་ཅི་ལྟར་གཡོ་བ་རླུད་གི་རང་བཞིན་ལ། །སྤྲུལ་པའི་ཕྲིན་ལས་ཅིར་ཡང་འགྱུར། །ཕྲིན་ལས་ཡུམ་གྱི་མཁའ་ཀློང་དག་པ་མྲ །གདོད་ནས་དག་པའི་གཏོར་གཞོང་ཆེན་པོར་གྱུར། །ཡ༷་བ་ལི་ཏ། ཞེས་བྱ་བའི་སྒྲ་ཕྱོགས་ཐམས་ཅད་དུ་གྲགས་སོ། །གྲགས་མ་ཐག་ཏུ་ཅིས་ཀྱང་མི་ཚུགས་པའི་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནས་སྣོད་བཱ་མ་ཀིར་གྱུར་པ་ལས། ཆུ་མྱ་མ་ཀི་བརླན་ཞིང་སྡུད་པའི་གཏོར་མར་བྱིན་གྱིས་བརླབས་པ། །མུ༷་བརླན་ཞིང་སྡུད་པ་ཆུ་ཡི་རང་བཞིན་ལ། །ཆེ་བའི་ཡོན་ཏན་ཐུགས་རྗེ་ཅིར་ཡང་འབྱུང་། །ཡོན་ཏན་ཡུམ་གྱི་མཁའ་ཀློང་དག་པ་སྲ །གདོད་ནས་དག་པའི་གཏོར་གཤོང་ཆེན་པོར་གྱུར། །མྱ༷་བ་ལི་ཏ། ཞེས་བྱ་བའི་སྒྲ་མ་བརྗོད་པར་ཕྱོགས་བཅུ་ཐམས་ཅད་དུ་གྲགས་སོ། །གྲགས་མ་ཐག་ཏུ་ཅིས་ཀྱང་མི་བརྗོད་པའི་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནས་སྣོད་སངས་རྒྱས་སྤྱན་དུ་གྱུར་པ་ལས། སངས་རྒྱས་སྤྱན་སྲ་ཞིང་འདེགས་པའི་གཏོར་མར་བྱིན་གྱིས་བརླབས་པ། ལ༷་སྲ་ཞིང་འདེགས་པ་ས་ཡི་རང་བཞིན་ལ། །ཐུགས་རྗེའི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན། །ཐུགས་རྗེ་ཡུམ་གྱི་མཁའ་ཀློང་དག་པ་ན། །གདོད་ནས་དག་པའི་གཏོར་གཞོང་ཆེན་པོར་གྱུར། །ལ༷་བ་ལི་ཏ། ཞེས་བྱ་བའི་སྒྲ་མ་བརྗོད་པར་ཕྱོགས་བཅུ་ཐམས་ཅད་དུ་གྲགས་སོ། །གྲགས་མ་ཐག་ཏུ་ཅིས་ཀྱང་མི་འགྱུར་བའི་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནས་སྣོད་གོས་དཀར་མོར་གྱུར་པ་ལས། མེ་གོས་དཀར་མོས་ཚ་ཞིང་སྲེག་པའི་གཏོར་མར་བྱིན་གྱིས་བརླབས་པ། ར༷་ཚ་ཞིང་སྲེག་པ་མེ་ཡི་རང་བཞིན་ལ། །ཡོངས་སུ་སྙོམས་པའི་ཐུགས་རྗེ་ཅིར་ཡང་འབྱུང་། །གསུང་མཆོག་ཡུམ་གྱི་མཁའ་ཀློང་དག་པ་སྲ །གདོད་མ་དག་པའི་གཏོར་གཞོང་ཆེན་པོར་གྱུར། །ར༷་བ་ལི་ཏ། ཞེས་བྱ་བའི་སྒྲ་མ་བརྗོད་པར་ཕྱོགས་བཅུ་ཐམས་ཅད་དྲགས་སོ། །གྲགས་མ་ཐག་ཏུ་ཅིས་ཀྱང་མི་འགྱུར་བའི་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནས་སྣོད་སྒྱུ༷་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར་པ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཞུགས་པའི་གཏོར་མར་བྱིན་གྱིས་བརླབས་པ།༷སྒྱུ༷་གཞལ་ཡས་ཕྱོགས་བཞི་མཐའ་དབུས་མེད་པ་ཡི། །རིག་པའི་ཆོ་འཕྲུལི་སྣ་ཚོགས་ཅིར་ཡང་སྟོན། །དུས་གསུམ་རྒྱལ་བ་བཞུགས་པའི་མཁའ་ཀློང་དུ། །གདོད་ནས་དག་པའི་གཏོར་གཞོང་ཆེན་པོར་གྱུར། །རྒྱུ༷་བ་ལི་ཏེ་བ་ལ། ཞེས་བྱ་བའི་སྒྲ་མ་བརྗོད་པར་ཕྱོགས་ཐམས་ཅད་དུ་གྲགས་སོ། །གྲགས་མ་ཐག་ཏུ་ཡངས་དོག་མེད་པའི་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནས་ཙཀྲར་གྱུར་པ་ལས། ཕྱོགས་བཅུའི་སངས་རྒྱས་ཛིམས་ཅད་ཀྱི་དཀྱིལ་འཁོར་གཏོར་མར་བྱིན་གྱིས་བརླབས་པས། རྩ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི། །གྲུ་ཆད་བཞི་དང་བར་ཁྱམས་སྒོ་བཞིར་ལྡན། །སྲས་དང་འཁོར་བཅས་བཞུགས་པའི་མཁའ་ཀློང་དུ། །གདོད་ནས་དག་པའི་གཏོར་གཞོང་ཆེན་པོར་གྱུར། །ཧུ༷་བ་ལི༷་ཏ་ཙཀྲ། ཅེས་བྱ་བའི་སྒྲ་སུས་ཀྱང་མ་བརྗོད་པར་ཕྱོགས་བཅུ་ཐམས་ཅད་ཀུན་ཏུ་གྲགས་སོ། །གྲགས་མ་ཐག་ཏུ་བར་ཆད་མེད་པ་དབྱིངས་ཀྱི་གཏོར་མར་ཤར་རོ། །དེ་ནི་ཐམས་ཅད་བསྐྱེད་ཅིང་འབྱུང་བའི་གཏོར་མའོ། །དེ་ནི་ཐམས་ཅད་དུ་གནས་ཤིང་ལོངས་སྤྱོད་པའི་གཏོར་མའོ། །དེ་ནི་ཐམས་ཅད་དུ་མི་གནས་ཤིང་མཐར་ཕྱིན་པའི་གཏོར་མའོ། །ད་ནི་སྣོད་ཀྱི་གཏོར་གཞོང་དུ་བཅུད་ཀྱི་མགྲོན་གཤེགས་པ་འདི་ལྟ་སྟེ། །ཡིད་བྱེད་པ་པོ་ཐམས་ཅད་ནི་ཀུན་ཏུ་བཟང་པོའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་དང་། ཆོས་བྱ་བ་མོ་ཐམས་ཅད་ནི་ཀུན་ཏུ་བཟང་མོའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་དང་། བྱུང་ཡང་བྱུང་། མ་བྱུང་ཡང་མ་བྱུང་། ཡོད་ཀྱང་ཡོད། མེད་ཀྱང་མེད། སྣང་ཡང་སྣང་། མི་སྣང་ཡང་མི་སྣང་། གསལ་ཡང་གསལ། མི་གསལ་ཡང་མི་གསལ། གྲུབ་ཀྱང་གྲུབ། མ་གྲུབ་ཀྱང་མ་གྲུབ། ཡིན་ཀྱང་ཡིན། མིན་ཀྱང་མིན། སྤྱན་དྲངས་ཀྱང་དྲངས། མ་དྲངས་ཀྱང་མ་དྲངས། བྱོན་ཀྱང་བྱོན། མ་བྱོན་ཀྱང་མ་བྱོན། བཞུགས་ཀྱང་བཞུགས། མི་བཞུགས་ཀྱང་མི་བཞུགས། །དེ་ལྟ་བུའི་སྐུ་བགྲང་དུ་ཡོད་ཀྱང་ཡོད། མེད་ཀྱང་མེད་པའི་གཏོར་མའི་མགྲོན་དུ་གྱུར་ཏོ། །དེ་བཞིན་དུ་རིགས་ལྔ་དང་། ཡུམ་ལྔ་དང་། སེམས་དཔའ་དང་། སེམས་མ་དང་། སྒོ་བ་དང་། སྒོ་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། དོན་མཛད་པའི་ཐུབ་པ་ལ་སོགས་པ་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་བྱུང་ཡང་བྱུང་། མ་བྱུང་ཡང་མ་བྱུང་བ་གཏོར་མའི་མགྲོན་དུ་གྱུར་ཏོ། །དེ་དག་ཀུན་ཀྱང་སྐུ་མདོག་ཕྱག་མཚན་ལ་གྲངས་སུ་གཟུང་དུ་ཡང་རུང་། མི་གཟུང་དུ་ཡང་རུང་། དེ་ལྷ་བུའི་མགྲོན་རྣམས་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་དུ་གང་ནས་ཀྱང་ཁྱབ་པར་འཁོད་དོ། །དེ་ནས་གཏོར་མའི་མགྲོན་དེ་དག་ལ་མཆོད་ཅིང་བསྟོད་པ་ནི་སུས་ཀྱང་བསྐྱེད་པ་མེད་པར་ས་གཞི་དེ་དག་ལས། ཕྱི་པ་ལྟར་ནི་མེ་ཏོག་རྣམ་པ་སྣ་ཚོགས་པ་དང་། པདྨ་དང་། ཨུཏུལ་དང་། བནྟྲ་ཛི་བ་ཀ་ལ་སོགས་པ་གོང་མ་ལྟ་བུའི་གཏོར་གཞོང་ལས་རང་སྐྱེས་སོ། །དེ་ལ་རྟོག་གེ་པ་རྣམས་ད་ལྟ་མེ་ཏོག་གི་དུས་སོ་ཞེས་འདོགས་སོ། །ནང་པ་ལྟར་མེ་ཏོག་གེ་སར་རེ་རེ་ལ་མེ་ཏོག་ལྷ་མོ་གྲངས་བརྗོད་ཀྱིས་མི་ལངས་པའི་ཡང་བརྗོད་ཀྱིས་མི་ལངས་པར་གྱུར་ནས། རྒྱལ་བའི་དཀྱིལ་འཁོར་དེ་དག་ལ་མཆོད་པ་དང་། དོན་བྱ་བ་དང་། དོན་བྱས་པ་ལ་སོགས་པ་གཏོར་མའི་ལོངས་སྤྱོད་རྒྱུན་མི་འཆད་པར་མཛད་དོ། །དེ་ལ་དམིགས་པར་འཛིན་པ་རྣམས་ཀྱིས་མེ་ཏོག་གི་ལྷ་མོ་ཞེས་མིང་དང་མཚན་དུ་བཏགས་སོ། །གསང་བ་བླ་ན་མེད་པ་ལྟར་ན། དེ་ཡང་གཉིས་སུ་མེད་དེ། རོལ་པ་མཛད་སྤྱོད་ཐ་མི་དད་དབྱེར་མེད་པའི་རོལ་པ་གཏོར་མར་ལོངས་སྤྱོད་པར་གྱུར་ཏོ། །དེ་བཞིན་དུ་སྤོས་དང། དེབཞིནདུམརམེདང་། དེ་བཞིན་དུ་བྱུག་པ་དང་། དེ་བཞིན་དུ་གཟུགས་དང་། དེ་བཞིན་དུ་སྒྲ་དང་། དེ་བཞིན་དུ་དྲི་དང་། དེ་བཞིན་དུ་རོ་དང་། དེ་བཞིན་དུ་རེག་དང་། དེ་བཞིན་དུ་ཆོས་ལ་སོགས་པཕྱི་འདུས་བྱས་སུ་སྣང་བ་སྟེ། རྫས་ཀྱི་མཆོད་པ་རང་རྒྱུད་ལ་གནས་སོ། །ནང་འདུལ་མ་བྱས་ཏེ། ལྷའི་ཏིང་ངེ་འཛིན་ལ་གནས་པའོ། །གསང་བ་གཉིས་སུ་མེད་པ་སྟེ། རོལ་པ་ཆེན་པོའི་མཛད་སྤྱོད་དུ་གནས་པའོ། །དེ་ལྟ་བུའི་གཏོར་མ་རྫོགས་པ་ལ་ཕྱི་ནང་སྣོད་བབ་དང་ལྡན་ནོ། །རང་གི་རིག་པ་ལ་འདུ་འབྲལ་མེད་པར་གནས་སོ། །དོན་ལ་སྤྱོད་པ་ཆེན་པོའི་ལྷུན་ལ་དུས་གསུམ་དང་། སྔ་ཕྱི་དང་། ཆེ་ཆུང་དང་། མཐོ་དམན་དང་། ཕྱོགས་རིས་དང་། བདེ་སྡུག་མེད་པར་ཐུགས་རྗེ་ཆེན་པོའི་གཏོར་མར་ལོངས་སྤྱོད་དུ་རོལ་ལོ། །དེ་བཞིན་དུ་ཡེ་ནས་སུས་ཀྱང་མ་བྱས་པས་རང་རྒྱུད་ཀྱི་གཏོར་མར་ཡོད་དོ། །དེ་ནི་སུས་ཀྱང་མ་བྱས་པས་ཡོད་པར་ཡང་མེད་དོ། །དེ་ནི་རང་རིག་པས་མེད་པར་ཡང་འབྱུང་ངོ་། །དེ་ནི་ཤེས་པས་བྱུང་ཙམ་ན་ལོངས་སྤྱོད་དོ། །དེ་ནི་ལོངས་སྤྱོད་ཙམ་ན་བདེ་བའི་རོ་རྒྱུན་མི་འཆད་པ་བལྟར་རོ། །དེ་ལྟ་བུའི་དོན་སུས་ཐོས་པས་གཏོར་མ་ཐམས་ཅད་ཀྱི་འབྱུང་ཁུངས་ཤེས་པའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དང་། སངས་རྒྱས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གླེང་མ་བསླངས་པར་ལངས་སོ། །ཧུ༷་རྣལ་མ་སྣོད་ཀྱི་གཏོར་མ་ཡིན་པ་ལ། །བཅུད་ཀྱི་དཀྱིལ་འཁོར་གསལ་བ་སྣང་བའི་སྐུ། །འབྱོར་པའི་ལོངས་ནི་རང་ལ་རང་བཞིན་འཆར། །འདུ་འབྲལ་མེད་པའི་མཆོད་པ་རྒྱན་མེད་ཀྱིས། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དུ། །རྣལ་འབྱོར་གསང་བའི་མཆོད་པ་རྒྱུན་མེད་མཛད། །ཡེ་ནས་ཡིན་པས་ནམ་ཡང་འབྲལ་བ་མེད། །གཏོར་མའི་རང་བཞིན་རྒྱལ་བས་བརྗོད་མི་ལངས། །ཐམས་ཅད་གཉིས་སུ་མེད་པར་ལོངས་སྤྱོད་ཕྱིར། །མཉམ་ཉིད་རྒྱལ་བའི་ཐུགས་ལ་གཟུང་བར་བྱའོ། །ཞེས་མགྲིན་གཅིག་ཏུ་མ་གསུངས་པར་གླེང་བསླང་ངོ་། །དེས་བློ་ཐ་མལ་པ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ཟེར་རོ། །དེ་བློ་ཐ་མལ་པ་ལ་ཕལ་ཆེར་རྣམས་ནི་རིག་པ་དང་རྟོག་པ་ཅེས་ཟེར་ཏེ། །དེ་ལ་བློ་ཐ་མལ་པ་ཆེན་པོ་རྣམས་ནི། ཡེ་ནས་དེ་ལྟར་དབྱེར་མེད་ཅེས་ཟེར་རོ། །གཏོར་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ཀློང་རུམ་ནས། རྡོ་རྗེ་སེམས་དཔའ་བྱུང་ངོ་། །རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོའི་མདུན་ན་བཀའ་ནོད་པ་ལས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །མ་རིག་ལིང་ཏོག་བསལ་བ་དང་། །སེར་སྣ་སྤྱིན་པར་བྱ་བ་དང་། །སྣོད་ཆོས་ཉིད་དུ་བསྒྱུར་བ་དང་། བཅུད་ལྷའི་ཞལ་ཟས་སུ་བྱ་བ་དང་། འཁོར་བ་རྣམ་པར་དག་པའི་ཀློང་དུ་བསླང་བའི་སླད་དུ། ལུས་དང་སེམས་གཏོར་མའི་རྒྱུ་དང་རྐྱེན་དུ་སྤྲུལ་ཅིག །ཅེས་བཀའ་བསྒོ་བ་དང་། དེ་ནས་རྡོ་རྗེ་སེམས་དཔས་ལུས་རྡུལ་སྙེད་དུ་སྤྲུལ་ནས་གཏོར་མའི་རྒྱུ་འབྱུང་བ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུད་རྡོ་རྗེ་སེམས་དཔའི་ལུས་སྤྲུལ་པ། འདི་ཡར་གཏོར་མའི་རྒྱུ་ཡིན་ནོ། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །དེ་ཡང་རྡོ་རྗེ་སེམས་དཔའི་ལུས། །སྐྱེ་བཞི་འགྲོ་དྲུག་ཁམས་ལྔ་ཡང་། །དེ་ཡང་རྡོ་རྗེ་སེམས་དཔའི་ལུས། །གཏོར་མའི་རྒྱུ་རུ་རབ་ཏུ་བཤད། །རི་རབ་གླིང་བཞི་མཐའ་བསྐོར་བ། །ཉི་ཟླ་གཟའ་སྐར་དེ་བཞིན་ནོ། །དེ་ན་སྐྱེ་བའི་རྫས་རྣམས་ཀྱང་། །རྡོ་རྗེ་སེམས་དཔའི་ལུས་ཡིན་པས། །མིང་གིས་མེད་དུ་མི་རུང་ངོ་། །མཁས་པས་དེ་དག་རྫས་ཤེས་བྱ། །གཏོར་མའི་སྣོད་ཀྱང་རྡོ་རྗེ་སེམས། །གཏོར་མའི་རྒྱུ་ཡང་རྡོ་རྗེ་སེམས། །གཏོར་མའི་མགྲོན་ཡང་རྡོ་རྗེ་སེམས། །དེ་ནས་རྡོ་རྗེ་སེམས་དཔའི་ལུས་གཏོར་མའི་རྒྱུ་རུ་བྱུར་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་གླེང་བཞི་གླིང་ཕྲན་དང་བཅས་པགྲངས་བྱེ་བ་ཐེར་འབུམ་དུ་གཏོར་མའི་སྣོད་དུ་གྱུར་ཏོ། །འཛམ་བུའི་གླིང་གཏོར་སྣོད་ཀྱི་ནང་དུ། གཏོར་མའི་རྒྱུ་མེ་ཏོག་རྣམ་པ་སྣ་ཚོགས་པ། གཡའ་རི་དང་། གངས་རི་དང་། དམའ་བ་དང་། ནགས་དང་། འདམ་དང་། མཚོ་ལ་སོགས་པ་རྣམས་ལ་རྡོ་རྗེ་སེམས་དཔའི་ལུས་ཁ་དོག་གསལ་བ་རྣམ་པ་སྣ་ཚོགས་པ་རང་ལས་རང་སྐྱེས་ནས་གཏོར་མའི་རྒྱུར་མཆོད་མ་རག་པར་གནས་སོ། །དེ་ལྟ་བུའི་གཏོར་སྣོད་ན། འབྲུ་རྣམ་པ་སྣ་ཚོགས་པ། ཤིང་དང་རྩ་དང་ཞིང་ལ་སོགས་རྣམས་ལ། རང་ལ་རང་སྐྱེས་ནས་གཏོར་མའི་རྒྱུར་མཆོད་མ་རག་པར་སྨིན་ཏོ། །དེ་ལྟ་བུའི་གཏོར་སྣོད་ན། སྨན་རྣམ་པ་སྣ་ཚོགས་པ། རྩ་བ་དང་ཤུན་ལྤགས་དང་ལོ་མ་དང་། འབྲས་བུ་ཐང་ཆུ་དང་ཁུ་བ་དང་། ར་སྭ་ཡ་ན་སྣ་ཚོགས་པ་རང་ལ་རང་སྐྱེས་ནས་གཏོར་མའི་རྒྱུར་མཆོད་མ་རག་པར་དྲི་བྲེའོ། །དེ་ནས་ཡང་རྡོ་རྗེ་སེམས་དཔའི་ལུས་ལས་རྡོ་རྗེ་སེམས་དཔའི་གཏོར་མའི་སྣོད་དུ་གྱུར་པའི་ནང་ན། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་སྟེ། གླིང་དང་བྱེ་མར་བརྡལ་བ། བཞུ་བ་དང་། བརྡུང་བ་དང་། སྐྱེས་པ་ལ་སོགས་པ་ཁ་དོག་རྣམ་པ་སྣ་ཚོགས་པར་རང་ལས་རང་སྐྱེས་ནས་གཏོར་མའི་རྒྱུར་མཆོད་མ་རག་པར་གནས་སོ། །དེ་ལྟ་བུའི་གཏོར་སྣོད་ན། །སྒྲ་རྣམ་པར་སྣ་ཚོགས་པ་རང་རྒྱུད་ཀྱིས་གྲགས་པ་དང་། ལྷ་དང་མིས་བྱས་པ་དང་། རྩོལ་བ་དང་། ཐབས་ལས་བྱུང་བ་གཟུགས་དང་དབྱིབས་སུ་ཡོད་པ་དང་། མེད་པ་རྣམ་པ་སྣ་ཚོགས་པར་རང་ལ་རང་སྐྱེས་ནས། གཏོར་མའི་རྒྱུར་མཆོད་མ་རག་པར་གྲགས་སོ། །དེ་ལྟ་བུའི་གཏོར་སྣོད་ཀྱི་ནང་ན། ཆུ་བོ་དང་། ཆུ་བྲན་དང་། སྨན་ཆུ་དང་། མཚོ་དང་། ཆར་པ་དང་།འོག་ཆུ་དང་། བདུད་རྩིའི་ཆུ་དང་། འབབ་ཆུ་ལ་སོགས་པ་རང་ལ་རང་སྐྱེས་ནས། གཏོར་མའི་རྒྱུར་མཆོད་མ་རག་པར་གནས་སོ། །དེ་ལྟ་བུའི་གཏོར་སྣོད་ན། ཉི་འོད་དང་། ཟླ་འོད་དང་། རིན་པོ་ཆེའི་འོད་དང་། འོད་འདོམ་གང་བ་དང་། འབྲུ་མར་གྱི་མེ་དང་། གཙུབ་ཤིང་གི་མེ་དང་། འབྱུང་བའི་མེ་དང་། མེ་ཐ་མལ་པ་ལ་སོགས་པ་རང་ལ་རང་སྐྱེས་ནས། གཏོར་མའི་རྒྱུར་མཆོད་མ་རག་པར་འབར་རོ། །དེ་ལྟ་བུའི་གཏོར་སྣོད་ན།ཙསྡོན་དང་། ཐང་ཆུ་ལ་སོགས་པ་ཐམས་ཅད་སྤོས་རྣམ་པ་སྣ་ཚོགས་པ་རང་ལ་རང་སྐྱེས་ནས། གཏོར་མའི་རྒྱུར་མཆོད་མ་རག་པར་གནས་སོ། །དེ་ལྟ་བུའི་གཏོར་སྣོད་ན། བཤོས་རྣམ་པ་སྣ་ཚོགས་པ་དང་། རང་རྒྱུད་ཀྱི་གནས་དང་། བསོད་ནམས་ཀྱི་སྤྱོད་པ་དང་། ལྷ་དང་མིའི་སྦྱོར་བའི་གཏོར་མའི་རྒྱུར་མཆོད་མ་རག་པར་གྲངས་སོ། །དེ་ལྟ་བུའི་གཏོར་སྣོད་ན། ལྷའི་ན་བཟའ་དང་། རྒྱུ་ལས་བྱུང་བ་དང་། མ་བྱུང་བ་དང་། ལྷ་དང་མིས་བྱས་པ་ལ་སོགས་གཏོར་མའི་རྒྱུར་མཆོད་མ་རག་པར་གཡོགས་སོ། །དེ་ལ་རྟོག་གེ་པའི་ཐ་མལ་པ་ལ་སོགས་པ་རྣམས་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་དཀའ་ཞིང་མི་རིག་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ན་ཅི་ཡང་སྐྱེ་ཞེས་འདོགས་སོ། །དེ་ལྟར་འབྱུང་བ་ཡང་དེ་ཉིད་ཀྱི་དོན་དུ་འབྱུང་ངོ་། །དེ་ནས་གཏོར་གཞོང་དང་གཏོར་རྫས་སུ་སྣང་བའི་གནས་དེ་ན། སྤྱི་མཐུན་གྱི་ལས་ལས། སྐྱེ་འགྲོ་བསམ་གྱིས་མི་ཁྱབ་ན་ཡང་།རིགས་དྲུག་གཅིག་ཏུ་ཐུགས་རྗེ་ཆེན་པོའི་གཏོར་མས་བཟུང་མ་རག་པར་ཞེས་སོ་འཁོད་དོ། །དེ་ལ་ནི་རྟོག་གེ་རྣམས་ཀྱིས་སྔོན་གྱི་བསྐལ་པ་དང་པོ་ཞེས་འདོགས་སོ། །དེ་ནས་ཡང་རྡོ་རྗེ་སེམས་དཔའི་ལུས་སངས་རྒྱས་ཀྱི་ཞིང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་དུ་སྤྲུལ་ནས། དེའི་ནང་ན་ཡང་ཐུབ་པའི་སྐྱེས་བུ་དྲུག་ཏུ་སྤྲུལ་ཏེ། ལྷའི་རིགས་སུ་གཏོགས་པའི་གནས་ན། ལྷའི་དབང་པོ་བརྒྱ་བྱིན་ལྟ་བུ་གཅིག་ཏུ་སྤྲུལ་ཏེ།ལྷའི་རིགས་སུ་གཏོགས་པ་བསྡུས་ཏེ། རིན་པོ་ཆེའི་གཏོར་གཞོང་ན། ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་གཏོར་མར་བཤམས་ནས། ལྷ་ཅི་སྙེད་ཡོད་པའི་སངས་རྒྱས་དེ་སྙེད་ཅིག་སྤྱན་དྲངས་ནས། དེ་ལ་མཆོད་པ་འབུལ་བ་དང་། དོན་བྱ་བ་དང་། ཐུགས་དམ་བསྐུལ་ཞིང་སངས་རྒྱས་པར་བྱེད་དོ། །མིའི་གནས་སུ་དགེ་སྦྱོང་གོའུ་ཏ་མ་ལྟ་བུར་སྤྲུལ་ནས། མིའི་རིགས་སུ་གཏོགས་པ་རྣམས་བསྡུས་ནས། ས་གཞིའི་གཏོར་གཤོང་དུ་རིན་པོ་ཆེ་དང་། ས་དང་རྡོ་དང་ཤིང་ལ་སོགས་པའི་གཏོར་གཞོང་ན། མིའི་ཞལ་ཟས་སྣ་ཚོགས་པ་གཏོར་མར་བཤམས་ནས། མི་ཇི་སྙེད་ཡོད་པའི་སངས་རྒྱས་སྤྱན་དྲངས་ནས། ཡང་གོང་མ་བཞིན་དུ་སངས་རྒྱས་པར་བྱེད་དོ། །བྱོལ་སོང་གི་གནས་ན་སེང་གེ་རབ་བརྟན་ལྟ་བུ་གཅིག་ཏུ་སྤྲུལ་ནས། བྱོལ་སོང་གི་རིགས་སུ་གཏོགས་པ་རྣམས་བསྡུས་ནས། ས་གཞིའི་གཏོར་གཞོང་དུ་རྩ་མཆོག་སྣ་ཚོགས་ཀྱི་གཏོར་མར་བཤམས་ནས། བྱོལ་སོང་ཅི་སྙེད་པའི་སངས་རྒྱས་སྤྱན་དྲངས་ནས། ཡང་གོང་མ་བཞིན་དུ་སངས་རྒྱས་པར་བྱེད་དོ། །ཡི་དྭགས་ཀྱི་གནས་ན་ཁ་འབར་ལྟ་བུར་སྤྲུལ་ནས། འབྱུང་བའི་གཏོར་གཞོང་དུ་ཆགས་པ་སེལ་བའི་གཏོར་མར་བཤམས་ནས། ཡང་གོང་མ་བཞིན་དུ་སངས་རྒྱས་པར་བྱེད་དོ། །དམྱལ་བའི་གནས་སུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལྟ་བུ་གཅིག་ཏུ་སྤྲུལ་ནས། རྡོ་རྗེ་ཁ་འབར་མའི་གཏོར་གཞོང་དུ། ཉོན་མོངས་པ་སེལ་བའི་གཏོར་མར་བཤམས་ནས། དམྱལ་བ་ཇི་སྙེད་ཡོད་པའི་སངས་རྒྱས་དེ་སྙེད་སྤྱན་དྲངས་ནས། དེ་ལ་མཆོད་པ་འབུལ་བ་དང་། དོན་བྱ་བ་དང་། ཐུགས་དམ་བསྐུལ་ཞིང་སངས་རྒྱས་པར་བྱེད་དོ། །དེ་ལ་གང་ཟག་མ་རྟོགས་པ་དག །ནང་བཅུད་ཀྱི་སེམས་ཅན་ལ་ཅི་ཡང་བྱེད་དོ་ཞེས་རྟོག་གོ །དེ་ཙམ་ན་རྡོ་རྗེ་སེམས་དཔའི་ཐུགས་རྗེས་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ་བྱུང་བ་ནི། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། །དེ་ལས་སྐྱེས་པའི་རྫས་གཏོར་མའི་རང་བཞིན་ནི། འདོད་པའི་ཡོན་ཏན་རྣམ་པ་ལྔ་ཆོས་ཉིད་དག་པའི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་སོ། །དེ་ན་གནས་པའི་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་སོ། །དེ་ནས་གཉིས་སུ་མེད་པའི་ལོངས་སྤྱོད་བདེ་བ་ཆེན་པོ་རྒྱུན་ཆད་མེད་པར་མཛད་ཙམ་ན། བྱ་རྒོད་ཕུང་པོའི་རི་ལ་སོགས་པ་རྣམས་ནི། གང་ཟག་ཕྱིན་ཅི་ལོག་ཚོགས་རྣམས་སྟོན་པའི་ཆོས་སྒྲ་སྒྲོགས་པ་ནི་ཅི་ལྟར་ཡིན་ཆ་ཡང་མེད་ཅེས་ཟེར་ཏོ། །གཏོར་རྒྱུད་ཆེན་པོ་ལས། རྡོ་རྗེ་སེམས་དཔས་ལུས་གཏོར་མར་སྤྲུལ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་གང་ཟག་ཕྱིན་ཅི་ལོག་ཐུགས་རྗེས་གཟུང་བའི་ཕྱིར། གཏོར་མ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་གཏོར་གཞོང་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ། །ལག་པ་ཐལ་མོ་སྦྱར་ལ་སྣོད་ལ་གཏུགས་ལ། ཨོ་རཏྣ་བི་ཤུདྷི་ཁ་ཏ་ལི་བི་སྒྲོ༷་ཞེས་བརྗོད་པས། ཕྱི་ལྟར་གཏོར་གཞོང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། རྒྱ་ཁྱོན་དཔག་ཏུ་མེད་པར་དམིགས་ལ། ནང་ལྟར་ཆོས་ཉིད་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པར་དམིགས་ལ། གསང་བ་ལྟར་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་བྷ་ག་ཡངས་པའི་ཕོ་བྲང་དུ་དམིགས་ལ་གཏོར་གཞོང་བྱིན་གྱིས་བརླབས་སོ། །དེ་ནས་ཡང་གཏོར་མའི་རྫས་ལ་བཤོས་རྣམ་པ་སྣ་ཚོགས་པར་བྱིན་གྱིས་རླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ། །ལག་པ་ཐལ་མོ་དེ་ཉིད་ལས་མཛུབ་མོ་ཡིད་ཙམ་བཀུག་ལ། ཨོ་ཀེའུ་ཤི་ཤུརྙོ་ཡ༷་ར༷་སྲུ་ཧྭ། ཞེས་བརྗོད་པས། ཕྱི་ལྟར་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ལྷུན་ནམ་མཁའི་གཏོས་སུ་དམིགས་ལ། ནང་ལྟར་འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔར་དམིགས་ལ། གསང་བ་ལྟར་གཉིས་སུ་མེད་པའི་ལྷ་ལ་ལྷ་ཐིམ་པར་དམིགས་ལ་ཞལ་ཟས་བྱིན་གྱིས་བརླབས་སོ། །དེ་ནས་ཡང་གཏོར་མའི་རྫས་འབྲུ་དང་མེ་ཏོག་རྣམ་པ་སྣ་ཚོགས་པ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ། །ལག་པ་དེ་ཉིད་ཐལ་མོ་སྦྱར་ལ། ཨོ་སྟ་མ་ལ་སུ་ཡེ་གྲྭ་ཧྭ། ཕྱི་ལྟར་འབྲུ་དང་མེ་ཏོག་གིས་གང་ཞིང་རྒྱས་པར་དམིགས་ལ། ནང་ལྟར་དེས་གང་ཁྱབ་པར་འབྲུ་དང་མེ་ཏོག་ལ་སོགས་པ་ཐོགས་པའི་ལྷ་མོས་གང་ཞིང་ཁྱབ་པར་དམིགས་ལ། གསང་བ་ལྟར་སྡུག་ཅིང་མཛེས་པའི་ལྷ་མོ་རྣམས་ཕོ་ལ་ཐིམ། ཕོ་རྣམས་མོ་ལ་ཐིམ་པ་གོང་མ་བཞིན་དམིགས་པ་ནི། འབྲུ་དང་མེ་ཏོག་བྱིན་གྱིས་བརླབས་པའོ། །དེ་ནས་བཏུང་བ་རྣམ་པ་སྣ་ཚོགས་པ་བྱིན་གྱིས་རླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ། །ཐལ་མོ་དེ་ཉིད་ལས། གུང་མོ་ཕྱིར་བསྒྲེང་བ་གཅུ་ཐབས་བྱས་ལ། ཨོ་ཨུ་ཧྭ་ར་ཎ་སྤ་ར་ཎ་ཨ་མྲི་ཏ་ཀྟ་ཡུ་གྲྭ་ཧྭ། ཞེས་བརྗོད་པས། ཕྱི་ལྟར་བདུད་རྩིའི་ཆུ་རྒྱུན་རྒྱ་མཚོ་དང་ཆུ་བོར་དམིགས་ལ། ནང་ལྟར་དྲིའི་ལྷ་མོ་བསམ་གྱིས་མི་ཁྱབ་པར་དམིགས་ལ་སྐུད་པ་དང་འབྱུག་པར་དམིགས་ལ། གསང་བ་ལྟར་ལྷ་རྣམས་གཉིས་སུ་མེད་པ་ལྷག་པའི་བྱང་ཆུབ་སེམས་དགྱེས་པའི་རོས་བསྟར་བ་དམིགས་ལ། བཏུང་བ་རྣམས་བྱིན་གྱིས་བརླབས་སོ། །དེ་ནས་གཏོར་མ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་འདི་གསུངས་སོ། །ལུས་ངག་ཡིད་གསུམ་པའི་ཕྱག་རྒྱ་འདི་བཅས་ལ། ཨཀྟ། ཐ་ཋ་ཏ་ཊ་ད་ཌ་དྷ་རྟེ་ན་ཎ། ཀ་ཁ་ག་ཀྟ། པ་ཕ་བ་བྷ། ཙ་ཚ་ཛ་རྙོ། འ་ཡ་ར་ལ། ང་ཉ་མ་ཨོ། ཤ་ཥ་ས་ཧ། ཨི་སྙི། ཨུ་སྐྲུ། ཨེ་ཞེ། གཞན་ཡང་རྩ་བའི་སྙིང་པོ་བརྗོད་པས། ཕྱི་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གནས་སུ་དག་པར་དམིགས་ལ། ནང་ལྟར་བྲརྙ་བཞི་བཅུ་རྩ་གཉིས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དུ་དམིགས་ལ། གསང་བ་ལྟར་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པར་དམིགས་ལ། གཏོར་མ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའོ། །དེ་ནས་གཏོར་མ་ཉུང་ངུ་མང་པོར་བྱིན་དབབ་པ་དང་། ཆུང་ངུ་ཆེན་པོར་བྱ་བའི་སྔགས་དང་ཕྱག་རྒྱ་ནི། ལག་པ་རིན་པོ་ཆེའི་སྣོད་དུ་བྱས་ལ། ཨོ་ཨ་སྟི་སྤ་ར་ཎ་ཧི་མ༷་ཀྟ་བྷ་ན་ཁ༷། ཞེས་བརྗོད་པས། ཆེ་བ་རི་རབ་མང་བ་རྒྱ་མཚོ་ཙམ་དུ་བྱིན་གྱིས་བརླབས་སོ། དེ་ནས་གཏོར་མ་མང་ཞིང་ཆེ་བར་བདུད་རྩིར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ནི། ལག་པ་དེ་ཉིད་ལས་ཆུ་རྒྱུན་གྱི་ཚུལ་དུ་བྱས་ལ། ཨོ་སརྦ་པ྅་ཨ་མྲི་ཏ་ཧུ༷། ཞེས་བརྗོད་པས། བཏུང་བས་མི་འཆི་བ ཟོས་པས་མི་ལྟོག་པ།མྱང་བས་སངས་རྒྱས་པར་བྱིན་གྱིས་བརླབས་སོ། །དེ་ནས་གཏོར་མ་བདུད་རྩི་ཅི་ལྟར་འདོད་པར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ནི། ལག་པ་དེ་ཉིད་ལས་རིན་པོ་ཆེ་འབར་བ་ལྟར་བྱས་ལ། །ཨོ་ས༷་བྷ་ར་ཧ་ར་ཧ་ན་ཡ་ཏེ་ཡེ་ན་གྲྭ་ཧྭ། ཞེས་བརྗོད་པས། །བདུད་རྩི་སོ་སོའི་ཡིད་ལ་འཐད་པར་བྱིན་གྱིས་བརླབས་སོ། དེ་ནས་གཏོར་མ་ཡིད་ལ་འདོད་པ་དེ་སོ་སོར་ཁྱབ་པར་དབང་བསྐུར་བའི་སྔགས་དང་ཕྱག་རྒྱ་ནི། ལག་པ་དབང་བསྐུར་གྱི་ཕྱག་རྒྱ་བྱས་ལ། ཨོ་མ་ཧྭ་ཤཱ་ར་སྤ་ར་ཎ་བཛྲ་ཧུ༷། ཞེས་བརྗོད་པས། ཡོངས་ལ་ཁྱབ་པས་མྱ་ངན་འདས་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་སོ། །དེ་ནས་ནམ་མཁའ་སྔགས་དང་ཡིག་འབྲུས་གང་བར་དམིགས་པ་ནི་སྔགས་ཀྱི་བཏོར་མའོ། །དེ་ནས་ནམ་མཁའ་ལ་གར་དང་ཕྱག་རྒྱས་གང་བར་དམིགས་པ་ནི་གར་དང་ཕྱག་རྒྱའི་གཏོར་མའོ། །དེ་ནས་ནམ་མཁའ་གོས་དང་རྒྱན་གྱིས་གང་བར་དམིགས་པ་ནི། གོས་དང་རྒྱན་གྱི་གཏོར་མའོ། །དེ་བཞིན་དུ་འབྲུ་དང་། མེ་ཏོག་དང་། བྲོ་གར་འདུ་འཕྲོ་དང་། སྤོས་དང་། བྱུག་པ་དང་། བཟའ་བ་དང་། བ་་བ་དང་། སྤྱད་པ་དང་། སྒྲ་དང་། སྐད་དང་། ཚིག་དང་དོན་ལ་སོགས་པ་དེ་དག་གི་གཏོར་མ་གོང་མ་བཞིན་ནོ། །དེ་ནས་རྡོ་རྗེ་སེམས་དཔས་དེ་ལྟ་བུའི་གཏོར་མ་ཉིད་དུ་སྤྲུལ། །ཉིད་ཀྱིས་དོན་མཛད་པས། རྡོ་རྗེ་སེམས་དཔའ་མངོན་པར་སངས་རྒྱས་ནས། ཀུན་ཏུ་བཟང་པོ་དང་མི་གཉིས་པར་ཐ་དད་པའི་ངང་དུ་བཞུགས་སོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་བྱིན་གྱིས་རླབས་པའི་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་བྱིན་རླབས་དེས། འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ནི། ཁ་ཅིག་རྡོ་རྗེ་སེམས་དཔའ་དམིགས་ནས། ལུས་རྡོ་རྗེ་སློབ་དཔོན་གྱིས་བཟུང་ནས། གཏོར་གཞོང་ལ་སོགས་པ་འབྱོར་པ་ཆེ་ཆུང་གིས་བརྡུངས་ཤིང་དབྱིབས་དང་རྒྱན་མཛེས་པར་བཤམས་ནས། དེའི་ནང་དུ་ལྷ་དང་མིའི་ལོངས་སྤྱོད་སྣ་ཚོགས་པ་འབྱོར་པ་ཆེ་ཆུང་གིས་སྩལ་ཏེ། གོང་མ་བཞིན་རྟོགས་པར་བྱས་ནས། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་གཏོར་མར་ཕུལ་བས། ལུས་ངོ་བོར་ས་ཐོབ་པ་ཤ་སྟག་ཀྱང་གནས་སོ། །ཕལ་པ་ཁ་ཅིག་ནི་དེ་ལྟར་མི་སྤྱོད་པར་གསང་སྔགས་ཚིག་ཙམ་ལ་ཁུངས་ཕྱུང་ནས་གཞན་བྱེད་པའི་ལད་མོ་ཙམ་ལ་བལྟས་ནས་གཏོར་མ་བཏང་སྟེ། ངེས་པ་མེད་པས་ཚི་ཆད་ནས། ཕྱོགས་རིས་གཉིས་སུ་བཅད་ཅིང་དམ་ཚིག་ལས་འགལ་ཏེ་མི་སྲུན་ཏོ། །དེས་ཀྱང་དོན་ཆོས་ཉིད་དང་མཐུན་པར་མི་འགྱུར་རོ། །དེ་ལྟར་རྡོ་རྗེ་སེམས་དཔར་སངས་རྒྱས་ན་ཡང་། ཚིག་གིས་སངས་རྒྱས་ལས་དོན་གྱི་སངས་རྒྱས་སུ་མ་གྱུར་ན། རྡོ་རྗེ་སེམས་དཔའ་དེ་ཡང་ཤིན་ཏུ་འགྱོད་པ་དྲག་པོ་སྐྱེས་ནས་ཁ་བུབ་ཏུ་འགྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་བརྒྱལ་བ་བསླང་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ལུས་མཚན་དང་དཔེ་བྱད་དུ་ལྡན་ནས། འཆི་བ་མེད་པའི་སྐུ་ཐོབ་པ་དང་། འབྱོར་པའི་ལོངས་སྤྱོད་ཐམས་ཅད་གཏོར་མར་ཕུལ་ནས། ལྷའི་ལོངས་སྤྱོད་དང་འབྲལ་བ་མེད་པར་ལྡན་པ་ནི། སངས་རྒྱས་ཞེས་མི་བྱའོ། །སངས་རྒྱས་ཞེས་བྱ་བ་ནི། ཉོན་མོངས་པ་དུག་གསུམ་ལ་འདོད་ཆགས་ཁྲག་གི་རྒྱ་མཚོ་ལ་ཟད་པ་མེད་པ་རྒྱ་མཚོ་ཙམ་ཞིག་ཡོད་དོ། །ཞེ་སྡང་རུས་ལ་ཟད་པ་མེད་པ་རི་རབ་ཙམ་ཞིག་ཡོད་དོ། །གཏི་མུག་ཤ་ལ་ཟད་པ་མེད་པ་རི་རབ་སྤུངས་པ་ཙམ་ཞིག་ཡོད་དོ། །ཉོན་མོངས་པ་སྲོག་དང་རྩ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་ལ་ཟད་པ་མེད་པ་རླུད་ཙམ་ཞིག་ཡོད་དེ། འདི་དག་རང་གིས་རང་སྒྲོལ་ཤེས་པ། རང་གིས་རང་བསྒྲལ་ནས་དུས་གསུམ་དུ་འཕགས་པའི་ཚོགས་ལ་ཡང་མཆོད་པ་འབུལ་ཞིང་ཐུགས་དམ་བསྐང་། མ་མོ་དང་མཁའ་འགྲོ་ཇི་སྙེད་ཡོད་པ་ལ་ཡང་མཆོད་པ་དང་། འགྲོ་བ་ཡོངས་ལ་ཡང་བསྔོ་བར་བཟོད་པ་ནི་ཡང་དག་པའི་སངས་རྒྱས་སུ་འགྲོ་ཞེས་བཀའ་སྩལ་པ་ལས། སླར་རྡོ་རྗེ་སེམས་དཔའ་རྒྱལ་བ་ལངས་པ་ལས། ཕྱག་གཡས་པས་འཇམ་དཔལ་ཀ་ཏ་རའི་ཤིང་ཐོགས་ནས། ཉིད་ཀྱིས་ཉིད་བསྒྲལ་ཏེ། ཁོག་པ་ཁ་ཤག་གིས་ཕྱེས་ནས། སྒྲོ་ཁ་ཏ་ལི་བི་ཧུ༷་ཞེས་བརྗོད་པས། ཁོག་པ་གཏོར་མའི་གཞལ་ཡས་ཁང་དུ་བསྒྱུར་ནས། ཀུན་ཏུ་བཟང་པོ་མ་སྐྱེས་ཀློང་དུ་དེར་སལ་གྱིས་གྱུར་ཏོ། །མ་ཧྭ་ཙིསྟ་ཛུ་ར༷་ཧུ༷་ཞེས་བརྗོད་པས། ཙིཀྟ་ཟུར་གསུམ་པ་གཏོར་སྣོད༄་ཀྱི་ནང་དུ་བཅུག་ནས་ཡེ་ཤེས་དཔལ་ཆེན་པོར་དེར་སངས་རྒྱས་སོ། །བཛྲ་ཤསྟི་བྷརྙ་ཧུ༷་ཕཊ། ཞེས་བརྗོད་པས། ཉིད་ཀྱི་བྷསྡོ་དུམ་བུ་གསུམ་དུ་བཅད་ནས་བྷསྡོ་་ད་གསུམ་གྱིས་ཙིསྟའི་མཐའ་བསྐོར་བས། ཆོས་ཀྱི་སྐུ་སྐྱེ་བ་མེད་པར་ལྷག་གིས་གྱུར་ཏོ། །དེ་ནས་བ་སུ་ཏའི་རྒྱུ་ཕྲེང་གི་མཐའ་བསྐོར་བས་ཐམས་ཅད་དུ་ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་བོ། །དེ་ནས་སྲོག་དང་དབུགས་ཐམས་ཅད་ཡུམ་ཚེ་འཛིན་རྒྱལ་མོའི་མཁའ་ལ་བསྒྲལ་ལོ། །གུ་རྒྱ་གསང་བའི་ཀློང་ཐག་ན་ཡེ་ཤེས་སེམས་དཔའི་སྐུར་གྱུར་ཏོ། །དེ་ནས་རཀྟའི་རྒྱ་མཚོ་སྦྲེངས་པས་ཆོས་ཉིད་མ་སྐྱེས་པའི་ཀློང་ཕྱོགས་བཅུར་གདལ་ལོ། །ཀེང་རུས་ཀྱི་རི་རབ་བརྩིགས་ནས་གཏོར་མར་ཕུལ་བས། མཉམ་པ་ཆེན་པོའི་ཀློང་ཕྱོགས་བཅུར་གདལ་ལོ། ཁྲའི་ཕུང་པོ་སྐྲུངས་ཏེ་གཏོར་མར་ཕུལ་བས་མ་བཅོས་པའི་སྐུ་ལ་འགྱུར་བ་མེད་པའི་ཀློང་ཕྱོགས་བཅུར་གདལ་ལོ། །དེ་ལྟར་གདལ་བས་རྡོ་རྗེ་སེམས་དཔའ་རང་བྱུང་གི་ཡེ་ཤེས་ཆེན་པོར་སངས་གཟོད་རྒྱས་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་དང་གཉིས་སུ་མེད་པའི་ཀློང་དུ་གྱུར་ནས་འདི་སྐད་ཅེས་ཆོས་ཉིད་བདེན་པའི་ཚིག་གིས་བསྟོད་པ་ཕུལ་བ། ཧུ༷་ཆོས་ཉིད་མ་བཅོས་དོན་ཉིད་མ་ཤེས་པས། །ཅི་ལྟར་བསྒོམས་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ཕུང་པོ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་གདོད་ནས་དག་པར་མ་ཤེས་པས། །ཅི་ལྟར་བརྩམས་པས་སྡུག་བསྔལ་ཉིད་དུ་གྱུར། །ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཐིག་ལེ་གྲྭ་ཟུར་མེད་པར་མ་ཤེས་པས། །ཅི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་གྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་བཙལ་བ་མེད་པར་མ་ཤེས་པས། །ཅི་ལྟར་བསྒྲུབས་པས་སྡུག་བསྔལ་ཉིད་དུ་གྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ན། །ལོངས་སྤྱོད་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཁོག་པ་མི་ཕང་གཏོར་མར་བརྩེགས། ཁྲ་ནི་མི་ཕང་གཏོར་མར་གཏུབས། །རུས་ནི་མི་ཕང་གཏོར་མ་གཏོར། །ཁྲག་ནི་མི་ཕང་ཨ་བྷ་སྦྲེངས། །མ་ཧྭ་རཀྟ་ཏྲག་ཤ་ཨ་མྲི་ཏ་ཁུ་ཧི། ཞེས་བརྗོད་པས།ཀུན་ཏུ་བཟང་པོའི་ཀློང་མི་གཉིས་གཅིག་པར་བཞུགས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། གདོན་མི་ཟ་བར་གྲུབ་པ་ལ་སོགས་པ་ཡང་རྡོ་རྗེ་སེམས་དཔའི་དེ་བཞིན་དུ་འགྱོད་པ་སྐྱེས་ནས་དེ་བཞིན་དུ་གཏོར་མ་ཕུལ་ཏེ། བཤགས་ཤིང་བསྟོད་ནས་གཟོད་སངས་རྒྱས་ཏེ་ཀུན་ཏུ་བཟང་པོ་སྐྱེ་བ་མེད་པའི་ཀློང་མི་གཉིས་གཅིག་པར་བཞུགས་སོ། །རིགས་ཀྱི་ཡུམ་རྣམས་ཀྱང་དེ་བཞིན་དུ་འགྱོད་པ་སྐྱེས་ནས་ཉིད་ལ་ཉིད་བསྒྲལ་ནས། ལུས་ཕུལ་ཏེ་མངོན་སངས་རྒྱས་སོ། །བཤགས་ཤིང་བསྟོད་ནས་ཀུན་ཏུ་བཟང་པོ་སྐྱེ་བ་མེད་པའི་ཀློང་ན་མི་གཉིས་གཅིག་པར་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་དང་། ཐུབ་པ་ལ་སོགས་པ་རྣམས་ཀྱང་། ཤིན་ཏུ་བརྒྱལ་ནས་འགྱོད་པ་སྐྱེས་ནས་ལུས་གཏོར་མར་ཕུལ་ནས། ཉིད་ལ་ཉིད་བསྒྲལ་ནས། གཟོད་ཉིད་ལས་མི་གཞན་པའི་སྲས་སུ་སྐྱེས་སོ། །དེ་ནས་སངས་རྒྱས་ཀྱང་ཉིད་ལ་ཉིད་བསྒྲལ་ནས་དུག་གསུམ་གཏོར་མར་ཕུལ་བས་སངས་རྒྱས། བྱང་ཆུབས་སེམས་དཔའ་ལ་སོགས་པ་རྣམས་ཀྱང་ཉིད་ལ་ཉིད་བསྒྲལ་ནས་དུག་གསུམ་གཏོར་མར་ཕུལ་ཙམ་ན་ཡང་གང་ཡང་དེ་ལྟ་བུར་བསྒྲལ་ཞིང་བསྒྲུབ་པ་མེད་དོ། །དེ་ནས་སངས་རྒྱས་རྣམས་ནི་མ་ཆགས་མི་གཡོ་མ་སྐྱེས་པའི་ངང་ལ་བཞུགས་པ་དེ། ཉིད་ལ་ཉིད་བསྒྲལ་ཞིང་།ཉིད་ཀྱི་ལུས་དེ་ཉིད་གཏོར་མར་ཕུལ་ནས་སངས་རྒྱས་པའི་ཐབས་མཁྱེན་པ་ལ། དེ་ནས་མངའ་བའི་ཚོགས་རྣམས་ཀྱིས་དེ་ཉིད་དུ་རང་བསྒྲེལ་བའི་ཐབས་མ་ཤེས་ནས། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས། འདི་སྐད་ཅེས་གསོ་ལ་ཏོ། །བཅོམ་ལྡན་འདས་རྒྱལ་བ་རྡོ་རྗེ་འཛིན་པ། སངས་རྒྱས་ཐམས་ཅད་གཏོར་མར་སངས་རྒྱས་པའི་དོན་ཐུགས་སུ་ཆུད་ནས། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་གཏོར་མར་མཛད་པས་སངས་རྒྱས་པ་ལ་ཡང་ངོ་མཚར་ཆེའོ། །དེ་ཡང་ཡང་དག་པའི་སངས་རྒྱས་སུ་མ་གྱུར་ནས། ཤིན་ཏུ་བསྒྲལ་ནས་ཉིད་ལ་ཉིད་བསྒྲལ་ཏེ་དུག་གསུམ་གཏོར་མ་ཆེན་པོར་ཕུལ་བས་ཡང་དག་པའི་སངས་རྒྱས་སུ་གྱུར་པ་སྟེ། དེ་བས་ཀྱང་ངོ་མཚར་ཆེ་ནས། འཇིག་རྟེན་མངའ་བའི་ཚོགས་ཀྱིས། དེ་ཉིད་རང་བསྒྲལ་བའི་ཐབས་དེ་མ་འཚལ་ནབཅོམ་ལྡན་འདས་མ་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་ལུང་བསྟན་དུ་གསོལ་ལོ། །བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ངས་ཀྱང་རང་གིས་རང་སྒྲོལ་བའི་ཐབས་དེ་མ་ཤེས་ནས། བསྐལ་པ་བྱེ་བ་སྙེད་དུ་སངས་མ་རྒྱས་ཏེ། ཀུན་ཏུ་བཟང་པོའི་དགོངས་པ་ཉག་གཅིག་པོ་འདིས། རང་ལ་རང་བསྒྲལ་ཏེ་གཏོར་མར་ཐུལ་བས་སངས་རྒྱས་པ་ཡིན་ཏེ། དེ་བས་དམའ་བའི་ཚོགས་ཀྱིས་མི་ཤེས་པ་ནི། བདག་ཉིད་ཀྱི་དོན་མ་ཤེས་པ་ཡིན་ཏེ། བདག་ཉིད་ཀྱི་དོན་ཤེས་པར་བྱ་བའི་ཐབས་ནི་འདིའོ། །སྐྱེ་མེད་ཐམས་ཅད་དུག་གསུམ་བསྒྲལ་གདོད་ནས་དག་པས་དེ་དག་སྐྱོན། །ཐ་སྙད་སྒྲོ་བཏགས་ནུས་པའི་ལམ། །འཁྲུལ་བའི་ལམ་བཙལ་ཐོབ་པར་དཀའ། །ལུས་སེམས་བདེ་བའི་དོན་རྟོགས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །སེམས་ཉིད་ཉག་གཅིག་དོན་ཤེས་ན། །བསྒྲལ་བའི་གཏོར་མར་རབ་ཏུ་བཤད། །བསྒྲལ་ཙམ་ཉིད་ནས་བསྒྲལ་མེད་པ། །དུག་གསུམ་ཆོས་ཉིད་གཏིང་ཕྱིན་ཡིན། །དེས་ན་མ་གཏོར་གང་ཡང་མེད། །གཏོར་ཙམ་ཉིད་ནས་གཏོར་མེད་པ། །རང་སེམས་གདོད་ནས་ཡིན་ཤེས་ཏེ། །དེས་ན་མ་གཏོར་གང་ཡང་མེད། །རྩ་བའི་གཏོར་མར་མ་རིག་ན། །དེ་ཚེ་སངས་རྒྱས་ཡང་མི་སྲིད། །འཁྲུལ་པའི་ལོངས་སྤྱོད་རྒྱུ་འབྲས་ལས། །དེ་ཚེ་ཕུང་པོ་ཉིད་མཚམས་སྦྱོར། །དེ་ནི་གྲངས་བརྗོད་བྱ་བ་འདས། །དེས་ཀྱང་ཡང་དག་སངས་མི་རྒྱ། །དེ་རྙེད་གཏོར་མ་མི་དགོས་ཏེ། །འཆི་བ་མེད་པའི་སངས་རྒྱས་ལ། །རྟོགས་པའི་ཀློང་དུ་བདག་བསྒྲལ་ནས། །ཚེ་མི་ཆད་པར་མངོན་སངས་རྒྱས། །ཀུན་བཟང་བདེ་བའི་གནས་སུ་ཕྱིན། །དེ་ཚེ་གཏོར་མའི་སྙིང་པོར་བཤད། །ཅེས་བཀའ་སྩལ་པས། ལྷ་ཆེན་པོ་རྣམས་མགྲིན་གཅིག་ཏུ། །ཨེ་མ་ཨ་ལ་ལ་འདི་ལྟ་བུའི་གཏོར་མ་ལ། འབྱོར་བ་དང་ལོངས་སྤྱོད་གཏོར་མར་འབུལ་བ་ལྟ་ཅི་སྨོས་ཀྱི། སྲོག་ལུས་དབུགས་ཀྱང་གཏོར་མར་འབུལ་ལོ། །ཞེས་མགྲིན་གཅིག་ཏུ་ཟེར་ནས། ཉིད་ལ་ཉིད་བསྒྲལ་ཏེ་གཏོར་མ་ཕུལ་ལོ། །དེ་ནས་ཀླུ་རྣམས་ཀྱང་ངོ་མཚར་སྐྱེས་ནས། ཉིད་ལ་ཉིད་བསྒྲལ་ཏེ་གཏོར་མར་ཕུལ་ལོ། །དེ་ནས་གཟའ་སྐར་རྣམས་ཀྱིས་ཀྱང་། །ཉིད་ལ་ཉིད་བསྒྲལ་ཏེ་གཏོར་མར་ཕུལ་ལོ། །སྲིན་པོ་རྣམས་ཀྱིས་ཀྱང་ངོ་མཚར་སྐྱེས་ནས། ཉིད་ལ་ཉིད་བསྒྲལ་ཏེ་གཏོར་མར་ཕུལ་ལོ། །གནོད་སྦྱིན་རྣམས་ཀྱིས་ཀྱང་ངོ་མཚར་སྐྱེས་ནས་ལུས་སྲོག་གཏོར་མར་ཕུལ་ལོ། །མ་མོ་རྣམས་ཀྱིས་ཀྱང་ངོ་མཚར་སྐྱེས་ནས་ལུས་སྲོག་གཏོར་མར་ཕུལ་ལོ། །མི་རྣམས་ཀྱིས་ཀྱང་ལུས་སྲོག་གཏོར་མར་ཕུལ་ལོ། །བྱོལ་སོང་རྣམས་ཀྱིས་ཀྱང་ལུས་སྲོག་གཏོར་མར་ཕུལ་ལོ། །ཡི་དྭགས་རྣམས་ཀྱིས་ཀྱང་ལུས་སྲོག་གཏོར་མར་ཕུལ་ལོ། །དམྱལ་བ་རྣམས་ཀྱིས་ཀྱང་ལུས་སྲོག་གཏོར་མར་ཕུལ་ལོ། །ཕྱོགས་སྐྱོང་བ་རྣམས་ཀྱིས་ཀྱང་ལུས་སྲོག་གཏོར་མར་ཕུལ་འོ་། །དེར་གཟོད་གཏོར་མས་སངས་མ་རྒྱས་པ་གང་ཡང་མེད་དེ། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་སངས་རྒྱས་སུ་མི་གཉིས་གཅིག་པར་མཐའ་ཡས་པའི་སྐྱེ་འགྲོ་ཐམས་ཅད་གྱུར་ཏོ། །གཏོར་རྒྱུད་ཆེན་པོ་ལས། རྟོགས་པས་བདག་བསྒྲལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འདུ་འབྲལ་མེད་པའི་བྱང་ཆུབ་སེམས་ཀྱི་གཏོར་མ་འདི་རྒྱས་པར་གཏོར་རོ། །ཆོས་ཉིད་ཀྱི་རྒྱན་ཡབ་ཡུམ་མཚན་དང་ལྡན་པའི་མཁའ་ཀློང་གི་གཏོར་གཞོང་དུ། བྱང་ཆུབ་སེམས་ཀྱི་མུ་ཏིག་གཏོར་མར་སྦྱངས་པས་དུས་གསུམ་འཕགས་པའི་ཚོགས་ཐམས་ཅད་སྤྱན་དྲངས་ནས། དགྱེས་པ་ཆེན་པོའི་མཆོད་སྤྲིན་གཏོར་མར་ཕུལ་བས། འཕགས་པ་ཐམས་ཅད་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དངོས་གྲུབ་དང་། ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དབང་དམ་པ་ཐོབ་པ་འདི་ལྟ་སྟེ། ཧུ༷་ཨེ་མ་རང་བྱུང་རོལ་པའི་སྐུ། །སྒྲོས་བཏགས་མཚན་མའི་སྤྱོད་པ་རྣམས། །གཉིས་མེད་གཏོར་མའི་ལོངས་སྤྱོད་དེ། །ཡོངས་ལ་ཁྱབ་པར་གསལ་སྤྲོས་པའི། །ལྷ་ཡི་དཀྱིལ་འཁོར་ཐམས་ཅད་ནི། །མ་ལུས་འདུས་པའི་ཐིག་ལེ་ཆེ། །སངས་རྒྱས་བྱང་ཆུབ་ལས་བྱུང་བའི། །སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས། །ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད། །མ་ལུས་ཡོངས་ཀྱི་རེ་སྐོང་ནི། །རཀྟ་དང་ནི་བྱང་ཆུབ་སེམས། །དེ་ཚེ་གཏོར་མར་སྦྱར་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཚང་བར་འབྱུང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །དབྱེར་མེད་ངོ་བོ་ཉིད་མཉམ་པས། །ཐམས་ཅད་རྒྱལ་བའི་གཏོར་མར་བཤད། །འབར་བའི་བྱིན་རླབས་འཕྲོ་འདུ་ལས། །ཞི་བར་འདོད་ན་གཏུམ་པོ་ཞི། །རྒྱས་པར་འདོད་ན་ཟླ་ཉ་བཞིན། །དབང་ནི་ཁམས་གསུམ་སྒྲོལ་བར་སྦྱོར། །དྲག་པོས་མ་རུངས་འཇོམས་པར་བྱེད། །ཐིམ་པའི་ལྷར་ནི་རབ་སྦྱར་ནས། །དབང་པོའི་ཚོགས་ལ་དགྱེས་པར་རོལ། །ཨོ་སུ་ར་ཏི་སྟ༷། ས་མ་ཡ་སྟ༷། ས་མ་ཡ་ཧོ། མ་ཧྭ་སུ་ཁ་ཧུ༷། བཛྲ་པདྨ་མཎྜལ། དེ་ནས་རྡོ་རྗེ་སེམས་དཔས་འཁོར་རྣམས་ལ་གསང་བའི་གཏོར་མ་བཤད་པ། རྣམ་པར་སྣང་མཛད་ལ་སོགས་པ་གཏོར་མའི་རྒྱུ་དང་གསང་བ་བཤད་པས་ཉོན་རྩིག །དེ་ཡུམ་གྱི་ཆོས་ཀྱི་དབྱིངས་ཏེ། གསང་བའི་གཏོར་མ་ཐམས་ཅད་འབྱུང་བའི་རྒྱུའམ་གནས་སོ། །དེའི་གསང་བའི་མཁའ་ནི། གསང་བའི་གཏོར་སྣོད་དག་པའི་གཞལ་ཡས་ཁང་གི་རང་བཞིན་ནོ། །གསང་བའི་རྡོ་རྗེ་ནི་ཡབ་རིག་པའི་ཡེ་ཤེས་ཏེ། གཏོར་མ་དེ་ཉིད་ཀྱི་རྒྱུ་དང་། གཏོར་མ་དེ་ཉིད་ཀྱི་དབྱེ་བ་དང་། བྱེད་པ་པོའི་སྐྱེས་བུ་དང་། མགྲོན་ཡང་ཡིན། བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་མི་ཆད་པར་སྦྲེངས་པར་བྱེད་པས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་ཡང་ཡིན། རྣལ་འབྱོར་པའི་མཆོད་པ་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་པས།སངས་རྒྱས་ཐམས་ཅད་ཀྱི་དགྱེས་པ་འཇོ་བའི་ཆགས་པ་ཆེན་པོ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ཞེས་ཀྱང་དེ་ལ་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཕོ་བྲང་ངོ་། །འདི་ལྟར་རིག་ཅིང་རྟོག་པའི་དུས་ན། སྐྱེ་ཤིའི་ལས་ཀྱིས་མི་འཁོར་ཞིང་། སངས་རྒྱས་ཉིད་ཀྱི་གསང་བའི་གཏོར་མ་ཆེན་པོའོ། །འདི་ལྟར་མ་རིག་ཅིང་མ་རྟོགས་པའི་དུས་ན། གསང་བའི་གཏོར་མ་བཀའ་ནུབ་པས། སྐྱེ་ཤི་ཞབྲུལ་པའི་སྡུག་བསྔལ་གྱི་ལས་དང་། བག་ཆགས་ངན་པ་ལ་སོགས་པ་བརྟས་པའི་དབང་གིས། གཟུགས་དངོས་པོར་སྣང་ཞིང་འཁོར་བ་རྒྱུར་གྱུར་པར་བྱེད་དོ། །དེ་བས་ན་སངས་རྒྱས་ཐམས་ཅད་ལ་ཡང་གསང་བའི་གཏོར་མ་འདི་ལས་གཞན་མི་མངའ་སྟེདགོངས་སྟོད་ཟབ་མོ་འདི་ཐུགས་སུ་ཆུད་ན། གསང་བའི་གཏོར་མ་དུས་གསུམ་འདུ་འབྲལ་མེད་དེ་ཆོས་སྐུ་གསང་བའི་གཏོར་མའོ། །དེ་ནི་རིགས་བཞིའི་སངས་རྒྱས། ཚིགབདམ།དུས་ནམ་ཞིག་གི་ཚེ་ན་དོན་མ་རྟོགས་པའི་བཀའ་ལ་རྟོག་པའི་སྦྱོར་བ་ཤ་སྟག་བྱེད་དེ། ཐེག་པ་འོག་མའི་སྤྱོད་པ་རྣམས་ཀྱིས་བྱས་ཤིང་སྐུར་པ་འདེབས་ཏེ། ཆོས་གཉིས་སུ་མེད་པ་མ་ཡིན་ཏེ། བཀའ་ཅི་སྙེད་བཤད་ཀྱང་དོན་ཡ་ཆར་སོང་བས་སོ། །གཟུང་འཛིན་བྱས་པས་ཆུད་ཟོས་པས། རྩ་བ་བདུད་རྩི་ལས་གོལ་ནས་མནར་མེད་པར་ལྷུང་ངོ་། །གཏོར་རྒྱུད་ཆེན་པོ་ལས། གསང་བའི་གཏོར་མའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་༄༅ པའི་སངས་རྒྱས་ཐམས་ཅད་ཀྱིས། ཅི་མཛད་པའི་ཕྲིན་ལས་གཏོར་མའི་ཕྲིན་ལས་མཛད། ཅི་ལྟར་སངས་རྒྱས་པ་ཡང་། གཏོར་མའི་སྒོ་ནས་སངས་རྒྱས། ཅི་ལྟར་སྣང་ཞིང་སྲིད་པ་ཡང་། གཏོར་མའི་རང་བཞིན་དུ་བྱུང་ན་ཡང་། དཔེར་ན་དམུས་ལོང་ལ་ཁ་དོག་ཅི་བཞིན་པ་དང་འདྲ་སྟེ། གང་ལ་བསྟན་པ་དེ་གང་ཡིན་ཆ་མེད་པ་དང་འདྲ་བར། སེམས་ཅན་ཐམས་ཅད་ཅི་ལས་བྱུང་བ་རྒྱུ་གཏོར་མ་ལས་བྱུང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྟེན་པ་གཏོར་མ་ལ་བརྟེན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཅི་སྤྱོད་པ་གཏོར་མ་ལ་སྤྱོད་ན། རང་རིག་པའི་རྩལ་མ་ཤར་བས། མ་རིག་པའི་སྨག་ནི་དམུས་ལོང་བཞིན་འཐིབས། གཏི་མུག་གི་མུན་པའི་སྨག་རུམ་ལ། ཞེ་སྡང་བརྟས་པའི་བྲག་བཅེར་ནས། འདོད་ཆགས་ཞེན་པའི་བསེ་རྩི་དང་འདྲ་བར་ཆགས་པས། སྣང་སྲིད་གཏོར་མའི་དོན་མ་ཤེས་པས། འགྲོ་བ་རིགས་དྲུག་ཏུ་སྐྱེས།དེ་ཉིད་མཆོད་པའི་རྒྱན་དུ་མ་རྟོགས་པས། ལམ་རྒྱུད་ལྔར་འཁོར་ཏེ། འདི་ལྟ་སྟེ། ཨརྣ་སུ་ཏྲི་པྲེ་དུ། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ལ། རྫས་ཀྱི་མཚན་མ་གཏོར་མ་ལ། བཅུད་ཀྱི་འཇིག་རྟེན་གཏོར་མའི་མགྲོན་དུ་མ་རྟོགས་པས། ཞེ་སྡང་གི་མེ་ཆེན་པོ་འབར་བ་ལ། ལས་ཀྱི་རླུད་དམར་པོའི་ནུས་པས། སྣོད་ཀྱི་འཇིགརྟེནལ གཤིགལྔསསྤྱོབ་བྱས་ཏེ། གསད་པ་དང་། བཅོམ་ཞིང་ཕྲོག་པ་དང་། མནན་ཞིང་གཟིར་བ་དང་།གནས་ནས་དབྱུང་བ་དང་། བཟའ་ཞིང་བཅའབ་ལསོགས་པས། རྒྱུ་གཏོར་མ་ནི་སྡིག་པམི་དགེ་བ་རུ་སྤྱོད། །འབྲས་བུ་སངས་རྒྱས་ནི་དམྱལ་ཁམས་བཅོ་བརྒྱད་དུ་གོལ་བའདི་ལྟ་སྟེ། རྡོ་རྗེའི་དམྱལ་བ་དང། ཆད་པའི་དམྱལ་བ་དང། ཉམས་པའི་དམྱལབ་དང། སྐུར་བའིདམྱལ་བ་དང་། སྤངས་པའི་དམྱལ་བ་དང་། འགྱོད་པའི་དམྱལ་བ་དང་། མ་རིག་པའིདམྱལ་བ་དང་། ཉོན་མོངས་པའི་དམྱལ་བ་དང་། ལོག་པའིདམྱལ་བ་དང། གཟུང་བདང་འཛིན་པའི་དམྱལ་བ་དང་། དོག་པའི་དམྱལ་བ་དང་། ཕྲ་བའི་དམྱལ་བ་དང་། རྨོངས་པའི་དམྱལ་བ་དང་། འཆལ་པའི་དམྱལ་བ་དང་། སྤྱོད་པའི་དམྱལ་བ་དང་། དེད་པའི་དམྱལ་བ་དང་།འབྲོས་པའི་དམྱལ་བ་དང་། རྟག་པའི་དམྱལ་བའོ། །དེ་ལ་རྡོརྗེའི་དམྱལ་བ་གང་ཞེ་ན། གཏོར་མའི་དོན་མ་གོ་བས། འོག་རྡོ་རྗེའི་གཏན་ས་ལ། སྟེང་རྡོ་རྗེའི་ཐོ་བས་ཡུད་ཙམ་ཡང་མི་འགྱངས་པར་བརྡུང་ཞིང་། ཨ་ཚ་དང་ཨ་ནའི་སྨྲེང་ཡང་སྐད་འགའ་ཙམ་ཡང་མི་ཐོན་པ་ཤ་སྟག་མྱོངབར་གནས་ཏེ། ཚེའི་ཚད་ཀྱང་མེད་དེ། ལྕགས་ཀྱི་རི་རབ་ཆེན་པོ་བརྒྱད་ཞིག་ལ། བྱ་རེག་འཇམ་གྱི་པགས་པས་རེག་ནས་ནམ་རི་རབ་བརྒྱད་པོ་ཟད་པ་དང་ཐར་པརའགྱུར་ཞེས་སྨོས་ན། །དེ་ནི་ཐོན་ཅིང་ཐར་པར་མི་འགྱུར་བའི་ཐ་ཚིག་གོ །དེ་ཅི་ལསབྱུང་ཞེ་ན། རྩ་བའི་གཏོར་མའི་དོན་མ་རྟོགས་པས། ལུས་དང་འདོད་པ་དང་གྱེན་དུ་ཆགས་པས་རྡོ་རྗེ་སློབ་དཔོན་ལ་སོགས་པ་ལ་མི་རིགས་ཤིང་ཚུལ་མ་ལགས་པ་བགྱིས་པའིདབངགིས་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེའོ། །དེ་ལ་ཆགས་པའི་དམྱལལ་གང་ཞེ་ན། ལུས་ལ་སྣང་བ་མེད་པའི་མེསརེག་མ་ཐག་ཏུ་ཐར་བར་འགྱུར་ཞིང་། སླར་ལངསཔ་དང་རེག་པ་མེད་པའི་ཆུས་རེག་མ་ཐག་ཏུ་ཤིང་ཤུན་རླུད་གིསབསྐྱོད་པ་ལྟར་གས་ནས་སླར་འབྱོར་པདང་། སྣང་བ་མེད་པའི་མཚོན་གྱིས་བརྒྱབ་ནས། རེག་མ་ཐག་ཏུ་ཚགས་མ་བཞིན་དུ་གྱུར་ནས། སླར་སོས་པ་ལ་སོགས་པའི་སྡུག་བསྔལ་བསྐལ་པཆེན་པོ་གྲངས་ཀྱིས་མི་ལངས་པར་སྤྱོདཅིང་གནས་པར་འགྱུར་རོ། །དེ་ཅི་ལསབྱུངཞེ་ན། རྩབའི་གཏོར་མའི་དོནམ་རྟོགས་པས། འདོད་པ་དང་ལོངས་སྤྱོད་ལ་ཆགས་པའི་དབང་གིས་རང་ལ་ཕན་པར་འདོད་ནསབསདཔ་དང་། ཕྲོག་པ་དང་། བཟའ་བ་དང་། སྤྱད་པ་དང་། ཅི་བདེར་འཚལ་བ་དང་། དགེ་སྡིག་གིའབྲས་བུ་འགྲུབ་པ་མེད་པར་ཐག་བཅད་པས། རྩོལ་བའི་དོན་གང་བྱེད་པ་ལ་ཁོ་ཐག་ཆད་པའིདབང་གིས་གནསདེར་ཤིནཏུ་སྡུགབསྔལ་ཞིང་སྙིང་རྗེའོ། །དེ་ལ་ཉམས་པའི་དམྱལ་བགང་ཞེ་ན། ལུསསྐེདཔ་མན་ཆད་ལྕགས་ཀྱི་སྡིག་པཆེན་པོའི་ཁར་བཅུག་ནས། ཤིན་ཏུ་ཉོན་མོངས་པའི་ཟུག་གཟེར་ཆེ་བ་རྣམ་པ་སྣ་ཚོགས་པས་གང་བ་དང་། སྟོད་ནསཁྲོ་ཆུ་ཁོལ་མས་ཐལ་མར་གྱུར་པའི་བར་དུ་བླུགས་ཤིང་། ཤིན་ཏུ་སྡུག་བསྔལ་ཞིང་སྨྲེ་སྔགས་ཉིནམཚན་རེ་ལ་ཡུད་ཙམ་རེ་འབྱིན་པར་མི་ནུས་ཤིང་། ཤིན་ཏུ་ཉོན་མོངས་པར་འགྱུར་རོ། །དེ་ལྟ་བུའི་གནས་ན་ཉོན་མོངས་ཤིང་སྡུག་བསྔལ་ཚེ་ཚད་བསྐལ་པ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་དུ་སྤྱོད་ཅིང་གནས་པར་འགྱུར་རོ། །དེ་ཅི་ལས་བྱུང་་ཞེ་ན། ཐམས་ཅད་གཏོར་མ་ཡིན་པའི་དོན་མ་རྟོགས་པས་གཞན་གྱི་འདོད་པ་བྲལ་བ་དང་། སྐྱེ་བོ་མཚན་མར་འཛིན་པ་བཟུང་བ་ནི། སྡིག་པར་གྱུར་པའི་དཔོན་བྱས་ཏེ། གཞན་གཏོར་མའི་ལོངས་སྤྱོད་དང་།རྐྱེན་དང་རིས་སུ་གཏོགས་པ་ལ་ཕྲག་དོག་བཟའ་བ་དང་། བརྣབ་སེམས་ཡིད་ལ་འཛིན་པ་དང་། གསང་སྔགས་རྣལ་འབྱོར་གྱི་ཆ་འཛིན་ན་ཡང་། ཚིག་ཙམ་ལ་ཁུངས་ཕྱུང་ནས་གཏོར་མའི་སྤྱོད་པ་དང་ཕྲིན་ལས་ཀྱི་གནས་སུ་མ་བསྐངས་ཤིང་སྲིན་པོའི་ཟ་ཚོགས་པར་གྱུར་པ་དང་། རྣལ་འབྱོར་གྱི་ཚོགས་སུ་འཛིན་པ་ན་ཚོགས་དང་གཏོར་མའི་ཕུད་ཉམས་ཤིང་མ་འབྱོར་པ་དང་། གསང་སྔགས་རྐུན་འབུ་དང་། རྒྱབ་ཉན་བྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སྔགས་ལ་ཡ་ག་དང་། མཚང་ཚིག་འདོགས་པ་དང་། གསང་སྔགས་གསང་བའི་རྒྱུར་ཞུགས་ནས་དེད་དཔོན་ལ་སོགས་པ་བྱས་ཏེ། གསང་བའི་རྒྱུ་མངོན་དུ་ཕྱུང་ཞིང་།གཞན་ཐབས་དང་ཟོལ་གྱིས་བསླུ་བ་དང་། སྦྱོར་སྒྲོལ་གྱི་དོན་གནས་སུ་མ་སྟོབས་པས། གསང་སྔགས་ནང་ཅིག་ལ་གཅིག་འཕྱས་ཤིང་སྐུར་པ་འདེབས་པ་ན་སྨད་པ་དང་། རྩོད་ཅིང་འཁྲུག་པ་བཤམ་པ་དང་། ཐབས་དང་ཆེ་ངག་དང་། ཕྲ་མ་དང་དབྱེན་ལ་སོགས་པས་ཕ་རོལ་གྱི་མགོ་གནོན་པ་ལ་སོགས་པའི་ལས་བགྱིས་པ་རྣམས་གནས་དེར་སྐྱེས་ནས་ཤིན་ཏུ་སྡུག་བསྔལ་སྙིང་རྗེའོ། །དེ་ལ་སྐུར་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་མི་བཟད་པའི་ཁང་པར་བཞུགས་ནས། ཤིན་ཏུ་གཏོགས་ཤིག་ཆོད་ཅིག་པའི་སྒྲ་རྣ་བར་གྲགས་ཤིང་ཡུད་ཙམ་ལ་ལུས་དང་ཡན་ལག་ཡུངས་འབྲུ་ཙམ་བསམ་གྱིས་མི་ཁྱབ་པར་གཏུབས་ནས། དེ་མ་ཐག་ཏུ་སླར་འབྱོར་ཞིང་དེ་མ་ཐག་ཏུ་གཏུབས་པ་དང། ལྕེའི་དབང་པོ་ཞིང་ལྷུ་གཅིག་ཙམ་དུ་སྐྱེས་ནས། ལྕགས་ཀྱི་གླང་དང་རྨོད་པའི་ཐོང་གཤོལ་གྱིས་ཤིན་ཏུ་སྲིང་ཟེར་བའི་སྒྲ་གྲགས་ཤིང་། ན་བ་དང་ཚ་བའི་སྒྲ་ནི་འབྱིན་པར་མི་ནུས། བར་བར་དུ་མཁུན་པ་ཙམ་འབྱིན་པརནུསཏེ། དེ་ལྟ་བུའི་གནས་ནཤིན་ཏུ་སྡུག་བསྔལ་ཞིང་སྤྱོད་པའི་ཚེ་ཚད་ནི་བསྐལ་པ་སྟོང་ཕྲག་བདུན་ཁྲིར་སྦྱང་བར་གནསཔར་འགྱུར་རོ། དེ་ཅི་ལས་བྱུང་ཞེན། ཐམསཅད་གཏོར་མ་ཡིན་པ་མ་རྟོགས་པའིདབང་གིས། གཞན་སྨད་པར་འདོདཔའི་ཕྱིར་གང་ཟགསྐྱེ་བོའི་རིགས་སུ་སྐྱེས་པས་ཏན་ག་ཎ་ལ་སོགས་པ་བྱ་རབྱས་ཤིང་རྩ་བ་བཅད་ནས་འཕྱས་པ་དང་། རྣབ་སེམས་ཅནཡོངས་ལཞེབ་ལ་མི་འབབ་པའི་ཚིག་སྨྲ་ཞིང་། མིང་མཁན་ལོག་པར་འདོགས་པ་དང། གང་ཟག་དམ་པའི་ཆོསཀྱི་རྗེས་སུའབྲང་བ་ཡིན་ན་ཡང་། གསང་སྔགས་ལ་ཡ་ག་དང་སྒྲོ་སྐུར་འདེབས་ཤིང་། ཐེག་པ་དམན་པའི་རིགས་འཛིན་ཅིང་། དམ་ཚིག་གཅིག་པའི་གྲོགས་པོ་ཐབས་ཀྱིས་སྨད་པའི་ཐབས་འཕྱ་ཞིང་སྐུར་པ་འདེབས་པ་ལ་སོགས་པའི་དབང་གིས་དེ་ལྟ་བུའི་གནས་སུ་སྐྱེས་ཏེ། དེ་ལ་ཤིན་ཏུ་སྡུག་བསྔལ་སྙིང་རྗེའོ། །དེ་ལ་སྤངས་པའི་དམྱལ་བ་གང་ཞེ་ན། སྟག་དང་དོམ་ལ་སོགས་པ་འཇིགས་པའི་སེམས་ཅན་རྣམས་ཀྱིས་དེད་ནས། ལྕགས་ཀྱི་དོམ་དང་སྡིག་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱིས་བཟུང་ནས།འཇིགས་པའི་མཚོན་ཆ་སྣ་ཚོགས་རྣོན་པོ་ཐོགས་པ་རྣམས་ཀྱིས་ཤ་དང་རུས་པ་ཕྲལ་ཞིང་བཏོག་གོ །ཟད་པར་ཕྲལ་ཡང་ལས་ཀྱི་དབང་གིས་སླར་སྐྱེའོ། །དེས་ནི་བསྐལ་པ་རེ་རེ་ལ་ཤིན་ཏུ་གདུང་བའི་མཆི་མས་ངུ་ཞིང་མགོན་སྐྱབས་ཞེས་འབོད་པར་བྱེད་དོ། །དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་ཞིང་སྦྱང་བའི་ཚ་ཚད་ནི། བསྐལ་པ་སྟོང་ཕྲག་གསུམ་ཁྲིར་གནས་ཤིང་སྦྱོར་བར་འགྱུར་རོ། །དེ་ཅི་ལས་བྱུང་ཞེ་ན། ཐམས་ཅད་གཏོར་མ་ཡིན་པར་མ་རྟོགས་པའི་དབང་གིས་ཚེ་ཕྱི་མ་མི་ཤེས་པས་གང་ཟག་སྐྱེ་བོའི་ས་འཛིན་པ་དང་། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། བདེན་པའི་ཚིག་འགའ་ཙམ་ཐོས་ན་ཡང་མི་ཉན་པ་དང་། དགེ་བ་བཅུའི་ཕྱོགས་སྤངས་ནས་སྲོ་ག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ཕྱོགས་ཁྲིམས་ཕྱུང་ནས་བྱེད་པ་དང་། གང་ཟག་དམ་པའི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ན་ཡང་ཁྲིམས་དང་། སྡོམ་པ་དང་། དམ་ཚིག་ལ་སོགས་པ་རྣམས་མནོས་ནས་མི་བསྲུང་བ་དང་། སྔགས་དང་ཕྱག་རྒྱ་སྐད་ཅིག་ཙམ་ཡང་མི་བསྲུང་བ་དང་། གསང་བའི་དཀྱིལ་འཁོར་སྤངས་ནས་ཡུད་ཙམ་ཡང་མི་བལྟ་བ་དང་། ཡི་དམ་གྱི་ལྷ་སྤངས་ནས་མའི་དོད་ཀྱི་ཡོན་ཏན་ཙམ་ཡང་མི་འཛིན་པ་དང་། རྡོ་རྗེ་སློབ་དཔོན་སྤངས་ནས་ཕའི་དོད་ཀྱི་མཆོད་པ་ཙམ་ཡང་མི་བྱེད་པ་དང་། རྡོ་རྗེ་མཆེད་ལྕམ་སྤངས་ནས་བརྩེ་གདུང་འཛོམ་ཕྲད་མི་འདོད་པ་རྣམས་ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས་དེ་ན་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེའོ། །དེ་ལ་འགྱོད་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་སྔོན་ལས་ཅི་བྱས་པ་དྲན་པའི་གནས་དགེ་སྡིག་ཅི་བྱས་པའི་ལས་དོན་དང་ལས་ཀུན་རྡེའུ་དང་ཁྲམ་དུ་བཀྲམ་ཞིང་། དེའི་ཚེ་འདི་ལྟ་བུའི་ལས་བྱེད་པ་ཁྱོད་ཡིན་ནོ། །ཅེས་རྒྱ་གག་ཟེར་ཞིང་རྐུབ་ནས་ཐོ་བས་བརྡུངས་ཤིང་མདུང་རྩེས་བརྒྱབས་ནས་ཆུ་བོ་རབ་མེད་ལ་བརྒལ་བར་བྱེད་དོ། །ཆུ་བོ་རབ་མེད་དེའི་ནང་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་པས་བཟོད་པའི་བླག་མེད་པར་གདུངས་ནས་རིངས་ཤིང་དྲག་པར་ཕབ་པར་ཕྱིན་པ་དང་། ཤ་ཀུན་བུད་ནས་རུས་པ་ཁར་ཐོན་ནོ། །ཐོན་པ་དང་དེ་མ་ཐག་ཏུ་ལས་ཀྱི་དབང་གིས་ཤ་སོས་པར་འགྱུར་རོ། ་།་སོས་པར་གྱུར་མ་ཐག་ཏུ་ཡང་རང་གི་སྔོན་ལས་ཅི་བྱས་པའི་དབང་གིས་རྡེའུ་དང་ཁྲམ་ཐོག་ནས། ཡང་གོང་མ་ལྟར་རྒྱ་གག་ཟེར་ཞིང་མདུང་གིས་བརྒྱབ་པ་དང་། ཐོ་བས་བརྡུངས་ནས་སྐད་ཅིག་ཙམ་ཡང་མ་ལོན་པར་ཕྱིར་བཟློག་གོ །དེ་ནས་ཡང་ཕ་རོལ་དུ་ལོག་པ་དེ་བཞིན་དུ་སྡུག་བསྔལ་མྱངས་ནས་སླར་ལོག་པ་དང་གོང་མ་བཞིན་དུ་བྱས་ནས་ཏེ། དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་ཞིང་སྦྱང་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་ཁྲིར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ཅི་བགྱིས་པའི་དབང་གི་རྣམ་པར་སྨིན་པ་ལས་འགྱུར་ཞེ་ན། ཐམས་ཅད་གཏོར་མའི་དོན་མ་རྟོགས་པས། དགེ་བ་དང་སྡིག་པའི་དོན་ངོ་མ་ཤེས་ཤིང་། བདགཉིད་རྟག་ཏུ་རེ་བས་གང་ཟག་སྐྱེ་བོའི་སར་སྐྱེས་པ་ནི། དཀོན་མཆོག་གསུམ་གྱི་དཀོར་ལ་འབགས་པ་དང་། མ་ཉེས་པའི་སེམས་ཅན་བསད་པ་དང་། མ་ཉེས་པའི་སེམས་ཅན་བརྡུངས་པ་དང་།མཆོད་པ་ཚོལ་བའི་ཕྱིར་མ་ཉེས་པའི་ནོར་དང་ལོངས་སྤྱོད་ཕྲལ་བ་དང་། མ་ཉེས་པའི་དུག་དང་གནས་ནས་དབྱུང་བ་ལ་སོགས་པའི་ལས་བྱེད་པ་དང་། གང་ཟག་དམ་པའི་ཆོས་ལ་ཞུགས་པ་ཡིན་ན་ཡང་། མ་ཉེས་པའི་སྐྱེ་བོ་ལ་མཐུ་བསྙེན་བཏང་བ་དང་། རང་དང་འགལ་བ་སོགས་ལ་མངོན་སྤྱོད་ཕྲིན་ལས་ཀྱི་ལས་བྱེད་པ་དང་། གྲོགས་པོ་ཉེས་པ་མེད་པའི་ཆོས་ལ་སྐུར་པ་འདེབས་ཤིང་འཕྱ་བ་དང་། ཤིན་ཏུ་སྨད་ཅིང་དམས་པར་བཤམས་པ་དང་། འཁོར་དང་སློབ་མ་ཡན་ཆད་ཕྱོགས་གཅིག་ཏུ་རིས་སུ་བཟུང་ནས། མཚང་ཚིག་སྨྲ་ཞིང་རྩོད་པ་རྣམས་ཀྱི་དབང་གིས་གནས་དེར་སྐྱེས་ཏེ། ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེའོ། །དེ་ལ་མ་རིག་པའི་དམྱལ བ་གང་ཞེ་ན། ཤིན་ཏུ་གནག་ཅིང་མུན་པའི་གནསན་སྐྱེསབུའིལག་པ་བརྐྱང་བསྐུམ་ཙམ་ཡངམི་མཐོང་བའི་གནས་ན། ཤིན་ཏུ་ཡར་གྲངཞིང་ལུས དང ཡན ལགཤིན་ཏུ་གས་ཤིང་། ཐམས་ཅད་དུ་འཁྱགས་པ་བཞིན་དུ་གྱུར་པ་ནས། ཨ་ཆུ་བྱ་བའི་སྒྲ་ཡང་འདོན་མི་ནུས་པར་གནས་སོ། །དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པསྟོངཕྲགསྟོངདུ་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ཅི་སྤྱད་པའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་ཞེ་ན། ཐམས་ཅདགཏོར་མར་སྣང་བའི་དོན་མ་རྟོགས་ལས། གཞན་གྱི་ཉེསཔ་ནིསོ་སོ་སྐྱེ་བོའི་སར་སྐྱེས་པ་ན། ་མས་ཅནགསོད་པའི་ལས་རྒྱ་ཚེ་ཚདམ་དང་། མདའ་དང་། རལ་གྲི་དང་། སྐྲུ་གྲི་དང་། དགྲ་སྟུདང་། གཞན་ཡང་དེའི་ཐབས་དང་། མང་དག་གཞནལ་བྱེདདུབཅུག་པ་དང་། སྤྱད་པ་དང་དེ་བསྐུལ་བ་དང། རངལ་ཕན་པ་མེད་པའི་ཁར་ཉེས་པ་བསྒོ་བ་དང། གཞན་ཡང་རང་གིས་ཅི་འགྲུབ་པར་བྱེད་ཅིང་། རང་གིས་མ་འགྲུབ་ནཡང་གཞནལ་སློབ་ཅིང་སྡིག་པའི་ལས་ཆ་སྣཚོགས་པབཤམས་པ་ལ་སོགས་པ་དང། གང་ཟགདམ་པའི་ཆོས་ལ་སྤྱོད་པ་ཡིན་ན་ཡང་ཁེ་དང་གྲགས་པ་ཚོལ་བ་དང་། ཚུལ་འཆོས་པ་དང་། ཆོས་ལོག་པར་སྤྱོད་དེ། ཡང་དག་པའི་བཀའ་བསལོག་པའི་ཆོསསྤྱོད་པ་ལ་རྗེས་སུ་ཡིད་དབང་བའབུལ་བ་དང་། ཆོས་འདོད་པ་རྣམས་ལ་ལོགཔར་འཆང་བ་དང་། དམ་ཉམས་པའི་འབྱུང་པོ་ལ་སྲུང་བའི་ཆོ་ག་བྱེད་པ་དང་། ཐེག་པ་ཆེན་པོ་ལ་དཔྱད་འདོག་པ་དང་། བཀའ་ཡང་དག་པའི་དོན་མི་ཉན་པ་དང་། དཔེ་རྐུན་དང་འོག་བྲུས་བྱེད་པ་དང་། དཀྱིལ་འཁོར་གཉན་པོའི་དོན་བོར་ནས་བསྙེན་སྔགས་ལ་དགའ་བ་ལ་སོགས་པའི་ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས། དེ་ལ་སྙིང་རྗེ་ཞིང་སྡུག་བསྔལ་བར་གནས་སོ། །དེ་ལ་ཉོན་མོངས་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་ཚ་བའི་ཟངས་ཁང་ཆེན་པོའི་ནང་དུ་བཅུག་ནས། ཕྱི་ནས་བསྐལ་པའི་མེ་འབར་བས་བསྲེགས་ཤིང་། ཤིན་ཏུ་ཨ་ཚ་ཚ་ཞེས་བྱ་བའི་སྒྲ་བསམ་གྱིས་མི་ཁྱབ་པར་འདོན་པར་བྱེད་དོ། །དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་ལྔ་བརྒྱར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ཅི་ལྟར་སྤྱད་པའི་ལས་ཀྱི་རྣམ་པར་སྨིན་པ་གང་ལས་བྱུང་ཞེ་ན། རྩ་བའི་གཏོར་མ་འདིའི་དོན་མ་རྟོགས་པས། ཉོན་མོངས་ཀྱི་དབང་གིས་ངོ་མ་ཤེས་པས། སོ་སོར་སྐྱེ་བོར་སྐྱེས་པ་ན། ཞེ་སྡང་གིས་སེམས་ཅན་ཁ་མར་བསད་པ་དང་། འདོད་ཆགས་ཀྱི་ཤ་ཁྲག་ཟ་བ་དང་། གཏི་མུག་རང་ཁམས་ངོ་མ་ཤེས་པ་དང་། ཕྲག་དོག་རང་ཁམས་གཞན་ཕུང་བར་བྱ་བ་དང་། ང་རྒྱལ་གྱིས་གཞན་དུ་གནོད་དུ་འཇུག་པས་ཉོན་མོངས་རང་ཁམ་ལ་སོགས་པ་དང་། གང་ཟག་དམ་པའི་ཆོས་སྤྱོད་པ་ཡིན་ན་ཡང་། དུག་ལྔ་དང་ཉོན་མོངས་པ་ཐམས་ཅད་སྔགས་ལ་ཁུངས་ཕྱུང་ནས་བསྟན་ཀྱང་ཆོས་ཉིད་དོན་དང་མ་མཐུན་པར་གོལ་ཏེ། འདོད་ཆགས་མ་དག་པས་ཆོག་ཤེསཔའི་དུས་མེད་པ་དང་། གཏི་མུག་མ་དག་པས་དོན་གྱི་སྟེང་དུ་མི་ཕེབས་པ་དང་། ཞེ་སྡང་མ་དག་པས་དུ་ཏྲ་རང་རྒྱུད་བྱེདཔ་དང་། ང་རྒྱལ་མ་དག་པས་གཞན་ལ་ཁེངས་པ་དང་། ཕྲག་དོག་མ་དག་པས་གཞནསྨད་པརྣམས་ལས་ཀྱི་དབངགིས་གནས་དེར་སྐྱེས་ནས། དེ་ན་སྡུགབསྔལ་ཞིངསྙིང་རྗེ་བར་གནས་སོ། །དེ་ལ་ལོག་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་གྲང་ཞིང་འཁྱགས་པ་ལ་ལྟོསྦྱར་བའི་གནསསུ་ཤིན་ཏུ་ཨ་ཆུ་ཞེས་འབོད་ཅིང་ལུས་ཨུཏུལ་ལྟར་གས་པར་འགྱུར་རོ། །དེ་ལྟབུའི་གནས་ན་ཤིན་ཏུ་སྡུག་བསྔལ་ཞིང་ཚེ་ཚད་ནི་བསྐལ་པ་སྟོང་ཕྲག་སུམ་བརྒྱར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་བསྐྱེད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་མ་རྟོགས་པས། འཕྲལ་གྱི་ལྡོག་འགྱུར་གྱི་དོན་སྤྱད་པས། སོ་སོ་སྐྱེ་བོའི་སར་སྐྱེས་པ་ནི། གཡོ་དང་སྒྱུ་དང་ཟོལ་དང་ཟོག་དང་ཡང་དག་པ་དགེ་བའི་ལས་བྱེད་པ་མཐོང་ནཡང་། དེ་ལ་རྗེས་སུ་ཡི་རང་བ་མི་སྐྱེབར་གང་དག་སྡིག་པའི་ལས་མཐོང་ན། དེ་ལ་སེམས་འཕང་སྐྱེ་བ་དང་།ཡང་དག་པའི་བཀའ་བས་ཕྱིན་ཅི་ལོག་བསྟནཔ་ལ་དགའ་བ་དང་། དཀོན་མཆོག་གསུམ་གྱི་བཀའ་ལམི་ཉནཔ་ལ་སོགས་པ་དང་། གང་ཟག་དམ་པའི་ཆོས་སྤྱོད་ཅི་ཡིན་ན་ཡང་། དང་པོ་ཉན་ཐོས་ཀྱི་འདུལ་བ་ལ་ཞུགས་ནས། ཁས་བླངས་ནས་ལོག་པ་དང་། དེ་བཞིན་དུ་བྱངཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཀྱི་དམ་ཚིག་མནོས་ནས་བསྲུང་བར་མ་བཅས་ཏེ། ཁས་བླངས་པ་ལས་ལོག་སྟེ་སྐྱེ་བོ་ལས་དམན་པར་སྤྱོད་པ་དང་། ཡང་དག་པའི་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་ནས། དེ་ལ་ལོག་ནས་མཚནཉིད་ཀྱི་ཐེག་པ་ལ་ཞུགས་ཏེ་སྔགས་ལ་སྨོད་པ་དང་། ཐེག་པ་འོག་མ་པའི་ཆས་བཟུང་ནས། གོང་མ་ལ་སྨད་པ་རྣམས་ལས་ཀྱི་དབང་གིས་དེར་སྐྱེས་ནས། དེ་ན་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་གཟུང་བདང་འཛིན་པའི་དམྱལ་བ་གང་ཞེ་ན། རབ་ཏུ་གྲང་བའི་གླིང་ཆབ་རོམ་ཆེན་པོར་འདུག་པའི་གནས་ན། གདུང་བའི་སྨྲེ་སྔགས་ཀྱིས་ཨ་ཆུ་ཞེས་འབོད་ཅིང་། ལུས་ཨུཏུལ་ལྷར་རབ་ཏུཡང་གས་ཏེ་འདི་བས་ཚ་བའི་སྡུག་བསྔལ་མྱོང་ན་ཅི་མ་རུང་ཞེས་བོས་ནས། དེ་ནས་ཡང་ཡུན་ཅུང་ཟད་ཙམ་ཡང་མ་ལོན་པར་དམྱལ་བའི་ཟངས་དཀར་ཆེན་པོར་ཕྱིན་ཏེ། ཚ་བའིམེ་ཆེན་བསྐྱར་ཏེ་རབ་ཏུ་ཡང་ཚོས་པར་བཙོས་ནས། ཡང་ཨ་ཚ་ཚ་ཞེས་གདུང་བའིསྨྲེ་སྔགས་བོས་ནས། དེ་བཞིན་དུ་ལས་ཀྱི་དབང་གིས་ཕར་འཁོར་ཚུར་འཁོར་བྱེད་པར་འགྱུར་རོ། །དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་བརྒྱར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་འབྱུང་ཞེ་ན། རྩ་བའི་གཏོར་མ་འདིའི་དོན་བློ་ལ་མ་ཤརབས། གཡེལ་བགས་ཀྱི་སྐྱོན་གྱིས་སོ་སོ་སྐྱེ་བོའི་སར་སྐྱེས་ནས། དགྲ་རིས་སུ་འཛིན་པ་དང་། དེ་ལ་མནར་སེམས་རུང་དང་ལྡན་པར་བྱེད་པ་དང་། གཉེན་དང་སྐྲུན་དུ་བཟུང་བ་དང་། དེ་ལ་ཕྱོགས་དང་གལ་དུ་སྐྱོབ་པ་དང་། མི་མཐུན་པའི་ཕྱོགས་ལ་དགེ་བ་སྤྱོད་དུ་མི་སྟེར་བ་དང་། མཐུན་པའི་ཕྱོགས་ལ་ལེགས་པའི་ལམ་ལས་འགོག་པ་ལ་སོགས་པ་དང་། གང་ཟག་དམ་པའི་ཆོས་སྤྱོད་པ་ཡིན་ན་ཡང་། ཕྱི་གཟུང་བའི་ཡུལ་མེད་པ་ལ། གཟུང་བའི་ཡུལ་དུ་བཟུང་བའི་རྟགས་སུ། ཕྱོགས་རིས་སུ་སྨད་ཅིང་གཞན་གྱི་ཆོས་ལ་སྨད་པ་དང་། ནང་འཛིན་པའི་སེམས་མེད་པ་ལ་འཛིན་པའི་སེམས་སུ་བཟུང་བའི་རྟགས་སུ། ངའི་བཀའ་ལྟར་ཡིན་པ་ལས་གཞན་གྱིས་ལྟར་མིན་ནོ། །ཞེས་བདུད་ཀྱི་ཚིག་ཏུ་སྨྲ་བ་དང་། དེ་ལྟར་གཟུང་འཛིན་གཉིས་སུ་འཛིན་པའི་དབང་གིས། སྲིན་པོ་མངོན་སུམ་པ་འདྲ་བའི་སྤྱོད་པ་བྱེད་པ་རྣམས། ལས་ཀྱི་དབང་གིས་དེར་སྐྱེས་ནས། དེ་ན་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་དོག་པའི་དམྱལ་བ་གང་ཞེ་ན། རྡོ་རྗེའི་བྲག་གིས་གཏམས་པའི་ནང་དུ་སྐྱེས་ནས། ལུས་ནི་རབ་ཏུ་འཕེལ་ཞིང་སྐྱེ། རྡོ་རྗེའི་བྲག་ལ་ཡངས་པའིསྐྱེད་མེད་པའི་གནས་སུ་སྐྱེ་བ་དང་། དེ་ལས་ཡང་ཐར་ནས་རྡོ་རྗེའི་བྲག་གཉིས་ཀྱི་བར་དུ་ལུས་ཆ་ཆར་བཏང་ནས། བྲག་བྱེ་བ་དང་སླར་ལངས་ནས། ཡར་ཆར་གྱིས་བཏང་བའི་གནས་ན་སྐྱེ་བར་འགྱུར་རོ། །དེ་ན་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་དགུ་བཅུར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མ་མ་འབྱངས་པས། འཔྲལ་གྱི་མ་རིག་པས་བསྒྲིབས་ནས། སོ་སོ་སྐྱེ་བོའི་སར་སྐྱེས་པ་ན། སེམས་ཅན་ལ་བརྡུངས་ཤིང་རབ་ཏུ་བཙོག་པ་དང་། དུད་འགྲོ་ལ་མི་ཐེག་པར་ཆེར་འགེལ་ཞིང་བསྣུན་པ་དང་། གནས་ཕྱུང་ཞིང་ཕྲོག་པ་དང་། དེ་བཞིན་གཤེགས་པའི་སྐུ་སྨད་པ་ལ་སོགས་པ་དང་། གང་ཟག་དམ་པ་ཞིག་གི་ཆོས་ལ་སྤྱོད་པ་ཡིན་ན་ཡང་། ལྟ་བ་ཟབ་མོ་ལ་དཔྱས་འདོགས་ཤིང་། རྟོག་པའི་ཆོས་ལ་དགའ་བ་དང་། དངོས་གྲུབ་ཀྱི་རྒྱུ་ཉིད་སྐྱོན་དུ་མཐོང་ནས། འཕྱ་ཞིང་སྐུར་པ་ལ་སོགས་པ་རྣམས་ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས། དེ་ན་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་ཕྲ་བའི་དམྱལ་བ་གང་ཞེ་ན། ཤིན་ཏུ་གདུང་བའི་གནས་ན། བདག་གི་ཡིད་དུ་འོང་བའི་སྐྱེས་པ་དང་། བུད་མེད་དང་ཕྲད་པར་འདོད་པ་དང་། ཞགས་པ་གང་ཙམ་གྱིས་བར་ཆོད་པར་བྱས་ནས། བཞིན་གཅིག་ལ་གཅིག་མཐོང་ནས་འཕྲོད་པར་བསམས་པ་ན། ལུས་ཞེ་སྡང་གི་སྦྲུལ་ནག་ཆེན་པོ་རེས་སྒོ་ངའི་སྦུབས་ཞུགས་པ་བཞིན་འཁྲིས་ནས། སྦྲུལ་གྱི་གདུག་པས་ལུས་ཚ་ཞིང་སྡུག་བསྔལ་ནས། གདུང་བའི་མཆི་མས་ངུ་ཞིང་རབ་ཏུ་སྡུག་བསྔལ་བའི་གནས་སུ་འགྱུར་རོ། །དེ་ལྷ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་བདུན་ཅུར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་མ་རྟོགས་པས།འདོད་ཆགས་ལ་ཞེན་པའི་སོ་སོའི་སྐྱེ་བོའི་སར་སྐྱེས་པ་ན། སེམས་ཅན་རྣམས་ལ་འདོད་ཆགས་རང་ག་མར་སྤྱད་པ་དང་། གཞན་གྱིས་སྲུང་བའི་བུད་མེད་ལ་སོགས་པར་གཡེམ་པ་དང་། སེམས་ཅན་སྐྱེས་པའི་རྒྱུ་བྱས་ནས། དུས་མ་ཡིན་པར་བསད་པ་ལ་སོགས་པ་རྣམས་དང་། གང་ཟག་དམ་པའི་ཆོས་སྤྱོད་པ་ཡིན་ན་ཡང་། དུས་ཁྲིམས་དང་གནས་ཁྲིམས་ཉམས་པ་དང་། གསང་སྔགས་ཀྱི་སྤྱོད་པ་དཀའ་བ་བསྟེན་པ་ཙམ་བྱས་ནས་སྐྱེ་བོ་བཞིན་སྤྱད་པ་དང་། གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་རྣམས་སྐྱེ་བོས་མཐོང་ཞིང་སྤྱད་སླར་གྱུར་པ་རྣམས། ལས་ཀྱི་དབང་གི་གནས་དེར་སྐྱེས་ནས། དེ་ན་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་རྨོངས་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་དམྱལ་བ་མི་བཟོད་པའི་གནས་ན། མགོ་མཇུག་ཏུ་ཐིག་བརྒྱད་བཏབ་ནས། གཏིང་བར་བརྒྱད་དུ་དྲས་ཏེ་ལས་ཀྱི་དབང་གིས་དེ་མ་ཐག་ཏུ་འབྱར་ཞིང་ཡང་འདྲའོ། །དེ་ལྟ་བུའི་གནས་ན་ཤིན་ཏུ་ཉོན་མོངས་པའི་ཚ་ཚད་ནི། བསྐལ་པ་སྟོང་ཕྲག་དྲུག་ཅུར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མ་མ་ཐོས་པས། འཕྲལ་གྱི་ཉོན་མོངས་པའི་ལས་ཀྱིས་བསྒྲིབ་སྟེ། གང་ཟག་སོ་སོའི་སྐྱེ་བོར་སྐྱེས་པ་ན། སངས་རྒྱས་ཀྱི་ཞལ་ནི་ཉི་ཟེར་ཙམ་ཡང་མི་མཐོང་བ་དང་། ཆོས་ཉིད་བདེན་པའི་དོན་ཚིག་འབྲུ་གཅིག་ཙམ་ཡང་མ་ཐོས་པ་དང་། ངན་པའི་ལས་རྣམས་བླུན་པོ་བྱོལ་སོང་བཞིན་དུ་བགྱིས་པ་དང་། གང་ཟག་དམ་པའི་ཆོས་ལ་གནས་པ་ཞིག་ཡིན་ན་ཡང་། ཆོས་ཉིད་ཡིད་ལ་མི་འཇོག་པ་དང་། འདོད་པས་གཡེང་བ་དང་། འདུ་འཛི་དང་བུས་པའི་སྤྱོད་པ་ལ་ཞུགས་པ་དང་། ལོངས་སྤྱོད་དང་ལེ་ལོའི་ཁར་འདོར་བ་དང་། གཞན་ལ་སྐུར་པ་ཆེན་པོ་བཏབ་པ་དང་། སེམས་ཅན་སྒྲོལ་བའི་ལས་ལ་བབ་ཆོལ་དུ་བྱེད་པ་དང། དཔྱལ་གྱི་རྟོག་པ་ཆོལ་ཕྱིར་མོ་དང་པྲ་འདེབས་པ་རྣམས་ལས་ཀྱི་དབང་གིས། གནས་དེར་སྐྱེས་ནས་དེར་ཤིན་ཏུ་སྡུག་བསྔལ་བའི་གནས་སོ། །དེ་ལ་འཁྱལ་བའི་དམྱལ་བ་གང་ཞེ་ན། ཤིན་ཏུ་དུས་མ་ཡིན་པའི་གནས་ན། རེས་འཚོད་པ་དང་། རེས་འཁྱགས་པ་ལ་ལྟོ་སྦྱོར་བ་དང་། རེས་འགའ་སྐྲུ་གྲིས་མགོ་གཤོགས་པའི་གནས་ན་ཤིན་ཏུ་ཉོན་མོངས་པའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་ལྔ་བཅུར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་བློ་ལ་མ་ཤར་བས། གང་ཟག་སྐྱེ་བོའི་ལས་བྱེད་པའི་ཚེ་སོད་དང་། ཆོད་དང་གཏོགས་ཤིག་པའི་ཚིག་འཁྱལ་པ་སྨྲ་བ་དང་། གཞན་དེ་སྐད་སྨྲ་བའི་ངག་ཉན་ནས། བསད་བཅད་བརྡུང་བ་ལ་སོགས་པའི་ལས་བྱས་པ་དང་། གང་ཟག་ཆོས་སྤྱོད་པའི་ལམ་ལ་གནས་པ་ཡིན་ན་ཡང་། གསང་བའི་བཀའ་ཟབ་མོ་སྣོད་མ་ཡིན་པ་སྣང་དགུ་ལ་དབང་མ་ཐོབ་པར་འཆལ་བར་སྨྲ་བ་དང་། ཏན་གཎ་གྱི་ཕྲིན་ལས་གནས་ལམ་འབྱངས་ཤིང་མི་ནག་ཡོངས་ཀྱིས་སྨད་པར་བྱས་པ་རྣམས་ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས། ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་སྤྱོད་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་གྲང་བའི་དམྱལ་བར་འཁྱགས་པ་ལ་ལྟོ་འབྱར་བའི་གནས་ན། ལུས་པདྨ་དང་པདྨ་ཆེན་པོ་ལྟར་གས་ཏེ། ཤིན་ཏུ་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་གསུམ་ཅུར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་ཅི་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་ཐོག་ཏུ་མ་ཕེབས་པས། གང་ཟག་སྐྱེ་བོའི་ལས་བྱེད་པ་ལ། དུས་གསུམ་ཕ་མ་སྤངས་ནས་མ་རུང་པ་བསྟེན་པ་དང་། དགེ་བ་སྤངས་མི་དགེ་བ་བསྟེན་པ་དང་། གང་ཟག་ཆོས་སྤྱོད་པ་ཞིག་ཡིན་ན་ཡང་། ཐེག་པ་ཆེན་པོའི་ཆོས་སྤངས་ཤིང་། ཐེག་པ་འོག་མའི་ཆོས་སྤྱོད་པ་དང་། ལུས་དང་མན་ངག་ལ་དཔྱས་འདོགས་ཤིང་། སྙན་ངག་དང་སྡེབ་སྦྱོར་དང་། གླུ་དབྱངས་སློབ་པ་ལ་དགའ་བའི་ལས་ཀྱིས་གནས་དེར་སྐྱེས་ནས། དེ་ན་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། དེ་ལ་དེད་པའི་དམྱལ་བ་གང་ཞེ་ན། ལྕགས་ཀྱི་ཤལ་མ་རི་ལ་ཡར་འཛེགས་ཙ་ན། གཉེན་འདུན་དང་བརྩེ་བས་ངུ་སྐད་ཀྱིས་འབོད་པ་ལ་སོགས་པས་ཤིན་ཏུ་ཉོན་མོངས་པའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་ཉི་ཤུར་གནས་ཤིང་སྦྱང་བར་འགྱུར་རོ། དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མ་མ་ཐོས་པས། གང་ཟག་སྐྱེ་བོའི་ལས་བྱེད་པ་ན། རི་དྭགས་ལ་སོགས་པ་སེམས་ཅན་མང་པོ་འདོད་ཅིང་གསོད་པ་དང་། གང་ཟག་དམ་པའི་ཆོས་བྱེད་པ་ན་ཡང་། ལུས་རབ་ཏུ་བྱུང་བའི་ལུས་སུ་བསྒྱུར་ནས།སེམས་ཅན་མང་པོ་ལ་མི་ཐེག་པར་བསྐལ་ནས་བརྡུངས་པ། འཐག་པ་འདེད་པ་དང་གསོད་པ་དང་། གཡོ་དང་། སྒྱུ་དང་། ཐབས་དང་། བསླུ་བ་ལ་སོགས་པའི་ཉོ་ཚོང་གི་རྣམ་པར་སྨིན་པས་གནས་དེར་སྐྱེས་ནས།ཤིན་ཏུ་སྡུག་བསྔལ་གྱིས་སྙིང་རྗེ་བར་གནས་སོ། །དེ་ལ་འབྲོས་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་གསོད་ལ་དགའ་བའི་གནས་ན། གཤིན་རྗེ་ཕག་ཤན་ཆེན་པོས་མགོ་ནས་བཟུང་ནས། རྐེད་པ་དང་སྐེ་དང་རྐང་པ་དང་གསུམ་དུ་བཏུབ་ནས། བསད་དེ་ཟོས་པ་དང་། ཤི་མ་ཐག་ཏུ་ལུས་གཅིག་ཏུ་བླང་སྟེ་སོས་པ་ལ་སོགས་པ་ཡང་ཤི་ཡང་སོས་ཀྱིས་སྡུག་བསྔལ་བའི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་བཅོ་ལྔར་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལས་བྱུང་ཞེ་ན། རྩ་བའི་གཏོར་མ་མ་ཐོས་པས། བྲོས་པས་ཐར་བར་རེ་བས། གང་ཟག་སྐྱེ་བོར་སྐྱེས་པ་ན། གཙུག་ལག་ཁང་དང་མཆོད་རྟེན་གྱི་དཀོར་བརྐུས་ནས་བྲོས་པ་དང་། གང་ཟག་ཆོས་ཀྱི་རྗེས་སུ་འབྲངས་པ་ཡིན་ན་ཡང་། དྷརྨའི་གླེགས་བམ་བརྐུས་ནས་བྲོས་པ་རྣམས། ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས། ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལ་རྟག་པའི་དམྱལ་བ་གང་ཞེ་ན། ཤིན་ཏུ་ཁྲོ་བོའི་གནས་ན། ལུས་ལ་ལྕགས་ཀྱི་སེར་བས་བརྡུངས་པ་དང་། མཚོན་ཆའི་ཆར་པ་སུས་ཀྱང་མ་བབས་པར་རང་བབས་ནས། ལུས་ལ་ན་ཚའི་སྡུག་བསྔལ་གྱིས་སྒྲ་འབྱིན་ནོ། །དེ་ལྟ་བུའི་སྡུག་བསྔལ་གྱི་ཚེ་ཚད་ནི། བསྐལ་པ་སྟོང་ཕྲག་གསུམ་དུ་གནས་ཤིང་སྦྱང་བར་འགྱུར་རོ། །དེ་ལས་ཀྱི་རྣམ་པར་སྨིན་པ་གང་སྤྱད་པ་ལ་ལས་བྱུང་ཞེ་ན། གང་ཟག་སྐྱེ་བོར་སྐྱེས་པའི་ཚེ། ཟས་དང་ནོར་ལ་རྟག་ཏུ་རེ་བས། ཆགས་ཤིང་བརྐམ་པའི་ལས་བྱས་པ་དང་། གཞན་གྱི་ནོར་རང་གིས་འདོད་པའི་ཕྱིར་སྲོག་དང་ཕྲལ་བ་ལ་སོགས་པ་དང་། གང་ཟག་ཆོས་ཀྱི་རྗེས་སུ་འབྲངས་པ་ཡིན་ན་ཡང་། ང་ནི་མཐུ་ཆེ་བ་ཡིན་ནོ། །ང་ནི་རྩལ་ཆེ་བ་ཡིན་ནོ། །ཞེས་ཆེ་བའི་ངག་འདོན་ཆེར་བྱེད་ཅིང་། བདག་རྟག་པ་དང་གནས་པར་འཛིན་པ་རྣམས། ལས་ཀྱི་དབང་གིས་གནས་དེར་སྐྱེས་ནས། ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེ་བར་གནས་སོ། །དེ་ལྟ་བུའི་དམྱལ་བའི་གྲངས་ཀྱང་དམྱལ་བ་འོད་ཀྱང་བསྟན་སར་ཟད་ཀྱི། རྩ་བའི་གཏོར་མའི་དོན་འདི་མ་ཉན་པས། བདག་ཉིད་ཀྱི་རུང་ན་གྲངས་བསམ་གྱིས་མི་ཁྱབ་པར་དམྱལ་བ་འབུམ་ཕྲག་སྙེད་འཁོད་པར་ཡོད་དོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མའི་དོན་མ་ཐོས་ཤིང་མ་རྟོགས་ན། སེམས་ཅན་དམྱལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཐམས་ཅད་གཏོར་མ་ཡིན་པའི་དོན་མི་ཤེས་ནས། གང་ཟག་སྐྱེ་བོར་སྐྱེས་ན། གཏོར་མ་མ་ཤེས་རྫས་སུ་བཟུང་བས། འཁྲུལ་པའི་དབང་གིམུ་ཆགས་པ་དང་། འཇུངས་པ་དང་། བརྐམ་པ་ལ་སོགས་པའི་ལས་སྤྱད་པ་དང་། གང་ཟག་ཆོས་ཀྱི་ཕྱོགས་སུ་འབྲངས་པ་ཡང་། སྙིང་རྗེ་ཆུང་བ་དང་། སེར་སྣ་ཆེ་བ་དང་། གཞན་ལ་ཡོད་པར་མི་དགའ་བ་དང་། གཞན་གྱིས་ཡོན་ཏན་ལོབས་པར་མི་དགའ་བ་དང་། གཞན་ལ་འཁོར་རྒྱས་འདེགས་པར་མི་དགའ་བ་རྣམས། ལས་ཀྱི་དབང་གིས་སེམས་ཅན་ཡི་དྭགས་ཀྱི་གནས་སུ་སྐྱེས་ཏེ། ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ལ་སོགས་པའི་གནས་སུ། བསྐལ་པ་སྟོང་ཕྲག་བརྒྱར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཡང་ཐམས་ཅད་གཏོར་མ་ཡིན་པའི་དོན་མངོན་པར་མ་ཤེས་པས། གང་ཟག་སྐྱེ་བོར་སྐྱེས་པ་ན། ཟས་ཐམས་ཅད་གཏོར་མའི་རྫས་མ་ཡིན་པར། སོ་སོ་གཏི་མུག་གིས་རང་རང་གི་འཚལ་མར་མཐོང་། གཏོར་མའི་ལྷ་ཐམས་ཅད་སེམས་ཅན་རང་གཟུགས་སོ་སོར་མཐོང་བ་དང་། གང་ཟག་ཆོས་ཀྱི་རྗེས་སུ་འབྲངས་པ་ཡིན་ན་ཡང་། གཏོར་མའི་རྒྱུད་འདི་མ་རྟོགས་པར་སྤྱད་པའི་ཐབས་ཀྱི་གཏོར་མ་དང་། གཏོར་མའི་རྒྱུད་འདི་མི་འཛིན་པ་དང་། རྒྱུད་འདི་མི་མཉན་པ་དང་། རྒྱུད་འདིའི་མིང་ཙམ་ཡང་ཆ་མེད་པ་རྣམས། བྱོལ་སོང་དུ་སྐྱེས་ཏེ། ཟས་ངན་པ་སྣ་ཚོགས་པ་ཟ་བ་དང་། ལས་ངན་པ་སྣ་ཚོགས་པ་བྱེད་པ་དང་།བསད་པ་དང་། སྒྱུར་བ་དང་། བཤའ་བ་དང་། གཞུར་བ་དང་། སྤྱད་པ་དང་། བཀོལ་བ་དང་། བརྡུང་བ་དང་། བདའ་བ་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་བའི་གནས་ན། བསྐལ་པ་ལྔ་བརྒྱར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ཡང་ཐམས་ཅད་གཏོར་མར་གནས་པའི་དོན་མ་རྟོགས་ནས། གང་ཟག་སྐྱེ་བོའི་སར་སྐྱེས་པ་ན། ཡུལ་དང་གནས་ལ་ཕྱོགས་རིས་སུ་འཛིན་པ་དང་། རྫས་དང་གཡོག་འཁོར་ལ་ཕྱོགས་དང་རིས་སུ་འཛིན་པ། གང་ཟག་ཆོས་སྦྱོད་པ་ན་ཡང་། ཆོས་ལ་ཕྱོགས་རིས་སུ་འཛིན་པ་དང་། ཡང་དག་པའི་དོན་མཁྱེན་པ་ལ་ཕྲག་དོག་ཏུ་འཛིན་པ་རྣམས་ལྷ་མ་ཡིན་གྱི་གནས་སུ་སྐྱེས་ནས། འཐབ་པ་དང་རྩོད་པའི་རྒྱུར་འགྱུར་རོ། །དེ་ནས་ཡང་གཏོར་མའི་རྫས་དང་གཏོར་མའི་སྣོད་དང་། གཏོར་མའི་ལྷ་ངོ་མ་ཤེས་པས་གཞན་དུ་བསོད་ནམས་ཀྱི་ཚོགས་གསོག་པ་ནི། ལྷ་ཞེས་བྱ་བའི་རིས་སུ་བཟུང་སྟེ་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་གནས་ཀྱང་གཏོར་མ་ལ་གནས། སྤྱོད་ཀྱང་གཏོར་མ་ལ་སྤྱོད། ཡིན་ཡང་གཏོར་མའི་ལྷ་ཡིན་པའི་དོན་མ་ཐོས་པ་དང་། མ་རིག་པ་དང་མི་གནས་ནས་རྫས་ལ་སྤྱད་དུ་ཕངས་པ་ནི། བཀྲེས་ཤིང་སྐོམ་པའི་གནས་སུལ་དང་། གྱེན་མི་འཛེག་པ་དང་མཐུར་མི་ཕེབ་པ་དང་། གཏོར་མའི་དོན་མ་རིག་པས། འོན་པ་དང་། དིག་པ་དང་། གཏོར་མའི་གནས་མ་འབྱོངས་པས། ན་བ་དང་། ཚ་བ་དང་། གཏོར་མའི་འབྲས་བུ་མ་ཤེས་པས། རྒས་པ་དང་། རྒུད་པ་དང་། གཏོར་མའི་ཆོས་ཉིད་མ་ཤེས་པས། སྐྱེ་བ་དང་། འཆི་བ་དང་། གཏོར་མའི་སྒྲིབ་པ་མ་དག་པས། ནད་དུ་མཛེ་དང་། ཤུ་བ་དང་། འབྲུམ་བུ་ལ་སོགས་པ་ནད་སྣ་ཚོགས་མྱོང་ནས། བསྐལ་པ་རེ་རེར་སྡུག་བསྔལ་བ་སྣ་ཚོགས་སྤྱོད་པའི་རྒྱུར་འགྱུར་རོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མའི་རང་བཞིན་མ་ཤེས་པས། འགྲོ་བ་སེམས་ཅན་སོ་སོར་སྐྱེ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞི་ཐམས་ཅད་གཏོར་མའི་སྣོད་ཡིན་པར་མ་ཤེས་པས། ལ་ལས་ཤལ་མ་རི་དང་། ཟངས་ཀྱི་ཁང་པ་དང་། མཚོན་ཆའི་ཆར་ལ་སོགས་པ་དང་། དམྱལ་བའི་སྤྱོད་པར་མཐོང་ངོ་ ལ་ལས་རྣག་ཁྲག་དང་། ཚེར་དོང་ལ་སོགས་པ་ཡི་དྭགས་ཀྱི་གནས་སུ་མཐོང་ངོ་། །ལ་ལས་གོང་ཡིན་པར་ངོ་མ་ཤེས་སོ། །ལ་ལས་ཚེར་དོང་དང་བྱ་སྐྱིབས་དང་། གྱེན་དང་མཐུར་དང་། ངམ་གྲོག་ལ་སོགས་པའི་གནས་སུ་མཐོང་ངོ་། །ལ་ལས་བརྒལ་ཞིང་བསད་པའི་གནས་སུ་མཐོང་ངོ་། །ལ་ལས་ཡིད་དུ་འོང་བའི་གནས་དང་། བསོད་ནམས་ཆེ་ཆུང་གི་གནས་སུ་འདུག་པར་མཐོང་ངོ་། །གཏོར་མའི་མཆོད་རྫས་ཀྱི་ལོངས་སྤྱོད་ངོ་མ་༄༅། ཁྲེས་པས། ལ་ལས་བདེ་བ། ལ་ལས་སྡུག་བསྔལ་དུ་མཐོང་ངོ་། །ལས་ལས་སྨན་ལ་ལས་དུག་ཏུ་མཐོང་ངོ་ ལ་ལས་ཟས་ལ་ལས་སྨན་དུ་མཐོང་ངོ་། །གཏོར་མའི་ལྷ་ངོ་མ་ཤེས་པས། ལ་ལའི་གཤེད་མ་ལ་ལ་ལའི་གྲོགས་མཐོང་ངོ་། །ལ་ལའི་དགྲ་ལ་ལ་ལས་གཉེན་དུ་བྱེད་པ་དང་། ལ་ལའི་གཉེན་ལ་ལ་ལས་དགྲར་བྱེད་པ་དང་། ལ་ལའི་སྐྱེན་ལ་ལ་ལས་ལེགས་པར་བྱེད་པ་དང་། ལ་ལའི་སྐྱོན་མ་རུངས་པ་ལ་ལ་ལས་འབྲས་བུར་བསྒྲུབ་པ་ལ་སོགས་པ། གནས་དང་ལོངས་སྤྱོད་དང་། འབྲས་བུ་མི་ཤེས་པར་དོན་གཉིས་ལོག་པར་གོལ་བ་དང་། སྐྱོན་ཉིད་ཡོན་ཏན་ཡིན་པར་མ་རྟོགས་པས་ལོག་པའི་ལས་ཀྱིས་སྣང་ངོ་། །གཏོར་རྒྱུད་ཆེན་པོ་ལས། འབྲས་བུ་ལོག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁ་ལོ་ཕྱིན་ཅི་ལོགས་སུ་བལྟ་བ་ལས། འཛིན་བྱེད་ཀྱི་ཞགས་པས་ཀྱང་མ་འཆུན་ནས། གོལ་བའི་ལམ་དུ་ཤོར་བ་ལ། ཐུགས་རྗེའི་ལྕགས་ཀྱུས་ཀྱང་མ་ཟིན། གཏི་མུག་གི་མུན་པ་ལ་ཡེ་ཤེས་ཀྱི་སྣང་བས་ཀྱང་མ་གསལ། ཞེ་སྡང་གི་ཕྲག་ཆེན་ལ། རྫུ་འཔྲུལ་གཟོང་གིས་ཀྱང་མ་ཆོད། འདོད་ཆགས་བ་མོ་ལ། ཐུགས་རྗེའི་ཉི་མས་ཀྱང་མ་ཞུ། ང་རྒྱལ་གྱི་ཀོ་ཁེངས་ལ། ཞི་བའི་ཏིལ་མར་གྱིས་ཀྱང་མ་ཐུལ། ཕྲག་དོག་གི་རླུང་ནག་འཚུབས་མ་ལ། མཐུ་སྟོབས་ཀྱི་དཔའ་བརྟན་གྱིས་མ་ཁེབས་ནས། ཤིན་ཏུ་གོལ་ཏོ། །ཤིན་ཏུ་སྡུག་བསྔལ་ལོ། །ཤིན་ཏུ་ཉོན་མོངས་སོ། །ཤིན་ཏུ་གཏོར་མའི་བཀའ་ནུབ་པར་གྱུར་ཏོ། །དེ་ལྟ་བུའི་གནས་ན། རྫས་འོ་ག་པ་དང་། ཆོས་བལྟ་བ་ལ་འོ་ག་པ་དང་། ཆོས་ཉིད་འོ་ག་པ་དང་། འབྲས་བུ་འོ་ག་པ་དང་། ལམ་འོ་ག་པ་ཤ་སྟག་མང་བར་འགྱུར་རོ། །གཏོར་རྒྱུད་ཆེན་པོ་ལས། ཉོན་མོངས་པ་མཐུ་བརྟས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་སྟུག་པོས་བརྒྱན་པའི་ཞིང་ཁམས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། རྟག་བརའ ་དཔྱད། ངན་སོང་གི་རྒྱུར་གྱུར་ཏེ་ལ་ལས་ནི་ཚ་གྲང་གི་སྡུག་བསྔལ། སྤྱོད་པ་གཅིག་མཛད་པ་ལས། ཡིད་དང་དབང་པོས་བསྡུས་པ་ཐམས་ཅད། ཆོས་ཉིད་བརྟན་པ་ནི་རྫས་སུ་གོལ། གཏོར་མའི་རིགས་ཐམས་ཅད་འཇིགས་པའི་ལམ་དུ་སྨིན། གཏོར་མའི་སྣོད་ཐམས་ཅད་ངན་སོང་གི་རྒྱུར་གྱུར་ཏེ། ལ་ལ་ནི་ཚ་གྲང་གི་སྡུག་བསྔལ་གྱི་དབྱེན་སྦྱོན་ཞིང་ཚ་སྟེ་སྡུག་བསྔལ་བར་གཟིགས་སོ། །ལ་ལ་བཀྲེས་ཤིང་སྐོམ་པར་གཟིགས་སོ། །ལ་ལ་སྤྱད་ཅིང་བཀོལ་ཏེ་སྡུག་བསྔལ་བར་གཟིགས་སོ། །ལ་ལ་གསུམ་དང་བརྒྱད་ཀྱིས་སྡུག་བསྔལ་བར་གཟིགས་སོ། །ལ་ལ་འཐབ་པ་དང་རྩོད་པས་སྡུག་བསྔལ་བར་གནས་པར་གཟིགས་སོ། །ལ་ལ་འཆི་བ་དང་འཕོ་བ་དང་ལྟུང་བའི་སྡུག་བསྔལ་བར་གཟིགས་སོ། །གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ན། གཏོར་མའི་ལས་བོར་ནས་རྟོག་པའི་ལས་ཀྱིས། ལ་ལ་ནི་སྙིང་རྗེ་བྲལ་ཏེ་གཅིག་གིས་གཅིག་འཇིགས་པ་དང་། ལ་ལ་ནི་གཅིག་གིས་གཅིག་སྙིང་རྗེ་དང་བྲལ་ཏེ་དེད་པ་དང་། ལ་ལ་ནི་སྙིང་རྗེ་དང་བྲལ་ཏེ་གཅིག་གིས་གཅིག་གསོད་པ་དང་། ལ་ལ་སྙིང་རྗེ་དང་བྲལ་ཏེ་གཅིག་གི་གཅིག་ཟ་བ་དང།ལ་ལ་གཏི་མུག་རྨོངས་པའི་དབང་དུ་བྱས་ནས། ཡང་དག་པའི་སྒོ་འགོག་ཤིང་། ལོག་པའི་ལམ་དུ་ཁྲིད་པ་དང་། ལ་ལ་འདོད་ཆགས་ཞེན་པའི་དབང་དུ་བྱས་ནས། སེམས་ཅན་བསད་པའི་ཤ་ཟ་ཞིང་ཁྲག་འཐུང་བ་དང་། ལ་ལ་ང་རྒྱལ་དྲེགས་པའི་དབང་གིས། ཞེ་སྡང་ཆེན་པོའི་ལུས་བླངས་པ་དང་། མགོ་གཅིག་ལ་ལུས་མང་པོར་སྤྲུལ་ནས་འཁོར་མ་མོ་དང་མཁའ་འགྲོ་དང་། ཤ་ཟ་ལ་སོགས་ངས་བསྐོར་ནས་རབ་ཏུ་དྲེགས་པའི་བརྟུལ་ཞུགས་ཀྱིས། སངས་རྒྱས་ཀྱི་བཀའ་ལ་རྒྱབ་ཀྱིས་ཕྱོགས་ནས་དམྱལ་བའི་སྲིན་པོའི་སྤྱོད་པ་དང་། སྣང་སྣང་ནི་སྒྲོལ། རྙེད་རྙེད་ནི་ཟ། ཕྲད་ཕྲད་ནི་སྦྱོར་ཞིང་ངའི་གོང་ན་སུ་ཡང་མེད་དོ་ཞེས་འདུ་ཤེས་སྐྱེ་བར་བྱེད་པ་རྣམས་གཟིགས་པས། རྡོ་རྗེ་སེམས་དཔའ་ཤིན་ཏུ་སྔངས་ཤིང་ཤིན་ཏུ་ཡང་བརྒྱལ་ཏེ་འགྱེལ་ཏོ། །ང་ལ་མགོན་མེད་དོ། །ང་ལ་སྐྱབས་མེད་དོ། །ང་ལ་དཔུང་གཉེན་མེད་དོ་ཞེས་དམོད་དུ་བོར་ནས་བརྒྱལ་ལོ། །དེ་ལྟར་བརྒྱལ་སངས་པ་དང་རིགས་ལྔའི་སངས་རྒྱས་རྣམས་ཀྱང་སྟུག་པོས་བརྒྱན་པར་འདུས་སོ། །རྡོ་རྗེ་སེམས་དཔའ་བརྒྱལ་སངས་པ་དང་། རིགས་ལྔའི་སངས་རྒྱས་རྣམས་དྲུང་ན་འཁོད་པ་མཐོང་ནས།རིགས་ལྔའི་སངས་རྒྱས་རྣམས་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་གཏོར་མའི་སྣོད་དང་། གཏོར་མའི་རྫས་དང་། གཏོར་མའི་ལྷ་ཡིན་ན་ལོག་པར་གོ་བ་མཐོང་ངམ་ཞེས་བཀའ་སྩལ་པས། རིགས་ལྔའི་སངས་རྒྱས་རྣམས་ཀྱིས་གསོལ་པ། རྡོ་རྗེ་སེམས་དཔའ་ཆེན་པོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་དྲག་པོའི་གཏོར་མས་འདུལ་བའི་དུས་ལ་བབས་སོ་ཞེས་གསོལ་པས། རྡོ་རྗེ་སེམས་དཔའ་གཏོར་མ་ལ་ཁ་ལོ་ཕྱིན་ཅི་ལོག་ཏུ་སྣང་བ་རྣམས་ལ། ཐུགས་རབ་ཏུ་ཁྲོས་སྐུ་རབ་ཏུ་ཚིགས་ནས། ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་སོགས་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་བཞི་ཆོས་ཀྱི་སྐུ་ལས་བཞེངས་སུ་གསོལ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་གཟིགས་པ་ལས། ཐམས་ཅད་གཏོར་མའི་རང་བཞིན་དུ་ལྷུན་གྱིས་གྲུབ་ཏེ་བཞུགས་པ་ལ། དེ་ལ་གཏོར་མར་མི་རྟོག་མི་འཛིན་པར་ཕྱིན་ཅི་ལོག་ཏུ་རྟོག་ཅིང་འཛིན་པས། རིགས་གཅིག་པའི་སངས་རྒྱས་ཀྱི་གཏོར་མ་ལས། འགྲོ་བ་མང་པོ་སྡུག་བསྔལ་ཐ་དད་པར་སྣང་བ་གཟིགས་ནས། ཡེ་ཤེས་ཀྱི་ཧེ་རུ་ཀ་རྣམས་སྐུ་རབ་ཏུ་ཁྲོས། ཐུགས་རབ་ཏུ་འཚིགས་ནས། དབུ་དགུ་པ་དང་། དབུ་ཉི་ཤུ་རྩ་གཅིག་པ་དང་། དབུ་གསུམ་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅོ་བརྒྱད་པ་དང་། ཕྱག་བཞི་བཅུ་རྩ་གཉིས་པ་དང་། ཞབས་བཞི་པ་དང་། ཞབས་བརྒྱད་པ་དང་། འབར་བའི་ཆ་ལུགས་སུ་མཐོང་ནས་ཞལ་ནས་ཀྱང་། ཨོ་ཤི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧུ༷། ལྷུརྒྱ་ཤི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧུ༷། རསྒ་ཤི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧུ༷། བི་ཤྭ་ཤི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧུ༷། ཞེས་སྒྲ་བརྗོད་ཅིང་གནས་སོ། །དེ་ནས་རྡོ་རྗེ་སེམས་དཔས་ཀུན་ཏུ་བཟང་མོའི་བྷ་ག་ཡུམ་གྱི་མཁའ་ལས་ཕྱོགས་བཞིར་འབར་བའི་གཟུགས་བལྟས་ནས། ཧུ༷་ཧུ༷་ཞེས་བརྡའ་ཞིག་མཛད་པས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཡུམ་གྱི་མཁའ་ལ་གནས་གཅིག་ཏུ་ཚོགས་ནས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་གཟིགས་པ་དང་། ཡང་གོང་མ་ལྟར་གཟིགས་པས། ཁྲོ་ཞིང་འཚིགས་པར་གྱུར་པར་སྟུག་པོས་བརྒྱན་པའི་ཞིང་ཁམས་སུ་བདེ་བར་གཤེགས་པ་ཐམས་ཅད་གདན་འཛོམ་བཀའ་བགྲོས་ནས། ཞི་བ་དང་བྱམས་པའི་ཏིང་ངེ་འཛིན་གྱིས་ཐུལ་བ་མི་འདྲ་བས། དྲག་པོའི་ལས་ཀྱིས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རི་རབ་རྩེར་དཔལ་རྟ་མགྲིན་སོ་ལ་བཏང་སྟེ། དཔལ་རྟ་མགྲིན་གྱིས་ས་བླུངས་ལེན་གྱིས་བལྟས་པས། ཕྱིན་ཅི་ལོག་གི་མཐུ་བརྟས་པ། ལ་ལ་ཉོན་མོངས་པའི་གནས་ན་ཁ་ལོ་ཕྱིན་ཅི་ལོག་གི་དབང་བགྱིས། ལ་ལ་དྲེགས་པ་ཆེན་པོའི་གཟུགས་དང་ཆ་བྱད་དུ་སྤྲུལ་ནས། དུས་གསུམ་གྱི་དབང་གིས་ཤ་ཁྲག་ཟ་ཞིང་། ཉོན་མོངས་པའི་ལས་ཞེ་སྡང་དྲག་པོས་རྭ་ཏྲ་ཉིད་དུ་གྱུར་ནས། ལུས་ཆེ་ལ་ཡན་ལག་རགས་པའི་འཕྲས་ཀྱང་། ཤ་ཟ་དང་། མཁའ་འགྲོ་དང་། མ་མོ་དང་། དབང་ཕྱུག་མས་བསྐོར་ནས།ཤིན་ཏུ་གདུལ་དཀའ་བར་གཟིགས་པས། སླར་ལོག་པ་དང་། བཅོམ་ལྡན་འདས་ཀྱིས་ཧུ༷་ཞེས་བཅོ་བརྒྱད་ཀྱི་འགྱུར་བཞེངས་ནས། རིགས་ལྔ་ལ་སོགས་པ་ཡབཡུམ་གནས་བསྒྱུར། ཧེ་རུ་ཀ་ཡབ་ཡུམ་བཅོ་བརྒྱད་དུ་བསྒྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱིས་ལྷག་གིས་ཁེངས་ནས། གཏར་ཚན་རྩི་སྦུར་ལ་རེག་པ་བཞིན་དུ་དུ་ཏྲ་དང་དྲེགས་པ་ཅན་ཐམས་ཅད་རེག་པ་ཙམ་གྱིས་བསྒྲལ་ནས། འབྱུང་བ་ཡུམ་གྱི་གཏོར་གཞོང་དུ། དུར་ཁྲོད་འབར་བའི་གཏོར་མ་གཅལ་བཀྲམ་ནས། ཉོན་མོངས་པ་ཟད་པར་མཛད་པའི་སྐུ་ཐམས་ཅད་གཉིས་སུ་མེད་པའི། ཆོས་ཉིད་ཀྱི་ལོངས་སྤྱོད་བདེ་བ་ཆེན་པོའི་ངང་དུ་མཛད་དེ།ཆོས་ཉིད་བྷན་དྷའི་སྣོད་དུ་འདོད་ཆགས་ཟད་པར་མཛད་པའི་ཕྱིར། རཀྟའི་དུང་ཁྲག་ལྒབྲུག་ཅིང་གསོལ། གཞན་ཡང་ཆོས་ཉིད་ཀྱི་ལོངས་སྤྱོད་ལ་ལས་ཤ་ལ་རོལ། ལ་ལས་རུས་ལ་རོལ། ལ་ལས་ཁྲག་ལ་རོལ། ལལས་ཙིསྟ་ལ་རོལ། ལ་ལས་བ་སུ་ཏ་ལ་རོལ། ལ་ལས་དབང་པོ་ལྔ་ལ་རོལ། ཆོས་ཉིད་ཀྱི་རྒྱན་དུ་བྱས། ཉོན་མོངས་པ་དཔའ་རྟགས་སུ་ཁྱེར། ལ་ལས་ཞིང་གི་གདན་དཔའ་རྟགས་སུ་ཁྱེར། ལ་ལས་ཞིང་གི་གཡང་གཞི། ལ་ལས་ཐོད་པའི་འཔྲེང་བ། ལ་ལས་ཁྲག་གི་ཐིག་ལེ། ལ་ལས་ཞག་གི་ཟོ་རིས། ལ་ལས་ཐལ་བའི་མཚན་མ་རྟགས་སུ་ཁྱེར་རོ། །ལ་ལས་ཉོན་མོངས་པའི་ཕྱག་ཆ་རང་ལ་བསྐོར་ཏེ། རལ་གྲི་དང་། དགྲ་སྟ་དང་། ཐང་གཤོལ་དང་། ཁ་ཊ༷་ག་ལ་སོགས་པ་ཡང་དཔའ་རྟགས་སུ་ཁྱེར་རོ། །ལ་ལས་ཉོན་མོངས་པ་ལས་རྒྱལ་བ་དཔའ་རྟགས་སུ་ཁྱེར་ཏེ། ཁྱུང་གི་གཤོག་པ་དང་། སྦྲུལ་གྱི་ཆུན་པོ་དང་། གླང་པོ་ཆེའི་ཀོ་བ་རློན་པ་དང་། སྟག་གི་ཤམ་ཐབས་ལ་སོགས་པ་དཔའ་རྟགས་སུ་ཁྱེར་ནས། ཁམས་གསུམ་ཐིག་ལེ་ཆེན་པོས་བཏབ། དམྱལ་བ་དོང་སྤྲུགས་ནས། རྒྱལ་བའི་དཀྱིལ་འཁོར་བྱིན་དབབ་པས། ཉོན་མོངས་པ་རང་རྒྱུད་དུ་དག །དུག་བདུད་རྩིར་བསྒྱུར། དུ་ཏྲ་རྫས་ཀྱི་གཏོར་མར་ལོངས་སྤྱོད་པས། དེ་ནི་བདུད་བཅོམ་བགེགས་བསད་པའི་གཏོར་མའོ། །གཏོར་རྒྱུད་ཆེན་པོ་ལས། བདུད་དུ་ཏྲ་བཏུལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འབྲས་བུ་བསྒྲལ་ཀྱང་ས་བོན་གྱི་རྩ་བ་མ་ཆོད། དུ་ཏྲ་བསྒྲལ་ཀྱང་ངན་སོང་གི་སྡུག་བསྔལ་མ་ཆོད་དེ། ཉོན་མོངས་པའི་སྐྱེ་བོ་དང་། སྔགས་ལོག་པར་སྤྱོད་པ་རང་རྒྱུད་དུ་གནས་པས། ད་ནི་ཁྲོ་མོས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། འཁོར་ཉེ་བའི་སྲས་བརྒྱད་གོ་རྡི་ཁྲོ་མོ་བརྒྱད་དུ་སྤྲུལ། སེམས་མ་བརྒྱད་ནི་ཕྲ་མེན་ཆེན་མོ་བརྒྱད་དུ་བསྒྱུར། ཐུབ་པ་དྲུག་དང་ཡིད་དང་ཆོས་ནི་སྤོར་བྱེད་ཆེན་མོ་བརྒྱད་དུ་བསྒྱུར། རྒྱུའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི། མཁའ་འགྲོ་སུམ་ཅུ་རྩ་གཉིས་སུ་བསྒྱུར། སྒོ་བ་རང་ལོག་ཏུ་བསྒྱུར་ནས་དཀྱིལ་འཁོར་དུ་འཁོད་པ་དང་། ཆོ་འབྲུལ་ཕྲིན་ལས་མཛད་པ་དང་། ཆོས་བསྟན་པ་དང་། ཞི་བས་མི་འདུལ་བ་ཡང་དྲག་པོའི་ཕྲིན་ལས་མཛད་ནས། རིགས་ངེས་པའི་སྲས་དང་ཐབས་ཅིག་པ་གཉིས་སུ་མེད་པའི་དེ་རྣམས་ཀྱང་། གཏོར་མའི་རང་བཞིན་དུ་བསྒྱུར་ཞིང་ཕྲིན་ལས་མཛད་དོ། །དེ་ནས་ཁ་ལོ་ཕྱིན་ཅི་ལོག་ཏུ་བལྟས་པས་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་བ། བསོད་ནམས་ཀྱི་སྐལ་པ་ཆུང་བ་རྣམས་ལ། ཐུགས་རྗེ་སྤྲུལ་པའི་འཁོར་ལྷ་ཆེན་པོ་དང་། ཀླུ་ཆེན་པོ་དང་། གཟའ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་དང་། རྒྱུ་སྐར་ལ་སོགས་པ་དང་། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། གིང་ཆེན་བཅོ་བརྒྱད་དང་། མ་བདུན་སྲིང་བཞི་ལ་སྤྲུལ་ནས། དེ་ཡང་ལས་ངན་པའི་འཕྲོ་གཅོད་ཅིང་། གཏོར་མའི་ཕྲིན་ལས་མཛད་དོ། །དེ་བས་ཀྱང་དམ་ཚིག་ཉམས་པར་གྱུར་པ་རྣམས་ལ་ནི། ཡང་སྤྲུལ་ཆེན་པོ་མཁའ་འགྲོ་འབུམ་སྡེར་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ཡུལ་དང་། གནས་དང་། རི་དང་། ནགས་དང་། མཚོ་དང་། གཡའ་རི་དང་། གངས་རྒྱུད་ལ་འཁོད་ནས། དེས་ཀྱང་གཏོར་མའི་ཕྲིན་ལས་སུ་འབུལ་བར་མཛད་ནས། ལས་ངན་པའི་དབང་གིས་དྲེགས་པར་མཛད་དོ། །གཏོར་རྒྱུད་ཆེན་པོ་ལས། དྲག་པོའི་གཏོར་མའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས། འབྱུང་བ་ལྔ་དང་སྣོད་ཐམས་ཅད་གཏོར་མའི་སྣོད། དངོས་༄༅ པོ་ཐམས་ཅད་གཏོར་མའི་རྫས། རྣམ་པར་ཤེས་པ་དང་། ཕུང་པོས་བསྡུས་པ་ཐམས་ཅད་གཏོར་མའི་མགྲོན། དུག་གསུམ་དང་ཉོན་མོངས་པ་ཐམས་ཅད་གཏོར་མའི་རྩ་བ། བདུད་དང་དུ་ཏྲ་དང་དྲེགས་པ་ཐམས་ཅད་གཏོར་མའི་རྒྱུ། རྒྱུད་དྲུག་ལམ་གྱིས་བསྡུས་པ་ཐམས་ཅད་གཏོར་མའི་ལོངས་སྤྱོད། ཁ་ལོ་ཕྱིན་ཅི་ལོག་གི་ངན་སོང་གི་སྡུག་བསྔལ་ཐམས་ཅད་གཏོར་མའི་ཕྲིན་ལས། དེ་ཉིད་གཏོར་མར་རྟོགས་པ་ཐམས་ཅད་དངོས་གྲུབ་སྟེ། འདི་ལྟར་རིག་པའི་དཀྱིལ་འཁོར་དང་། འདི་ལྟར་རྟོགས་པའི་རྣལ་འབྱོར་པ། ཕྱིས་གྲངས་ཀྱིས་འབྱུང་བ་དང་། འདི་ལྟ་བུའི་རྒྱུད་མཐར་གནས་པའི་དེའི་དོན་མཁྱེན་པས་གཏོར་རྒྱུད་འདི་ལྟ་བུ་འབྱུང་བ་ཡིན་པས། རྡོ་རྗེ་སེམས་དཔའི་ཐུགས་ཆབ་ཕོག་པར་འགྱུར་རོ། །གཏོར་རྒྱུད་ཆེན་པོ་ལས། རྡོ་རྗེ་སེམས་དཔས་ཐུགས་ཆབ་ཕོག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀུན་ཏུ་བཟང་པོ་བླ་ན་མེད་པའི་ཧེ་རུ་ཀའི་སྐུ་ལས། གསུངཡིག་འབྲུ་འདི་དག་བྱུང་ངོ་། །ཧུ༷་ཧུ༷་ཧུ༷། ཧྲུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷། ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧྭ༷། ཧ་ཧ་ཧཧཧ་ཧ་ཧཧ། ཧེཧེ་ཧེཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་།ཕཊ་ཕཊ་ཕཊ་ཕཊ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོསྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། ར་ར་ར། ལི་ལི་ལི་བཅུ་དྲུག །ཛ་ཛ་ཛ་སུམ་བརྒྱ་དྲུག་ཅུ། མ་མ་མ་བདུན། མི་མི་མི་བདུན། ཨ་ཧ་ཨ་ཧ་བཅུ་དྲུག །རུ་ལུ་རུ་ལུ་སྨྱོ་ལ་སོགས་པ་སྐུ་ལས་ཐོན་ནས། ཡེ་ཤེས་ལྔར་བྱིན་གྱིས་བརླབས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་རབ་ཏུ་གཡོས། འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ་པར་གྱུར་ནས། ཐམས་ཅད་མགྲིན་གཅིག་ཏུ་བདེ་བའི་ཚོགས་མནོས། དམ་བཅས་ནས་དཀྱིལ་འཁོར་གྱི་གདན་དུ་བཏིང་ངོ་། །དེ་ནས་གསུང་ཡིག་འབྲུའི་དཀྱིལ་འཁོར་ལ། ཡེ་ཤེས་ཆེན་པོའི་ཁྱད་པར་ཉིད་ལས་མི་གཞན་པའི་འཁོར་དང་། འགྲོ་བ་འདུལ་བའི་འཁོར་དང་། ཐུགས་རྗེ་སྤྲུལ་པའི་འཁོར་ལ་སོགས་པ་ཐམས་ཅད་མ་སྐྱེས་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་མཐོང་བས། ཇི་ལྟར་སྣང་བ་ཐམས་ཅད་ཚིག་གིས་མ་བསྡུས་པ་གང་ཡང་མེད་པ་ལ། ཚིག་ཐམས་ཅད་ཡི་གེས་མ་བསྡུས་པ་གང་ཡང་མེད་པས། འོ་ན་ཡི་གེའི་རང་བཞིན་ནི། སངས་མ་རྒྱས་པ་གང་ཡང་མེད་པས། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སངས་མ་རྒྱས་པ་གང་ཡང་མེད་པས། ཀུན་གཞི་ཡུལ་གྱི་རྣམ་པ་ལ་སྣང་ངོ་། །གཟུགས་དང་ཕུང་པོས་བསྡུས་པ་ཐམས་ཅད་ཁ་དོག་དང་དབྱིབས་སུ་མི་སྣང་བ་གང་ཡང་མེད་ལ། ཁ་དོག་དང་དབྱིབས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་སངས་མ་རྒྱས་པ་གང་ཡང་མེད་པས། རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་སངས་མ་རྒྱས་པ་གང་ཡང་མེད་པར་དབང་པོ་སེམས་ཀྱི་རྣམ་པ་ལ་སྣང་ངོ་། །དེ་ལྟར་ཡུལ་དང་དབང་པོ་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་༄༅ ལས། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་སྟེ། སྐུ་གསུང་ཐུགས་ཕྱག་རྒྱའི་འཁོར་དུ་ལྷུན་གྱིས་གྲུབ་སྟེ། སངས་མ་རྒྱས་པ་གང་ཡང་མེད་དོ། །གཏོར་རྒྱུད་ཆེན་པོ་ལས། གསུང་ཡིག་འབྲུའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་ཀུན་ཏུ་བཟང་པོ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་ནས། དྲག་པོའི་གཏོར་མ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་དྲག་པོའི་གཏོར་མ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་འདི་ཡིད་ལ་ཟུང་ཞིག ལག་པ་སོར་མོ་བསྣོལ་ལ་མཛུབ་མོ་མཐེ་བོང་ལ་གཏུགས།མཐེ་བོང་གཉིས་ཕྱིར་བསྒྲེངས་ལ། ཨོ་བཛྲ་པདྨ་བྷསྡོ་ལ། བ་ལིང་ཏ་བི་ཤྭ་ཙཀྲ་རྒྱུ༷། ཞེས་བརྗོད་པ་འདི་ནི་གཏོར་མའི་སྣོད་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཡང་ལག་པ་ཁུ་ཚུར་བཅངས་ལམཆེ་བའི་ཕྱག་རྒྱ་བཅས་ལ། ཨོ་མ་ཧྭ་སྨྲིག་ཏ་ཛུ་ལ་བ་ལི༷་ཏ་མཎྜ་ལ་ཁུ་ཧི། ཞེས་རྦེརྗོད་པ་ནི། ཤའི་གཏོར་མར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཡང་ལག་པ་ཐལ་མོ་སྦྱར་བ་ལས། རཀྟ་སྒྲེངས་པའི་ཚུལ་བྱས་ལ་གཏོར་མ་ལག་ཏུ་གསལ། མ་ཧྭ་རཀྟ་ཛ་ལ་མཎྜ་ལ་ཁ་ར༷་ཁུ་ཧི། བ་ལིང་ཏ་ཞེས་པ་ཁྲག་གི་གཏོར་མ་སྣ་ཚོགས་པར་བྱིན་གྱིས་རླབས་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཡང་ལག་པ་སོ་སོའི་ཕྲེང་བ་བཅས་ལ། མ་ཧྭ་ཀེ་ནི་རི་ཏི་ཛ་ལ་མཎྜ་ལ་ཁུ་ཧི་བ་ལིང་ཏ་ཅེས་བརྗོད་པ་ནི། རུས་པའི་གཏོར་མར་བྱིན་གྱིས་བརླབས་པའི་སྔགས་ད༷ང་ཕྱག་རྒྱའོ། །དེ་ནས་ཡང་ལག་པ་ཐལ་མོ་སྦྱར་ལ་སྙིང་གར་གཏུགས། དེ་ནས་ཐོད་ཕྲེང་གི་ཕྱག་རྒྱ་བཅས་ལ་ལུས་བསྐོར། དེ་ནས་ལག་པ་རིན་པོ་ཆེ་འབར་བཞིན་དུ་བྱས་ལ་གཏོར་མའི་རྫས་ལ་གཏུགས་ལ། ཨཱོཾ་ཀ་བཱ་ལ་བྷ་སུ་ཏ་རི་ལ་གྲོད་ཁྲོད་དེ། སྨྱོ་སྨྱོ་རུ་ལུ་རུ་ལུ་ཧུ༷། བ་ལིང་ཏ་མཎྜ་ལ་ཧུ༷། ཞེས་བརྗོད་པ་ནི། རྨད་དུ་བྱུང་བའི་གཏོར་མར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་གཏོར་མའི་རྒྱུད་ལག་པའི་མཐེ་བོང་གིས། མཐེའུ་ཆུང་ལག་མཐིལ་དུ་བཀུག་ལ། སོ༷ར་མོ་གསུམ་གཤིབས་ཏེ་བསྒྲེངས་ལ། ཨོ་ཤག་ཏི་དུམ་བུ་མ་ཧྭ་ཛ་ལ་བྷ་ལིང་ཏ་མཎྜལ་ཁུ་རམ་ཁུ་ཧི་ཞེས་བརྗོད་པ་ནི། གཏོར་མ་སྦྱོང་བའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཡང་ལག་པ་ཐལ་མོ་མཉམ་པར་སྦྱར་ལ། ཨཱོཾ་ཨུ༷༷ཧུ༷་སྲུ་ཧྭ།མུ༷་ལ༷་བཱ༷་བཱ༷་ཏུ༷། སུ་ར་ཏི་ཞེས་བརྗོད་པས། གཏོར་མའི་གཟུགས་ལྷ་དང་ལྷ་མོའི་དཀྱིལ་འཁོར་གཉིས་སུ་མེད་པའི་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། དེ་ནས་ཡང་ལག་པ་གཟུགས་ཀྱི་མེ་ལོང་འཛིན་པ་དང་། སྒྲའི་པི་ཝ༷་ཐོགས་པ་དང་། དྲིའི་སྤོས་ཀྱི་ཕྱག་རྒྱ་དང་། རོའི་་ད་ཀྱི་ཕྱག་རྒྱ་དང་། རེག་གི་ན་བཟའི་ཕྱག་རྒྱ་དང་། ཆོས་ཀྱི་མཉམ་པའི་ཕྱག་རྒྱ་དང་། དེ་བྱི་མོ་ཧ་ར་ཏི་ལ་སོགས་པ་བརྗོད་པ་ནི།གཏོར་མ་འདོད་པའི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་པའི་ཕྱག་རྒྱའོ། དེ་ནས་ལག་པ་གཡས་པས་དཀྲུག་པའི་ཚུལ་དུ་བྱས་ལ། གཡོན་པས་ཐུགས་ཀར་སྣོད་འཛིན་པའི་ཚུལ་དུ་བྱས་པ་ནི། ཧེ་རུ་ཀ་སྤྱིའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་པས་དུང་ཆེན་པོ་སྟོབ་པ་ལ། གཡས་པས་དཀྲུག་པའི་ཚུལ་དུ་བྱས་པ་ནི། ཡུམ་རྣམས་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་པས་འཛིན་པ་ལྟར་བྱས་ལ།གཡས་པས་ཟ་བ་ལྷར་བྱས་པ་ནི། ཁྲོ་མོ་བརྒྱད་ཀྱི་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་པས་གནོན་པ་ལྷར་བྱས་ལ། གཡས་པས་རྔམ་པའི་ཚུལ་གྱིས་འབྲུ་ཚུགས་སུ་བལྟ་བ་ནི། ཕྲ་མེན་བརྒྱད་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡས་འཐོར་ཐབས་སུ་བྱས་པ་ལ། གཡོན་པས་འདེགས་པ་ལྟར་བྱས་ནས་བསྟན་པའི་ཚུལ་དུ་གནས་པ་ནི། སྒོ་བ་བཞི་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡས་པས་གནོན་པ་ལྟར་བྱས་ལ། གཡོན་པ་འདེགས་པ་ལྟར་བྱས་པ་ནི། སྤོར་བྱེད་མ་བརྒྱད་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡས་པ་རང་རྟགས་ཀྱི་ཕྱག་རྒྱ་འཕྱར་བ་ལྟར་བྱས་ལ། གཡོན་པ་ཁྲག་འཐུང་བའི་ཚུལ་དུ་བྱས་པ་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སྤྱིའི་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་བསྣོལ་ལ་ཁ་སྦུབ་ལ། མཐེའུ་ཆུང་གཉིས་འཁྱུད་ལ་སོར་མོ་ཕྱི་མ་བརྐྱང་ལ་སྣོད་ལ་ག་ས་ལ། ཨོ་བཛྲ་ཨུ་རསླི། ཨེ་ཨུ་རསྨི། ས་མ་ཡ་ཨུ་རསླི། ཞེས་བརྗོད་པ་ནི།མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་ཕྱག་རྒྱའོ། །དེ་ནས་ལག་པ་གཉིས་སྙིང་ག་གཡས་གཡོན་དུ་བཟུང་ལ། མཆོང་ཞིང་རྒྱུག་པའི་ཚུལ་དུ་བྱས་ལ། ཨཱོཾ༷༷་བཛྲ་ཧ་ལ་ཧ་ལ་བྷ་ན་བྷ་ན་ཨ༷་ཀུ་ཤ་ཛ༷༷ཞེས་བརྗོད་པ་ནི། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྤྱིའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ལག་པ་གཡས་པ་མི་གཡོ་བའི་ཚུལ་དུ་བྱས་ལ། གཡོན་པ་སྙིང་འབྱིན་པའི་ཚུལ་དུ་བྱས་ལ། ཨཱོཾ་མ༷་མ༷་བཛྲ་མ་སྨྱོ། མ་མ་དུན་ཏིང་སྨྱོ། ཞེས་བརྗོད་པ་ནི། མ་མོ་སྤྱིའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་པ་ཕྱར་ལ། སོར་མོ་གཞན་བཀུག་སྲིན་ལག་བསྒྲེངས་ལ། ཨོ་ཏི་པ་ཨ་ག་དད་དོ་ལ་དུ་ན་ཏི་ན་མ་སྨྱོ། ཞེས་བརྗོད་པ་ནི། སྲིད་བཞི་སྤྱིའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ལག་པ་གཡོན་པ་ལྕགས་ཀྱུ་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་འཇམ་དཔལ་ཐོགས་པའི་ཚུལ་དུ་བྱས། ཨོ་བཛྲ་ཀརྟ་རི་ཤ་ཧུ༷། ཞེས་བརྗོད་པ་ནི། གིང་བཅོ་བརྒྱད་ཀྱི་སྔགས་དང་ཕྱག་རྒྱའོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་གཏོར་རྒྱུད་ཆེན་པོ་འདི། ཕྲིན་ལས་དར་ཞིང་རྒྱས་པ་ལ་སོགས་པ་འགྲོ་བ་ལ་རྒྱས་པར་སྟོན་ཅིག་ཅེས་བཀའ་སྩལ་ཏོ། །དབང་བསྐུར་ནས་གསང་སྔགས་ཀྱི་ལུང་ སྟོན་པར་ཁས་ལེན་པའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཕྲིན་ལས་ཀྱི་གཏོར་མ་འདི་རིམ་པར་ཕྱེ་སྟེ་བཤད་པའོ། །དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན། ཁ་དོག་རྣམ་པ་ལྔ་ཞིག་ཡོད་དོ། །གཟུགས་ལྔ་ཞིག་ཡོད་དོ། །སྐུ་རྣམ་པ་ལྔ་ཞིག་ཡོད་དོ། །ཡེ་ཤེས་ལྔ་ཞིག་ཤར་རོ། །དེ་ལ་ཁ་དོག་དཀར་པོར་སྣང་བ་ཐམས་ཅད་ཞི་བའི་གཏོར་མའོ། །དེ་བཞིན་དུ་ཁ་དོག་སེར་པོར་སྣང་བ་རྒྱས་པའོ། །ཁ་དོག་དམར་པོ་དབང་། ཁ་དོག་མཐིང་ག་དྲག་པོ། ཁ་དོག་ལྗང་གུ་ལས་ཀུན་གྲུབ་པའི་ཕྲིན་ལས་སོ། །གཟུགས་ཟླུམ་པོ་ཞི་བའི་གཟུགས་སོ། །གྲུ་བཞི་རྒྱས་པའོ། །ཟླ་གམ་དབང་། ཟུར་གསུམ་དྲག་པོའོ། །དབྱིབས་ཐ་དད་པ་ལས་ཀུན་གྲུབ་པའི་གཟུགས་སོ། །དེ་བས་ན་སྣོད་བཅུད་གཏོར་མའི་རང་བཞིན་དུ་གཅིག་ཀྱང་། ལས་ཐ་དད་པའི་དབང་གིས། གཏོར་མ་ལྔར་སྣང་ངོ་། །བརྒྱར་ཡང་སྣང་ངོ་། །སྟོང་དུ་ཡང་སྤྲུལ་ཏོ། །དེ་བས་ན་དེ་བཞིན་གཏོར་མ་དེ་རྟོགས་ན། གང་ལྟར་འདོད་པ་དེ་བཞིན་སྣང་། ལས་ཐབས་དབང་གིས་འཆོས་པར་ཟད། །ཕྲིན་ལས་སྣ་ཚོགས་གཏོར་མ་ཡིན། །དེ་བཞིན་གཏོར་མ་མ་རྟོགས་ནས། །འདི་ལས་དེ་བཞིན་དེ་མི་འབྱུང་། གཅིག་ཏུ་ཡང་གནས་ཤིང་བསྟན་པར་དཀའ། །དེ་རྟོགས་ལྷུན་གྱིས་གྲུབ་པ་ལ། །ཞི་བའི་བློ་ཡིས་གསལ་བར་ཕྱེ། །ཅི་ལྟར་བརྟགསཔ དེབཞིནསྣང། །གངཞིག་གཞན་ལ་ཕན་པར་བྱེད་པ་ལ། །འབར་བའི་ག་་པོ་མ་རུངས་ཀྱང་། །ཞི་བར་འདོད་ན་ཞི་བར་བྱེད། །འདོད་པའི་འབྱོར་པ་ཐམས་ཅད་ཀུན། །རྒྱས་པར་འདོད་ན་རྒྱས་པར་བྱེད། །ཁམས་གསུམ་མ་ལུས་ཐམས་ཅད་ཀུན། །དབང་དུ་འདོད་ན་དབང་དུ་བྱེད། །མ་རུངས་ལས་ཀྱིས་མནར་བ་རྣམས། །མངོན་སྤྱོད་ལས་ཀྱིས་སྒྲོལ་བར་བྱེད། །གཞན་གྱི་ལས་རྣམས་ཐམས་ཅད་ཀུན། །ཅི་ལྟར་འདོད་པ་གང་དགར་བསྒྱུར། །གཏོར་རྒྱུད་ཆེན་པོ་ལས། ཕྲིན་ལས་རྣམ་པ་བཞིའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཏོར་མ་ཆེན་པོ་འདི་རྣལ་འབྱོར་པ་རྣམས་ལ་ཕན་པར་བྱ་བར་འདོད་ན། རྣལ་འབྱོར་པ་ལ་ནད་བཞི་བརྒྱ་རྩ་བཞིའི་སྐབས་ཚོལ་བ་དང་། རིམས་དང་། ཤུ་བ་དང་། འབྲུམ་བུ་ལ་སོགས་པས་འཇིགས་པ་ན། རྩ་བའི་གཏོར་མ་འདི་རྟོགས་པའི་སྐྱེས་བུས།གཞུང་འདི་ལས་འབྱུང་བ་བཞིན་ཐམས་ཅད་གཏོར་མར་བསྔོས་ན། གཏོར་མ་ལས་འོད་འཕྲོས་པས།ནད་ཀྱི་དངོས་པོ་ཐམས་ཅད་ཞི་བར་བྱས་ནས། ཆོས་ཉིད་བདེ་བའི་རོར་བྱིན་གྱིས་བརླབས་ནས། ནད་ཐམས་ཅད་དང་། མཛེ་དང་ཕོལ་མིག་ཞི་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་པ་རྣམས་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གླགས་བལྟས་ནས། དངོས་གྲུབ་ཀྱི་བར་ཆད་བྱེད་པ་དང་། དུས་མ་ཡིན་པར་འཆི་བར་བྱེད་ཅིང་། ལོག་པར་འདྲེན་པར་བྱེད་ན་རྩ་བའི་གཏོར་མ་འདི་ལྟར་རྟོགས་ནས་ཕྲིན་ལས་ཀྱི་འདི་ལྟར་གཏོར་མ་བཏང་ན། ཐམས་ཅད་ཞི་བར་མ་ཟད། སླར་དངོས་གྲུབ་ཀྱི་ཆད་སྟོངས་དང་། འབྱོར་པའི་ལོངས་སྤྱོད་༄༅ འབུལ་བར་བྱེད་དོ། །དེ་བཞིན་དུ་རྣམ་པ་གང་ལ་ལ་ཞིག་ལ། ཚེ་དང་ལོངས་སྤྱོད་དང་། འབྱོར་པའི་ལོངས་སྤྱོད་ལ་སོགས་པ་མེད་ན། རྩ་བའི་གཏོར་མ་རྨད་དུ་བྱུང་བའི་གཏོར་མ་ཆེན་པོ་འདི་འཁོར་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་ལ་སྤྱིན་པ་དང་། རྒྱལ་བ་རྒྱ་མཚོ་ལ་མཆོད་པ་ཕུལ་ནས། ཚེ་དང་བསོད་ནམས་དང་། འབྱོར་པའི་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་རང་ཡིད་ལ་ཅི་ལྟར་འདོད་པ་བཞིན་དུ་འཕེལ་ཞིང་རྒྱས་པར་བྱེད་དོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་ཟད་པར་འགྱུར་རོ། །རྣལ་འབྱོར་པས་ཁམས་གསུམ་གྱི་མ་མོ་མཁའ་འགྲོ་ལ་སོགས་པ་དབང་དུ་བྱ་བར་འདོད་ན་ཡང་། རྩ་བ་རྨད་དུ་བྱུང་བའི་གཏོར་མ་འདི། རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་དགྱེས་པར་ཕུལ་བ་དང་། ཟུངས་སུ་བཟུང་ཞིང་ཕྲིན་ལས་བཅོལ་ན། ཅི་ལྟར་དབང་དུ་བྱ་བར་འདོད་པ་ཐམས་ཅད་བྲན་སྙིང་ཉེ་བ་བཞིན་དུ་ལས་བྱེད་པ་དང་། ཐམས་ཅད་ལ་ཅི་དགའ་བར་དབང་བསྒྱུར་བར་འགྱུར་རོ། །རྣལ་འབྱོར་པ་གང་ལ་ལ་ཞིག་མ་རུངས་པས་འཚེ་བ་དང་བསྟན་པ་འཇིག་པ་དང་། ཡོངས་ལ་གནོད་པ་དང་། དམ་ཉམས་པ་དང་། སྐུ་དགྲར་གྱུར་པ་ཡོད་ན་ཡང་། རྩ་བ་རྨད་དུ་བྱུང་བའི་གཏོར་མ་འདི་རྟོགས་པར་བྱས་ལབདེབརགཤེགསཔའཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་གཏོར་མའི་དོན་གྱིས་མཆོད་པ་འདིའི་གཞུང་ལས་བྱུང་བ་བཞིན་མཆོད་ཅིང་ཕུལ་ན། གང་བསྒྲལ་བ་ལྟ་ཅི་སྨོས་ཀྱིས་སངས་རྒྱས་ཉིད་ཀྱང་སྒྲོལ་བར་འགྱུར་རོ། །ཐ་ན་ཡང་རྩ་བའི་གཏོར་མ་འདི་ཟུངས་སུ་བཟུང་ནས། གང་ལ་དམིགས་པའི་ཡུལ་ཕྱོགས་སམ་ཁང་པའི་གནས་སམ། གྲོང་ངམ་ལུས་ལ་གཏོར་ན་ཡང་འཆི་བར་འགྱུར་རོ། །གཞན་ཡང་ལས་སྣ་ཚོགས་པ་སྟེ། ཚེ་བསྲིང་བ་དང་། དཔལ་བསྐྱེད་པ་དང་། གདོན་བཀར་བ་དང་། གཏེར་སྩལ་བ་དང་། ཡིད་ལ་ཅི་འདོད་པ་རྣམས་འགྲུབ་པར་འགྱུར་རོ། །མཁའ་དབྱིངས་རྣམ་པར་དག་པའི་ཀློང་དུ་མི་ཟད་པའི་གཏེར་སྦས་ན། ཟད་པ་མེད་པའི་དངོས་གྲུབ་ཀྱི་གཏེར་དུ་འགྱུར་རོ། །གཞན་ཡང་འདིའི་ཡོན་ཏན་བརྗོད་ཀྱིས་མི་ལངས་སོ། །གཏོར་རྒྱུད་ཆེན་པོ་ལ། ཕྲིན་ལས་གང་བྱ་བའི་ཕན་ཡོན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། ལྷ་མ་སྲིན་དང་འཇིག་རྟེན་གྱི་བསོད་ནམས་ལས་གྲུབ་པ་རྣམས་ལ། འདི་ལྟ་བུའི་སྒྲ་མ་བརྗེད་པར་གསུངས་སོ། །ནོར་བས་མཚན་མར་བཟུང་བ་ནི། །འབྱོར་པའི་ལོངས་སྤྱོད་ཐམས་ཅད་ལ། །ཆགས་པས་བཟུང་ནས་གང་སྤྱད་པ། །འོ་དོད་འབོད་པ་མྱོང་བར་འགྱུར། །ཅི་ཕྱིར་ཞེ་ན་གཏོར་མ་ཡིན། །དེ་ལ་ཆགས་ན་གཏོར་མ་འཆིང་རྒྱུར་འགྱུར། །མ་ཆགས་གྲོལ་ན་ཚོགས་གཉིས་རྫོགས། །སངསརྒྱསམཆོདཔའིརྒྱནཡིན་པས། །མ་ཆགས་སེམས་ཀྱིས་མཆོད་བྱེད་ཅིང་། །ཆགས་པ་མེད་པས་རྐྱེན་དུ་ཕུལ། །དེ་ཚེ་སངས་རྒྱས་ཐག་མི་རིང་། །ཆུ་རྣམས་ཐམས་ཅད་རྒྱ་མཚོར་བབས། །དེ་ཕྱིར་རྒྱ་མཚོ་ཉིད་ཀྱི་ངང་། །བདག་གི་ལོངས་སྤྱོད་གཏོར་མ་སྟེ། །དེ་བཞིན་གཏོར་མ་ཉིད་ཀྱི་རྒྱུ། །དཔེར་ན་འཇིག་རྟེན་ལོ་ཏོག་བཞིན། །སྔ་མ་སྨིན་པས་མི་ཆོག་སྟེ། །ཕྱིས་ཀྱང་རྒྱུན་མར་སྨིན་པ་བཞིན། །དེ་བཞིན་ཆགས་པ་མེད་གཏོར་ན། །རྒྱུ་འབྲས་རིམ་གྱིས་དེ་ལྟར་སྨིན། །དེ་མིན་ན་རཀ་འགྲོ་ཞེས་བཤད། །དེ་སྐད་བྱ་བའི་སྒྲ་འཇིག་རྟེན་བསོད་ནམས་ལས་གྲུབ་པའི་ལྷ་དང་མི་རྣམས་ཀྱིས་ཐོས་པས། འཇིག་རྟེན་གྱི་ལྷ་མ་སྲིན་ལ་སོགས་པ་རྣམས་ཀྱིས་རང་རང་གི་འབྱོར་པ་ཅི་ཡོད་པ་གཏོར་མར་ཕུལ་ནས། འབྲས་བུ་མི་འཁོར་བའི་སྨོན་ལམ་འདེབས་པ་འདི་ལྟ་སྟེ། ལྷའི་རྒྱལ་པོ་བསོད་ནམས་ལས་གྲུབ་པ་རྣམས། གཟུགས་སྡུག་པའི་ལོངས་སྤྱོད་ཀྱི་རྫས་རྣམ་པ་མང་པོ་དང་། དེ་བཞིན་སྒྲ་སྙན་པ་དང་། དྲི་ཞིམ་པོ་དང་། རོ་བྲོ་བ་དང་། རེག་བྱ་ཁྱད་པར་དུ་འཇམ་པ་ལ་སོགས་པའི་འདོད་པའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ། དང་པོ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་གཏོར་མ་ལགས་ཏེ། བདག་ཅག་ལྷའི་རྒྱལ་པོ་རྣམས་ཀྱིས་ངོ་མཚར་བས། བདག་ཅག་རྣམས་གཏོར་མའི་ལོངས་སྤྱོད་དང་རྐྱེན་དུ་འབུལ་བས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་ལམ་དུ། ཆོས་ཉིད་མ་སྐྱེས་པའི་གཏོར་མ། སངས་རྒྱས་རྣམས་ཀྱིས་ཅི་ལྟར་ལོངས་སྤྱོད་པ་དེ་བཞིན་དུ་འབྱུང་བར་གྱུར་ཅིག དེ་ལྟར་ཕུལ་བའི་བྱིན་རླབས་ཀྱིས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་མི་འཁོར་ཞིང་། ངན་སོང་གསུམ་དུ་མི་གོལ་བར། ཆོས་ཉིད་གཏོར་མར་སངས་རྒྱས་པར་གྱུར་ཅིག །དུས་ནམ་ཞིག་ཚེ་ན། བདག་ཅག་ལྷའི་རྒྱལ་པོ་དྲེགས་པ་ཅན་གྱི་རིགས་དང་། ཚེ་ཚད་ནད་འབྱུང་སྲིད་ན་ཡང་། དྲེགས་པར་མི་བྱེད་ཅིང་། འདོད་པ་འདི་དག་ལ་མ་ཆགས་ནས། ཐམས་ཅད་གཏོར་མར་ཕུལ་ཞིང་སངས་རྒྱས་པར་སྨོན་ལམ་འདེབས་པར་གྱུར་ཅིག །གལ་ཏེ་དེ་བཞིན་བདག་ཅག་གི་རིགས་དང་། རྒྱུད་རྣམས་ཀྱིས་མ་བགྱིས་ན། བདག་ཅག་བདུད་དུ་ཏྲ་དང་འདྲ་བར་འགྱུར་ནས། རྒྱུ་འབྲས་གོལ་བས་ངན་སོང་གི་སྡུག་བསྔལ་རིམ་གྱིས་བརྒྱུད་ནས། བདག་ཅག་གི་གཙོ་བོ་དཔལ་ཆེན་པོས་མངོན་སུམ་དུ་སྙིང་ཕྱུང་སྟེ་བསྒྲལ་ནས། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དང་། ཐུགས་རྗེ་ཆེན་པོའི་རྫས་སུ་སྦྱོད། བདག་ཅག་འཁོར་དང་རིགས་རྣམས་ཀྱང། རང་དབང་མེད་པར་དབང་དུ་བསྡུས་ནས་ཁྲོ་བོ་ཆེན་པོའི་གདན་དུ་དུས་ཐམས་ཅད་དུ་འདིངས་པར་གྱུར་ཅིག །མ་ཧྭ་ས་མ་ཡ་དེ་བ་གུ་རྒྱ་ཧོ། ལྷ་ཆེན་པོ་རྣམས་ཀྱི་སྙིང་ལ་དམ་ཚིག་ཤོག་ཅིག་ཟེར་ཅིང་། དམ་བཅས་ནས་སྨོན་ལམ་འདེབས་སོ། །དེ་ལྟ་བུའི་བྱིན་རླབས་ཀྱིས་འདོད་པའི་ཡོན་ཏན་ཕྱོགས་བཅུར་སྣང་བར་འགྱུར་རོ། །དེ་ནས་ཡང་འདོད་ཁམས་དང་། གཟུགས་ཁམས་ལ་སོགས་པའི་ལྷའི་བུ་ཐམས་ཅད་ཀྱིས། ལྷའི་ལོངས་སྤྱོད་འབྲུ་རྣམ་པ་སྣ་ཚོགས་པ་དང་། མེ་ཏོག་རྣམ་པ་སྣ་ཚོགས་པ་དང་། རོལ་མོའི་རྒྱུ་ལ་སོགས་པ་དང་། ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ཐོགས་ཏེ། ཀུན་ཀྱང་མགྲིན་གཅིག་ཏུ་འདི་སྐད་ཅེས་ཟེར་ཏོ། །ཅི་ལྟར་སྣང་བ་ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ། ད་ལྟ་བདག་ཅག་ལོངས་སྦྱོད་འདི་དག་ཐམས་ཅད། ཡེ་དང་པོའམ། ཐོག་མ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་གཏོར་མ་ལགས་པས། སྔར་དེ་བཞིན་དུ་བདག་ཅག་རྣམས་ཀྱིས་མ་འཚལ་བ་མཐོལ་ཞིང་བཤགས་སོ། །དེ་ལྟ་བུའི་དོན་གྱིས་བདག་ཅག་གི་སྦྱོར་བ་འདི་དག་ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་རྣམས་ལ།གཏོར་མའི་རྐྱེན་དུ་འགྱུར་རོ། །མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་གྱུར་ཅིག དེའི་མཐུ་དང་བྱིན་རླབས་ཀྱིས་བདག་ཅག་རྣམས་གཏོར་མའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག བདག་ཅག་རྣམས་ཀྱི་རིགས་དང་རྒྱུད་ཀྱང་དེ་བཞིན་དུ་གཏོར་མར་གཏོང་ཞིང་། སྨོན་ལམ་འདེབས་པར་གྱུར་ཅིག གལ་ཏེ་བདག་ཅག་རྣམས་ཀྱིས་རིགས་དང་རྒྱུད་ཀྱིས་དེ་ལྟར་མ་བགྱིས་ནས་དམ་ལས་ལོག་ན་ལྕགས་ཀྱི་ཕ་བོང་འགྲིལ་བ་བཞིན་དུ་དམ་ལོག་སྟེ། གནས་འཕོས་ནས་གསོད་པ་ལ་མི་འཛེམ་པ་དང་། ཐབས་ཀྱིས་བསླུ་བ་ལ་འཛམ་པའི་གནས་སུ་སྐྱེས་ནས། དེ་ལས་ཀྱང་ངན་སོང་གསུམ་དུ་སྐྱེ་བར་གྱུར་ཅིག ཅེས་དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །དེ་ལྟ་བུའི་བྱིན་རླབས་ཀྱིས་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁྱབ་ཅིང་སྣང་བར་འགྱུར་རོ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་ཀྱང་། གོ་ཆ་དང་མཚོན་ཆ་དང་སྨན་དང་། སྐྱེ་འཁྲུངས་ལ་སོགས་པ་གཏོར་མར་ཕུལ་ནས་གོང་མ་དེ་བཞིན་དུ་སྨོན་ལམ་འདེབས་ཤིང་དམ་བཅའོ། །དེ་ནས་ཡང་གནོད་སྤྱིན་རྣམས་ཀྱིས་ཀྱང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང་། འབྲུའི་ཆང་དང་བཙོས་པའི་ཆང་དང་། སྦྱར་བའི་ཆང་ལ་སོགས་པ་ཆང་རྣམ་པ་སྣ་ཚོགས་པ་དང་། གོས་དང་རྒྱན་རྣམ་པ་སྣ་ཚོགས་པ་གཏོར་མའི་རྒྱན་དུ་ཕུལ་ནས། གོང་མ་བཞིན་དུ་དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །དེ་ནས་ཡང་སྲིན་པོ་རྣམས་ཀྱིས་ཀྱང་། ཤ་དང་ཁྲག་དང་རྐང་དང་། ཚིལ་བུ་ལ་སོགས་པ་གཏོར་མར་ཕུལ་ཞིང་དམ་བཅས་ཤིང་སྨོན་ལམ་འདེབས་སོ། །དེ་ནས་ཡང་ཀླུ་རྣམས་ཀྱིས་ཀྱང་། སྙིང་པོ་རྣམ་པ་སྣ་ཚོགས་པ་དང་།ཞོ་དང་འོ་མ་དང་མར་དང་ཐུད་ལ་སོགས་པ་གཏོར་མའི་རྒྱན་དུ་ཕུལ་ནས་དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །དེ་ནས་ཡང་དྲི་ཟ་རྣམས་ཀྱིས་ཀྱང་། སྤོས་དང་དྲི་རྣམ་པ་སྣ་ཚོགས་པ་གཏོར་མའི་རྐྱེན་དུ་ཕུལ་ནས་དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །དེནསཡངགཤིནརྗེརྣམས་ཀྱིས་ཀྱང་། འབྲུ་མར་དང་ཐོད་ཁྲག་ལ་སོགས་པ་རྣམས། གཏོར་མའི་རྐྱེན་དུ་ཕུལ་ནས་དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །དེ་བཞིན་དུ་མིའི་རྒྱལ་པོ་རྣམས་ཀྱིས་ཀྱང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་གཏོར་མའི་རྐྱེན་དུ་ཕུལ་ནས་གོང་མ་བཞིན་ནོ། །དེ་བཞིན་དུ་མ་མོ་རྣམས་དང་། ཤ་ཟ་རྣམས་དང་། རིག་སྔགས་གྲུབ་པ་རྣམས་དང་། བགེགས་ཀྱི་རིགས་རྣམས་དང་། ལྟོ་འཕྱེ་དང་། མིའམ་ཅི་དང་། འགྲོ་བ་རིགས་སོ་སོ་ཐ་དད་པ་རྣམས་ཀྱིས་ཀྱང་། རང་རང་གི་འབྱོར་པ་དང་ལོངས་སྤྱོད་ཅི་ཡོད་པ་གཏོར་མའི་རྫས་སུ་ཕུལ་ནས། དམ་བཅའ་ཞིང་སྨོན་ལམ་འདེབས་སོ། །ཐམས་ཅད་གཏོར་མའི་རང་བཞིན་དུ་སངས་རྒྱས་པར་བྱེད་དོ། །དེ་ལྟ་བུའི་དོན་གྱིས་ཐམས་ཅད་གཏོར་མ་ལ་གནས་ཤིང་། གཏོར་མའི་རང་བཞིན་དུ་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་སྔགས་རྣལ་འབྱོར་ལ་གནས་པས། མཐར་ཕྱིན་པ་གསང་བའི་གཏོར་མ་འདི་དག་གར་སྤྱོད་པ་དེ་ཉིད་དམ་ལ་གནས་པའི་རྣལ་འབྱོར་ལ། ཅི་བསྒོ་བ་བགྱིས་ཤིང་དྲན་བཞིན་ཉན་པ་དང། བསྟན་པ་བསྲུང་ཞིང་དེ་ལ་བསྐྱབ་པར་བྱོས། སྲིད་པ་གཅིག་གི་ཆུ་ལ་མི་འཐུང་གང་ཡང་མེད། །འཇིག་ཏེན་འདི་ཡི་དམ་ལ་མི་གནས་གང་ཡང་མེད། །གང་ཞིག་བཀའ་བཞིན་མི་བྱེད་དམ་ལ་མི་གནས་ན། །ཁྱེད་རྣམས་གསོད་ཅིང་དགའ་ལས་ལ་བྱོས། །ཞེས་བཀའ་སྩལ་པས། འཇིག་རྟེན་གྱི་དྲེགས་པ་དང་ལྷ་མ་སྲིན་རྣམས་ཀྱིསདེབཞིནདུབགྱིའོ། །ཞེས་དལ་འབྱོར་གཉིས་དམ་མནོས་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་དམ་ལ་གནས་པ་རྣམས་ཀྱི་སྡོངས་གྲོགས་བྱེད་པར་འགྱུར་ལ། དམ་ལ་མི་གནས་པ་རྣམས་ཀྱི་བདུད་དུ་བབ་པར་འགྱུར་རོ། །གཏོར་རྒྱུད་ཆེན་པོ་ལས།རྣལ་འབྱོར་པས་ལོངས་སྤྱོད་གཏོར་མར་ཕུལ་བ་དང་། སྨོན་ལམ་འདེབས་ནས་དམ་བཅས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཤིན་ཏུ་འདའ་དཀའ་བའི་དམ་ཚིག་གི་ལེའུ་འདི་གསུངས་སོ། །སེམས་དཔའ་ཆེན་པོ་དམ་ཚིག་ནི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ས་གཞི་ལ་སྐྱེ་འཁྲུངས་སྨིན་པར་བྱེད་པ་དང་འདྲ་བས། དམ་ཚིག་འདི་ལ་སངས་རྒྱས་དང་། ཆོས་ཀྱི་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུའོ། །དེ་ཡང་དམ་ཚིག་རྩ་བ་གང་ཞེ་ན། རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་བྲལ་ལོ། །དེ་ལ་རྡོ་རྗེ་སློབ་དཔོན་ནི། བདག་ཉིད་ལ་རྒྱུད་གདམས་ངག་འཆད་པ་དེ་ཉིད་དུ་མ་ཟད་ཀྱིས། གང་ལ་ཤེས་པ་ཅན་དང་། བསྒོམས་ཤིང་དམ་ལ་གནས་པ་མཐའ་དག་གོ །དེ་ཅིའི་ཕྱིར་ཞེ་ན། ཐུགས་ཡེ་ཤེས་ཀྱི་དགོངས་སྦྱོད་གཅིག་ཏུ་ལྷན་ནེར་གནས་པའོ། །མཆེད་དང་ལྕམ་དྲལ་ཡང་བདག་ཉིད་དང་འདྲེས་ཤིང་གཅིག་པ་དེ་གཅིག་པུར་མ་ཟད་ཀྱིས། བཀའ་དང་དམ་ལ་གནས་པའི་རྣལ་འབྱོར་གྱི་དོན་སྤྱོད་པ་མཐའ་དག་གོ །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་མཉམ་པ་ཆེན་པོའི་དོན་ལ་གཅིག་ཅིང་དབྱེ་བསྲིང་མེད་པའོ། །དེ་དག་ལ་དམན་སེམས་དང་འཕྱ་སེམས་དང་། འཐབ་ཅིང་རྩོད་པ་དང་། བཀའ་བསླུ་ཞིང་འགལ་བར་བྱེད་པ་ལྟ་ཅི་སྨོས་ཀྱིས། བྲེ་མོས་བླུན་པོ་ཡང་སྨྲ་བར་བྱ་བ་མ་ཡིན་པའོ། །དམ་དེ་ཐུབ་ཅིང་དམ་ལ་གནས་ན། གཞན་གྱི་འབད་ཙོལ་ཅི་མ་བྱས་ཀྱང་། དེ་ལྟ་ཉིད་ནས་སངས་རྒྱས་པ་ལ་གདོན་མི་ཟའོ། །གལ་ཏེ་དམ་དེ་མ་ཐུབ་ན། རྩོལ་བསྒྲུབ་ཀྱི་བསྒོམ་རི་རབ་ཙམ་བྱས་ཀྱང་མནར་མེད་པར་སྐྱེ་བ་ལ་གདོན་མི་ཟའོ། །སེམས་དཔའ་ཆེན་པོ་དེ་ནི་དུས་ནམ་ཞིག་གི་ཚེ་ན། སྐུའི་དམ་ཚིག་དེ་དག་མི་བསྲུང་བར་རྩོལ་བསྒྲུབ་དང་རྣམ་པར་དཀར་བའི་ཕྱོགས་དག་སྤྱོད་པར་བྱེད་ཅིང་། གཅིག་གི་འོག་ཏུ་གཅིག་མི་ཆུད་པར་རྩོད་པ་ཤ་སྟག་འབྱུང་སྟེ། དེ་ནི་བྱས་པ་ཆུད་ཟོས་ཤིང་ངལ་བ་ཚི་ཆད་བར་འགྱུར་རོ། །དཔེར་ན་སྲོག་པ་རྩ་དང་སྙིང་རྩ་ནད་ཀྱིས་གང་བ་ལ། འཚོ་བྱེད་ཀྱི་སྨན་པ་མཁས་པས་ཀྱང་མི་འཆོས་པ་དང་འདྲའོ། །དེས་ནི་སྡུག་བསྔལ་བ་དང་། འཆི་བའི་དུས་ན་འགྱོད་པ་དྲག་པོར་འགྱུར་ཏེ། འབྲས་བུ་སྨིན་པས་ཕན་པ་མེད་དོ། །གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་དང་ལྡན་པར་བྱ་བ་སྟེ། རྟོགས་པ་ཀློང་དུ་གྱུར་པ་རྣམས་ཀྱིས་ནི། ངག་གི་གླེང་བརྗོད་དང་། ལུས་ཀྱིས་སྒུལ་སྐྱོད་སྔགས་དང་ཕྱག་རྒྱར་ལྡན་པར་འགྱུར་ལ། ཕལ་པས་དང་དུ་བླངས་ནས་གཙོར་བྱས་པས་ལྡན་པར་འགྱུར་ལ། ཐ་ན་ཡང་དུས་དང་གྲངས་མང་ཉུང་ཙམ་དུ་ཡང་ལྡན་པར་བྱའོ། །དམ་དེ་ལས་མི་འདའ་བར་དང་དུ་ལེན་ན། བཀའ་རྒྱ་ཆེ་བ་ལྟ་ཅི་སྨོས་ཀྱིས། གང་ཡིན་པའི་ཚིག་གཅིག་བཟླས་པ་རང་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་དམ་དེ་ལ་མི་གནས་ན། བཀའ་ཕྱི་ནང་གི་དོན་མཐའ་དག་གི་དོན་འཆང་ན་ཡང་། སྐྱེ་བོ་ཕལ་པ་དང་མཚུངས་སོ། །སེམས་དཔའ་ཆེན་པོ་དུས་ནམ་ཞིག་གི་ཚེ་ན། གསུང་གི་དམ་ཚིག་འདི་ལ་མི་བརྩོན་པར་ཁེ་དང་གྲགས་པ་ལ་སོགས་པས། མདོ་སྡེའི་རིགས་བཟུང་ནས་སྡེ་དང་གྲངས་མང་པོ་ཡོད་ཟེར་ནས། ཐེག་པ་ཆེན་པོ་ལ་དཔྱས་འདོགས་ཤིང་། སྔགས་དང་ཕྱག་རྒྱ་སྤངས་ནས། རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་བཀུག་ནས་ཟ་བ་དང་། ཁྲིམས་ལ་གནས་པར་མི་བྱེད་ཅིང་། མཚང་ཚིག་སྨྲ་བ་ཤ་སྟག་འབྱུང་སྟེ། དེ་ལ་བདག་ཉིད་བསླུས་ཤིང་སྨྱོས་ནས་ལོག་པའི་ལམ་དུ་སོང་བས། དཔེར་ན་སོལ་བའི་མཐུས་དཀར་གྱིས་མི་འགྱུར་བ་དང་འདྲའོ། །ཆོས་ལོག་པ་དང་ངག་གི་སྒྲིབ་པས་མནར་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ལ་རིས་སུ་སངས་རྒྱས་རྣམས་ཀྱིས་མ་གསུངས་སོ། །ཐུགས་ཀྱི་དམ་ཚིག་ནི་གསང་བའི་མན་ངག་གཞན་ལ་མི་སྤེལ་བ་སྟེ། དེ་ལ་གསང་སྔགས་རྣལ་འབྱོར་གྱི་ཆོས། གར་སོང་སོང་དུ་བབ་བབ་དང་ཆལ་ཆོལ་དུ་སྣོད་མེད་པ་ལ་མི་སྨྲ་བ་དང་། གསང་སྔགས་ཀྱི་སྤྱོད་པ་དམ་རྫས་བདུད་རྩིར་གྱུར་པ་རྣམས། རངབཞིནགྱིསསྤྱདལེགས་པར་བྱས་ཏེ། འཁུ་འཕྲིགས་དང་སྤང་བླང་དུ་མ་སོང་བར་སྦ་བ་དང་། གསང་སྔགས་ཀྱི་ཕྲིན་ལས་སྦྱོར་སྒྲོལ་དང་། གླུ་ཚིག་ལ་སོགས་པ་རྣམས། སྐྱེ་བོ་དང་དམའ་བའི་རིས་ཕལ་པ་ཀུན་གྱིས་མ་མཐོང་མ་ཐོས་ཤིང་། ཡིད་ལ་མ་འཕྲིགས་པར་བྱ་སྟེ། ཡ་ག་སྒྲོ་སྐུར་མེད་པར་བྱ་བ་དང་། གསང་སྔགས་ཀྱི་རྫས་ལག་ཅ་ཡང་དེ་དང་འདྲ་བ་ལ། གང་ཟག་སྲིན་པོ་དང་གནོད་སྦྱིན་ཀྱི་སྤྱོད་པ་བྱེད་པའི་སར། བསྒྲུབ་པ་བྱེད་པའི་གནས་དང་། དུས་དང་གྲོགས་དང་། གཟུངས་མ་ལ་སོགས་པ་དེ་བཞིན་དུ་གསང་བ་དང་། སྙིང་པོ་དང་ལྷ་རྒྱུད་དང་། མངོན་རྟོགས་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་གསང་བ་དང་། གསང་སྔགས་སྤྱོད་པ་འདི་དག་གསང་བར་འོས་པ། གསང་བར་གཉེར་གཏད་པ་ཡིན་པས། གསང་སྔགས་ཀྱི་དོན་སྤྱད་ལེགས་ཤིང་། གཞན་གྱིས་ཡ་ག་དང་འཕྱ་ཞིང་སྐུར་པར་མ་གྱུར་པར་སྤྱད་དེ། དཔེར་ན་སེང་གེ་གངས་ལ་རྩལ་འགྱིངས་པ་ལྟར་གནས་པ་ནི། གསང་སྔགས་ཀྱི་དམ་ཚིག་མ་ཉམས་པ་ཡིན་ཏེ། དེས་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གནས་སུ་སངས་རྒྱས་པར་འགྱུར་བ་ཡིན་ནོ། །སེམས་དཔའ་ཆེན་པོ་དུས་ནམ་ཞིག་གི་ཚེ། ཐུགས་ཀྱི་དམ་ཚིག་འདི་ལ་མི་ཉན་པར། ཐམས་ཅད་སློབ་དཔོན་བྱེད་པར་འདོད་པས། ནང་རྒྱུད་གསང་སྔགས་ཀྱི་རྣལ་འབྱོར་ལ་བཙུད་པས། གསང་སྔགས་ཀྱི་སྤྱོད་པ་ཅི་འདྲ་བ་ནི་ཀུན་ལ་བསྟན་ཅིང་ཆ་ཡོད་པར་བྱས། གནས་སུ་གཅིགམི་དགོངས་པའི་སློབ་དཔོན་མང་པོ་འབྱུང་བ་དང། གསང་སྔགས་ཀྱི་དོན་ཟབ་མོ་ཀུན་ཀྱང་ཤེས་ཤིང་བཟོས་པ་རྣམས་ཀྱིས་ཀྱང་། ལ་ལ་ཁེ་དང་གྲགས་པར་འདོད་པའི་ཆོས་གྲྭ་དང་སློབ་པ་བཙུགསྟེ། སྣོད་ཡིནརུང་མིན་རུངསྣངརྒུ་བསྡུས་ཏེ་གྲངསམང་དུ་བསྟན་པས་གཅིག་གི་བཀའ་བཞིན་དུ་གཅིག་གིས་ཀྱང་མི་བྱེད་བཞིན་དུ། སློབ་མམང་པོ་འདུས་ཏེ་སློབ་དཔོན་བྱེད་པ་དང་། ལ་ལ་ཟང་ཟིང་དངའདོད་པ་ལ་ཆགས་པའི་ཕྱིར་གསང་སྔགས་ཟབ་མོའི་དོན་ཁུར་དུ་ཁུར་བ་དང་། ཁལ་དུ་བཀལ་ཏེ་རྒྱལ་ཁམས་སུ་སྣོད་ཡིན་རུང་མིན་རུང་འདོན་པ་དང་ཚོང་དུ་བརྗེ་ཞིང་བཀའ་འཆལ་བར་གཏོར་བའི་སློབ་དཔོན་བྱེད་པ་ལ་སོགས་པ་རྣམས་ནི། བཟང་ངནདང་ང་ཁྱོད་མེད་པར་ཀུན་ཡོཉམས་སུ་འགྱུར་བས། ཀུན་དམྱལ་བར་འགྲོ་ལ། དེའི་ཚེ་གསང་སྔགས་ཀྱི་དོན་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་བསམ་པ་མི་འགྲུབ་པ་དང་།དམ་ཚིག་གི་བྱ་ར་བ་རྣམསམི་འགོ་བའི་ཤུགས་ཀྱིས། སྔགས་མཐུ་བྱིན་ཆུང་བར་འགྱུར། དེའི་སྐྱོན་གྱིས་སྐུ་ལ་བསྡོ་བའི་དགྲ་དང་། བགེགས་འབྱུང་ཞིང་། ནད་ཀྱི་རྣམ་པ་ལ་སོགས་པ་མི་འདོད་པ་རྣམས་ཀྱང་འབྱུང་བ་དང། སྔགས་པ་གཅིག་གིས་གཅིག་འཐབ་ཅིང་རྩོད་པ་དང་། མཐུ་བྱིན་ཆུང་བས་སྐྱེ་བོའི་མཚོན་ཆའི་ལས་བྱེད་པ་དང་། སེམས་ཅན་ཕལ་པ་ཡོངས་ཀྱིས་དོན་འདིའདྲ་ན་ཆོས་བརྫུན་ནོ་ཞེས་ཟེར་ཞིང་འཕྱ་ཞིང་ཡ་གར་གྱུར་པ་དང་། ཐེག་པ་འོག་མ་མདོ་སྡེ་སྤྱོད་པ་རྣམས་ཀྱང་། གསང་སྔགས་ལ་འཕྱས་གདགས་བྱང་དོགས་ན། ཤིན་ཏུ་ཡང་འགལ་བའི་དཔྱས་ཆེན་པོ་འདོགས་པ་དང་། དེའི་ཡ་ག་དང་རྣམ་པར་སྨིན་པས། དེའི་ཚེ་སྔགས་དང་མདོ་སྡེ་ཕྱེ་མ་མེད་པར། སོ་སོ་སྐྱེ་བོ་ཚུན་ཆད་མ་ལུས་པར་སེར་བསླད་ནས་དམྱལ་བར་བུངས་ཅེ་ཆེར་འགྲོ་བར་བྱེད་དོ། །དེའི་ཕྱིར་དམ་ཚིག་འདའ་བར་དཀའ་བ་སྟེ། འདི་སྐད་ཅེས་གསུངས་སོ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །འདའ་བར་དཀའ་བས་དམ་ཚིག་སྟེ། །སངས་རྒྱས་བཀའ་ལས་གསུངས་པའི་ཚིག །འདི་ལས་འདའ་བར་གང་བྱེད་པ། ལྷ་ཡང་འདས་ན་བརླག་པར་འགྱུར། །སེམས་ཅན་འདས་ན་སྨོས་ཅི་དགོས། །སྐུ་ཡི་དམ་ཚིག་མ་གཡོས་པའོ། །གསུང་གི་དམ་ཚིག་མི་འགྱུར་པའོ། །ཐུགས་ཀྱི་དམ་ཚིག་མ་ཡེངས་པའོ། །ཡན་ལག་དམ་ཚིག་ལྔ་ལྔ་རྣམས། །ལྷན་ནེ་བར་ཡང་ཡིད་ལ་འཆར། །མ་འདས་འཕགས་པའི་སྤྱོད་ཡུལ་ཡིན། །དེ་ཚེ་འདས་ན་མནར་མེད་བརླབ། །གཞན་ཡང་དམ་ཚིག་ཅེས་བྱ་བ། །གསང་སྔགས་དོན་སྤྱད་རྣལ་འབྱོར་པས། །ལུས་ངག་ཡིད་ཀྱི་སྒོ་གསུམ་ནས། །སྐྱེ་བོས་སྤྱད་པར་ཡང་མི་བྱ། །དེ་ཚེ་སྤྱད་ན་ཉམས་པ་ཡིན། །བཟླས་བརྗོད་ཏིང་འཛིན་ལ་སོགས་པ། །བར་ཆོད་བགེགས་དང་བྱ་ར་མ། །སྔགས་འཆང་རྣམས་ཀྱིས་སྤྱད་མི་བྱ། །དེ་དག་བར་ཆད་བྱེད་པས་ན། །དེ་དག་བསྒྲིམས་ལ་ཉམས་མི་བྱ། །གང་ཞིག་ཉམས་པར་བྱེད་པ་དང་། །རང་སེམས་རྟག་པར་བལྟ་བ་རྣམས། །དམ་ལ་ལོག་པར་བྱེད་པ་ཡི། །དྲུང་ན་སུ་ཡང་མི་འདུག་ལ། །གཞན་གྱིས་མཐོང་བར་མ་བྱས་ཀྱང་། །དམ་ཚིག་དབང་པོ་སྙིང་ལ་འདུག །དེ་དང་འདྲ་བར་བལྟ་བ་ནི། །གྲངས་ཀྱིས་མི་ལ་ཀུན་གྱིས་མཐོང་། །དེ་བཞིན་གཟིགས་པའི་སེམས་གྱིས་ལ། །མ་འདའ་དམ་ལ་གནས་པར་གྱིས། །ས་བཅུ་མཐར་ཕྱིན་སངས་རྒྱས་ཀྱང་། །དམ་ཚིག་འདའ་བར་མི་བྱེད་ན། །རྣལ་འབྱོར་བསྒྲུབ་པས་ཅི་སྟེ་འདའ། །འཇིགས་པའི་སྐྱབས་ནི་དམ་ཚིག་མཆོག །དམ་ཚིག་དབང་ཕྱུག་ཉིད་ཀྱང་མི་འདའ་ན། །མ་ཚོགས་མཁའ་འགྲོ་ཅི་སྟེ་འདའ། །ལྷས་ཀྱང་ལྷ་ལ་དབང་མི་ཟ། །མིས་ཀྱང་དེ་བཞིན་དམ་མི་འདའ། །དམ་ཚིག་མ་ཉམས་དེ་བསྲུངས་པ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །རྣལ་འབྱོར་ཀུན་ཏུ་བསྐྱེད་པའོ། །ཐམས་ཅད་ཡོངས་ཀྱི་མ་ཞེས་བྱའོ། །རྒྱལ་བའི་དཀྱིལ་འཁོར་གསལ་བར་བརྩེགས། །གཏོར་རྒྱུད་ཆེན་པོ་ལས། །དམ་ཚིག་བསྲུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་སེམས་དཔའ་ཆེན་པོས། དམ་ཚིག་འདི་དག་མ་ཉམས་ཏེ་བསྲུངས་པའི་ཕན་ཡོན་ནི། །འཇིག་རྟེན་གྱི་ཁམས་འདིར་ཚེ་རིང་ཞིང་། འབྱོར་པའི་ལོངས་སྤྱོད་ལ་སོགས་པ། །ཡིད་ལ་བསམ་པ་བཞིན་འགྲུབ་པ་དང་། །འགྲོ་བ་གཞན་ལ་ཡིད་ལས་བྱུང་བའི་དྲན་ཚིག་བཟླས་ཀྱང་དེ་ལ་ཕན་པ་དང་། བསྒོ་བ་བཞིན་ཉན་པ་དང་།དགྲ་དང་བགེགས་དང་བར་དུ་གཅོད་པ་རྣམས་ཀྱང་བདག་ཉིད་ཀྱིས་མ་བསྐུལ་བར་རྡུལ་ཕྲ་མོ་ཙམ་ཡང་མ་ལུས་པར་འགྲོ་བ་དང་། མ་ཚོགས་མཁའ་འགྲོ་ལ་སོགས་སྤྱིན་ཕུང་བཞིན་དུ་གཏིབས་ནས།བདག་གར་འགྲོ་བར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཅི་བསྒོ་བ་བྲན་སྙིང་ཉེ་བ་བཞིན་དུ་ཉན་པ་དང་། གཞན་ཡང་དམ་ལ་གནས་པ་རྣམས་ཀྱིས། ཅི་འདོད་པའི་ལོངས་སྤྱོད་སྤེལ་བར་བྱེད་པ་དང་།འཇིག་རྟེན་ཕྱི་མར་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་འགྱུར་རོ། །དམ་ཚིག་མ་ཉམས་པར་བསྲུངས་ན། བཀའ་ཚིག་གཅིག་བཟླས་མ་ཤེས་ཀྱང་སངས་རྒྱའོ། །གཞན་ཡང་དམ་ཚིག་བསྲུང་བའི་ཡོན་ཏན་ནི།གྲངས་འདིར་བརྗོད་ཀྱིས་མི་ལངས་ཏེ་མཐའ་ཡས་སོ། །གཏོར་རྒྱུད་ཆེན་པོ་ལས། དམ་ཚིག་བསྲུང་བའི་ཡོན་ཏན་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོས། ཡན་ལག་གི་དམ་ཚིག་འབུམ་སྡེ་ལས། ཡན་ལག་གི་དམ་ཚིག་བརྒྱ་རྩ་བརྒྱད་དུ་བསྡུས་ཏེ་བཀའ་སྩལ་པ་འདི་ལྟ་སྟེ། དང་པོ་ཏིང་ངེ་འཛིན་གྱི་རྩལ་འབྱོངས་པར་བྱས་ལ། ཅིར་སྣང་བ་ཐམས་ཅད་བསྒྲལ་ལ། རྒྱལ་བ་མ་མོའི་ཐུགས་དམ་བསྐུལ་ཞིང། བདེབརགཤེགསཔའིསྲས་སུ་བྱས་ནས། བདག་དང་གཅིག་པའི་དབང་གིས། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཞིང་བཅུར་གྱུར་པ་སྐད་ཅིག་ཙམ་ཡང་མི་བཞག་པར་བསྒྲལ་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མཚན་ཉིད་ཐེག་པས་མི་འདུལ་བས་དེ་ཡང་བསྒྲལ་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གཟུང་འཛིན་གྱི་མཐུ་བརྟས་པའི་རྭ་ཏྲ་རྣམ་པ་གསུམ་པོ་བསྒྲལ་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གསང་སྔགས་ལ་གལ་དུ་འཇུག་ཅིང་བཀའ་ངེས་པའི་དོན་ནུབ་པར་བྱེད་པ་བསྒྲལ་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཡུལ་ཆོས་ཉིད་དུ་སྦྱོར་ཞིང་ཐབས་དང་ཤེས་རབ་ཀྱི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འབྱུང་བ་ཆེན་པོའི་ཀློང་གང་ལ་སྦྱོར་ཞིང་། ཐབས་དང་ཤེས་རབ་ཀྱིས་དམ་ཚིག་ལས་མི་འདའ་བར་སྦྱོར་ཞིང་། ཕོ་རང་བཞིན་མེད་པའི་བར་དུ་སྦྱོར་ཞིང་ཐབས་དང་ཤེས་རབ་ཀྱི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མོ་རིགས་གཟུངས་མ་མཚན་དང་ལྡན་པར་སྦྱོར་ཞིང་ཐབས་དང་ཤེས་རབ་ཀྱི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། སེར་སྣ་ཅན་གྱི་ནོར་མ་བྱིན་པར་བླངས་ལ་ཚོགས་དང་གཏོར་མའི་མཆོད་པར་ཕུལ་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བཀྲ་ཤིས་དག་པའི་རྫས་མ་བྱིན་པར་བླངས་ལ། དཀྱིལ་འཁོར་ཆེན་པོར་འོ།ངས་སྤྱོད་སྟེ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ནག་པོའི་ཕྱོགས་ནས་མི་མོ་མཚན་དང་ལྡན་པ་མ་བྱིན་པར་བླངས་པ་ལ། བྱང་ཆུབ་སེམས་ཀྱི་དངོས་གྲུབ་བླངས་ཤིང་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བཀའ་ངེས་པའི་དོན་མི་བསླུ་བ་སྦས་པ་རྣམས་མ་བྱིན་པར་བླངས་ལ་ཡིད་ལ་བཞག་ཅིང་དམ་ལས་མི་འདའ་བར་བྱ་བ་དང་། རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ལ་གནོད་པ་བྱེད་དུ་འོང་བ་ལ་རྫུན་དུ་སྨྲས་ལ་དམ་ལས་མི་འདའ་བར་བྱ་བ་དང་། དམ་ཚིག་ཉམས་ཤིང་དམ་མེད་པ་རྣམས་ལ་རྫུན་དུ་སྨྲས་ལ་དམ་ལས་མི་འདའ་བར་བྱ་བ་དང་། སྐྱེ་བོ་ཕལ་པས་གསང་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་འདྲི་ན་རྫུན་དུ་སྨྲས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ལུང་མེད་པར་ངེས་པའི་བསྟན་བཅོས་རྣམས་ལ་རྫུན་དུ་སྨྲས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གཏི་མུག་སྤང་ཡང་མི་སྤང་བར་ཆོས་ཉིད་དུ་རྟོགས་པར་བྱས་ལ་དམ་ལས་མི་འདའ་བར་བྱ་བ་དང་། གཏི་མུག་དེ་བཞིན་གཤེགས་པའི་སྐུ་ཡིན་པར་བྱས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གཏི་མུག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་བྱས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གཏི་མུག་སྤངས་པས་སངས་རྒྱས་སུ་འགྲུབ་པར་དཀའ་བའི་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཞེ་སྡང་སྤང་ཡང་མི་སྤང་བར་ཞེ་སྡང་ཆོས་ཉིད་དུ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཞེ་སྡང་དེ་བཞིནགཤེགསཔའིཐུགས་ཡིན་པའི་དན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་།ཞེ་སྡང་སྤངས་ན་སངས་རྒྱས་སུ་འགྲུབ་པར་དཀའ་བའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འདོད་ཆགས་སྤང་ཡང་མི་སྤང་བར་འདོད་ཆགས་ཆོས་ཉིད་དུ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འདོད་ཆགས་དེ་བཞིན་གཤེགས་པའི་གསུང་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འདོད་ཆགས་སོ་སོར་རྟོགས་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འདོད་ཆགས་སྤངས་ན་སངས་རྒྱས་སུ་འགྲུབ་པར་དཀའ་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ང་རྒྱལ་སྤང་ཡང་མི་སྤང་བར།ང་རྒྱལ་ཆོས་ཉིད་དུ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ང་རྒྱལ་དེ་བཞིན་གཤེགས་པའི་ཡོན་ཏན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ང་རྒྱལ་སྤངས་ན་སངས་རྒྱས་སུ་འགྲུབ་པར་དཀའ་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྲག་དོག་སྤང་ཡང་མི་སྤང་བར་ཕྲག་དོག་ཆོས་ཉིད་དུ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྲག་དོགདེབཞིནགཤེགསཔའིཕྲིན་ལས་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྲག་དོག་སྤངས་པས་སངས་རྒྱས་སུ་འགྲུབ་པར་དགའ་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆེན་དུག་བདུད་རྩིར་སྒྱུར་བའི་རྩ་བ་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་།དྲེ་ཆེན་དང་སྦྱར་ན་དུག་སེལ་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆེན་མཁྲིས་པ་བརྒྱ་རྩ་བརྒྱད་དང་སྦྱར་ན། མཛེ་ནད་་སེལ་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆེན་བསྟེན་ཅིང་དང་དུ་བླངས་ན། རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་འཐོབ་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བྱང་ཆུབ་སེམས་དུག་བདུད་རྩིར་སྒྱུར་བའི་རྩ་བ་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བྱང་ཆུབ་སེམས་དང་ཤེལ་ག་བུར་དུ་སྦྱར་ན་རུས་པ་སྲ་ཞིང་མཁྲེགས་ལ་རིང་དུ་འགྲོ་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བྱང་ཆུབ་སེམས་དང་སྙིང་ཞོ་ཤར་བསྲེས་ན་སེམས་གསལ་ཞིང་དབང་པོ་རྣོ་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བྱང་ཆུབ་སེམས་བསྟེན་ཅིང་དང་དུ་བླངས་ན། རྡོ་རྗེ་སེམས་དཔའི་དངོས་གྲུབ་འཐོབ་པར་འགྱུར་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མུང་ས་དུག་བདུད་རྩིར་སྒྱུར་བའིརྩ་བ་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱས་དང་། མྱང་ས་ཟོས་པས་མཐུ་བྱིན་ཆེ་བར་འབྱུང་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ནཱང་ས་སྤྱོད་སྣག་དང་སྦྱར་ན་རླུ་་ནད་སེལ་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མྱང་ས་བསྟེན་ཅིང་དང་དུ་བླངས་ན། རིན་པོ་ཆེའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། པདྨ་རཀྟ་དུག་བདུད་རྩིར་སྒྱུར་བའི་རྩ་བ་ཡིན་པའིདོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། པདྨ་རཀྟ་མུའཛའར་ཏུ་སྦྱར་ན་གློའམ་ཆམ་པའི་ནད་སེལ་ཅིང་། མདོག་སྡུག་པའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། པདྨ་རཀྟ་ཤིང་ཟི་ར་དང་སྦྱར་ན་མདངས་དང་ལྡན་ཞེས་བད་མཁྲིས་སེལ་བའི་བདུད་རྩི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། པདྨ་རཀྟ་བསྟེན་ཅིང་དང་དུ་བླངས་ན་སྣང་བ་མཐའ་ཡས་ཀྱི་དངོས་གྲུབ་ཐོབ་པར་འཀྱུར་བའི་བདུད་རྩི་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆུ་དུག་བདུད་རྩིར་སྒྱུར་བའི་རྩ་བ་ཡིན་པའི་དོན་རྟོགས་པར་བྱས་ལ།དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆུ་ཤིང་པུ་རིའི་ལོ་མ་དང་སྦྱར་ན། ལྕེ་བདེ་ཞིང་དབྱངས་སྙན་པར་འགྱུར་བའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བ་བྱ་བ་དང་། དྲི་ཆུ་ནི་ལོ་ཏཱལ་ལ་དང་སྦྱར་ན་གློ་དང་གག་པའི་ནད་སེལ་བའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དྲི་ཆུ་བསྟེན་ཅིང་དང་དུ་བླངས་ན། དོན་ཡོད་གྲུབ་པའི་དངོས་གྲུབ་ཐོབ་པར་འགྱུར་བའི་བདུད་རྩི་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་ཡིན་པ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔའི་རང་བཞིན་ཡིན་པར་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད་ཡིན་པར་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཡུལ་བཞི་དང་དུས་བཞི་སེམས་མ་བརྒྱད་ཀྱི་རང་བཞིན་ཡིན་པར་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཕྱིན་ཅི་ལོག་བཞི་ཁྲོ་བོ་བཞི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཆད་པར་མ་ཡིན་སོ་གས་མུ་བཞི་ཁྲོ་མོ་བཞིའི་རང་བཞིན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་འཇིག་རྟེན་དྲུག་གི་ཆ་འཛིན་པ་དྲུག་ཐུབ་པ་དྲུག་གི་རང་བཞིན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཡུལ་ཕར་སྣང་བ་ཐམས་ཅད་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་དབང་པོ་ཚུར་སྣང་བ་ཐམས་ཅད་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ།དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཁམས་དང་སྐྱེ་མཆེད་དཀྱིལ་འཁོར་ལྷའི་རང་བཞིན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་རྫས་དང་ཡོ་བྱད་ཚོགས་དང་གཏོར་མའི་རང་བཞིན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཡན་ལག་ཆེན་པོ་བདུན་མ་མོ་བདུན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཡན་ལག་བཞི་སྲིང་མོ་་བཞི་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་སྒལ་ཚིགས་ཉི་ཤུ་རྩ་བརྒྱད་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་མཚན་སུམ་ཅུ་རྩ་གཉིས་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་གུར་ཚིགས་བཅོ་བརྒྱད་གིང་ཆེན་པོ་བཅོ་བརྒྱད་ཀྱི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ནམ་ཚོང་གི་རྩིབ་མ་བཞི་གསང་བའི་ཡུམ་བཞིའི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་རུས་འགོ་སུམ་བརྒྱ་དྲུག་ཅུ་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཕྱིན་ཅི་ལོག་ལྔ་སྐུ་ལྔའི་རང་བཞིན་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཁ་དོག་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ལམ་རྒྱུད་ལྔ་དཔའ་བོ་འབྲུ་ལྔའི་རང་བཞིན་ཡིན་པའི་དོན་དེ་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་ཕྱོགས་བཞི་དབུས་དང་ལྔ། གཞལ་ཡས་ཆོས་ཀྱི་དབྱིངས་ཡིན་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བསྒྲལ་བའི་ཞིང་བཅུ་ལ་ངག་བརླང་པོར་སྨྲས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་ཁྲིད་པ་ལ་ངག་བརླང་པོར་སྨྲས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ལས་ལོག་པར་བྱེད་པ་རྣམས་ལ་ངག་བརླང་པོར་སྨྲས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མ་རྟོགས་པ་རྣམས་ལ་ཆོས་ཟབ་མོའི་ངག་བརླང་པོར་སྨྲས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བདག་གི་སེམས་སངས་རྒྱས་ཡིན་པའི་དོན་རྟོགས་ནས་འགྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ལུས་དང་ཕུང་པོ་རྒྱལ་བ་རིགས་ལྔར་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གནམ་ས་རི་བྲག་ཁམས་དང་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་གྲུབ་པར་བྱས་པས། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྱི་ནང་གཉིས་ཡུལ་དང་དབང་པོ་ཡིད་དང་ཆོས་སུ་ཚིགབ་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུར་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། དམ་རྫས་ལྔ་དུག་བདུད་རྩིར་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བསྒྲལ་བའི་སེམས་ཅན་རིགས་ངེས་པའི་སྲས་སུ་གྲུབ་པར་བྱས་ལ།དམ་ཚིག་ལས་མི་འདའ་བར་བྱ་བ་དང་། སྦྱོར་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མར་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ལྷའི་སྐུ་མདོག་དང་ཕྱག་མཚན་ཏིང་ངེ་འཛིན་གྱིས་གསལ་བར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བུ་ལ་མ་བྱམས་པ་བཞིན་བསམས་ལ་ཐུགས་རྗེས་ཟིན་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། གསང་སྔགས་གསང་བའི་རྒྱུ་ཁེ་དང་གྲགས་པ་སྤངས་ཤིང་དམ་ཚིག་ལས་མི་འདའ་བར་བྱ་བ། བཟླས་བརྗོད་དང་འཕྲོ་འདུ་མངོན་དུ་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འཕགས་པ་རྣམས་ལ་ཚོགས་དང་གཏོར་མ་རབ་ཀྱིས་ཉིན་མཚན་རྒྱུན་ཆད་པ་མེད་པར་མཆོད་པ་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འབྲིང་གིས་ཉིན་ལན་རེ་མཆོད་པར་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཐ་ན་ཡང་འོ་་དང་ཟླ་བར་མ་འདས་པར་མཆོད་པ་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འོ་་ཟླ་ལ་བསྐང་ལ་དམ་ལ་མི་འདའ་བར་བྱ་བ་དང་། ཉམས་པ་ཡོད་ན་སོར་བཅུག་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་ལེ་འོ་་བཏང་སྙོམས་ལ་སོགས་པ་སྤངས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འཕྱ་བཞད་དང་གཉིད་དབང་དུ་མི་བཏང་བར་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བསྒྲུབ་ཅིང་དང་དུ་ངས་་་ མ་ཚི ་ལས་མི་འ འ་བར་བྱ་བ་ ང་ བ ་བས་ ངས་སུ་མེ ་པའི་་ ་་ ས་པར་བྱས་ལ མ་ཚི ་ལས་མི་འ འ་བར་བྱ་བ་ ང་ ་ ་པས་་ ་ ང་མི་འ ལ་ ང་ཡོངས་ཀྱིས་མ་ པྱ ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བརྒྱ་རྩ་བརྒྱད་པོ་འདི་དག་བསྲུངས་ན། བདུད་རྩི་ཡིན་ནོ། །ཡེ་ཤེས་ཡིན་ནོ། །སངས་རྒྱས་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཡིན་ནོ། །ཀུན་ཏུ་བཟང་པོ་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་།ཚིགབདམ་ཚིག་འདི་བསྲུངས་པས་སངས་རྒྱས་པ་ལས་གཞན་མ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱིས་དམ་ཚིག་ལ་བསྔགས་སོ། །དམ་ཚིག་འདི་མ་བསྲུངས་ན། དུག་འཐུངས་པ་དང་འདྲ་སྟེ། ཆོས་སྤྱོད་གང་ཤེས་ཀྱང་མནར་མེད་པའི་དམྱལ་བར་འགྲོའོ། །གཏོར་རྒྱུད་ཆེན་པོ་ལས། ཡན་ལག་གི་དམ་ཚིག་བརྒྱ་རྩ་བརྒྱད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།རྡོ་རྗེ་སེམས་དཔའ་གཞན་ཡང་། དམ་ཚིག་ཉམས་པར་གྱུར་པའི་མཚན་མ་འདིའོ། །རྣལ་འབྱོར་པ་མི་ཆོས་ཀྱི་བློན་པོ་ལྟ་བུའི་ལས་བྱེད་པས། ཐབས་ཀྱིས་གཞན་སྨད་པ་དང་། འཐབ་ཅིང་རྩོད་པ་དང་། ཕྱོགས་འཆོས་པའི་ལས། རླབས་དང་ཆེ་འདོད་པ་ནི་དམ་ཚིག་ཉམས་པར་གྱུར་པའི་མཚན་མའོ། །རྣལ་འབྱོར་པ་གདེང་མ་ཟིན་པར། རིགས་རྒྱུད་ཀྱི་བུ་སྡུད་ཅིང་། ཡོངས་ཀྱི་འདེབས་པའི་དབང་གིས། ཛ་གད་ཀྱི་དབང་བཙན་པར་བྱས་ནས་དྲེགས་པའི་ཁར་བཏང་ནས། སྙིང་རྗེ་དང་བྲལ་བ་རྣམས་ནི་དམ་ཚིག་ཉམས་པའི་མཚན་མའོ། །གསང་སྔགས་གསང་བའི་བཀའ་དར་དྲགས་པར་ཀུན་སྤྱོད་ན་ཡང་། དམ་ཚིག་ཉམས་པར་གྱུར་བའི་མཚན་མའོ། །ལྟ་བ་ལ་ཕྱོགས་རིས་སུ་བལྟས་ན་ཡང་། དམ་ཚིག་ཉམས་པའི་མཚན་མའོ། །ཆོས་ལ་བཟང་ངན་དུ་འཛིན་པ་ཡང་དམ་ཚིག་ཉམས་པའི་མཚན་མའོ། །ཐུགས་རྗེ་ལ་དབྲི་བཀོལ་དུ་བྱེད་ན་ཡང་དམ་ཚིག་ཉམས་པའི་མཚན་མའོ། །རྣལ་འབྱོར་གྱི་ཆོས་ལ་རིས་གཉིས་སུ་འཛིན་པར་བྱེད་ན་ཡང་དམ་ཚིག་ཉམས་པའི་མཚན་མའོ། །མཚན་ཉིད་ངན་པ་རྣམས་ལ་རྣལ་འབྱོར་གྱི་ཆོས་བསྟན་ན་ཡང་། དམ་ཚིག་ཉམས་པའི་མཚན་མའོ། །ཕོངས་ཤིང་ཉམ་ཐག་པ་ལ་སྤྱོད་པ་རྩིང་པོར་སྤྱད་ན་ཡང་། དམ་ཚིག་ཉམས་པར་གྱུར་པའི་མཚན་མའོ། །གཏོར་རྒྱུད་ཆེན་པོ་ལས། དམ་ཚིག་ཉམས་པར་གྱུར་པའི་མཚན་མ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།རྡོ་རྗེ་སེམས་དཔའ་གཞན་ཡང་དམ་ཚིག་ཉམས་པའི་སྤྱོད་པ་ནི། རྒྱུ་ལ་འབད་པ་མེད་པར་འབྲས་བུ་ལ་རེ་ཆེ་བར་འཇོག་པ་དང་། རང་གི་བྱས་པའི་འབྲས་བུ་མེད་པར་གཞན་ལ་དངོས་སུ་རེ་བ་དང་།མ་བསྒོམས་པར་དངོས་གྲུབ་ཐོབ་ཏུ་རེ་བ་དང་། དམ་ཚིག་མ་བསྲུངས་པར་མཐུ་ཆེ་བར་འདོད་པ་དང་། བསླབས་ཤིང་རྡོ་རྗེ་མ་སྦྱངས་པར་མཁས་ཤིང་བཙུན་པར་འདོད་པ་དང་། ཕྱི་ནང་གི་དབང་མ་བསྐུར་བར་སློབ་དཔོན་བྱེད་པ་རྣམས་ནི། དམ་ཚིག་ཉམས་པའི་སྤྱོད་པ་ཡིན་ནོ། །མཁས་པ་ལ་མི་མཁས་པའི་སྒྲོ་འདོགས་པ་ཡང་། དམ་ཚིག་ཉམས་པའི་སྐྱོན་དང་སྤྱོད་པ་ཡིན་ནོ། །མི་མཁས་པ་ལ་མཁས་པའི་ཆེ་འབྱིན་ན་ཡང་།དམ་ཚིག་ཉམས་པའི་སྤྱོད་པ་ཡིན་ནོ། །བཀའ་མནོས་པའི་སློབ་དཔོན་ཁུངས་བསུབས་ནས་དད་པའི་ཕྱོགས་ནས་ཁུངས་འབྱིན་པར་བྱེད་ན་ཡང་། དམ་ཚིག་ཉམས་པའི་སྤྱོད་པ་བྱེད་པ་ཡིན་ནོ། །གཞན་བཀའ་མ་ནོར་བར་སྤྱོད་པའི་ཆོས་ལ་མིན་ཞེས་སྨྲས་ནས། བཀའ་མིན་པ་ལ་ལེགས་པར་སྟོན་པ་ཡང་། དམ་ཚིག་ཉམས་པའི་སྤྱོད་པ་ཡིན་ནོ། །སྔོན་གྱི་རྒྱལ་བའི་བཀའ་བརྒྱུད་བསྣུབས་ཏེ། མེ་ལ་བསྲེག་ཅིང་གང་ཟག་གྲུབ་པ་མ་ཐོབ་པས་མི་ཚིག་ཏུ་ལེགས་པར་བསྟན་པ་དག་ལ་བསྟོད་ཅིང་དར་བར་བྱེད་ན་ཡང་། དམ་ཚིག་ཉམས་པའི་སྤྱོད་པ་བྱེད་པ་ཡིན་ནོ། །མན་ངག་ངེས་པའི་དོན་གཞན་མཁས་པས་མཛད་པར་ཡིད་ཆེས་ཀྱང་། སེམས་ཅན་གྱི་ལུས་སུ་ཆེ་ཆུང་བཟུང་ནས། དེ་མི་ཉན་པར་བྱེད་ན་ཡང་། དམ་ཚིག་ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །བཀའི་ཞལ་ཆབ་གྱུར་པ་ཐོབ་པར་གྱུར་པ་ལ། དོན་གྱིས་མི་ཉན་པར་ཐོབ་ཀྱིས་བྲོས་ཤིང་རང་ངོམ་པར་བྱེད་ན་ཡང་། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །རྣལ་འབྱོར་གྱི་མཆོད་ཆ་ལ་སོགས་པ་གཅིག་ལ་གཅིག་འགྲོལ་བ་མནོག་ཅིང་། གསང་བར་བྱེད་ན་ཡང་། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །སྣོད་མི་བལྟ་བར་འཁོར་དང་སྡེ་མང་པོར་འདོད་པས། གསང་སྔགས་ཀུན་ལ་གྲགས་པར་བྱེད་པ་ཡང་། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །ཚིག་གི་ཟུར་ཁྱོད་དང་ང་རུ་འབྱེད་པར་བྱེད་ཅིང་། ཆེ་ངག་དག་འཐོན་པར་བྱེད་༄༅ པ་ཡང་། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །གཞན་གྱི་ཡོན་ཏན་ཅི་ཡོད་པ་མ་གྲགས་ཤིང་སུབས་པར་དགའ་ལ། སྐྱོན་ཅི་ཡོད་པ་བརྗོད་པར་བྱེད་ན། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །རང་ནི་གྲུབ་ཅིང་མཐོ་བར་འདོད་ལ། གཞན་ནི་དམས་ཤིང་མ་གྲུབ་པར་འདོད་ན། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །འདི་ལྟར་སྤྱོད་པ་ལེགས་སུ་རེ་སྟེ་མ་ལེགས་སོ། །འདི་ལྟར་སྤྱོད་པ་གྲུབ་ཏུ་རེ་སྟེ་མི་འགྲུབ་བོ། །འདི་ལྷར་སྤྱོད་པ་མཁས་སུ་རེ་སྟེ་མི་མཁས་སོ། །འདི་ལྟར་སྤྱོད་པ་སྤྱད་ཞིང་ཤེས་སུ་རེ་སྟེ། མི་སྦྱང་ཞིང་གླེན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་མ་རྟོགས་ཤིང་མི་ཆོས་ཀྱི་སྒྲིན་དུ་རེ་བས། ངན་སོང་གི་ཚོགས་སོགས་པ་ཡིན་ནོ། །གཞན་ཡང་ཉམས་པའི་སྤྱོད་པ་ནི། གནས་ཉམས་པའི་སྤྱོད་པ་གྲོང་གསེབ་ཏུ་གསང་སྔགས་སྤྱོད་པ་དང་། མི་ནག་གི་སར་སྤྱོད་པ་དང་། དམ་ཚིག་ཉམས་ཤིང་མེད་པ་དང་འདྲེས་པར་སྤྱོད་པ་དང་།གསང་སྔགས་ཀྱི་དམ་རྫས་སྐྱེ་བོ་ཡོངས་ཀྱིས་མཐོང་ཞིང་ཆ་ཡོད་པར་བྱས་པ་ཡང་། ཉམས་པར་གྱུར་པའི་སྤྱོད་པ་ཡིན་ནོ། །གཏོར་རྒྱུད་ཆེན་པོ་ལས། དམ་ཚིག་ཉམས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།རྡོ་རྗེ་སེམས་དཔའ་གཞན་ཡང་དམ་ཚིག་ཉམས་པའི་རྟགས་ནི། འཇིག་རྟེན་ཁམས་འདིར་ཡང་མཛེ་དང་ཤུ་བ་དང་། འབྲུམ་བུ་ལ་སོགས་པ་ནད་ངན་པ་སྣ་ཚོགས་པ་འབྱུང་བ་དང་། བགེགས་དང་བསམ་སྦྱོར་ངན་པའི་ལས་ལ་སོགས་པའི་བར་ཆོད་འབྱུང་བ་དང་། མུ་གེ་དང་ཡ་ང་བ་སྣ་ཚོགས་ཉམས་སུ་མྱོང་བ་དང་། བུ་དང་ཆུང་མ་འཁོར་ལ་སོགས་པ་དང་འབྲལ་བ་དང་། རྒྱལ་སྲིད་དང་ལོངས་སྤྱོད་ལ་སོགས་པ་འབྱོར་པ་རྣམས་མི་རྟག་པར་འགྱུར་བ་དང་། རྒྱལ་པོ་དང་བློན་པོ་ལ་སོགས་པའི་བརྐའ་ཆད་པ་དང་། ན་བས་འབྱུང་བ་དང་། མི་ཡང་མཉེས་པར་འཛུག་པར་འབྱུང་ན། དེ་དག་རྒྱལ་བ་དང་། ལོ་ཕྱུག་མི་ལེགས་ཤིང་ཡིད་དུ་མི་འོང་བ་སྣ་ཚོགས་པ་དག་བྱུང་ན། ཉམས་པའི་སྔ་རྟགས་ཡིན་པས། གསོ་ཞིང་བསྐྱར་བའི་ཆོ་ག་བྱ། འདི་དག་ཉམས་པ་མ་ཚོར་བར་བྱུང་ན་ཡང་། དུས་སྔ་མ་ཉམས་པ་ཡིན་པས་བསྐང་གསོའི་ཆོ་ག་ལ་སོགས་པས་དག་པར་བྱའོ། །དེ་དག་བསྐང་དང་ངན་སོང་གི་སྡུག་བསྔལ་ཉམས་སུ་མི་མྱོང་ངོ་། །གང་དག་ཉམས་པར་གྱུར་པ་ལ། རྟགས་འདི་དག་མི་འབྱུང་བར་སླར་ལེགས་པ་དག་འབྱུང་བར་བྱེད་ན། མནར་མེད་པར་སྐྱེ་བར་འགྱུར་རོ། །མནར་མེད་པ་ལས་ཐམས་ཅད་དུ་ཐོན་པར་མི་འགྱུར་རོ། །སྡུག་བསྔལ་གྱི་རྒྱུན་ལས་མ་གཏོགས་པ། བདེ་བ་སྐད་ཅིག་ཙམ་ཡང་འཇུག་པའི་སྐབས་མེད་པས། ཕྱི་མའི་བདེ་བ་འདི་རུ་སྨིན་ནས། ཕྱི་མ་ཕན་ཆད་ལ་བདེ་བ་སྤྱོད་པའི་སྐབས་མེད་དོ། །མནར་མེད་པ་ལ་ཤིན་ཏུ་ཉོན་མོངས་ཤིང་འཁོད་དོ། །གང་དག་ཉམས་པ་འདིར་བྱུང་བ་རྣམས་ནི། འབྲས་བུ་འདིར་སྨིན་པས་ཕྱི་མ་ལ་མི་འགྱུར་བའི་ཐ་ཚིག་གོ །གཏོར་རྒྱུད་ཆེན་པོ་ལས། ཉམས་པའི་སྔ་རྟགས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་དམ་ཚིག་ཉམས་པའི་སྐྱོན་བསྟན་པ་འདི་ཆེད་དུ་བརྗོད་དོ། །སྐུའི་དམ་ཚིག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་ལ་མནར་སེམས་དང་། འཕྱ་སེམས་ཙམ་དུ་ཡང་སྤྱད་པར་མི་རུང་ན། གནོད་པ་དངོས་སུ་བྱེད་པ་དང་། འཁུ་ཞིང་ལྡོག་པ་དང་། ཟང་ཟིང་གི་དོན་ལ་བརྐམ་པ་དང་།འཐབ་ཅིང་རྩོད་པ་ལྟ་ཅི་སྨོས་ཏེ། སྐུའི་དམ་ཚིག་ཉམས་པས་སོལ་དུམ་ལ་ལྗོན་ཤིང་མི་སྐྱེ་བ་དང་འདྲ་སྟེ། བསྐལ་པ་གཅིག་གི་བར་དུ་སེམས་ཅན་དམྱལ་བར་སྐྱེ་ཞིང་། གཞན་དགེ་བའི་རྩ་བ་ཅི་བྱས་ཀྱང་ཕན་མེད་པ་དང་། གསུང་གི་དམ་ཚིག་སྔགས་དང་ཏིང་ངེ་འཛིན་བར་མི་བཅད་དོ་བྱས་ཏེ་ཁས་བླངས་ནས་ལོ་དང་ཟླ་བ་ཙམ་ལ་མ་དོད་ཀྱིས་ཡུད་ཙམ་མི་དྲན་པས་ས་བོན་མེས་ཚིག་པ་དང་འདྲ་སྟེ། བསྐལ་པ་གཉིས་ཀྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་ཞིང་། གཞན་གྱི་དགེ་བའི་རྩ་བ་ཅི་བྱས་ཀྱང་ཕན་མེད་པ་དང་། ཐུགས་ཀྱི་དམ་ཚིག་གསང་བའི་མན་ངག་གཞན་ལ་མི་སྤེལ་ལོ་བྱས་ནས། དམ་ཉམས་པ་དང་། དམ་མེད་པ་དང་། ཆོས་ལོག་པར་འཛིན་པ་མཐའ་དག་ལ་འཆད་ཅིང་མ་ཀར་གཏོང་བ་དང་། བཀའ་འཆལ་པ་ལྟ་ཅི་སྨོས་ཏེ་ཐུགས་ཀྱི་དམ་ཚིག་ཉམས་ན་བསྐལ་པ་གསུམ་དུ་མནར་མེད་པར་ལྟུང་ཞིང་། མེ་ཏོག་སད་ཀྱིས་བསད་པ་དང་འདྲ་སྟེ། གཞན་དགེ་བའི་རྩ་བ་ཅི་བྱས་ཀྱང་ཕན་པ་མེད་པ་དང་། གསུམ་ག་ཉམས་ནས་གཞི་འཇིག་པ་དང་འདྲ་སྟེ། བསྐལ་པ་དཔག་གིས་མི་ལངས་པར་དམྱལ་བར་སྐྱེའོ། །ཡན་ལག་གི་དམ་ཚིག་ཉམས་ན་ཤིང་ཏྭ་ལའི་ལོ་མ་བཅད་པ་དང་འདྲ་སྟེ། བསྐལ་པ་ཆེན་པོར་དམྱལ་ཁམས་བཅོ་བརྒྱད་དུ་སྡུག་བསྔལ་ཉམས་སུ་མྱོང་བ་དང་། དམ་ཚིག་ཀུན་ཉམས་ནི་མི་སྲིད་ན། ཉམས་ན་གླེང་བརྗོད་ལས་འདས་སོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །དམ་ཚིག་ཚིག་ཏུ་གསུངས་པ་ཡང་། །མ་ཉམས་བསྲུངས་ན་དམ་ཚིག་ཡིན། །དམ་ཚིག་བསྲུངས་པར་དཀའ་ན་ཡང་། །ཐར་པར་བསྙེག་པ་ཤིན་ཏུ་ཉེ། །དམ་ཚིག་ཉམས་པ་རབ་སླ་ཡང་། །དམྱལ་བའི་སྦྱོད་པ་ཡ་རེ་ཆ། །བླུན་པོས་དེ་ལྟར་མ་རིག་སྟེ། །འཁོར་བའི་སྡུག་བསྔལ་བཟོད་བླག་མེད། །དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ལྔའི་སངས་རྒྱས་ལ་སོགས་པ་ཡེ་ཤེས་ཆེན་པོའི་ཁྱད་པར་ཉིད་ལས་མི་གཞན་པའི་འཁོར་དང་། འགྲོ་བ་འདུལ་བའི་འཁོར་དང་། ཐུགས་རྗེ་སྤྲུལ་པའི་འཁོར་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཐམས་ཅད་ཤིན་ཏུ་སྔངས་ནས་སྐྲག་ཅིང་འདར་ཏེ་བརྒྱལ་ནས་ཁ་སྦུབ་ཏུ་འགྱེལ་ཏོ། །གཏོར་རྒྱུད་ཆེན་པོ་ལས། དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་དེ་དག་བརྒྱལ་བ་བསྲུང་བར་བྱ་བའི་ཕྱིར་ན། འདི་སྐད་ཅེས་བྱ་བའི་གླུ་དབྱངས་སོ། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་མ་ལུས་བཞུགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་བསྐལ་བཟང་འཁོར་དང་བཅས། །འདི་དག་ཉིད་དུ་རྒྱལ་བས་གླུ་བླངས་ན། ཁེན་ཏུ་སྲིད་ལས་མ་ལུས་འདས་པ་དང་། ཁེ་བར་གྱུར་པ་སླར་ཡང་ལངས་འགྱུར་ན། །ཡང་དག་སྲིད་ལ་བལྟ་ཞིང་སྨོས་ཅི་དགོས། །ཞེས་བྱ་བའི་གླུ་བླངས་པས། དེ་དག་རྒྱལ་བ་ལས་སླར་ལངས་སོ། །དེ་ནས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་རབ་འབྱམས་ཀྱི། །སངས་རྒྱས་མཛད་པ་ངོ་མཚར་བས། །གསེར་སྐྱོགས་དངུལ་སྐྱོགས་ཞོམ་པ་བཞིན། །ཐུགས་རྗེ་ཆེ་བའི་ལྷ་ཁྱོད་ཀྱིས། །འདྲེན་པའི་ཐུགས་རྗེས་བཟུང་ནས་ཀྱང་། །ལས་ཀྱི་དབང་དུ་མི་བཏང་བར། །དུས་ལ་བབ་པའི་ཕྲིན་ལས་ཀྱིས། །དམ་ཚིག་ཉམས་པ་བསྐང་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམ་ཚིག་འདི་དག་ཉམས་པ་སོར་ཆུད་པའི་ཐབས་ཞུས་པ་ནི། ལེགས་སོ་ལེགས་སོ། །འདི་དག་སྐོང་བའི་ཐབས་མ་ཤེས་ན། །ཕལ་ཉམས་པ་ཤ་སྟག་འབྱུང་བས། །བསྐང་བའི་ཆོ་ག་བཤད་པར་བྱ་སྟེ། སྐུའི་དམ་ཚིག་ཉམས་ན་གནས་སུ་བསྐང་ངོ་། །གསུང་གི་དམ་ཚིག་ཉམས་ན་བདུད་རྩི་བདེ་བ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ལན་གསུམ་གྱིས་བསྐང་ངོ་། །ཐུགས་ཀྱི་དམ་ཚིག་ཉམས་ན་ཏིང་ངེ་འཛིན་ལས་རུང་བས་བསྐང་ངོ་། །ཡན་ལག་གི་དམ་ཚིག་ཉམས་ན། ཚོགས་དང་གཏོར་མ་བརྒྱ་རྩ་བརྒྱད་ཀྱིས་བསྐང་ངོ་། །དེ་དག་ལས་ཡིད་ཟུངས་སུ་བཟུང་བས་བསྐང་བར་བྱའོ། །གཏོར་རྒྱུད་ཆེན་པོ་ལས། དམ་ཚིག་ཉམས་པ་བསྐང་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་རྣམས་ལ། གཏོར་རྒྱུད་ཆེན་པོ་འདི་དག་བཀའ་སྩལ་པས། ཐམས་ཅད་ཀུན་ཏུ་བཟང་པོའི་གཏོར་མའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཀུན་ཏུ་བཟང་པོས་རྔ་སྒྲ་སྐྱེ་བ་མེད་པ་འདི་ཆེད་དུ་བརྗོད་དོ། །ཧུ༷་ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །ཁམས་གསུམ་མ་ལུས་དབང་དུ་བསྡུས། །ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །བདུད་ཀྱི་ཀླད་པ་ཚལ་པར་གཤོགས། །ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །དགྲ་བོའི་མགོ་ལུས་དུམ་བུར་ག་། །ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །བགེགས་ཀྱི་ཚོགས་རྣམས་རྡུལ་དུ་རློག །ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །མ་མོ་མཁའ་འགྲོ་བྲན་དུ་ཁོལ། །ལྡི་རིའི་རྔ་ཆེན་འདི་བརྡུངས་པས། །སྟོང་གསུམ་ཆོས་སྒྲ་ཆེན་པོར་སྒྲོགས། །ལྷ་རྣམས་ཕྲག་དོག་ཆེ་བ་ལ། །ཤེས་རབ་ངེས་པའི་ཆོས་ཀྱང་སྟོན། །མི་རྣམས་མངོན་ཤེས་ཆུང་བ་ལ། ཁྲེས་རབ་རྣོ་བའི་ཆོས་ཀྱང་བཤད། །བྱོལ་སོང་བླུན་ཞིང་གཏི་མུག་པར། ཁེས་རབ་གསལ་བའི་ཆོས་ཀྱང་བཤད། །ཡི་དྭགས་བཀྲེས་སྐོམས་ཉེན་པ་ལ། ཁེས་རབ་མཆོག་གི་ཆོས་ཀྱང་སྟོན། །དམྱལ་བ་ཚ་གྲང་ཉེན་པ་ལ། ཁྲེས་རབ་རྟོགས་པའི་ཆོས་ཀྱང་སྟོན། །ཙསྡོན་དཀར་པོའི་རྔ་ཤིང་ལ། །བན་གླང་དཀར་པོས་གཡོགས་བྱས་པ། །གནོད་པའི་དགྲ་བགེགས་ཞི་བའི་རྔ། །སྨར་མོ་དག་གི་རྔ་ཤིང་ལ། །མི་ལྤགས་གཡང་གཞིའི་གཡོགས་བྱས་པ། །ཚེ་དང་བསོད་ནམས་རྒྱས་པའི་རྔ། །སེང་ལྟེང་དམར་པོའི་རྔ་ཤིང་ལ། །སྟག་ལྤགས་དམར་པོས་གཡོགས་བྱས་པ། །ཐམས་ཅད་དབང་དུ་སྡུད་པའི་རྔ། །འབྲུག་མོ་ཚེར་མའི་རྔ་ཤིང་ལ། །མི་ལྤགས་གཡང་གཞིའི་གཡོགས་བྱས་པ། །གནོད་པའི་དགྲ་བགེགས་བསྒྲལ་བའི་རྔ། །རྔ་ནི་ཆོས་ཀྱི་ད་ཐུངས་ཀྱི་རྔ། རྔ་ལྡིང་རིག་པའི་ཡེ་ཤེས་ཡིན། །རིག་པའི་ཡེ་ཤེས་དབྱིངས་ལ་བརྡུངས། །དབྱིངས་དང་ཡེ་ཤེས་བྱིན་བརླབས་ལས། །ཆོས་ཀྱི་རྔ་སྒྲ་བསམ་ཡས་ཀྱིས། །སྟོང་གསུམ་ཆོས་སྒྲ་ཆེན་པོས་གང་། །འདུལ་བའི་ཐབས་སུ་སོ་སོར་སྟོན། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །རང་རྒྱལ་མདོ་སྡེ་ལ་སོགས་པ། །གང་ལྟར་འདུལ་བ་བཞིན་དུ་སྟོན། །དེ་ཚེ་གནས་ནས་རབ་མཚོན་ནས། །ཐམས་ཅད་གཏོར་མར་གཅིག་པར་བྱས། །ཞི་བ་ལ་ནི་ཟླུམ་པོའི་རྔ། །རྒྱས་པ་ལ་ནི་གྲུ་བཞི་སྟེ། །ཟླ་གམ་དབང་གི་རང་བཞིན་ལ། །ཟུར་གསུམ་དྲག་པོ་འཇོམས་པ་ཡི། །འཁོར་བ་བཀའ་ཉན་ཅི་བགྱིས་བྲན། །ཡང་བྲན་ཡང་སྤྲུལ་ལ་སོགས་པ། །རྔ་སྒྲ་དྲག་པོས་ལས་ལ་བཙུད། །ཅེས་ཆེད་དུ་བརྗོད་པས། མ་མོ་དང་མཁའ་འགྲོ་མས་ཅི་བསྒོ་བ་ཉན་ཅིང་། ཁམས་གསུམ་རྔ་སྒྲའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཏོ། །གཏོར་རྒྱུད་ཆེན་པོ་ལས། ཕྱག་ཆ་རྔའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཅི་ལྟར་སྣང་བ་སངས་རྒྱས་པའི་དོན་ཆེད་དུ་བརྗོད་དོ། །ཕྱི་ནང་སྣོད་བཅུད་ལ་སོགས་པ། །སྒྲོ་བཏགས་བུས་པས་བཟུང་བ་རྣམས། །ཕྱིན་ཅི་ལོག་ཏུ་རྣམས་བརྟགས་ཀྱང་། །གྲོལ་བར་ཐར་པའི་ལམ་དུ་བསྟན། །མྱ་ངན་འདས་དང་འཁོར་བའི་གནས། །ཐམས་ཅད་གཅིག་པའི་རང་བཞིན་དུ། །དབྱེར་མེད་ངོ་བོ་ཉིད་མཉམ་པས། །བྱང་ཆུབ་ཉིད་དེ་ལྟུང་གནས་མེད། །ཐར་པའི་ལམ་ནི་ལོག་པ་ཡིན། །ལོག་རྟོག་གཉིས་མེད་ཆོས་སྐུ་སྟེ། །ལོག་དང་ཐར་པ་གཉིས་མེད་པར། །མཉམ་དུ་གོམས་པ་ལམ་དུ་བདེ། །བྱ་བ་མེད་པས་ཐམས་ཅད་བྱས། །བྱེད་པའི་ལས་ཀུན་དེ་རྟོགས་ན། །དེ་ལས་དེ་རྟོགས་དེ་མི་འབྱུང་། །དེ་བཞིན་བྱར་མེད་མ་བཙལ་ཞོག །གང་ལ་གནས་པས་སངས་རྒྱས་ཡིན། །དེ་ཚེ་སྤངས་ན་དོན་མེད་པས། །མ་སྤངས་ནམ་མཁའི་ངང་དུ་གནས། །སྒྱུ་མ་ཙམ་ལས་ལྟོས། །ཆོས་རྣམས་གཅིག་གི་ངོ་བོ་ལ། །ཚིག་བརྗོད་མང་པོས་ཡོངས་སུ་བསླད། །དོན་དུ་འཚམས་པར་མ་གྱུར་ན། །བུ་གཅིག་མ་སྨྲ་བདེ་བར་གནས། །ཡོངས་ལ་ཁྱབ་ཅིང་དོག་པ་མེད། །ཀུན་དང་མ་འགལ་དོན་དང་མཐུན། །རང་སེམས་སངས་རྒྱས་ཡེ་རྟོགས་ན། །ཅི་བརྗོད་སངས་རྒྱས་གསུང་ཡིན་པས། །བློ་ལྡན་བུ་གཅིག་ཅི་ཡོད་སྨྲོས། །འཚམས་པར་གྱུར་པ་ལུང་ལས་གསུངས། །གཏོར་རྒྱུད་ཆེན་པོ་ལས། །ལྟ་བ་ཆོས་ཉིད་ཀྱི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ། དབང་བསྐུར་བའི་དོན་འདི་ཆེད་དུ་བརྗོད་དོ། །རྒྱུ་དང་འབྲས་བུ་ལ་སོགས་པ། །ཞལ་ནས་གསུངས་པ་ཐམས་ཅད་དང་། །གསང་བ་གསང་ཆེན་གང་མཆོག་རྣམས། །རྣ་དབང་ཡིད་ལ་ཉན་པར་བྱོས། །ཨོ་དྷརྨ་ཙཀྲ་ཧུ༷། ཨེ་མ་ཧོ། སློབ་མ་བློ་ལྡན་བུས། རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །བླ་མའི་ཚིག་ལས་མ་ནོར་བར། །སྣོད་དང་ལྡན་པ་རྣམས་ལ་སྟོན། །ཨོ་དྷརྨ་ཙཀྲ་ཕཊ། སྔགས་དང་ཕྱག་རྒྱ་ལ་སོགས་པ། །མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས། །གྲངས་ཚད་རྟགས་རྣམས་མངོན་གྱུར་པར། །རྣལ་འབྱོར་གསང་བར་བསྒྲུབ་པར་གྱིས། །ཨོ་ཨུ༷༷ཧུ༷་སརྦ་ཨེ་ཤུསྟེ་ཧུ༷་ཕཊ། རྡོ་རྗེ་རྒྱལ་པོ་སྐུ་གསུམ་འཆང་། །དབྱེར་མེད་ཏིང་འཛིན་མི་གཡོ་བ། །ཐམས་ཅད་ཀུན་གྱིས་འདྲེན་པ་པོ། །མ་ལུས་རྣལ་འབྱོར་འདྲེན་པར་གྱིས། །ཨོ་བཛྲ་བྷ་རུ་ས་མ་ཏི་ཧུ༷། དེ་ནས་ལས་རྣམས་ཀུན་རྫོགས་པས། །སྔགས་དང་ཕྱག་རྒྱ་ལ་སོགས་པ། །ལས་ཀྱི་བྱེ་བྲག་མང་པོ་དག །ཕྲིན་ལས་རྣམ་བཞི་གང་བྱོས་ཤིག །ཨོ་ཀརྨ་སིརྙི་ཧུ༷། ཞལ་ནས་གསུངས་པའི་ཆོས་ཀུན་ལ། །དེ་ཚེ་བདག་ཉིད་དང་འདྲ་བས། །དང་པོ་ཐོབ་པའི་དབང་བསྐུར་བས། །བདག་དང་འདྲ་བར་ལས་བྱོས་ཤིག །ཨཱོཾ༷་བཛྲ་ར་ཙེ་ས་ཏེ་ཧུ༷། དེ་ནས་དབང་དང་གྲུབ་པ་རྣམས། །བརྟན་ཞིང་ཆགས་པར་འདོད་པ་དེས། །རྒྱལ་སྲིད་ལོངས་སྤྱོད་སྣ་ཚོགས་དང་། །བུ་དང་ཆུང་མ་འབྲེལ་བའི་གྲོགས། །ཅི་ཡོད་ལུས་དང་སྲོག་གིས་མཐུད། །བླ་མ་ལ་ནི་མ་ལུས་པར། །གསོག་འཇོག་མེད་པར་དབུལ་བར་བྱ། །དེ་ནི་དཔག་གིས་མི་ལངས་ཏེ། །དབང་བསྐུར་གནང་བ་དེ་བཞིན་དུ། །ཡིད་ལ་ཅི་དགར་དབང་གྱུར་ཏེ། །མཁའ་ལ་འགྲོ་ན་བྱ་བཞིན་ནོ། །འཕགས་པའི་སྐུ་དང་ཐ་མི་དད། །རྒྱལ་བ་ཉིད་ཀྱང་ཅི་བཞིན་དུ། །ཡིད་ལ་བསམ་པས་དབང་བསྐུར་ནས། །གཞན་གྱིས་ལས་རྣམས་སྨོས་ཅི་དགོས། །གང་ཞིག་དབང་རྣམས་མ་ཐོབ་པར། །གང་ཞིག་སྔགས་ལ་སྤྱོད་བྱེད་པ། །ས་བོན་མེ་ཡིས་ཚིག་པ་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །གཏོར་རྒྱུད་ཆེན་པོ་ལས། དབང་གི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །གཏོར་ནི་ཐབས་ཀྱི་རང་བཞིན་ལ། །མ་ནི་ཤེས་རབ་རང་བཞིན་ཏེ། །ཐབས་དང་ཤེས་རབ་གཉིས་སུ་སྤྱོད། །གཏོར་ནི་ཐབས་ཀྱི་འཕྲོ་འདུ་ཡིན། །མ་ནི་ཤེས་རབ་བསྟན་པའི་ས། །ཐབས་དང་ཤེས་རབ་གཉིས་སུ་སྤྱོད། །གཏོར་ནི་ཐབས་ཀྱི་ཡེ་ཤེས་ཏེ། །མ་ནི་ཤེས་རབ་བརྟེན་པའི་ས། །གཏོར་ནི་ཐབས་ཀྱི་ཡེ་ཤེས་ཏེ། །མ་ནི་དབྱིངས་ཀྱི་ཤེས་རབ་པས། །ཐབས་དང་༄༅། ཁྲེས་རབ་གཉིས་སུ་སྤྱོད། །གཏོར་ནི་ཡབ་ཀྱི་བྱང་ཆུབ་སེམས། །མ་ནི་ཡུམ་གྱི་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་སུ་སྤྱོད། །གཏོར་མ་ཐབས་དང་ཤེས་རབ་ཀྱིས། །ཐམས་ཅད་སྤྱད་པས་སངས་རྒྱས་རྒྱུ། །འདི་ནི་སྤྱོད་པའི་རྒྱལ་པོའོ། །གཏོར་རྒྱུད་ཆེན་པོ་ལས། སྤྱོད་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡེ་ཤེས་རྒྱལ་པོས་བསྒྲལ་བའི་ཞིང་བཅུ་འདི་ཐུགས་རྗེས་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ། གཏོར་མའི་ཞིང་ཁམས་འདི་དག་ན། །མ་རུངས་ཞིང་བཅུ་འབྱུང་སྲིད་སྟེ། །དམིགས་ནི་ཞབྲུལ་འཁོར་ཡོངས་སུ་བལྟ། །ཀུན་ལ་གནོད་ཅིང་ཆོམ་རྐུན་བྱེད། །དཀོན་མཆོག་གསུམ་གྱི་ལམ་བཀག་ནས། །ངན་སོང་གསུམ་གྱི་ས་བོན་འདེབས། །བདག་དང་སློབ་དཔོན་མཆེད་ཀྱི་དགྲ །ཉམས་དང་དམ་ལས་ལོག་པ་དང་། །ལུབུ་དང་བར་གཅོད་བྱེད་པ་དང་། །མཚམས་མེད་ལྔ་དང་གསོད་ལ་བརྩོན། །ཡེ་ནས་ངན་པའི་ངང་ཚུལ་ཅན། །དེ་དག་བསྒྲལ་བར་བྱ་བའི་ཕྱིར། །ཕོ་ཉ་ཕྱག་བརྙན་ལ་སོགས་རྣམས། །མངོན་སུམ་འདྲ་བར་སྤྲུལ་ནས་ཀྱང་། །དེ་ཚེ་ཁུག་པར་བསམས་ནས་ཀྱང་། །ར༷་ཡ༷་ཁ༷་གིས་བསྲེག་སྦྱངས་ནས། །རིགས་དྲུག་སྐྱེ་བོའི་སྙིང་པོ་ལ། །ཡི་གེ་དཔའ་བོ་འབྲུ་ལྔ་ཡིས། །ཆོ་ག་རྣམ་གསུམ་འཕྲོ་འདུ་ལས། །ངན་སོང་འཁོར་བའི་སྒོ་བཀག་སྟེ། །ལྷ་ཡི་དཀྱིལ་འཁོར་གསལ་བར་བྱེད། །ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས། །རྣམ་ཤེས་ཧུ༷་དུ་བསྡུས་ནས་ཀྱང་། །ཨ་དང་ཡང་གི་འཕྲོ་འདུ་ལས། །ཕཊ་ཀྱི་བྱིན་རླབས་དྲག་པོ་ཡིས། །འོག་མིན་བླ་མེད་གནས་མཆོག་ཏུ། །སྦྱོང་བའི་ལྷུམས་སུ་འཕངས་ནས་ཀྱང་། །རྒྱལ་བའི་སྲས་སུ་སྐྱེས་ནས་ཀྱང་། །འཁོར་བར་མི་ལྟུང་སྒོ་བཀག་ནས། །ཐར་པའི་གནས་ལ་དགོད་པར་བྱ། །ཕུང་པོ་གཏོར་མའི་རྫས་སུ་སྤྱད། །མཁའ་འགྲོ་ལ་སོགས་གཟན་དུ་བོར། །ཀུན་གྱིས་ཟོས་པར་བསམས་ནས་ཀྱང་། །རྟགས་མ་ཕྱིན་པར་མི་གཏང་ངོ་། །ཐ་ན་ལན་བདུན་བྱས་པས་ཀྱང་། །སྒྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ཚེ་གཡེལ་ན་དོན་མེད་དོ། །གཏོར་རྒྱུད་ཆེན་པོ་ལས། །ཐུགས་རྗེས་གཞན་བསྒྲལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡེ་ཤེས་རྒྱལ་པོས། གཉིས་སུ་མེད་པར་སྦྱོར་བ་འདི་ཆེད་དུ་བརྗོད་དོ། །གཏོར་མ་ལ་སོགས་གསང་སྔགས་ཀྱི། །ཡུམ་གྱི་མཚན་ཉིད་བསྟན་པ་ནི། །མཚན་ལྡན་ཚུལ་རྒྱུད་ཤེས་པ་དང་། རིགས་དང་ཁ་དོག་དབྱིབས་ལ་སོགས། ཁྲེས་རབ་མཚན་མཆོག་ཚང་བ་རྣམས། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ལ་སོགས་པ། །གང་དག་ཡུམ་མཆོག་རྙེད་པ་དེ། །གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །མཁའ་གསང་རྣམ་གཉིས་བྱིན་བརླབས་ནས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །བསྙེན་པ་དང་ནི་ཉེ་བསྙེན་པོ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །མཁའ་དབྱིངས་སངས་རྒྱས་དཀྱིལ་འཁོར་ལ། །གཉིས་མེད་བདེ་བའི་དགྱེས་པས་བསྟིམ། །དེ་ཚེ་མཆོད་པ་རྒྱུན་མེད་འབུལ། །དངོས་གྲུབ་ལ་སོགས་གང་འདོད་ལ། །བྱང་ཆུབ་སེམས་ལ་བསྒྲུབ་ཅིང་བླང་། །འདི་ནི་གཉིས་མེད་སྦྱོར་བའི་མཆོག །གཏོར་རྒྱུད་ཆེན་པོ་ལས། སྦྱོར་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡེ་ཤེས་རྒྱལ་པོས། བསྒྲུབ་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །གཏོར་མ་ལ་སོགས་གང་བསྒྲུབས་ཀྱང་། །དང་པོ་ཕུན་སུམ་ཚོགས་པའི་གནས། །ཡིད་འོངགཞན་དང་་མཐུན་པ་སྲ །དཀྱིལ་འཁོར་ལྷ་ཡི་བཞུགས་གནས་བཞིན། །བྲིས་ཏེ་བསྒོམས་སམ་གང་ཡང་རུང་། །གོམས་པ་ཡིད་ཀྱིས་གསལ་བྱེད་ནས། །སྨན་དང་གཏོར་མ་ལ་སོགས་པ། །བདུད་རྩིའི་ལུང་དང་གཏོར་མའི་ལུང་། །དེ་བཞིན་རྟོགས་ཤིང་དེ་བརླབས་པས། །དཀྱིལ་འཁོར་གཉིས་པོ་རིམ་བཞིན་ནོ། །སྤྱན་དྲང་མཆོད་འབུལ་ཚོགས་དྲངས་ནས། །བསྒོམ་སྦྱངས་ཡི་གེ་འབྲུ་བརྒྱད་བཟླས། །རྟགས་དང་མཚན་མ་མ་བྱུང་བར། །རྒྱུན་མི་འཆད་པར་བསྙེན་ཅིང་བསྒྲུབ། །རབ་ཀྱིས་ཉིན་ཞག་གཅིག་གིས་འགྲུབ། །འབྲིང་གིས་ལོ་དང་ཟླ་བས་འགྲུབ། །ཐ་མས་ལོ་ཟླ་ཚུན་ཆོད་ཀྱིས། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །ཐམས་ཅད་དཀྱིལ་འཁོར་མཐོང་བ་དང་། །ལྷ་མོའི་གཟུགས་དང་སྒྲ་སྙན་དང་། །མཁའ་འགྲོ་ལ་སོགས་མ་ཚོགས་ཀྱིས། །མངོན་སུམ་གཏོར་མ་ལེན་པར་བྱེད། །གཞན་ཡངམཚནམསྣཚོགསསྟོན། །དེ་དག་མཐོང་དང་འགྲུབ་པའི་ཚེ། །མྱུར་བར་དངོས་གྲུབ་མཆོག་ཏུ་བླངས། །དེ་ཚེ་གཡེལ་ན་དོན་མེད་པས། །བགེགས་དང་བར་ཆོད་བྱེད་ལ་སོགས། །དྲག་པོའི་གཏོར་མས་བཟློག་པར་བྱ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་བསྒྲུབ་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡེ་ཤེས་རྒྱལ་པོས། རྣལ་འབྱོར་པ་ཡོངས་ལ་ཕན་གདགས་པའི་ཕྱིར། མཚན་མ་ཚོགས་ཀྱི་གཏོར་མ་འདི་ཆེད་དུ་བརྗོད་དོ། །ཚོགས་དང་གཏོར་མ་ལ་སོགས་པ། །རྣལ་འབྱོར་མཆོག་གི་ལོངས་སྤྱོད་སྟེ། །མ་ཉམས་ཐབས་ཀྱིས་དེ་སྤྱོད་པ། །གསང་སྔགས་ཆེ་བའི་རྒྱལ་པོ་ཡིན་ཞེས་བྱ། །ཚོགས་ལ་ཡང་རྣམ་པ་གསུམ་སྟེ། །སྐལ་ལྡན་མིའི་ཚོགས་དང་། དགའ་ལྡན་ལྷའི་ཚོགས་དང་། འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་སོ། །དེ་ལ་སྐལ་ལྡན་མིའི་ཚོགས་ནི། །ལྟ་སྤྱོད་མཐུན་པར་སྡེབ་པའོ། །དགའ་ལྡན་ལྷའི་ཚོགས་ནི། ལྟ་བ་དང་དམ་ཚིག་དང་ཏིང་ངེ་འཛིན་དུ་ལྡན་པའོ། །འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་ནི།རྐྱེན་དང་ལོངས་སྤྱོད་རྫོགས་དང་ཡོ་བྱད་དུ་ལྡན་པའོ། །དེ་ལ་འབྱོར་པ་ཆེ་ཆུང་དང་། །རྩོལ་འཕང་མཐོ་དམན་གྱི་རྒྱུ་སྦྱར། རྟོག་པ་ཆེ་ཆུང་དང་། དགོངས་པ་ཆེ་ཆུང་གིས་རྐྱེན་སྦྱར། ལས་འཕྲོ་བཟང་ངན་དང་། གོ་རིམ་ཆེ་ཆུང་གི་མཆོད་པ་ཕུལ་ནས། དམ་ལ་གནས་པ་དང་ཚུལ་དུ་ཤིས་པས་ལོངས་སྤྱོད་ཅིང་ཐུགས་དམ་བསྐང་། སྣོད་དང་ལྡན་ཞིང་བསྒོམ་སྲན་ཆེ་བས་དངོས་གྲུབ་བླང་། ཀློང་དུ་གྱུར་ཅིང་དོན་དང་ལྡན་པས་ལོངས་སྤྱོད་དེ། འགྲོ་བ་ཡོངས་ལ་ཕན་པ་དང་། ལས་ལ་གཟུད་པའི་ཕྱིར། ཕམ་ཕབ་ལྷག་མ་གཅིག་ཏུ་བསྡུས་ཏེ། ཡོངས་ལ་ཁྱབ་པས་གཏོར་མ་ནི། གཏོར་རྒྱུད་ཆེན་པོ་ལས། གཏོར་མའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཚོགས་ཀྱི་ལོངས་སྤྱོད་དག །འཇིག་རྟེན་ཁམས་ན་ཡོད་པ་ཀུན། །ལྷ་ཡི་ལོངས་སྤྱོད་རྐྱེན་ཡིན་པས། །འབྱོར་པས་བཤམས་ལ་དབུལ་བར་བྱའོ། །དེ་ལ་དང་པོ་ཚོགས་དྲངས་པ་ནི། རོལ་མོ་དང་རྒྱུད་ཀྱིས་སྣ་དྲངས། གྲི་གསུར་དང་སྤོས་ཀྱི་ངད་སྦྱར། མེ་ཏོག་དང་གཟུགས་ཀྱིས་རྒྱན་བཀྲམ་ནས། དང་པོ་ཚོགས་དྲངས་པ་འདི་སྐད་དོ། །ཧུ༷་གཞལ་ཡས་རིན་ཆེན་དམ་པ་འདིར། །བཀའ་དང་མཐུན་པའི་རྫས་མཆོག་བཀྲམ། །གཞུང་ལས་བྱུང་བའི་དཀྱིལ་འཁོར་བཀོད། །རྒྱུད་ལས་བྱུང་བའི་གཏོར་མ་བཞག །ལུང་ལས་བྱུང་བའི་སྨན་སྩལ་ཏེ། །བདེ་གཤེགས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བྱོན་བཞུགས་བདག་ཅག་མཆོད་འབུལ་ན། །དམིགས་པ་བཞིན་དུ་བཞེས་སུ་གསོལ། །བསྐུལ་བ་བཞིན་དུ་ཐུགས་དམ་བསྐངས། །བསྟབས་པ་བཞིན་དུ་ཞལ་དུ་གསོལ། །བཅོལ་བ་བཞིན་དུ་ཕྲིན་ལས་མཛོད། །ཞུ་བ་བཞིན་དུ་དངོས་གྲུབ་སྩོལ། །ཞེས་བརྗོད་ལ་འབྱོར་ཚོགས་ཀྱིས་མཆོད་པ་དྲངས་ལ། ཁྲོ་བོ་བཅུའི་སྔགས་ཀྱིས་མཚམས་བཅད་ནས། དང་པོར་རྡོ་རྗེ་དབྱིངས་ཀྱིལྷལམཆོདཔརབྱསྟེ། དེ་ལ་དང་པོ་མཆོད་པ་རྣམ་པ་བཞི་ལས། དང་པོ་ཕྱིའི་མཆོད་པའི་ཚོགས་ལས། ཧྭ༷་བཛྲ་ལྭ་པྱེ་ས་མ་ཡུ་སྟམ་དུ་གྱུར། དེ་ལས་ལྷ་མོ་ལྭ་པྱེ་མ་འོད་ཟེར་ཁུ་ཚུར་འགྱིངས་པའི་མཆོད་པར་གྱུར་ནས། ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚོགས་ཀྱིས་མཆོད་པར་གྱུར་ཏོ། །དེ་ཡང་མཆོད་པའི་ཚོགས་ལས། ཏྲ༷་མྱ་ལེ་ས་མ་ཡ་ཧོར་གྱུར་ནས། དེ་ལས་ལྷ་མོ་རིན་ཆེན་ཕྲེང་གི་མཆོད་པ་གྱུར་ནས། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚོགས་ཀྱིས་མཆོད་པར་གྱུར་ཏོ།དེ་ནས་ཡང་མཆོད་པའི་ཚོགས་ལས། ཧི༷༷གི་ཏི་ར་གོ་ཉ་ཧ༷་དུ་གྱུར་ནས། དེ་ལས་ལྷ་མོ་པི་ཝ༷་རྒྱུད་ཀྱི་མཆོད་པར་གྱུར་ནས། ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་མཆོད་པར་གྱུར་ཏོ། །དེ་ནས་ཡང་མཆོད་པའི་ཚོགས་ལས། ཨ༷་ནིར་ཏི་རྭ་ག་ཡུ་མིར་གྱུར་ནས། དེ་ལས་ལྷ་མོ་གར་གྱི་མཆོད་པར་གྱུར་ནས། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མཆོད་པར་གྱུར་ཏོ། །དེ་ནས་ནང་གི་མཆོད་པ་ནི། ཚོགས་ཀྱི་མཆོད་པ་ལས། ཛ༷༷རྙུ་པེ་པྲ་ཝེ་ཤ །ཧུ༷་པྲསྤྲོ་ཨུ་ཝེ་ཤ །བ༷་དི་པ༷་སུ་གི་རྡི། ཧོ་ཀྟསྡེ་ཙིལྟི་ལས་གོང་མ་བཞིན་དུ་ལྷ་མོ་བཞིའི་སྐུར་གྱུར་ནས། མཚམས་བཞིར་ཚོགས་ཀྱིས་མཆོད་པར་གྱུར་ཏོ། དེ་ནས་གསང་བའི་མཆོད་པ་ནི། ཚོགས་ཀྱི་མཆོད་པ་ལས། ཨང་ཀུ་ཤ་ཛ༷༷། བཱ་ཤ་ཧུ༷། སྤྲོ་ཊ་བ༷། བྷསྡེ་ཧོར་གྱུར་ནས། དེལསཚདམེདཔའིལྷམོ་བཞིར་གྱུར་ནས། སྒོབཞིརཚོགསཀྱིསམཆོདཔརགྱུརཏོ། །དེ་ནས་རབ་ཏུ་གསང་བའི་མཆོད་པ་ནི། ཚོགས་ཀྱི་མཆོད་པ་ལས། མོ་ཧ་རྭ་ཏི་ལ་སོགས་པ་དྲུག་ཏུ་གྱུར། དེ་ལས་ལྷ་མོ་དྲུག་གི་སྐུར་གྱུར་ནས། དཀྱིལ་འཁོར་གྱི་མགོ་མཇུག་ཏུ་ཚོགས་ཀྱིས་མཆོད་པར་གྱུར་ཏོ། །དེ་ལས་གཞན་ཡང་མཆོད་པའི་ལྷ་མོ་ཅི་འབྱོར་པས་མཆོད་དོ། །དེ་ནས་འབར་བའི་དཀྱིལ་འཁོར་ལ་ཚོགས་ཀྱིས་མཆོད་པ་ནི། བསྒྲལ་བའི་ཞིང་བཅུ་བཀུག་པར་བྱས་ལ། ཚོགས་ཀྱི་རྟེན་ལ་བསྟིམ། དེ་འགུགས་པའི་ཕོ་ཉ་བཏང་བ་འདི་སྐད་དོ། །ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །རྔམས་པའི་ཁྲོ་བོར་སྐུར་སྤྲུལ་ཏེ། །དྲག་ཤུལ་ལས་ཀྱི་ཕོ་ཉའི་ཚུལ། །གཏུམ་ཆེན་རབ་འབར་ཁྲོ་བོ་བཅུ་ལ་སོགས། །རྣམ་པར་རྒྱལ་དང་དབྱུག་སྔོན་ཅན། །གཤིན་རྗེ་གཤེད་དང་མི་གཡོ་མགོན། །རྟ་མགྲིན་དཔལ་དང་འདོད་པའི་རྒྱལ། །བདུད་རྩི་འཁྱིལ་དང་སྟོབས་པོ་ཆེ། །ཁམས་གསུམ་རྣམ་རྒྱལ་ཧུ༷་ཀ་ར། །ཕོ་ཉ་ཕྱག་བརྙན་ཉི་ཤུ་རྣམས། །དམ་ཚིག་ཉམས་པ་འདིར་ཁུག་ལ། །ཕོ་ཉ་མང་པོ་ནམ་མཁའི་སྐར་ལྟར་ཁྲོམ། །འགུགས་བྱེད་མང་པོ་བར་སྣང་སྤྲིན་ལྟར་གཏིབས། །ཕྱག་བརྙན་མང་པོ་མཁའ་ལ་ཆར་ལྷར་ཕོབ། །མགྱོགས་བྱེད་མང་པོ་བར་སྣང་གློག་ལྟར་འཁྱུག །ཟ་བྱེད་མང་པོས་སྤྱང་ཚོགས་ལྟར་དུ་རོལ། གསོད་བྱེད་མང་པོས་བྱ་སྨྲ་གཟན་ལྟར་ཆུམ། འཛིན་བྱེད་མང་པོས་ཆུ་སྲིན་ཁ་ལྟར་གྱིས། །འཆིང་བྱེད་མང་པོས་ཕྱག་རྒྱའི་ཚོགས་ལྟར་སྡོམས། གང་ལ་དམིགས་པར་བྱ་བའི་རྣམ་ཤེས་དྲོངས། བསྡམས་ཤིང་ཁུག་ལ་ཚོགས་ལ་བསྟིམས། །ཨང་ཀུ་ཤ་ཛ་ཛ་ཞེས་བརྗོད་པས། །འགྲོ་བ་རིགས་དྲུག་གི་རང་རང་གི་སྙིང་པོ་དྲངས་ལ། ཚོགས་ལ་བསྟིམས་ལ། ར༷་ཡ༷་ཁ༷་གིས་བསྲེག་སྦྱངས་ཚུལ་བཞིན་བྱས་ལ། གཡས་པ་ཡ་མྱརྙ་ཀའི་སྐུ་ལས། མུ་ལས་འཇམ་དཔལ་གྱི་རལ་གྲི་རྣོན་པོར་བསམས་ནས། བསྒྲལ་བའི་ཚིག་འདི་སྐད་བརྗོད་དོ། །ཧུ༷་གཡས་པ་ཡ་བཱརྙ་ཀ་སྟེ། །གསོད་པའི་ལས་ལ་ཤིན་ཏུ་བརྩོན། །འཇམ་དཔལ་རལ་གྲི་རྣོན་པོ་ཡིས། །མི་ཤེས་སྒྲིབ་པའི་དྲ་བ་གཅོད། །འཇམ་དཔལ་སྔོན་པོ་དཔལ་གྱི་ཞིང་། །བྱམས་དང་སྙིང་རྗེ་གོ་བགོས་ཏེ། །རལ་གྲི་ཨུཏུལ་སྔོན་པོའི་སོ་འདྲ་བས། །མ་རིག་པ་ཡི་སྐྲུབས་བཅོམ་སྟེ། །འཁོར་བའི་དྲ་བ་རྒྱུན་བཅད་ནས། །དུག་ཀྱང་ཡེ་ནས་སྨན་དུ་མཛད། །འདི་ནི་ཞེ་སྡང་རྣམ་པར་དག །བསད་པ་འབའ་ཞིག་ལས་སུ་རུང་། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ཡིན། །པྲ་བེ་ཤ་ཡ་ཕཊ་ཅེས་བརྗོད་པས། བསྒྲལ་བའི་བསམ་རྒྱུད་ཚུལ་བཞིན་དུ་བྱས་ལ། འཇམ་དཔལ་གྱིས་ག་ས་ལ། དང་པོ་ཕུང་དང་རྣམ་པར་ཤེས་པ་དང་། ཕུང་པོས་ཐུགས་དམ་བསྐང་ཞིང་དངོས་གྲུབ་གསོལ་བ་འདི་སྐད་དོ། །ཧུ༷་ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཁྲོ་བོའི་ཚུལ་སྟོན་པ། །དཔལ་ཆེན་དགུ་དང་ཡུམ་ཆེན་དགུ །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །ཀོ་རིའི་ཚོགས་དང་ཕྲ་མེན་ཚོགས། །སྒོ་མའི་ཚོགས་དང་སྤོར་མའི་ཚོགས། །མཁའ་འགྲོ་དབང་ཕྱུག་ཕོ་ཉའི་ཚོགས། །མ་བདུན་སྲིང་བཞི་གིང་ཆེན་ཚོགས། །ཕུང་པོ་དཔལ་ཆེན་ཚོགས་ལ་འབུལ། །དཔལ་ཆེན་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་བསྐངས་ནས་དངོས་གྲུབ་སྩོལ། །འབྱུང་ལྔ་ཡུམ་ཆེན་ཚོགས་ལ་འབུལ། །རྣམ་ཤེས་ཀོའུ་རིའི་ཚོགས་ལ་འབུལ། །ཡུལ་ནི་ཕྲ་མེན་ཚོགས་ལ་འབུལ། །ཡན་ལག་སྒོ་མའི་ཚོགས་ལ་འབུལ། །སྒལ་ཚིགས་དབང་ཕྱུག་ཚོགས་ལ་འབུལ། །རུས་པ་མཁའ་འགྲོའི་ཚོགས་ལ་འབུལ། །ཁྲག་ནི་མ་སྲིང་ཚོགས་ལ་འབུལ། ཁྲ་ནི་ཕོ་ཉའི་ཚོགས་ལ་འབུལ། །སྲོག་ནི་གིང་ཆེན་ཚོགས་ལ་འབུལ། །ལྷག་མ་འཁོར་དུ་གཏོགས་ལ་འབུལ། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཕུལ་བའི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཕྱིས་འབྱུང་བར་བྱེད་པའི་སྐུ་ལ་བརྡོ་ཞིང་བར་དུ་གཅོད་པའི་དགྲ་བགེགས་དག་འབྱུང་སྲིད་པས། དེ་དག་ཀྱང་ཚུལ་དེ་བཞིན་དུ་བསྟབ་ཅིང་། འབུལ་བར་བྱས་ཏེ་འདི་སྐད་དོ། །ཧུ༷་དཔལ་ཆེན་འཁོར་ཚོགས་ལ་སོགས་དང་། ཅི་བགྱི་བཀའ་ཉན་ཕོ་ཉའི་ཚོགས། །བྲན་དང་ཡང་བྲན་གཡོག་དང་ཡང་གཡོག་དང་། སྤྲུལ་དང་ཡང་སྤྲུལ་ལྷ་ཚོགས་རྣམས། །ཟས་སུ་གཙང་སྨེ་མེད་པར་ཟ། །སྐོམ་དུ་ཁ་མངར་མེད་པར་འཐུང་། བང་ནི་རི་ཀླུང་མེད་པར་རྒྱུག །ནཱང་ས་ཟ་ཞིང་བདུད་ཁྱིམ་འཇོམས། །གསོད་ལ་དགའ་ཞིང་ཟ་ལ་དགའ། །ཁྲག་ལ་རྔམ་ཞིང་གསུར་ལ་བསྣམ། ཁྲ་ལ་ཟ་ཞིང་རུས་ལ་རོལ། །ཉམས་པ་ལེན་ཅིང་བསྒྲུབ་ལ་སོགས། །ཕྱིས་འབྱུང་དགྲ་བགེགས་ཕུང་པོ་འདི། །མ་བསྟབས་བར་དུ་བཞེས་མི་མཁྱེན། །དཔལ་ལ་བསྟབས་པས་མཚན་མ་བཞེས། །ཡུམ་ལ་བསྟབས་པས་དངོས་པོ་བཞེས། །སྲས་ལ་བསྟབས་པས་རྣམ་ཤེས་གསོལ། །འཁོར་ལ་བསྟབས་པས་གཟུགས་ཕུང་ཆོམ། །ཛ་ཛ་ཛ་ཡིས་དབང་དུ་སྡུད། །ཁ་ཁ་ཁུ་ཧིས་ཞལ་དུ་གསོལ། །ཁུ་ར༷་རཀྟ། ཁུ་ར༷་ཏྲག་ཤ ཁུ་ར༷་སྨྲིག་ཏ། ཞེས་བརྗོད་ལ། དགོངས་པ་རྣམས་བསྟབས་སོ། །དེ་ནས་གཉིས་མེད་ལོངས་སྤྱོད་ནས། །སྐུ་གསུང་ཚུལ་དུ་གནས་པ་ཡི། །འཁོར་དང་བྲན་དུ་བྱས་པའི་ཕྱིར། །ཞལ་ཆབ་བམ་སོགས་གསལ། །སྔོན་ཚེ་ང་ལས་ཁས་བླངས་ཤིང་། རྡོ་རྗེའི་དམ་མནོས་ཁས་བླངས་ཡིན། རང་བཞིན་གནས་དང་སྲིད་འབྱུང་གཉིས། །གོ་རིམ་ཤེས་པར་འདི་གྱིས་ལ། །སྤྲུལ་པའི་དཀྱིལ་འཁོར་གསལ་བསྐྱེད་ནས། །བྲན་ལ་སོགས་པ་དེ་བཞིན་དུ། །གོམ་པ་བདུན་ཅུའི་ཕྱི་རོལ་དུ། །སྤགས་ལ་ལས་བཅོལ་དམོད་པ་གདབ། །ལས་དང་འབྲས་བུ་བརྩམས་པ་ཀུན། །བསམ་པ་བཞིན་དུ་འགྲུབ་པར་འགྱུར། །འགྲོ་དོན་ཙམ་དུ་གདབ་པར་བྱ། །ཡང་དག་དོན་ལ་དེ་དག་མེད། །དེ་ནས་ལས་བཅོལ་ཡོངས་ལ་བསྔོ། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་གཏོར། །གཏོར་མ་ཆ་གསུམ་བཏང་བའི་རིགས། །དང་པོ་མི་བཟད་གཏེར་དུ་སྦ། །བར་མ་བསྲེག་རྫས་ལུགས་སུ་འབུལ། །ཐ་མ་སྟོང་གསུམ་ཁྱབ་པར་གཏོར། །གཏོར་རྒྱུད་ཆེན་པོ་ལས། ཚོགས་ཀྱི་མཆོད་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡབ་ཀུན་ཏུ་བཟང་པོ་མི་མཁྱེན་དགུ་མཁྱེན་པ་དང་། ཡུམ་ཀུན་ཏུ་བཟང་མོས་མི་གཟིགས་དགུ་གཟིགས་པས། ཚོགས་དང་གཏོར་མ་ལ་སོགས་ཏེ། ཅི་ལྟར་སྣང་བའི་ཆོས་འདི་དག་ཐམས་ཅད་དང་པོ་ནས་ཅི་ལྟར་ལགས། འཁྲུལ་པ་ཅི་ལྟར་ལགས། ད་ལྟ་ཆོས་ཐམས་ཅད་ཅི་ལྟར་གནས། འཁྲུལ་པ་ཅི་ལྟར་གནས། ཕྱིས་ཆོས་ཐམས་ཅད་ཅི་ལྟར་འགྱུར། འཁྲུལ་པས་ཅི་ལྟར་འགྱུར་བ་ལུང་བསྟན་དུ་གསོལ། །ཡབ་གཅིག་ལུང་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཅི་ལྟར་སྣང་བའི་ཆོས་ཐམས་ཅད། སུས་ཀྱང་མ་བྱས་མ་བཅོས་མ་སྐྱེས་མི་འགག །སྐྱེ་བ་མེད་པ་ཡིན་ལ། འཁྲུལ་པས་རྒྱུ་འབྲས་དང་། ཆགས་འཛིན་དུ་སྣང་ངོ་། །ད་ལྷར་ཆོས་ཐམས་ཅད་མི་དམིགས་མི་གཡོ་བའི་རང་བཞིན་ལ། འཁྲུལ་པས་ང་དང་གཞན་དུ། ཕྱི་དང་ནང་དུ་སྣང་ངོ་། །ཕྱིས་ཆོས་ཐམས་ཅད་མི་འཕོ་མི་འགྱུར་བའི་རང་བཞིན་ལ། འཁྲུལ་པས་བཟང་ངན་དང་ཆེ་ཆུང་དང་ཕྱོགས་རིས་སྐྱེ་ཞིང་བལྟ་བ་འདི་ལྟ་སྟེ། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་ངང་ཉིད་དུ་གནས་པ་ལ། སུ་ཡང་མ་ཡིན། སུ་ཡང་མི་གནས། སུ་ཡང་མི་གསུང་། སུས་ཀྱང་མི་བསྟན། འཁྲུལ་པ་ལ་ལ་ནི་སྟོན་པ་ཀུན་ཏུ་བཟང་པོ་སེམས་ཉིད་ཀྱི་ཀློང་ན་བཞུགས་པ། ཨ་ཏི་ཡོ་ག་ཐེག་པའི་ལུང་བསྟན་དུ་གསོལ་ཞེས་འཛེར་ཏོ། །འཁྲུལ་པ་ལ་ལ་ནི་ཀུན་ཏུ་བཟང་མོའི་མཁའ་ལ་ཀུན་ཏུ་བཟང་པོའི་རྡོ་རྗེ་ཞུགས་པས། ཨ་ནུ་ཡོ་གའི་ཐེག་པ་ལུང་བསྟན་དུ་གསོལ། ཞེས་འཛེར་ཏོ། །ཞབྲུལ་པ་ལ་ལ་བཙུན་མོའི་བྷ་ག་ལ། སྟོན་པ་རྡོ་རྗེ་སེམས་དཔའ་བཞུགས་པས། མ་ཧྭ་ཡོ་གའི་ཐེག་པ་ལུང་བསྟན་དུ་གསོལ་ཞེས་ཟེར་རོ། །འཁྲུལ་པ་ལ་ལ་རིན་པོ་ཆེ་དང་རྡོ་རྗེའི་གནས་ན། སྟོན་པ་རྣམ་པར་སྣང་མཛད་བཞུགས་པས། ཡོ་གའི་ཐེག་པ་ལུང་བསྟན་དུ་གསོལ་ཞེས་འཛེར་ཏོ། །ཞབྲུལ་པ་ལ་ལ་ནི་རི་རབ་ཀྱི་ཟོམ་ན། རྡོ་རྗེ་འཛིན་པ་བཞུགས་པས། ཀྲི་ཡའི་ཐེག་པ་ལུང་བསྟན་དུ་གསོལ་ཞེས་འཛེར་ཏོ། །འཁྲུལ་པ་ལ་ལ་ནི་བྱ་རྒོད་ཕུང་པོའི་རི་ལ་ཤཱཀྱ་ཐུབ་པ་བཞུགས་པས། མཚན་ཉིད་ཀྱི་ཐེག་པ་ལུང་བསྟན་དུ་གསོལ་ཞེས་འཛེར་ཏོ། །དེ་བཞིན་དུ་ལ་ལས་ནི་རིགས་ལྔའི་འཁོར་དུ་མཐོང་། །ལ་ལས་ནི་རིགས་ལྔ་དང་བྱངཆུབ་སེམས་དཔའི་འཁོར་དུ་མཐོང་། ལ་ལས་ནི་བྱང་ཆུབ་སེམས་དཔའ་དང་ལྷའི་འཁོར་དུ་མཐོང། ལ་ལས་བྱང་ཆུབ་སེམས་དཔའ་དང་ལྷ་མ་ཡིན་གྱི་འཁོར་དུ་མཐོང་། ལ་ལས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་འཁོར་དུ་མཐོང་། ལ་ལས་ཆོས་ཐོས་པར་མཐོང ལ་ལས་ཆོས་མ་ཐོས་པར་མཐོང་ ལ་ལས་འགྲོ་བའི་རིགས་ཐ་དད་པར་མཐོང་། ལ་ལས་བདེ་སྡུག་གི་དོན་སོ་སོར་སྣང་བར་མཐོང་། དེ་ལྟར་མཐོང་ཡང་དེ་ལྟར་སྟོན་ཅིང་དེ་ལྟར་འབྱུང་བ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བའོ། །གཞན་ཡང་ལ་ལ་ནི་ཉན་ཐོས་རྣམས་ཀྱིས་བསྡུས་པར་མཐོང་ངོ་། །དེ་ལ་ཡང་གྲངས་བསམ་གྱིས་མི་ཁྱབ་པར་མཐོང་ངོ་། །ལ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུས་པར་མཐོང་ངོ་། །དེ་ཡང་རིས་བསམ་གྱིས་མི་ཁྱབ་པར་མཐོང་ངོ་། །ལ་ལ་ནི་རིགས་ལྔ་རྣམས་ཀྱིས་བསྡུས་པར་མཐོང་ངོ་། །དེ་ལ་ཡང་རིགས་བསམ་གྱིས་མི་ཁྱབ་པར་མཐོང་ངོ་། །ལ་ལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བསྡུས་པར་མཐོང་ངོ་ དེ་ལ་ཡང་རིགས་བསམ་གྱིས་མི་ཁྱབ་པར་མཐོང་ངོ་། །དེ་ལྟར་མཐོང་ཡང་སྟོན་པ་མེད། སྡུད་པ་མེད། བསྡུས་པ་མེད། མཐོང་བ་མེད། མ་མཐོང་བ་མེད། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་ལས་ཆོ་འཕྲུལ་འབྱུང་བ་ཡང་མ་གཡོས་པའོ། །གཞན་ཡང་ལ་ལས་བསྟན་པ་གོང་དུ་བྱུང་བར་མཐོང་ངོ་ ལ་ལས་ཡེ་མ་མཐོང་ངོ་། །ལ་ལས་བསྟན་པ་རབ་འབྱུང་བར་མཐོང་ངོ་ ལ་ལས་མ་མཐོང་ངོ་། །ལ་ལས་བསྟན་པ་ཕྱིས་འབྱུང་བར་མཐོང་ངོ་ ལ་ལས་མ་མཐོང་ངོ་། །ལ་ལས་ཤོག་ཤོག་དཀར་པོ་ལ་སྣག་ཚ་ནག་པོས་བྲིས་ནས་གཙུག་ལག་ཁང་ཆེན་པོ་ན་བཞུགས་ཤིང་་ད་པར་མཐོང་ངོ་ ལ་ལས་མ་མཐོང་མ་ཐོས་སོ། །ལ་ལས་གྲོང་ཁྱེར་ན་གླེགས་བམ་དུ་བཞུགས་ནས་མཆོད་ཅིང་བསྟོད་པར་མཐོང་ངོ་། །ལ་ལས་བསྟན་པ་ཕྱིས་འབྱུང་བར་མཐོང་ངོ་། །ལ་ལས་རི་རྩེ་ནས་རིན་པོ་ཆེས་བྲིས་ནས་མཆོད་ནས་བསྒོམ་ཞིང་སྤྱོད་པར་མཐོང་ངོ་ ལ་ལས་མ་མཐོང་མ་བསྒོམས་སོ། །ལ་ལས་རྒྱལ་པོའི་ཁང་སྟེང་ནས་བསྒོམས་ནས་བསྒྲུབ་ཅིང་སྤྱོད་པར་མཐོང་ངོ་ ལ་ལས་མ་མཐོང་མ་བསྒྲུབས་སོ། །ལ་ལས་ནི་དུར་ཁྲོད་ཆེན་པོ་ནས་གོ་ཞིང་སྤྱོད་པར་མཐོང་ངོ་ ལ་ལས་མ་གོ་མ་མཐོང་ངོ་། །ལ་ལས་གསེར་གྱི་གླེགས་བམ་ལ་རིན་པོ་ཆེ་བཞུ་བས་བྲིས་ནས། ཀོ་ཁོརེ་མཛོད་ནས་གོ་ནས་རྟོགས་ཤིང་སྤྱོད་པར་མཐོང་ངོ་ ལ་ལས་མ་མཐོང་མ་རྟོགས་སོ། །དེ་བཞིན་དུ་ལ་ལས་རྒྱུ་འབྲས་སུ་མཐོང་ངོ་ ལ་ལས་བཟང་ངན་དུ་མཐོང་ངོ་། །ལ་ལས་ཕྱི་ནང་དུ་མཐོང་ངོ་ ལ་ལས་མཐོ་དམན་དུ་མཐོང་ངོ་། །ལ་ལས་རྒྱུ་འབྲས་ལ་སོགས་པ་གང་དུ་ཡང་མ་མཐོང་མ་རྟོགས་སོ། །དེ་ལྟར་མཐོང་ཡང་དེ་གང་དུ་ཡང་བརྟན་ཅིང་ཕྱེ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ལ་བཟང་ངན་དུ་མ་གསུངས་སོ། །གཞན་ཡང་ལ་ལས་གང་ཟག་འཕགས་པའི་ཁོངས་སུ་གཏོགས་པ་རྣམས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་ ལ་ལས་གང་ཟག་འཕགས་པའི་ཞལ་མཐོང་བ་རྣམས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་། །ལ་ལས་གང་ཟག་འཕགས་པའི་དངོས་གྲུབ་ཐོབ་པ་རྣམས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་། །ལ་ལས་གང་ཟག་འཕགས་པའི་སྤྲུལ་པ་རྣམས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་ ལ་ལས་འཕགས་པ་དང་གང་ཟག་ཐ་མི་དད་པ་རྣམས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་ ལ་ལས་འཕགས་པ་དང་གང་ཟག་གཉིས་ཀྱིས་བཤད་ཅིང་བསྟན་པར་མཐོང་ངོ་། །ལ་ལས་དེ་གང་ཡང་མ་མཐོང་མ་བཤད་དོ། །དེ་ལྟར་མཐོང་ཡང་སྐྱེ་བ་མེད་པའི་དོན་ལ་ཆེ་ཆུང་དང་བཟང་ངན་བསྟན་པ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་རང་གི་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལས་གང་དུ་ཡང་བསྟན་པ་མེད་དོ། །སེམས་དཔའ་ཆེན་པོ་དེ་བཞིན་དུ་གཅིག་པ་ལ། དཔེར་ན་ནམ་མཁའི་སྤྱིན་བཞིན་དུ་འཁྲུལ་པ་རང་གིས་གཅིག་ལ་གཅིག་བསྒྲིབ་པར་བྱེད་དོ། །གཅིག་ལ་གཅིག་གནོད་པར་བྱེད་དོ། །གཅིག་ལ་གཅིག་སྨོད་པར་བྱེད་དོ། །དེ་དག་ཀྱང་འདི་ལྟ་སྟེ། ཆོས་གཅིག་ལ་འཇིག་རྟེན་པའི་ཆོས་དང་། མྱ་ངན་ལས་འདས་པ་གཉིས་སུ་སྤྱོད་པར་བྱེད་དོ། །དེ་གཉིས་རིས་སུ་བཟུང་བས་མུ་སྟེགས་ལ་སོགས་པ་སངས་རྒྱས་ཀྱི་བཀའ་ལ་ལོག་པར་རྒོལ་བ་ཤ་སྟག་འབྱུང་བར་བྱེད་དོ། །དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་བདུན་དུ་གནས་པ་ལས། བསྟན་པ་དང་པོ་ལ་མུ་སྟེགས་ཀྱི་དགྲས་རྒྱུའི་ཆོས་དྷརྨ་གླེགས་བམ་ཐམས་ཅད། མེ་དང་ཆུ་ལ་སོགས་པས་མེད་པར་བྱེད་ཅིང་། བསྟན་པ་ལ་དགྲ་ལན་གསུམ་དར་བར་བྱེད་དོ། །དེ་ནས་བསྟན་པ་འདི་རྒྱ་གར་ཡུལ་དུ་ཕོག་ཅིག་ནུབ་པར་བྱེད་དོ། །དེ་ནས་བྲམ་ཟེའི་རིགས་དག་གིས། སྐྱེ་བས་ཐོབ་པ་དང་། རྒྱལ་ཁམས་གཞན་དག་ལས་ཕལ་ཆེར་བསྡུས་ནས། ཅུང་ཟད་ཅིག་རྒྱས་ཤིང་འཕེལ་བར་བྱེད་དོ། །དེ་ཙམ་ན་གསང་སྔགས་འབྲས་བུའི་ཆོས་གླེགས་བམ་ཀུན་ནི། མེ་དང་ཆུ་ལ་སོགས་པས་ཚིག་ཅིང་རུལ་བར་མ་གྱུར་ཏེ། སའི་གཏེར་དང་རིན་པོ་ཆེའི་སྒྲོམ་ན་གནས་པར་བྱེད་དོ། །དེ་ལ་སྔོན་གྱི་ལས་ཀྱིས་འཇུག་པའི་གསང་སྔགས་སྤྱོད་པར་རབ་ཅིག་ནི།ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་སངས་རྒྱས་པ་ཚོམ་བུ་བརྒྱ་དང་སྟོང་འབྱུང་བར་བྱེད་དོ། །ལོག་པའི་ཆོས་ཀྱང་རྒྱུ་ལས་མང་དུ་འབྱུང་སྟེ། ནད་དང་མུ་གེ་དང་མ་རུངས་པ་དང་། དམྱལ་བར་སྐྱེ་བ་ཡང་ཤ་སྟག་འབྱུང་བར་བྱེད་དོ། །ལྔ་བརྒྱ་གཉིས་པ་ལ། རྒྱུའི་ཆོས་དར་བར་འགྱུར་ཏེ། རིང་བསྲེལ་དང་། གཙུག་ལག་དང་། རྟེན་པའི་དགེ་བ་ཁམས་གཅིག་ཀྱང་སྤྱོད་པར་འགྱུར་བ་དང་། རྒྱ་གར་ཡུལ་དང་། ཨུ་རྒྱན་དང་། ཁ་ཆེ་དང་།ལིའི་ཡུལ་དང་། བོད་ཀྱི་ཡུལ་ལ་སོགས་པ་རྣམས་སུ་ཡང་། སྔོན་གྱི་སྨོན་ལམ་ལས་རྒྱལ་པོ་དད་པ་ཅན་ཤས་ཀྱང་འབྱུང་བར་འགྱུར་ལ། རྒྱལ་ཁམས་ཀྱི་སྐད་མི་མཐུན་པ་མཐའ་དག་ཏུ་ཡང་རྒྱུའི་ཆོས་དར་བར་བྱེད་པའི་ལོ་ཙྭ་བ་ཡང་ཤ་སྟག་ཏུ་འབྱུང་བར་འགྱུར་རོ། །དེ་ཙམ་ན་གསང་སྔགས་འབྲས་བུའི་ཆོས་མཐའ་དག་རྒྱ་གར་ཡུལ་གྱི་གནས་གསུམ་པོ་དག་ན། སློབ་དཔོན་ཡེ་ཤེས་སེམས་དཔའི་སྤྲུལ་པ་དག་གིས། གནས་གསང་བ་ན་དར་ཞིང་སྤྱོད་པར་བྱེད་དེ། བློ་རྩལ་དང་ལྡན་པ་འགས་ཀྱང་འཕྲིགས་ཤིང་རྒྱས་པར་འགྱུར་རོ། །དེའི་ཚེ་རྒྱལ་ཁམས་སུ་འཁྲུག་པ་དང་། རིགས་ནད་དང་། མུ་སྟེགས་ཀྱི་རྒོལ་བ་ལ་སོགས་པ་བདུད་ཀྱི་བར་ཆད་ཁམས་གཅིག་འབྱུང་བར་འགྱུར་རོ། །དེ་ནས་ལྔ་བརྒྱ་གསུམ་པ་ལ། དཔལ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་ཞིག་ཨུ་རྒྱན་གྱི་ཡུལ་དུ་འབྱུང་ནས། དེས་གསང་སྔགས་འབྲས་བུའི་ཆོས་སྔོན་གྱི་གླེགས་བམ་དུ་བཞུགས་པ་དང་། དབང་མི་བཟའ་བའི་རྒྱུད་ཀྱི་རིམ་པ་མནོས་ནས། ཨུ་རྒྱན་དང་ཟ་ཧོར་དང་། བལ་པོ་དང་ལི་ལ་སོགས་པའི་རྒྱལ་ཁམས་དྲུག་ཏུ་གྲགས་ཤིང་འཕེལ་བར་འགྱུར་ཏེ་དེའི་ཚེ་ཆོས་སྦྱོད་པ་རྣམས་ཀྱིས་མུ་སྟེགས་དང་ལོག་པའི་ཕྱོགས་ལོག་པ་ཚར་གཅོད་པ་དང་། འདུད་དང་སྲིན་པོ་ཐམས་ཅད་གཏོར་མས་དམ་ལ་འདོགས་པ་དང་། ཐམས་ཅད་ཀྱང་རྩ་བའི་གཏོར་མ་འདི་དང་དུ་ལེན་ཅིང་ཚོམ་བུའི་རིགས་བསམ་གྱིས་མི་ཁྱབ་པ་ཀུན་ཚེ་ལོ་བསམ་གྱིས་མི་ཁྱབ་པ་ཐུབ་པར་འགྱུར་ཞིང་། །ཕོ་དང་མོའི་རིགས་ལུས་མ་བོར་བར་ཕྱག་རྒྱ་ཆེན་པོའི་གནས་སུ་སངས་རྒྱས་པར་འགྱུར་རོ། །དེའི་ཚེ་དུས་བཟང་ཞིང་རྒྱལ་ཁམས་ཡོངས་སུ་ལེགས་པ་མཐའ་དག་འབྱུང་ཞིང་ཉེས་པ་སྣ་འགའ་ཙམ་ཡང་མི་འབྱུང་བར་གནས་པར་འགྱུར་རོ། །དེ་ལས་ཀྱང་བལ་པོའི་ཡུལ་དུ་ཟབ་ཅིང་རྒྱས་པར་གྱུར་ཏེ། དེ་དག་ཀྱང་གྲུབ་པ་ཐོབ་པ་དེ་བཞིན་ནོ། །དེ་ནས་ལྔ་བརྒྱ་བཞི་པ་ལ། འདུལ་བའི་ཤས་ཕྲན་ཚེགས་དར་བར་འགྱུར་ལ། མུ་སྟེགས་དང་སངས་རྒྱས་ཀྱི་བཀའ་གཉིས་ལོ་ཉིས་བརྒྱར་རེས་བཟུང་ནས་སྤྱོད་པར་འགྱུར་རོ། །ལོ་སུམ་བརྒྱ་ལ་མུ་སྟེགས་དར་ནས་སངས་རྒྱས་ཀྱི་བསྟན་པ་ཕྱེད་ཤས་ནུབ་པར་བྱས་ཏེ། འཇིག་རྟེན་གྱི་འདྲེ་སྲིན་མང་བར་འཕེལ་ཏེ། རྒྱ་གར་གྱི་ཡུལ་ན་གླེགས་བམ་གྱི་ཆོས་རྣམས་རྒྱ་ནག་པོའི་ཡུལ་རྣམས་སུ་འགྲོ་ཞིང་། དེའི་རྒྱལ་ཁམས་ཐམས་ཅད་མུ་སྟེགས་ནག་པོའི་ལས་ཀྱིས། བོད་ཡུལ་དང་མོན་ལ་སོགས་པ་ཡུལ་གྱི་རུ་མཚམས་རྣམས་སུ་འཕྱོ་ཞིང་ལུབྲུག་པ་དང་། འཕོ་འཕྱུགས་ཀྱི་ལས་དང་། སྡུག་བསྔལ་ལོ་བརྒྱར་གནས་པར་འགྱུར་རོ། །དེ་ནས་ལོ་བཞི་བརྒྱ་ལ།སའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲུལ་པ་ལས། ཆོས་སྐྱོང་བའི་རྒྱལ་པོ་དང་། འཕགས་པའི་ཁོངས་སུ་གཏོགས་པའི་གང་ཟག་རྫུ་འཕྲུལ་ཡ་མ་ཟུང་དང་ལྡན་པས་མུ་སྟེགས་རྟག་ཆད་ཀྱི་ལྟ་བ་སུན་ཕྱུང་ཞིང་བཏུལ་ལོ། །དེའི་ཚེ་མུ་སྟེགས་བསྟན་པ་ནུབ་ཅིང་སངས་རྒྱས་ཀྱི་བསྟན་པ་འཕེལ་བ་ཡང་བྱེད་དོ། །དེ་ནས་ལོ་ལྔ་བརྒྱ་ལ་དད་པ་ཅན་དང་སྐལ་ལྡན་མཁས་པའི་ལོ་ཙྭ་བ་མང་དུ་བྱུང་ནས། སྡེ་སྣོད་ཀྱི་ཆོས་མང་པོས་ཁྱབ་ཅིང་རྒྱལ་ཁམས་མཐའ་དག་ཏུ་དར་ཞིང་རྒྱས་ཏེ། གླེགས་བམ་ལ་སོགས་པ་ལ་མཆོད་ཅིང་བཀུར་སྟི་བྱེད་པར་འགྱུར་རོ། །ཡུལ་བར་ཏ་ནི་ནས་ཨུ་ཏོ་དང་། སིང་ག་ལ་དང་བོད་ཀྱི་ཡུལ་ལ་སོགས་པ་རྣམས་སུ་རྒྱས་༄༅། ་རྐོང་འཕེལ་བར་འགྱུར་རོ། །དེ་ནས་ལྔ་བརྒྱ་ལྔ་པ་ལ། དང་པོ་བརྒྱ་ལ་གཙུག་ལག་དང་། སྨན་དཔྱད་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱས་ཤིང་འཕེལ་ལོ། །བརྒྱ་གཉིས་པ་ལ་རྒྱལ་ཁམས་ཡོངས་སུ་ཁང་ཁྱིམ་དང་། སྡེ་དང་རིས་དང་། ཁྲིམས་དང་བཅའ་གཞི་འཕེལ་ལོ། །བརྒྱ་གསུམ་པ་ལ། ཆེ་ཆུང་དང་བཟང་ངན་དུ་འཕེལ་ཏེ། ཆོས་མདོ་སྡེ་དར་ཏེ་དགེ་སྡིག་དང་ཆོས་ལ་ཡིད་ཆེས་པའི་རྒྱལ་པོ་དང་། བློན་པོ་གྲངས་ཀྱིས་བྱུང་ནས་དད་པ་དང་བསྙེན་བཀུར་གྱིས་བསོད་ནམས་དང་ཚོགས་སྐྱེ་བ་ཤ་སྟག་གནས་སོ། །དེ་ཙམ་ཡན་ཆད་དུ་གསང་སྔགས་གཏོར་མའི་ཆོས་འདི་པ་ལ། རྒྱལ་པོ་ཆོས་ཉིད་ལ་མི་ཕྱོགས་པ་དང་། བློན་པོ་ཕྲག་དོག་ཅན་གྱིས་དབང་བསྒྱུར་ཏེ། གསང་སྔགས་ཀྱི་ཆོས་དབང་ཡོད་པ་དང་། ཐབས་མཁས་པ་འགའ་ཙམ་གསང་ནས་སྤྱོད། གཞན་སྤྱོད་དུ་མི་སྟེར་ཞིང་། གསང་སྔགས་ས་དབྱིབས་དང་། གཙུག་ལག་ཁང་གི་ཀ་བ་ལ་སོགས་པར་སྦས་སོ། །དེའི་དུས་སུ་རྒྱལ་ཁམས་སུ་མི་བདེ་བ་དང་། སྙིང་རྗེ་མེད་པར་གཅིག་གིས་གཅིག་གསོད་པ་དང་། རྗེ་ཁོལ་དང་ཆེ་ཆུང་གི་རིམ་པ་མེད་པར་གསོད་ཅིང་སྒྱུགས་པ་དང་།གནས་ནས་འདོན་པ་ལ་སོགས་མི་བདེ་བའི་སྡུག་བསྔལ་སྣ་ཚོགས་པ་མྱང་ཞིང་རྒྱལ་ཁམས་སིལ་བུར་འཆད་པར་འགྱུར་རོ། དེ་ནས་བརྒྱ་གསུམ་པ་ལ། འངདངའབརྒྱགྲང་གོང་འགམའགྲིགཔརདཔྱད། ལུང་རྒྱུད་སྡེ་གཉིས་སུ་ཆད་ནས། རྒྱུད་ཀྱི་ཆོས་གདལ་བ་ཆེན་པོར་སྤྱད། ཐམས་ཅད་ཡོངས་སུ་དམ་ལ་བཙུད་དེ་དར་ཞིང་རྒྱས་པར་སྤྱོད་ནས། ལུང་བསུབས་པས་སྟོན་པས་མཐུ་བྱིན་ཆུང་ལ་འབྲས་བུའི་ཆོས་ལ་ཞུགས་པས་རྒྱལ་ཁམས་ཀུན་ཅུང་ཟད་ཅིག་བདེ་ཞིང་། རྩ་བའི་གཏོར་མ་འདི་རྟོགས་མ་རྟོགས་ཀུན་སྤྱོད་པར་འགྱུར། རྒྱུད་ཉིད་ཀྱང་རིས་གཉིས་སུ་འཛིན་ཅིང་། གཅིག་ལ་གཅིག་སྐུར་པ་འདེབས་ཏེ། དམ་ཉམས་པས་མཐུ་བྱིན་མེད་པར། ཀེ་འུ་ཤང་དང་གསར་བུའི་ཆོས་སྡེབས་པ་མང་པོར་སྤྱོད་པར་འགྱུར་རོ། །དེ་ ནས་བརྒྱ་བཞི་པ་ལ། མཐུ་བྱིན་མེད་པས་མ་རུངས་པ་དག་འབྱུང་ལ། རྒྱུད་དང་མདོ་སྡེར་ཆད་ནས། མདོ་སྡེས་རྒྱུད་བསུབས་ཏེ། སྔོན་གྱི་ཟབ་ཅིང་རྒྱ་ཆེ་བའི་བཀའ་བརྒྱུད་ལས། གཞན་ནི་སངས་རྒྱས་ཀྱིས་བཀའ་མིན་ཞེས་སྒྲོ་འདོགས་པར་བྱེད་དོ། །དེའི་མཐའ་ཁོབ་པའི་རྒྱལ་པོ་དག་ཀྱང་། རྒྱུའི་ཆོས་དར་ཆེ་བར་འབྱིན་ལ། འབྲས་བུའི་ཆོས་ནུབ་པར་སྒྲོ་འདོགས་པར་བྱེད་དོ། །དེའི་དུས་ན་འཁྲུག་པ་དང་རིམས་ནད་མང་བར་འབྱུང་ཞིང་། མུ་གེ་ཡང་སྐབས་སུ་འབྱུང་ཞིང་། དེ་རྣམས་ཀྱང་དུས་མ་ཡིན་པར་འཆི་ལྟས་ངན་པ་དག་འབྱུང་བར་འགྱུར་རོ། །དེ་ནས་ལྔ་བརྒྱ་པ་ལ་མདོ་སྡེ་ནུབ་ནས་འདུལ་བ་ཤས་འབྱུང་སྟེ། བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་རོ། །དེ་ཙམ་ན་གསང་སྔགས་འབྲས་བུའི་ཆོས་ནི། གང་ཟག་གཅིག་འགས་སྤྱོད་པར་འགྱུར་ཏེ། །དེ་འབྲས་བུའི་འཕང་མི་ཞན་༄༅ པ་ཐོབ་པར་འགྱུར་རོ། །དེ་ཙམ་ན་རྩ་བའི་གཏོར་མ་འདི་ལ་དུས་དང་སྐབས་དང་། གང་རིག་འཛིན་རྣམས་ཀྱིས་སྤྱོད་ཅིང་། ལྷ་མ་སྲིན་ལས་འཕྲོ་དང་ལྡན་པ་ཤ་སྟག་དམ་ལ་འདོགས་ཤིང་གཉན་ཞིང་མཐུ་བྱིན་དང་ལྡན་པར་སྤྱོད་པར་འགྱུར་རོ། །དེ་ནས་རྒྱ་བཞི་པ་ལ། ཤི་ན་ལེནྟྲ་དང་། རྡོ་རྗེ་གདན་ལ་སོགས་པ་རྒྱ་གར་དང་། ཁ་ཆེ་དང་། ལི་དང་། ཨུ་རྒྱན་ཡུལ་ལ་སོགས་པ་གནསཁྱད་པར་ཅན་དུ། གང་ཟག་ཁྱད་པར་ཅན་གྱིས་བསྒྲུབ་པ་ཁྱད་པར་ཅན་གྱིས་གསང་སྔགས་འབྲས་བུའི་སྒོ་ནས་གྲུབ་པ་ཐོབ་པ་ཤ་སྟག་འབྱུང་སྟེ། དངོས་གྲུབ་ཐོབ་པ་དང་། འཕགས་པའི་ཞལ་མངོན་དུ་གྲུབ་པར་མ་4ང་བ་དང་། ཡིད་ཆེས་ཤིང་མཐར་ཕྱིན་པར་འགྱུར་རོ། །དེ་ནས་བརྒྱ་ལྔ་པ་ལ། པརྙི་ཏ་ལྔ་བརྒྱ་ལ་སོགས་པ་འཕགས་པ་ཉིད་དུ་བཞུགས་པ་རྣམས། ལས་འཕྲོ་དང་ལྡན་པ་ལ་ཟབ་ཅིང་རྒྱས་པར་སྟོན་པའི་ཕྱིར། བཞུགས་ཐབས་དང་སྡེར་འཁོད་ནས།དད་པ་དང་མཆོད་གནས་ཀྱི་རྟེན་དུ་གནས་སོ། །དེ་ནས་ལྔ་བརྒྱ་དྲུག་པ་ལ། བྱང་ཆུབ་སེམས་དཔའི་རྒྱལ་པོ་བཅོ་བརྒྱད་བྱུང་ནས། རྒྱལ་ཁམས་བཅོ་བརྒྱད་དུ་གསང་སྔགས་འབྲས་བུའི་ཆོས་དར་བར་འགྱུར་རོ། །དེ་ནས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་དད་པ་དང་ཐུགས་དམ་དུ་བཅས་ནས། བོད་ཀྱི་རྒྱལ་ཁམས་སུ་གསང་སྔགས་འབྲས་བུའི་ཆོས་དར་ཞིང་རྒྱས་པར་འགྱུར་རོ། །དེ་ཙམ་ན་གྲུབ་པ་ཐོབ་ཅིང་སངས་རྒྱས་པ་རྒྱལ་ཁམས་མཐའ་དག་ཏུ་འབྱུང་བར་འགྱུར་རོ། །སྔར་གྲུབ་པ་ཐོབ་པ་དང་། ཕྱིས་གྲུབ་པ་ཐོབ་པ་རྣམས་ཀྱིས། གཡའ་རི་དང་གངས་རྒྱུད་ཀྱི་དྲེགས་པ་ཅན་ཐམས་ཅད་དམ་ལ་བཏགས་ནས་གཏོར་མ་བྱིན་ཏེ། གསང་སྔགས་འབྲས་བུའི་ཆོས་སྤྱོད་པའི་སྲུང་མར་ཁས་འཆེས་སོ། །རྒྱལ་ཁམས་ཀུན་ཏུ་ཡོང་བདེ་བ་འཕེལ་ཞིང་ཉེས་པ་ཤས་ཙམ་ཡང་མི་འབྱུང་ངོ་། །དེ་ནས་ལྔ་བརྒྱ་བདུན་པའི་ཐ་མ་ལ། རྒྱ་དང་བོད་ལ་གསང་སྔགས་སྤྱོད་པའི་པརྙི་ཏ་མཁས་པ་མང་དུ་འབྱུང་སྟེ། ལོག་པའི་ཆོས་དང་མུ་སྟེགས་ལ་སོགས་པ་སུན་ཕྱུང་སྟེ། གཏན་སངས་རྒྱས་ཀྱི་བསྟན་པ་ལ་རྒོལ་བའི་སྐབས་མེད་པར་འགྱུར་རོ། །གསང་སྔགས་འབྲས་བུའི་ཆོས་ལས་ཀྱང་ལུང་དང་མན་ངག་གི་ཕྱོགས་ཐམས་ཅད་ཀྱང་རྒྱས་ཤིང་འཕེལ་བར་བྱེད་དོ། །དེ་ལ་གྲུབ་པ་ཐོབ་པ་དང་། མཐུ་བྱིན་དང་ལྡན་པར་གྲངས་ཀྱིས་འབྱུང་བར་འགྱུར་རོ། །དེ་ལ་གཉིས་སུ་ཡང་གྱུར་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཆོས་ཉིད་འདུས་མ་བྱས་ཀྱི་གཏོར་མ་ལས། གཞན་གང་དུ་ཡང་འགྱུར་བ་མེད་དོ། །གཏོར་རྒྱུད་ཆེན་པོ་ལས། བསྟན་པ་དར་ནུབ་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་གཏོར་མར་འདུས་ལ། གཏོར་མའི་རང་བཞིན་མ་གཡོས་པ་ལས། དེ་ལྷར་སྣང་འགྱུར་ལས། སྣང་ཞིང་འགྱུར་ཙམ་ན། གཏོར་མའི་ཆོས་ཉིད་ལས་མ་གཡོས་པ་ལགས་ན། གཏོར་མའི་ཆོས་ཉི་ཚེའི་བསྟན་པ་ཡུལ་གང་དུ་འབྱུང་། དར་བ་དང་། ནུབ་པ་དང་། ལེགས་ཉེས་མཆིས་མ་མཆིས། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏོར་མའི་རང་བཞིན་དུ་ཅི་ལྟར་སྣང་བ་ཐམས་ཅད་འགྱུར་བ་མེད་པ་ལས། ལོགས་སུ་བསྟན་པ་ནི་དཀའ་བ་སྟེ། བཤད་ཅིང་བསྟན་པ་མེད་ན་ཡང་། དཔེར་ན་ནམ་མཁའ་ལ་འཀྱུར་བ་མེད་པ་ལ། གཟའ་སྐར་དང་ཚེས་གྲངས་དང་ལོ་ཟླ་དང་དབྱར་དགུན་དུ་བརྩི་ཞིང་འགྲང་བ་དང་འདྲ་སྟེ། ཆོས་ཉིད་ནི་དུས་གསུམ་དུ་འགྱུར་བ་མེད་པ་ཡིན་ལ། ཆོས་ཅན་ཅི་ལྟར་ཡང་གྲངས་དང་རྟགས་སུ་སྣང་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་མ་སྐྱེས་པའི་དབྱིངས་ཡིན་ལ། དེ་ལས་ཆོས་ཀྱི་སྒོ་ཡང་བསམ་གྱིས་མི་ཁྱབ་པར་སྣང་ཡང་། ཐར་པ་ཆེན་པོའི་གནས་སུ་གཅིག་ཅིང་དབྱེ་བ་མེད་པས་ཆོས་ཐམས་ཅད་འབྲས་བུར་འདུས་སོ། །འབྲས་བུའི་ཆོས་ཀྱང་གཏོར་མར་འདུས་སོ། །དེ་ལྟ་བས་ན་ཐམས་ཅད་དུ། གཏོར་མའི་རང་བཞིན་དུ་གནས་པ་ལས། འཁྲུལ་པ་ཙམ་གྱིས་མཚན་མར་སྣང་བ་ནི། གཏོར་མ་ལོག་པར་གོལ་བ་ནི། དུས་དང་བསྐལ་པ་དང་བགྲང་བ་ཤ་སྟག་འབྱུང་བ་འདི་ལྟ་སྟེ། དང་པོ་གཏོར་མའི་རྒྱུ་ལ་ཆགས་པའི་བསྐལ་པ་དང་། སྲིད་པར་འདོགས་པ་མས་ཆགས་པ་བཞི་དང་ལྡན་པས་གཅིག་གོ །དེ་ནས་གཏོར་མའི་མགྲོན་གོལ་བ་ལས། ཁམས་གསུམ་དུ་སྲིད་དེ་གཉིས་སོ། །དེ་ནས་གཏོར་མའི་རྫས་གོལ་བ་ལས། གཟུགས་དང་ཁ་དོག་དང་དབྱིབས་དང་ཐ་དད་པར་སྣང་བ་ནི། བཞི་དང་བཅུ་གཉིས་སོ། །དེ་ནས་གཏོར་མའི་མགྲོན་གོལ་བ་ལས། སྐྱེ་འགྲོ་དང་སྣོད་གོལ་བ་ལས་སྣོད་ཀྱི་འཇིག་རྟེན། རྫས་གོལ་བ་ལས་རྩི་ཤིང་དང་ནགས་ཚལ་ལ་སོགས་པར་གནས་པ་ལ། ཁམས་གསུམ་སྲིད་གསུམ་ཞེས་འདོགས་སོ། །དེ་ལྟར་སྟོན་པའི་གཏོར་མའི་ཏན་ཏྲ་འདི་གང་ཡིན་པ་ནི་ཀུན་ཏུ་བཟང་པོ་ལ། གང་ལས་སྤྲོས་པ་ཀུན་ཏུ་བཟང་མོ་ལས་སྤྲོས་པ་འདི། དང་པོ་རྒྱ་གར་ཡུལ་དུ་དར་བར་འགྱུར་རོ། །དེ་ནས་ཀྱང་སིང་ག་ལའི་ཡུལ་དུ་དར་བར་འགྱུར་བ་ལ། ལོ་ལྔ་བརྒྱར་གནས་སོ། དེ་ནས་ལོ་ཉིས་བརྒྱ་ནས་ནུབ་པར་འགྱུར་རོ། །དེ་ནས་ལོ་སུམ་བརྒྱ་ལ། ཨུ་རྒྱན་ཡུལ་དུ་དར་བར་འགྱུར་རོ། །དེ་ནས་ལོ་བརྒྱ་ལ། རྒྱ་གར་དང་། ཨུ་རྒྱན་དང་། སིང་ག་ལ་དང་། ཟ་ཧོར་ཡུལ་དང་། བྲུ་ཤའི་ཡུལ་དང་། ལི་ལ་སོགས་པའི་རྒྱལ་ཁམས་དྲུག་ཏུ་གྲགས་པར་འགྱུར་ཏེ། སྐུ་ལུས་མ་བོར་བར་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གནས་སུ་སངས་རྒྱས་པར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱ་ན་གཏོར་མའི་ཆོས་འདི་ནུབ་ནས། རྒྱུའི་ཆོས་དར་བར་འགྱུར་རོ། །དེ་ནས་ལོ་བརྒྱ་ལ་རིག་པ་ཅན་ལ་སོགས་པ་རྣམས་ཀྱིས། གསང་སྔགས་འབྲས་བུས་ཆོས་དང་། གཏོར་རྒྱུད་རྣམས་སྔོན་གྱི་དཔེ་རྙིང་པ་ལས་དར་བར་འགྱུར་ནས། དེས་ཀྱང་གྲུབ་པ་ཐོབ་ཅིང་ཡིད་ཆེས་པའི་རྟགས་དང་ལྡན་ནས་མཐུ་དང་རྫུ་འཕྲུལ་ལྡན་པ་མང་པོ་ཡང་སངས་རྒྱས་ཤིང་འཕེལ་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱ་ལ་བོད་ཀྱི་རྒྱལ་ཁམས་སུ་དར་བར་འགྱུར་རོ། །དེ་ནས་དམ་ལ་གནས་ཤིང་ཚུལ་དུ་ཤིས་པ་གྲངས་ཀྱིས་སངས་རྒྱས་ཤིང་འཚེངས་པར་འགྱུར་བ་ཡང་མང་ངོ་། །དམ་ལ་མི་གནས་ཤིང་རིས་འཛིན་པ་ཕུང་བ་ཡང་གྲངས་ཀྱིས་མང་བར་འཀྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བོད་ཕྲག་དོག་ལ་གནས་པ། སངས་རྒྱས་ཀྱི་བསྟན་པ་དང་། ལོག་པའི་ཕྱོགས་སུ་ཡང་རིས་འཛིན། སངས་རྒྱས་ཀྱི་བསྟན་པ་ཡང་རྒྱུ་འབྲས་གཉིས་སུ་རིས་འཛིན། འབྲས་བུའི་ཆོས་ཀྱང་བཟང་ངན་གཉིས་སུ་རིས་འཛིན་པའི་ཕྱིར་རོ། དེ་ནས་ལོ་ལྔ་བརྒྱ་ལ་རྒྱུའི་ཆོས་དར་བ་མང་བར་སྤྱོད། འབྲས་བུའི་ཆོས་ནི་ནུབ་པར་སྤྱོད་པ་ཉུང་ཤས་ཙམ་གནས་ནས་གཉིས་ཀའི་ནང་ནས་སངས་རྒྱས་ཀྱི་བཀའ་བས་གང་ཟག་གིས་བསླད་པ་མང་བར་ཡོད་དེ། མི་ཚིག་མང་བར་དར་བས། བྱིན་དང་འབྲས་བུ་ཆུང་བར་འགྱུར་རོ། །དེ་ནས་གསང་སྔགས་གཏོར་མ་འདི་དག་སྤྱོད་པ་ཉུང་ཤས་ཙམ་ཞིག་ལས། བརྒྱ་ཐ་མ་ལ་བག་ཙམ་དར་བར་གྱུར་ནས། དེ་ནས་ཆོས་ཐམས་ཅད་ནུབ་པར་གྱུར་ནས། བསྐལ་པ་རིས་ཕྲ་མོ་བདུན་ཙམ་གྱིས་ཉེས་པ་ལས། སྐྱེ་བས་ཐོགས་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་རྒྱུ་འབྲས་ཀྱི་ཐེག་པ་བསྟན་ནས། དེ་ཕྱིས་རིང་ཞིག་ཏུ་དུས་ཀྱང་ཕྱིར་ཞིང་བཟང་སྟེ། ས་ཐོབ་པ་དང་། གྲུབ་པ་ཐོབ་པ་མང་བར་འབྱུང་ཞིང་། དེ་ལ་དར་ནུབ་ཀྱང་མི་འབྱུང་བར་རྒྱུ་འབྲས་ཀྱི་ཆོས་གང་ལ་དད་པ་རེས་ཀྱིས་ལོ་སྟོང་ཕྲག་གསུམ་དུ་གནས་པར་འགྱུར་རོ། །དེ་ནས་ཐམས་ཅད་གཏོར་ གཞོང་ཡང་ཆོས་ཉིད་དུ་བསྡུས་ཏེ་སྲིད་པ་ཞིག་གོ །གཏོར་མའི་རྫས་སྐྱེ་འཁྲུངས་ཀྱང་སྐྱེ་བ་མེད་པར་གསོལ་ཏེ་དེངས་སོ། །གཏོར་མགྲོན་ཡང་རིག་པ་གཅིག་གི་དཀྱིལ་འཁོར་དུ་འདུས་ཏེ་འཕྲོས་སོ། །དེ་ཡང་གཏོར་མའི་རང་བཞིན་ལ་མ་རིག་མ་རྟོགས་པ་ལ་སྐྱེ་བོའི་ཆོ་འཕྲུལ་གོང་མ་ལྟར་དུ་སྣང་ངོ་། །ཡང་དག་པའི་ཆོས་ཉིད་གཏོར་མ་འདི་རིག་ཅིང་རྟོགས་ན། དེ་གང་དུ་ཡང་གྲུབ་ཅིང་བསྟན་པ་མེད་ལ།ལྷུན་གྱིས་གྲུབ་པ་གཏོར་མ་རང་བཞིན་མེད་པའི་ཡེ་ཤེས་སུ་གནས་སོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མའི་རིམ་པ་བྱུང་བའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་ཐམས་ཅད་གཏོར་མའི་རང་བཞིན་ལ། འཁྲུལ་པས་ཆགས་འཛིན་དུ་མཐོང་བ་ལ། སྙིང་རྗེ་བའི་སེམས་སྐྱེས་ནས། འཕོ་འགྱུར་བྲལ་བའི་དབྱིངས་སུ་འབུལ་བའི་གཏོར་མ་འདི་སྐད་ཅེས་གསུངས་སོ། །ཧུ༷་མ་རིག་འཁྲུལ་པའི་རྫས་སུ་སྣང་བ་ལ། །འཛིན་ཆགས་བྱིས་པའི་སྤྱོད་པས་སོ་སོར་སྣང་། །བག་ཆགས་བརྟས་པའི་དབང་གིས་བཅིངས་པ་རྣམས། །འབར་བྱེད་ཆེན་པོའིཀློངདུགཤེགསསུགསོལ། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ལ། རྒྱུད་དྲུག་ལས་ཀྱིས་བསྡུས་པའི་གཏོར་མར་འབུལ། །འཁོར་བའི་སྡུག་བསྔལ་བྱང་ཆུབ་དོན་མཛད་ནས། །མི་ལྡོག་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་བུརྙ་ཧེ་རུ་ལ། ལོག་རྟོགས་གཟུགས་ཀྱིས་བསྡུས་པའི་གཏོར་མ་འབུལ། །མཚན་མ་རྫས་ཀྱི་དངོས་པོ་ཞི་མཛད་ནས། །མི་དམིགས་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ལ། །རྣམ་ཤེས་ཚོགས་ཀྱིས་བསྡུས་པའི་གཏོར་མ་འབུལ། །ཉོན་མོངས་ཞེན་པའི་མཚན་མ་ཞི་མཛད་ནས། མི་རྟོག་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ལ། །བདེ་སྡུག་གཉིས་མེད་དོན་གྱི་གཏོར་མ་འབུལ། །ཚོར་སྲེད་ལེན་པའི་མཚན་མ་ཞི་ནས་ཀྱང་། །མི་སྤང་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ལ། །ཆེ་ཆུང་ཙམ་མེད་བསྡུས་པའི་གཏོར་མར་འབུལ། །འདོད་ཆགས་ཞེན་པའི་མཚན་མ་གཞི་མཛད་ནས། མི་འགྱུར་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་ཀརྨ་ཧེ་རུ་ལ། །འདུ་བྱེད་རྣམ་རྟོག་བསྡུས་པའི་གཏོར་མ་འབུལ། །དགེ་སྡིག་ལས་ཀྱི་མཚན་མ་ཞི་མཛད་ནས། །བཅོས་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅ་མ་ལྡན་དཔལ་ཆེན་རསྒ་ཧེ་རུ་ལ། གཟུང་འཛིན་གཉིས་ཀྱིས་བསྡུས་པའི་གཏོར་མ་འབུལ། །ཆགས་སྡང་ལས་ཀྱི་མཚན་མ་ཞི་མཛད་ནས། །སྤྲོས་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་བི་ཤྭ་ཧེ་རུ་ལ། །སྐྱོན་ཡོན་གཉིས་ཀྱིས་བསྡུས་པའི་གཏོར་མ་འབུལ། །ཉེས་ལེགས་ལས་ཀྱི་མཚན་མ་ཞི་མཛད་ནས། །གཡོ་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་གུ་རྒྱ་ཧེ་རུ་ལ། །ཕྱི་ནང་གསང་བས་བསྡུས་པའི་གཏོར་མ་འབུལ། །སྣོད་བཅུད་ལས་ཀྱི་མཚན་མ་ཞི་མཛད་ནས། །འགྱུར་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །ཁམས་གསུམ་ཡུམ་མཆོག་དྷསྐི་དགུ་རྣམས་ལ། །འབྱུང་ལྔ་སྣོད་བཞིའི་བསྡུས་པའི་གཏོར་མ་འབུལ། །ཡོད་མེད་དངོས་པོའི་མཚན་མ་ཞི་མཛད་ནས། །མ་སྐྱེས་དབྱིངས་ཀྱི་མཆོད་པ་བཞེས་སུ་གསོལ། །ཀོ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་ཤེས་དབང་པོས་བསྡུས་པའི་གཏོར་མ་འབུལ། །མཐོང་ཐོས་ཕྱོགས་རིས་མཚན་མ་ཞི་མཛད་ནས། སྐྱེ་འགག་མེད་པའི་མཆོད་པ་བཞེས་སུ་གསོལ། །སིདྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །དུར་ཁྲོད་གནས་བརྒྱད་བསྡུས་པའི་གཏོར་མ་འབུལ། །ཕྱི་ནང་དུར་ཁྲོད་མཚན་མ་ཞི་མཛད་ནས། །སྤྲོས་པ་མེད་པའི་མཆོད་པ་བཞེས་སུ་གསོལ། །རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ་རྣམས་ལ། །བཟའ་བཏུང་བགོ་བས་བསྡུས་པའི་གཏོར་མ་འབུལ། །ཆགས་སེམས་ལས་ཀྱི་མཚན་མ་ཞི་མཛད་ནས། །སྤང་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །སྙེམས་མ་ལ་སོགས་ཁྲོ་མོ་བཅུ་རྣམས་ལ། །སྣང་སྲིད་དག་པས་བསྡུས་པའི་གཏོར་མ་འབུལ། །སྐྱེ་འགྲོ་ལས་ཀྱི་མཚན་མ་ཞི་མཛད་ནས། །རྟོག་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །མི་སྲིན་ལ་སོགས་ཉི་ཤུ་བརྒྱད་རྣམས་ལ། །མཁའ་དབྱིངས་བྷ་གས་བསྡུས་པའི་གཏོར་མ་འབུལ། །ལྟུང་སེམས་གོལ་བའི་མཚན་མ་ཞི་མཛད་ནས། །གཉིས་མེད་དོན་གྱི་མཆོད་པ་བཞེས་སུ་གསོལ། །དགའ་བྱེད་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ། ཁྲ་ཁྲག་རུས་པས་བསྡུས་པའི་གཏོར་མ་འབུལ། །དུག་གསུམ་ལས་ཀྱི་མཚན་མ་ཞི་མཛད་ནས། །མ་གཡོས་དོན་གྱི་མཆོད་པ་བཞེས་སུ་གསོལ། །བརྩེ་གདུང་ཚུལ་བཞིན་མ་བདུན་སྲིང་བཞི་ལ། །དམ་རྫས་གཉིས་སུ་བསྡུས་པའི་གཏོར་མ་འབུལ། །སྐྱོན་ཡོན་ལས་ཀྱི་མཚན་མ་ཞི་མཛད་ནས། །མ་སྐྱེས་དོན་གྱི་མཆོད་པ་བཞེས་སུ་གསོལ། །ཕོ་ཉ་སྡེར་མོ་སུམ་བརྒྱ་དྲུག་ཅུ་ལ། །དུར་ཁྲོད་ཕུང་པོས་བསྡུས་པའི་གཏོར་མ་འབུལ། །སྐྱེ་ཤིའི་ལས་ཀྱི་མཚན་མ་ཞི་མཛད་ནས། །མ་བཅོས་དོན་གྱི་མཆོད་པ་བཞེས་སུ་གསོལ། །རྡོ་རྗེ་ཀ་ཏར་རྡོ་རྗེ་གིང་ཆེན་བཅོ་བརྒྱད་ལ། །སྲོག་དབུགས་གཉིས་སུ་བསྡུས་པའི་གཏོར་མ་འབུལ། །འཕོ་ འགྱུར་ལས་ཀྱི་མཚན་མ་ཞི་མཛད་ནས། །མ་སྤངས་དོན་གྱི་མཆོད་པ་བཞེས་སུ་གསོལ། །ཞེས་བརྗོད་པས་ལོག་པའི་འཕོ་འགྱུར་རི་རབ་ཙམ་བྱང་བར་འགྱུར་རོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་འབུལ་ཞིང་བསྟབ་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའཆེན་པོ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་འཛིན་ཅིང་ཞལ་མཐོང་བ་ཞེས་བྱ་བ་ཡང་གཞན་མ་ཡིན་ཏེ་གཏོར་རྒྱུད་ཆེན་པོ་འདི་ཚིག་དང་ཡི་གེར་བྲིས་ནས། གང་འཆང་བ་དང་། གང་ཞིག་གིས་ཞལ་མཐོང་བ་ནི་སངས་རྒྱས་ཐམས་ཅད་ཞལ་མཐོང་ཞིང་འཆང་བ་ཡིན་ནོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའིགསུང་རབ་མི་འཆད་པར་འཛིན་ཅིང་བཟླས་པ་ཡང་གཞན་མ་ཡིན་ཏེ། ཏན་ཏྲ་འདི་ཀློག་ཅིང་འདོན་པའོ། །སེམས་དཔའ་ཆེན་པོ་དེབཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་རྟོགས་པ་ཞེས་བྱ་བ་ཡང་། གཞན་མ་ཡིན་ཏེ། རྒྱུད་འདི་ཡིད་ལ་འཛིན་ཅིང་གཟུངས་སུ་འཆང་བ་དེ་དེ་བཞིན་གཤེགས་པའི་ཐུགས་ཡང་དག་པར་རྟོགས་པའོ། །སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་ཡོན་ཏན་ཞེས་བྱ་བ་ཡང་གཞན་མ་ཡིན་ཏེ། རྒྱུད་འདི་ཡིད་ལ་འཛིན་ཅིང་འཆང་བ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་གང་ཡང་མ་ཚང་བམེད་པའོ། །སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་ཕྲིན་ལས་ཞེས་བྱ་བ་ཡང་གཞན་མ་ཡིན་ཏེ། རྒྱུད་འདིའི་དོན་མཐར་ཕྱིན་པས་དེ་བཞིན་གཤེགས་པའི་ཕྲིན་ལས་མ་རྫོགས་པ་མེད་པའོ། །སེམས་དཔའ་ཆེན་པོ། སྔར་འདུས་པའིདེབཞིནགཤེགསཔཡང་རྒྱུད་འདིའི་དོན་ཐུགས་སུ་ཆུད་པས་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་དུ་ད་ལྷར་དང་ཕྱིས་འབྱུང་བ་རྣམས་ཀྱང་དེ་བཞིན་དུ་སངས་རྒྱས་པས། རྒྱུད་འདི་སངས་རྒྱས་ཀྱི་དགོངས་སྤྱོད་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རྒྱུད་འདི་ཤེས་ཤིང་འཛིན་པ་ཏ་ཨ་ཅང་ཡང་ཆེས་ཏེ་ཞལ་ཙམ་ཡང་མཐོང་བ་དང་མིང་ཙམ་ཡང་འཛིན་པ་ཡང་ངན་སོང་ལས་གྲོལ་ནས་ཐར་པའི་བདེ་བ་ལོངས་སྤྱོད་རྒྱུན་མི་འཆད་པར་འགྱུར་རོ། །སེམས་དཔའ་ཆེན་པོ། རྒྱུད་འདི་ནི་ཕན་ཡོན་ཆེ་ཡང་ཆེ་ལ་ཆུང་ཡང་ཆུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་ཐོས་ཤིང་རྟོགས་པ་རྣམས་མ་བཙལ་ལྷུན་གྱིས་གྲུབ་པ་དང་པོ་ནས་རང་རྒྱུད་དུ་འགྲུབ་པར་འགྱུར་ལ། འདི་མ་ཐོས་མ་རྟོགས་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་ནམས་ཀྱང་ཐར་བར་མི་འགྱུར་རོ། སེམས་དཔའ་ཆེན་པོ། རྒྱུད་འདི་ཐུགས་རྗེ་ཆེ་ཡང་ཆེ་ལ་ཆུང་ཡང་ཆུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་ལས་འཕྲོ་དང་ལྡན་པས་རྒྱུད་འདིའི་ཞལ་མཐོང་ཞིང་ཐོས་པར་འགྱུར་ལ། ལས་འཕྲོ་དང་མི་ལྡན་པས་རྒྱུད་འདིའི་ཞལ་མི་མཐོང་ཞིང་སྐལ་བ་དང་མི་ལྡན་པའི་དོན་ནོ། །སེམས་དཔའ་ཆེན་པོ། རྒྱུད་འདིས་ནི་ཁྱབ་ཀྱང་ཁྱབ་ལ་མ་ཁྱབ་ཀྱང་མ་ཁྱབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་འདི་ལས་བྱུང་ཞིང་འདིར་འདུས་པས་ཁྱབ་ལ། དེ་ལྟར་ཁྱབ་ཀྱང་དེ་ལྟར་ཤེས་ཤིང་རྟོགས་པར་དཀའ་བས་མ་ཁྱབ་བོ། །སེམས་དཔའ་ཆེན་པོ། རྒྱུད་འདི་ནི་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པའི་ཀློང་ཡོད་ན་གོ་བའི་ཡུལ་ན་ཡོད་ལ། མ་རིགས་པ་དང་སྒྲོ་སྐུར་ཅན་ན་མེད་དོ། སེམས་དཔའ་ཆེན་པོ། རྒྱུད་འདི་གནས་ཀྱང་གནས་ལ། མི་གནས་ཀྱང་མི་གནས་ལ། དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་ལ་གནས་པའི་རྒྱལ་བའི་སྲས་པོ་ལ་ཚིག་དང་ཡི་གེར་བྲིས་ཏེ་གནས་ལ། དམ་ལ་མི་གནས་ཤིང་ཕྱོགས་ཆར་བྱེད་པ་ལ་ནམ་ཡང་གནས་པར་མི་འགྱུར་རོ། །སེམས་དཔའ་ཆེན་པོ། རྒྱུད་འདི་ནི་འཇིག་རྟེན་གྱི་ཁམས་སུ་གྲགས་ཀྱང་གྲགས་ལ། མ་གྲགས་ཀྱང་མ་གྲགས་སོ། །དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པས་གྲགས་ལ། དཔེར་ན་སེདྷིའི་འོ་མ་དང་འདྲ་བར་ཀུན་གྱིས་མི་ཐེག་ཅིང་སྣོད་དང་ལྡན་པ་གཅིག་འགའ་ལ་སྲིད་པའི་ཕྱིར་རོ། །དེ་ལྷ་བུའི་དོན་ཀྱང་རྩ་བའི་གཏོར་མ་དཀོན་ཞིང་རིན་ཆེ་བ་སྟེ། རིན་ཐང་དཔག་ཏུ་མེད་པའི་ཕན་ཡོན་ཏེ། རྒྱུད་འདི་འབྱུང་བར་ཡང་དཀོན་ལ། ནུབ་པར་ཡང་མི་འགྱུར་བའི་དཔེའོ། །དེ་སྐད་ཅེས་བཀའ་སྩལ་པས། རྡོ་རྗེ་སེམས་དཔས་རྒྱུད་འཛིན་ཅིང་སྣོད་དུ་འགྱུར་བར་བྱ་བའི་ཕྱིར། ལྷ་དང་མིའི་དཀོར་དང་ལོངས་སྤྱོད་ཀུན་ཏུ་བཟང་པོ་ལ་ཕུལ་ལོ། །གཏོར་རྒྱུད་ཆེན་པོ་ལས། རྒྱུད་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་ཀུན་ཏུ་བཟང་པོའི་བཀའ་དེ་ཐོས་པས། ཤིན་ཏུ་འགྲོ་བ་རྣམས་ཆགས་ཤིང་གོལ་བར་གཟིགས་ནས། འགྲོ་བ་སེམས་ཅན་སྣོད་དག་པར་བྱ་བ་དང་། རྒྱུད་ཐོས་པར་བྱ་བ་དང་། མན་ངག་གཏིང་ཕྱིན་པར་བྱ་བ་དང་། ལུང་ནམ་དུ་ཡང་མི་ནུབ་པར་བྱ་བ་དང་། བྱས་པའི་འབྲས་བུ་ཆུད་མི་ཟོས་པར་འགྲུབ་ངེས་པར་བྱ་བའི་ཕྱིར། འགྲོ་བ་ཡོངས་ལ་འདི་སྐད་ཅེས་བྱ་བའི་སྒྲ་བསྒྲགས་སོ། །མི་འགྱུར་དབྱིངས་སུ་གང་འདོད་པའི། །རྒྱལ་བའི་སྲས་པོ་ཀུན་ཡིན་པས། །རྒྱལ་བས་ཅི་ལྟར་གསུངས་པ་བཞིན། །བུ་མཆོག་རྣམས་ཀྱིས་མཉན་པར་གྱིས། །འཁོར་བ་མེད་པར་བྱ་བའི་ཕྱིར། །ཕ་མ་སྤུན་དང་མིང་སྲིང་དང་། བདག་དང་རྒྱལ་སྲིད་བུ་དང་གྲོགས། །བླ་མ་ལ་ནི་བྲན་དུ་འབུལ། །དེ་ཚེ་བླ་མ་མ་བཞེད་ན། །ཅི་རི་བ་ཡི་རིན་གྱིས་བླུ། ཁུད་ཆེན་ཐོས་པར་དེ་གྱུར་ན། །གཟོད་ཅིག་འཁོར་བ་མྱ་ངན་མེད། །ཆགས་པ་མེད་པར་བྱ་བའི་ཕྱིར། །གསེར་དངུལ་ལ་སོགས་རིན་ཆེན་ལྔ། །སྐྲུག་ལ་སོགས་པའང་དེ་བཞིན་དུ། །གླང་པོ་ལ་སོགས་རྟ་རྣམས་དང་། །དར་དང་ལྷབ་ལྷུབ་ན་བཟའ་དང་། །ཞལ་ཟས་ལ་སོགས་ཚོགས་རྣམས་ཀྱིས། །བླ་མ་མཉེས་པར་ཀུན་ཕུལ་ནས། །ཞུ་བ་དག་ནི་ཚུལ་བཞིན་བྱ། །གསོལ་བཏབ་གནང་བ་ཐོབ་བྱས་ནས། །གཟོད་ཅིག་སངས་རྒྱས་སེམས་ཅན་མེད། །གནས་པ་མེད་པར་བྱ་བ་དང་། །འཆི་བ་མེད་པར་བྱ་བའི་ཕྱིར། །གནས་དང་ཡུལ་དང་ཞིང་རྣམས་དང་། །བྲན་དང་གཉེན་ལ་སོགས་པ་རྣམས། །དད་པས་དམིགས་ལ་དབུལ་བར་བྱ། །གསོལ་བཏབ་གནང་བ་ཐོབ་བྱསན། །ལུངཆེནགནསཔརདེ་གྱུར་ནས། །གཟོད་ཅིག་འཁོར་བ་མྱ་ངན་མེད། །ཐ་ན་དེ་དག་མ་འབྱོར་ཅིང་། །གང་ཡང་ཡོད་པར་མ་གྱུར་ན། །ལུས་དང་སྲོག་མི་འཕངས་བྱས་ནས། །བརྩོན་འགྲུས་དཀའ་བའི་གྲིམས་ཕྱུང་ནས། །གཡོ་སྒྱུ་མེད་པར་རབ་ཏུ་འབད། །བཀའ་སྩལ་བསྙེན་བཀུར་ཐུགས་ཟིན་ན། །དེ་བཞིན་གཤེགས་པའི་བཀའ་བརྒྱུད་དང་། །རྒྱུད་དང་ལུང་དང་མན་ངག་རྣམས། །ཅི་ལྟར་འདོད་པ་བཞིན་དུ་ཐོས། །གཏོར་རྒྱུད་འདི་ཡི་ཞལ་མཐོང་ཞིང་། །ཐེག་པ་ཆེན་པོའི་ཆོས་ཐོས་ནས། །མྱ་ངན་འདས་པའི་དོན་རྟོགས་ཤིང་། །ཀུན་ཏུ་བཟང་པོར་གདོན་མི་ཟའོ། །གང་ཞིག་དེ་ལྟར་མི་བྱེད་ཅིང་། །ཆགས་པའི་ཚུལ་གྱིས་གཏོར་མི་ཤེས། །འཛིན་པའི་སེམས་ཀྱིས་རྟག་པར་སེམས། །གཞུང་དང་མི་མཐུན་ཟོལ་ཐབས་ཀྱིས། །རྒྱུད་ལུང་མན་ངག་ཅི་སྨོས་ཀྱིས། །བཀའ་ཆོས་ཉི་ཟེར་ཙམ་ཡང་དེས་མི་མཐོང་། །དེ་ཚེ་ངན་སོང་གསུམ་དང་འགྲོགས། །ཆགས་དང་འཛིན་པས་དེར་མ་ཤེས། །ཡུལ་འཁོར་ལ་སོགས་འདི་ཀུན་ཡང་། །གཏོང་ཕོད་གང་གནས་དམ་པ་ཡིན། །དེ་ཚེ་གཏོང་ཡང་མི་འབྲལ་འགྲོགས། །དེར་ཡང་མ་ཟད་དཔག་མི་ལངས། གང་ཞིག་འཛིན་ཆགས་གཏང་མི་ཤེས། །དེ་ཚེ་བཟུང་ཡང་མི་འགྲོགས་ཏེ། །བཟུང་བ་དབུལ་པོས་གཏེར་སྟོར་ནས། །གར་ཡང་འགྲོགས་མེད་ཕན་མེད་འགྱོད། །མ་རིག་བུ་གཅིག་སྙིང་རེ་རྗེ། །ཆོས་མེད་ཐན་པས་རྗོས་སམ་ཚིག །བྱང་ཆུབ་ཆར་གྱིས་མ་བརླན་ན། །རྒྱུ་འབྲས་གཉིས་ཀ་ཚིག་བསྐམས་ནས། །མྱུ་གུ་བྱང་ཆུབ་འབྲས་བུ་མེད། །ངན་སོང་དུ་སྐྱེས་བཟོད་བླག་མེད། །གང་ཞིག་ཐེག་ཆེན་ཁྲིམས་ཐོས་པས ཕངས་མེད་ཡོན་གྱིས་སྣ་འདྲེན་ཅིང་། །གཟུགས་སྣང་རྟོགས་པའི་ཞིང་རྨོས་ཏེ། །བྱང་ཆུབ་ལམ་གྱི་ས་བོན་བཏབ། །མན་ངག་བདུད་རྩིའི་ཆར་ཆེན་གྱིས། །ཡེ་ཤེས་ལས་ཀྱི་འབྲས་བུ་སྨིན། །རྩ་བའི་གཏོར་མའི་རང་བཞིན་དུ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །མཐའ་ཡས་གནས་པའི་འགྲོ་ཀུན་གྱིས། །ཀུན་ཐོས་འདི་རྟོགས་གྲོལ་བར་ཤོག །ཅེས་བྱ་བའི་སྒྲ་བསྒྲགས་པས། །ཅི་ལྟར་ཕྱིས་འབྱུང་ཐམས་ཅད་ཀུན། །གཏོར་མའི་སྣོད་དུ་རུང་བར་བྱིན་གྱིས་བརླབས་སོ། །དེ་སྐད་ཅེས་བྱ་བའི་སྒྲ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོས་པས། ཆགས་པ་དང་བྲལ་ནས། རྒྱུད་དང་ལུང་དང་མན་ངག་གི་སྣོད་དུ་རུང་ངོ་། །གཏོར་རྒྱུད་ཆེན་པོ་ལས། མན་ངག་གི་སྣོད་སྲོད་པའི་ཕྱིར། །ཡོན་འབུལ་བའི་ལེའུ་སྟེ་སོ་དགུའོ།། །།དེ་ནས་རྣལ་འབྱོར་པ་རྣམས་ལ་ཕན་གདགས་པའི་ཕྱིར། ཟ་མའི་གཏོར་མ་ཆེད་དུ་བརྗོད་དོ། །རྣལ་འབྱོར་ལུང་དང་ལྡན་རྣམས་ཀྱིས། །སྔགས་དང་ཕྱག་རྒྱར་ལྡན་བྱས་ནས། །མཆོད་པའི་ཚོགས་ཀྱི་ཁྱད་པར་ལས། །དགོངས་པའི་ཟ་གཏོར་གཏང་བར་བྱ། །དེ་ལ་རྣ་ འབྱོར་པ་མཐའ་དག་དུས་བཞི་དག་ཏུ་འདོད་པ་ལ་ལོངས་སྤྱོད་པར་བྱེད་དོ། །དེ་ཆོས་ཉིད་དུ་སྤྱོད་པར་ཤེས་ན་ཡང་གཏོར་མའོ། །རྣལ་འབྱོར་པ་ནི་དུས་ཐམས་ཅད་དུ་ཆོས་ལ་ལོངས་སྤྱོད་དོ། །དེའི་དགོངས་སྤྱོད་ཀྱང་གཏོར་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ན་ཡང་གཏོར་མའོ། །དེའི་ཕྱིར་ཟ་མ་ཐམས་ཅད་ནི་ཚོགས་ལ། དེ་བསྔོ་བ་དང་ལྡན་པ་ནི་གཏོར་མའོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ཤིང་མཁན་ཐབས་ལ་མཁས་པས་ཤིང་ཐམས་ཅད་འཕྲུལ་དུ་བྱིན་གྱིས་བརླབས་པ་བཞིན། ཐབས་འདི་ལྟར་མཁས་པས་ཐམས་ཅད་དུ་གཏོར་མར་ལོངས་སྤྱོད་ཅིང་། གཏོར་མ་ལོངས་སྤྱོད་པ་ལས་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་རློབས་པའི་མཐུ་ཡོད་པའོ། །དེ་ལ་དང་པོ་ཟ་མའི་གཏོར་མའི་དགོངས་རྒྱུད་ནི། རྣམ་པ་བདུན་དང་ལྡན་པར་བྱ་བའམ། ཡང་ན་ལྔ་དང་ལྡན་པར་བྱ་བ་སྟེ། དེ་ཡང་གང་ཞེ་ན། དང་པོ་གཏོར་མའི་དགོས་པ་དང་། ཐེག་པ་ཆེན་པོར་ཀུན་ཚང་བའི་དགོས་པ་དང་། གཉིས་སུ་མེད་པར་ཚོགས་ཀྱི་ལོངས་སྦྱོད་བྱ་བ་དང་། ལྷག་མའི་ཕྲིན་ལས་ཀྱི་མཆོད་པས་གཉིས་སུ་མེད་པར་བྱ་བ་དང་། དངོས་པོ་དང་མཚན་མ་མི་གནས་པའི་ཆོས་ཉིད་སྟོང་པའི་ངང་དུ་གཏོར་མ་བྱ་བའོ། །དེ་ལ་དང་པོ་ཟ་མའི་གཏོར་མའི་དགོངས་པ་ནི། ལག་པ་གཡས་པ་འཇམ་དཔལ་གྱི་ཕྱག་རྒྱ་བཅས་ལ། བདག་ལ་དགྲ་བགེགས་ཡོད་ན་རྟོགས་པ་ཡོད་པས། དགྲ་བགེགས་ཐམས་ཅད་ཏིང་ངེ་འཛིན་གྱིས་ཁུགས་པར་བསམས་ལ། ཚེ་དང་གལ་ཕྱི་ལ་དབྱེར་མེད་པར་བསྟིམས་ལ། སྲིད་པའི་དྭ་བ་གཅོད་པས་མི་གནས་པར་བསྒྲལ་ལ། རྒྱལ་བའི་སྲས་སུ་རིགས་ངེས་པར་དབང་བསྐུར་ལ་བཞག །དེ་ནས་རྣལ་འབྱོར་པའི་ལོངས་སྤྱོད་དང་། མཆོད་པའི་ཡོ་བྱད་ལས། གཏོར་མ་བསྔོ་བར་བྱ་བ་ནི། ཧུ༷་བཅོམ་ལྡན་དཔལ་ཆེན་པོ་ཡབ་ཡུམ་སྲས་དང་བཅས་པ་དང་། །འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས། རྣམ་རྟོག་ཟད་པར་བྱ་བའི་གཏོར་མ་བཞེས་སུ་གསོལ། །ཨོ་བ་ལིན་ཏ་ཁ་ར༷་ཁུ་ཧི། ཁ་ར༷་ཏ་ཀི་ནི། ཁུ་ཡོ་གི་ནི། ང་རྟ་བ་ག་ཨ་ལ་ལ་ཧོ་ཞེས་བརྗོད་ལ། ཅི་ལྟར་སྣང་བ་ཐམས་ཅད་གཏོར་མའི་རང་བཞིན་དུ་འཕགས་པ་རྣམས་ལ་མཆོད་ཅིང་། རྒྱལ་བ་རྒྱ་མཚོ་རྣམས་ལ་ཐུགས་དམ་གྱི་རྒྱུད་བསྐུལ་ནས། གཏོར་མའི་མཆོད་པས་དུས་རྟག་ཏུམཆོད་པ་རྒྱུན་མི་ཆད་པར་བསྒོམ་པའོ། །དེ་ནས་ཐེག་པ་ཆེན་པོར་ཀུན་ཚང་བར་བསྒོམ་པ་ནི། གཞུང་དུ་མ་དག་ལས་ཤེས་པར་བྱའོ། །དེ་ནས་གཉིས་སུ་མེད་པར་བགྱི་སྟེ། བདག་མཆོད་ཀུན་མཉེས་སངས་རྒྱས་ཐམས་ཅད་འགྲངས། །ཞེས་འབྱུང་ཞིང་བསྟན་པས། དོན་དེ་ལྟ་བས་ན། བདག་མཆོད་པ་ལ་སོགས་སོ། །ཚོགས་ཀྱིས་བདག་ལ་ཐིམ་པ་ནི། །རྒྱལ་བ་མཉེས་པར་བསམ་པའོ། །རྒྱལ་བ་མཉེས་པས་ནི། བདག་གི་དངོས་གྲུབ་ཐོབ་པར་བསྒོམ་པའོ། །བདག་དངོས་གྲུབ་ཐོབ་པས་ཐམས་ཅད་སངས་རྒྱས་པར་ཚོགས་དང་གཏོར་མར་ལོངས་སྤྱོད་པའོ། །དེ་ནས་ལྷག་མའི་ཕྲིན་ལས་སུ་བྱ་བ་ནི། དང་པོར་དངོས་པོ་དེ་ལས་ཆོས་ཉིད་དུདབྱིངསགཅིགཅིང།རྟོགས་པའི་གེགས་མེད་པར་བྱ་བ་ནི། ཚོགས་ཀྱི་ལྷག་མ་ལ་སྤྱི་སྡོམ་སྟེ། ཨོ་བཛྲ་རཏྣ་པདྨ་ཀརྨ་བུརྙ་བ་ལིན་ཏ་ཁ་ཁུ་ཞེས་བརྗོད་ལ། གང་ཡང་མི་གནས་པའི་ཕྲིན་ལས་བཅོལ་ལོ། །དེ་ནས་དངོས་པོ་དང་མཚན་མར་མི་གནས་པར་བྱ་བ་ནི། ཐམས་ཅད་སྟོང་པའི་རང་བཞིན་ལས་མ་གཏོགས་པ། རྟོགས་པ་དང་མཚན་མ་གར་ཡང་མི་གནས་པར་ཚོགས་ཀྱི་གཏོར་མར་ལོངས་སྤྱོད་པས། ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་གཏོར་མར་སངས་རྒྱས་པར་བསྒོམ་པའོ། །གཏོར་རྒྱུད་ཆེན་པོ་ལས། ཟ་མའི་གཏོར་མའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ།བཅོམ་ལྡན་འདས་དེ་ལྟ་བུའི་གཏོར་མ་འདི། །གཏོར་ཞིང་གང་ལ་གཏང་བ་ལགས། །གཏེར་གང་དུ་བཞག་པ་ལགས། སྤྱད་ཅིང་བཙལ་བའི་ཐབས་ཅི་ལྟ་བུ་ལགས། ཡང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཆེན་པོ་ལུང་བསྟན་པ་འདི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་ལ། ངས་ཀྱང་བཤད་པར་བྱའོ། །གཏོར་མ་འདི་དག་གཏོར་ཞིང་གཏང་བར་བྱ་བ་ནི། འབྱུངབཆེནཔོལྔལགཏོར་ཞིང་གཏང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཏོར་མ་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ལ། གཏོར་མའི་མགྲོན་གྱི་བཞུགས་གནས་ཀྱང་ཡིན་ལ། གཏོར་མའི་འབྲས་བུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་ཡང་ཡིན་པས། གཏོར་མ་ནམ་མཁའ་ལ་གཏོང་བ་ནི། ནམ་མཁའི་མཐོངས་སུ་ནམ་མཁའ་ལ་གཏོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ཀྱིས་ཐམས་ཅད་ཤེས་ཤིང་གོ་འབྱེད་པའོ། །གཏོར་མ་ས་ལ་གཏོང་བ་ནི། གང་ན་གནས་པའི་ས་ཕྱོགས་བཞི་དང་མཚམས་བརྒྱད་དུ་ཁྱབ་པར་གཏོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་བསྐྱེད་ཅིང་སྨིན་པར་བྱེད་པའོ། །གཏོར་མ་ཆུ་ལ་གཏང་བ་ནི། རྒྱ་མཚོ་ཆེན་པོའི་འཇིང་སླེབ་པའི་ཆབ་ཆུ་དང་གཞུང་ལ་གཏོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐུགས་རྗེ་ཆེན་པོས་ཐམས་ཅད་སྣུམས་པའོ། །གཏོར་མ་མེ་ལ་གཏང་བ་ནི། ཙུ་ཏའི་ཤིང་ལ་སོགས་པ་ལ་འབར་བའི་མེ་བཏང་སྟེ་བསྲེགས་ལ་གཏོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཏིང་ངེ་འཛིན་གྱི་འོད་ཟེར་རྣམ་རྟོག་བསྲེག་པའོ། །གཏོར་མ་རླུད་ལ་གཏང་བ་ནི། རྡོ་རྗེ་རླུད་གཞོན་པའི་རི་གསུམ་གྱི་རྩེ་ལ་བཏང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣམ་པར་རྟོག་པའི་དགྲ་བགེགས་ཐམས་ཅད་འཐོར་ཞིང་གཡེང་བའོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་བཏང་བའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་གཏོར་མ་གཏེར་དུ་སྦ་བ་ནི། གོང་དུ་གཏོར་མ་འདི་སྤྱོད་པར་ས་ལ་དོང་ཆག་གང་བུས་ལ། དང་པོ་ཆོས་ཀྱི་སྐུའི་གཏོར་མ་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་གཏོར་མར་སྦྱར་ལ་གཏེར་དུ་སྦའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཆོས་ཀྱི་སྐུ་མི་འགྱུར་བའི་ཀློང་ན་བཞུགས་པ་ལ། ཡོན་ཏན་གྱི་ཚོགས་ཅིར་ཡང་སྣང་ཞིང་འབྱུང་བའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཧུ༷་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། །ཆོས་སྐུ་འགྱུར་བ་མེད་པ་ཡིས། །རྡོ་རྗེ་རིགས་ཀྱི་གཏེར་སྦས་པས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སངས་རྒྱས་སྤྱན་གྱི་མཁའ་དབྱིངས་སུ། །ལོངས་སྤྱོད་རྫོགས་པར་རབ་སྣང་བའི། །རིན་ཆེན་རིགས་ཀྱི་གཏེར་སྦས་པས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མ་མ་ཀི་ཡི་མཁའ་དབྱིངས་སུ། །གཟུགས་སྐུ་གཞའ་ཚོན་གསལ་བ་ཡི། །རིན་ཆེན་རིགས་ཀྱི་གཏེར་སྦས་པས། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གོས་དཀར་མོ་ཡི་མཁའ་དབྱིངས་སུ། །མངོན་པར་གསལ་བའི་སྐུར་སྣང་བའི། །པདྨ་རིགས་ཀྱི་གཏེར་སྦས་པས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །དམ་ཚིག་སྒྲོལ་མའི་མཁའ་དབྱིངས་སུ། །སྤྲུལ་པའི་སྐུ་དང་རབ་ལྡན་པའི། །ལས་ཀྱི་རིགས་ཀྱི་གཏེར་སྦས་པས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། ཞེས་བརྗོད་པས། ཟད་པ་མེད་པའི་གཏེར་དམ་པ་དང་ལྡན་པར་བྱིན་གྱིས་བརླབ་བོ། །གཏོར་རྒྱུད་ཆེན་པོ་ལས། རིན་པོ་ཆེའི་གཏོར་མ་སྦ་བའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་གཏོར་མ་རྣམ་པ་གསུམ་པོ་ཡང་། དང་པོ་ཙིཀྟ་སྤུངས་པ་ཡང་། །རྣམ་པར་ཤེས་པ་དབང་པོ་དང་། གཏོར་མའོ། །བར་པ་ཕུང་པོ་བཏུབས་པ་ཡང་། ནང་རོལ་གྱི་གཏོར་མའོ། །ཐ་མ་རྫས་ཀྱི་ལྷག་མ་ལ། དུག་གསུམ་གྱི་གཏོར་མའོ། །གཏོར་རྒྱུད་ཆེན་པོ་ལས། གཏོར་མ་རྣམ་གསུམ་གྱི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་མཁས་པའི་དབང་ཕྱུག་ཆེན་པོ། ཀུན་ལ་སྙོམས་པའི་འགྲོ་བའི་མགོན་པོ ཐམས་ཅད་ལ་དབང་བསྒྱུར་བའི་མཐུ་རྩལ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ། སངས་རྒྱས་ཐམས་ཅད་ཀྱང་རྒྱུད་འདི་ཡིན་ལ། རྒྱུད་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་མཛད་སྤྱོད་དམ་པའི་རང་བཞིན་ཏེ། རྒྱུད་འདི་ནི་ཐམས་ཅད་ལ་གྲོལ་ཞིང་སྨོན་པར་ངས་བསྟན་པ་སྟེ། ཐུགས་ཡེ་ཤེས་ཉིད་རྒྱུད་འདིའི་རང་བཞིན་ཏེ། འདི་ནི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་འདྲ་བར་དཀོན་པས། འདི་གང་དུ་གནས་པར་སངས་རྒྱས་ཐམས་ཅད་གནས་པས། རྣལ་འབྱོར་པ་དམ་ལ་གནས་ཤིང་སྣོད་ཡོད་པ་རྣམས་ལ་སེམས་དཔའ་ཆེན་པོས་ལུང་སྟོན་ཅིག །རྒྱུད་འདི་ནི་གང་ཞིག་འཛིན་ཅིང་འཆང་ན་ཡང་། དེ་ཡང་སངས་རྒྱས་དང་འདྲ་བ་ཡིན་པས། དེ་ལ་ནི་འཁོར་རྣམས་ཀྱིས་ཀྱང་སངས་རྒྱས་དང་འདྲ་བར་བལྟའོ། །རྒྱུད་འདི་ནི་རྣལ་འབྱོར་པ་གང་ཞིག་གིས།འཆད་ཅིང་སྟོན་ནུས་ན་ཡང་། ཀུན་ཏུ་བཟང་པོ་ཉིད་དང་འདྲ་བས། འཁོར་མ་ལུས་པ་རྣམས་ཀྱིས་ཀྱང་། དེས་ཅི་བསྒོ་བ་མཉན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུད་འདིས་ནི། བདེ་བར་གཤེགས་པའི་དགོངས་སྤྱོད་ཐམས་ཅད་མ་ལུས་པར་བསྟན་ཏེ། གང་ཞིག་འདི་ལ་མོས་པ་དང་། འདི་བསྒོམས་ཤིང་སྒྲུབ་པ་ལ་དགའ་བ་རྣམས་ཀྱིས་འདི་ཉིད་ཀྱི་དོན་རྟོགས་ནས་སངས་རྒྱས་པར་གྱུར་ཅིག །གང་ཞིག་འདི་ལ་མི་མོས་ཤིང་སྒྲོ་སྐུར་འདེབས་པ་རྣམས་ནི། བསྐལ་པ་དཔག་གིས་མི་ལངས་པར། འདིའི་མིང་ཙམ་ཡང་མི་ཐོས་ཤིང་། མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེ་བར་གྱུར་ཅིག རྒྱུད་འདི་གང་ན་གནས་པ་དང་། དར་ཞིང་སྒྲོགས་པའི་སར། བདག་ཉིད་ཆེན་པོ་འཁོར་མ་ལུས་པ་རྣམས་ཀྱིས་ཀྱང་། གཙུག་གི་ནོར་བུ་བཞིན་དུ་འདེགས་པར་གྱུར་ཅིག ཅེས་སྨོད་པར་བྱའོ། །གཏོར་རྒྱུད་ཆེན་པོ་ལས།དམ་བཅས་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་གཏོར་མའི་རངབཞིན་དུ་སངས་རྒྱས་པར་གྱུར་ཏོ། །གཏོརརྒྱུདཆེནཔོརྫོགསསོ།། །།མཇུག་སྡུད་མན་ངག་བལྟ་བ་མདོར་བསྡུས། རྒྱ་གར་གྱི་མཁན་པོ་པདྨ་ས༷་བྷ་ཝ་དང་། བི་མ་ལ་མི་ཏྲ་དང་། ལོ་ཙྭ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར། ཕྱིས་བལ་པོ་བ་སུ་དྷ་ར་དང། གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཞུས་ག་ས་སོ།། །། རྒྱ་གར་སྐད་དུ། ཡོ་གྭ྅་སྙིཏྣ་ཀ་ག་ཎ་མ་ཧྭ་ཏནྟྲ། བོད་སྐད་དུ། རྣལ་འབྱོར་ནང་གི་ཚོགས་རྒྱུད་