Theg mchog mdzod (Longchenpa): Ch. 02 (1)

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Ch. 02 (1)
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Ch. 02 (1)
Jump to navigation Jump to search
Theg mchog mdzod study edition: outline, quotations and their sources, colour-coded bilingual tab, notes as tooltips; parts of at most 12 pages (22 November 2026)
Theg mchog mdzod study edition: edition name corrected to Beijing 2009 (dpe bsdur ma); contents page: one block per unit with a longer description (22 November 2026)
 
Line 32: Line 32:
དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང༌། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང༌། །སྟོན་པའི་བསྟན་པ་འདུལ་བའི་ཞིང༌། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང༌། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང༌། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང༌། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོར་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པས་བསྒྲེང༌། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང༌། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང༌། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང༌། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང༌། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང༌། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ནི། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་ཀླུ་ཡི་གདུང༌། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང༌། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང༌། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང༌། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང༌། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང༌། །ཟླ་བ་དྲི་མ་མེད་པ་དང༌། ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང༌། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གིས་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང༌། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང༌། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། ས་ནི་སྲུབ་བྱེད་ཕྲ་བ་དང༌། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་བར་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང༌། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱིས། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང༌། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང༌། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲིད་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང༌། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང༌། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང༌། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོགས་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བང་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང༌། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང༌། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུས་སའི་མེ་ཞེ་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

</div>
</div>
= Pe cin 2009 (dpe bsdur ma) =
= Beijing 2009 (dpe bsdur ma) =
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div class="TibetanMachineUni16 lcp-etext" lang="bo">
<div class="TibetanMachineUni16 lcp-etext" lang="bo">
Line 138: Line 138:
</div>
</div>
= Critical edition =
= Critical edition =
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (103 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (103 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div class="TibetanMachineUni16 lcp-etext" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;28]</span> དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་

Latest revision as of 16:26, 22 November 2026

← Ch. 01 (3)Theg mchog mdzod: contentsCh. 02 (2) →

Theg pa'i mchog rin po che'i mdzod, chapter 2: snod dang bcud kyi 'jig rten bstan pa · སྣོད་དང་བཅུད་ཀྱི་འཇིག་རྟེན་བསྟན་པ
Pages 28–37 of volume 1 of the corrected base text (part 1 of 5 of Ch. 02).

Not in this part's tabs (the edition does not contain it): Serthang Larung.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD86

[p. 29] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རབ་ཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་

[p. 30] དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུ་བཞི་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡ་ལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་འདྲ་བ། །ཤིན་ཏུ་བརྡ་ལ་བཀོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་བ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བར་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྨད་བྱངས་སྣ་ཚོགས་འབྱུང་བའི་གཞི། །

[p. 31] སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ། །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བསླུ་བས། །རྒྱལ་མཚན་གདུགས་ལ་སོགས་པ་བསྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འདི་ག་རྟེན་ལྷོ་ནུབ་གཡས། །དྲུག་འདས་རོ་གནས་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྔ་ལྡིང་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །

[p. 32] མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་

[p. 33] ༄༅། །དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་གིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་ དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་ མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ན་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་ བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། ། འོ་མ་ལས་ནི་སྤྲོས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང་། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་ དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང་། །རོལ་མཚོ་དང་ནི་རི་

[p. 34] རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང་། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང་།

[p. 35] འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་ཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་ཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་ཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་

[p. 36] ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་ཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། ཕྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནཱི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་

[p. 37] རྒྱུན་བབས་པ་ལས། དྭངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་

[p. 38] གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
BDRC typed e-text UT22920_005 (the base text was made from it).

དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང༌། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང༌། །སྟོན་པའི་བསྟན་པ་འདུལ་བའི་ཞིང༌། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང༌། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང༌། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང༌། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོར་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པས་བསྒྲེང༌། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང༌། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང༌། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང༌། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང༌། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང༌། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ནི། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་ཀླུ་ཡི་གདུང༌། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང༌། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང༌། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང༌། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང༌། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང༌། །ཟླ་བ་དྲི་མ་མེད་པ་དང༌། ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང༌། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གིས་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང༌། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང༌། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། ས་ནི་སྲུབ་བྱེད་ཕྲ་བ་དང༌། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་བར་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང༌། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱིས། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང༌། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང༌། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲིད་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང༌། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང༌། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང༌། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོགས་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བང་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང༌། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང༌། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུས་སའི་མེ་ཞེ་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
rywikitexts e-text (input 2020; converted from a legacy font encoding on 22 November 2026).

»དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། ། འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མརྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ༵་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། ། དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། ། «སྟོ»ན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། ། འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ཡོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ «།»འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། ། རྒྱལ་མཚན་གདུགས་ལ་སོགས་པ་བསྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། ། «སྟོ»ན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། ། བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་«༼༡༽» ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་«༼༢༽»བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག «།»གཅིག་ནི་དེ་ཡི་བཞི་ཆ་«སྟོ»ངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། ། «རླུ»ང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང་། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང་། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། ། གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། ། བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང་། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་ཆགས་«༼༡༽»པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་ཆགས་«༼༢༽»པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་ཆགས་«༼༣༽»པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་ཆགས་ ༼༡༽པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དྭངས་པའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ཡང་གུ་ཨིན་དྲ་ནཱྀ་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་«༼༢༽»རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང ་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དྭངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། ། དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། ། དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
rywikitexts e-text input by Karma Lekshey Ling.

དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང༌། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང༌། །སྟོན་པའི་བསྟན་པ་འདུལ་བའི་ཞིང༌། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང༌། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང༌། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང༌། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོར་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པས་བསྒྲེང༌། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང༌། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང༌། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང༌། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང༌། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང༌། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ནི། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་ཀླུ་ཡི་གདུང༌། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང༌། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང༌། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང༌། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང༌། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང༌། །ཟླ་བ་དྲི་མ་མེད་པ་དང༌། ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང༌། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གིས་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང༌། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང༌། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། ས་ནི་སྲུབ་བྱེད་ཕྲ་བ་དང༌། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་བར་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང༌། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱིས། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང༌། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང༌། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲིད་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང༌། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང༌། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང༌། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོགས་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་བའི་བང་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང༌། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང༌། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུས་སའི་མེ་ཞེ་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).
Volume I1CZ5002

[p. 21] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ང་ནི་སྟོན་ པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདམ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་ པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་

[p. 22] བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་ རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྦྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སློབ་ཅེས་བྱ་བ་ནི། ། མརྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་ དབྱིབས་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདུས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྦྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་ བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་གཏེར་མ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྦྲས། །སྒྲ་དབྱངས་སྣ་ཚོགས་ འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པའི་བྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་

[p. 23] ཁྱབ་འཇུག་གོ། །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྨྱོས་བྱེད་བསྟན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པ་སྒྲེང་། །མེ་ ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་ བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྔ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་། །འཇིག་རྟེན་ཁམས་ ནི་དྲུག་པ་ནི། །འདུ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་ འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། ། འདི་ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་

[p. 24] བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྡུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་མའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང་། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་

[p. 25] དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང་། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་དམྱལ་བ་དང་། །སེམས་ཅན་དེ་དག་ སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང་། །ཧཱ་གུ་ལ་ སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་བ་མདོ་དང་བསྟན་བཅོས་ངག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་ དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ།

[p. 26] གང་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་ གྱི་བེའུའི་ཐང་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་ འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ལྡན་པ། ཤིན་ཏུ་དཀར་ བའི་བར་སྣང་ལ། སྟེང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་ སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་

[p. 27] ༄༅། །འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནཱི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་ཐུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་ དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་ རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྨིས་ཆགས་པ་ལྟ་ གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆག་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབས་དཔག་ཏུ་མེད་པ་འཕྲོས་བས་དཔག་ ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབས་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་

[p. 28] འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).
Volume I2PD19908

[p. 36] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་ངེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། །དང་པོ་ཞིང་ཁམས་རང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ ལྔའི་སྐུ་ལས་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། བད་མ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་རྩེག་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་ སྟེང་འོག་དང་ཕྱོགས་འཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །ཕྱྭ་ཁྱོན་དཔག་དཀའ་རབ་ཏུ་ ༄༅། །མཛེས༑ རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་འཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྨྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་ བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་ དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །ཞི་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པད་མ་རྒྱས་པའི་དབྱིབས་འདྲ་བ། །ཤིན་དུ་བརྡལ་པ་ཁོང་སྙོམས་པ། །སྣ་ཚོགས་འོད་ འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མེན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེངས་ན། །ཐལ་ བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་འཚམས། །ཐལ་ པའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བར་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་ངེས། །དེ་སྟེངས་ཉི་ཤུ་རྩ་གཅིག་ནི། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་ པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་

[p. 37] གྱིས་རབ་ཏུ་གླུབས། །རྒྱལ་མཚན་གདུགས་ལ་སོགས་པ་སྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བ་འོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་ འདས་འོག་ན་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་པ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེངས་བཅུ་གསུམ་བརྩེགས་པ་ན། །རིན་ ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྔ་ལྡི་པད་མའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་འཚམས་ཀྱི་སྟེང་། །འཇིག་ རྟེན་ཁམས་ནི་དྲུག་པ་ན། །འདུ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙན་དན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་ འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དང་ཅིང་བསྲུང་པའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་ རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་རྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་རྩེགས། །འཆང་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུབ་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་འཚམས་ཀུན་གསལ་བ་ལོ། །ཅེས་སོ། །དེ་ཡང་ཉི་ཤུ་རྩ་ལྟ་རྩེག་མ་པད་མ་ལ་གནས་པའི་ཡང་ཕྱོགས་འཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་འཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་ མཁའ་ལ་རླུང་རྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །བཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་བསྡུད་པ་དང་། །འཕེན་པ་ དང་ནི་འདེགས་པ་འོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྡོག་ཆེན་དང་། ། རོལ་མཚོ་དང་ནི་རི་རྣམས་བདུག །ཀླྀང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་

[p. 38] པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་ དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་ དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོང་ཏེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམས་ཀྱིས་ས་ཚིལ་དང་། ། ས་ལུ་ལ་སོགས་ཟས་སྤྱོད་དོ། །ཅེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་བ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་བཞག་ པ་མང་དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ ལ། གང་ཆེན་མཚོའི་ཕྱག་གི་པད་མའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་རྩེག་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་ དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་བཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ ༄༅། ༈ །ལས༑ དང་པོ་འཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་པའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་ པ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་བཟུང་བའི་ཡུལ་ཅན་འབྱུང་པ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་ བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ་འོག་གི་གཞིར་རྣམ་པར་ཡིད་དང་བཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་ དཀར་བའི་འོད་དང་ལྡན་པ། ཤིན་དུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་རྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་པོའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་ སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡི་གྱིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་ཁུ་ཡིན་དྲ་ནཱི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དབངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་ རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོངས། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱ་རས་ཡ་བཞི་དང་འབུམ་ཕྲག་དྲུག་བཅུ་ཆགས་སོ། །དེ་ནས་ཆུའི་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་

[p. 39] ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས་ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དང་ཞིང་མི་གཡོ་རྙོག་པ་མེད་པའི་ཆུད་བྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གང་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་ པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡོ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་ སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལྡང་བག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། ། དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟོང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་ སོ། དེའི་སྟེང་དུ་གསེར་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).
Volume I8LS32893

[p. 27] གསུང་གི་ཕྱིའི་མཛད་པ་བཞི་ནི།

[p. 28] ༄༅། །བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི།། མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་ རྒྱས་པའི་དབྱིབས་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འབུམ་ཆེད་རྒྱས། །བསྐལ་ པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས།། བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་ངེས། །དེ་སྟེང་ཉི་ཤུ་རྩ་གཅིག་ནི། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ།།

[p. 29] བརྒྱུད་པའི་རིམ་པ་ནི། སོ་སོའི་ཡི་གེ་དང་ལོ་རྒྱུས་ཆེན་མོ་ཉིད་དུ་རྟོགས་པར་བྱའོ། །དེ་དག་གིས་སྟོན་པ་དང་བསྟན་པའི་བབས་ལུགས་ལེགས་པར་བཤད་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བྱུང་ཚུལ་གཏན་ལ་དབབ་ པ་སྟེ་རིམ་པ་དང་པོའོ།། །།དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་ པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་ མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་པ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་ འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་པ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟོང་དང་འོག་དང་ཕྱོགས་མཚམས་སུ། །ཆུ་ཞེང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་པས་བྱ་

[p. 30] ༄༅། །ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་ འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐར། །འོད་འབྱུང་ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་མཚམས་ཀུན་གསལ་བ་ལ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདམ་ལ་གནས་པའི་ཡང་ཕྱོགས་མཚམས་ སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ལོང་ངེ། །སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ ལས། ཕྱི་རོལ་འབྱུང་བ་རུང་ལས་ཡང་། །རྣམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལྟ་བུ་སྟེ་དེ་སྟེངས། །རྒྱ་བོན་ས་ཡ་སྟག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། ། གླིང་རྣམས་བཀོད་དང་རི་འོག་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་ཨ་སྟེ་ལ་སྟེ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་

[p. 31] ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་ འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པ་སྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། ། འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་དུ་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལུས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། ། ལྡ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྦས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་ བསྟན་པ་གཟུགས་བརྙན་རྫོགས། །ལྷ་ཡི་པདྨའི་སྤྱན་གྱིས་མཛེས། །འདི་དག་ནུབ་བྱང་མཚམས་ཀྱི་སྟེང་དུ་མུ་འཇིག་རྟེན་ཁམས་ནི་དྲུག་པའོ། །འདུ་བའི་ཁྲལ་བུ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་བཞིན་པ་རྣམས་ཀྱིས་བསྐོར། །ཏི་ཞག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་

[p. 32] ༄༅། །ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་དཀྱུ་ལ་ བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་ བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །ཕགས་ཀྱིས་ཆགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་ འོད་སོགས་ཁྲི། །དེ་ནས་རིམ་གྱིས་ས་ཚིལ་དང་། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། །ཐུན་མོང་བ་མདོ་དང་བསྟན་བཅོས་དག་ལས་ གྲུབ་ཀྱི་བུ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཆད་དང་རྣམ་པར་གཞག་པ་ཡང་ཇུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་ པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་ཕབ་པ་ནི། ཚངས་ཆེན་གྱི་ཞིང་གི་ལོངས་སྐུ་ཆུང་བའི་རྣམ་པ་བཞི་ལ། །གང་ཆེན་མཚོའི་ཕྱག་གི་པདམའི་དབུས་ཀྱི་ཕུམ་ཁྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་

[p. 33] ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་ཡོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །ཅིང་བར་འདོད་པའི་འབུམ་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་ མཆོད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་ནི་མ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞི་ལ་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། ། ཞེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་སྟོན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །རྣམ་ལ་འདི་ལ་བ་ཉིད་དུ་ཆགས། །རིམ་ལས་ནི་སྤྲོས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་ གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྤུད་པ་དང་། །འབོན་པ་དང་ནི་འདོག་མདའ། །ཚུལ་ནི་ཁྱབ་པ་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕ་བ་དང་། རགས་པ་ཉིད་དང་གསུམ་ཡིན་ནོ། ། དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་ཅི་ཡི་རྒྱལ་པོ་ནི། །བདེ་རིམ་བཞིན་པ་ཕྱོགས་ཆེན་དང་། །རིལ་མོ་རྣམ་དང་ནི་རི་རྣམས་བདུན། །གླིང་གསུམ་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་ སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་མངོན་པར་ལྟ་བ་ལྟོས། །མཆོད་པ་ཅི་ནི་མི་ཡང་མེད། །རྣམ་ཤེས་རླུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་

[p. 34] ༄༅། །བྱེད་པ་མི་བསྐྱོད། ཟེར་བ་ཁྲ་བོའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླུང་ས་ཚལ་སྐབས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་ པོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡི་གེ་ཨ་མཚོ་བཞིར། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྔ་པ་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་མཚོའི་སྐྱེ་མཆེད་ དང་བསམ་སྦྱོར་འཕགས་ཆགས་སོ། །བསྐལ་པའི་དབང་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་བྱེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འབྱོར་དུ་ཡོད་ལ། རླུང་དེའི་རྣམས་སུ་དཔག་ཚད་ ས་ལ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟོང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་འཆད་ཀྱི་རྒྱུན་འབྲས་པ་ལས། དབང་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གའི་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གང་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྣམས་སུ་ དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་

[p. 35] གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་ མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང་། བཅུད་ཀྱི་ རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ ཕྱོགས་ནས་སྔོན་གྱི་རིམ་པ་མཆོད་རྟེན་གྱི་བར་རིམ་ལྟ་འམ་འཆགས་པའི་ཚུལ་དེ། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་ ལྡན་པ། ཤིན་ཏུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །

[edit]
OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).
Volume I0TTBBC0034_001

[p. 28] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ ལྔའི་སྐུ་ལས་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པད་མ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་རྩེག་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་ སྟེང་འོག་དང་ཕྱོགས་འཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་

[p. 29] ༄༅། །མཛེས། རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་འཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་ བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མརྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་ དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པའི་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུ་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པད་མ་རྒྱས་པའི་དབྱིབས་འདྲ་བ། །ཤིན་དུ་བརྡལ་བ་ཁོང་སྙོམས་པ། །སྣ་ཚོགས་འོད་ འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེངས་ན། །ཐལ་ བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་འཚམས། །ཐལ་ བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་ངེས། །དེ་སྟེངས་ཉི་ཤུ་རྩ་གཅིག་ནི། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་ པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་

[p. 30] གྱིས་རབ་ཏུ་གླུ་བས། །རྒྱལ་མཚན་གདུགས་ལ་སོགས་པ་སྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་པའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་ འདས་འོག་ན་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེངས་བཅུ་གསུམ་བརྩེགས་པ་ན། །རིན་ ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྔ་ལྡི་པད་མའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་འཚམས་ཀྱི་སྟེང་། །འཇིག་ རྟེན་ཁམས་ནི་དྲུག་པ་ན། །འདུ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙན་དན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་ འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་ རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་རྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་རྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་འཚམས་ཀུན་གསལ་བའོ། །ཅེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་རྩེག་མ་པད་མ་ལ་གནས་པའི་ཡང་ཕྱོགས་འཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་འཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་

[p. 31] ༄༅། །པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེངས་ས། །རྒྱ་ཁྱོན་ས་ཡ་ སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་བྲན་ རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་ མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམས་ཀྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཅེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་རྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །བཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་བསྡུད་པ་དང་། །འཕེན་པ་ དང་ནི་འདེགས་པ་འོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྡོག་ཆེན་དང་། ། རོལ་མཚོ་དང་ནི་རི་རྣམས་བདུན། །སྤྲིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་

[p. 32] པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་ དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོང་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་ དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་མི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་ཏེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམས་ཀྱིས་ས་ཚིལ་དང་། ། ས་ལུ་ལ་སོགས་ཟས་སྤྱོད་དོ། །ཅེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་བ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་བཞག་ པ་མང་དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ ལ། གང་ཆེན་མཚོའི་ཕྱག་གི་པད་མའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྟ་རྩེག་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་ དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་བཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་

[p. 33] ༄༅། །ལས༏ དང་པོ་འཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་གྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་པའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་ པ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་བཟུང་བའི་ཡུལ་ཅན་འབྱུང་པ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་ བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ་འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་ དཀར་བའི་འོད་དང་ལྡན་པ། ཤིན་དུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་རྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་པའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་ སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གྱིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་ཁུ་ཨིན་དྲ་ནཱི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དབངས་སུ་འཐུག་པ་ཆགས་ཏ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་ རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་བཅུ་ཆགས་སོ། །དེ་ནས་ཆུའི་རབ་ཏུ་འཁོང་བ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་

[p. 34] ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས་ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། ངང་ཞིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་འདྲ་བ་ལ། ཅའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་ པའི་རྔམས་སུ་དཔག་ཆད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་བ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་ སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེ་འི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབས་དཔག་ཏུ་མེད་པ་འཕྲོས་བས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། ། དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་ སོ། དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).
Volume I0TTBBC0007_001

[p. 23] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། །དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ ལྔའི་སྐུ་ལས་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པད་མ་རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་རྩེག་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་ སྟེང་འོག་དང་ཕྱོགས་འཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་

[p. 24] ༄༅། །མཛེས། རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་འཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་ བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པ་ལོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ནས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་ དོག་ངེས་གསལ་ཅིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པད་མ་རྒྱས་པའི་དབྱིབས་འདྲ་བ། །ཤིན་དུ་བརྡལ་བ་ཁོང་སྙོམས་པ། །སྣ་ཚོགས་འོད་ འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེངས་ན། །ཐལ་ བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོང་པའི་ཕྲེང་བ་བཀོད་པ་འོ། །འདི་ནས་འཇིག་རྟེན་བྱང་ཤར་འཚམས། །ཐལ་ པའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བར་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་ངེས། །དེ་སྟེངས་ཉི་ཤུ་རྩ་གཅིག་ནི། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །ང་མི་ཐལ་ པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ། །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་

[p. 25] གྱིས་རབ་ཏུ་གླུ་བས། །རྒྱལ་མཚན་གདུགས་ལ་སོགས་པ་སྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་ འདས་འོག་ན་ཐལ་བའི་རླུང་། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་པ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེངས་བཅུ་གསུམ་བརྩེགས་པ་ན། །རིན་ ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྔ་ལྡི་པད་མའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་འཚམས་ཀྱི་སྟེང་། །འཇིག་ རྟེན་ཁམས་ནི་དྲུག་པ་ན། །འདུ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙན་དན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་ འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་པའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་ རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་རྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་རྩེགས། །འཆད་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ ཕྲེང་བ་གླུ་ཡི་གདུང་། །ཕྱོགས་དང་འཚམས་ཀུན་གསལ་བའོ། །ཅེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་རྩེག་མ་པད་མ་ལ་གནས་པའི་ཡང་ཕྱོགས་འཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་འཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་

[p. 26] ༄༅། །པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེངས་ས། །རྒྱ་ཁྱོན་ས་ཡ་ སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་བྲན་ རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་པར་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་ མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམས་ཀྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཅེས་པ་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་རྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །བཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་བསྡུད་པ་དང་། །འཕེན་པ་ དང་ནི་འདེགས་པ་འོ། །ཆུས་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་ནི་སྲུབ་བྱེད་ཕྲ་བ་དང་། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྡོག་ཆེན་དང་། ། རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་

[p. 27] པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དགས་ དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་ དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་ཏེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམས་ཀྱིས་ས་ཚིལ་དང་། ། ས་ལུ་ལ་སོགས་ཟས་སྤྱོད་དོ། །ཅེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་བཞག་ པ་མང་དུ་གསུངས་ཀྱང་། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ ལ། གང་ཆེན་མཚོའི་ཕྱག་གི་པད་མའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་རྩེག་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་ དཔལ་གྱི་བེའུའི་བད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་བཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་

[p. 28] ༄༅། །ལས་ནི་དང་པོ་འཆགས་པ་ལའང་སྣོད་དང་། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་ པ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་བཟུང་བའི་ཡུལ་ཅན་འབྱུང་པ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་ བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ་འོག་གི་གཞིར་རྣམ་པར་ཡིད་དང་བཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་ དཀར་བའི་འོད་དང་ལྡན་པ། ཤིན་དུ་དཀར་བའི་བར་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་རྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་ སྒྲ་ལན་གསུམ་དུ་གྲག་པ་ལས། རྣམ་པར་བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུ་ན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡ་གྱིས་མཚན་ཞིང་། རླུང་གི་ལྷ་མོ་བཞི་རླུང་གི་བ་ངན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང་། རླུང་གི་ཁམས་ལྗང་ཁུ་ཨིན་དྲ་ནཱི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་ རྒྱ་གྲམ་གྱི་རྩེ་མོ་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཕག་ཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་བཅུ་ཆགས་སོ། །དེ་ནས་ཆུའི་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་

[p. 29] ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས་ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དང་ཞིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ། ཆུའི་ལྷ་མོ་གང་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་ པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། བསྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་ སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་རྒྱུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲིས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལྷ་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། ། དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟོང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་ སོ། དེའི་སྟེང་དུ་གསེར་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (103 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 28] དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་

མེད་པ་ལས་པདྨ་རིན་པོ ] པད་མ T U

[p. 29] རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བ་དབྱངས་ཞེས་བྱ་བ་ཡི། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང༌། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ན། །ཐལ་བ་འཛིན་ཞེས་བྱ་བ་ཡི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མ་རྒད་དག་གིས་ཡོངས་སྤྲས་པས། །འོད་དང་ཁ་དོག་ངེས་གསལ་ཅིང༌། །སྟོན་པའི་བསྟན་པ་འདུལ་བའི་ཞིང༌། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང༌། །ཐལ་བ་བརྡལ་ཞེས་བྱ་བ་ཡི། །པདྨ་རྒྱས་པའི་དབྱིབས་་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུག་པ་ལ། །རགས་པའི་

ཤུ་རྩ་ལྔ་བརྩེགས་མར་སྣང ] རྩེག O T U · འོག་དང་ཕྱོགས་མཚམས་ན་འོད ] འཚམས O T U · འོག་དང་ཕྱོགས་མཚམས་སུ་ཆུང ] འཚམས O T U · བྱ་བ་ནི་མ་རྒད་དག་གིས ] མརྒད P D T · བྱ་བ་ཡི་པདྨ་རྒྱས་པའི ] པད་མ O T U · འདྲ་བ་ཤིན་ཏུ་བརྡལ་བ ] དུ O T U · ཏུ་བརྡལ་བ་ཁོད་སྙོམས་པ ] ཁོང T U

[p. 30] གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང༌། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །རབ་ཏུ་ལྗོངས་ཏེ་ཉམས་དགའ་བ། །རིན་ཆེན་སིལ་མ་སྣ་ཚོགས་ལས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པའོ། །འདི་ནས་འཇིག་རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ཡི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་དེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང༌། །སྟོན་པའི་བསྟན་པ་འབྱུང་བ་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པས་བསྒྲེང༌། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་

སྣང་བ་མིན་སྟོན་པའི་བསྟན ] སྟོ་ན P · འདས་པའི་ཡང་སྟེང་ན་ཐལ ] སྟེངས O T U · བ་རབ་ཏུ་ལྗོངས་ཏེ་ཉམས ] ཡོངས P · རྟེན་བྱང་ཤར་མཚམས་ཐལ་བའི ] འཚམས O T U · ཤར་མཚམས་ཐལ་བའི་རྒྱུན་ཞེས ] པའི O U · རྟེན་དབྱིབས་འདྲ་བང་རིམ་མཛེས ] བར A O U · པ་དུས་འབྱུང་དེས་དེ་སྟེང ] ངེས O S T U · འབྱུང་དེས་དེ་སྟེང་ཉི་ཤུ ] སྟེངས O T U · ཤུ་རྩ་གཅིག་ན་རབ་ཏུ ] ནི O S T U · དང་ནང་མེད་ཟང་ཐལ་སྣང ] om. O U · ནས་འཇིག་རྟེན་ལྷོ་ཤར་གཡོན ] ལྷོར W K · གྱིས་རབ་ཏུ་བཀླུབས་རྒྱལ་མཚན ] གླུ་བས T U · གདུགས་ལ་སོགས་པས་བསྒྲེང་མེ ] པ A P · གདུགས་ལ་སོགས་པས་བསྒྲེང་མེ་ཏོག ] པ་སྒྲེང D O S T U · ཆར་དང་དྲི་སྟོན་པ་ཉིད ] སྟོ་ན P

[p. 31] རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ནས་ཐལ་བའི་རླུང༌། །གཡོ་ཞིང་བསྐྱོད་པས་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང༌། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང༌། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་བ། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་ཡི་གེ་རི་མོ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང༌། །འཇིག་རྟེན་ཁམས་ནི་དྲུག་པ་ནི། །འདུལ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པས་ལྷ་མོར་བཅས། །འོད་ཀྱིས་ཁེངས་དང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསྲུང་བའི་དྲི་ཡིས་མྱོས། །འཁྲུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང༌། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་

དྲུག་འདས་འོག་ནས་ཐལ་བའི ] ན O T U · གཡོ་ཞིང་ལྡིང་བ་དང་བསྐྱོད ] པ O U · ཡིན་ནོ་དེ་སྟེང་བཅུ་གསུམ ] སྟེངས O T U · གཟུགས་བརྙན་རྫོགས་ལྡ་ལྡི་པདྨའི ] ལྔ D O T U · རྫོགས་ལྡ་ལྡི་པདྨའི་སྤྱན་གྱིས ] པད་མའི O T U · ནས་ནུབ་བྱང་མཚམས་ཀྱི་སྟེང ] འཚམས O T U · ནི་དྲུག་པ་ནི་འདུལ་བའི་ཐལ ] ན་འདུ O T U · ཀྱིས་ཁེངས་དང་ཙནྡན་དྲི་སྟོན ] ཙན་དན O T U · དད་ཅིང་བསྲུང་བའི་དྲི་ཡིས ] པའི O U · རྟེན་དྲུག་པ་ན་སྐར་མའི ] ནི W K

[p. 32] ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན། །འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་ཀླུ་ཡི་གདུང༌། །ཕྱོགས་དང་མཚམས་ཀུན་གསལ་བའོ། །ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང༌། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས། །གླིང་རྣམས་བཀོད་དང་རི་རབ་དང༌། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང༌། །རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར། །རི་བྲན་རྣམས་དང་ཆུ་བྲན་དང༌། །རིན་ཆེན་བདུན་གྱིས་ངེས་པར་བསྐོར། །ནང་སྟེ་གཟུགས་མེད་དང་པོ་ལས། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིང་བར་འདོད་པའི་ཁམས་སུ་ཡང༌། །ཟླ་བ་དྲི་མ་མེད་པ་དང༌། ཉི་མ་

བ་འཁོར་ལོ་བརྩེགས་པའི་རྣམ ] རྩེགས O T U · འབྱུང་ཕྲེང་བ་ཀླུ་ཡི་གདུང ] གླུ A P D O T U · གདུང་ཕྱོགས་དང་མཚམས་ཀུན་གསལ ] འཚམས O T U · ཀུན་གསལ་བའོ་ཞེས་སོ་དེ ] ཅེས T U · ཤུ་རྩ་ལྔ་བརྩེགས་མ་པདྨ ] རྩེག T U · ལྔ་བརྩེགས་མ་པདྨ་ལ་གནས ] པད་མ O T U · པའི་ཡང་ཕྱོགས་མཚམས་སྟེང་འོག ] འཚམས O T U · སྟེང་འོག་ཕྱོགས་མཚམས་ཁྱབ་པར ] འཚམས O T U · ཆུ་སྟེ་དེ་སྟེང་ས་རྒྱ ] སྟེངས T U · ཡི་བཞི་ཆ་སྟོངས་གླིང་རྣམས ] སྟོ་ངས P · མཚོ་ཆེན་པོའི་ཐབས་ཀྱིས་བསྐོར ] ཟབས P T U

[p. 33] རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །ཞེས་པ་དང༌། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །འོ་མ་ལས་ནི་སྤྲིས་བྱུང་བཞིན། །ས་ནི་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་ས་ཡ་ཉིད། །རླུང་ནི་ཆགས་དང་སྡུད་པ་དང༌། །འཕེན་པ་དང་ནི་འདེགས་པའོ། །ཆུས་ནི་ཁྱབ་དང་འཛིན་པ་དང༌། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། ས་ནི་སྲུབ་བྱེད་ཕྲ་བ་དང༌། །རགས་པ་ཉིད་དང་གསུམ་ཡིན་ནོ། །དཀྲོགས་ནས་མར་དུ་གྱུར་པ་བཞིན། །རི་རབ་རི་ཡི་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང༌། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །ཁམས་གསུམ་པོ་ནི་དེ་ལ་བརྟེན། །ཡོད་མིན་ཅི་ཡང་མེད་པ་དང༌། །རྣམ་ཤེས་ཅུང་ཟད་མེད་པ་ཡི། །གཟུགས་མེད་ཁམས་ནི་དེ་ལས་སྐྱེས། །གནས་གཙང་ལ་སོགས་ལུས་ཅན་

བཞིའི་མི་རྣམས་རིམ་གྱིས་སོ་ཉོན ] རིམས་ཀྱིས T U · རིམ་པར་ཆགས་ཞེས་པ་དང ] ཅེས T U · མཁའ་ལ་རླུང་བརྟེན་དེ་ལ ] རྟེན O T U · དག་གིས་ནི་ཟླུམ་ལ་འདྲིལ ] བཟླུམ O T U · བཅུ་གཉིས་སོ་རླུང་གི་གྲངས ] རླུ་ང P · གཉིས་སོ་རླུང་གི་གྲངས་ནི ] གིས W K · ནི་ཆགས་དང་སྡུད་པ་དང ] བསྡུད O T U · དང་ནི་འདེགས་པའོ་ཆུས་ནི ] པ་འོ O T U · པ་བཞིན་རི་རབ་རི་ཡི ] བར W K · རིམ་བཞི་དང་ལྕོག་ཆེན་དང ] ལྡོག O T U · དང་གཟུགས་མེད་ཀྱི་ཁམས་གསུམ ] ཀྱིས W K

[p. 34] ནི། །གོང་ནས་འོག་ཏུ་ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །ལྷ་དང་ལྷ་མིན་མི་རྣམས་ནི། །མངོན་མཐོ་དེ་ནས་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང༌། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་དང་ལང་ཚོ་དཔེ་བྱད་ལྡན། །རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་ལ་སོགས་བསོད་ནམས་ཟས། །སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མེད། །དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་རགས་པ་ཉིད་དུ་གྱུར། །དབང་པོ་ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །དེ་ནས་རིམ་གྱིས་ས་ཚིལ་དང༌། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། །ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང༌། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་

བྱོལ་སོང་ཡི་དྭགས་དམྱལ་བ ] དགས A D O T U · ཚེ་ཡང་བརྒྱད་ཁྲི་ལ་ཕོ ] ཁྲིད W K · སོགས་སྒོ་དོད་དེ་བསོད་ནམས ] ཏེ T U · བྲི་དེ་ནས་རིམ་གྱིས་ས་ཚིལ ] རིམས་ཀྱིས O T U · ས་ཚིལ་དང་སཱ་ལུ་ལ ] ས O T U · ཟས་སྤྱོད་དོ་ཞེས་པ་ལ ] ཅེས O T U · ནི་ཐུན་མོང་པ་མདོ་དང ] བ D O S T · དང་རྣམ་པར་གཞག་པ་མང ] བཞག O T U · མོ་ལྟར་བཤད་དོ་ཨ་ཏི ] དེ O T U

[p. 35] ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང༌། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་

མཚོའི་ཕྱག་གི་པདྨའི་དབུས་ཀྱི ] པད་མའི O T U · ཤུ་རྩ་ལྔ་བརྩེགས་མར་གནས ] རྩེག O U · འདིའི་རྣམ་པར་གཞག་པ་ལ ] བཞག O T U · པ་དང་པོ་འཆགས་པ་བར ] ཆགས A P · ལས་དང་པོ་འཆགས་པ་ལའང ] ཆགས A P · ཐོག་མ་སྣོད་འཆགས་པའི་རིམ ] ཆགས A P · དུ་སྔར་བྱུང་བའི་འཇིག་རྟེན ] པའི O T · འོག་ཏུ་འབྱུང་བ་ས་བོན ] པ O T U · བ་རྣམ་ཤེས་གཟུང་བའི་ཡུལ ] བཟུང O T U · ཡུལ་ཅན་འབྱུང་བ་ས་བོན ] པ O T U · ནི་སྣོད་བཅུད་ཐོག་མར་འཆགས ] ཐོགས W K · བཅུད་ཐོག་མར་འཆགས་པ་དེའི ] ཆགས A P · པར་ཡིད་དང་བ་ཞེས་བྱ་བའི ] བཞེས O U

[p. 36] ལྡན་པ། ཤིན་ཏུ་དཀར་བའི་བང་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང༌། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང༌། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ།

ལྡན་པ་ཤིན་ཏུ་དཀར་བའི ] དུ O T U · ཏུ་དཀར་བའི་བང་སྣང་ལ ] བར A P D O S T U · འཇིག་རྟེན་འདི་བརྟེན་པའི་ས ] རྟེན O T U · གསུམ་རྣམ་པར་དང་བའི་ནམ་མཁའ ] དྭངས་པའི P · ལན་གསུམ་དུ་གྲགས་པ་ལས ] གྲག A P D O T U · ལས་རྣམ་པར་སྲུབ་བྱེད་ཀྱི ] བསྲུབ O T U · ཏེ་ནམ་མཁའ་ལ་ན་བུན་ནམ ] ལན A O · རླུང་གི་ཁམས་ལྗང་གུ་ཨིན ] ཡང P · གི་ཁམས་ལྗང་གུ་ཨིན་དྲ ] ཁུ T U · གུ་ཨིན་དྲ་ནི་ལའི་རྣམ ] ནཱི A D O T U · གུ་ཨིན་དྲ་ནི་ལའི་རྣམ ] ནཱྀ P · རྒྱ་ཆེ་ཞིང་དཔངས་སུ་འཐུག ] དབངས O T · གྲམ་གྱི་རྩེ་མོ་བཞི་ནས ] om. W K · འབུམ་ཕྲག་དྲུག་ཅུ་ཆགས་སོ ] བཅུ O T U · དེ་ནས་ཆུའི་ཆུ་རབ་ཏུ ] om. O T U · བབས་པ་ལས་དངས་ཤིང་མི ] དྭངས A P · བབས་པ་ལས་དངས་ཤིང་མི་གཡོ ] དང་ཞིང O U

[p. 37] ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི། ནམ་མཁའ་ནས་ནམ་

ཆུའི་ལྷ་མོ་གར་བྱེད་པ ] གང O U · གྱི་འོག་ནས་སྲུབ་བྱེད་ཀྱི ] བསྲུབ O T U · འཕྲོས་པ་ལས་དཔག་ཚད་ལྔ ] om. W K · སོ་དེའི་སྟེང་དུ་སའི་མེ ] དུས W K · དུ་སའི་མེ་ཞེས་བྱ་བ ] ཞེ W K · བ་རྡུལ་ཕྲ་རབ་དཔག་ཏུ ] རབས D T · མེད་པ་འཕྲོས་པས་དཔག་ཚད ] བས D T · བྱུང་བ་ལས་སྟེང་གི་ནམ ] སྟོང O U · དེའི་སྟེང་དུ་གསེང་བྱེད་སའི ] གསེར O U
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 The sequence of the buddha fields and of the environment and its inhabitants ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ [p. 28]
Presents the buddha fields arrayed around the Sahā world and the cosmology of this world according to the Great Perfection tantras, culminating in a definitive account, based on the Great Array of Ati, of the formation, abiding, destruction and emptiness of the environment and its inhabitants.
1.1 The thirteen buddha fields ཞིང་ཁམས་བཅུ་གསུམ [p. 28] topical
From Vajradhara's sambhogakāya countless fields are arrayed; on Vairocana's lotus twenty-five worlds are stacked, the Sahā world being the thirteenth. A long quotation from the Sgra thal 'gyur describes the thirteen surrounding luminous fields, each with its teacher and teaching; countless further fields lie like strewn stars.
1.2 The stages of this Sahā world according to the tantras མི་མཇེད་འདིའི་རིམ་པ [p. 32] topical
Quotations from the Sgra thal 'gyur and the Pearl Garland Tantra on the layering of space, wind, water and earth, Meru and continents, the three realms forming from above, the six classes, and the gradual decline of first-eon humans.
1.3 Definitive explanation according to the Great Array of Ati དེའི་དོན་ངེས་པར་བསྟན་པ [p. 34] topical
Following the Great Array of Ati, locates the Sahā world as the thirteenth of twenty-five stacked worlds and explains it through four eons: formation of environment and inhabitants, twenty intermediate eons of abiding, destruction by fire, water and wind, and emptiness into space, ending with common and uncommon reckonings of eons.
1.3.1 Formation འཆགས་པ [p. 35]
The environment forms from below—space, wind, water and earth maṇḍalas, Meru, mountains, seas, continents and the abodes of beings—then remains empty for an intermediate eon; inhabitants then form from above, descending from the formless realm through form and desire gods to humans and finally the lower realms, over twenty intermediate eons.
1.3.1.1 The stage in which the environment forms སྣོད་འཆགས་པའི་རིམ་པ [p. 35]
After twenty empty eons the environment forms from below: space and the crossed-vajra wind maṇḍala, the water maṇḍala, the golden ground and earth layers, then Meru with its terraces, the seven mountains, seas and continents, and the abodes of hell beings, pretas, animals, asuras and gods, before standing empty for an intermediate eon.
1.3.1.1.1 Formation of space and the wind maṇḍala ནམ་མཁའ་དང་རླུང་གི་དཀྱིལ་འཁོར་ཆགས་པ [p. 35] topical
The white space Utterly Pleasing to the Mind and the triangular space of the seed E form; from the sound a uṃ the churning wind arises and forms the green crossed-vajra wind maṇḍala with four wind goddesses and iron sows, with its dimensions.
1.3.1.1.2 Formation of the water maṇḍala ཆུ་རབ་ཏུ་འཁོད་པ [p. 36] topical
Golden-cored clouds rain for seven years, forming the clear, round water maṇḍala with dancing water goddesses; its depth and breadth are given.
1.3.1.1.3 Formation of the golden ground and the layers of earth གསེར་གྱི་ས་གཞི་དང་སའི་རིམ་པ [p. 37] topical
Churning and separating winds produce, layer upon layer, the golden ground, the earth of earth, the fire of earth, the wind of earth and the square space of earth held by goddesses and nāgas; other sources on intervening spaces and a fire maṇḍala are cited.
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 28] Having thus taught the history of the teacher (ston pa) who tames beings, now comes the teaching on the definite places in which that teacher tames them.

1 The sequence of the buddha fields and of the environment and its inhabitants ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ1 The sequence of the buddha fields and of the environment and its inhabitants
Presents the buddha fields arrayed around the Sahā world and the cosmology of this world according to the Great Perfection tantras, culminating in a definitive account, based on the Great Array of Ati, of the formation, abiding, destruction and emptiness of the environment and its inhabitants.

Of this, the first part is the explanation of the sequence of the buddha fields (zhing khams) and of the environment and its inhabitants (snod bcud).

1.1 The thirteen buddha fields ཞིང་ཁམས་བཅུ་གསུམ1.1 The thirteen buddha fields (topical division)
From Vajradhara's sambhogakāya countless fields are arrayed; on Vairocana's lotus twenty-five worlds are stacked, the Sahā world being the thirteenth. A long quotation from the Sgra thal 'gyur describes the thirteen surrounding luminous fields, each with its teacher and teaching; countless further fields lie like strewn stars.

Thus, once Vajradhara (rdo rje 'chang) had awakened (byang chub) into the nature (rang bzhin) in which all qualities (yon tan) are perfected, he arose from the dharmakāya (chos kyi sku) as the sambhogakāya (longs spyod rdzogs pa'i sku), and from the kāyas (sku) of the five families (rigs lnga) immeasurable buddha fields were arrayed. Among these, among the countless buddha fields that rest upon the central heart essence (snying po) adorned by Vairocana,[1]Note 1 · p. 28 · "rnam par snang mdzad kyis brgyan pa'i snying po": Gemini 3.1 Pro and Claude Fable 5.1 read it as a realm name ("Essence Adorned by Vairocana"), Dharmamitra/Grok 4.7/GPT-6 Astra/MITRA as a description; the Tibetan allows either, and I keep it descriptive ("central heart essence adorned by Vairocana"), which also fits the Ghanavyūha cosmology of the world systems resting on Vairocana. upon a precious lotus

[p. 29] there appear twenty-five stacked one above another, and in the thirteenth of these this Sahā (mi mjed) world abides. Above and below it and in its cardinal and intermediate directions there are thirteen buddha fields adorned with jewels of luminosity ('od gsal). As the Reverberation of Sound (sgra thal 'gyur) says:

As for the thirteen kinds of buddha fields:
Below the world, from here,
is the one called Penetrating Melody (thal ba dbyangs),[2]Note 2 · p. 29 · "thal ba" in the realm names: Dharmamitra/Grok 4.7/MITRA render "ashes/dust", Gemini 3.1 Pro "reverberation", GPT-6 Astra "transparency", Claude Fable 5.1 "penetrating". The tantra's own idiom (thal 'gyur, zang thal, "phyi dang nang med zang thal snang" said of rab tu thal bas khyab) points to the sense "passing through, penetrating", not "ash"; I use "Penetrating" throughout and give the Wylie of each name.
its extent hard to measure, supremely beautiful.
Its cause, its condition (rkyen), its nature,
the teacher's teaching, and its retinue[3]Note 3 · p. 29 · "rgyu dang rkyen dang rang bzhin dang / ston pa'i bstan pa de yi 'khor": Grok 4.7/Claude Fable 5.1 read "cause, condition, nature and the teacher's teaching are its retinue"; Dharmamitra/Gemini 3.1 Pro/GPT-6 Astra/MITRA read a list ending in "and its retinue". I follow the list reading, since each realm-verse below enumerates such features (shape, adornment, teaching, etc.).—
above, below, and in the cardinal and intermediate directions—
are small and delightful, adorned with fine arrays.

Then, six worlds below,
is the one called Penetrating Holder (thal ba 'dzin),
wheel-shaped and unimpeded (zang thal).
The teacher's teaching there is truth itself.
Well adorned in its array, it is the second.

Three worlds to the right of here
is the one called Penetrating Protector (thal ba skyob),
which, wholly adorned with emeralds,
is distinctly clear in light and color.
The teacher's teaching there is a field of taming,
endowed with the karma (las) and marks of each.[4]Note 4 · p. 29 · "so so'i las dang mtshan bcas pa": Claude Fable 5.1 "activity and name", others "karma/actions and characteristics/marks"; I render "the karma and marks of each", keeping the glossary "karma" for las.

Then, six worlds above,
is the one called Penetrating Spread (thal ba brdal),
shaped like a lotus in full bloom,
vastly spread out and level.
Manifold lights blaze there; its colors,
appearances of white and red, swirl together,
yet coarse

[p. 30] reflected images do not appear.
The teacher's teaching there gathers, spreads, and expands.[5]Note 5 · p. 30 · "'du mched rgyas": MITRA/Claude Fable 5.1 take 'du mched as "sense-fields" (as if skye mched); Dharmamitra/Gemini 3.1 Pro/Grok 4.7 read 'du ("gathering") and mched ("spreading"). I follow the latter, which is the plain reading.
It is called Penetration of the Perfected Eon (bskal pa rdzogs pa thal).

From here, above the world once more,
still above and beyond nineteen,
is the one called Penetrating Club (thal ba'i be con),
an utterly lush and delightful land,
definitely adorned with fragments of manifold jewels,
in the manner of a heap.
The teacher's teaching there possesses the two perfections;
its array is a garland of skulls.

From here, in the northeastern quarter of the world,
is the one called Penetrating Stream (thal ba'i rgyun),
shaped like a stūpa, beautiful in its tiers,
wholly adorned with five arrays,
the ground from which manifold sounds and melodies arise.
The teacher's teaching there arises in its due time.

Twenty-one above that
is the one called Pervaded by Utter Penetration (rab tu thal bas khyab),
which, in the nature of a pure object of focus (dmigs pa),
appears unimpeded, without outer or inner.
The teacher's teaching there reveals the elements ('byung ba);[6]Note 6 · p. 30 · "ston pa'i bstan pa 'byung ba ston / byed pa'i rgyu rkyen khyab 'jug go": GPT-6 Astra/Claude Fable 5.1 read 'byung ba as "the elements", Dharmamitra/Gemini 3.1 Pro/Grok 4.7 as "arising"; MITRA takes khyab 'jug as Viṣṇu. Given the following line on "causes and conditions that produce", I read 'byung ba as the elements and khyab 'jug as "pervading", not the deity.
the causes and conditions that produce them pervade all.

From here, to the southeast, on the left of the world,
beyond six world realms,
is the one called Penetrating Sound (thal ba'i sgra),
utterly draped with protecting pennants,
raised aloft with victory banners, parasols, and the rest,
with showers of flower petals and fragrance.
The teacher himself and the teaching
are encircled by hosts of beautifying reflected images,
and the display of bliss (bde ba)[7]Note 7 · p. 30 · "bde ba'i" ends the page; I complete the sentence with the first words of the next page ("rol pa 'byung ba'o", "the display of bliss arises"), so the next part continues after that phrase.

[p. 31] arises.

From here, to the southwest, on the right of the world,
beyond six, from below, is Penetrating Wind (thal ba'i rlung),[8]Note 8 · p. 31 · thal ba: rendered "Penetration/Penetrating" throughout to match the names established in the previous part (Penetrating Stream, Penetrating Sound); Dharmamitra/Grok 4.7/MITRA "Ash", Claude Fable 5.1 "Dust", GPT-6 Astra "Transparency" would break the series.
which, stirring and moving, in the intermediate space (bar snang)
stirs and hovers to and fro,
and from that movement sounds arise.
The teacher's teaching there is stirred by wind;
endowed with the five, its engagements are three.[10]Note 10 · p. 31 · ལྔ་ལྡན་འཇུག་པ་གསུམ་: taken as two statements about the teaching ("endowed with the five, its engagements are three"), with Claude Fable 5.1; MITRA's "engagement of the fivefold elements" adds "elements".

Thirteen above that, stacked up,
is the one called Precious Penetration (rin chen thal ba),
adorned with auspicious suns,
ornamented with the qualities of desire,
beautiful with the designs of miraculous letters.
The teacher's teaching there is perfect in reflected images,
beautiful with hanging pendants and lotus eyes.[9]Note 9 · p. 31 · ལྡ་ལྡི་ is not a standard lexeme; read as an ornamental hanging (pendants/tassels), with Dharmamitra, Claude Fable 5.1, Gemini 3.1 Pro; GPT-6 Astra "latticework" and Grok 4.7's transliteration are equally uncertain. Meaning is doubtful.

From here, above the northwestern quarter,
the sixth world realm
is the one called Taming Penetration ('dul ba'i thal ba),
accompanied by goddesses of perfect offerings,
filled with light and the fragrance of sandalwood.
The teacher's teaching there is of even proportion,
encircled by beautiful forms of sixteen years,
utterly youthful.

Below that, in the ninth world,
is the one called Conch-Endowed Penetrating Deity (dung ldan thal ba'i lha),
intoxicated by the fragrance of faith and protection,
its turbulent and utterly blazing light
densely massed in intense shimmering.
The teacher himself, the teaching,
his retinue, and his enjoyments are perfect.

From here, in the sixth world,
is the one called Star Penetration (skar ma'i thal ba),

[p. 32] in the aspect of stacked wheels,
wholly stacked in fives and nines,
adorned with glows of dawn and cascading waters,
emitting thunder and red tongues of lightning.
The teacher's teaching there is encircled by transmissions (lung);[12]Note 12 · p. 32 · ལུང་གིས་བསྐོར་: lung rendered "transmissions" per glossary (tantra context); Dharmamitra/MITRA "scriptures".
light-emitting garlands and nāga beams[11]Note 11 · p. 32 · ཀླུ་ཡི་གདུང་: read gdung as architectural "beam" (with Claude Fable 5.1 "pillars"), since the context is the ornamentation of stacked wheels; Dharmamitra/Grok 4.7/MITRA/GPT-6 Astra "lineage of the nāgas" is possible but sits oddly among garlands that illuminate the directions.
illuminate all the directions and quarters.Thal 'gyurQuotation (named in the text: སྒྲ་ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 68 % of the words.

So it is said.

Moreover, in the directions and quarters, above and below, of this twenty-five-tiered array resting upon the lotus, there are countless buddha fields pervading above, below, the directions, and the quarters,

like strewn stars.

1.2 The stages of this Sahā world according to the tantras མི་མཇེད་འདིའི་རིམ་པ1.2 The stages of this Sahā world according to the tantras (topical division)
Quotations from the Sgra thal 'gyur and the Pearl Garland Tantra on the layering of space, wind, water and earth, Meru and continents, the three realms forming from above, the six classes, and the gradual decline of first-eon humans.

Thus, among immeasurable buddha fields, the explanation of the stages of this Sahā world is given in the same tantra:

Outwardly, from the element wind (rlung),
joined with the element of space (nam mkha'i khams),[13]Note 13 · p. 32 · ནམ་མཁའི་ཁམས་: khams rendered "element" here (the cosmological space element), departing from the glossary's "constituent", as the context clearly concerns the physical elements.
upon that is water, and above that, earth,
a million in extent, its thickness level;
four incalculables and one million,
one of which is short by a fourth part of that.[14]Note 14 · p. 32 · གཅིག་ནི་དེ་ཡི་བཞི་ཆ་སྟོངས་: read stongs as "deficient/empty by a fourth", with Claude Fable 5.1; Dharmamitra/Gemini 3.1 Pro "a quarter of that, empty" is close; MITRA's "one of which is a quarter of that" omits stongs. Sense remains obscure (a measure of the earth's thickness).
The array of the continents and Mount Meru (ri rab),
together with the wish-fulfilling tree and the jewel,
and the gods of the sun and moon respectively,
are encircled by means of the great ocean,
and definitely encircled by attendant mountains and attendant waters
and by the seven precious things.
Inwardly, from the first, the formless [realm],
[through] the form realm, Luminosity [Ābhāsvara],[15]Note 15 · p. 32 · འོད་གསལ་: here the name of the form-realm heaven Ābhāsvara, not "luminosity" as a Great Perfection term; GPT-6 Astra correctly identifies it, Grok 4.7/Claude Fable 5.1 "Clear Light" contradicts the glossary.
extending far, into the desire realm too,
from the stainless moon and the sun

[p. 33] that utterly illuminates,
the world realms spread forth:[16]Note 16 · p. 33 · འཇིག་རྟེན་ཁམས་ནི་མཆེད་པ་ (e-text) vs. Adzom ན་ ("in the world realms [they] spread"). The e-text reading (world realms as subject) is followed; the variant changes only the grammatical subject, not the cosmological sense.
Controlling Others' Emanations (gzhan 'phrul)[17]Note 17 · p. 33 · གཞན་འཕྲུལ་: Paranirmitavaśavartin, rendered "Controlling Others' Emanations", with Dharmamitra/Gemini 3.1 Pro (MITRA's "Highest Heaven" is loose). and the rest, in order from above.
Then the abodes of the asuras (lha min),
and in sequence the humans of the four continents.
Through the afflictions (nyon mongs) together with [grasping at] self,
the abodes of the lower realms (ngan song) form in stages.Thal 'gyurQuotation (the text says: the same source: དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 64 % of the words.

So it is said. And from the Pearl Garland Tantra (mu tig phreng ba'i rgyud):

Wind rests upon space, and upon that, water,
which, being eleven hundred thousand,
forms into a round and rolled-up mass,
just as cream arises from milk;
earth is twelve hundred thousand;
the number of the wind is one million.
Wind is forming, gathering,
impelling, and supporting.
Water is pervading, holding,
and ripening—these three.
Earth is the churner, the subtle,[19]Note 19 · p. 33 · ས་ནི་སྲུབ་བྱེད་: earth as "churner" (agent noun), with Grok 4.7/Claude Fable 5.1/GPT-6 Astra, in keeping with the butter simile that follows; MITRA/Gemini 3.1 Pro "churning" as a function is possible.
and the coarse—these three.
Just as, once churned, [milk] becomes butter,
Mount Meru, king of mountains,
with its four terraces and great summit,
the lakes of enjoyment and the seven mountains,
the continents and the encircling rim ('khor yug) form:
these are the realms of the three-thousandfold [world] (stong gsum) and the rest.
The three realms (khams gsum) of desire, form,
and formlessness rest upon that.
[The sphere of] Neither Existence [nor Nonexistence], of Nothing Whatsoever,
and where there is not the slightest consciousness[18]Note 18 · p. 33 · ཡོད་མིན་ཅི་ཡང་མེད་པ་དང་། རྣམ་ཤེས་ཅུང་ཟད་མེད་པ་: the list of formless spheres is compressed; yod min read as short for "neither existence nor nonexistence" (with Claude Fable 5.1/GPT-6 Astra), and rnam shes cung zad med pa translated literally. MITRA's identification of the third as "Infinite Consciousness" is not supported by the wording.—
the formless realm—is born from that.
The embodied beings of the Pure Abodes (gnas gtsang) and the rest

[p. 34] [form] in the manner of drops falling from above downward:
Akaniṣṭha and the rest, down to the desire [realm].[21]Note 21 · p. 34 · འོག་མིན་ལ་སོགས་འདོད་པའོ: GPT-6 Astra/Dharmamitra take Akaniṣṭha as the subject of "held to be"/"are the desire realm"; Claude Fable 5.1/Gemini 3.1 Pro read it as the range of the dripping from Akaniṣṭha down to the desire realm, which alone fits the sequence from the Pure Abodes downward. Followed Claude Fable 5.1/Gemini 3.1 Pro.
Gods, asuras, and humans
are the higher states (mngon mtho); then the three abodes
are animals, pretas, and hells;
and those sentient beings have four modes of birth (skye ba bzhi).
Moreover, the humans of the first eon
possess form, youth, and the minor marks;
their bodies are pervaded by the glow of their own light,[20]Note 20 · p. 34 · ལུས་ཁྱབ་ (e-text) vs. Adzom ལས་ཁྱབ་: the e-text "their bodies are pervaded by the glow of their own light" is clearly better; Adzom's ལས་ is an evident error. Followed the e-text.
and their food is merit—the wish-granting [cow] ('dod 'jo)[22]Note 22 · p. 34 · འདོད་འཇོ: the wish-granting cow (kāmadhenu), as MITRA/Claude Fable 5.1/Gemini 3.1 Pro; GPT-6 Astra's "wish-fulfilling sources" paraphrases. and the like.
The lifespan of beings is eighty thousand,
and they have no male or female faculties.
Then, from the two causes of delusion,
afflictions such as desire
gradually become coarse;
the doors of the sense faculties and the rest emerge,
and since merit is exhausted, light and the rest diminish.
Thereafter, by degrees, they partake of foods
such as the fat of the earth (sa tshil) and śāli rice.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བའི་རྒྱུད་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Since this and more is taught,

1.3 Definitive explanation according to the Great Array of Ati དེའི་དོན་ངེས་པར་བསྟན་པ1.3 Definitive explanation according to the Great Array of Ati (topical division)
Following the Great Array of Ati, locates the Sahā world as the thirteenth of twenty-five stacked worlds and explains it through four eons: formation of environment and inhabitants, twenty intermediate eons of abiding, destruction by fire, water and wind, and emptiness into space, ending with common and uncommon reckonings of eons.

here its meaning is set forth definitively in brief. Although many measures and presentations are taught—the common ones, known from the sūtras and treatises, and the uncommon ones, from the classes of tantra—here it is explained in the manner of the unsurpassed vehicle, the Vajra Pinnacle (rdo rje rtse mo).[23]Note 23 · p. 34 · རྡོ་རྗེ་རྩེ་མོ: MITRA/Dharmamitra take this as the tantra Vajraśekhara; in context it is a designation of the unsurpassed vehicle (Atiyoga) as "the vajra pinnacle," so rendered as an epithet rather than a title. To establish without error the meaning as it actually stands, in accordance with what appears in the Great Array of Ati (a ti bkod pa chen po): in the space contained within the field of Mahābrahmā (tshangs chen), upon

[p. 35] the anthers at the center of the lotus in the hand of Gangchentso[24]Note 24 · p. 35 · གང་ཆེན་མཚོ: the buddha Vairocana Gangchentso; MITRA's "Great Ocean" and Dharmamitra's "Great Glacial Lake" translate the name, which is kept as a proper name here. (gang chen mtsho), the buddha fields that abide as twenty-five three-thousandfold [worlds] stacked one upon another are called the buddha field Ground and Heart Essence Adorned with Flowers (gzhi dang snying po me tog gis brgyan pa). Among them, the thirteenth, situated directly level with the śrīvatsa (dpal gyi be'u) at the heart, is the buddha field of the Vajra Vehicle of secret mantra, this Sahā world. Its presentation is to be known through four: the eon of formation at first, of abiding in between, of destruction at the end, and of emptiness at the last.

1.3.1 Formation འཆགས་པ1.3.1 Formation
The environment forms from below—space, wind, water and earth maṇḍalas, Meru, mountains, seas, continents and the abodes of beings—then remains empty for an intermediate eon; inhabitants then form from above, descending from the formless realm through form and desire gods to humans and finally the lower realms, over twenty intermediate eons.

Of these, the first, formation, has in turn two stages, that of the environment and that of its inhabitants.

1.3.1.1 The stage in which the environment forms སྣོད་འཆགས་པའི་རིམ་པ1.3.1.1 The stage in which the environment forms
After twenty empty eons the environment forms from below: space and the crossed-vajra wind maṇḍala, the water maṇḍala, the golden ground and earth layers, then Meru with its terraces, the seven mountains, seas and continents, and the abodes of hell beings, pretas, animals, asuras and gods, before standing empty for an intermediate eon.

The first of them, the stage in which the environment forms, is this. After the world that formerly arose at this very location had become empty and twenty intermediate eons had passed, in empty space—the basic space (dbyings) in which the seed aspects of the elements are not manifest and yet the five colors are capable of arising—there arose in the upper direction what is called the formless realm: consciousness, the apprehending subject, together with the seed aspect of the elements.[25]Note 25 · p. 35 · རྣམ་ཤེས་གཟུང་བའི་ཡུལ་ཅན…དང་བཅས་པ: Gemini 3.1 Pro reverses subject and object ("elemental seeds that are the subjects apprehending consciousness"); the Tibetan makes consciousness the apprehending subject, accompanied by the seed aspect of the elements (Grok 4.7/Claude Fable 5.1). Followed Grok 4.7/Claude Fable 5.1. And just as the inhabitants formed from above in the manner of drops falling, the manner in which the tiers of the environment formed from below, from the lower direction, like the terraces of a stūpa, is this.

1.3.1.1.1 Formation of space and the wind maṇḍala ནམ་མཁའ་དང་རླུང་གི་དཀྱིལ་འཁོར་ཆགས་པ1.3.1.1.1 Formation of space and the wind maṇḍala (topical division)
The white space Utterly Pleasing to the Mind and the triangular space of the seed E form; from the sound a uṃ the churning wind arises and forms the green crossed-vajra wind maṇḍala with four wind goddesses and iron sows, with its dimensions.

At the time when environment and inhabitants first formed, as the ground below there was the space called Utterly Pleasing to the Mind (rnam par yid dang ba), white in color and endowed with

[p. 36] white light, a radiant appearance of utter whiteness;[26]Note 26 · p. 36 · བང་སྣང: obscure; drafts render "expanse," "ground," "luminous mass," "radiant appearance." Read as a luminous appearance of utter whiteness qualifying the white space; the exact sense is uncertain. and in it there formed the utterly clear space of the triangular seed E, upon which this three-thousandfold world rests. From that space, the seed of the wind called All-Pervading Protector (khyab 'jug skyob), the sound called "a uṃ," resounded three times,[27]Note 27 · p. 36 · གྲགས་ vs. Adzom གྲག་: no change of meaning ("resounded"); followed the e-text. and from this

there arose the wind called Thoroughly Churning (rnam par srub byed), no more than the breath from the mouth of a speckled mouse. From its massing in the sky like mist or a bank of clouds there formed the wind element: shaped like a crossed vajra (sna tshogs rdo rje rgya gram), marked at its center with yaṃ, with four wind goddesses holding banners of wind, blazing with light of various colors, green and resembling indranīla in appearance, vast in extent and thick in height. To signify its power to bear up without surging for the duration of the eon, four iron sows hang suspended from the four tips of the crossed vajra. That wind formed with a depth of one million and eight thousand yojanas (dpag tshad) and a breadth of four million and sixty hundred-thousands.[28]Note 28 · p. 36 · འབུམ་ཕྲག་དྲུག་ཅུ: sixty hundred-thousands (6,000,000), giving a total breadth of ten million as GPT-6 Astra computes; the text's own form of the figure is kept, as in Grok 4.7/Claude Fable 5.1/Gemini 3.1 Pro. MITRA/Dharmamitra's "six hundred thousand" misreads the numeral.

1.3.1.1.2 Formation of the water maṇḍala ཆུ་རབ་ཏུ་འཁོད་པ1.3.1.1.2 Formation of the water maṇḍala (topical division)
Golden-cored clouds rain for seven years, forming the clear, round water maṇḍala with dancing water goddesses; its depth and breadth are given.

Then the formation of the water called Water Perfectly Settled (chu rab tu 'khod pa) is this. In the sky above, clouds possessing a golden core gathered, and from them a continuous rain fell for seven years; from this there came water that is clear, unmoving, and free of turbidity, round in shape, resembling the full moon in appearance,

[p. 37] together with innumerable dancing water goddesses. It formed with a depth of one million one hundred and twenty thousand yojanas[30]Note 30 · p. 37 · Dharmamitra omits the depth figure and misreads the breadth as 3,500,000; the Tibetan gives depth 1,120,000 and breadth 3,005,000 yojanas. and a breadth of three million and five thousand yojanas.

1.3.1.1.3 Formation of the golden ground and the layers of earth གསེར་གྱི་ས་གཞི་དང་སའི་རིམ་པ1.3.1.1.3 Formation of the golden ground and the layers of earth (topical division)
Churning and separating winds produce, layer upon layer, the golden ground, the earth of earth, the fire of earth, the wind of earth and the square space of earth held by goddesses and nāgas; other sources on intervening spaces and a fire maṇḍala are cited.

Then, in one intermediate eon (bar gyi bskal pa),[29]Note 29 · p. 37 · བར་གྱི་བསྐལ་པ་གཅིག་ན: rendered literally "in one intermediate eon" (Grok 4.7, Gemini 3.1 Pro); GPT-6 Astra, Dharmamitra, MITRA "after one intermediate eon" adds a temporal sequence not in the Tibetan. from beneath the maṇḍala (dkyil 'khor) of wind there arose the wind called Churning (srub byed kyi rlung), possessing an intensely piercing sound. From this, a heaving and roaring sound rose upward from the space below, and as wind, water, and the rest, all stirred upward, mingled into one, upon the water, like cream forming on milk, the golden ground (gser gyi sa gzhi) formed to a depth of five thousand yojanas. Upon that, what is called the earth of earth that brings about formation (chags byed sa'i sa) formed to five thousand yojanas from the diffusion of innumerable subtle particles (rdul phra rab). Upon that, what is called the fire of earth (sa'i me) formed to two hundred thousand yojanas through the diffusion of innumerable subtle particles. Then the wind called Separating ('byed par byed pa'i rlung)

arose in the way that waves arise from the ocean; from this, countless subtle particles of wind descended from the sky above, just as, for example, snow falls in the intermediate space. That itself formed to one hundred thousand yojanas. Upon that, what is called the space of earth that makes room (gseng byed sa'i nam mkha'), blue like the sheen of turquoise, [formed thus]: from space innumerable

Translation notes
  • 1. [p. 28] "rnam par snang mdzad kyis brgyan pa'i snying po": Gemini 3.1 Pro and Claude Fable 5.1 read it as a realm name ("Essence Adorned by Vairocana"), Dharmamitra/Grok 4.7/GPT-6 Astra/MITRA as a description; the Tibetan allows either, and I keep it descriptive ("central heart essence adorned by Vairocana"), which also fits the Ghanavyūha cosmology of the world systems resting on Vairocana.
  • 2. [p. 29] "thal ba" in the realm names: Dharmamitra/Grok 4.7/MITRA render "ashes/dust", Gemini 3.1 Pro "reverberation", GPT-6 Astra "transparency", Claude Fable 5.1 "penetrating". The tantra's own idiom (thal 'gyur, zang thal, "phyi dang nang med zang thal snang" said of rab tu thal bas khyab) points to the sense "passing through, penetrating", not "ash"; I use "Penetrating" throughout and give the Wylie of each name.
  • 3. [p. 29] "rgyu dang rkyen dang rang bzhin dang / ston pa'i bstan pa de yi 'khor": Grok 4.7/Claude Fable 5.1 read "cause, condition, nature and the teacher's teaching are its retinue"; Dharmamitra/Gemini 3.1 Pro/GPT-6 Astra/MITRA read a list ending in "and its retinue". I follow the list reading, since each realm-verse below enumerates such features (shape, adornment, teaching, etc.).
  • 4. [p. 29] "so so'i las dang mtshan bcas pa": Claude Fable 5.1 "activity and name", others "karma/actions and characteristics/marks"; I render "the karma and marks of each", keeping the glossary "karma" for las.
  • 5. [p. 30] "'du mched rgyas": MITRA/Claude Fable 5.1 take 'du mched as "sense-fields" (as if skye mched); Dharmamitra/Gemini 3.1 Pro/Grok 4.7 read 'du ("gathering") and mched ("spreading"). I follow the latter, which is the plain reading.
  • 6. [p. 30] "ston pa'i bstan pa 'byung ba ston / byed pa'i rgyu rkyen khyab 'jug go": GPT-6 Astra/Claude Fable 5.1 read 'byung ba as "the elements", Dharmamitra/Gemini 3.1 Pro/Grok 4.7 as "arising"; MITRA takes khyab 'jug as Viṣṇu. Given the following line on "causes and conditions that produce", I read 'byung ba as the elements and khyab 'jug as "pervading", not the deity.
  • 7. [p. 30] "bde ba'i" ends the page; I complete the sentence with the first words of the next page ("rol pa 'byung ba'o", "the display of bliss arises"), so the next part continues after that phrase.
  • 8. [p. 31] thal ba: rendered "Penetration/Penetrating" throughout to match the names established in the previous part (Penetrating Stream, Penetrating Sound); Dharmamitra/Grok 4.7/MITRA "Ash", Claude Fable 5.1 "Dust", GPT-6 Astra "Transparency" would break the series.
  • 9. [p. 31] ལྡ་ལྡི་ is not a standard lexeme; read as an ornamental hanging (pendants/tassels), with Dharmamitra, Claude Fable 5.1, Gemini 3.1 Pro; GPT-6 Astra "latticework" and Grok 4.7's transliteration are equally uncertain. Meaning is doubtful.
  • 10. [p. 31] ལྔ་ལྡན་འཇུག་པ་གསུམ་: taken as two statements about the teaching ("endowed with the five, its engagements are three"), with Claude Fable 5.1; MITRA's "engagement of the fivefold elements" adds "elements".
  • 11. [p. 32] ཀླུ་ཡི་གདུང་: read gdung as architectural "beam" (with Claude Fable 5.1 "pillars"), since the context is the ornamentation of stacked wheels; Dharmamitra/Grok 4.7/MITRA/GPT-6 Astra "lineage of the nāgas" is possible but sits oddly among garlands that illuminate the directions.
  • 12. [p. 32] ལུང་གིས་བསྐོར་: lung rendered "transmissions" per glossary (tantra context); Dharmamitra/MITRA "scriptures".
  • 13. [p. 32] ནམ་མཁའི་ཁམས་: khams rendered "element" here (the cosmological space element), departing from the glossary's "constituent", as the context clearly concerns the physical elements.
  • 14. [p. 32] གཅིག་ནི་དེ་ཡི་བཞི་ཆ་སྟོངས་: read stongs as "deficient/empty by a fourth", with Claude Fable 5.1; Dharmamitra/Gemini 3.1 Pro "a quarter of that, empty" is close; MITRA's "one of which is a quarter of that" omits stongs. Sense remains obscure (a measure of the earth's thickness).
  • 15. [p. 32] འོད་གསལ་: here the name of the form-realm heaven Ābhāsvara, not "luminosity" as a Great Perfection term; GPT-6 Astra correctly identifies it, Grok 4.7/Claude Fable 5.1 "Clear Light" contradicts the glossary.
  • 16. [p. 33] འཇིག་རྟེན་ཁམས་ནི་མཆེད་པ་ (e-text) vs. Adzom ན་ ("in the world realms [they] spread"). The e-text reading (world realms as subject) is followed; the variant changes only the grammatical subject, not the cosmological sense.
  • 17. [p. 33] གཞན་འཕྲུལ་: Paranirmitavaśavartin, rendered "Controlling Others' Emanations", with Dharmamitra/Gemini 3.1 Pro (MITRA's "Highest Heaven" is loose).
  • 18. [p. 33] ཡོད་མིན་ཅི་ཡང་མེད་པ་དང་། རྣམ་ཤེས་ཅུང་ཟད་མེད་པ་: the list of formless spheres is compressed; yod min read as short for "neither existence nor nonexistence" (with Claude Fable 5.1/GPT-6 Astra), and rnam shes cung zad med pa translated literally. MITRA's identification of the third as "Infinite Consciousness" is not supported by the wording.
  • 19. [p. 33] ས་ནི་སྲུབ་བྱེད་: earth as "churner" (agent noun), with Grok 4.7/Claude Fable 5.1/GPT-6 Astra, in keeping with the butter simile that follows; MITRA/Gemini 3.1 Pro "churning" as a function is possible.
  • 20. [p. 34] ལུས་ཁྱབ་ (e-text) vs. Adzom ལས་ཁྱབ་: the e-text "their bodies are pervaded by the glow of their own light" is clearly better; Adzom's ལས་ is an evident error. Followed the e-text.
  • 21. [p. 34] འོག་མིན་ལ་སོགས་འདོད་པའོ: GPT-6 Astra/Dharmamitra take Akaniṣṭha as the subject of "held to be"/"are the desire realm"; Claude Fable 5.1/Gemini 3.1 Pro read it as the range of the dripping from Akaniṣṭha down to the desire realm, which alone fits the sequence from the Pure Abodes downward. Followed Claude Fable 5.1/Gemini 3.1 Pro.
  • 22. [p. 34] འདོད་འཇོ: the wish-granting cow (kāmadhenu), as MITRA/Claude Fable 5.1/Gemini 3.1 Pro; GPT-6 Astra's "wish-fulfilling sources" paraphrases.
  • 23. [p. 34] རྡོ་རྗེ་རྩེ་མོ: MITRA/Dharmamitra take this as the tantra Vajraśekhara; in context it is a designation of the unsurpassed vehicle (Atiyoga) as "the vajra pinnacle," so rendered as an epithet rather than a title.
  • 24. [p. 35] གང་ཆེན་མཚོ: the buddha Vairocana Gangchentso; MITRA's "Great Ocean" and Dharmamitra's "Great Glacial Lake" translate the name, which is kept as a proper name here.
  • 25. [p. 35] རྣམ་ཤེས་གཟུང་བའི་ཡུལ་ཅན…དང་བཅས་པ: Gemini 3.1 Pro reverses subject and object ("elemental seeds that are the subjects apprehending consciousness"); the Tibetan makes consciousness the apprehending subject, accompanied by the seed aspect of the elements (Grok 4.7/Claude Fable 5.1). Followed Grok 4.7/Claude Fable 5.1.
  • 26. [p. 36] བང་སྣང: obscure; drafts render "expanse," "ground," "luminous mass," "radiant appearance." Read as a luminous appearance of utter whiteness qualifying the white space; the exact sense is uncertain.
  • 27. [p. 36] གྲགས་ vs. Adzom གྲག་: no change of meaning ("resounded"); followed the e-text.
  • 28. [p. 36] འབུམ་ཕྲག་དྲུག་ཅུ: sixty hundred-thousands (6,000,000), giving a total breadth of ten million as GPT-6 Astra computes; the text's own form of the figure is kept, as in Grok 4.7/Claude Fable 5.1/Gemini 3.1 Pro. MITRA/Dharmamitra's "six hundred thousand" misreads the numeral.
  • 29. [p. 37] བར་གྱི་བསྐལ་པ་གཅིག་ན: rendered literally "in one intermediate eon" (Grok 4.7, Gemini 3.1 Pro); GPT-6 Astra, Dharmamitra, MITRA "after one intermediate eon" adds a temporal sequence not in the Tibetan.
  • 30. [p. 37] Dharmamitra omits the depth figure and misreads the breadth as 3,500,000; the Tibetan gives depth 1,120,000 and breadth 3,005,000 yojanas.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens; the headings of the Outline tab stand in the English), gold the quotations, red the words of a quotation that the author repeats to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, verse by its metre; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 28]
དེ་ལྟར་འདུལ་བྱེད་སྟོན་པའི་ལོ་རྒྱུས་བསྟན་ནས། ད་ནི་སྟོན་པ་དེས་གང་དུ་འདུལ་བའི་གནས་ངེས་པ་བསྟན་པ་ལས། དང་པོ་ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ་བཤད་པ་ནི། དེ་ལྟར་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་རང་བཞིན་དུ་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། རིགས་ལྔའི་སྐུ་ལས། ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ལས། དབུས་མ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས། པདྨ་

Having thus taught the history of the teacher (ston pa) who tames beings, now comes the teaching on the definite places in which that teacher tames them.

1 The sequence of the buddha fields and of the environment and its inhabitants ཞིང་ཁམས་དང་སྣོད་བཅུད་ཀྱི་རིམ་པ1 The sequence of the buddha fields and of the environment and its inhabitants
Presents the buddha fields arrayed around the Sahā world and the cosmology of this world according to the Great Perfection tantras, culminating in a definitive account, based on the Great Array of Ati, of the formation, abiding, destruction and emptiness of the environment and its inhabitants.

Of this, the first part is the explanation of the sequence of the buddha fields (zhing khams) and of the environment and its inhabitants (snod bcud).

1.1 The thirteen buddha fields ཞིང་ཁམས་བཅུ་གསུམ1.1 The thirteen buddha fields (topical division)
From Vajradhara's sambhogakāya countless fields are arrayed; on Vairocana's lotus twenty-five worlds are stacked, the Sahā world being the thirteenth. A long quotation from the Sgra thal 'gyur describes the thirteen surrounding luminous fields, each with its teacher and teaching; countless further fields lie like strewn stars.

Thus, once Vajradhara (rdo rje 'chang) had awakened (byang chub) into the nature (rang bzhin) in which all qualities (yon tan) are perfected, he arose from the dharmakāya (chos kyi sku) as the sambhogakāya (longs spyod rdzogs pa'i sku), and from the kāyas (sku) of the five families (rigs lnga) immeasurable buddha fields were arrayed. Among these, among the countless buddha fields that rest upon the central heart essence (snying po) adorned by Vairocana,[1]Note 1 · p. 28 · "rnam par snang mdzad kyis brgyan pa'i snying po": Gemini 3.1 Pro and Claude Fable 5.1 read it as a realm name ("Essence Adorned by Vairocana"), Dharmamitra/Grok 4.7/GPT-6 Astra/MITRA as a description; the Tibetan allows either, and I keep it descriptive ("central heart essence adorned by Vairocana"), which also fits the Ghanavyūha cosmology of the world systems resting on Vairocana. upon a precious lotus

[p. 29]
རིན་པོ་ཆེའི་སྟེང་ན་ཉི་ཤུ་རྩ་ལྔ་བརྩེགས་མར་སྣང་བའི་བཅུ་གསུམ་པ་ན་མི་མཇེད་འདི་གནས་ལ། འདིའི་སྟེང་འོག་དང་ཕྱོགས་མཚམས་ན་འོད་གསལ་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་བཅུ་གསུམ་ཡོད་དེ། སྒྲ་ཐལ་འགྱུར་ལས། ཞིང་ཁམས་རྣམ་པ་བཅུ་གསུམ་ལ།
འདི་ནས་འཇིག་རྟེན་འོག་ན་ནི།
།ཐལ་བ་དབྱངས་ཞེས་བྱ་བ་ཡི།
།རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས།
།རྒྱུ་དང་རྐྱེན་དང་རང་བཞིན་དང༌།
།སྟོན་པའི་བསྟན་པ་དེ་ཡི་འཁོར།
།སྟེང་དང་འོག་དང་ཕྱོགས་མཚམས་སུ།
།ཆུང་ཞིང་ཉམས་དགའ་བཀོད་ལེགས་སྤྲས།
།དེ་ནས་འཇིག་རྟེན་དྲུག་འོག་ན།
།ཐལ་བ་འཛིན་ཞེས་བྱ་བ་ཡི།
།འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ།
།སྟོན་པའི་བསྟན་པ་བདེན་པ་ཉིད།
།སྤྲས་ལེགས་བཀོད་པ་གཉིས་པའོ།
།འདི་ནས་འཇིག་རྟེན་གསུམ་གཡས་ན།
།ཐལ་བ་སྐྱོབ་ཅེས་བྱ་བ་ནི།
།མ་རྒད་དག་གིས་ཡོངས་སྤྲས་པས།
།འོད་དང་ཁ་དོག་ངེས་གསལ་ཅིང༌།
།སྟོན་པའི་བསྟན་པ་འདུལ་བའི་ཞིང༌།
།སོ་སོའི་ལས་དང་མཚན་བཅས་པའོ།
།དེ་ནས་འཇིག་རྟེན་དྲུག་གི་སྟེང༌།
།ཐལ་བ་བརྡལ་ཞེས་བྱ་བ་ཡི།
།པདྨ་རྒྱས་པའི་དབྱིབས་་འདྲ་བ།
།ཤིན་ཏུ་བརྡལ་བ་ཁོད་སྙོམས་པ།
།སྣ་ཚོགས་འོད་འབར་ཁ་དོག་ནི།
།དཀར་དམར་སྣང་བ་འཁྲུག་པ་ལ།
།རགས་པའི་

there appear twenty-five stacked one above another, and in the thirteenth of these this Sahā (mi mjed) world abides. Above and below it and in its cardinal and intermediate directions there are thirteen buddha fields adorned with jewels of luminosity ('od gsal). As the Reverberation of Sound (sgra thal 'gyur) says:

As for the thirteen kinds of buddha fields:
Below the world, from here,
is the one called Penetrating Melody (thal ba dbyangs),[2]Note 2 · p. 29 · "thal ba" in the realm names: Dharmamitra/Grok 4.7/MITRA render "ashes/dust", Gemini 3.1 Pro "reverberation", GPT-6 Astra "transparency", Claude Fable 5.1 "penetrating". The tantra's own idiom (thal 'gyur, zang thal, "phyi dang nang med zang thal snang" said of rab tu thal bas khyab) points to the sense "passing through, penetrating", not "ash"; I use "Penetrating" throughout and give the Wylie of each name.
its extent hard to measure, supremely beautiful.
Its cause, its condition (rkyen), its nature,
the teacher's teaching, and its retinue[3]Note 3 · p. 29 · "rgyu dang rkyen dang rang bzhin dang / ston pa'i bstan pa de yi 'khor": Grok 4.7/Claude Fable 5.1 read "cause, condition, nature and the teacher's teaching are its retinue"; Dharmamitra/Gemini 3.1 Pro/GPT-6 Astra/MITRA read a list ending in "and its retinue". I follow the list reading, since each realm-verse below enumerates such features (shape, adornment, teaching, etc.).—
above, below, and in the cardinal and intermediate directions—
are small and delightful, adorned with fine arrays.

Then, six worlds below,
is the one called Penetrating Holder (thal ba 'dzin),
wheel-shaped and unimpeded (zang thal).
The teacher's teaching there is truth itself.
Well adorned in its array, it is the second.

Three worlds to the right of here
is the one called Penetrating Protector (thal ba skyob),
which, wholly adorned with emeralds,
is distinctly clear in light and color.
The teacher's teaching there is a field of taming,
endowed with the karma (las) and marks of each.[4]Note 4 · p. 29 · "so so'i las dang mtshan bcas pa": Claude Fable 5.1 "activity and name", others "karma/actions and characteristics/marks"; I render "the karma and marks of each", keeping the glossary "karma" for las.

Then, six worlds above,
is the one called Penetrating Spread (thal ba brdal),
shaped like a lotus in full bloom,
vastly spread out and level.
Manifold lights blaze there; its colors,
appearances of white and red, swirl together,
yet coarse

[p. 30]
གཟུགས་བརྙན་སྣང་བ་མིན།
།སྟོན་པའི་བསྟན་པ་འདུ་མཆེད་རྒྱས།
།བསྐལ་པ་རྫོགས་པ་ཐལ་ཞེས་བྱའོ།
།འདི་ནས་འཇིག་རྟེན་སྟེང་དུ་ཡང༌།
།བཅུ་དགུ་འདས་པའི་ཡང་སྟེང་ན།
།ཐལ་བའི་བེ་ཅོན་ཞེས་བྱ་བ།
།རབ་ཏུ་ལྗོངས་ཏེ་ཉམས་དགའ་བ།
།རིན་ཆེན་སིལ་མ་སྣ་ཚོགས་ལས།
།ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ།
།སྟོན་པའི་བསྟན་པ་རྫོགས་གཉིས་ལྡན།
།ཐོད་པའི་ཕྲེང་བ་བཀོད་པའོ།
།འདི་ནས་འཇིག་རྟེན་བྱང་ཤར་མཚམས།
།ཐལ་བའི་རྒྱུན་ཞེས་བྱ་བ་ཡི།
།མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས།
།བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས།
།སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི།
།སྟོན་པའི་བསྟན་པ་དུས་འབྱུང་དེས།
།དེ་སྟེང་ཉི་ཤུ་རྩ་གཅིག་ན།
།རབ་ཏུ་ཐལ་བས་ཁྱབ་ཅེས་བྱ།
།དམིགས་པ་དག་པའི་རང་བཞིན་དུ།
།ཕྱི་དང་ནང་མེད་ཟང་ཐལ་སྣང༌།
།སྟོན་པའི་བསྟན་པ་འབྱུང་བ་སྟོན།
།བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན།
།འཇིག་རྟེན་ཁམས་ནི་དྲུག་འདས་ན།
།ཐལ་བའི་སྒྲ་ཞེས་བྱ་བ་ཡི།
།སྐྱོབ་བྱེད་འཕན་གྱིས་རབ་ཏུ་བཀླུབས།
།རྒྱལ་མཚན་གདུགས་ལ་སོགས་པས་བསྒྲེང༌།
།མེ་ཏོག་སིལ་མའི་ཆར་དང་དྲི།
།སྟོན་པ་ཉིད་དང་བསྟན་པ་ལ།
།མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར།
།བདེ་བའི་

reflected images do not appear.
The teacher's teaching there gathers, spreads, and expands.[5]Note 5 · p. 30 · "'du mched rgyas": MITRA/Claude Fable 5.1 take 'du mched as "sense-fields" (as if skye mched); Dharmamitra/Gemini 3.1 Pro/Grok 4.7 read 'du ("gathering") and mched ("spreading"). I follow the latter, which is the plain reading.
It is called Penetration of the Perfected Eon (bskal pa rdzogs pa thal).

From here, above the world once more,
still above and beyond nineteen,
is the one called Penetrating Club (thal ba'i be con),
an utterly lush and delightful land,
definitely adorned with fragments of manifold jewels,
in the manner of a heap.
The teacher's teaching there possesses the two perfections;
its array is a garland of skulls.

From here, in the northeastern quarter of the world,
is the one called Penetrating Stream (thal ba'i rgyun),
shaped like a stūpa, beautiful in its tiers,
wholly adorned with five arrays,
the ground from which manifold sounds and melodies arise.
The teacher's teaching there arises in its due time.

Twenty-one above that
is the one called Pervaded by Utter Penetration (rab tu thal bas khyab),
which, in the nature of a pure object of focus (dmigs pa),
appears unimpeded, without outer or inner.
The teacher's teaching there reveals the elements ('byung ba);[6]Note 6 · p. 30 · "ston pa'i bstan pa 'byung ba ston / byed pa'i rgyu rkyen khyab 'jug go": GPT-6 Astra/Claude Fable 5.1 read 'byung ba as "the elements", Dharmamitra/Gemini 3.1 Pro/Grok 4.7 as "arising"; MITRA takes khyab 'jug as Viṣṇu. Given the following line on "causes and conditions that produce", I read 'byung ba as the elements and khyab 'jug as "pervading", not the deity.
the causes and conditions that produce them pervade all.

From here, to the southeast, on the left of the world,
beyond six world realms,
is the one called Penetrating Sound (thal ba'i sgra),
utterly draped with protecting pennants,
raised aloft with victory banners, parasols, and the rest,
with showers of flower petals and fragrance.
The teacher himself and the teaching
are encircled by hosts of beautifying reflected images,
and the display of bliss (bde ba)[7]Note 7 · p. 30 · "bde ba'i" ends the page; I complete the sentence with the first words of the next page ("rol pa 'byung ba'o", "the display of bliss arises"), so the next part continues after that phrase.

[p. 31]
རོལ་པ་འབྱུང་བའོ།
།འདི་ནས་འཇིག་རྟེན་ལྷོ་ནུབ་གཡས།
།དྲུག་འདས་འོག་ནས་ཐལ་བའི་རླུང༌།
།གཡོ་ཞིང་བསྐྱོད་པས་བར་སྣང་ལ།
།ཕན་ཚུན་གཡོ་ཞིང་ལྡིང་བ་དང༌།
།བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང༌།
།སྟོན་པའི་བསྟན་པ་རླུང་གིས་གཡོ།
།ལྔ་ལྡན་འཇུག་པ་གསུམ་ཡིན་ནོ།
།དེ་སྟེང་བཅུ་གསུམ་བརྩེགས་པ་ན།
།རིན་ཆེན་ཐལ་བ་ཞེས་བྱ་བ།
།བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས།
།འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན།
།འཕྲུལ་གྱི་ཡི་གེ་རི་མོ་མཛེས།
།སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས།
།ལྡ་ལྡི་པདྨའི་སྤྱན་གྱིས་མཛེས།
།འདི་ནས་ནུབ་བྱང་མཚམས་ཀྱི་སྟེང༌།
།འཇིག་རྟེན་ཁམས་ནི་དྲུག་པ་ནི།
།འདུལ་བའི་ཐལ་བ་ཞེས་བྱ་བ།
།མཆོད་པ་རྫོགས་པས་ལྷ་མོར་བཅས།
།འོད་ཀྱིས་ཁེངས་དང་ཙནྡན་དྲི།
།སྟོན་པའི་བསྟན་པ་ཆ་མཉམ་པ།
།བཅུ་དྲུག་ལོར་ལྡན་མཛེས་པའི་གཟུགས།
།རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར།
།དེ་འོག་འཇིག་རྟེན་དགུ་པ་ན།
།དུང་ལྡན་ཐལ་བའི་ལྷ་ཞེས་པ།
།དད་ཅིང་བསྲུང་བའི་དྲི་ཡིས་མྱོས།
།འཁྲུག་ཅིང་རབ་ཏུ་འབར་བའི་འོད།
།རབ་ཏུ་མེར་མེར་པོ་ཡིས་འཁྲིགས།
།སྟོན་པ་ཉིད་དང་བསྟན་པ་དང༌།
།དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས།
།འདི་ནས་འཇིག་རྟེན་དྲུག་པ་ན།
།སྐར་མའི་ཐལ་བ་ཞེས་བྱ་བ།
།འཁོར་

arises.

From here, to the southwest, on the right of the world,
beyond six, from below, is Penetrating Wind (thal ba'i rlung),[8]Note 8 · p. 31 · thal ba: rendered "Penetration/Penetrating" throughout to match the names established in the previous part (Penetrating Stream, Penetrating Sound); Dharmamitra/Grok 4.7/MITRA "Ash", Claude Fable 5.1 "Dust", GPT-6 Astra "Transparency" would break the series.
which, stirring and moving, in the intermediate space (bar snang)
stirs and hovers to and fro,
and from that movement sounds arise.
The teacher's teaching there is stirred by wind;
endowed with the five, its engagements are three.[10]Note 10 · p. 31 · ལྔ་ལྡན་འཇུག་པ་གསུམ་: taken as two statements about the teaching ("endowed with the five, its engagements are three"), with Claude Fable 5.1; MITRA's "engagement of the fivefold elements" adds "elements".

Thirteen above that, stacked up,
is the one called Precious Penetration (rin chen thal ba),
adorned with auspicious suns,
ornamented with the qualities of desire,
beautiful with the designs of miraculous letters.
The teacher's teaching there is perfect in reflected images,
beautiful with hanging pendants and lotus eyes.[9]Note 9 · p. 31 · ལྡ་ལྡི་ is not a standard lexeme; read as an ornamental hanging (pendants/tassels), with Dharmamitra, Claude Fable 5.1, Gemini 3.1 Pro; GPT-6 Astra "latticework" and Grok 4.7's transliteration are equally uncertain. Meaning is doubtful.

From here, above the northwestern quarter,
the sixth world realm
is the one called Taming Penetration ('dul ba'i thal ba),
accompanied by goddesses of perfect offerings,
filled with light and the fragrance of sandalwood.
The teacher's teaching there is of even proportion,
encircled by beautiful forms of sixteen years,
utterly youthful.

Below that, in the ninth world,
is the one called Conch-Endowed Penetrating Deity (dung ldan thal ba'i lha),
intoxicated by the fragrance of faith and protection,
its turbulent and utterly blazing light
densely massed in intense shimmering.
The teacher himself, the teaching,
his retinue, and his enjoyments are perfect.

From here, in the sixth world,
is the one called Star Penetration (skar ma'i thal ba),

[p. 32]
ལོ་བརྩེགས་པའི་རྣམ་པ་ནི།
།ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས།
།འཆར་ཀ་ཆུ་འཕྱངས་རྣམས་ཀྱིས་བརྒྱན།
།འབྲུག་སྒྲ་གློག་དམར་ལྕེ་རྣམས་འབྱིན།
།སྟོན་པའི་བསྟན་པ་ལུང་གིས་བསྐོར།
།འོད་འབྱུང་ཕྲེང་བ་ཀླུ་ཡི་གདུང༌།
།ཕྱོགས་དང་མཚམས་ཀུན་གསལ་བའོ།
།ཞེས་སོ། །དེ་ཡང་ཉི་ཤུ་རྩ་ལྔ་བརྩེགས་མ་པདྨ་ལ་གནས་པའི་ཡང་ཕྱོགས་མཚམས་སྟེང་འོག་རྣམས་ན་ཞིང་ཁམས་གྲངས་མེད་སྟེང་འོག་ཕྱོགས་མཚམས་ཁྱབ་པར་ཡོད་དེ། སྐར་མ་བཀྲམ་པ་ལྟ་བུའོ། །དེ་ལྟར་ཞིང་ཁམས་དཔག་ཏུ་མེད་པ་ལས། མི་མཇེད་འདིའི་རིམ་པ་བཤད་པ་ནི། དེ་ཉིད་ལས། ཕྱི་རོལ་འབྱུང་བ་རླུང་ལས་ཡང༌།
།ནམ་མཁའི་ཁམས་དང་སྦྱར་བ་སྟེ།
།དེ་ལ་ཆུ་སྟེ་དེ་སྟེང་ས།
།རྒྱ་ཁྱོན་ས་ཡ་སྟུག་ཁོད་སྙོམས།
།གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོངས།
།གླིང་རྣམས་བཀོད་དང་རི་རབ་དང༌།
།དཔག་བསམ་ཤིང་དང་ནོར་བུར་བཅས།
།ཉི་ཟླ་སོ་སོའི་ལྷ་རྣམས་དང༌།
།རྒྱ་མཚོ་ཆེན་པོའི་ཐབས་ཀྱིས་བསྐོར།
།རི་བྲན་རྣམས་དང་ཆུ་བྲན་དང༌།
།རིན་ཆེན་བདུན་གྱིས་ངེས་པར་བསྐོར།
།ནང་སྟེ་གཟུགས་མེད་དང་པོ་ལས།
།གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི།
།རིང་བར་འདོད་པའི་ཁམས་སུ་ཡང༌།
།ཟླ་བ་དྲི་མ་མེད་པ་དང༌།
ཉི་མ་

in the aspect of stacked wheels,
wholly stacked in fives and nines,
adorned with glows of dawn and cascading waters,
emitting thunder and red tongues of lightning.
The teacher's teaching there is encircled by transmissions (lung);[12]Note 12 · p. 32 · ལུང་གིས་བསྐོར་: lung rendered "transmissions" per glossary (tantra context); Dharmamitra/MITRA "scriptures".
light-emitting garlands and nāga beams[11]Note 11 · p. 32 · ཀླུ་ཡི་གདུང་: read gdung as architectural "beam" (with Claude Fable 5.1 "pillars"), since the context is the ornamentation of stacked wheels; Dharmamitra/Grok 4.7/MITRA/GPT-6 Astra "lineage of the nāgas" is possible but sits oddly among garlands that illuminate the directions.
illuminate all the directions and quarters.Thal 'gyurQuotation (named in the text: སྒྲ་ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 68 % of the words.

So it is said.

Moreover, in the directions and quarters, above and below, of this twenty-five-tiered array resting upon the lotus, there are countless buddha fields pervading above, below, the directions, and the quarters,

like strewn stars.

1.2 The stages of this Sahā world according to the tantras མི་མཇེད་འདིའི་རིམ་པ1.2 The stages of this Sahā world according to the tantras (topical division)
Quotations from the Sgra thal 'gyur and the Pearl Garland Tantra on the layering of space, wind, water and earth, Meru and continents, the three realms forming from above, the six classes, and the gradual decline of first-eon humans.

Thus, among immeasurable buddha fields, the explanation of the stages of this Sahā world is given in the same tantra:

Outwardly, from the element wind (rlung),
joined with the element of space (nam mkha'i khams),[13]Note 13 · p. 32 · ནམ་མཁའི་ཁམས་: khams rendered "element" here (the cosmological space element), departing from the glossary's "constituent", as the context clearly concerns the physical elements.
upon that is water, and above that, earth,
a million in extent, its thickness level;
four incalculables and one million,
one of which is short by a fourth part of that.[14]Note 14 · p. 32 · གཅིག་ནི་དེ་ཡི་བཞི་ཆ་སྟོངས་: read stongs as "deficient/empty by a fourth", with Claude Fable 5.1; Dharmamitra/Gemini 3.1 Pro "a quarter of that, empty" is close; MITRA's "one of which is a quarter of that" omits stongs. Sense remains obscure (a measure of the earth's thickness).
The array of the continents and Mount Meru (ri rab),
together with the wish-fulfilling tree and the jewel,
and the gods of the sun and moon respectively,
are encircled by means of the great ocean,
and definitely encircled by attendant mountains and attendant waters
and by the seven precious things.
Inwardly, from the first, the formless [realm],
[through] the form realm, Luminosity [Ābhāsvara],[15]Note 15 · p. 32 · འོད་གསལ་: here the name of the form-realm heaven Ābhāsvara, not "luminosity" as a Great Perfection term; GPT-6 Astra correctly identifies it, Grok 4.7/Claude Fable 5.1 "Clear Light" contradicts the glossary.
extending far, into the desire realm too,
from the stainless moon and the sun

[p. 33]
རབ་ཏུ་སྣང་བྱེད་ལས།
།འཇིག་རྟེན་ཁམས་ནི་མཆེད་པ་སྟེ།
།གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན།
།དེ་ནས་ལྷ་མིན་གནས་དག་སྟེ།
།གླིང་བཞིའི་མི་རྣམས་རིམ་གྱིས་སོ།
།ཉོན་མོངས་བདག་དང་བཅས་པ་ཡིས།
།ངན་སོང་གནས་ནི་རིམ་པར་ཆགས།
།ཞེས་པ་དང༌། མུ་ཏིག་ཕྲེང་བའི་རྒྱུད་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ།
།འབུམ་ཕྲག་བཅུ་གཅིག་དག་གིས་ནི།
།ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས།
།འོ་མ་ལས་ནི་སྤྲིས་བྱུང་བཞིན།
།ས་ནི་འབུམ་ཕྲག་བཅུ་གཉིས་སོ།
།རླུང་གི་གྲངས་ནི་ས་ཡ་ཉིད།
།རླུང་ནི་ཆགས་དང་སྡུད་པ་དང༌།
།འཕེན་པ་དང་ནི་འདེགས་པའོ།
།ཆུས་ནི་ཁྱབ་དང་འཛིན་པ་དང༌།
།སྨིན་བྱེད་དང་ནི་གསུམ་ཡིན་ནོ།
ས་ནི་སྲུབ་བྱེད་ཕྲ་བ་དང༌།
།རགས་པ་ཉིད་དང་གསུམ་ཡིན་ནོ།
།དཀྲོགས་ནས་མར་དུ་གྱུར་པ་བཞིན།
།རི་རབ་རི་ཡི་རྒྱལ་པོ་ནི།
།བང་རིམ་བཞི་དང་ལྕོག་ཆེན་དང༌།
།རོལ་མཚོ་དང་ནི་རི་རྣམས་བདུན།
།གླིང་རྣམས་དང་ནི་འཁོར་ཡུག་ཆགས།
།སྟོང་གསུམ་ལ་སོགས་ཁམས་རྣམས་སོ།
།འདོད་དང་གཟུགས་དང་གཟུགས་མེད་ཀྱི།
།ཁམས་གསུམ་པོ་ནི་དེ་ལ་བརྟེན།
།ཡོད་མིན་ཅི་ཡང་མེད་པ་དང༌།
།རྣམ་ཤེས་ཅུང་ཟད་མེད་པ་ཡི།
།གཟུགས་མེད་ཁམས་ནི་དེ་ལས་སྐྱེས།
།གནས་གཙང་ལ་སོགས་ལུས་ཅན་

that utterly illuminates,
the world realms spread forth:[16]Note 16 · p. 33 · འཇིག་རྟེན་ཁམས་ནི་མཆེད་པ་ (e-text) vs. Adzom ན་ ("in the world realms [they] spread"). The e-text reading (world realms as subject) is followed; the variant changes only the grammatical subject, not the cosmological sense.
Controlling Others' Emanations (gzhan 'phrul)[17]Note 17 · p. 33 · གཞན་འཕྲུལ་: Paranirmitavaśavartin, rendered "Controlling Others' Emanations", with Dharmamitra/Gemini 3.1 Pro (MITRA's "Highest Heaven" is loose). and the rest, in order from above.
Then the abodes of the asuras (lha min),
and in sequence the humans of the four continents.
Through the afflictions (nyon mongs) together with [grasping at] self,
the abodes of the lower realms (ngan song) form in stages.Thal 'gyurQuotation (the text says: the same source: དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 64 % of the words.

So it is said. And from the Pearl Garland Tantra (mu tig phreng ba'i rgyud):

Wind rests upon space, and upon that, water,
which, being eleven hundred thousand,
forms into a round and rolled-up mass,
just as cream arises from milk;
earth is twelve hundred thousand;
the number of the wind is one million.
Wind is forming, gathering,
impelling, and supporting.
Water is pervading, holding,
and ripening—these three.
Earth is the churner, the subtle,[19]Note 19 · p. 33 · ས་ནི་སྲུབ་བྱེད་: earth as "churner" (agent noun), with Grok 4.7/Claude Fable 5.1/GPT-6 Astra, in keeping with the butter simile that follows; MITRA/Gemini 3.1 Pro "churning" as a function is possible.
and the coarse—these three.
Just as, once churned, [milk] becomes butter,
Mount Meru, king of mountains,
with its four terraces and great summit,
the lakes of enjoyment and the seven mountains,
the continents and the encircling rim ('khor yug) form:
these are the realms of the three-thousandfold [world] (stong gsum) and the rest.
The three realms (khams gsum) of desire, form,
and formlessness rest upon that.
[The sphere of] Neither Existence [nor Nonexistence], of Nothing Whatsoever,
and where there is not the slightest consciousness[18]Note 18 · p. 33 · ཡོད་མིན་ཅི་ཡང་མེད་པ་དང་། རྣམ་ཤེས་ཅུང་ཟད་མེད་པ་: the list of formless spheres is compressed; yod min read as short for "neither existence nor nonexistence" (with Claude Fable 5.1/GPT-6 Astra), and rnam shes cung zad med pa translated literally. MITRA's identification of the third as "Infinite Consciousness" is not supported by the wording.—
the formless realm—is born from that.
The embodied beings of the Pure Abodes (gnas gtsang) and the rest

[p. 34]
ནི།
།གོང་ནས་འོག་ཏུ་ཐིགས་པའི་ཚུལ།
།འོག་མིན་ལ་སོགས་འདོད་པའོ།
།ལྷ་དང་ལྷ་མིན་མི་རྣམས་ནི།
།མངོན་མཐོ་དེ་ནས་གནས་གསུམ་ནི།
།བྱོལ་སོང་ཡི་དྭགས་དམྱལ་བ་དང༌།
།སེམས་ཅན་དེ་དག་སྐྱེ་བ་བཞི།
།དེ་ཡང་བསྐལ་པ་དང་པོའི་མི།
།གཟུགས་དང་ལང་ཚོ་དཔེ་བྱད་ལྡན།
།རང་འོད་མདངས་ཀྱིས་ལུས་ཁྱབ་སྟེ།
།འདོད་འཇོ་ལ་སོགས་བསོད་ནམས་ཟས།
།སྐྱེ་དགུའི་ཚེ་ཡང་བརྒྱད་ཁྲི་ལ།
།ཕོ་དང་མོ་ཡི་དབང་པོ་མེད།
།དེ་ནས་འཁྲུལ་པའི་རྒྱུ་གཉིས་ལས།
།འདོད་ཆགས་ལ་སོགས་ཉོན་མོངས་ནི།
།བགས་ཀྱིས་རགས་པ་ཉིད་དུ་གྱུར།
།དབང་པོ་ལ་སོགས་སྒོ་དོད་དེ།
།བསོད་ནམས་ཟད་ཕྱིར་འོད་སོགས་བྲི།
།དེ་ནས་རིམ་གྱིས་ས་ཚིལ་དང༌།
།སཱ་ལུ་ལ་སོགས་ཟས་སྤྱོད་དོ།
།ཞེས་པ་ལ་སོགས་པ་གསུངས་པས་ན། འདིར་དེའི་དོན་ཅུང་ཟད་ངེས་པར་བསྟན་པ་ནི། ཐུན་མོང་པ་མདོ་དང་བསྟན་བཅོས་དག་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་རྒྱུད་སྡེ་དག་ལས་ཚད་དང་རྣམ་པར་གཞག་པ་མང་དུ་གསུངས་ཀྱང༌། འདིར་ནི་བླ་ན་མེད་པའི་ཐེག་པ་རྡོ་རྗེ་རྩེ་མོ་ལྟར་བཤད་དོ། །ཨ་ཏི་བཀོད་པ་ཆེན་པོ་ལས་འབྱུང་བ་བཞིན་དངོས་པོ་ལ་གནས་པའི་དོན་མ་ནོར་བར་གཏན་ལ་དབབ་པ་ནི། ཚངས་ཆེན་གྱི་ཞིང་གི་ཁོངས་སུ་ཆུད་པའི་ནམ་མཁའ་ལ། གང་

[form] in the manner of drops falling from above downward:
Akaniṣṭha and the rest, down to the desire [realm].[21]Note 21 · p. 34 · འོག་མིན་ལ་སོགས་འདོད་པའོ: GPT-6 Astra/Dharmamitra take Akaniṣṭha as the subject of "held to be"/"are the desire realm"; Claude Fable 5.1/Gemini 3.1 Pro read it as the range of the dripping from Akaniṣṭha down to the desire realm, which alone fits the sequence from the Pure Abodes downward. Followed Claude Fable 5.1/Gemini 3.1 Pro.
Gods, asuras, and humans
are the higher states (mngon mtho); then the three abodes
are animals, pretas, and hells;
and those sentient beings have four modes of birth (skye ba bzhi).
Moreover, the humans of the first eon
possess form, youth, and the minor marks;
their bodies are pervaded by the glow of their own light,[20]Note 20 · p. 34 · ལུས་ཁྱབ་ (e-text) vs. Adzom ལས་ཁྱབ་: the e-text "their bodies are pervaded by the glow of their own light" is clearly better; Adzom's ལས་ is an evident error. Followed the e-text.
and their food is merit—the wish-granting [cow] ('dod 'jo)[22]Note 22 · p. 34 · འདོད་འཇོ: the wish-granting cow (kāmadhenu), as MITRA/Claude Fable 5.1/Gemini 3.1 Pro; GPT-6 Astra's "wish-fulfilling sources" paraphrases. and the like.
The lifespan of beings is eighty thousand,
and they have no male or female faculties.
Then, from the two causes of delusion,
afflictions such as desire
gradually become coarse;
the doors of the sense faculties and the rest emerge,
and since merit is exhausted, light and the rest diminish.
Thereafter, by degrees, they partake of foods
such as the fat of the earth (sa tshil) and śāli rice.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བའི་རྒྱུད་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Since this and more is taught,

1.3 Definitive explanation according to the Great Array of Ati དེའི་དོན་ངེས་པར་བསྟན་པ1.3 Definitive explanation according to the Great Array of Ati (topical division)
Following the Great Array of Ati, locates the Sahā world as the thirteenth of twenty-five stacked worlds and explains it through four eons: formation of environment and inhabitants, twenty intermediate eons of abiding, destruction by fire, water and wind, and emptiness into space, ending with common and uncommon reckonings of eons.

here its meaning is set forth definitively in brief. Although many measures and presentations are taught—the common ones, known from the sūtras and treatises, and the uncommon ones, from the classes of tantra—here it is explained in the manner of the unsurpassed vehicle, the Vajra Pinnacle (rdo rje rtse mo).[23]Note 23 · p. 34 · རྡོ་རྗེ་རྩེ་མོ: MITRA/Dharmamitra take this as the tantra Vajraśekhara; in context it is a designation of the unsurpassed vehicle (Atiyoga) as "the vajra pinnacle," so rendered as an epithet rather than a title. To establish without error the meaning as it actually stands, in accordance with what appears in the Great Array of Ati (a ti bkod pa chen po): in the space contained within the field of Mahābrahmā (tshangs chen), upon

[p. 35]
ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་ཁམས་རྣམས་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་ལ། དེའི་ནང་ནས་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་འདིའི་རྣམ་པར་གཞག་པ་ལ། བསྐལ་པ་དང་པོ་འཆགས་པ། བར་དུ་གནས་པ། ཐ་མར་འཇིག་པ། མཐར་སྟོངས་པ་བཞིས་ཤེས་པར་བྱ་བ་ལས། དང་པོ་འཆགས་པ་ལའང་སྣོད་དང༌། བཅུད་ཀྱི་རིམ་པ་གཉིས་ཀྱི་ཐོག་མ་སྣོད་འཆགས་པའི་རིམ་པ་ནི། འདིའི་ཐད་དུ་སྔར་བྱུང་བའི་འཇིག་རྟེན་སྟོངས་ནས་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་ཏུ། འབྱུང་བ་ས་བོན་གྱི་ཆ་མི་གསལ་བ་ཁ་དོག་ལྔ་འབྱུང་རུང་གི་དབྱིངས་ནམ་མཁའ་སྟོང་པ་ལ། སྟེང་གི་ཕྱོགས་སུ་གཟུགས་མེད་པའི་ཁམས་ཞེས་བྱ་བ་རྣམ་ཤེས་གཟུང་བའི་ཡུལ་ཅན་འབྱུང་བ་ས་བོན་གྱི་ཆ་དང་བཅས་པ་བྱུང་ནས་ཐིགས་པའི་ཚུལ་དུ་བཅུད་རྣམས་ཡས་ཆགས་པ་ལྟར། འོག་གི་ཕྱོགས་ནས་སྣོད་ཀྱི་རིམ་པ་མཆོད་རྟེན་གྱི་བང་རིམ་ལྟར་མས་འཆགས་པའི་ཚུལ་ནི། སྣོད་བཅུད་ཐོག་མར་འཆགས་པ་དེའི་ཚེ། འོག་གི་གཞིར་རྣམ་པར་ཡིད་དང་བ་ཞེས་བྱ་བའི་ནམ་མཁའ་ཁ་དོག་དཀར་བ་དཀར་བའི་འོད་དང་

the anthers at the center of the lotus in the hand of Gangchentso[24]Note 24 · p. 35 · གང་ཆེན་མཚོ: the buddha Vairocana Gangchentso; MITRA's "Great Ocean" and Dharmamitra's "Great Glacial Lake" translate the name, which is kept as a proper name here. (gang chen mtsho), the buddha fields that abide as twenty-five three-thousandfold [worlds] stacked one upon another are called the buddha field Ground and Heart Essence Adorned with Flowers (gzhi dang snying po me tog gis brgyan pa). Among them, the thirteenth, situated directly level with the śrīvatsa (dpal gyi be'u) at the heart, is the buddha field of the Vajra Vehicle of secret mantra, this Sahā world. Its presentation is to be known through four: the eon of formation at first, of abiding in between, of destruction at the end, and of emptiness at the last.

1.3.1 Formation འཆགས་པ1.3.1 Formation
The environment forms from below—space, wind, water and earth maṇḍalas, Meru, mountains, seas, continents and the abodes of beings—then remains empty for an intermediate eon; inhabitants then form from above, descending from the formless realm through form and desire gods to humans and finally the lower realms, over twenty intermediate eons.

Of these, the first, formation, has in turn two stages, that of the environment and that of its inhabitants.

1.3.1.1 The stage in which the environment forms སྣོད་འཆགས་པའི་རིམ་པ1.3.1.1 The stage in which the environment forms
After twenty empty eons the environment forms from below: space and the crossed-vajra wind maṇḍala, the water maṇḍala, the golden ground and earth layers, then Meru with its terraces, the seven mountains, seas and continents, and the abodes of hell beings, pretas, animals, asuras and gods, before standing empty for an intermediate eon.

The first of them, the stage in which the environment forms, is this. After the world that formerly arose at this very location had become empty and twenty intermediate eons had passed, in empty space—the basic space (dbyings) in which the seed aspects of the elements are not manifest and yet the five colors are capable of arising—there arose in the upper direction what is called the formless realm: consciousness, the apprehending subject, together with the seed aspect of the elements.[25]Note 25 · p. 35 · རྣམ་ཤེས་གཟུང་བའི་ཡུལ་ཅན…དང་བཅས་པ: Gemini 3.1 Pro reverses subject and object ("elemental seeds that are the subjects apprehending consciousness"); the Tibetan makes consciousness the apprehending subject, accompanied by the seed aspect of the elements (Grok 4.7/Claude Fable 5.1). Followed Grok 4.7/Claude Fable 5.1. And just as the inhabitants formed from above in the manner of drops falling, the manner in which the tiers of the environment formed from below, from the lower direction, like the terraces of a stūpa, is this.

1.3.1.1.1 Formation of space and the wind maṇḍala ནམ་མཁའ་དང་རླུང་གི་དཀྱིལ་འཁོར་ཆགས་པ1.3.1.1.1 Formation of space and the wind maṇḍala (topical division)
The white space Utterly Pleasing to the Mind and the triangular space of the seed E form; from the sound a uṃ the churning wind arises and forms the green crossed-vajra wind maṇḍala with four wind goddesses and iron sows, with its dimensions.

At the time when environment and inhabitants first formed, as the ground below there was the space called Utterly Pleasing to the Mind (rnam par yid dang ba), white in color and endowed with

[p. 36]
ལྡན་པ། ཤིན་ཏུ་དཀར་བའི་བང་སྣང་ལ། སྟོང་གསུམ་གྱི་འཇིག་རྟེན་འདི་བརྟེན་པའི་ས་བོན་ཨེ་གྲུ་གསུམ་རྣམ་པར་དང་བའི་ནམ་མཁའ་ཆགས་སོ། །ནམ་མཁའ་དེ་ལས་རླུང་ཁྱབ་འཇུག་སྐྱོབ་ཅེས་བྱ་བའི་ས་བོན་ཨ་འུམ་ཞེས་བྱ་བའི་སྒྲ་ལན་གསུམ་དུ་གྲགས་པ་ལས། རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ། བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལངས་ཏེ། ནམ་མཁའ་ལ་ན་བུན་ནམ་སྤྲིན་ཕུང་ལྟར་འཁྲིགས་པ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་འདྲ་བའི་ལྟེ་བ་ལ་ཡཾ་གིས་མཚན་ཞིང༌། རླུང་གི་ལྷ་མོ་བཞི་རླུང་གི་བ་དན་འཛིན་པ། ཁ་དོག་སྣ་ཚོགས་པའི་འོད་འབར་ཞིང༌། རླུང་གི་ཁམས་ལྗང་གུ་ཨིན་དྲ་ནི་ལའི་རྣམ་པ་འདྲ་བ། རྒྱ་ཆེ་ཞིང་དཔངས་སུ་འཐུག་པ་ཆགས་ཏེ། བསྐལ་པའི་བར་དུ་མི་འཕར་ཞིང་འདེགས་པའི་རྩལ་མཚོན་པ་ལ། རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་་བཞི་ནས་ལྕགས་ཀྱི་ཕག་མོ་བཞི་འཕྱོང་དུ་ཡོད་པ། རླུང་དེའི་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་སྟོང་ཕྲག་བརྒྱད། རྒྱར་ས་ཡ་བཞི་དང་འབུམ་ཕྲག་དྲུག་ཅུ་ཆགས་སོ། །དེ་ནས་ཆུའི་ཆུ་རབ་ཏུ་འཁོད་པ་ཞེས་བྱ་བ་ཆགས་པ་ནི། སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། ལོ་བདུན་དུ་ཆར་གྱི་རྒྱུན་བབས་པ་ལས། དངས་ཤིང་མི་གཡོ་རྙོག་པ་མེད་པའི་ཆུ་དབྱིབས་ཟླུམ་པོ་ཟླ་བ་ཉ་གང་བའི་རྣམ་པ་འདྲ་བ་ལ།

white light, a radiant appearance of utter whiteness;[26]Note 26 · p. 36 · བང་སྣང: obscure; drafts render "expanse," "ground," "luminous mass," "radiant appearance." Read as a luminous appearance of utter whiteness qualifying the white space; the exact sense is uncertain. and in it there formed the utterly clear space of the triangular seed E, upon which this three-thousandfold world rests. From that space, the seed of the wind called All-Pervading Protector (khyab 'jug skyob), the sound called "a uṃ," resounded three times,[27]Note 27 · p. 36 · གྲགས་ vs. Adzom གྲག་: no change of meaning ("resounded"); followed the e-text. and from this

there arose the wind called Thoroughly Churning (rnam par srub byed), no more than the breath from the mouth of a speckled mouse. From its massing in the sky like mist or a bank of clouds there formed the wind element: shaped like a crossed vajra (sna tshogs rdo rje rgya gram), marked at its center with yaṃ, with four wind goddesses holding banners of wind, blazing with light of various colors, green and resembling indranīla in appearance, vast in extent and thick in height. To signify its power to bear up without surging for the duration of the eon, four iron sows hang suspended from the four tips of the crossed vajra. That wind formed with a depth of one million and eight thousand yojanas (dpag tshad) and a breadth of four million and sixty hundred-thousands.[28]Note 28 · p. 36 · འབུམ་ཕྲག་དྲུག་ཅུ: sixty hundred-thousands (6,000,000), giving a total breadth of ten million as GPT-6 Astra computes; the text's own form of the figure is kept, as in Grok 4.7/Claude Fable 5.1/Gemini 3.1 Pro. MITRA/Dharmamitra's "six hundred thousand" misreads the numeral.

1.3.1.1.2 Formation of the water maṇḍala ཆུ་རབ་ཏུ་འཁོད་པ1.3.1.1.2 Formation of the water maṇḍala (topical division)
Golden-cored clouds rain for seven years, forming the clear, round water maṇḍala with dancing water goddesses; its depth and breadth are given.

Then the formation of the water called Water Perfectly Settled (chu rab tu 'khod pa) is this. In the sky above, clouds possessing a golden core gathered, and from them a continuous rain fell for seven years; from this there came water that is clear, unmoving, and free of turbidity, round in shape, resembling the full moon in appearance,

[p. 37]
ཆུའི་ལྷ་མོ་གར་བྱེད་པ་དཔག་ཏུ་མེད་པ་དང་བཅས་པ་ཆགས་པའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ། རྒྱར་དཔག་ཚད་ས་ཡ་གསུམ་དང་སྟོང་ཕྲག་ལྔ་ཆགས་སོ། །དེ་ནས་བར་གྱི་བསྐལ་པ་གཅིག་ན་རླུང་གི་དཀྱིལ་འཁོར་གྱི་འོག་ནས། སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རབ་ཏུ་གཟིར་བའི་སྒྲ་དང་ལྡན་པ་ལངས་པ་ལས། འོག་གི་ནམ་མཁའ་ནས་སྟེང་དུ་ལྡེག་ཅིང་འུར་བའི་སྒྲ་བྱུང་སྟེ། རླུང་དང་ཆུ་ལ་སོགས་པ་སྟེང་དུ་གཡོས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཆུའི་སྟེང་དུ་འོ་མ་ལ་སྤྲིས་ཆགས་པ་ལྟར་གསེར་གྱི་ས་གཞི་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་ཆགས་བྱེད་སའི་ས་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པ་ལས་དཔག་ཚད་ལྔ་སྟོང་དུ་ཆགས་སོ། །དེའི་སྟེང་དུ་སའི་མེ་ཞེས་བྱ་བ་རྡུལ་ཕྲ་རབ་དཔག་ཏུ་མེད་པ་འཕྲོས་པས་དཔག་ཚད་འབུམ་ཕྲག་གཉིས་སུ་ཆགས་སོ། །དེ་ནས་འབྱེད་པར་བྱེད་པའི་རླུང་ཞེས་བྱ་བ། རྒྱ་མཚོ་ལས་རླབས་བྱུང་བ་ལྟར་བྱུང་བ་ལས། སྟེང་གི་ནམ་མཁའ་ནས་རླུང་གི་རྡུལ་ཕྲ་རབ་གྲངས་མེད་པ་བབས་ཏེ། དཔེར་ན་བར་སྣང་ལ་ཁ་བ་བབས་པ་དང་འདྲའོ། །དེ་ཉིད་དཔག་ཚད་འབུམ་ཕྲག་གཅིག་ཏུ་ཆགས་སོ། །དེའི་སྟེང་དུ་གསེང་བྱེད་སའི་ནམ་མཁའ་ཞེས་བྱ་བ་གཡུའི་མདངས་ལྟར་སྔོ་བ་ནི། ནམ་མཁའ་ནས་ནམ་

together with innumerable dancing water goddesses. It formed with a depth of one million one hundred and twenty thousand yojanas[30]Note 30 · p. 37 · Dharmamitra omits the depth figure and misreads the breadth as 3,500,000; the Tibetan gives depth 1,120,000 and breadth 3,005,000 yojanas. and a breadth of three million and five thousand yojanas.

1.3.1.1.3 Formation of the golden ground and the layers of earth གསེར་གྱི་ས་གཞི་དང་སའི་རིམ་པ1.3.1.1.3 Formation of the golden ground and the layers of earth (topical division)
Churning and separating winds produce, layer upon layer, the golden ground, the earth of earth, the fire of earth, the wind of earth and the square space of earth held by goddesses and nāgas; other sources on intervening spaces and a fire maṇḍala are cited.

Then, in one intermediate eon (bar gyi bskal pa),[29]Note 29 · p. 37 · བར་གྱི་བསྐལ་པ་གཅིག་ན: rendered literally "in one intermediate eon" (Grok 4.7, Gemini 3.1 Pro); GPT-6 Astra, Dharmamitra, MITRA "after one intermediate eon" adds a temporal sequence not in the Tibetan. from beneath the maṇḍala (dkyil 'khor) of wind there arose the wind called Churning (srub byed kyi rlung), possessing an intensely piercing sound. From this, a heaving and roaring sound rose upward from the space below, and as wind, water, and the rest, all stirred upward, mingled into one, upon the water, like cream forming on milk, the golden ground (gser gyi sa gzhi) formed to a depth of five thousand yojanas. Upon that, what is called the earth of earth that brings about formation (chags byed sa'i sa) formed to five thousand yojanas from the diffusion of innumerable subtle particles (rdul phra rab). Upon that, what is called the fire of earth (sa'i me) formed to two hundred thousand yojanas through the diffusion of innumerable subtle particles. Then the wind called Separating ('byed par byed pa'i rlung)

arose in the way that waves arise from the ocean; from this, countless subtle particles of wind descended from the sky above, just as, for example, snow falls in the intermediate space. That itself formed to one hundred thousand yojanas. Upon that, what is called the space of earth that makes room (gseng byed sa'i nam mkha'), blue like the sheen of turquoise, [formed thus]: from space innumerable

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 3 quotations, 2 found on this wiki.
# p. Tibetan English Source On this wiki
1 29 ཞིང་ཁམས་རྣམ་པ་བཅུ་གསུམ་ལ། འདི་ནས་ … ཀླུ་ཡི་གདུང༌། །ཕྱོགས་དང་མཚམས་ཀུན་གསལ་བའོ། As for the thirteen kinds of buddha fields: Below … and nāga beams illuminate all the directions and quarters. named: སྒྲ་ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 68 %
2 32 ཕྱི་རོལ་འབྱུང་བ་རླུང་ལས་ཡང༌། །ནམ་མཁའི་ … པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། Outwardly, from the element wind (rlung), joined with the … of the lower realms (ngan song) form in stages. “the same”: དེ་ཉིད་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 64 %
3 33 མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་ … ཚིལ་དང༌། །སཱ་ལུ་ལ་སོགས་ཟས་སྤྱོད་དོ། Wind rests upon space, and upon that, water, which, … fat of the earth (sa tshil) and śāli rice. named: མུ་ཏིག་ཕྲེང་བའི་རྒྱུད་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found