Theg mchog mdzod (Longchenpa): Ch. 04 (1)
Theg mchog mdzod (Longchenpa)/Ch. 04 (1)
Theg mchog mdzod study edition: editions, critical edition, translation, bilingual (22 November 2026) |
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026) |

| Line 1: | Line 1: | ||
{{DISPLAYTITLE:Theg mchog mdzod (Longchenpa): Ch. 04 (1)}} | __NOTOC__{{DISPLAYTITLE:Theg mchog mdzod (Longchenpa): Ch. 04 (1)}} | ||

[[Theg mchog mdzod (Longchenpa)/Ch. 03|← Ch. 03]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 04 (2)|Ch. 04 (2) →]]
'''Theg pa'i mchog rin po che'i mdzod, chapter 4: grub pa'i mtha' rab tu dbye ba''' · <span class=" |
[[Theg mchog mdzod (Longchenpa)/Ch. 03|← Ch. 03]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 04 (2)|Ch. 04 (2) →]]
'''Theg pa'i mchog rin po che'i mdzod, chapter 4: grub pa'i mtha' rab tu dbye ba''' · གྲུབ་པའི་མཐའ་རབ་ཏུ་དབྱེ་བ
Pages 89–119 of volume 1 of the corrected base text (part 1 of 3 of Ch. 04). | ||

Not in this part's tabs (the edition does not contain it): Serthang Larung.

Not in this part's tabs (the edition does not contain it): Serthang Larung.

= Adzom Chögar (standard edition) = | = Adzom Chögar (standard edition) = | ||

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page)

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].

<div style="font-family:sans-serif;font-size: |
Volume I1PD86

<span | [p. 86] དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལ་འང་ཐེག་པའི་ངོ་བོ། ངེས་ཚིག་དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་ | ||
<span | [p. 87] བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་བའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། | ||
<span | [p. 88] དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡིད་བྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་ | ||
<span | [p. 89] འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འབངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་པ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དཔྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྤྲང་བུར་འགྱུར་ཞིང་། འཛོང་མོ་སྦལ་བར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ | ||
<span | [p. 90] ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་པ་རྟོགས་གློ་བུར་འཁྲུལ་པ་ཉིད། ། | ||
<span | [p. 91] ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་པའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། །འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོ་གཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་ | ||
<span | [p. 92] སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་འཛིན་དང་། །གསང་བ་མི་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོད་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོ་ར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །ཁྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་ | ||
<span | [p. 93] སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་པར་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། བྱ་བྱེད་སེམས་ཀྱི་མུ་སྟེགས་དང་།འཛིན་པ་དོན་མེད་མུ་སྟེགས་དང་། ཁ་ཚིག་གོལ་བའི་མུ་སྟེགས་དང་།རྟག་པ་དོན་མེད་མུ་སྟེགས་དང། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ | ||
<span | [p. 94] ར་དང་ཀྲ་བྷི་ཤ། སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་གསུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྤྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོད་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནད་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམ་པ་བ་སྟེ་ | ||
<span | [p. 95] སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་དུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་བ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁན་པ་དང་། བྷ་ལ་ཁྱི་ལྔ་བ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། ཕྱུགས་བདག་པ་དང་། གོའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚེ་ | ||
<span | [p. 96] བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་བ་དང་། བྷ་ར་ཤའི་གྲངས་ཅན་དང་། བཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ ཏེ་ནེ་གུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཅུར་འཇུག་པ་དང་། འགེལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་བ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་ བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁར་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་ པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མི་ཡི་རྐྱེན་ལ་མ་བརྟེན་ པར། །ཆོས་ཏེ་ཆེན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ | ||
<span | [p. 97] ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེ་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་འདོད་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དེ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་ | ||
<span | [p. 98] མེད་པར་འདོད་པའོ། །རྣམ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་ རྟག་པར་འདོད་དོ། །རྣམ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་ སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་ བྱ་བ་རང་གི་ལུས་ལ་རས་ཏིལ་མང་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་ བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་དྲག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་ དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདིས་འདི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ | ||
<span | [p. 99] ༄༅། །ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་ དང་གི་མངོན་ཤེས་ཀྱིས་བྱ་བ་ལས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ ལུས་བོར་པ་དང་། ཕྱྭའམ་དབང་ཕྱུག་གི་ལ་རང་གི་མདུན་བསུ་ནས་རི་རབ་ཀྱི་བ་ད་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་ བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་དེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་ | ||
<span | [p. 100] བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱྭ་ག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇི་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོང་ངོ་། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་འཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། | ||
<span | [p. 101] གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོང་ངོ་། །རས་རྐྱང་པ་རས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ།། ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་གང་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ།་ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ།རྒྱུ་ཡང་ཆད་འགྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དེ། །ཡང་ལ་མ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོང་ངོ་། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་པ་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོང་། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ | ||
<span | [p. 102] ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོང་བ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་ལ་དེ་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ།། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ་། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དེ། ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ།ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ | ||
<span | [p. 103] ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ལང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡག་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་སྡེ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ།། དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲགས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། ད་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང་། །རྒྱང་ཕན་དང་ནི་ | ||
<span | [p. 104] རྒྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ། །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་བ་ཆང་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐིག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ | ||
<span | [p. 105] ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ | ||
<span | [p. 106] ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ། །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྫོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། ། | ||
<span | [p. 107] རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། | ||
<span | [p. 108] དོན་དམ་པར་རྡུལ་ཕྲན་ཆ་སྔ་ན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གར་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། | ||
<span | [p. 109] དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམས་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་ | ||
<span | [p. 110] འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁ་འཕོ་བ་དེ་གློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟ་བ་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་ | ||
<span | [p. 111] བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་།། དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་ | ||
<span | [p. 112] དེ་ལྟར་དཀར་པོ་གནམ་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོངས། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི།། །།སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་ | ||
<span | [p. 113] བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྲུས་ལྡིང་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= W22920 (BDRC e-text) = | = W22920 (BDRC e-text) = | ||

BDRC typed e-text UT22920_005 (the base text was made from it)

BDRC typed e-text UT22920_005 (the base text was made from it).

དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་སྔ་པ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང༌། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང༌། དཀར་པ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པའི་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟབ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང༌། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ནས་བག་ལ་ཞ་རང་བཞིན་ཀྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང༌། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང༌། རྡེའུ་དང༌། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང༌། འཕངས་ན་འགྲོ་བའི་ཕྱིར་དང༌། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང༌། པགས་པ་བཤུས་ན་སྐམ་པ་དང༌། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང༌། གྲོག་མ་དང༌། འབུ་ལས་སྦྲང་བུར་འགྱུར་ཞིང༌། འཛོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང༌། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམས་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུ་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང༌། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང༌། ཉི་མ་ཤར་ནས་འཆར་བ་དང༌། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིན་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང༌། །རྒྱལ་པོའི་བུ་བོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་སྨྲ་ཏེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ནས་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང༌། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་པའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང༌། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང༌། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང༌། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང༌། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང༌། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང༌། །བྱེ་བྲག་རང་གི་རྒྱུ་སྨྲ་དང༌། །ཀུ་མཱ་ར་ལ་ཆེན་པོ་དང༌། །རྣ་མ་ཕུག་པའི་གཞུང་འཛིན་དང༌། །གསང་བ་མེ་ལྔ་བསྟེན་པ་དང༌། །མེ་རས་ཏིལ་མར་ལུས་བསྲེག་དང༌། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང༌། །མཆོད་དང་འཚོག་པའི་དཀའ་ཐུབ་དང༌། །ཤ་ཀོར་ལུས་ལ་བྱས་འཐོག་དང༌། །ཁྱི་ཡི་ཆ་བྱད་སྤྱོད་པ་དང༌། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང༌། །བྱེད་པ་ལམ་དུ་འཁྱེར་བ་དང༌། །རྟག་པ་དོན་མཚོན་ཆེན་པོ་དང༌། །ཐེར་ཟུག་འགྱུར་མེད་སྨྲ་བ་དང༌། །གནས་སྐབས་རྟག་པར་སྨྲ་བ་དང༌། །རྒྱུ་ལ་རྟག་པར་སྨྲ་བ་དང༌། །འབྲས་བུ་རྟག་པར་སྨྲ་བ་དང༌། །རྟག་པ་ཉིད་ལ་ལམ་ལྟོས་དང༌། །སྤྱོད་པ་རྟག་པར་འདོད་པ་དང༌། །དོན་ལ་རྟག་མེད་ཆད་ལྟ་དང༌། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ཅན་སྔགས་གཙོར་བྱེད་དང༌། །མོ་དང་པྲ་ལ་གཙོར་བྱེད་དང༌། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང༌། །རྩོད་པ་ལྷུ་རུ་ལེན་པ་དང༌། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང༌། །རང་གི་བྱ་བ་འཛིན་པ་དང༌། །ལྭ་བ་ཅན་དུ་འགྱུར་བ་དང༌། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང༌། །རིགས་པས་ཕ་རོལ་སུན་འབྱིན་དང༌། །རྒྱུ་མེད་ཆད་པར་སྨྲ་བ་དང༌། །ཕྱམ་ཆད་སྟོང་པར་སྨྲ་བ་དང༌། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང༌། །ལམ་ཆད་ཡེ་ཤེས་ཆད་ལྟ་དང༌། །ཆད་པ་ཐེར་ཟུག་ཆེན་པོ་དང༌། །ལམ་ཆད་འབྲས་བུ་གཏན་ཆད་དང༌། །ལོག་པའི་སེམས་ཀྱིས་ཆད་ལྟ་དང༌། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང༌། །ཆ་མཐུན་གོལ་བའི་མུ་སྟེགས་དང༌། །མངོན་སྣང་སེམས་ཀྱི་མུ་སྟེགས་དང༌། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང༌། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང༌། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང༌། །འཛིན་པ་དོན་མེད་མུ་སྟེགས་དང༌། །ཁ་ཚིག་གོལ་བའི་མུ་སྟེགས་དང༌། །རྟག་པར་དོན་མེད་མུ་སྟེགས་དང༌། །ཀ་ནི་དང་ནི་སེར་སྣ་དང༌། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་རང་དང་དྷ་སིང་དང༌། །ཀ་ཏི་དང་ནི་སང་གྷ་དང༌། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུས་པར་བཤད་པ་དང༌། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་དང༌། ཁྱབ་འཇུག་སེམས་དང༌། དབྱུ་གུ་གསུམ་པ་དང༌། ཀོ་ལྤགས་ཅན་དང༌། མཉམ་པར་སྤྱོད་པ་སྟེ་བཅུ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མི་གཡོ་ཨུརྟ་བི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། རྒྱལ་པོའི་རྒྱལ་མཚན་ཅན་དང༌། གློག་ཅན་དང༌། ནད་ཅན་དང༌། རྟ་འདུལ་དང༌། ཀ་ལན་དྷ་ཀ་པ་དང༌། སྣོད་རྩ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང༌། སྒྲོན་མེའི་ལག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་དང༌། དབང་པོ་དང༌། ཞྭ་ཉེ་ཅན་དང༌། །ནམ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་སྟེ་བཞི་བཅུ་དང༌། ཟས་གྲང་མོ་ཅན་དང༌། ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུ་ལ་གནོད་པ་བྱེད་པ་དང༌། ཀུན་དུ་གནོད་པར་བྱེད་པ་དང༌། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང༌། ཀ་ཀ་ན་དྷ་པ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁོང་ན་གནས་པ་དང༌། ཟླ་བ་ཕྱེད་པ་དང༌། ཆོས་སེམས་པ་དང༌། མ་ལ་གུས་པ་དང༌། ཕ་ལ་གུས་པ་དང༌། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང༌། ཉི་མ་ཤར་བ་པ་དང༌། ལག་པ་ཟ་བ་པ་དང༌། སྙིང་གི་འཚོ་བ་པ་དང༌། འདས་པར་འགྱུར་བ་པ་དང༌། འདས་པར་མ་གྱུར་པ་དང༌། ཕུང་པོ་གསུམ་པ་དང༌། གཉིས་གསུམ་གྱིས་འཚོ་བ་དང༌། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་སྟེ་བདུན་ཅུ་དང༌། ནགས་ན་གནས་པ་དང༌། བྷའི་ཁ་ན་པ་དང༌། བྷ་ལ་ཁྱི་ལྔ་པ་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་བ་དང༌། ཕྱུགས་བདག་པ་དང༌། གོའུ་ཏ་མ་དང༌། ཞི་བ་ཅན་མ་དང༌། ཤིན་ཏུ་ཁྲུས་མ་དང༌། མཚེའུའི་འགྲམ་ན་གནས་སྟེ་བརྒྱད་ཅུ་དང༌། འཚེ་བ་པ་དང༌། འཁོར་བ་ལས་གྲོལ་བ་པ་དང༌། འཐོར་བྱེད་པ་དང༌། ཐོག་མ་པ་དང༌། བྷ་ར་དྷྭ་ཛ་པ་དང༌། བྷྲ་ཤའི་གྲངས་ཅན་དང༌། པ་ཏན་ཛ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང༌། འུག་པའི་གཤོག་པ་ཅན་དང༌། ལན་གསུམ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་དང༌། འཕགས་མཆོག་པ་དང༌། གཉེན་གྱི་བུ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང༌། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང༌། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ༌། །བྱེ་བྲག་པའི་ལྟ་བ་འདི་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གི་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། །ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། །ཕྱི་མར་རང་གི་ལུས་བོར་བ་དང༌། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང༌། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ཅེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱས་ནས་ཕུང་པའི་ལས་དྲག་པོ་བྱེད་ཅིང༌། ནག་པོའི་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོག་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་བདག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་གྱིས་ཀྱི་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པ་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱས་ཏེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང༌། མུར་ཐུག་དང༌། རྒྱང་ཕན་དང༌། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང༌། །རྒྱང་ཕན་དང་ནི་ཕྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང༌། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། །ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། །དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱིར་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ༌། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཤིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་པའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང༌། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེར་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱལ་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམས་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང༌། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང༌། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང༌། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང༌། འབྲིང་པོ་གསུམ་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང༌། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང༌། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསར་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པར་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུར་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལྟོས་པའི་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་མེད་ཀྱི་དགྲ་བཅོམ་པ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང༌། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་བར་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤངས་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་ཀྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང༌། སྡུག་བསྔལ་བས་སྤང་བྱ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེ་ལ་མ་འབྱོར་བས་བརྩམས་པ་དེ་ཡང༌། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང༌། ཀེང་རུས་བསྒོམ་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང༌། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང༌། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་ འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང༌། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང༌། འབྲིང་དང༌། ཆེ་བས་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང༌། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང༌། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང༌། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང༌། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང༌། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང༌། །གཏི་མུག་གཉེན་པོར་སྒོམ་པ་དང༌། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང༌། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམ་པས་ཤེས་པ་གསལ་བ་དང༌། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང༌། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །སུ་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་མ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཙོ་ལྟར་ཁྱུས་ལྡིང་པ་དང༌། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པ་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང༌། ལྟ་བ་གང་ཟག་གི་བདག་དང༌། | དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་སྔ་པ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང༌། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང༌། དཀར་པ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པའི་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟབ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང༌། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ནས་བག་ལ་ཞ་རང་བཞིན་ཀྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང༌། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང༌། རྡེའུ་དང༌། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང༌། འཕངས་ན་འགྲོ་བའི་ཕྱིར་དང༌། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང༌། པགས་པ་བཤུས་ན་སྐམ་པ་དང༌། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང༌། གྲོག་མ་དང༌། འབུ་ལས་སྦྲང་བུར་འགྱུར་ཞིང༌། འཛོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང༌། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམས་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུ་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང༌། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང༌། ཉི་མ་ཤར་ནས་འཆར་བ་དང༌། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིན་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང༌། །རྒྱལ་པོའི་བུ་བོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་སྨྲ་ཏེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ནས་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང༌། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་པའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང༌། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང༌། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང༌། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང༌། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང༌། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང༌། །བྱེ་བྲག་རང་གི་རྒྱུ་སྨྲ་དང༌། །ཀུ་མཱ་ར་ལ་ཆེན་པོ་དང༌། །རྣ་མ་ཕུག་པའི་གཞུང་འཛིན་དང༌། །གསང་བ་མེ་ལྔ་བསྟེན་པ་དང༌། །མེ་རས་ཏིལ་མར་ལུས་བསྲེག་དང༌། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང༌། །མཆོད་དང་འཚོག་པའི་དཀའ་ཐུབ་དང༌། །ཤ་ཀོར་ལུས་ལ་བྱས་འཐོག་དང༌། །ཁྱི་ཡི་ཆ་བྱད་སྤྱོད་པ་དང༌། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང༌། །བྱེད་པ་ལམ་དུ་འཁྱེར་བ་དང༌། །རྟག་པ་དོན་མཚོན་ཆེན་པོ་དང༌། །ཐེར་ཟུག་འགྱུར་མེད་སྨྲ་བ་དང༌། །གནས་སྐབས་རྟག་པར་སྨྲ་བ་དང༌། །རྒྱུ་ལ་རྟག་པར་སྨྲ་བ་དང༌། །འབྲས་བུ་རྟག་པར་སྨྲ་བ་དང༌། །རྟག་པ་ཉིད་ལ་ལམ་ལྟོས་དང༌། །སྤྱོད་པ་རྟག་པར་འདོད་པ་དང༌། །དོན་ལ་རྟག་མེད་ཆད་ལྟ་དང༌། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ཅན་སྔགས་གཙོར་བྱེད་དང༌། །མོ་དང་པྲ་ལ་གཙོར་བྱེད་དང༌། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང༌། །རྩོད་པ་ལྷུ་རུ་ལེན་པ་དང༌། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང༌། །རང་གི་བྱ་བ་འཛིན་པ་དང༌། །ལྭ་བ་ཅན་དུ་འགྱུར་བ་དང༌། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང༌། །རིགས་པས་ཕ་རོལ་སུན་འབྱིན་དང༌། །རྒྱུ་མེད་ཆད་པར་སྨྲ་བ་དང༌། །ཕྱམ་ཆད་སྟོང་པར་སྨྲ་བ་དང༌། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང༌། །ལམ་ཆད་ཡེ་ཤེས་ཆད་ལྟ་དང༌། །ཆད་པ་ཐེར་ཟུག་ཆེན་པོ་དང༌། །ལམ་ཆད་འབྲས་བུ་གཏན་ཆད་དང༌། །ལོག་པའི་སེམས་ཀྱིས་ཆད་ལྟ་དང༌། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང༌། །ཆ་མཐུན་གོལ་བའི་མུ་སྟེགས་དང༌། །མངོན་སྣང་སེམས་ཀྱི་མུ་སྟེགས་དང༌། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང༌། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང༌། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང༌། །འཛིན་པ་དོན་མེད་མུ་སྟེགས་དང༌། །ཁ་ཚིག་གོལ་བའི་མུ་སྟེགས་དང༌། །རྟག་པར་དོན་མེད་མུ་སྟེགས་དང༌། །ཀ་ནི་དང་ནི་སེར་སྣ་དང༌། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་རང་དང་དྷ་སིང་དང༌། །ཀ་ཏི་དང་ནི་སང་གྷ་དང༌། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུས་པར་བཤད་པ་དང༌། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་དང༌། ཁྱབ་འཇུག་སེམས་དང༌། དབྱུ་གུ་གསུམ་པ་དང༌། ཀོ་ལྤགས་ཅན་དང༌། མཉམ་པར་སྤྱོད་པ་སྟེ་བཅུ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མི་གཡོ་ཨུརྟ་བི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། རྒྱལ་པོའི་རྒྱལ་མཚན་ཅན་དང༌། གློག་ཅན་དང༌། ནད་ཅན་དང༌། རྟ་འདུལ་དང༌། ཀ་ལན་དྷ་ཀ་པ་དང༌། སྣོད་རྩ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང༌། སྒྲོན་མེའི་ལག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་དང༌། དབང་པོ་དང༌། ཞྭ་ཉེ་ཅན་དང༌། །ནམ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་སྟེ་བཞི་བཅུ་དང༌། ཟས་གྲང་མོ་ཅན་དང༌། ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུ་ལ་གནོད་པ་བྱེད་པ་དང༌། ཀུན་དུ་གནོད་པར་བྱེད་པ་དང༌། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང༌། ཀ་ཀ་ན་དྷ་པ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁོང་ན་གནས་པ་དང༌། ཟླ་བ་ཕྱེད་པ་དང༌། ཆོས་སེམས་པ་དང༌། མ་ལ་གུས་པ་དང༌། ཕ་ལ་གུས་པ་དང༌། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང༌། ཉི་མ་ཤར་བ་པ་དང༌། ལག་པ་ཟ་བ་པ་དང༌། སྙིང་གི་འཚོ་བ་པ་དང༌། འདས་པར་འགྱུར་བ་པ་དང༌། འདས་པར་མ་གྱུར་པ་དང༌། ཕུང་པོ་གསུམ་པ་དང༌། གཉིས་གསུམ་གྱིས་འཚོ་བ་དང༌། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་སྟེ་བདུན་ཅུ་དང༌། ནགས་ན་གནས་པ་དང༌། བྷའི་ཁ་ན་པ་དང༌། བྷ་ལ་ཁྱི་ལྔ་པ་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་བ་དང༌། ཕྱུགས་བདག་པ་དང༌། གོའུ་ཏ་མ་དང༌། ཞི་བ་ཅན་མ་དང༌། ཤིན་ཏུ་ཁྲུས་མ་དང༌། མཚེའུའི་འགྲམ་ན་གནས་སྟེ་བརྒྱད་ཅུ་དང༌། འཚེ་བ་པ་དང༌། འཁོར་བ་ལས་གྲོལ་བ་པ་དང༌། འཐོར་བྱེད་པ་དང༌། ཐོག་མ་པ་དང༌། བྷ་ར་དྷྭ་ཛ་པ་དང༌། བྷྲ་ཤའི་གྲངས་ཅན་དང༌། པ་ཏན་ཛ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང༌། འུག་པའི་གཤོག་པ་ཅན་དང༌། ལན་གསུམ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་དང༌། འཕགས་མཆོག་པ་དང༌། གཉེན་གྱི་བུ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང༌། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང༌། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ༌། །བྱེ་བྲག་པའི་ལྟ་བ་འདི་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གི་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། །ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། །ཕྱི་མར་རང་གི་ལུས་བོར་བ་དང༌། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང༌། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ཅེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱས་ནས་ཕུང་པའི་ལས་དྲག་པོ་བྱེད་ཅིང༌། ནག་པོའི་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོག་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་བདག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་གྱིས་ཀྱི་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པ་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱས་ཏེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང༌། མུར་ཐུག་དང༌། རྒྱང་ཕན་དང༌། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང༌། །རྒྱང་ཕན་དང་ནི་ཕྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང༌། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། །ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། །དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱིར་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ༌། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཤིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་པའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང༌། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེར་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱལ་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམས་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང༌། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང༌། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང༌། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང༌། འབྲིང་པོ་གསུམ་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང༌། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང༌། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསར་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པར་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུར་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལྟོས་པའི་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་མེད་ཀྱི་དགྲ་བཅོམ་པ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང༌། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་བར་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤངས་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་ཀྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང༌། སྡུག་བསྔལ་བས་སྤང་བྱ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེ་ལ་མ་འབྱོར་བས་བརྩམས་པ་དེ་ཡང༌། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང༌། ཀེང་རུས་བསྒོམ་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང༌། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང༌། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་ འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང༌། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང༌། འབྲིང་དང༌། ཆེ་བས་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང༌། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང༌། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང༌། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང༌། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང༌། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང༌། །གཏི་མུག་གཉེན་པོར་སྒོམ་པ་དང༌། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང༌། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམ་པས་ཤེས་པ་གསལ་བ་དང༌། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང༌། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །སུ་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་མ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཙོ་ལྟར་ཁྱུས་ལྡིང་པ་དང༌། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པ་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང༌། ལྟ་བ་གང་ཟག་གི་བདག་དང༌། | ||

= Pe cin 2009 (dpe bsdur ma) = | = Pe cin 2009 (dpe bsdur ma) = | ||

rywikitexts e-text (input 2020; converted from a legacy font encoding on 22 November 2026)

rywikitexts e-text (input 2020; converted from a legacy font encoding on 22 November 2026).

»དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་«༼༡༽»ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་«༼༢༽»ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ཅོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག «།»ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། ། ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམས་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་ འབུར་སོང་«༼༡༽»ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཛོང་«༼༢༽»མོ་སྦལ་བར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བ༵ཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟིང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་«༼༡༽»རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། ། མཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། ། ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། ། རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀྲ་«༼༡༽«བྷི»་ཤ །སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་«༼༢༽»འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་«༼༣༽«སུ»་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་«༼༤༽»བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་བཞུགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོད་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་ གཏུམ་བ་པ་«༼༡༽«སྟེ»་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁ ན་«༼༢༽» པ་དང་། བྷ་ལ་ཁྱི་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། ཕྱུགས་བདག་པ་དང་། གོའུ་«༼༣༽»མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། བཏན་ ༼༡༽ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་ར ང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། ། མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། ། དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། ། བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། ། རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་འདོད་«༼༡༽» པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དེ་སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། ། གསང་བ་མེ་ལྔ་བརྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱིས་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་«༼༢༽»ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཅུགས་«༼༡༽»ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། ། ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ«༼༢༽«། །»བྱེད་པ་པོར་«༼༣༽«རྒྱུ»ར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། ། རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ ཆིག་ཚུགས་«༼༡༽«སུ»་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། ། ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོད་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་པ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ «།མུ»ར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་«བུ»འོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག «།»ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། ། བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ «།»རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོག་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། ། «ཆུ»ང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། ། དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་ ། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས༵་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམས༵་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། ། དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། ། བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། ། ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། ། འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་«སྟེ། །»འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག «།»བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམ་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམ་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། ། དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི༵་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་པ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ ཐམས་ཅད་«༼༡༽«སྤོ»ང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | »དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་«༼༡༽»ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་«༼༢༽»ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ཅོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག «།»ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། ། ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམས་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་ འབུར་སོང་«༼༡༽»ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཛོང་«༼༢༽»མོ་སྦལ་བར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བ༵ཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟིང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་«༼༡༽»རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། ། མཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། ། ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། ། རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀྲ་«༼༡༽«བྷི»་ཤ །སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་«༼༢༽»འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་«༼༣༽«སུ»་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་«༼༤༽»བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་བཞུགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོད་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་ གཏུམ་བ་པ་«༼༡༽«སྟེ»་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁ ན་«༼༢༽» པ་དང་། བྷ་ལ་ཁྱི་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། ཕྱུགས་བདག་པ་དང་། གོའུ་«༼༣༽»མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། བཏན་ ༼༡༽ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་ར ང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། ། མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། ། དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། ། བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། ། རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་འདོད་«༼༡༽» པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དེ་སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། ། གསང་བ་མེ་ལྔ་བརྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱིས་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་«༼༢༽»ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཅུགས་«༼༡༽»ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། ། ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ«༼༢༽«། །»བྱེད་པ་པོར་«༼༣༽«རྒྱུ»ར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། ། རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ ཆིག་ཚུགས་«༼༡༽«སུ»་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། ། ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོད་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་པ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ «།མུ»ར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་«བུ»འོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག «།»ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། ། བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ «།»རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོག་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། ། «ཆུ»ང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། ། དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་ ། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས༵་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམས༵་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། ། དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། ། བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། ། ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། ། འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་«སྟེ། །»འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག «།»བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམ་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམ་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། ། དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི༵་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་པ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ ཐམས་ཅད་«༼༡༽«སྤོ»ང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= Karma Lekshey Ling = | = Karma Lekshey Ling = | ||

rywikitexts e-text input by Karma Lekshey Ling

rywikitexts e-text input by Karma Lekshey Ling.

དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་སྔ་པ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང༌། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང༌། དཀར་པ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པའི་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟབ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང༌། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ནས་བག་ལ་ཞ་རང་བཞིན་ཀྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང༌། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང༌། རྡེའུ་དང༌། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང༌། འཕངས་ན་འགྲོ་བའི་ཕྱིར་དང༌། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང༌། པགས་པ་བཤུས་ན་སྐམ་པ་དང༌། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང༌། གྲོག་མ་དང༌། འབུ་ལས་སྦྲང་བུར་འགྱུར་ཞིང༌། འཛོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང༌། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམས་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུ་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང༌། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང༌། ཉི་མ་ཤར་ནས་འཆར་བ་དང༌། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིན་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང༌། །རྒྱལ་པོའི་བུ་བོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་སྨྲ་ཏེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ནས་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང༌། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་པའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང༌། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང༌། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང༌། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང༌། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང༌། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང༌། །བྱེ་བྲག་རང་གི་རྒྱུ་སྨྲ་དང༌། །ཀུ་མཱ་ར་ལ་ཆེན་པོ་དང༌། །རྣ་མ་ཕུག་པའི་གཞུང་འཛིན་དང༌། །གསང་བ་མེ་ལྔ་བསྟེན་པ་དང༌། །མེ་རས་ཏིལ་མར་ལུས་བསྲེག་དང༌། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང༌། །མཆོད་དང་འཚོག་པའི་དཀའ་ཐུབ་དང༌། །ཤ་ཀོར་ལུས་ལ་བྱས་འཐོག་དང༌། །ཁྱི་ཡི་ཆ་བྱད་སྤྱོད་པ་དང༌། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང༌། །བྱེད་པ་ལམ་དུ་འཁྱེར་བ་དང༌། །རྟག་པ་དོན་མཚོན་ཆེན་པོ་དང༌། །ཐེར་ཟུག་འགྱུར་མེད་སྨྲ་བ་དང༌། །གནས་སྐབས་རྟག་པར་སྨྲ་བ་དང༌། །རྒྱུ་ལ་རྟག་པར་སྨྲ་བ་དང༌། །འབྲས་བུ་རྟག་པར་སྨྲ་བ་དང༌། །རྟག་པ་ཉིད་ལ་ལམ་ལྟོས་དང༌། །སྤྱོད་པ་རྟག་པར་འདོད་པ་དང༌། །དོན་ལ་རྟག་མེད་ཆད་ལྟ་དང༌། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ཅན་སྔགས་གཙོར་བྱེད་དང༌། །མོ་དང་པྲ་ལ་གཙོར་བྱེད་དང༌། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང༌། །རྩོད་པ་ལྷུ་རུ་ལེན་པ་དང༌། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང༌། །རང་གི་བྱ་བ་འཛིན་པ་དང༌། །ལྭ་བ་ཅན་དུ་འགྱུར་བ་དང༌། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང༌། །རིགས་པས་ཕ་རོལ་སུན་འབྱིན་དང༌། །རྒྱུ་མེད་ཆད་པར་སྨྲ་བ་དང༌། །ཕྱམ་ཆད་སྟོང་པར་སྨྲ་བ་དང༌། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང༌། །ལམ་ཆད་ཡེ་ཤེས་ཆད་ལྟ་དང༌། །ཆད་པ་ཐེར་ཟུག་ཆེན་པོ་དང༌། །ལམ་ཆད་འབྲས་བུ་གཏན་ཆད་དང༌། །ལོག་པའི་སེམས་ཀྱིས་ཆད་ལྟ་དང༌། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང༌། །ཆ་མཐུན་གོལ་བའི་མུ་སྟེགས་དང༌། །མངོན་སྣང་སེམས་ཀྱི་མུ་སྟེགས་དང༌། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང༌། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང༌། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང༌། །འཛིན་པ་དོན་མེད་མུ་སྟེགས་དང༌། །ཁ་ཚིག་གོལ་བའི་མུ་སྟེགས་དང༌། །རྟག་པར་དོན་མེད་མུ་སྟེགས་དང༌། །ཀ་ནི་དང་ནི་སེར་སྣ་དང༌། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་རང་དང་དྷ་སིང་དང༌། །ཀ་ཏི་དང་ནི་སང་གྷ་དང༌། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུས་པར་བཤད་པ་དང༌། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་དང༌། ཁྱབ་འཇུག་སེམས་དང༌། དབྱུ་གུ་གསུམ་པ་དང༌། ཀོ་ལྤགས་ཅན་དང༌། མཉམ་པར་སྤྱོད་པ་སྟེ་བཅུ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མི་གཡོ་ཨུརྟ་བི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། རྒྱལ་པོའི་རྒྱལ་མཚན་ཅན་དང༌། གློག་ཅན་དང༌། ནད་ཅན་དང༌། རྟ་འདུལ་དང༌། ཀ་ལན་དྷ་ཀ་པ་དང༌། སྣོད་རྩ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང༌། སྒྲོན་མེའི་ལག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་དང༌། དབང་པོ་དང༌། ཞྭ་ཉེ་ཅན་དང༌། །ནམ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་སྟེ་བཞི་བཅུ་དང༌། ཟས་གྲང་མོ་ཅན་དང༌། ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུ་ལ་གནོད་པ་བྱེད་པ་དང༌། ཀུན་དུ་གནོད་པར་བྱེད་པ་དང༌། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང༌། ཀ་ཀ་ན་དྷ་པ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁོང་ན་གནས་པ་དང༌། ཟླ་བ་ཕྱེད་པ་དང༌། ཆོས་སེམས་པ་དང༌། མ་ལ་གུས་པ་དང༌། ཕ་ལ་གུས་པ་དང༌། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང༌། ཉི་མ་ཤར་བ་པ་དང༌། ལག་པ་ཟ་བ་པ་དང༌། སྙིང་གི་འཚོ་བ་པ་དང༌། འདས་པར་འགྱུར་བ་པ་དང༌། འདས་པར་མ་གྱུར་པ་དང༌། ཕུང་པོ་གསུམ་པ་དང༌། གཉིས་གསུམ་གྱིས་འཚོ་བ་དང༌། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་སྟེ་བདུན་ཅུ་དང༌། ནགས་ན་གནས་པ་དང༌། བྷའི་ཁ་ན་པ་དང༌། བྷ་ལ་ཁྱི་ལྔ་པ་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་བ་དང༌། ཕྱུགས་བདག་པ་དང༌། གོའུ་ཏ་མ་དང༌། ཞི་བ་ཅན་མ་དང༌། ཤིན་ཏུ་ཁྲུས་མ་དང༌། མཚེའུའི་འགྲམ་ན་གནས་སྟེ་བརྒྱད་ཅུ་དང༌། འཚེ་བ་པ་དང༌། འཁོར་བ་ལས་གྲོལ་བ་པ་དང༌། འཐོར་བྱེད་པ་དང༌། ཐོག་མ་པ་དང༌། བྷ་ར་དྷྭ་ཛ་པ་དང༌། བྷྲ་ཤའི་གྲངས་ཅན་དང༌། པ་ཏན་ཛ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང༌། འུག་པའི་གཤོག་པ་ཅན་དང༌། ལན་གསུམ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་དང༌། འཕགས་མཆོག་པ་དང༌། གཉེན་གྱི་བུ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང༌། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང༌། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ༌། །བྱེ་བྲག་པའི་ལྟ་བ་འདི་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གི་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། །ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། །ཕྱི་མར་རང་གི་ལུས་བོར་བ་དང༌། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང༌། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ཅེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱས་ནས་ཕུང་པའི་ལས་དྲག་པོ་བྱེད་ཅིང༌། ནག་པོའི་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོག་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་བདག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་གྱིས་ཀྱི་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པ་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱས་ཏེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང༌། མུར་ཐུག་དང༌། རྒྱང་ཕན་དང༌། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང༌། །རྒྱང་ཕན་དང་ནི་ཕྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང༌། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། །ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། །དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱིར་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ༌། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཤིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་པའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང༌། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེར་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱལ་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམས་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང༌། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང༌། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང༌། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང༌། འབྲིང་པོ་གསུམ་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང༌། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང༌། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསར་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པར་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུར་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལྟོས་པའི་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་མེད་ཀྱི་དགྲ་བཅོམ་པ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང༌། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་བར་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤངས་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་ཀྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང༌། སྡུག་བསྔལ་བས་སྤང་བྱ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེ་ལ་མ་འབྱོར་བས་བརྩམས་པ་དེ་ཡང༌། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང༌། ཀེང་རུས་བསྒོམ་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང༌། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང༌། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་ འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང༌། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང༌། འབྲིང་དང༌། ཆེ་བས་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང༌། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང༌། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང༌། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང༌། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང༌། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང༌། །གཏི་མུག་གཉེན་པོར་སྒོམ་པ་དང༌། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང༌། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམ་པས་ཤེས་པ་གསལ་བ་དང༌། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང༌། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །སུ་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་མ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཙོ་ལྟར་ཁྱུས་ལྡིང་པ་དང༌། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པ་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང༌། ལྟ་བ་གང་ཟག་གི་བདག་དང༌། | དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་སྔ་པ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང༌། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང༌། དཀར་པ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པའི་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟབ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང༌། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ནས་བག་ལ་ཞ་རང་བཞིན་ཀྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང༌། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང༌། རྡེའུ་དང༌། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང༌། འཕངས་ན་འགྲོ་བའི་ཕྱིར་དང༌། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང༌། པགས་པ་བཤུས་ན་སྐམ་པ་དང༌། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང༌། གྲོག་མ་དང༌། འབུ་ལས་སྦྲང་བུར་འགྱུར་ཞིང༌། འཛོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང༌། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམས་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུ་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང༌། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང༌། ཉི་མ་ཤར་ནས་འཆར་བ་དང༌། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིན་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང༌། །རྒྱལ་པོའི་བུ་བོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་སྨྲ་ཏེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ནས་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང༌། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་པའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང༌། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང༌། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང༌། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང༌། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང༌། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང༌། །བྱེ་བྲག་རང་གི་རྒྱུ་སྨྲ་དང༌། །ཀུ་མཱ་ར་ལ་ཆེན་པོ་དང༌། །རྣ་མ་ཕུག་པའི་གཞུང་འཛིན་དང༌། །གསང་བ་མེ་ལྔ་བསྟེན་པ་དང༌། །མེ་རས་ཏིལ་མར་ལུས་བསྲེག་དང༌། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང༌། །མཆོད་དང་འཚོག་པའི་དཀའ་ཐུབ་དང༌། །ཤ་ཀོར་ལུས་ལ་བྱས་འཐོག་དང༌། །ཁྱི་ཡི་ཆ་བྱད་སྤྱོད་པ་དང༌། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང༌། །བྱེད་པ་ལམ་དུ་འཁྱེར་བ་དང༌། །རྟག་པ་དོན་མཚོན་ཆེན་པོ་དང༌། །ཐེར་ཟུག་འགྱུར་མེད་སྨྲ་བ་དང༌། །གནས་སྐབས་རྟག་པར་སྨྲ་བ་དང༌། །རྒྱུ་ལ་རྟག་པར་སྨྲ་བ་དང༌། །འབྲས་བུ་རྟག་པར་སྨྲ་བ་དང༌། །རྟག་པ་ཉིད་ལ་ལམ་ལྟོས་དང༌། །སྤྱོད་པ་རྟག་པར་འདོད་པ་དང༌། །དོན་ལ་རྟག་མེད་ཆད་ལྟ་དང༌། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ཅན་སྔགས་གཙོར་བྱེད་དང༌། །མོ་དང་པྲ་ལ་གཙོར་བྱེད་དང༌། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང༌། །རྩོད་པ་ལྷུ་རུ་ལེན་པ་དང༌། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང༌། །རང་གི་བྱ་བ་འཛིན་པ་དང༌། །ལྭ་བ་ཅན་དུ་འགྱུར་བ་དང༌། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང༌། །རིགས་པས་ཕ་རོལ་སུན་འབྱིན་དང༌། །རྒྱུ་མེད་ཆད་པར་སྨྲ་བ་དང༌། །ཕྱམ་ཆད་སྟོང་པར་སྨྲ་བ་དང༌། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང༌། །ལམ་ཆད་ཡེ་ཤེས་ཆད་ལྟ་དང༌། །ཆད་པ་ཐེར་ཟུག་ཆེན་པོ་དང༌། །ལམ་ཆད་འབྲས་བུ་གཏན་ཆད་དང༌། །ལོག་པའི་སེམས་ཀྱིས་ཆད་ལྟ་དང༌། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང༌། །ཆ་མཐུན་གོལ་བའི་མུ་སྟེགས་དང༌། །མངོན་སྣང་སེམས་ཀྱི་མུ་སྟེགས་དང༌། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང༌། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང༌། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང༌། །འཛིན་པ་དོན་མེད་མུ་སྟེགས་དང༌། །ཁ་ཚིག་གོལ་བའི་མུ་སྟེགས་དང༌། །རྟག་པར་དོན་མེད་མུ་སྟེགས་དང༌། །ཀ་ནི་དང་ནི་སེར་སྣ་དང༌། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་རང་དང་དྷ་སིང་དང༌། །ཀ་ཏི་དང་ནི་སང་གྷ་དང༌། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུས་པར་བཤད་པ་དང༌། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་དང༌། ཁྱབ་འཇུག་སེམས་དང༌། དབྱུ་གུ་གསུམ་པ་དང༌། ཀོ་ལྤགས་ཅན་དང༌། མཉམ་པར་སྤྱོད་པ་སྟེ་བཅུ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མི་གཡོ་ཨུརྟ་བི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། རྒྱལ་པོའི་རྒྱལ་མཚན་ཅན་དང༌། གློག་ཅན་དང༌། ནད་ཅན་དང༌། རྟ་འདུལ་དང༌། ཀ་ལན་དྷ་ཀ་པ་དང༌། སྣོད་རྩ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང༌། སྒྲོན་མེའི་ལག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་དང༌། དབང་པོ་དང༌། ཞྭ་ཉེ་ཅན་དང༌། །ནམ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་སྟེ་བཞི་བཅུ་དང༌། ཟས་གྲང་མོ་ཅན་དང༌། ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུ་ལ་གནོད་པ་བྱེད་པ་དང༌། ཀུན་དུ་གནོད་པར་བྱེད་པ་དང༌། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང༌། ཀ་ཀ་ན་དྷ་པ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁོང་ན་གནས་པ་དང༌། ཟླ་བ་ཕྱེད་པ་དང༌། ཆོས་སེམས་པ་དང༌། མ་ལ་གུས་པ་དང༌། ཕ་ལ་གུས་པ་དང༌། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང༌། ཉི་མ་ཤར་བ་པ་དང༌། ལག་པ་ཟ་བ་པ་དང༌། སྙིང་གི་འཚོ་བ་པ་དང༌། འདས་པར་འགྱུར་བ་པ་དང༌། འདས་པར་མ་གྱུར་པ་དང༌། ཕུང་པོ་གསུམ་པ་དང༌། གཉིས་གསུམ་གྱིས་འཚོ་བ་དང༌། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་སྟེ་བདུན་ཅུ་དང༌། ནགས་ན་གནས་པ་དང༌། བྷའི་ཁ་ན་པ་དང༌། བྷ་ལ་ཁྱི་ལྔ་པ་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་བ་དང༌། ཕྱུགས་བདག་པ་དང༌། གོའུ་ཏ་མ་དང༌། ཞི་བ་ཅན་མ་དང༌། ཤིན་ཏུ་ཁྲུས་མ་དང༌། མཚེའུའི་འགྲམ་ན་གནས་སྟེ་བརྒྱད་ཅུ་དང༌། འཚེ་བ་པ་དང༌། འཁོར་བ་ལས་གྲོལ་བ་པ་དང༌། འཐོར་བྱེད་པ་དང༌། ཐོག་མ་པ་དང༌། བྷ་ར་དྷྭ་ཛ་པ་དང༌། བྷྲ་ཤའི་གྲངས་ཅན་དང༌། པ་ཏན་ཛ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང༌། འུག་པའི་གཤོག་པ་ཅན་དང༌། ལན་གསུམ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་དང༌། འཕགས་མཆོག་པ་དང༌། གཉེན་གྱི་བུ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང༌། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང༌། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ༌། །བྱེ་བྲག་པའི་ལྟ་བ་འདི་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གི་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། །ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། །ཕྱི་མར་རང་གི་ལུས་བོར་བ་དང༌། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང༌། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ཅེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱས་ནས་ཕུང་པའི་ལས་དྲག་པོ་བྱེད་ཅིང༌། ནག་པོའི་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོག་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་བདག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་གྱིས་ཀྱི་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པ་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱས་ཏེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང༌། མུར་ཐུག་དང༌། རྒྱང་ཕན་དང༌། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང༌། །རྒྱང་ཕན་དང་ནི་ཕྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང༌། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། །ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། །དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱིར་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ༌། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཤིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་པའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང༌། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེར་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱལ་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམས་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང༌། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང༌། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང༌། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང༌། འབྲིང་པོ་གསུམ་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང༌། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང༌། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསར་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པར་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུར་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལྟོས་པའི་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་མེད་ཀྱི་དགྲ་བཅོམ་པ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང༌། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་བར་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤངས་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་ཀྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང༌། སྡུག་བསྔལ་བས་སྤང་བྱ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེ་ལ་མ་འབྱོར་བས་བརྩམས་པ་དེ་ཡང༌། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང༌། ཀེང་རུས་བསྒོམ་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང༌། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང༌། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་ འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང༌། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང༌། འབྲིང་དང༌། ཆེ་བས་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང༌། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང༌། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང༌། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང༌། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང༌། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང༌། །གཏི་མུག་གཉེན་པོར་སྒོམ་པ་དང༌། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང༌། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམ་པས་ཤེས་པ་གསལ་བ་དང༌། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང༌། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །སུ་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་མ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཙོ་ལྟར་ཁྱུས་ལྡིང་པ་དང༌། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པ་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང༌། ལྟ་བ་གང་ཟག་གི་བདག་དང༌། | ||

= Derge (sde dge par ma) = | = Derge (sde dge par ma) = | ||

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page)

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I1CZ5002

<span | [p. 62] དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་ རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་ དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པ་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་ | ||
<span | [p. 63] ༄༅། །གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བད་ལེགས་ཕྱི་མ་ལ་ འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ ལས༑ ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་ སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞི་གཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་ བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་ | ||
<span | [p. 64] གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། གྲ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་ འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་ སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་ གསར་བ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ་ རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་ | ||
<span | [p. 65] ༄༅། །བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཇོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེ་དུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་ འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་ འཕམ་སྐྲའི་ལྦ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚང་མ་རྣོན་པོར་བྱེད་པའི་རྒྱུ་མཚན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་ གཟང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་ དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང་། །སྲན་ཟླུམ་ཆོམ་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་ པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མ་དེ་ཀྱང་ད་ལྟའི་འབྱུང་ | ||
<span | [p. 66] བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་ མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་ བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དགུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་ཀྱི་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། ། | ||
<span | [p. 67] གྲངས་ཅན་ལོག་པར་སྨ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོད་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་ལ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། བྱ་བྱེད་སེམས་ཀྱི་མུ་སྟེགས་དང་།འཛིན་པ་དོན་མེད་མུ་སྟེགས་དང་། ཁ་ཚིག་གོལ་བའི་མུ་ | ||
<span | [p. 68] སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་པ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་ པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟོངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོབ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་ འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་པ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་ གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནད་ཅན་དང་། རྟ་འདུལ་ དང༑ ཀ་ལ་ན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ | ||
<span | [p. 69] ན་གནས་པ་དང་། །དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་དུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་ པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་ གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁ་ན་པ་དང་། བྷ་ལ་ཁྱི་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་བ་དང་། ཕྱུགས་བདག་པ་དང་། གོའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚོ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷང་ཤའི་གྲངས་ཅན་དང་། བ་ཏན་ ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུ་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་ | ||
<span | [p. 70] པ་ཟེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཅི་ཏའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆོས་ཏེ་ཆེན་སྲན་མ་ཙམ། །ཆུང་སྟེ་ཆུར་ན་ལུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། ། སྣུམ་ཞིང་འདྲིལ་ལ་དཀར་ལ་དངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །དབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭ་འམ་ དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭ་འམ་དབང་ཕྱུག་ཆེན་པོ་ལས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་ པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུ་ཏྲ་བ་དང་། སྙིང་སྟོབས་གསུམ་རྟག་པར་འོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། ། འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་གྲང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་ བགྲངས་ཏེ། འདི་ནི་ལེགས་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་པོར་བ་དང་སེམས་ནམ་མཁའི་བག་ལ་ནི། ལུས་འདི་འབྱུང་བའི་བག་ལ་ནི། བྱར་མེད་སྟོང་པའི་རྒྱུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་པ། སེམས་ མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་ངོ་བོ་ཅན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣམ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྲིད་པ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། ། | ||
<span | [p. 71] ༄༅། །བྱིན་པའི་སྣང་བ་ལ་སྒྲུབ་མདའ་དབུ་གུ་གི་འཁོར་དུ་རྟ་མཐའ་འདོད་དོ། །རྣམ་རྟག་པའི་བཞེད་གཞུང་ལས་དེ་ལྟ་བུའོ། །གསང་བ་མི་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་ཐང་ག་གི་གཞིར་མ་འདུས་ པ་མོས། ཡེ་ཤེས་ལྔའི་སྣང་བ་ལས་རྒྱས་པའི་མངོན་ཤེས་ལས་ཐམས་ཅད་མཐོང་སྟེ། ལ་ལྔ་མ་སྤྱོད་པ་ཡོད་དོ། །དེ་ཡང་ཙན་དན་གྱི་སྡོང་པོ་ལ་ལྟུང་བར་གྱིས་ཟེར་ཅེས་ཏེ། མི་འདོད་པ་ལྔ་ལྟར་སྟེང་དུ་འདི་ལུས་སྲེག་པར་བདེན་པ་དག་ཏུ་མེད་པར་ཤི་ ལུས་ལ་རེས་ལ་མ་རྨད་དུ་ཐོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལྟ་མ་སྟེ་རང་ཉིད་ལུས་གསུམ་གང་ཡོད་པ། གསུམ་དུ་དེ་གསུམ་འདི་ལྟ་བུ་སྤྱོད་པ་དོན། དེ་ཡང་དེ་ཡང་རྩ་དེ་གསུམ་པས་ལ་དཀྲིས་ཏེ། དེ་མི་འཐད་ཅེས་ཆོས་དཔག་ཏུ་མ་ཡོད་པ་དོན། འགག་གཡས་པ་ མ་མཆིས་ཏེ་ལུས་ཐུག་པ་བྱེད་པ་ཡོད་དོ། །ལོག་པ་ཆ་ལེན་གྱི་སྣང་བ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མཐོང་མ་དང་བཟུང་བ་གཡས་གཡོན་དང་ཤི་ཀ་གཏོང་བ་གཞུང་ལུགས་ལོང་བ་དེ་ཉིད་ནས། རང་གི་ལུས་འདིས་འདི་འོད་དུ་དུག་ལེན། དེ་དུང་འདི་འགོག་ཀྱང་འདི་གསུམ་ པར་འཇུག་པ་དག་ཡོད་དོ། །ཡང་ཨོང་མ་ཕན་དུ་འཁོར་གྱི་སྒོ་ལ་མཚན་ཉིད་བྱས། ཁྱེད་ཀྱི་ཆ་ལུས་ཐུགས་མ་ལོག་པའི་གདུལ་བྱ་སྣོད་པ་དག་ཀྱང་ཡོད་དེ། ཁྱེད་པ་ལོ་རྒྱུ་སྨྲ་བས་དེ་ཁོ་ནར་ཤིང་ལ་འདན་མཁས་པས་བསྐུས་པ་དང་བུད་མེད་ཀྱི་གདུགས་ཐ་དད་པ་ལ་ཉུང་བ་ བྱེད་པ་ལྟར། ཆོས་སོགས་ལ་རང་གིས་མངོན་ཤེས་ཀྱིས་བྱ་བ་ལུས་ནས་དེ་མཐོང་བ་ལ་ལྟུང་བ་དེ་ཐུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །ཁྱེད་དེ་ལམ་དུ་འགྱེལ་བའི་ལྷ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་སྙོམས་པའི་བྱ་བ་བྱས་པས། ཕྱི་མར་མེད་ལྟུང་བ་ལ་སྐྱོན་ དུ་བྱ། བླ་མ་དབང་ཕྱུག་གིས་རང་གི་མདུན་མ་རུ་མ་རིན་པོ་ཆེ་ཀྱང་མིང་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་དེ། །ཁྱེད་དེ་ལམ་དུ་འགྱེལ་བའི་ལྷ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་སྙོམས་པའི་བྱ་བ་བྱས་པས། ཕྱི་མར་མེད་ལྟུང་བ་ལ་སྐྱོན་ དུ་བྱ། བླ་མ་དབང་ཕྱུག་གིས་རང་གི་མདུན་མ་རུ་མ་རིན་པོ་ཆེ་ཀྱང་མིང་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་དེ། །ཁྱེད་དེ་ལམ་དུ་འགྱེལ་བའི་ལྷ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་སྙོམས་པའི་བྱ་བ་བྱས་པས། ཕྱི་མར་མེད་ལྟུང་བ་ལ་སྐྱོན་དུ་བྱ། | ||
<span | [p. 72] ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་ གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་ པ་ནི། རྒྱུ་མི་རྟག་སྟེ་སེམས། དངོས་པོར་མེད། འབྲས་བུའི་མི་རྟག་སྟེ་ཕྱའམ་དབང་ཕྱག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱའམ་དབང་ཕྱུགས་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་ བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཆེ་ག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅད་མེད་ཟེར་ བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིང་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོང་ངོ་། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། | ||
<span | [p. 73] གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ཝ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་རྡོ་དབྱུས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །རྒྱ་ག་པ་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཏང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་ཡུམ་ཞེ་ན་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བཅི་རྒྱས་པར་ཡང་ཕན་ནོ་ཞེས་ཟེར་ཞིང་དོན་དམ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་ལ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྐུ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱ་ཆད་དེ་ནམ་མཁའ་ལྟ་བུ་རྒྱ་མ་ཆད་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་མ་ཆད་དེ་རང་གི་ལུས་སྟོང་སྣང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱི་དང་ཁང་ཕྲུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡ་བ་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་ནི་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དོ་ཞེས་ཕྱམ་ཆད་པའི་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཞན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ཟེར་མི་རུང་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་པ་ལ་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བ་ནི། ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་རྒྱུ་མ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཐུབ་ཅེ་གཅིག་ཡོད་དོ། །དམ་པའི་ལྷ་དང་ནུབ་པ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་དབུ་མ་པ་ལས་གོ་བ་བཞིའི་བུ་སྟེགས་ཞེས་བྱ་སྟེ། ནང་གསང་རྒྱས་པ་དང་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པ་ཉིད་ཀྱི་ | ||
<span | [p. 74] ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ།། ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་ བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། {} ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད། །ཀ་ནི་པ་ཞེས་བྱ་སྟེ། དོན་བྱལ་བར་འདོད་པའོ། ། སེར་སྣ་པ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ།། དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པ་འོ། །ཀ་ཧི་པ་ཞེས་བྱ་སྟེ། དོན་ཅི་ཡ་ང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་ སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ།། ཤི་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲགས་མེད་པ་འཕྲོས་ སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། ། | ||
<span | [p. 75] ༄༅། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱེ་ལ་པ་ནི་ཕྱེ་མ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་ མུར་ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་སའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཟེར་ཐུག་གོ། །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་ མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་ པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་ སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དང་ པའོ། །དེས་ཚིག་ན་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །དེས་ | ||
<span | [p. 76] སོ། །དབྱེ་ན། །ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་ཟློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས་ ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ། ། | ||
<span | [p. 77] ༄༅། །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་ སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་ པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་ སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུང་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ | ||
<span | [p. 78] ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་ འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་ པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་ བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་ དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་ | ||
<span | [p. 79] ༄༅། །རྟོགས་པས་སྔར་བསའ་པས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་ བསྒོམས་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་དུས་བསྒོམས་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་ པ་གྲང་གཞལ་དུ་བསྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགེགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་ བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལས་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། ། དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་ཐང་ལ་དགའ་བ་དོ་ རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་ཀུན་ལ་ཆེན་པོ་ རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་ | ||
<span | [p. 80] སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། ། དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་ གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟག་ཚིག་རྨུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་ བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་ པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འདོ་ཆགས་བསྒོམས་པ་ལས། །དེ་ལས་སྐྱོང་ནས་ མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་རྩལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོལ་ས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་ | ||
<span | [p. 81] བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་ བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། འགོག་པ་བསྒོམས་པའི་འབྲས་བུ་ནི། རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་ བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་ དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི།།སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྟ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཟེར་བའི་ བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་ འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= single volume MW2PD19906 = | = single volume MW2PD19906 = | ||

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page)

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I2PD19908

<span | [p. 57] དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་བཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤང་ལུགས་རྣམ་པ་གཉིས་སུ་ འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཅེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་། ཐེག་པའི་ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ ལས། ངོ་བོ་ནི་འཁོར་བ་ལས་མི་འཕག་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པ་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་ ༄༅། །བཞག་དང་། ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་ངེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་འཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་བརྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་ བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ། །ཅེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། ངོའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི། ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་ བཞུད་ཀྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི། བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་པོ་དང་དང་འཚམ་པའི་གཟུགས་ཅན། ཆེ་བ་རྣམས་ལ་ཐེ་བོང་ཙམ་ལ། ཆུང་བ་ནས་རང་ སྲན་མའི་གཞུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ་ འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། ལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་ | ||
<span | [p. 58] པར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་། གནས་སྐབས་འདིར་ཡང་མཆོད་ སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་གསུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་པོ་རྟག་དངོས་ བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་ འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་ སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱི་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་བ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་ པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྗེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་ ༄༅། །དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། ལྤགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པས་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་བློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཛོད་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་ མའི་ཚེང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་བློ་བུར་བ་དང་། རྐྱེན་བློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུ་འང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ། །ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྒྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་ བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་གཞོག་མཁན་སུ་ཡང་མེད་དེ་རྣོ་ལ་གཟངས་རིང་པར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་ པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ། །ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་ | ||
<span | [p. 59] དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་དུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣཾ་ བརྟགས་བློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ། །ཅེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲི་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་ངེས་ སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་བརླག་པར་བྱེད་དོ། །ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། ངེས་ དོན་མེད་པ་རང་ལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་ དབྱིངས་ན་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནད་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་ ༄༅། །བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་སྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ ནས་བློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་བློ་བུར་དུ་གནས་ཅིང་། ཐ་མ་ཡང་དབྱིངས་སུ་བློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་བཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མ་ར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་ འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །འཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་ མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་བརླབས་སྤྱིར་སྣང་བ། །ལོག་པཱི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་ གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་ བྱེད་དང་། །མདོང་བྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་ | ||
<span | [p. 60] དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ ཐུབ་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་བ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆད་ཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་ པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་།། འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་།། རྟག་པ་དོན་མེད་མུ་སྟེགས་དང། །ཀ་ནི་དང་ནི་སིར་སྣ་དང་། །བྷ་སི་རི་དང་ཀ་ དྷི་ཤ། སིན་དྷ་ར་དང་དྷུ་སིང་དང་། །ཀ་ཏི་དང་ནི་སང་གྷུ་དང་། །ཤད་ཀ་རི་དང་དྷ་ཤ་ཀའོ། །ཅེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་བཅུ་ རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་ བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་འཐུན་ པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་དཔའ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བཤད་པ་བ་སྟེ་དྲུག་བཅུ་དང་། ཉི་མ་ཤར་བ་བ་དང་། ལག་པ་ཟ་ཟ་བ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་ བ་པ་དང་། འདས་པར་མ་གྱུར་བ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་བ་སྟེ་བདུན་བཅུ་དང་། ནགས་ན་གནས་པ་དང་། བྷཱའི་ཁ་ན་པ་དང་། བྷ་ལ་ཁྱི་ལྔ་པ་ དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་བ་དང་། ཕྱུགས་བདག་པ་དང་། གེའུ་ཏམ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། འཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་བཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། | ||
<span | [p. 61] ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། པ་ཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་པ་དང་། ཁྱིམ་གྱི་རབ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི། ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །བྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུ་ཆད་ནམ་ མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུང་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲེལ་ལ་དཀར་ལ་དངས། །དེ་བཞིན་ རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པ་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱ་འམ་དབང་ཕྱུག་ཆེན་པོ་ཉིད། །རྟེན་ཅིང་ མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱ་འམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཅེས་ ༄༅། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་བཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་ གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་ རབ་དུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་ཅན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་ཅན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་པའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣམ་ཕུག་པའི་གྲུབ་མཐའ་ འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་པ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་རྒྱ་འམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣམ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། ། གསང་བ་མེ་ལྔ་བསྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཅོས་ཏེ། མིའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་ནས་ཏིལ་མར་དུ་བཅོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་ | ||
<span | [p. 62] རང་གི་ལུས་བསྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་སྣ་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་ པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུང་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོ་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་ གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱེ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་ པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱ་འམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱེ་མ་ཆད་དུ་སྟོན་པའོ། ། རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་སྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་ ༄༅། །སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱ་འམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱ་འམ་དབང་ཕྱུག་གི་སར་ གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱ་འམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་ འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་ གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཚིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་ བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་ཟློགས་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྟུར་ལེན་པའི་ ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་ བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། ། | ||
<span | [p. 63] རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ཀ་དང་ལྕང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་ དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་བཟུང་དུ་མེད། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་ མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་ དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་པ་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། ། དབང་པོ་ལ་སྣང་དུ་རུང་པ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་འཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་པ་ སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དེ། ཞེ་སྡང་སྐྱེས་པས་འབྱུང་པོ་ཚད་ཆོད་རིགས་ཀྱི་ ༄༅། །བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། ། ཁ་ཅིག་ནི། མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་བ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་པ་ ཟང་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷཱུ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། ། སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་བ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷྱ་ཞེས་བྱ་སྟེ་དང་དགེ་འདུན་གྱི་ཆ་ བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱ་འམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ལ་འདུས་པའོ། ། ཕྱ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ། །ཅེས་སོ། ། དེ་ལྟར་བསྟན་པ་ཐམས་ཅད། མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ | ||
<span | [p. 64] ཕན་ནི། རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི། ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་བ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་བཅུ་ཡང་། །རྣམ་པ་བཞིར་ནི་འདུས་ པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཅེས་སོ། འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱི་རངས་འཇིག་ ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ། །ཅེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ།། །།གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་ གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི། འདུས་ བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི། གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་པ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་བྱ་ ངན་བཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཅེས་སོ། །དབྱེ་མ་ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། ། འབྲས་བུ་ནི། །ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རྐྱང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོར་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་ པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་ དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་འོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །ཨཱཿཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་ པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྟན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་ བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ། ཀྲི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ | ||
<span | [p. 65] ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་པའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་ པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་པའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྤོབས་ ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་འགལ།། སེམས་ཡས་པ་ལ་སྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཅེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྟོང་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱིན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོར་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་ མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་བཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་སྔ་ལམ། དཔེ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་ མེད་རྟོགས་པའི་ཐབས་སུ་གྱུར་པའོ། །དེས་ཚིག་ནི། སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་ བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན། མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནི་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་ པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་ རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས། ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་། སྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་ པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་ རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། གཙོ་བོ་སེམས་ཀྱི་ | ||
<span | [p. 66] གཞི། འཁོར་སེམས་ལས་བྱུང་པའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ ཕྱོགས་ཕྱེད་བཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་སྒོམ་དུས་ ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་སྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་སྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ འབྲེལ་ལུགས་འབྱུང་དང་ལུགས་བཟློག་སྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་སྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་སྒོམ་ཞིང་། བྱིང་ན་རྨུགས་པའི་ གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོང་བར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་བརྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཆེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་ སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་པ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་ གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་པ་དང་། ཕྱིར་མི་ འོང་པ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་ འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་བ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་ པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནི་སིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་ སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་སྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ ལ། ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་པ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ ཐམས་ཅད་སྤོང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་ | ||
<span | [p. 67] རུ། རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་ཐོ་བོང་ཙམ། །དེ་ཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཅི། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་ གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་པ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདང་པ་ཅིག །སྒོམས་པས་ཤེས་པ་གསལ་བ་དང་། །སེམས་ ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་སྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་པོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་སྒོམས་པའི་འབྲས་བུ་ནི། །རྒྱུན་ཏུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། ། དེ་བཞི་ནས་བདུན་མན་ཆད་དོ། །ཀུན་འབྱུང་སྒོམས་པའི་རང་བཞིན་གྱིས། །ལན་གཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་ གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་བརླབས་ཀྱིས་ཐོས་པའོ། ། ཉན་ཐོས་ཐེག་པ་དེ་ལྟར་འདོང་། །ཅེས་སོ། །།གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལམ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ རང་བཞིན་ནོ། །ངེས་ཚིག་ནི། རང་ཉིད་གཅིག་པུ་སངས་རྒྱས་སུ་འདོང་བའོ། །དགོས་པ་ནི། འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི། དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་བ་དང་། གསེ་རུ་ལྟར་གཅིག་པུར་གནས་པ་ ༄༅། །གཉིས་ལས། བསེ་རུ་ནི། དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་ མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= single volume MW8LS32770 = | = single volume MW8LS32770 = | ||

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page)

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I8LS32893

<span | [p. 83] ཉོན་མོངས་པ་ནི་བསམ་པ་རྣམས་རྗེས་སུ་འཛིན་པའི་ | ||
<span | [p. 84] ༄༅། །འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གས་སྐྱེད་ལ་ ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་ བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་ རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་ བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། | ||
<span | [p. 85] དག་ལ་འཁོར་བའི་ཆོས་སུ་བརྗོད་པས་ན། རང་བཞིན་ཤེས་ནས་མྱ་ངན་ལས་འདས་པ་སོ་སོ་ཡང་དག་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་ལ་འཇུག་པར་བྱེད་དོ། །འདིར་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཀུན་འཁོར་བའི་རྒྱུ་་་་་ འབའ་ཞིག་ལགས་པས་ཞེས་འབྱུང་བ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁོར་བའི་ཆོས་རབ་ཏུ་དབྱེ་བ་སྟེ་རིམ་ཁང་གསུམ་པའོ།། །།དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་་་་་ གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ ཡས་ཀྱང་། །བཤད་ལྕགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ།། དང་པོ་ལའང་ཐེག་པའི་ངོ་བོ། །ངེས་ཚིག །དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་་ ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པ་ཙམ་(མོ)་སྦྱོང་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་་་་་་ | ||
<span | [p. 86] ༄༅། །པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་ཅི་ཤིང་རང་ན་གས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། ལེ་ལ་ཡོད་ པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འགྱུར་བ་ཡང་དེའི་གནང་ལེན་ནོ། །དེས་ན་ཤིང་བུ་དང་། དེ་འུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་ བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ཁོམ་འཁུམ་ལ་རྟེན་མེ་རྒྱས་པ་ལ་སོགས་པ་དང་། ཕགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་ འགྲོ་བ་ལ་ཚེ་སྔ་མའི་ལུས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་བློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་ | ||
<span | [p. 87] དཀར་བ་བསྐུམ་པ། འདྲེལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མིན་པ་སྤྱོད་སྟོབས་ཏེ། ཁ་དོག་ཆགས་ཞེ་སྡང་མ་ཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་ རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་ གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་ སྦྱིན་ལ་སོགས་པ་ལགས་པར་སྤང་བས། ཕྱི་མ་ལྟ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རྩད་རྩད་གྲེ་ལུགས་སྣང་དུ་མཆེད་དེ། འཇུག་པ་ ལས། ཟ་བོ་རྟག་དངོས་བྱེད་པ་སྨོན་པའི་བདག །ཡོན་ཏན་བྱད་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མེ་འོད་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱ་འབྲས། ཐར་པ་གྲུལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་སང་རྒྱུ་ཆད་པར་སླ་བ་དང་། འབྲས་བུ་ཆད་ | ||
<span | [p. 88] ༄༅། །བཀའ་སྩལ་པ་ཉིད་དང་། སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་ མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཆེ་སྔ་མའི་ སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་ བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་ པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲེགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་ བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ཤོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤ་ར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་ | ||
<span | [p. 89] མངོན་ན། དབྱར་དྲོད་རླན་འཛེམ་པ་ལས་རྟ་རྡའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྤྲང་བུར་འགྱུར་ཞིང་། འཇོང་མོ་སྦྲལ་བར་འགྲོ་བས་ ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚད་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་བྲེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་པ་དང་རྐྱེན་གློ་བུར་བ་འཛོམ་པ་འབྲས་བུ་ སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ན་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣལ་གཟང་རང་ཐང་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུང་དུ་འབབ་པ་དང་། | ||
<span | [p. 90] ༄༅། །དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་ དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། ། སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སོགས་གཙོར་བྱེད་དང་། །མོ་དང་ཕྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འབྱུང་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། ། བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་ལ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བ་སྨྲ་བ་པ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་ | ||
<span | [p. 91] འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་ སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་ གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། རྣམ་ཕུག་པའི་གཞུང་འཛིན་ དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོད་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་ | ||
<span | [p. 92] ༄༅། །ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་ པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་ གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་བ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་དུ་གནོད་ པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་ གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟབ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་ | ||
<span | [p. 93] མུ་སྟེགས་དང་། འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཆིག་གོལ་པའི་མུ་སྟེགས་ དང༑ ༑རྟག་པ་དོན་མེད་མུ་སྟེགས་དང། །ཀ་ནི་དང་ནི་སེར་སྣ་དང་། །བྷ་ས་ང་དང་ཀ་བྷི་ཤ་།སེན་དྷ་ར་དང་དྷ་སིང་དང་། །ཀ་ཏ་དང་ནི་སང་བྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་ པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་ གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་ པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་པ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ | ||
<span | [p. 94] ༄༅། །མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་ འབྲུ་ཙམ། །ཡང་ཆུང་ས་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་ གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱའམ་དབང་ཕྱུག་ཆེནཔོ་ཡིས། །བྱས་ཏེ་ འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་དེ་དག་གི་གྱིས་མདོ་དྲུག་བཅུའི་དོན་རྒྱས་པར་བཤད་པ་ནི། །ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་ སྟེ༑ རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ ཅན་གྱི་འདོད་གཞུང་ངོ། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་ཅན་ནོ། །ལུས་ | ||
<span | [p. 95] པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་བྱི་རྣལ་འབྱོར་ཅན་དང་། ལུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷ་ལེ་ཁ་ན་བ་དང་། བྷ་ལ་ཁྱེ་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། བྱུགས་བདག་པ་དང་། གོའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚོ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷ་ཛ་པ་དང་། བྷ་ར་ཥའི་གྲངས་ཅན་དང་། པ་ཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། ཤུག་པའི་གཤོག་པ་ཅན་དང་། ལན་གསུམ་ ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་བ་སྟེ་བརྒྱ་ཐམ་པའོ།། འདི་དག་ནི་ལ་ལ་རྩེག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ཤི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུ་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་ཕུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་ | ||
<span | [p. 96] ༄༅། །བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་ པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོ་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་པོར་བ་དང་། ཕྱྭའམ་དབང་ཕྱུག་གིས་རང་གི་ མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆེད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་ མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཚད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་ དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱོད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་ | ||
<span | [p. 97] འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། །ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣམ་ཕྲག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་ བ་ལ་ཕྱའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣམ་ཕྲག་པའི་བཞེད་གཞུང་ཡང་དེ་ལྟ་བའོ། །གསང་བ་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ ཤེས་ལྔའི་སྣང་བ་ལ་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཁོང་དེ། དེ་ཡང་ཙནྡན་དུ་ཕྱི་སྡོང་པོ་ལ་ཏིལ་མར་གྱིས་བཅོས་ཏེ། ལོའི་ཕུང་པོ་ལ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་ བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཅོས་ནས་རང་གི་ལུས་ལ་ར་ཡིས་ཏེ། དེ་ལ་མེ་བཏང་སྟེ་རམ་གྱི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པས་ལ་བཙུགས་ཏེ་དེའི་ ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆའི་རྟེན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་ | ||
<span | [p. 98] ༄༅། །པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་བ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་ དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོང་ངོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ།།ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་ པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱི་མ་ཆད་ཟེར་བ་དག་ཀྱང་ཡོད་དོ།་།ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ་། །རྒྱུ་ཡང་ཆེད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་ མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དེ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱི་མ་ཆད་པའི་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་ སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོང་ངོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཕྱང་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་པ་ཡང་ཆད་པའི་ཕྱིར་ | ||
<span | [p. 99] དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱ་འམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ ། ལམ་རྟག་སྟེ་ཕྱའམ་དབང་ཕྱུགས་གི་ལམ་ན་རི་རབ་ཀྱི་སྟང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་ གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཚིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་བྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཛིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་ པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བདག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་ | ||
<span | [p. 100] ༄༅། །གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོང་པའོ། །ཀ་ཏི་པ་ ཞེས་བྱ་སྟེ། དོན་ཅི་ཡང་ཡོང་པ་ལ་དབུགས་ཚད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་ པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་མདོ་བྱ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡིད་ངེས་སོ་ཟེར་བ་དག་ ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲགས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་ རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ | ||
<span | [p. 101] སྟོང་པ་ཅད་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་ བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། རང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་ འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱང་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ།། ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། ། སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་ | ||
<span | [p. 102] ༄༅། །ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག། ཐེག་པ་འདི་ནི་ མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་དུ་དང་ཆེན་པོ་གཉིས་ལས། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། ། ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་ དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡི་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་ | ||
<span | [p. 103] ནི་མུར་ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་བ་ཆད་པ་ཕྱམ་ཆད་དོ། །རྒྱར་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་ དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟགས་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་ པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་ གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ ཏེ༑ ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། ། གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐིག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ | ||
<span | [p. 104] ༄༅། །ལ༑ ༑སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་ སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་ སྟེ༑ དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་ པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་པར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །དེས་ཚིག་ནི་སྟོན་པ་ལ་ཆོས་ ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ | ||
<span | [p. 105] པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཆོས་གསུངས་པའི་དོན་གཏན་ལ་དེ་འདྲ་བ་ནི། །ཕྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྟན། ཐེག་པ་མདོའི་བསྟན་པ་ཆེ་ཆུང་གཉིས་ སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། ཕྱིས་ལ་ལོ་བཤད་ན། དབང་པོ་དམན་པ་གསུམ་ལ། ཉོན་ཐོས་ཇི་རྒྱུ་ལ་ཆུང་ཆུང་སོམ་མེད་པར་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཐེག་ པ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མཐའ་ཆུང་མ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཚེ་དང་ཆུང་བའི་ཁྱད་པར་ གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སེར་བཞག་གོ། །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། ། ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྤགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འཕྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ | ||
<span | [p. 106] ༄༅། །ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་ གཞི༑ ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། །སྣང་པ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་ གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་པས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་ བསྒོམས་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་སྒོམ་བའང་ཡུལ་ དང་ལུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་ | ||
<span | [p. 107] ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ་ གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་ བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ ལ༑ དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ | ||
<span | [p. 108] ༄༅། །བཞིན་དང་། ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་ བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་པར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། ། ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་པའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་ སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། ། ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་ | ||
<span | [p. 109] རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་ འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་ བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་བ་སྟེ། རེ་རེ་ ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་བའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་ སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་ | ||
<span | [p. 110] ༄༅། །གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནཻ་ཚོ་ལྟར་ཁྱུས་ལྡིང་བ་དང་། བསེ་རུ་ ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་ སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། ཆོས་བདག་གི་ཕྱེད་ཕྱི་གཟུང་བ་རྡུལ་ཕྲན་ཆ་ བཙས་དང་ཆ་མེད་གཉིས་ཀ་མེད་པར། གཟུགས་བརྙན་ལྟར་རང་བཞིན་གྱིས་ངོ་བོ་མེད་ཅིང་མ་སྐྱེས་པར་རྟོགས་པའོ། །དེ་ཡང་ཆོས་བདག་ལ་ཕྱི་གཟུང་བ་དང་། ནང་གཉེན་པོར་འཛིན་པའི་ཤེས་པ་གཉིས་བདེན་པ་སྒྲོ་བཏགས་ པ་ཡིན་ལ། གང་ཟག་གི་བདག་ནི་ཕུང་པོ་ལྔ་བསྡུས་ཀྱི་ཆོས་ལ་སྤང་བྱའི་ཤེས་པ་དང་དང་ང་ཡིར་འཛིན་པ་སྟེ། གང་ཟག་དང་ཆོས་ཀྱི་བདག་ཅེས་བྱའོ། །འཕགས་པ་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་ མ་རྟོགས། རང་སངས་རྒྱས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་ཕྱེད་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་ནང་འཛིན་པ་མེད་པར་མ་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི།། | ||
<span | [p. 111] དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་ གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་པོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་ བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོང་། །ས་བརྒྱད་མན་ཆད་ཐོབ་བའོ། །ལམ་ བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི།།སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱིན་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་ | ||
<span | [p. 112] ༄༅། །དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲེད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་ རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམས་པའི་ཡོན་ཏན་གྱིས། ། | ||

= two volumes MW0TTBBC0034 = | = two volumes MW0TTBBC0034 = | ||

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0034_001

<span | [p. 78] དེ་ལྟར་འཕྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་བཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤང་ལུགས་རྣམ་པ་གཉིས་སུ་ འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཅེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་། ཐེག་པའི་ངོ་བོ། ངེས་ཚིག། དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ ལས། ངོ་བོ་ནི་འཁོར་བ་ལས་མི་འཕག་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པ་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་ | ||
<span | [p. 79] ༄༅། །བཞག་དང་། ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་འཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་བརྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་ བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ། །ཅེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི། ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་ གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི། བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་པོད་དང་འཚམ་པའི་གཟུགས་ཅན། ཆེ་བ་རྣམས་ལ་ཐེ་བོང་ཙམ་ལ། ཆུང་བ་ནས་དང་ སྲན་མའི་གཞུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ་ འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། ལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་ | ||
<span | [p. 80] བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་། གནས་སྐབས་འདིར་ཡང་མཆོད་ སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ཡོངས་སྤྱོད་ཕུན་གསུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་པོ་རྟག་དངོས་ བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱུད་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་ འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་ སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱི་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཁ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་བ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡངས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྐྲ་འབྱིན་ པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྐྲ་འོང་བ་ | ||
<span | [p. 81] ༄༅། །དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། ལྤགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པ་བྱིང་བའི་ཕྱིར་རོ། །དེས་ན་འགྲོ་བ་ ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་བློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤེ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཇོམ་པ་ ལས་ཏཱ་རྗེའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཇོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱེར་གྱི་དུས་གྲོག་ མའི་ཆང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་བློ་བུར་བ་དང་། རྐྱེན་བློ་བུར་བ་འཇོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ། །ཞེས་འདོད་དོ། །འབྲས་བུ་ཆང་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འབམ་སྒྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་ བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་གཞོག་མཁན་སུ་ཡང་མེད་དེ་རྣོ་ལ་གཟངས་རིང་པོར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལཾ་འབབ་ པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ། །ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་ | ||
<span | [p. 82] པར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་། གནས་སྐབས་འདིར་ཡང་མཆོད། སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་གསུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་པོ་རྟག་དངོས་ བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་ འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་ སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱི་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་བ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ལེན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་ པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་ | ||
<span | [p. 83] ༄༅། །དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། ལྤགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པ་བྱིད་པའི་ཕྱིར་རོ། །དེས་ན་འགྲོ་བ་ ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་བློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤེ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཇོམ་པ་ ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཇོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱེར་གྱི་དུས་གྲོག་ མའི་ཆང་དུ་སོང་བའི་ཤིང་བུ་རྡོའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་བློ་བུར་བ་དང་། རྒྱུན་བློ་བུར་བ་འཇོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱུ་ལ་པོའི་བུ་མོ་ལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ། །ཞེས་འདོད་དོ། །འབྲས་བུ་ཆང་པར་སྨྲ་བ་ནི། ཀ་ཏའི་བུ་ཐོག་ཅན་དང་། མི་འབམ་སྒྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འཁྱུད་ པའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་གཞོག་མཁན་སུ་ཡང་མེད་དེ་རྣོ་ལ་གཟངས་རིང་པོར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལཾ་འབབ་ པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ། །ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤོར་ཆུ་བོ་འཐུར་ | ||
<span | [p. 84] དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་དུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་བ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོང་མ་ཡིན། །འདི་ཀུན་རྣམ་ བརྟགས་བློ་བུར་འཁྲུལ་བ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ། །ཅེས་རྒ་ལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་ངེས་ སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་པ་བཞི་ ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་བརླག་པར་བྱེད་དོ། །ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། ངེས་ དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་ དབྱིངས་ན་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་ | ||
<span | [p. 85] ༄༅། །བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་སྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ ནས་བློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་བློ་བུར་དུ་གནས་ཅིང་། ཐ་མ་ཡང་དབྱིངས་སུ་བློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ།། གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་བཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མ་ར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་ འཛིན་དང་། །གསང་བ་མ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །འཚོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱང་སྤྱོད་པ་དང་། །དེ་བཞིན་ མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་བརླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། ། གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆང་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་ བྱེད་དང་། །མ་དང་བྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་ | ||
<span | [p. 86] དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་དུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་ བརྟགས་བློ་བུར་འཁྲུལ་པ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ། །ཅེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་ངེས་ སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་བརླག་པར་བྱེད་དོ། །ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། ངེས་ དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་ དབྱིངས་ཆ་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་ | ||
<span | [p. 87] ༄༅། །བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་སྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ ནས་བློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་བློ་བུར་དུ་གནས་ཅིང་། ཐ་མ་ཡང་དབྱིངས་སུ་བློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ།། གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་བཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་ འཛིན་དང་། །གསང་བ་མ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །འཆོང་དང་འཆོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་ མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་བརླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། ། གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་ བྱེད་དང་། །མ་དང་བྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་ | ||
<span | [p. 88] དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་བ་སྟོང་པ་ཆེན་པོའོ། །རིག་བྱང་གསང་བར་སྨྲ་བ་དང་། །ཆ་འཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་ པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་།། འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་།། རྟག་པ་དོན་མེད་མུ་སྟེགས་དང། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀ་ བྷི་ཤ། སིན་དྷ་ར་དང་དྷ་སིད་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཅེས་སོ།། དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་བཅུ་ རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་ བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་བ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུཾ་པ་དང་། ཀོ་ ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་འཐུན་ | ||
<span | [p. 89] ༄༅། །པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལ་ ན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློངས་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་བཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་པ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ ཀྱི་འགྲམ་ན་གནས་པ་དང། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་བ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་ པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་དཔའ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བཤར་བ་པ་སྟེ་དྲུག་བཅུ་དང་། ཉི་མ་ཤར་པ་བ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་ བ་པ་དང་། འདས་པར་མ་གྱུར་བ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་བ་སྟེ་བདུན་བཅུ་དང་། ནགས་ན་གནས་པ་དང་། བྷའི་ཁ་ན་པ་དང་། བྷ་ལ་ཁྱི་ལྔ་བ་ དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་བ་དང་། ཕྱུགས་བདག་པ་དང་། གེའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་དུ་ཁྲུས་མ་དང་། འཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་བཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། | ||
<span | [p. 90] ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། པ་ཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་པུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་པ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི། ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུ་ཆད་ནམ་ མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུང་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དངས། །དེ་བཞིན་ རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱ་འམ་དབང་ཕྱུག་ཆེན་པོ་ཉིད། །རྟེན་ཅིང་ མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱ་འམ་དབང་ཕྱུག་ཆེ་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཅེས་སོ། ། | ||
<span | [p. 91] ༄༅། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་བཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་ གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དབུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་ རབ་དུ་ལྟ་འོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་ཅན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་ཅན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་པའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་ འདི་ལྟ་སྟེ། སྣང་པ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་པ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱ་འམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣམ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། ། གསང་པ་མེ་ལྔ་བསྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་པས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་ | ||
<span | [p. 92] རང་གི་ལུས་བསྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་ པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། བྱེད་པ་པོ་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་ གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་ པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱ་འམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། ། རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་སྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་ | ||
<span | [p. 93] ༄༅། །སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭ་འམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭ་འམ་དབང་ཕྱུག་གི་སར་ གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭ་འམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་ འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་ གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཚིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་བྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་ བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་ཟློགས་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྟར་ལེན་པའི་ ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བདག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བདག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་ བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། ། | ||
<span | [p. 94] རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བདག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ཀ་དང་ལྕང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་ དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་བཟུང་དུ་མེད། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་ མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་ དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་པ་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། ། དབང་པོ་ལ་སྣང་དུ་རུང་པ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་འཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བཤ་སྟག་གོ། །མངོན་པར་སྣང་པ་ སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དེ། ཞེ་སྡང་སྐྱེས་པས་འབྱུང་པོ་ཆེར་ཆོ་དེ་རིགས་ཀྱི་ | ||
<span | [p. 95] ༄༅། །བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཚ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ།།ལྷའི་སྐུ་སྒོམ་ཕ་གཅིག་བུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། ཁ་ཅིག་ནི། མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོང་ངོ། །ཀ་ནི་བ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་པ་ ཟང་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། ། སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ།།དྷ་སིང་བ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོང་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་ བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ།། ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་བ་ནི། ཕྱ་འམ་དབང་ཕྱུག་བདེན་པའོ། །དྷཱོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ལ་འདུས་པའོ།། ཕྱ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲེངས་མེད་པ་འཕྲོས་སོ། །ཅེས་སོ།། ད་ལྟར་བསྟན་པ་ཐམས་ཅད། མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ | ||
<span | [p. 96] རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བདག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཾ་ཀ་དང་ལྕང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་ དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱུང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ།།ཕྱམ་ཆད་དེ་རང་གི་ལུས་ ཀྱང་སྡོང་ཟེར་བ་དག་ཀྱང་ཡོད་དོ།རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་བཟུང་དུ་མེད། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་ངོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་ མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོང་ངོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་ དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོང་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། ། དབང་པོ་ལ་སྣང་དུ་རུང་པ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་འཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་བ་ སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དེ། ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོ་དེ་རིགས་ཀྱི་ | ||
<span | [p. 97] ༄༅། །བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཚ་བྱད་དུ་སེམས་འདིར་ང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ།།ལྷའི་སྐུ་སྒོམ་པ་གཅིག་བུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། ཁ་ཅིག་ནི། མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོང་ངོ། །ཀ་ནི་བ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ ཟང་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། ། སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ།།དྷ་སིང་བ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོང་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་ བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ།།ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་བ་ནི། ཕྱ་འམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ལ་འདུས་པའོ།། ཕྱ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲེངས་མེད་པ་འཕྲོས་སོ། །ཅེས་སོ།། དེ་ལྟར་བསྟན་པ་ཐམས་ཅད། མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ | ||
<span | [p. 98] ཕན་ནི། རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི། ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་བའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུགོ། །མུར་ཐུག་ཕྱེད་རྟག་ཕྱེད་ཆདོ། །ཕྱལ་བ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་བཅུ་ཡང་། །རྣམ་པ་བཞིར་ནི་འདུ་ས པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུ་ས། །ཅེས་སོ། འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ། །ཅེས་གསུངས་སོ། །ཕྱི་རོལ་བའི་གྲུབ་མཐའ་བཤད་ཟིན་ཏོ།། །།གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་བ་ལས་འཕགས་པའི་ཚུལ། རྣམ་ གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་བའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི། འདུས་ བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག། དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི། གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་པ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ | ||
<span | [p. 99] ༄༅། །ངན་པཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཅེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། ། འབྲས་བུ་ནི། །ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་ པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་ དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་འོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་ པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་ བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ། ཀྲི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ | ||
<span | [p. 100] ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་པའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་ པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་པའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་པའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྒྲགས་ ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། ། སེམས་ཡས་པ་ལ་སྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཅེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་ མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་བཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་ མེད་རྟོགས་པའི་ཐབས་སུ་གྱུར་པའོ། །དེས་ཚིག་ནི། སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་ | ||
<span | [p. 101] ༄༅། །བཅས་ལྷག་མེད་གྱི་དགྲ་བཅོམ་ཐོབ་པའོ། །དབྱ་ན། མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེ་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་པ་ཡང་། དོན་དམ་ པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་པ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་ རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས། ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་། སྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་ པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་ ཕྱོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། གཙོ་བོ་སེམས་ཀྱི་ | ||
<span | [p. 102] ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་པའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་ པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་པའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་པའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྒྲགས་ ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། ། སེམས་ཡས་པ་ལ་སྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཅེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། ། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་ མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་བཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་ མེད་རྟོགས་པའི་ཐབས་སུ་གྱུར་པའོ། །དེས་ཚིག་ནི། སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་ | ||
<span | [p. 103] ༄༅། །བཅས་ལྷག་མེད་གྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན། མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེ་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། འོ་ན་ངོ་ པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་བར་ ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་ རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས། ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་། སྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་ པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་ རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེབས་ལ། གཙོ་བོ་སེམས་ཀྱི་ | ||
<span | [p. 104] གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ ཕྱོགས་ཕྱེད་བཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྷར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་སྒོམ་དུས་ ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱི་རིག་ཉེན་པོར་བདག་མེད་པ་དང་སྒྱུ་མ་སྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་སྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ དང་བྲལ་ལུགས་འབྱུང་དང་ལུགས་བཟློག་སྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྡུབ་བགྲང་གཞལ་དུ་སྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་སྒོམ་ཞིང་། བྱིང་ན་རྨུགས་པའི་ གཏི་མུག་གི་གཉེན་པོར་སྨྲིག་ཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་བརྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཆེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་ སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆབས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་ གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དགར་པ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་བརྒྱུད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་ | ||
<span | [p. 105] ༄༅། །འོང་པ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་འོས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་ འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ལུང་ པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནི་སིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟ་བ་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་ སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་སྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ ལ། ཀུན་འབྱུང་སྤོང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །བྱི་ཡི་འབྱུང་པ་འདི་དག་ལ། །མ་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ ཐམས་ཅད་སྤོང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་ | ||
<span | [p. 106] གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ ཕྱོགས་ཕྱེད་བཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲ་འོ། །འདི་གཉིས་ཀའང་ལམ་སྒོ་མདུས་ ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་སྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་སྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ འབྲེལ་ལུགས་འབྱུང་དང་ལུགས་བཟློག་སྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་སྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་སྒོམ་ཞིང་། བྱིང་ན་རྨུགས་པའི་ གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་བརྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་ སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་ གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་པ་དང་། ཕྱིར་མི་ | ||
<span | [p. 107] ༄༅། །འོང་པ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་ འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་ པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེ་སིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་ སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་སྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ ལ། ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། བྱི་ཡི་འབྱུང་པ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ ཐམས་ཅད་སྤོང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་།།དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། འདོད་ཆགས་དག་གི་གཉེན་པོ་ | ||
<span | [p. 108] རུ། རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་ཐོ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཅི། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་ གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བ་འོ། །གཏི་མུག་སྡུག་བསྔལ་སྤོང་པ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདང་པ་ཅིག །སྒོམས་པས་ཤེས་པ་གསལ་བ་དང་། །སེམས་ ནི་སྟོང་པར་འདོད་པ་འོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་སྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་པོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་སྒོམས་པའི་འབྲས་བུའི། །རྒྱུར་ཏུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། ། དེ་བཞིན་ས་བདུན་མན་ཆད་དེ། །ཀུན་འབྱུང་སྒོམས་པའི་རང་བཞིན་གྱིས། །ལན་གཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པ་འོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པ་འོ། །ས་དང་ལམ་ལ་ གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པ་འོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པ་འོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་བརླབས་ཀྱིས་ཐོས་པ་འོ། ། ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ།། །།གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལམ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་རང་གཉིས་རྟོགས་པའི་ རང་བཞིན་ནོ། །ངེས་ཚིག་ནི། རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི། འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི། དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་བ་དང་། གསེར་ཏུ་ལྟར་གཅིག་པུར་གནས་པ་ | ||
<span | [p. 109] ༄༅། །གཉིས་ལས། བསེ་རུ་ནི། དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་ མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤི་རི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= two volumes MW0TTBBC0007 = | = two volumes MW0TTBBC0007 = | ||

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0007_001

<span | [p. 65] དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་བཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤང་ལུགས་རྣམ་པ་གཉིས་སུ་ འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཅེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་། ཐེག་པའི་ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ ལས། ངོ་བོ་ནི་འཁོར་བ་ལས་མི་འཕག་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པ་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་ | ||
<span | [p. 66] ༄༅། །བཞག་དང་། ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་ངེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་འཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་བརྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་ བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ། །ཅེས་སོ། ། ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི། ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་ གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི། བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་པོད་དང་འཚམ་པའི་གཟུགས་ཅན། ཆེ་བ་རྣམས་ལ་ཐེ་བོང་ཙམ་ལ། ཆུང་པ་ནས་རང་ སྲན་མའི་གཞུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ང་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ་ འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། ལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་ | ||
<span | [p. 67] པར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་། གནས་སྐབས་འདིར་ཡང་མཆོད་ སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་གསུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་པོ་རྟག་དངོས་ བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་ འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་ སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་པ་བཞི་ལ་རང་བཞིན་གྱི་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་པའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་ པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་པ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་ | ||
<span | [p. 68] ༄༅། །དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། ལྤགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་བློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཇོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་ མའི་ཆེད་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་བློ་བུར་བ་དང་། རྐྱེན་བློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་པ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ། །ཞེས་འདོད་དོ།། འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་ བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་གཞོག་མཁན་སུ་ཡང་མེད་དེ་རྣོ་ལ་གཟངས་རིང་པར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་འཐུར་ལ་འབབ་ པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ། །ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་ | ||
<span | [p. 69] དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་དུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོང་མ་ཡིན། །འདི་ཀུན་རྣཾ་ བརྟགས་བློ་བུར་འཁྲུལ་བ་ཉིད། །ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ། །ཅེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་ངེས་ སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་པ་བཞི་ ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་བརླག་པར་བྱེད་དོ། །ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། ངེས་ དོན་མེད་པ་རང་ལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་ དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནད་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་ | ||
<span | [p. 70] ༄༅། །བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་སྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ ནས་བློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་བློ་བུར་དུ་གནས་ཅིང་། ཐ་མ་ཡང་དབྱིངས་སུ་བློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ།། གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་བཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མ་ར་ལ་ཆེན་པོ་དང་། །རྣམ་ཕུག་པའི་གཞུང་ འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །འཚོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་ མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་བརླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། ། གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། འབྲས་བུ་རྟག་པར་སྨྲ་བ་དང་། རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་ བྱེད་དང་། །མོ་དང་བྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་ | ||
<span | [p. 71] དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་བ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་འཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་ པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་།།འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་།།རྟག་པ་དོན་མེད་མུ་སྟེགས་དང། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀ་ བྷི་ཤ། སིན་དྷ་ར་དང་དྷ་སིད་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཅེས་སོ།། དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་བཅུ་ རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་པ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་ བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་པ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་འཐུན་ | ||
<span | [p. 72] ༄༅། །པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་པ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལ་ ན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློངས་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་བཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་པ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ ཀྱི་འགྲམ་ན་གནས་པ་དང་དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་ པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་དཔའ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བཤར་བ་པ་སྟེ་དྲུག་བཅུ་དང་། ཉི་མ་ཤར་པ་བ་དང་། ལག་པ་ཟ་རྦ་ད་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་ བ་པ་དང་། འདས་པར་མ་གྱུར་བ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་བཅུ་དང་། ནགས་ན་གནས་པ་དང་། བྷའི་ཁ་ན་པ་དང་། བྷ་ལ་ཁྱི་ལྔ་པ་ དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་བ་དང་། ཕྱུགས་བདག་པ་དང་། གེའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་དུ་ཁྲུས་མ་དང་། འཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་བཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། | ||
<span | [p. 73] ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷར་ཤའི་གྲངས་ཅན་དང་། པ་ཏ་ན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་དུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་པ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི། ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུ་ཆད་ནམ་ མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཚེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུང་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུ་མ་ཞིང་འདྲ་ལི་ལ་དཀར་ལ་དངས། །དེ་བཞིན་ རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱ་འམ་དབང་ཕྱུག་ཆེན་པོ་ཉིད། །རྟེན་ཅིང་ མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱ་འམ་དབང་ཕྱུག་ཆེ་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཅེས་སོ། ། | ||
<span | [p. 74] ༄༅། །གཉིས་པ་དེ་དག་གི་གྱེས་མདོ་དྲུག་བཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་ གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་ རབ་དུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་ཅན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་ཅན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་པའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣམ་ཕུག་པའི་གྲུབ་མཐའ་ འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་པ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱ་འམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣམ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། ། གསང་པ་མེ་ལྔ་བསྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཅོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཅོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་ | ||
<span | [p. 75] རང་གི་ལུས་བསྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་ པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདིར་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། བྱེད་པ་པོ་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་ གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་ པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱ་འམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། ། རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་སྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་ | ||
<span | [p. 76] ༄༅། །སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭ་འམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭ་འམ་དབང་ཕྱུག་གི་སར་ གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭ་འམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་ འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་ གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཚིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་བྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་ བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་ཟློགས་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭ་འམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་པ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་ བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཆོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྒྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། ། | ||
<span | [p. 77] རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ཀ་དང་ལྕང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་ དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་བཟུང་དུ་མེད། འབྲས་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་ མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་ དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ། ཁྱོད་ཀྱང་ཆད་པ་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་པར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། ། དབང་པོ་ལ་སྣང་དུ་རུང་པ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་འཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་པ་ སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དེ། ཞེ་སྡང་སྐྱེས་པས་འབྱུང་པོ་ཚང་ཚོད་རིགས་ཀྱི་ | ||
<span | [p. 78] ༄༅། །བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ།།ལྷའི་སྐུ་སྒོམ་པ་གཅིག་བུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ་། ། ཁ་ཅིག་ནི། མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོང་ངོ། །ཀ་ནི་བ་ཞེས་བྱ་སྟེ། དོན་ཕྱལ་བར་འདོད་པའོ། །སེར་སྣ་པ་ཞེས་བྱ་སྟེ། སྣང་པ ཟང་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། ། སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ་། །དྷ་སིང་བ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོང་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱ་འམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ལ་འདུས་པའོ།། ཕྱ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་ངོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲགས་མེད་པ་འཕྲོས་སོ། །ཅེསོ།། དེ་ལྟར་བསྟན་པ་ཐམས་ཅད། མུར་ལྟ་དང་། མུར་ཐུག་དང་། རྒྱང་ཕན་དང་། ཕྱལ་བ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང | ||
<span | [p. 79] ཕན་ནི། རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི། ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་སྟེ་དང་ནི་མུར་ ཐུག་དང་། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ། མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་བ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་བཅུ་ཡང་། །རྣམ་པ་བཞིར་ནི་འདུས་ པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཅེས་སོ། འདི་དག་བསྟན་པའི་དགོས་པ་ནི། ལས་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱི་རངས་འཇིག་ ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ། །ཅེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ།། །།གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་ གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི། འདུས་ བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། དེས་ཚིག། དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །དེས་ཚིག་ནི། གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་པ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ | ||
<span | [p. 80] ༄༅། །ངན་པ་བློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཅེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི། གནས་སྐབས་དང་མཐར་ཐུག་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། ། འབྲས་བུ་ནི། །ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་དང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་ པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་ དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་འོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །ཨ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་ པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་ བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ། ཀྲི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ | ||
<span | [p. 81] ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་པའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་ པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་པའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་པའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། ། སེམས་ཡས་པ་ལ་སྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཅེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་ མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་བཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་ མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་ | ||
<span | [p. 82] ༄༅། །བཅས་ལྷག་མེད་གྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན། མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེ་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དཾ་ པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་པ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་ རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས། ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་། སྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་ པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ།། མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་ རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། གཙོ་བོ་སེམས་ཀྱི་ | ||
<span | [p. 83] གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ ཕྱོགས་ཕྱེད་བཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་སྒོམ་དུས་ ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་སྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་སྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ འབྲེལ་ལུགས་འབྱུང་དང་ལུགས་བཟློག་སྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་སྒོམ་མོ། །བདག་མེད་སྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་སྒོམ་ཞིང་། བྱིང་ན་རྨུགས་པའི་ གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོང་བར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་བརྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་ སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་པ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་ གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་པ་དང་། ཕྱིར་མི་ | ||
<span | [p. 84] ༄༅། །འོད་པ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་ འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོ་འོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་ པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེ་སིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་ སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་སྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ ལ། ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། ཕྱི་ཡི་འབྱུང་པ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། ། བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་པ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ ཐམས་ཅད་སྤོང་པའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་།།དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། འདོད་ཆགས་དག་གི་གཉེན་པོ་ | ||
<span | [p. 85] རུ། རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་ཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་ གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་པའོ། །གཏི་མུག་སྡུག་བསྔལ་སྤོང་པ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདང་པ་ཅིག །སྒོམས་པས་ཤེས་པ་གསལ་བ་དང་། །སེམས་ ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོངས། །དེ་ལྟར་རྣམ་བཞི་སྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་སྒོམས་པའི་འབྲས་བུ་ནི། །རྒྱུན་ཏུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། ། དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་སྒོམས་པའི་རང་བཞིན་གྱིས། །ལན་གཅིག་ཕྱིར་མི་འོང་པ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་ གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི།།སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་བརླབས་ཀྱིས་ཐོས་པའོ། ། ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ།། །།གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ རང་བཞིན་ནོ། །ངེས་ཚིག་ནི། རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི། འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི། དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་པ་དང་། གསེ་རུ་ལྟར་གཅིག་པུར་གནས་པ་ | ||
<span | [p. 86] ༄༅། །གཉིས་ལས། བསེ་རུ་ནི། དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་ མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། | ||

= Critical edition = | = Critical edition = | ||

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (323 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 89] དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་ | |||

མཐའ་རྣམ་པར་གཞག་པ་ཐེག ] བཞག O T | |||

ཐོབ་པ་ནི་ས་བཅུ་མཐར ] སུ W K · པའོ་ས་དང་ལམ་ལ་གནས ] མ W K · དོ་བྱིན་གྱི་རླབས་ཀྱིས་ཐོས ] བརླབས O T U · ཆུབ་སློབ་དཔོན་ལ་མ་བརྟེན་པར ] ལམ O T · བ་ལས་ཐར་བའི་བྱང་ཆུབ ] པའི P · དབྱེ་ན་ནེ་ཚོ་ལྟར་ཁྱུས ] ཙོ W K · ལྟར་ཁྱུས་ལྡིང་པ་དང་བསེ ] བ A D O · ལྡིང་པ་དང་བསེ་རུ་ལྟར ] གསེ O U · ལུགས་འབྱུང་དུ་བསྒོམས་པས་ཁམས ] སྒོམས O U · རྒྱས་ཐམས་ཅད་སྤོང་བར་འདོད ] སྤོ་ང P · དེ་ལས་རྣམ་པར་ཤེས་པ ] པ W K

= Translation = | = Translation = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See [[Theg mchog mdzod (Longchenpa)|the contents page]] for how it was made.
<span |

[p. 89] | ||
Having thus understood the categories of the phenomena (chos) of deluded appearances ('khrul snang), there follows the presentation of the tenet systems (grub pa'i mtha') by which they are assessed—the extensive ascertainment of the categories of the vehicles (theg pa). The Great Tantra of Self-Arising Awareness (rig pa rang shar chen po'i rgyud) says: | Having thus understood the categories of the phenomena (chos) of deluded appearances ('khrul snang), there follows the presentation of the tenet systems (grub pa'i mtha') by which they are assessed—the extensive ascertainment of the categories of the vehicles (theg pa). The Great Tantra of Self-Arising Awareness (rig pa rang shar chen po'i rgyud) says: | ||
| Line 438: | Line 468: | ||
Saṃsāra ('khor ba) and nirvāṇa (myang 'das). | Saṃsāra ('khor ba) and nirvāṇa (myang 'das). | ||
<span | [p. 90] | ||
As for the meaning of this statement, there are two kinds here: the mundane vehicle and the supramundane vehicle. The first, again, has five topics: the essence (ngo bo) of the vehicle, its etymology (nges tshig), its divisions (dbye ba), its purpose (dgos pa), and its fruition ('bras bu). The essence is any category of intellectual speculation (yid dpyod) that does not rise above saṃsāra, which, focusing on a fruition to be attained, abides as the words and meaning of a definite enumeration. The etymology: it joins one to, and establishes one in, merely the good things of the world. When divided, there are two: the vehicle that is left intact (sor bzhag) and the perverted vehicle. The purpose is to bring about the accomplishment of their respective fruitions. The fruition is that, through those means, their respective fruitions at some point become manifest. | As for the meaning of this statement, there are two kinds here: the mundane vehicle and the supramundane vehicle. The first, again, has five topics: the essence (ngo bo) of the vehicle, its etymology (nges tshig), its divisions (dbye ba), its purpose (dgos pa), and its fruition ('bras bu). The essence is any category of intellectual speculation (yid dpyod) that does not rise above saṃsāra, which, focusing on a fruition to be attained, abides as the words and meaning of a definite enumeration. The etymology: it joins one to, and establishes one in, merely the good things of the world. When divided, there are two: the vehicle that is left intact (sor bzhag) and the perverted vehicle. The purpose is to bring about the accomplishment of their respective fruitions. The fruition is that, through those means, their respective fruitions at some point become manifest. | ||
| Line 450: | Line 480: | ||
Accordingly, | Accordingly, | ||
<span | [p. 91] | ||
there are two topics here: a general presentation of the nature of eternalism and nihilism (rtag chad), and a specific explanation of their categories. The first has two parts: the view (lta ba) of eternalism and the view of nihilism. | there are two topics here: a general presentation of the nature of eternalism and nihilism (rtag chad), and a specific explanation of their categories. The first has two parts: the view (lta ba) of eternalism and the view of nihilism. | ||
As for the first, although the systems of the non-Buddhists hold many different assertions, the Sāṃkhyas, who propound a permanent cause, are the parent tradition of them all, and so they are explained first. The essence in which the three—rajas (rdul), tamas (mun pa), and sattva (snying stobs)—are in equal proportion is called the self (bdag). It is something possessing form, commensurate with the size of the body, that dwells in the heart of every sentient being (sems can): in the large, about the size of a thumb; in the small, the size of a barley grain or a pea pod; in the very small, about the size of a single sesame seed; and so forth. It is, moreover, white, glossy, and round; it cannot be broken down or destroyed; and it exists hidden as a self that no one sees. At present, when rajas, tamas, and sattva—that is, the three of desire ('dod chags), anger (zhe sdang), and bewilderment (gti mug)—are in equal proportion, its nature (rang bzhin) is known by itself, a nature that cannot be seen. Later, when it is completely liberated, they assert that liberation (thar pa) appears as something possessing color and shape, like a white parasol encircling all around above the higher realms. At present its nature is an essence without movement, free of action and agent, profound in that it cognizes objects (yul), and existing permanently through time; and since this nature is not known, | As for the first, although the systems of the non-Buddhists hold many different assertions, the Sāṃkhyas, who propound a permanent cause, are the parent tradition of them all, and so they are explained first. The essence in which the three—rajas (rdul), tamas (mun pa), and sattva (snying stobs)—are in equal proportion is called the self (bdag). It is something possessing form, commensurate with the size of the body, that dwells in the heart of every sentient being (sems can): in the large, about the size of a thumb; in the small, the size of a barley grain or a pea pod; in the very small, about the size of a single sesame seed; and so forth. It is, moreover, white, glossy, and round; it cannot be broken down or destroyed; and it exists hidden as a self that no one sees. At present, when rajas, tamas, and sattva—that is, the three of desire ('dod chags), anger (zhe sdang), and bewilderment (gti mug)—are in equal proportion, its nature (rang bzhin) is known by itself, a nature that cannot be seen. Later, when it is completely liberated, they assert that liberation (thar pa) appears as something possessing color and shape, like a white parasol encircling all around above the higher realms. At present its nature is an essence without movement, free of action and agent, profound in that it cognizes objects (yul), and existing permanently through time; and since this nature is not known, | ||
<span | [p. 92] | ||
one wanders; but if, having known it, one does not stray from its essence, one is liberated (grol ba). And by properly performing sacrificial offerings (mchod sbyin) and the like in this present state, one will in the next life be born in the abode of Īśvara (dbang phyug), with one's own retinue and enjoyments perfect and complete—so they hold. | one wanders; but if, having known it, one does not stray from its essence, one is liberated (grol ba). And by properly performing sacrificial offerings (mchod sbyin) and the like in this present state, one will in the next life be born in the abode of Īśvara (dbang phyug), with one's own retinue and enjoyments perfect and complete—so they hold. | ||
| Line 469: | Line 499: | ||
These are the Lokāyatas (rgyang 'phan pa). They hold that apart from these present appearances of seeing and hearing, pleasure and pain, and beings, there is nothing whatsoever—no former and later lives, no karma with its cause (rgyu) and result, no liberation or release, and so on. Within this, too, there are two: those who propound the nihilism of the cause and those who propound the nihilism of the result. The first: some, such as the Nirgrantha Jñātiputra (gcer bu pa gnyen gyi bu), hold that the former mind (sems) is not this present one. Rather, since there is a mind that abides by nature in the four elements ('byung ba bzhi), that very mind, enveloped in the covering of the elements, is unmanifest; and when, from that state, it meets with conditions (rkyen) such as warmth and moisture, that naturally latent (bag la zha) mind rises up, a new mind enters a new body, and a sentient being is established. | These are the Lokāyatas (rgyang 'phan pa). They hold that apart from these present appearances of seeing and hearing, pleasure and pain, and beings, there is nothing whatsoever—no former and later lives, no karma with its cause (rgyu) and result, no liberation or release, and so on. Within this, too, there are two: those who propound the nihilism of the cause and those who propound the nihilism of the result. The first: some, such as the Nirgrantha Jñātiputra (gcer bu pa gnyen gyi bu), hold that the former mind (sems) is not this present one. Rather, since there is a mind that abides by nature in the four elements ('byung ba bzhi), that very mind, enveloped in the covering of the elements, is unmanifest; and when, from that state, it meets with conditions (rkyen) such as warmth and moisture, that naturally latent (bag la zha) mind rises up, a new mind enters a new body, and a sentient being is established. | ||
<span | [p. 93] | ||
Moreover, because there is a naturally latent (bag la nyal) mind in earth, it produces plants, forests, and the like; because there is one in water, it moistens, flows, and gives forth sound; because there is one in fire, it blazes and burns; and because there is one in wind, it arises as moving and lifting—this too is the key point (gnad) of that view. Therefore sticks, pebbles, and all coarse entities (dngos po) have mind: because when one is struck against another a sound comes forth, and when they are thrown they move; because certain trees contract their leaves at night and spread them by day, and so on; and because when their bark is stripped off they dry up, and they revive and grow, and so forth. Therefore, if beings possessed the karma and mind of a former life, then trees and the like would also have a former life; but they do not—they are adventitious (glo bur ba), arising from the present assembling of a collection, just like a mushroom bursting forth on a meadow. How is this evident? It is known from this: when warmth and moisture come together in summer, the part of a single hair of a horse's tail that has gone into the water turns into a worm, while the part that has not gone in remains as tail-hair; ants and worms turn into flies; and tadpoles turn into frogs. Therefore the cause is not permanent, because in summertime sticks and pebbles that have gone into an anthill, husks of rice, and the like turn into sentient | Moreover, because there is a naturally latent (bag la nyal) mind in earth, it produces plants, forests, and the like; because there is one in water, it moistens, flows, and gives forth sound; because there is one in fire, it blazes and burns; and because there is one in wind, it arises as moving and lifting—this too is the key point (gnad) of that view. Therefore sticks, pebbles, and all coarse entities (dngos po) have mind: because when one is struck against another a sound comes forth, and when they are thrown they move; because certain trees contract their leaves at night and spread them by day, and so on; and because when their bark is stripped off they dry up, and they revive and grow, and so forth. Therefore, if beings possessed the karma and mind of a former life, then trees and the like would also have a former life; but they do not—they are adventitious (glo bur ba), arising from the present assembling of a collection, just like a mushroom bursting forth on a meadow. How is this evident? It is known from this: when warmth and moisture come together in summer, the part of a single hair of a horse's tail that has gone into the water turns into a worm, while the part that has not gone in remains as tail-hair; ants and worms turn into flies; and tadpoles turn into frogs. Therefore the cause is not permanent, because in summertime sticks and pebbles that have gone into an anthill, husks of rice, and the like turn into sentient | ||
<span | [p. 94] | ||
beings. | beings. | ||
| Line 487: | Line 517: | ||
All this is conceptual imputation, adventitious delusion ('khrul pa) itself. | All this is conceptual imputation, adventitious delusion ('khrul pa) itself. | ||
<span | [p. 95] | ||
So it is said. | So it is said. | ||
| Line 496: | Line 526: | ||
Those who hold the position of both of these, Kakuda Kātyāyana and others, hold that all sentient beings at first also arose from the basic space (dbyings) of the elements, in the interim also abide in the basic space of the elements, and in the end also vanish into the basic space of the elements and become nothing whatsoever; and they say that the mere basic space of the elements is the identity of all. When abiding in the basic space, since everything that could possibly abide abides, awareness (rig pa) | Those who hold the position of both of these, Kakuda Kātyāyana and others, hold that all sentient beings at first also arose from the basic space (dbyings) of the elements, in the interim also abide in the basic space of the elements, and in the end also vanish into the basic space of the elements and become nothing whatsoever; and they say that the mere basic space of the elements is the identity of all. When abiding in the basic space, since everything that could possibly abide abides, awareness (rig pa) | ||
<span | [p. 96] | ||
dawns in anything whatsoever; when arising from the basic space of the elements, since everything that could possibly arise arises, the outer objects—forms and the rest, the manifold white and red—and the inner sentient beings and the thoughts (rtog pa) of the mind and their dissimilar bodies all come to be, everything that could possibly come to be; and at the time of liberation, since everything that could possibly be liberated is liberated, the environment and its inhabitants (snod bcud), all embodied beings, vanish of themselves, and since there is nothing that is not liberated, it is impossible for what has disintegrated to return once more to the three realms (khams gsum). Therefore, they hold, all living beings at first also arose adventitiously from the basic space, now also abide adventitiously in the basic space, and in the end also are adventitiously liberated into the basic space and do not return. | dawns in anything whatsoever; when arising from the basic space of the elements, since everything that could possibly arise arises, the outer objects—forms and the rest, the manifold white and red—and the inner sentient beings and the thoughts (rtog pa) of the mind and their dissimilar bodies all come to be, everything that could possibly come to be; and at the time of liberation, since everything that could possibly be liberated is liberated, the environment and its inhabitants (snod bcud), all embodied beings, vanish of themselves, and since there is nothing that is not liberated, it is impossible for what has disintegrated to return once more to the three realms (khams gsum). Therefore, they hold, all living beings at first also arose adventitiously from the basic space, now also abide adventitiously in the basic space, and in the end also are adventitiously liberated into the basic space and do not return. | ||
| Line 516: | Line 546: | ||
Behaving in the guise of dogs; | Behaving in the guise of dogs; | ||
<span | [p. 97] | ||
Likewise, the level of subtle superknowledge (mngon shes);
| Likewise, the level of subtle superknowledge (mngon shes);

The blessings (byin rlabs) of the buddhas appearing in a general way—
| The blessings (byin rlabs) of the buddhas appearing in a general way—

| Line 553: | Line 583: | ||
And the great emptiness of annihilation. | And the great emptiness of annihilation. | ||
<span | [p. 98] | ||
Those who propound the Vedas (rig byed) as secret;
| Those who propound the Vedas (rig byed) as secret;

Tīrthikas who go astray through partial concordance;
| Tīrthikas who go astray through partial concordance;

| Line 573: | Line 603: | ||
the extensive explanation of the three hundred wrong views (lta log) concerning basic space, and the extensive explanation of their sixty points of divergence (gyes mdo). First: having strayed from the basic space of the elements and of cognition, each seizes upon a tenet system through his own thoughts; and since the hundred teachers (ston pa) adopt a wrong mode of apprehension ('dzin stangs) with regard to the three times—past, future, and present—they are explained as three hundred. Who are the hundred teachers? They are as follows: Jaimini (rgyal dpog pa), the One Without Grasping, the Ājīvika ('tsho ba pa), the Leaf-Clad One, the Observer of Purity, Viṣṇu (khyab 'jug), Viṣṇu-Mind, the Bearer of the Triple Staff (Tridaṇḍin), the Hide-Clad One, and the One of Even Conduct, | the extensive explanation of the three hundred wrong views (lta log) concerning basic space, and the extensive explanation of their sixty points of divergence (gyes mdo). First: having strayed from the basic space of the elements and of cognition, each seizes upon a tenet system through his own thoughts; and since the hundred teachers (ston pa) adopt a wrong mode of apprehension ('dzin stangs) with regard to the three times—past, future, and present—they are explained as three hundred. Who are the hundred teachers? They are as follows: Jaimini (rgyal dpog pa), the One Without Grasping, the Ājīvika ('tsho ba pa), the Leaf-Clad One, the Observer of Purity, Viṣṇu (khyab 'jug), Viṣṇu-Mind, the Bearer of the Triple Staff (Tridaṇḍin), the Hide-Clad One, and the One of Even Conduct, | ||
<span | [p. 99] | ||
making ten; the Follower of the Supreme Deity, the Bestower of Supreme Dharma, the Tormented One, the One with Tormented Hands, the Proponent of the King, the Proponent of the Elder, the Unmoving Urtabi, the One Who Conforms to His Class, the One Who Sits Bound, and the One Called Protector of the Retinue, making twenty; the Mountain-Dweller, the One Who Lives on the King's Alms, the Bearer of the King's Victory Banner, the One with Lightning, the Diseased One, the Horse-Tamer, Kalandaka, the One with Vessel and Roots, the One Who Wanders Begging, and the One Whose Limbs Are Wrapped in Rags, making thirty; the One with a Lamp in His Hand, the One with Gold, the Proponent of Accomplishment, Indra (dbang po), the One with Lead, the One Arisen from Space, the One with Many Chariots, the One of All Aims, the One Who Delights in Meditative Concentration (bsam gtan), and the One Endowed with Dharma, making forty; the Eater of Cold Food, the One with a Cloth on His Shoulder, the One with a Single Pot, the Dweller at the Northern Edge, the Dweller at the Southern Edge, the One with the Sound of a Conch, the Son of the Woman Who Gives Shrines to the Gods, the One Who Harms the Body, the One Who Harms All, and the One of Manifold Forms, making fifty; Kakanadha, the Cutter, the One of the Village of the Gods, the Naked One, the Dweller within the Earth, the Half- | making ten; the Follower of the Supreme Deity, the Bestower of Supreme Dharma, the Tormented One, the One with Tormented Hands, the Proponent of the King, the Proponent of the Elder, the Unmoving Urtabi, the One Who Conforms to His Class, the One Who Sits Bound, and the One Called Protector of the Retinue, making twenty; the Mountain-Dweller, the One Who Lives on the King's Alms, the Bearer of the King's Victory Banner, the One with Lightning, the Diseased One, the Horse-Tamer, Kalandaka, the One with Vessel and Roots, the One Who Wanders Begging, and the One Whose Limbs Are Wrapped in Rags, making thirty; the One with a Lamp in His Hand, the One with Gold, the Proponent of Accomplishment, Indra (dbang po), the One with Lead, the One Arisen from Space, the One with Many Chariots, the One of All Aims, the One Who Delights in Meditative Concentration (bsam gtan), and the One Endowed with Dharma, making forty; the Eater of Cold Food, the One with a Cloth on His Shoulder, the One with a Single Pot, the Dweller at the Northern Edge, the Dweller at the Southern Edge, the One with the Sound of a Conch, the Son of the Woman Who Gives Shrines to the Gods, the One Who Harms the Body, the One Who Harms All, and the One of Manifold Forms, making fifty; Kakanadha, the Cutter, the One of the Village of the Gods, the Naked One, the Dweller within the Earth, the Half- | ||
<span | [p. 100] | ||
Moon, | Moon, | ||
the Dharma-Contemplator, the One Who Reveres His Mother, the One Who Reveres His Father, and the Moonrise, making sixty; the Sunrise, the One Who Eats from His Hand, the One Who Lives on the Heart, the One Who Will Pass Beyond, the One Who Has Not Passed Beyond, the One of Three Aggregates (phung po), the One Who Lives by Twos and Threes, the Engager, the Sāṃkhya Yogin (rnal 'byor), and the Owl-Follower (Aulūkya), making seventy; the Forest-Dweller, the Vaikhānasa, Bhala of the Five Dogs (Vālakhilya), the Brahmacārin (tshangs par spyod pa), the Practitioner of Conduct, the Pāśupata (phyugs bdag pa), Gautama, the Peaceful Woman, the Well-Bathed Woman, and the Woman Who Dwells on the Lakeshore, making eighty; the Harmer, the One Liberated from Saṃsāra, the Scatterer, the One of the Beginning, Bharadvāja, the Sāṃkhya of Bhraśa, the Follower of Patañjali (Pātañjala), the Worshipper of the Gods, the One Who Bows to No Other, and the One Clad in Scraps of Cloth, making ninety; the One with Owl's Wings, the One Who Enters the Water Three Times, the One Who Does Not Contradict, the One with an Ancestor, the Garuḍa (mkha' lding), the One Who Dwells in the Enclosure of a House, the Supremely Noble One, the Son of the Kinsman (Jñātiputra), the Filler (Pūraṇa), and the Śramaṇa (dge sbyong), making a full hundred. Of these, some propound permanence, some propound annihilation, and some propound both, | the Dharma-Contemplator, the One Who Reveres His Mother, the One Who Reveres His Father, and the Moonrise, making sixty; the Sunrise, the One Who Eats from His Hand, the One Who Lives on the Heart, the One Who Will Pass Beyond, the One Who Has Not Passed Beyond, the One of Three Aggregates (phung po), the One Who Lives by Twos and Threes, the Engager, the Sāṃkhya Yogin (rnal 'byor), and the Owl-Follower (Aulūkya), making seventy; the Forest-Dweller, the Vaikhānasa, Bhala of the Five Dogs (Vālakhilya), the Brahmacārin (tshangs par spyod pa), the Practitioner of Conduct, the Pāśupata (phyugs bdag pa), Gautama, the Peaceful Woman, the Well-Bathed Woman, and the Woman Who Dwells on the Lakeshore, making eighty; the Harmer, the One Liberated from Saṃsāra, the Scatterer, the One of the Beginning, Bharadvāja, the Sāṃkhya of Bhraśa, the Follower of Patañjali (Pātañjala), the Worshipper of the Gods, the One Who Bows to No Other, and the One Clad in Scraps of Cloth, making ninety; the One with Owl's Wings, the One Who Enters the Water Three Times, the One Who Does Not Contradict, the One with an Ancestor, the Garuḍa (mkha' lding), the One Who Dwells in the Enclosure of a House, the Supremely Noble One, the Son of the Kinsman (Jñātiputra), the Filler (Pūraṇa), and the Śramaṇa (dge sbyong), making a full hundred. Of these, some propound permanence, some propound annihilation, and some propound both, | ||
<span | [p. 101] | ||
yet they are all subsumed within the two, permanence and annihilation. From the ''Self-Arising Awareness'': | yet they are all subsumed within the two, permanence and annihilation. From the ''Self-Arising Awareness'': | ||
| Line 621: | Line 651: | ||
Second, | Second, | ||
<span | [p. 102] | ||
the extensive explanation of the meaning of their sixty divergent schools. | the extensive explanation of the meaning of their sixty divergent schools. | ||
Again, from that same tantra: The assertion of the Sāṃkhyas is as follows: they hold the three—rajas, tamas, and sattva—to be permanent. Moreover, they assert that bewilderment serves as the ground; desire produces pleasure; and they assert that anger repels opposing forces. That is the doctrinal position of the Sāṃkhyas. The view of the Vaiśeṣikas (bye brag pa) is as follows: they view the outer aggregates, constituents (khams), and sense sources (skye mched) as subtle particles (rdul phra rab). Moreover, having first grasped them with the apprehender ('dzin pa), they count the particles and the subtle particles, saying, "This is the cause and condition of destruction; this is the cause and condition of an emptiness in which there is nothing whatsoever." When this body is cast off, the mind lies latent in space and this body lies latent in the elements; they abide at the extreme of an emptiness that is nothing at all. The tenet system of Kumāra asserts as follows: they assert a body without mind. There is no mind in the body, and since there is no mind, when the body is cast off they assert an emptiness in which there is nothing whatsoever. The tenet system of the Unpierced-Ears is as follows: they see these appearances (snang ba) as permanent provisionally, but assert that ultimately (don dam pa) these appearances are impermanent. As for the appearances of the next life, they assert that one is permanent in the retinue of Phywa or Īśvara. The doctrinal position of the Unpierced-Ears is also like that. The teaching of the secret five | Again, from that same tantra: The assertion of the Sāṃkhyas is as follows: they hold the three—rajas, tamas, and sattva—to be permanent. Moreover, they assert that bewilderment serves as the ground; desire produces pleasure; and they assert that anger repels opposing forces. That is the doctrinal position of the Sāṃkhyas. The view of the Vaiśeṣikas (bye brag pa) is as follows: they view the outer aggregates, constituents (khams), and sense sources (skye mched) as subtle particles (rdul phra rab). Moreover, having first grasped them with the apprehender ('dzin pa), they count the particles and the subtle particles, saying, "This is the cause and condition of destruction; this is the cause and condition of an emptiness in which there is nothing whatsoever." When this body is cast off, the mind lies latent in space and this body lies latent in the elements; they abide at the extreme of an emptiness that is nothing at all. The tenet system of Kumāra asserts as follows: they assert a body without mind. There is no mind in the body, and since there is no mind, when the body is cast off they assert an emptiness in which there is nothing whatsoever. The tenet system of the Unpierced-Ears is as follows: they see these appearances (snang ba) as permanent provisionally, but assert that ultimately (don dam pa) these appearances are impermanent. As for the appearances of the next life, they assert that one is permanent in the retinue of Phywa or Īśvara. The doctrinal position of the Unpierced-Ears is also like that. The teaching of the secret five | ||
<span | [p. 103] | ||
fires is as follows: because a person dwelling in a buddha's emanated field, by offering lamps, sees with subtle superknowledge that buddhahood comes from the appearance of the five primordial wisdoms (ye shes lnga), there is the practice of the five fires. In this, having boiled sandalwood logs in sesame oil and kindled five heaps of fire, there are also those who burn their own bodies. There are also those called "fire-cloth ones" (me ras pa), who boil cloth in sesame oil, wrap it around their own bodies, set fire to it, and burn their own bodies. There is the ascetic practice of the trident: they plant a trident in the ground, leap onto it, and so practice asceticism. There are those who leap from a cliff or a precipice and destroy their bodies. There is what is called the perverse conduct of taking portions (log pa cha 'dzin): having cut out pieces of flesh the size of a mirror from their own bodies—from the right and left shoulders and from the crown of the head—they set this body of theirs in a pit in the earth and let their own bodies be eaten by carrion birds; such ones also exist. Again, there are also those called "practitioners of the perverse conduct of animals," who take on the guise of a dog and practice perverse asceticism. As for those who propound a creator as the cause: for example, just as a skilled carpenter makes the distinct forms of a man and a woman | fires is as follows: because a person dwelling in a buddha's emanated field, by offering lamps, sees with subtle superknowledge that buddhahood comes from the appearance of the five primordial wisdoms (ye shes lnga), there is the practice of the five fires. In this, having boiled sandalwood logs in sesame oil and kindled five heaps of fire, there are also those who burn their own bodies. There are also those called "fire-cloth ones" (me ras pa), who boil cloth in sesame oil, wrap it around their own bodies, set fire to it, and burn their own bodies. There is the ascetic practice of the trident: they plant a trident in the ground, leap onto it, and so practice asceticism. There are those who leap from a cliff or a precipice and destroy their bodies. There is what is called the perverse conduct of taking portions (log pa cha 'dzin): having cut out pieces of flesh the size of a mirror from their own bodies—from the right and left shoulders and from the crown of the head—they set this body of theirs in a pit in the earth and let their own bodies be eaten by carrion birds; such ones also exist. Again, there are also those called "practitioners of the perverse conduct of animals," who take on the guise of a dog and practice perverse asceticism. As for those who propound a creator as the cause: for example, just as a skilled carpenter makes the distinct forms of a man and a woman | ||
<span | [p. 104] | ||
and thereby carries out his work, so too, they hold, phenomena and the rest are made as his work by his own superknowledge, and thereafter one is born into the retinue of Phywa (phywa) or Īśvara. | and thereby carries out his work, so too, they hold, phenomena and the rest are made as his work by his own superknowledge, and thereafter one is born into the retinue of Phywa (phywa) or Īśvara. | ||
| Line 646: | Line 676: | ||
Relying on the path for permanence: the cause is impermanent, for mind does not exist as an entity; the fruition is impermanent, for one does not reach the level of Phywa or Īśvara | Relying on the path for permanence: the cause is impermanent, for mind does not exist as an entity; the fruition is impermanent, for one does not reach the level of Phywa or Īśvara | ||
<span | [p. 105] | ||
without a companion; the path is permanent, for on the path of Phywa or Īśvara one abides on the summit of Mount Meru—there, they hold, one abides on the path. | without a companion; the path is permanent, for on the path of Phywa or Īśvara one abides on the summit of Mount Meru—there, they hold, one abides on the path. | ||
| Line 667: | Line 697: | ||
Again, | Again, | ||
<span | [p. 106] | ||
there are also those who, having taken their own truth to heart, hold others in contempt. | there are also those who, having taken their own truth to heart, hold others in contempt. | ||
| Line 682: | Line 712: | ||
There are also those who say, "With a perverse mind, life is taken; from taking life the goal arises." | There are also those who say, "With a perverse mind, life is taken; from taking life the goal arises." | ||
<span | [p. 107] | ||
Annihilation being emptiness: there are also those who say that, since you too are annihilated and I too am annihilated, it is empty, nothing whatsoever. | Annihilation being emptiness: there are also those who say that, since you too are annihilated and I too am annihilated, it is empty, nothing whatsoever. | ||
| Line 691: | Line 721: | ||
Those called Kanipa | Those called Kanipa | ||
<span | [p. 108] | ||
hold reality to be indifferent (phyal ba). Those called the Misers have the suffering of fearing that appearances will be exhausted and emptied out. Those called Saṃbhari | hold reality to be indifferent (phyal ba). Those called the Misers have the suffering of fearing that appearances will be exhausted and emptied out. Those called Saṃbhari | ||
| Line 700: | Line 730: | ||
All that has thus been taught is gathered into four: those who view the extreme (mur lta), those who reach the extreme (mur thug), the Materialists, and the Indifferent. | All that has thus been taught is gathered into four: those who view the extreme (mur lta), those who reach the extreme (mur thug), the Materialists, and the Indifferent. | ||
<span | [p. 109] | ||
Of these, "those who view the extreme" refers to those who assert permanence as everlasting. Those who reach the extreme assert both, saying, "The permanent is permanent, and the impermanent is impermanent." The Materialists hold to eternalism and nihilism half and half. "The Indifferent" refers to those who assert utter annihilation. That these too are gathered into the two, eternalism and nihilism, is stated in the same tantra cited above: | Of these, "those who view the extreme" refers to those who assert permanence as everlasting. Those who reach the extreme assert both, saying, "The permanent is permanent, and the impermanent is impermanent." The Materialists hold to eternalism and nihilism half and half. "The Indifferent" refers to those who assert utter annihilation. That these too are gathered into the two, eternalism and nihilism, is stated in the same tantra cited above: | ||
| Line 724: | Line 754: | ||
Second, the extensive division of the vehicles that transcend the world has three parts: the way in which they are superior to the outsiders; a general presentation of their enumeration; and an extensive explanation of their particulars. | Second, the extensive division of the vehicles that transcend the world has three parts: the way in which they are superior to the outsiders; a general presentation of their enumeration; and an extensive explanation of their particulars. | ||
<span | [p. 110] | ||
First: they are superior in that they accept the four seals (phyag rgya bzhi) that are the marks of the Dharma and go for refuge to the Three Jewels (dkon mchog gsum) as their deity, for on the path of the outsiders these are absent. The four seals are: all that is conditioned ('dus byas) is impermanent; all that is defiled (zag pa dang bcas pa) is suffering; all phenomena are empty and without self; nirvāṇa is peace (zhi ba). | First: they are superior in that they accept the four seals (phyag rgya bzhi) that are the marks of the Dharma and go for refuge to the Three Jewels (dkon mchog gsum) as their deity, for on the path of the outsiders these are absent. The four seals are: all that is conditioned ('dus byas) is impermanent; all that is defiled (zag pa dang bcas pa) is suffering; all phenomena are empty and without self; nirvāṇa is peace (zhi ba). | ||
| Line 740: | Line 770: | ||
So it is said. The purpose: there is the purpose of accomplishing the two aims, the provisional and the ultimate. The fruition: having definitely emerged from the three | So it is said. The purpose: there is the purpose of accomplishing the two aims, the provisional and the ultimate. The fruition: having definitely emerged from the three | ||
<span | [p. 111] | ||
realms, one attains liberation. | realms, one attains liberation. | ||
| Line 767: | Line 797: | ||
To settle the meaning of this statement: in general, although the enumerations of the Buddha's Dharma are limitless, when they are condensed simply into vehicles, the vehicles presented in brief are two, the greater and the lesser, or else the causal vehicle of characteristics (rgyu mtshan nyid kyi theg pa) and the resultant vajra vehicle ('bras bu rdo rje'i theg pa); and when explained extensively, for the three of inferior faculties there are taught the three vehicles of the śrāvakas, pratyekabuddhas, and bodhisattvas; for the three of middling faculties, the three of Kriyā, Upa, and Yoga; and for the three of sharp faculties, the three of Mahā, Anu, and Ati. From the Great Array of | To settle the meaning of this statement: in general, although the enumerations of the Buddha's Dharma are limitless, when they are condensed simply into vehicles, the vehicles presented in brief are two, the greater and the lesser, or else the causal vehicle of characteristics (rgyu mtshan nyid kyi theg pa) and the resultant vajra vehicle ('bras bu rdo rje'i theg pa); and when explained extensively, for the three of inferior faculties there are taught the three vehicles of the śrāvakas, pratyekabuddhas, and bodhisattvas; for the three of middling faculties, the three of Kriyā, Upa, and Yoga; and for the three of sharp faculties, the three of Mahā, Anu, and Ati. From the Great Array of | ||
<span | [p. 112] | ||
Ati (a ti bkod pa chen po): | Ati (a ti bkod pa chen po): | ||
| Line 798: | Line 828: | ||
So it is said. The vehicle of the extremely great extensive: all the Word (bka') is comprised within the three piṭakas (sde snod gsum), and the mantras (sngags) are the great Abhidharma | So it is said. The vehicle of the extremely great extensive: all the Word (bka') is comprised within the three piṭakas (sde snod gsum), and the mantras (sngags) are the great Abhidharma | ||
<span | [p. 113] | ||
, and so, with the Sūtra, the Vinaya, the Abhidharma, and that in which those three are balanced, each numbering twenty-one thousand, there are eighty-four thousand aggregates of Dharma (chos kyi phung po). If these are divided further, then, relative to each single antidote (gnyen po) that tames the hosts of thoughts (rtog tshogs) of sentient beings, they are vast in extent and great in number, inconceivable and beyond expression. | , and so, with the Sūtra, the Vinaya, the Abhidharma, and that in which those three are balanced, each numbering twenty-one thousand, there are eighty-four thousand aggregates of Dharma (chos kyi phung po). If these are divided further, then, relative to each single antidote (gnyen po) that tames the hosts of thoughts (rtog tshogs) of sentient beings, they are vast in extent and great in number, inconceivable and beyond expression. | ||
Here, within the presentation of the nine vehicles, the first, the explanation of the vehicle of the śrāvakas, has five points. The essence is the intellect that wishes to liberate oneself alone from saṃsāra, which has become the skillful means for realizing the selflessness of the person (gang zag gi bdag med). The etymology: because, having heard the Dharma from the teacher, they proclaim it to others, and because their accomplishment of the awakening (byang chub) of the final existence depends upon a master, they are śrāvakas, "hearers." The purpose is definite emergence from saṃsāra. The fruition is the attainment of arhatship with remainder and without remainder. When divided, there are two, the Sautrāntikas (mdo sde pa) and the Vaibhāṣikas (bye brag tu smra ba). The Vaibhāṣikas assert that this coarse relative (kun rdzob) truth, although it appears as a single collection, like a yak's tail or a meadow, is ultimately (don dam par) scattered particles (rdul phran) possessing parts; that the continuum of cognition is relative, while the instant (skad cig), ultimate and partless, is like the water in a vase; and that, among the aggregates, constituents, and sense sources, the coarse appearances are subtle particles | Here, within the presentation of the nine vehicles, the first, the explanation of the vehicle of the śrāvakas, has five points. The essence is the intellect that wishes to liberate oneself alone from saṃsāra, which has become the skillful means for realizing the selflessness of the person (gang zag gi bdag med). The etymology: because, having heard the Dharma from the teacher, they proclaim it to others, and because their accomplishment of the awakening (byang chub) of the final existence depends upon a master, they are śrāvakas, "hearers." The purpose is definite emergence from saṃsāra. The fruition is the attainment of arhatship with remainder and without remainder. When divided, there are two, the Sautrāntikas (mdo sde pa) and the Vaibhāṣikas (bye brag tu smra ba). The Vaibhāṣikas assert that this coarse relative (kun rdzob) truth, although it appears as a single collection, like a yak's tail or a meadow, is ultimately (don dam par) scattered particles (rdul phran) possessing parts; that the continuum of cognition is relative, while the instant (skad cig), ultimate and partless, is like the water in a vase; and that, among the aggregates, constituents, and sense sources, the coarse appearances are subtle particles | ||
<span | [p. 114] | ||
surrounding [one another] with intervals between them. Although they accept the selflessness of the person, they accept that a self of phenomena (chos kyi bdag)—particles and instants—exists. Furthermore, having understood the phenomena comprised by the four truths (bden pa bzhi) as cause and result, as what is to be abandoned and what is to be adopted, they focus on the four aspects of cause, origin, cessation, and condition; and, as for the aspects of knowing, they come to know in the manner that suffering is to be known, origin is to be abandoned, the path is to be relied upon, and cessation is to be attained. Through the aspects of realizing [suffering] as what is to be abandoned because it is suffering, as empty, and as selfless; through [the aspects of] path, suitability, accomplishment, and definite emergence; and through meditating on the mode of cessation, peace, excellence, and selflessness, they abandon the four hundred and fourteen [afflictions] of the three realms to be abandoned by seeing and by meditation, actualize the sublime primordial wisdom of the knowledge of exhaustion (zad pa shes pa) and the knowledge of nonarising (mi skye ba shes pa), and assert that one is thereby liberated. | surrounding [one another] with intervals between them. Although they accept the selflessness of the person, they accept that a self of phenomena (chos kyi bdag)—particles and instants—exists. Furthermore, having understood the phenomena comprised by the four truths (bden pa bzhi) as cause and result, as what is to be abandoned and what is to be adopted, they focus on the four aspects of cause, origin, cessation, and condition; and, as for the aspects of knowing, they come to know in the manner that suffering is to be known, origin is to be abandoned, the path is to be relied upon, and cessation is to be attained. Through the aspects of realizing [suffering] as what is to be abandoned because it is suffering, as empty, and as selfless; through [the aspects of] path, suitability, accomplishment, and definite emergence; and through meditating on the mode of cessation, peace, excellence, and selflessness, they abandon the four hundred and fourteen [afflictions] of the three realms to be abandoned by seeing and by meditation, actualize the sublime primordial wisdom of the knowledge of exhaustion (zad pa shes pa) and the knowledge of nonarising (mi skye ba shes pa), and assert that one is thereby liberated. | ||
The Sautrāntikas, with respect to the four truths as the objects to be focused upon, know the cognitions that focus upon them as twelve, and thereby abandon the eighty-eight latent (phra rgyas) afflictions and assert that the sublime primordial wisdom is realized. Their selflessness of the person is like the former, and beyond that they are superior by one portion of the constituent of phenomena (chos kyi khams). That is, particles possessing parts | The Sautrāntikas, with respect to the four truths as the objects to be focused upon, know the cognitions that focus upon them as twelve, and thereby abandon the eighty-eight latent (phra rgyas) afflictions and assert that the sublime primordial wisdom is realized. Their selflessness of the person is like the former, and beyond that they are superior by one portion of the constituent of phenomena (chos kyi khams). That is, particles possessing parts | ||
<span | [p. 115] | ||
are refuted chiefly by [the analysis of] the five bases of objects of knowledge (shes bya'i gzhi lnga): by realizing the nature of phenomena (chos nyid) of the five—the principal, the basis of mind; the retinue, the basis of mental factors; the nonassociated, the basis of the aggregate of formations; the unconditioned, the basis of the permanent; and appearance, the basis of form—only the partless particle is not refuted. And as for the half portion of the constituent of phenomena—the apprehended object, the coarse appearances composed of particles lying adjacent to one another, touching but not merging—this too they realize as partless, and so they are superior to the former; and since in actuality it does not exist, this is similar to not accepting particles at all. | are refuted chiefly by [the analysis of] the five bases of objects of knowledge (shes bya'i gzhi lnga): by realizing the nature of phenomena (chos nyid) of the five—the principal, the basis of mind; the retinue, the basis of mental factors; the nonassociated, the basis of the aggregate of formations; the unconditioned, the basis of the permanent; and appearance, the basis of form—only the partless particle is not refuted. And as for the half portion of the constituent of phenomena—the apprehended object, the coarse appearances composed of particles lying adjacent to one another, touching but not merging—this too they realize as partless, and so they are superior to the former; and since in actuality it does not exist, this is similar to not accepting particles at all. | ||
When both of these, at the time of meditating on the path, apply themselves earnestly according to the sequence in which the five paths (lam lnga) arise, they meditate on selflessness and illusion (sgyu ma) as the general antidote to the three poisons (dug gsum); and as the specific antidotes, for desire they meditate on the eight impure substances and the skeleton; for anger, on love; and for bewilderment, on dependent origination (rten 'brel) in forward and reverse order; and as the antidote to conceptual thought (rnam rtog), they meditate by counting and measuring the exhalations and inhalations of the breath. In meditating on selflessness, too, they meditate on the meaning of the cessation in which object and subject (yul can) have ceased, wherein nothing whatsoever is focused upon; and when sinking occurs, as the antidote to the bewilderment of torpor, they direct the mind to a blazing lamp at the crown of the head. By practicing in this way, | When both of these, at the time of meditating on the path, apply themselves earnestly according to the sequence in which the five paths (lam lnga) arise, they meditate on selflessness and illusion (sgyu ma) as the general antidote to the three poisons (dug gsum); and as the specific antidotes, for desire they meditate on the eight impure substances and the skeleton; for anger, on love; and for bewilderment, on dependent origination (rten 'brel) in forward and reverse order; and as the antidote to conceptual thought (rnam rtog), they meditate by counting and measuring the exhalations and inhalations of the breath. In meditating on selflessness, too, they meditate on the meaning of the cessation in which object and subject (yul can) have ceased, wherein nothing whatsoever is focused upon; and when sinking occurs, as the antidote to the bewilderment of torpor, they direct the mind to a blazing lamp at the crown of the head. By practicing in this way, | ||
<span | [p. 116] | ||
some of dull faculties and some of middling faculties who possess diligence (brtson 'grus) attain the fruition in that very lifetime; while those of sharp faculties and some bodhisattvas, on the basis of having previously gathered many accumulations (tshogs) on the five paths, complete the five paths in a single sitting and are held to be liberated. Moreover, from the standpoint of the vehicle of the śrāvakas, they hold that by that path of theirs, according to lesser, middling, and greater intellect, the three awakenings of the śrāvaka, the pratyekabuddha (rang sangs rgyas), and the buddha (sangs rgyas) are accomplished, but they do not accept what are called the paths of the Great Vehicle (theg chen) and of mantra. Furthermore, for śrāvakas and pratyekabuddhas eight inferior levels (sa) are explained, such as the level of seeing the white (dkar po rnam par mthong ba'i sa). Based on these there are the stream-enterer (rgyun du zhugs pa), the once-returner (lan cig phyir 'ong ba), the non-returner (phyir mi 'ong ba), and the arhat (dgra bcom pa); and since each of these is divided into two, the one entering and the one abiding, they are called the eight stages of great beings (skyes bu chen po'i rim pa brgyad). For bodhisattvas, too, it is explained that the four fruits of the śramaṇa exist on the ten levels, such as the Joyous (rab tu dga' ba). These points, too, are from the Self-Arising Awareness: | some of dull faculties and some of middling faculties who possess diligence (brtson 'grus) attain the fruition in that very lifetime; while those of sharp faculties and some bodhisattvas, on the basis of having previously gathered many accumulations (tshogs) on the five paths, complete the five paths in a single sitting and are held to be liberated. Moreover, from the standpoint of the vehicle of the śrāvakas, they hold that by that path of theirs, according to lesser, middling, and greater intellect, the three awakenings of the śrāvaka, the pratyekabuddha (rang sangs rgyas), and the buddha (sangs rgyas) are accomplished, but they do not accept what are called the paths of the Great Vehicle (theg chen) and of mantra. Furthermore, for śrāvakas and pratyekabuddhas eight inferior levels (sa) are explained, such as the level of seeing the white (dkar po rnam par mthong ba'i sa). Based on these there are the stream-enterer (rgyun du zhugs pa), the once-returner (lan cig phyir 'ong ba), the non-returner (phyir mi 'ong ba), and the arhat (dgra bcom pa); and since each of these is divided into two, the one entering and the one abiding, they are called the eight stages of great beings (skyes bu chen po'i rim pa brgyad). For bodhisattvas, too, it is explained that the four fruits of the śramaṇa exist on the ten levels, such as the Joyous (rab tu dga' ba). These points, too, are from the Self-Arising Awareness: | ||
| Line 825: | Line 855: | ||
they hold them to be in the manner of a yak's tail and a | they hold them to be in the manner of a yak's tail and a | ||
<span | [p. 117] | ||
meadow.
| meadow.

When these become the view of one's own intellect,
| When these become the view of one's own intellect,

| Line 860: | Line 890: | ||
and meditating on the antidote to bewilderment, | and meditating on the antidote to bewilderment, | ||
<span | [p. 118] | ||
and likewise the meditation of the path
| and likewise the meditation of the path

is held to be the abandoning of suffering (sdug bsngal).
| is held to be the abandoning of suffering (sdug bsngal).

| Line 894: | Line 924: | ||
the attainment of the fruition of the arhat is | the attainment of the fruition of the arhat is | ||
<span | [p. 119] | ||
the attainment of the culmination of the ten levels.
| the attainment of the culmination of the ten levels.

While abiding on the levels and paths,
| While abiding on the levels and paths,

| Line 911: | Line 941: | ||
== Translation notes == | == Translation notes == | ||
* [p. 89] The page break falls inside the closing verse line (myang 'das / [p. 90] so); the marker is placed after the completed verse line, since the English cannot split it. | |||
* [p. 90] rnam grangs nges pa | |||
= Bilingual = | = Bilingual = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See [[Theg mchog mdzod (Longchenpa)|the contents page]] for how it was made.

{| class="wikitable" style="width:100%" | {| class="wikitable lcp-bi" style="width:100%" | ||
! Tibetan (critical edition) !! English | ! Tibetan (critical edition) !! English | ||

| style="width:50% | | style="width:50%" | [p. 89]དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང༌། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་ | ||

Having thus understood the categories of the phenomena (chos) of deluded appearances ('khrul snang), there follows the presentation of the tenet systems (grub pa'i mtha') by which they are assessed—the extensive ascertainment of the categories of the vehicles (theg pa). The Great Tantra of Self-Arising Awareness (rig pa rang shar chen po'i rgyud) says: | Having thus understood the categories of the phenomena (chos) of deluded appearances ('khrul snang), there follows the presentation of the tenet systems (grub pa'i mtha') by which they are assessed—the extensive ascertainment of the categories of the vehicles (theg pa). The Great Tantra of Self-Arising Awareness (rig pa rang shar chen po'i rgyud) says: | ||
| Line 1,021: | Line 1,051: | ||
Saṃsāra ('khor ba) and nirvāṇa (myang 'das). | Saṃsāra ('khor ba) and nirvāṇa (myang 'das). | ||

| style="width:50% | | style="width:50%" | [p. 90]སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་ | ||

As for the meaning of this statement, there are two kinds here: the mundane vehicle and the supramundane vehicle. The first, again, has five topics: the essence (ngo bo) of the vehicle, its etymology (nges tshig), its divisions (dbye ba), its purpose (dgos pa), and its fruition ('bras bu). The essence is any category of intellectual speculation (yid dpyod) that does not rise above saṃsāra, which, focusing on a fruition to be attained, abides as the words and meaning of a definite enumeration. The etymology: it joins one to, and establishes one in, merely the good things of the world. When divided, there are two: the vehicle that is left intact (sor bzhag) and the perverted vehicle. The purpose is to bring about the accomplishment of their respective fruitions. The fruition is that, through those means, their respective fruitions at some point become manifest. | As for the meaning of this statement, there are two kinds here: the mundane vehicle and the supramundane vehicle. The first, again, has five topics: the essence (ngo bo) of the vehicle, its etymology (nges tshig), its divisions (dbye ba), its purpose (dgos pa), and its fruition ('bras bu). The essence is any category of intellectual speculation (yid dpyod) that does not rise above saṃsāra, which, focusing on a fruition to be attained, abides as the words and meaning of a definite enumeration. The etymology: it joins one to, and establishes one in, merely the good things of the world. When divided, there are two: the vehicle that is left intact (sor bzhag) and the perverted vehicle. The purpose is to bring about the accomplishment of their respective fruitions. The fruition is that, through those means, their respective fruitions at some point become manifest. | ||
| Line 1,034: | Line 1,064: | ||
Accordingly, | Accordingly, | ||

| style="width:50% | | style="width:50%" | [p. 91]འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང༌། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང༌། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ་མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང༌། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟབ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་ | ||

there are two topics here: a general presentation of the nature of eternalism and nihilism (rtag chad), and a specific explanation of their categories. The first has two parts: the view (lta ba) of eternalism and the view of nihilism. | there are two topics here: a general presentation of the nature of eternalism and nihilism (rtag chad), and a specific explanation of their categories. The first has two parts: the view (lta ba) of eternalism and the view of nihilism. | ||
As for the first, although the systems of the non-Buddhists hold many different assertions, the Sāṃkhyas, who propound a permanent cause, are the parent tradition of them all, and so they are explained first. The essence in which the three—rajas (rdul), tamas (mun pa), and sattva (snying stobs)—are in equal proportion is called the self (bdag). It is something possessing form, commensurate with the size of the body, that dwells in the heart of every sentient being (sems can): in the large, about the size of a thumb; in the small, the size of a barley grain or a pea pod; in the very small, about the size of a single sesame seed; and so forth. It is, moreover, white, glossy, and round; it cannot be broken down or destroyed; and it exists hidden as a self that no one sees. At present, when rajas, tamas, and sattva—that is, the three of desire ('dod chags), anger (zhe sdang), and bewilderment (gti mug)—are in equal proportion, its nature (rang bzhin) is known by itself, a nature that cannot be seen. Later, when it is completely liberated, they assert that liberation (thar pa) appears as something possessing color and shape, like a white parasol encircling all around above the higher realms. At present its nature is an essence without movement, free of action and agent, profound in that it cognizes objects (yul), and existing permanently through time; and since this nature is not known, | As for the first, although the systems of the non-Buddhists hold many different assertions, the Sāṃkhyas, who propound a permanent cause, are the parent tradition of them all, and so they are explained first. The essence in which the three—rajas (rdul), tamas (mun pa), and sattva (snying stobs)—are in equal proportion is called the self (bdag). It is something possessing form, commensurate with the size of the body, that dwells in the heart of every sentient being (sems can): in the large, about the size of a thumb; in the small, the size of a barley grain or a pea pod; in the very small, about the size of a single sesame seed; and so forth. It is, moreover, white, glossy, and round; it cannot be broken down or destroyed; and it exists hidden as a self that no one sees. At present, when rajas, tamas, and sattva—that is, the three of desire ('dod chags), anger (zhe sdang), and bewilderment (gti mug)—are in equal proportion, its nature (rang bzhin) is known by itself, a nature that cannot be seen. Later, when it is completely liberated, they assert that liberation (thar pa) appears as something possessing color and shape, like a white parasol encircling all around above the higher realms. At present its nature is an essence without movement, free of action and agent, profound in that it cognizes objects (yul), and existing permanently through time; and since this nature is not known, | ||

| style="width:50% | | style="width:50%" | [p. 92]འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང༌། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ | ||

one wanders; but if, having known it, one does not stray from its essence, one is liberated (grol ba). And by properly performing sacrificial offerings (mchod sbyin) and the like in this present state, one will in the next life be born in the abode of Īśvara (dbang phyug), with one's own retinue and enjoyments perfect and complete—so they hold. | one wanders; but if, having known it, one does not stray from its essence, one is liberated (grol ba). And by properly performing sacrificial offerings (mchod sbyin) and the like in this present state, one will in the next life be born in the abode of Īśvara (dbang phyug), with one's own retinue and enjoyments perfect and complete—so they hold. | ||
| Line 1,055: | Line 1,085: | ||
These are the Lokāyatas (rgyang 'phan pa). They hold that apart from these present appearances of seeing and hearing, pleasure and pain, and beings, there is nothing whatsoever—no former and later lives, no karma with its cause (rgyu) and result, no liberation or release, and so on. Within this, too, there are two: those who propound the nihilism of the cause and those who propound the nihilism of the result. The first: some, such as the Nirgrantha Jñātiputra (gcer bu pa gnyen gyi bu), hold that the former mind (sems) is not this present one. Rather, since there is a mind that abides by nature in the four elements ('byung ba bzhi), that very mind, enveloped in the covering of the elements, is unmanifest; and when, from that state, it meets with conditions (rkyen) such as warmth and moisture, that naturally latent (bag la zha) mind rises up, a new mind enters a new body, and a sentient being is established. | These are the Lokāyatas (rgyang 'phan pa). They hold that apart from these present appearances of seeing and hearing, pleasure and pain, and beings, there is nothing whatsoever—no former and later lives, no karma with its cause (rgyu) and result, no liberation or release, and so on. Within this, too, there are two: those who propound the nihilism of the cause and those who propound the nihilism of the result. The first: some, such as the Nirgrantha Jñātiputra (gcer bu pa gnyen gyi bu), hold that the former mind (sems) is not this present one. Rather, since there is a mind that abides by nature in the four elements ('byung ba bzhi), that very mind, enveloped in the covering of the elements, is unmanifest; and when, from that state, it meets with conditions (rkyen) such as warmth and moisture, that naturally latent (bag la zha) mind rises up, a new mind enters a new body, and a sentient being is established. | ||

| style="width:50% | | style="width:50%" | [p. 93]ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང༌། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །དེས་ན་ཤིང་བུ་དང༌། རྡེའུ་དང༌། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང༌། འཕངས་ན་འགྲོ་བའི་ཕྱིར་དང༌། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང༌། པགས་པ་བཤུས་ན་སྐམ་པ་དང༌། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམ་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང༌། གྲོག་མ་དང༌། འབུ་ལས་སྦྲང་བུར་འགྱུར་ཞིང༌། འཛོང་མོ་སྦལ་པར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང༌། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་ | ||

Moreover, because there is a naturally latent (bag la nyal) mind in earth, it produces plants, forests, and the like; because there is one in water, it moistens, flows, and gives forth sound; because there is one in fire, it blazes and burns; and because there is one in wind, it arises as moving and lifting—this too is the key point (gnad) of that view. Therefore sticks, pebbles, and all coarse entities (dngos po) have mind: because when one is struck against another a sound comes forth, and when they are thrown they move; because certain trees contract their leaves at night and spread them by day, and so on; and because when their bark is stripped off they dry up, and they revive and grow, and so forth. Therefore, if beings possessed the karma and mind of a former life, then trees and the like would also have a former life; but they do not—they are adventitious (glo bur ba), arising from the present assembling of a collection, just like a mushroom bursting forth on a meadow. How is this evident? It is known from this: when warmth and moisture come together in summer, the part of a single hair of a horse's tail that has gone into the water turns into a worm, while the part that has not gone in remains as tail-hair; ants and worms turn into flies; and tadpoles turn into frogs. Therefore the cause is not permanent, because in summertime sticks and pebbles that have gone into an anthill, husks of rice, and the like turn into sentient | Moreover, because there is a naturally latent (bag la nyal) mind in earth, it produces plants, forests, and the like; because there is one in water, it moistens, flows, and gives forth sound; because there is one in fire, it blazes and burns; and because there is one in wind, it arises as moving and lifting—this too is the key point (gnad) of that view. Therefore sticks, pebbles, and all coarse entities (dngos po) have mind: because when one is struck against another a sound comes forth, and when they are thrown they move; because certain trees contract their leaves at night and spread them by day, and so on; and because when their bark is stripped off they dry up, and they revive and grow, and so forth. Therefore, if beings possessed the karma and mind of a former life, then trees and the like would also have a former life; but they do not—they are adventitious (glo bur ba), arising from the present assembling of a collection, just like a mushroom bursting forth on a meadow. How is this evident? It is known from this: when warmth and moisture come together in summer, the part of a single hair of a horse's tail that has gone into the water turns into a worm, while the part that has not gone in remains as tail-hair; ants and worms turn into flies; and tadpoles turn into frogs. Therefore the cause is not permanent, because in summertime sticks and pebbles that have gone into an anthill, husks of rice, and the like turn into sentient | ||

| style="width:50% | | style="width:50%" | [p. 94]དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང༌། མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟང་རིང་བར་བྱུང་བ་དང༌། ཉི་མ་ཤར་ནས་འཆར་བ་དང༌། ཆུ་འཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང༌། །རྒྱལ་པོའི་བུ་བོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བརྟགས་གློ་བུར་འཁྲུལ་པ་ཉིད། ། | ||

beings. | beings. | ||
| Line 1,075: | Line 1,105: | ||
All this is conceptual imputation, adventitious delusion ('khrul pa) itself. | All this is conceptual imputation, adventitious delusion ('khrul pa) itself. | ||

| style="width:50% | | style="width:50%" | [p. 95]ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང༌། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང༌། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་ | ||

So it is said. | So it is said. | ||
| Line 1,085: | Line 1,115: | ||
Those who hold the position of both of these, Kakuda Kātyāyana and others, hold that all sentient beings at first also arose from the basic space (dbyings) of the elements, in the interim also abide in the basic space of the elements, and in the end also vanish into the basic space of the elements and become nothing whatsoever; and they say that the mere basic space of the elements is the identity of all. When abiding in the basic space, since everything that could possibly abide abides, awareness (rig pa) | Those who hold the position of both of these, Kakuda Kātyāyana and others, hold that all sentient beings at first also arose from the basic space (dbyings) of the elements, in the interim also abide in the basic space of the elements, and in the end also vanish into the basic space of the elements and become nothing whatsoever; and they say that the mere basic space of the elements is the identity of all. When abiding in the basic space, since everything that could possibly abide abides, awareness (rig pa) | ||

| style="width:50% | | style="width:50%" | [p. 96]འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང༌། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང༌། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང༌། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང༌། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང༌། །བྱེ་བྲག་རང་གི་རྒྱུ་སྨྲ་དང༌། །ཀུ་མཱ་ར་ལ་ཆེན་པོ་དང༌། །རྣམ་ཕུག་པའི་གཞུང་འཛིན་དང༌། །གསང་བ་མེ་ལྔ་བསྟེན་པ་དང༌། །མེ་རས་ཏིལ་མར་ལུས་བསྲེག་དང༌། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང༌། །མཆོད་དང་འཚོག་པའི་དཀའ་ཐུབ་དང༌། །ཤ་ཀོར་ལུས་ལ་བྱས་འཐོག་དང༌། །ཁྱི་ཡི་ཆ་བྱད་སྤྱོད་པ་དང༌། ། | ||

dawns in anything whatsoever; when arising from the basic space of the elements, since everything that could possibly arise arises, the outer objects—forms and the rest, the manifold white and red—and the inner sentient beings and the thoughts (rtog pa) of the mind and their dissimilar bodies all come to be, everything that could possibly come to be; and at the time of liberation, since everything that could possibly be liberated is liberated, the environment and its inhabitants (snod bcud), all embodied beings, vanish of themselves, and since there is nothing that is not liberated, it is impossible for what has disintegrated to return once more to the three realms (khams gsum). Therefore, they hold, all living beings at first also arose adventitiously from the basic space, now also abide adventitiously in the basic space, and in the end also are adventitiously liberated into the basic space and do not return. | dawns in anything whatsoever; when arising from the basic space of the elements, since everything that could possibly arise arises, the outer objects—forms and the rest, the manifold white and red—and the inner sentient beings and the thoughts (rtog pa) of the mind and their dissimilar bodies all come to be, everything that could possibly come to be; and at the time of liberation, since everything that could possibly be liberated is liberated, the environment and its inhabitants (snod bcud), all embodied beings, vanish of themselves, and since there is nothing that is not liberated, it is impossible for what has disintegrated to return once more to the three realms (khams gsum). Therefore, they hold, all living beings at first also arose adventitiously from the basic space, now also abide adventitiously in the basic space, and in the end also are adventitiously liberated into the basic space and do not return. | ||
| Line 1,106: | Line 1,136: | ||
Behaving in the guise of dogs; | Behaving in the guise of dogs; | ||

| style="width:50% | | style="width:50%" | [p. 97]དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང༌། །བྱེད་པ་ལམ་དུ་འཁྱེར་བ་དང༌། །རྟག་པ་དོན་མཚོན་ཆེན་པོ་དང༌། །ཐེར་ཟུག་འགྱུར་མེད་སྨྲ་བ་དང༌། །གནས་སྐབས་རྟག་པར་སྨྲ་བ་དང༌། །རྒྱུ་ལ་རྟག་པར་སྨྲ་བ་དང༌། །འབྲས་བུ་རྟག་པར་སྨྲ་བ་དང༌། །རྟག་པ་ཉིད་ལ་ལམ་ལྟོས་དང༌། །སྤྱོད་པ་རྟག་པར་འདོད་པ་དང༌། །དོན་ལ་རྟག་མེད་ཆད་ལྟ་དང༌། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང༌། །མོ་དང་པྲ་ལ་གཙོར་བྱེད་དང༌། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང༌། །རྩོད་པ་ལྷུ་རུ་ལེན་པ་དང༌། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང༌། །རང་གི་བྱ་བ་འཛིན་པ་དང༌། །ལྭ་བ་ཅན་དུ་འགྱུར་བ་དང༌། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང༌། །རིགས་པས་ཕ་རོལ་སུན་འབྱིན་དང༌། །རྒྱུ་མེད་ཆད་པར་སྨྲ་བ་དང༌། །ཕྱམ་ཆད་སྟོང་པར་སྨྲ་བ་དང༌། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང༌། །ལམ་ཆད་ཡེ་ཤེས་ཆད་ལྟ་དང༌། །ཆད་པ་ཐེར་ཟུག་ཆེན་པོ་དང༌། །ལམ་ཆད་འབྲས་བུ་གཏན་ཆད་དང༌། །ལོག་པའི་སེམས་ཀྱིས་ཆད་ལྟ་དང༌། །ཆད་པ་སྟོང་ | ||

Likewise, the level of subtle superknowledge (mngon shes);
| Likewise, the level of subtle superknowledge (mngon shes);

The blessings (byin rlabs) of the buddhas appearing in a general way—
| The blessings (byin rlabs) of the buddhas appearing in a general way—

| Line 1,144: | Line 1,174: | ||
And the great emptiness of annihilation. | And the great emptiness of annihilation. | ||

| style="width:50% | | style="width:50%" | [p. 98]པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང༌། །ཆ་མཐུན་གོལ་བའི་མུ་སྟེགས་དང༌། །མངོན་སྣང་སེམས་ཀྱི་མུ་སྟེགས་དང༌། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང༌། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང༌། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང༌། །འཛིན་པ་དོན་མེད་མུ་སྟེགས་དང༌། །ཁ་ཚིག་གོལ་བའི་མུ་སྟེགས་དང༌། །རྟག་པ་དོན་མེད་མུ་སྟེགས་དང༌། །ཀ་ནི་དང་ནི་སེར་སྣ་དང༌། །བྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་ར་དང་དྷ་སིང་དང༌། །ཀ་ཏི་དང་ནི་སང་གྷ་དང༌། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང༌། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་པ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་དང༌། ཁྱབ་འཇུག་སེམས་དང༌། དབྱུ་གུ་གསུམ་པ་དང༌། ཀོ་ལྤགས་ཅན་དང༌། མཉམ་པར་སྤྱོད་པ་ | ||

Those who propound the Vedas (rig byed) as secret;
| Those who propound the Vedas (rig byed) as secret;

Tīrthikas who go astray through partial concordance;
| Tīrthikas who go astray through partial concordance;

| Line 1,165: | Line 1,195: | ||
the extensive explanation of the three hundred wrong views (lta log) concerning basic space, and the extensive explanation of their sixty points of divergence (gyes mdo). First: having strayed from the basic space of the elements and of cognition, each seizes upon a tenet system through his own thoughts; and since the hundred teachers (ston pa) adopt a wrong mode of apprehension ('dzin stangs) with regard to the three times—past, future, and present—they are explained as three hundred. Who are the hundred teachers? They are as follows: Jaimini (rgyal dpog pa), the One Without Grasping, the Ājīvika ('tsho ba pa), the Leaf-Clad One, the Observer of Purity, Viṣṇu (khyab 'jug), Viṣṇu-Mind, the Bearer of the Triple Staff (Tridaṇḍin), the Hide-Clad One, and the One of Even Conduct, | the extensive explanation of the three hundred wrong views (lta log) concerning basic space, and the extensive explanation of their sixty points of divergence (gyes mdo). First: having strayed from the basic space of the elements and of cognition, each seizes upon a tenet system through his own thoughts; and since the hundred teachers (ston pa) adopt a wrong mode of apprehension ('dzin stangs) with regard to the three times—past, future, and present—they are explained as three hundred. Who are the hundred teachers? They are as follows: Jaimini (rgyal dpog pa), the One Without Grasping, the Ājīvika ('tsho ba pa), the Leaf-Clad One, the Observer of Purity, Viṣṇu (khyab 'jug), Viṣṇu-Mind, the Bearer of the Triple Staff (Tridaṇḍin), the Hide-Clad One, and the One of Even Conduct, | ||

| style="width:50% | | style="width:50%" | [p. 99]སྟེ་བཅུ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མི་གཡོ་ཨུརྟ་བི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། རྒྱལ་པོའི་རྒྱལ་མཚན་ཅན་དང༌། གློག་ཅན་དང༌། ནད་ཅན་དང༌། རྟ་འདུལ་དང༌། ཀ་ལན་དྷ་ཀ་པ་དང༌། སྣོད་རྩ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང༌། སྒྲོན་མེའི་ལག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་དང༌། དབང་པོ་དང༌། ཞྭ་ཉེ་ཅན་དང༌། །ནམ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་སྟེ་བཞི་བཅུ་དང༌། ཟས་གྲང་མོ་ཅན་དང༌། ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུས་ལ་གནོད་པ་བྱེད་པ་དང༌། ཀུན་དུ་གནོད་པ་བྱེད་པ་དང༌། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང༌། ཀ་ཀ་ན་དྷ་པ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁོང་ན་གནས་པ་དང༌། ཟླ་ | ||

making ten; the Follower of the Supreme Deity, the Bestower of Supreme Dharma, the Tormented One, the One with Tormented Hands, the Proponent of the King, the Proponent of the Elder, the Unmoving Urtabi, the One Who Conforms to His Class, the One Who Sits Bound, and the One Called Protector of the Retinue, making twenty; the Mountain-Dweller, the One Who Lives on the King's Alms, the Bearer of the King's Victory Banner, the One with Lightning, the Diseased One, the Horse-Tamer, Kalandaka, the One with Vessel and Roots, the One Who Wanders Begging, and the One Whose Limbs Are Wrapped in Rags, making thirty; the One with a Lamp in His Hand, the One with Gold, the Proponent of Accomplishment, Indra (dbang po), the One with Lead, the One Arisen from Space, the One with Many Chariots, the One of All Aims, the One Who Delights in Meditative Concentration (bsam gtan), and the One Endowed with Dharma, making forty; the Eater of Cold Food, the One with a Cloth on His Shoulder, the One with a Single Pot, the Dweller at the Northern Edge, the Dweller at the Southern Edge, the One with the Sound of a Conch, the Son of the Woman Who Gives Shrines to the Gods, the One Who Harms the Body, the One Who Harms All, and the One of Manifold Forms, making fifty; Kakanadha, the Cutter, the One of the Village of the Gods, the Naked One, the Dweller within the Earth, the Half- | making ten; the Follower of the Supreme Deity, the Bestower of Supreme Dharma, the Tormented One, the One with Tormented Hands, the Proponent of the King, the Proponent of the Elder, the Unmoving Urtabi, the One Who Conforms to His Class, the One Who Sits Bound, and the One Called Protector of the Retinue, making twenty; the Mountain-Dweller, the One Who Lives on the King's Alms, the Bearer of the King's Victory Banner, the One with Lightning, the Diseased One, the Horse-Tamer, Kalandaka, the One with Vessel and Roots, the One Who Wanders Begging, and the One Whose Limbs Are Wrapped in Rags, making thirty; the One with a Lamp in His Hand, the One with Gold, the Proponent of Accomplishment, Indra (dbang po), the One with Lead, the One Arisen from Space, the One with Many Chariots, the One of All Aims, the One Who Delights in Meditative Concentration (bsam gtan), and the One Endowed with Dharma, making forty; the Eater of Cold Food, the One with a Cloth on His Shoulder, the One with a Single Pot, the Dweller at the Northern Edge, the Dweller at the Southern Edge, the One with the Sound of a Conch, the Son of the Woman Who Gives Shrines to the Gods, the One Who Harms the Body, the One Who Harms All, and the One of Manifold Forms, making fifty; Kakanadha, the Cutter, the One of the Village of the Gods, the Naked One, the Dweller within the Earth, the Half- | ||

| style="width:50% | | style="width:50%" | [p. 100]བ་ཕྱེད་པ་དང༌། ཆོས་སེམས་པ་དང༌། མ་ལ་གུས་པ་དང༌། ཕ་ལ་གུས་པ་དང༌། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང༌། ཉི་མ་ཤར་བ་པ་དང༌། ལག་པ་ཟ་བ་པ་དང༌། སྙིང་གི་འཚོ་བ་པ་དང༌། འདས་པར་འགྱུར་བ་པ་དང༌། འདས་པར་མ་གྱུར་པ་དང༌། ཕུང་པོ་གསུམ་པ་དང༌། གཉིས་གསུམ་གྱིས་འཚོ་བ་དང༌། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་སྟེ་བདུན་ཅུ་དང༌། ནགས་ན་གནས་པ་དང༌། བྷའི་ཁ་ན་པ་དང༌། བྷ་ལ་ཁྱི་ལྔ་པ་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་པ་དང༌། ཕྱུགས་བདག་པ་དང༌། གོའུ་ཏ་མ་དང༌། ཞི་བ་ཅན་མ་དང༌། ཤིན་ཏུ་ཁྲུས་མ་དང༌། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང༌། འཚེ་བ་པ་དང༌། འཁོར་བ་ལས་གྲོལ་བ་པ་དང༌། འཐོར་བྱེད་པ་དང༌། ཐོག་མ་པ་དང༌། བྷ་ར་དྷྭ་ཛ་པ་དང༌། བྷྲ་ཤའི་གྲངས་ཅན་དང༌། པ་ཏན་ཛ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང༌། འུག་པའི་གཤོག་པ་ཅན་དང༌། ལན་གསུམ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་དང༌། འཕགས་མཆོག་པ་དང༌། གཉེན་གྱི་བུ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ | ||

Moon, | Moon, | ||
the Dharma-Contemplator, the One Who Reveres His Mother, the One Who Reveres His Father, and the Moonrise, making sixty; the Sunrise, the One Who Eats from His Hand, the One Who Lives on the Heart, the One Who Will Pass Beyond, the One Who Has Not Passed Beyond, the One of Three Aggregates (phung po), the One Who Lives by Twos and Threes, the Engager, the Sāṃkhya Yogin (rnal 'byor), and the Owl-Follower (Aulūkya), making seventy; the Forest-Dweller, the Vaikhānasa, Bhala of the Five Dogs (Vālakhilya), the Brahmacārin (tshangs par spyod pa), the Practitioner of Conduct, the Pāśupata (phyugs bdag pa), Gautama, the Peaceful Woman, the Well-Bathed Woman, and the Woman Who Dwells on the Lakeshore, making eighty; the Harmer, the One Liberated from Saṃsāra, the Scatterer, the One of the Beginning, Bharadvāja, the Sāṃkhya of Bhraśa, the Follower of Patañjali (Pātañjala), the Worshipper of the Gods, the One Who Bows to No Other, and the One Clad in Scraps of Cloth, making ninety; the One with Owl's Wings, the One Who Enters the Water Three Times, the One Who Does Not Contradict, the One with an Ancestor, the Garuḍa (mkha' lding), the One Who Dwells in the Enclosure of a House, the Supremely Noble One, the Son of the Kinsman (Jñātiputra), the Filler (Pūraṇa), and the Śramaṇa (dge sbyong), making a full hundred. Of these, some propound permanence, some propound annihilation, and some propound both, | the Dharma-Contemplator, the One Who Reveres His Mother, the One Who Reveres His Father, and the Moonrise, making sixty; the Sunrise, the One Who Eats from His Hand, the One Who Lives on the Heart, the One Who Will Pass Beyond, the One Who Has Not Passed Beyond, the One of Three Aggregates (phung po), the One Who Lives by Twos and Threes, the Engager, the Sāṃkhya Yogin (rnal 'byor), and the Owl-Follower (Aulūkya), making seventy; the Forest-Dweller, the Vaikhānasa, Bhala of the Five Dogs (Vālakhilya), the Brahmacārin (tshangs par spyod pa), the Practitioner of Conduct, the Pāśupata (phyugs bdag pa), Gautama, the Peaceful Woman, the Well-Bathed Woman, and the Woman Who Dwells on the Lakeshore, making eighty; the Harmer, the One Liberated from Saṃsāra, the Scatterer, the One of the Beginning, Bharadvāja, the Sāṃkhya of Bhraśa, the Follower of Patañjali (Pātañjala), the Worshipper of the Gods, the One Who Bows to No Other, and the One Clad in Scraps of Cloth, making ninety; the One with Owl's Wings, the One Who Enters the Water Three Times, the One Who Does Not Contradict, the One with an Ancestor, the Garuḍa (mkha' lding), the One Who Dwells in the Enclosure of a House, the Supremely Noble One, the Son of the Kinsman (Jñātiputra), the Filler (Pūraṇa), and the Śramaṇa (dge sbyong), making a full hundred. Of these, some propound permanence, some propound annihilation, and some propound both, | ||

| style="width:50% | | style="width:50%" | [p. 101]ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའ་འོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང༌། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང༌། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །གཉིས་པ་ | ||

yet they are all subsumed within the two, permanence and annihilation. From the ''Self-Arising Awareness'': | yet they are all subsumed within the two, permanence and annihilation. From the ''Self-Arising Awareness'': | ||
| Line 1,216: | Line 1,246: | ||
Second, | Second, | ||

| style="width:50% | | style="width:50%" | [p. 102]དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་རྟག་པར་ལོབས་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ༌། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དོ། །སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ | ||

the extensive explanation of the meaning of their sixty divergent schools. | the extensive explanation of the meaning of their sixty divergent schools. | ||
Again, from that same tantra: The assertion of the Sāṃkhyas is as follows: they hold the three—rajas, tamas, and sattva—to be permanent. Moreover, they assert that bewilderment serves as the ground; desire produces pleasure; and they assert that anger repels opposing forces. That is the doctrinal position of the Sāṃkhyas. The view of the Vaiśeṣikas (bye brag pa) is as follows: they view the outer aggregates, constituents (khams), and sense sources (skye mched) as subtle particles (rdul phra rab). Moreover, having first grasped them with the apprehender ('dzin pa), they count the particles and the subtle particles, saying, "This is the cause and condition of destruction; this is the cause and condition of an emptiness in which there is nothing whatsoever." When this body is cast off, the mind lies latent in space and this body lies latent in the elements; they abide at the extreme of an emptiness that is nothing at all. The tenet system of Kumāra asserts as follows: they assert a body without mind. There is no mind in the body, and since there is no mind, when the body is cast off they assert an emptiness in which there is nothing whatsoever. The tenet system of the Unpierced-Ears is as follows: they see these appearances (snang ba) as permanent provisionally, but assert that ultimately (don dam pa) these appearances are impermanent. As for the appearances of the next life, they assert that one is permanent in the retinue of Phywa or Īśvara. The doctrinal position of the Unpierced-Ears is also like that. The teaching of the secret five | Again, from that same tantra: The assertion of the Sāṃkhyas is as follows: they hold the three—rajas, tamas, and sattva—to be permanent. Moreover, they assert that bewilderment serves as the ground; desire produces pleasure; and they assert that anger repels opposing forces. That is the doctrinal position of the Sāṃkhyas. The view of the Vaiśeṣikas (bye brag pa) is as follows: they view the outer aggregates, constituents (khams), and sense sources (skye mched) as subtle particles (rdul phra rab). Moreover, having first grasped them with the apprehender ('dzin pa), they count the particles and the subtle particles, saying, "This is the cause and condition of destruction; this is the cause and condition of an emptiness in which there is nothing whatsoever." When this body is cast off, the mind lies latent in space and this body lies latent in the elements; they abide at the extreme of an emptiness that is nothing at all. The tenet system of Kumāra asserts as follows: they assert a body without mind. There is no mind in the body, and since there is no mind, when the body is cast off they assert an emptiness in which there is nothing whatsoever. The tenet system of the Unpierced-Ears is as follows: they see these appearances (snang ba) as permanent provisionally, but assert that ultimately (don dam pa) these appearances are impermanent. As for the appearances of the next life, they assert that one is permanent in the retinue of Phywa or Īśvara. The doctrinal position of the Unpierced-Ears is also like that. The teaching of the secret five | ||

| style="width:50% | | style="width:50%" | [p. 103]ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཙུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་ | ||

fires is as follows: because a person dwelling in a buddha's emanated field, by offering lamps, sees with subtle superknowledge that buddhahood comes from the appearance of the five primordial wisdoms (ye shes lnga), there is the practice of the five fires. In this, having boiled sandalwood logs in sesame oil and kindled five heaps of fire, there are also those who burn their own bodies. There are also those called "fire-cloth ones" (me ras pa), who boil cloth in sesame oil, wrap it around their own bodies, set fire to it, and burn their own bodies. There is the ascetic practice of the trident: they plant a trident in the ground, leap onto it, and so practice asceticism. There are those who leap from a cliff or a precipice and destroy their bodies. There is what is called the perverse conduct of taking portions (log pa cha 'dzin): having cut out pieces of flesh the size of a mirror from their own bodies—from the right and left shoulders and from the crown of the head—they set this body of theirs in a pit in the earth and let their own bodies be eaten by carrion birds; such ones also exist. Again, there are also those called "practitioners of the perverse conduct of animals," who take on the guise of a dog and practice perverse asceticism. As for those who propound a creator as the cause: for example, just as a skilled carpenter makes the distinct forms of a man and a woman | fires is as follows: because a person dwelling in a buddha's emanated field, by offering lamps, sees with subtle superknowledge that buddhahood comes from the appearance of the five primordial wisdoms (ye shes lnga), there is the practice of the five fires. In this, having boiled sandalwood logs in sesame oil and kindled five heaps of fire, there are also those who burn their own bodies. There are also those called "fire-cloth ones" (me ras pa), who boil cloth in sesame oil, wrap it around their own bodies, set fire to it, and burn their own bodies. There is the ascetic practice of the trident: they plant a trident in the ground, leap onto it, and so practice asceticism. There are those who leap from a cliff or a precipice and destroy their bodies. There is what is called the perverse conduct of taking portions (log pa cha 'dzin): having cut out pieces of flesh the size of a mirror from their own bodies—from the right and left shoulders and from the crown of the head—they set this body of theirs in a pit in the earth and let their own bodies be eaten by carrion birds; such ones also exist. Again, there are also those called "practitioners of the perverse conduct of animals," who take on the guise of a dog and practice perverse asceticism. As for those who propound a creator as the cause: for example, just as a skilled carpenter makes the distinct forms of a man and a woman | ||

| style="width:50% | | style="width:50%" | [p. 104]མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། །ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། །ཕྱི་མར་རང་གི་ལུས་བོར་བ་དང༌། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང༌། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་ | ||

and thereby carries out his work, so too, they hold, phenomena and the rest are made as his work by his own superknowledge, and thereafter one is born into the retinue of Phywa (phywa) or Īśvara. | and thereby carries out his work, so too, they hold, phenomena and the rest are made as his work by his own superknowledge, and thereafter one is born into the retinue of Phywa (phywa) or Īśvara. | ||
| Line 1,244: | Line 1,274: | ||
Relying on the path for permanence: the cause is impermanent, for mind does not exist as an entity; the fruition is impermanent, for one does not reach the level of Phywa or Īśvara | Relying on the path for permanence: the cause is impermanent, for mind does not exist as an entity; the fruition is impermanent, for one does not reach the level of Phywa or Īśvara | ||

| style="width:50% | | style="width:50%" | [p. 105]གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང༌། ནག་པོ་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་ཕན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་ | ||

without a companion; the path is permanent, for on the path of Phywa or Īśvara one abides on the summit of Mount Meru—there, they hold, one abides on the path. | without a companion; the path is permanent, for on the path of Phywa or Īśvara one abides on the summit of Mount Meru—there, they hold, one abides on the path. | ||
| Line 1,266: | Line 1,296: | ||
Again, | Again, | ||

| style="width:50% | | style="width:50%" | [p. 106]རང་གི་བདེན་པ་ཁོང་དུ་ཆུད་ནས། གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིགས་པས་ཕ་རོལ་གྱི་རིགས་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོག་བཅད་པ་ལས་དོན་འབྱུང་ངོ་ | ||

there are also those who, having taken their own truth to heart, hold others in contempt. | there are also those who, having taken their own truth to heart, hold others in contempt. | ||
| Line 1,282: | Line 1,312: | ||
There are also those who say, "With a perverse mind, life is taken; from taking life the goal arises." | There are also those who say, "With a perverse mind, life is taken; from taking life the goal arises." | ||

| style="width:50% | | style="width:50%" | [p. 107]ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། ཀ་ནི་པ་ཞེས་བྱ་སྟེ། | ||

Annihilation being emptiness: there are also those who say that, since you too are annihilated and I too am annihilated, it is empty, nothing whatsoever. | Annihilation being emptiness: there are also those who say that, since you too are annihilated and I too am annihilated, it is empty, nothing whatsoever. | ||
| Line 1,292: | Line 1,322: | ||
Those called Kanipa | Those called Kanipa | ||

| style="width:50% | | style="width:50%" | [p. 108]དོན་ཕྱལ་བར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང༌། མུར་ཐུག་དང༌། རྒྱང་ཕན་དང༌། ཕྱལ་བ་བཞིར་འདུས་སོ། ། | ||

hold reality to be indifferent (phyal ba). Those called the Misers have the suffering of fearing that appearances will be exhausted and emptied out. Those called Saṃbhari | hold reality to be indifferent (phyal ba). Those called the Misers have the suffering of fearing that appearances will be exhausted and emptied out. Those called Saṃbhari | ||
| Line 1,302: | Line 1,332: | ||
All that has thus been taught is gathered into four: those who view the extreme (mur lta), those who reach the extreme (mur thug), the Materialists, and the Indifferent. | All that has thus been taught is gathered into four: those who view the extreme (mur lta), those who reach the extreme (mur thug), the Materialists, and the Indifferent. | ||

| style="width:50% | | style="width:50%" | [p. 109]དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་བ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང༌། །རྒྱང་ཕན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་ཕན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང༌། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། །ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། །དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། །རྣམ་གྲངས་སྤྱིར་བསྟན་པ༌། བྱེ་བྲག་རྒྱས་པར་བཤད་ | ||

Of these, "those who view the extreme" refers to those who assert permanence as everlasting. Those who reach the extreme assert both, saying, "The permanent is permanent, and the impermanent is impermanent." The Materialists hold to eternalism and nihilism half and half. "The Indifferent" refers to those who assert utter annihilation. That these too are gathered into the two, eternalism and nihilism, is stated in the same tantra cited above: | Of these, "those who view the extreme" refers to those who assert permanence as everlasting. Those who reach the extreme assert both, saying, "The permanent is permanent, and the impermanent is impermanent." The Materialists hold to eternalism and nihilism half and half. "The Indifferent" refers to those who assert utter annihilation. That these too are gathered into the two, eternalism and nihilism, is stated in the same tantra cited above: | ||
| Line 1,327: | Line 1,357: | ||
Second, the extensive division of the vehicles that transcend the world has three parts: the way in which they are superior to the outsiders; a general presentation of their enumeration; and an extensive explanation of their particulars. | Second, the extensive division of the vehicles that transcend the world has three parts: the way in which they are superior to the outsiders; a general presentation of their enumeration; and an extensive explanation of their particulars. | ||

| style="width:50% | | style="width:50%" | [p. 110]པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་ | ||

First: they are superior in that they accept the four seals (phyag rgya bzhi) that are the marks of the Dharma and go for refuge to the Three Jewels (dkon mchog gsum) as their deity, for on the path of the outsiders these are absent. The four seals are: all that is conditioned ('dus byas) is impermanent; all that is defiled (zag pa dang bcas pa) is suffering; all phenomena are empty and without self; nirvāṇa is peace (zhi ba). | First: they are superior in that they accept the four seals (phyag rgya bzhi) that are the marks of the Dharma and go for refuge to the Three Jewels (dkon mchog gsum) as their deity, for on the path of the outsiders these are absent. The four seals are: all that is conditioned ('dus byas) is impermanent; all that is defiled (zag pa dang bcas pa) is suffering; all phenomena are empty and without self; nirvāṇa is peace (zhi ba). | ||
| Line 1,344: | Line 1,374: | ||
So it is said. The purpose: there is the purpose of accomplishing the two aims, the provisional and the ultimate. The fruition: having definitely emerged from the three | So it is said. The purpose: there is the purpose of accomplishing the two aims, the provisional and the ultimate. The fruition: having definitely emerged from the three | ||

| style="width:50% | | style="width:50%" | [p. 111]གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། མདོ་དང་རྒྱས་པ་ཆེན་པོ་དང༌། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང༌། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང༌། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཅེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང༌། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང༌། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང༌། རྣོན་པོ་གསུམ་ལ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ | ||

realms, one attains liberation. | realms, one attains liberation. | ||
| Line 1,372: | Line 1,402: | ||
To settle the meaning of this statement: in general, although the enumerations of the Buddha's Dharma are limitless, when they are condensed simply into vehicles, the vehicles presented in brief are two, the greater and the lesser, or else the causal vehicle of characteristics (rgyu mtshan nyid kyi theg pa) and the resultant vajra vehicle ('bras bu rdo rje'i theg pa); and when explained extensively, for the three of inferior faculties there are taught the three vehicles of the śrāvakas, pratyekabuddhas, and bodhisattvas; for the three of middling faculties, the three of Kriyā, Upa, and Yoga; and for the three of sharp faculties, the three of Mahā, Anu, and Ati. From the Great Array of | To settle the meaning of this statement: in general, although the enumerations of the Buddha's Dharma are limitless, when they are condensed simply into vehicles, the vehicles presented in brief are two, the greater and the lesser, or else the causal vehicle of characteristics (rgyu mtshan nyid kyi theg pa) and the resultant vajra vehicle ('bras bu rdo rje'i theg pa); and when explained extensively, for the three of inferior faculties there are taught the three vehicles of the śrāvakas, pratyekabuddhas, and bodhisattvas; for the three of middling faculties, the three of Kriyā, Upa, and Yoga; and for the three of sharp faculties, the three of Mahā, Anu, and Ati. From the Great Array of | ||

| style="width:50% | | style="width:50%" | [p. 112]ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོགས་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང༌། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན | ||

Ati (a ti bkod pa chen po): | Ati (a ti bkod pa chen po): | ||
| Line 1,404: | Line 1,434: | ||
So it is said. The vehicle of the extremely great extensive: all the Word (bka') is comprised within the three piṭakas (sde snod gsum), and the mantras (sngags) are the great Abhidharma | So it is said. The vehicle of the extremely great extensive: all the Word (bka') is comprised within the three piṭakas (sde snod gsum), and the mantras (sngags) are the great Abhidharma | ||

| style="width:50% | | style="width:50%" | [p. 113]་པོ་ཡིན་པས། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་དང༌། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །དབྱེ་ན་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང༌། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་ | ||

, and so, with the Sūtra, the Vinaya, the Abhidharma, and that in which those three are balanced, each numbering twenty-one thousand, there are eighty-four thousand aggregates of Dharma (chos kyi phung po). If these are divided further, then, relative to each single antidote (gnyen po) that tames the hosts of thoughts (rtog tshogs) of sentient beings, they are vast in extent and great in number, inconceivable and beyond expression. | , and so, with the Sūtra, the Vinaya, the Abhidharma, and that in which those three are balanced, each numbering twenty-one thousand, there are eighty-four thousand aggregates of Dharma (chos kyi phung po). If these are divided further, then, relative to each single antidote (gnyen po) that tames the hosts of thoughts (rtog tshogs) of sentient beings, they are vast in extent and great in number, inconceivable and beyond expression. | ||
Here, within the presentation of the nine vehicles, the first, the explanation of the vehicle of the śrāvakas, has five points. The essence is the intellect that wishes to liberate oneself alone from saṃsāra, which has become the skillful means for realizing the selflessness of the person (gang zag gi bdag med). The etymology: because, having heard the Dharma from the teacher, they proclaim it to others, and because their accomplishment of the awakening (byang chub) of the final existence depends upon a master, they are śrāvakas, "hearers." The purpose is definite emergence from saṃsāra. The fruition is the attainment of arhatship with remainder and without remainder. When divided, there are two, the Sautrāntikas (mdo sde pa) and the Vaibhāṣikas (bye brag tu smra ba). The Vaibhāṣikas assert that this coarse relative (kun rdzob) truth, although it appears as a single collection, like a yak's tail or a meadow, is ultimately (don dam par) scattered particles (rdul phran) possessing parts; that the continuum of cognition is relative, while the instant (skad cig), ultimate and partless, is like the water in a vase; and that, among the aggregates, constituents, and sense sources, the coarse appearances are subtle particles | Here, within the presentation of the nine vehicles, the first, the explanation of the vehicle of the śrāvakas, has five points. The essence is the intellect that wishes to liberate oneself alone from saṃsāra, which has become the skillful means for realizing the selflessness of the person (gang zag gi bdag med). The etymology: because, having heard the Dharma from the teacher, they proclaim it to others, and because their accomplishment of the awakening (byang chub) of the final existence depends upon a master, they are śrāvakas, "hearers." The purpose is definite emergence from saṃsāra. The fruition is the attainment of arhatship with remainder and without remainder. When divided, there are two, the Sautrāntikas (mdo sde pa) and the Vaibhāṣikas (bye brag tu smra ba). The Vaibhāṣikas assert that this coarse relative (kun rdzob) truth, although it appears as a single collection, like a yak's tail or a meadow, is ultimately (don dam par) scattered particles (rdul phran) possessing parts; that the continuum of cognition is relative, while the instant (skad cig), ultimate and partless, is like the water in a vase; and that, among the aggregates, constituents, and sense sources, the coarse appearances are subtle particles | ||

| style="width:50% | | style="width:50%" | [p. 114]བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང༌། སྡུག་བསྔལ་བས་སྤང་བྱ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་ | ||

surrounding [one another] with intervals between them. Although they accept the selflessness of the person, they accept that a self of phenomena (chos kyi bdag)—particles and instants—exists. Furthermore, having understood the phenomena comprised by the four truths (bden pa bzhi) as cause and result, as what is to be abandoned and what is to be adopted, they focus on the four aspects of cause, origin, cessation, and condition; and, as for the aspects of knowing, they come to know in the manner that suffering is to be known, origin is to be abandoned, the path is to be relied upon, and cessation is to be attained. Through the aspects of realizing [suffering] as what is to be abandoned because it is suffering, as empty, and as selfless; through [the aspects of] path, suitability, accomplishment, and definite emergence; and through meditating on the mode of cessation, peace, excellence, and selflessness, they abandon the four hundred and fourteen [afflictions] of the three realms to be abandoned by seeing and by meditation, actualize the sublime primordial wisdom of the knowledge of exhaustion (zad pa shes pa) and the knowledge of nonarising (mi skye ba shes pa), and assert that one is thereby liberated. | surrounding [one another] with intervals between them. Although they accept the selflessness of the person, they accept that a self of phenomena (chos kyi bdag)—particles and instants—exists. Furthermore, having understood the phenomena comprised by the four truths (bden pa bzhi) as cause and result, as what is to be abandoned and what is to be adopted, they focus on the four aspects of cause, origin, cessation, and condition; and, as for the aspects of knowing, they come to know in the manner that suffering is to be known, origin is to be abandoned, the path is to be relied upon, and cessation is to be attained. Through the aspects of realizing [suffering] as what is to be abandoned because it is suffering, as empty, and as selfless; through [the aspects of] path, suitability, accomplishment, and definite emergence; and through meditating on the mode of cessation, peace, excellence, and selflessness, they abandon the four hundred and fourteen [afflictions] of the three realms to be abandoned by seeing and by meditation, actualize the sublime primordial wisdom of the knowledge of exhaustion (zad pa shes pa) and the knowledge of nonarising (mi skye ba shes pa), and assert that one is thereby liberated. | ||
The Sautrāntikas, with respect to the four truths as the objects to be focused upon, know the cognitions that focus upon them as twelve, and thereby abandon the eighty-eight latent (phra rgyas) afflictions and assert that the sublime primordial wisdom is realized. Their selflessness of the person is like the former, and beyond that they are superior by one portion of the constituent of phenomena (chos kyi khams). That is, particles possessing parts | The Sautrāntikas, with respect to the four truths as the objects to be focused upon, know the cognitions that focus upon them as twelve, and thereby abandon the eighty-eight latent (phra rgyas) afflictions and assert that the sublime primordial wisdom is realized. Their selflessness of the person is like the former, and beyond that they are superior by one portion of the constituent of phenomena (chos kyi khams). That is, particles possessing parts | ||

| style="width:50% | | style="width:50%" | [p. 115]རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང༌། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང༌། ཀེང་རུས་བསྒོམས་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང༌། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང༌། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་ | ||

are refuted chiefly by [the analysis of] the five bases of objects of knowledge (shes bya'i gzhi lnga): by realizing the nature of phenomena (chos nyid) of the five—the principal, the basis of mind; the retinue, the basis of mental factors; the nonassociated, the basis of the aggregate of formations; the unconditioned, the basis of the permanent; and appearance, the basis of form—only the partless particle is not refuted. And as for the half portion of the constituent of phenomena—the apprehended object, the coarse appearances composed of particles lying adjacent to one another, touching but not merging—this too they realize as partless, and so they are superior to the former; and since in actuality it does not exist, this is similar to not accepting particles at all. | are refuted chiefly by [the analysis of] the five bases of objects of knowledge (shes bya'i gzhi lnga): by realizing the nature of phenomena (chos nyid) of the five—the principal, the basis of mind; the retinue, the basis of mental factors; the nonassociated, the basis of the aggregate of formations; the unconditioned, the basis of the permanent; and appearance, the basis of form—only the partless particle is not refuted. And as for the half portion of the constituent of phenomena—the apprehended object, the coarse appearances composed of particles lying adjacent to one another, touching but not merging—this too they realize as partless, and so they are superior to the former; and since in actuality it does not exist, this is similar to not accepting particles at all. | ||
When both of these, at the time of meditating on the path, apply themselves earnestly according to the sequence in which the five paths (lam lnga) arise, they meditate on selflessness and illusion (sgyu ma) as the general antidote to the three poisons (dug gsum); and as the specific antidotes, for desire they meditate on the eight impure substances and the skeleton; for anger, on love; and for bewilderment, on dependent origination (rten 'brel) in forward and reverse order; and as the antidote to conceptual thought (rnam rtog), they meditate by counting and measuring the exhalations and inhalations of the breath. In meditating on selflessness, too, they meditate on the meaning of the cessation in which object and subject (yul can) have ceased, wherein nothing whatsoever is focused upon; and when sinking occurs, as the antidote to the bewilderment of torpor, they direct the mind to a blazing lamp at the crown of the head. By practicing in this way, | When both of these, at the time of meditating on the path, apply themselves earnestly according to the sequence in which the five paths (lam lnga) arise, they meditate on selflessness and illusion (sgyu ma) as the general antidote to the three poisons (dug gsum); and as the specific antidotes, for desire they meditate on the eight impure substances and the skeleton; for anger, on love; and for bewilderment, on dependent origination (rten 'brel) in forward and reverse order; and as the antidote to conceptual thought (rnam rtog), they meditate by counting and measuring the exhalations and inhalations of the breath. In meditating on selflessness, too, they meditate on the meaning of the cessation in which object and subject (yul can) have ceased, wherein nothing whatsoever is focused upon; and when sinking occurs, as the antidote to the bewilderment of torpor, they direct the mind to a blazing lamp at the crown of the head. By practicing in this way, | ||

| style="width:50% | | style="width:50%" | [p. 116]པོ་རྟུལ་པོ་དང་འབྲིང་བརྩོན་ འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང༌། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང༌། འབྲིང་དང༌། ཆེ་བས་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དོ། །དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང༌། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། གཡག་རྔ་ནེའུ་ | ||

some of dull faculties and some of middling faculties who possess diligence (brtson 'grus) attain the fruition in that very lifetime; while those of sharp faculties and some bodhisattvas, on the basis of having previously gathered many accumulations (tshogs) on the five paths, complete the five paths in a single sitting and are held to be liberated. Moreover, from the standpoint of the vehicle of the śrāvakas, they hold that by that path of theirs, according to lesser, middling, and greater intellect, the three awakenings of the śrāvaka, the pratyekabuddha (rang sangs rgyas), and the buddha (sangs rgyas) are accomplished, but they do not accept what are called the paths of the Great Vehicle (theg chen) and of mantra. Furthermore, for śrāvakas and pratyekabuddhas eight inferior levels (sa) are explained, such as the level of seeing the white (dkar po rnam par mthong ba'i sa). Based on these there are the stream-enterer (rgyun du zhugs pa), the once-returner (lan cig phyir 'ong ba), the non-returner (phyir mi 'ong ba), and the arhat (dgra bcom pa); and since each of these is divided into two, the one entering and the one abiding, they are called the eight stages of great beings (skyes bu chen po'i rim pa brgyad). For bodhisattvas, too, it is explained that the four fruits of the śramaṇa exist on the ten levels, such as the Joyous (rab tu dga' ba). These points, too, are from the Self-Arising Awareness: | some of dull faculties and some of middling faculties who possess diligence (brtson 'grus) attain the fruition in that very lifetime; while those of sharp faculties and some bodhisattvas, on the basis of having previously gathered many accumulations (tshogs) on the five paths, complete the five paths in a single sitting and are held to be liberated. Moreover, from the standpoint of the vehicle of the śrāvakas, they hold that by that path of theirs, according to lesser, middling, and greater intellect, the three awakenings of the śrāvaka, the pratyekabuddha (rang sangs rgyas), and the buddha (sangs rgyas) are accomplished, but they do not accept what are called the paths of the Great Vehicle (theg chen) and of mantra. Furthermore, for śrāvakas and pratyekabuddhas eight inferior levels (sa) are explained, such as the level of seeing the white (dkar po rnam par mthong ba'i sa). Based on these there are the stream-enterer (rgyun du zhugs pa), the once-returner (lan cig phyir 'ong ba), the non-returner (phyir mi 'ong ba), and the arhat (dgra bcom pa); and since each of these is divided into two, the one entering and the one abiding, they are called the eight stages of great beings (skyes bu chen po'i rim pa brgyad). For bodhisattvas, too, it is explained that the four fruits of the śramaṇa exist on the ten levels, such as the Joyous (rab tu dga' ba). These points, too, are from the Self-Arising Awareness: | ||
| Line 1,435: | Line 1,465: | ||
they hold them to be in the manner of a yak's tail and a | they hold them to be in the manner of a yak's tail and a | ||

| style="width:50% | | style="width:50%" | [p. 117]གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང༌། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང༌། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང༌། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང༌། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང༌། །གཏི་མུག་གཉེན་པོར་སྒོམ་པ་ | ||

meadow.
| meadow.

When these become the view of one's own intellect,
| When these become the view of one's own intellect,

| Line 1,471: | Line 1,501: | ||
and meditating on the antidote to bewilderment, | and meditating on the antidote to bewilderment, | ||

| style="width:50% | | style="width:50%" | [p. 118]དང༌། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང༌། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང༌། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང༌། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། ། | ||

and likewise the meditation of the path
| and likewise the meditation of the path

is held to be the abandoning of suffering (sdug bsngal).
| is held to be the abandoning of suffering (sdug bsngal).

| Line 1,506: | Line 1,536: | ||
the attainment of the fruition of the arhat is | the attainment of the fruition of the arhat is | ||

| style="width:50% | | style="width:50%" | [p. 119]ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་པ་དང༌། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང༌། ལྟ་བ་གང་ཟག་གི་བདག་དང༌། ཆོས་ | ||

the attainment of the culmination of the ten levels.
| the attainment of the culmination of the ten levels.

While abiding on the levels and paths,
| While abiding on the levels and paths,

Latest revision as of 22:28, 21 November 2026
Theg pa'i mchog rin po che'i mdzod, chapter 4: grub pa'i mtha' rab tu dbye ba · གྲུབ་པའི་མཐའ་རབ་ཏུ་དབྱེ་བ
Pages 89–119 of volume 1 of the corrected base text (part 1 of 3 of Ch. 04).
Not in this part's tabs (the edition does not contain it): Serthang Larung.