LONGCHENPA-PECIN-26-LA-FM6: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-26-LA-FM6
Jump to navigation Jump to search
Longchenpa Project: generated page (21 November 2026)

Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026)

Line 15: Line 15:

= Tibetan Text =
= Tibetan Text =

གསལ་བཤད་ཉུང་བསྡུས།
གསལ་བཤད་ཉུང་བསྡུས།

«» «དཔེ་ཆ་འདི་ནི་སྤྱི་ལོ་༢༠༠༣གྱི་ལོར་ཁམ་གསེར་ཐར་གནུབ་ཟུར་དགོན་གྱི་སྤྲུལ་སྐུ་འཇམ་དཔལ་མཁྱེན་རབ་ཀྱིས་འབྲུག་ཡུལ་ནས་གསར་དུ་རྙེད་ནས་བོད་དུ་ཁྱེར་འོང་བ་ཞིག་ཡིན་ལ། དེའི་ཐོག་མའི་འབྱུང་ཁུངས་ནི། འབྲུག་ཡུལ་དཔེ་མཛོད་ཀྱི་ཕྱག་ལས་པ་རི་ཁུད་སྤྲུལ་རིན་པོ་ཆེ་ནས་འབྲུག་ཡུལ་གྱི་དཔེ་རྙིང་འཚོལ་སྡུད་བྱས་སྐབས་ཁྱིམ་ཚང་ཞིག་གི་ཡིག་རྙིང་ཁྲོད་ནས་རྙེད་པ་ཞིག་ཡིན་ནོ། །གཞུང་གི་ཆོས་ཚན་རྣམས་ཀྱི་མཛད་བྱང་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པར་གསུངས་མོད་ད་དུང་མཁས་པ་དག་གིས་ཀུན་མཁྱེན་གྱི་གསུང་དངོས་དག་ཡིན་མིན་ཞིབ་ཏུ་དཔྱད་པ་མཛད་དགོས་སོ། །གཞུང་འདིའི་ལུང་རྒྱུན་ནི་རིག་འཛིན་པདྨ་གླིང་པ་ལས་བརྒྱུད་པར་གསུངས་ལ་གཏེར་ཆེན་པདྨ་གླིང་པ་ནི་ཆོས་རྗེ་ཀུན་མཁྱེན་པའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་ནོ། །ཆོས་ཚན་འགའ་རེ་ལ་མཛད་བྱང་མི་གསལ་བ་དང་མ་ཅིག་ཉིད་ཀྱིས་གསུང་པ་ཡང་ཡོད་ལ། གཞུང་རྩ་བ་ཟབ་དོན་ཐུགས་ཀྱི་སྙིང་པོ་ནི་ཀོང་སྤྲུལ་གདམས་ངག་མཛོད་ཀྱི་དཀར་ཆག་ཏུ་ལོ་རས་འཇམ་དབྱངས་མགོན་པོའི་གསུང་ཡིན་པར་ཡང་གསུངས་ཡོད་དོ། །དེ་ཡང་གཞུང་འདི་ནི་གཅོད་ཀྱི་གདམས་ངག་ཆ་ཚང་ལ་ཟབ་ཁྱད་རྨད་དུ་བྱུང་བའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་ཡིན་པར་བློ་ལྡན་ཐོས་པ་ཅན་ཞིག་གིས་བཀླག་པ་ཙམ་གྱིས་ཤེས་པར་ནུས་པ་ཞིག་ཡིན་པས། འདིར་ཡང་ནུབ་ལ་ཉེ་བའི་ལེགས་བཤད་དམ་པ་འདི་ཉིད་མྱུར་སྐྱོབ་ཀྱི་ཚུལ་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་ཀྱི་གྲལ་དུ་ཐོག་མར་བཞག་པ་ཡིན་ལ་འོན་ཀྱང་རང་ཉིད་ཀྱི་ཤེས་རིག་ཞན་པའི་ཐོག །མ་ཕྱི་དེ་ལ་བརྡ་དག་དང་མི་མཐུན་པའི་ཡུལ་སྐད་མང་བ་དང་ཡིག་འབྲུ་མི་གསལ་བ་དང་ཆད་ལྷག་མང་བ་སོགས་ཀྱི་རྐྱེན་གྱིས་མ་དཔེ་དེ་ཤིན་ཏུ་དཔེ་ཆོད་དཀའ་བར་ཡོད་པས་ཐོག་མའི་རྩོམ་གཞི་ཇི་ལྟ་བ་ཞིག་བྱུང་ཐུབ་མེད་དོ་སྙམ། དེས་ན་རྗེས་སོར་ཡང་བློ་ལྡན་མཁས་པ་དག་གིས་ད་ལྟའི་མ་དཔེ་འདི་དང་ད་དུང་ཡིག་རྙིང་གཞན་རེ་རྙེད་ཚེ་དཔེ་བསྡུར་བྱེད་ནས་ཡི་གེ་ཇེ་དག་ཏུ་གཏོང་ཐུབ་ན་ཤིན་ཏུ་བཀའ་དྲིན་ཆེ་ལ། མ་ཅིག་བཀའ་ཚོམས་ལྟ་བུ་ཡང་གདམས་ངག་མཛོད་ཀྱི་ནང་དུ་བཞུགས་པའི་བཀའ་ཚོམས་དེ་དང་འདྲ་ལ་མི་འདྲ་བ་དང་གཞུང་ཚད་མང་ཉུང་གི་ཁྱད་པར་མང་དུ་ཡོད་ན་ཡང་ཕྱོགས་གཅིག་ཏུ་ཁ་ཚོན་མ་བཅད་པར་ཡིག་ནོར་ཡིན་ངེས་འགའ་རེ་ལས་གཞན་དག་རང་སོར་བཞག་ཡོད་དོ། །ཞེས་པ་འདི་ཡང་༢༠༠༩ལོ་ཟླ་བ་༡༢པའི་ཚེས་༩ལ་ཞུ་དག་པས་བྲིས། «གཅོད་པོད་འདིའི་གསལ་བཤད་ཉུང་བསྡུས།གསལ་བཤད་ཉུང་བསྡུས།

= Source =
= Source =

Latest revision as of 21:16, 21 November 2026

klong chen rab 'byams kyi gsung 'bum (pe cin 2009)· Volume 26(LA)

Title གསལ་བཤད་ཉུང་བསྡུས
Wylie gsal bshad nyung bsdus
English Editors' note on the gcod texts (gcod kyi gsal bshad nyung bsdus)
Author
dpal brtsegs bod yig dpe rnying zhib 'jug khang (editors of the 2009 edition)
Location klong chen rab 'byams kyi gsung 'bum (pe cin 2009), volume 26(LA), front matter

Tibetan text E-text from the typeset edition, cleaned 21 November 2026.

[edit]