LONGCHENPA-PECIN-12-NA-001: Difference between revisions
LONGCHENPA-PECIN-12-NA-001
Longchenpa Project: generated page (21 November 2026) |
Longchenpa Project: Theg mchog mdzod e-text (converted from a legacy font encoding); vowel signs kept with their letter at note boundaries (22 November 2026) |

| (One intermediate revision by the same user not shown) | |||
| Line 25: | Line 25: | ||

= Tibetan Text = | = Tibetan Text = | ||
<div class=" |

༄༅། །གསང་སྐོར་གྱི་དབང་གི་ལག་ལེན་གསལ་བའི་« »སྒྲོན་མེ་བཞུགས་སོ། ། | |||
«ཨཱོཾ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཡོན་ཏན་རྫོགས་པའི་སྐུ། །མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང༌། །དཔལ་མགོན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། །གསང་སྐོར་སྙན་བརྒྱུད་དབང་གི་ལག་ལེན་བྲི། །དེ་ལ་གནས་དབེན་པར་མཎྜལ་དྲིས་བྱུགས་པར་ཚངས་ཟུར་གྱིས་ཐིག་གདབ་ལ་རིམ་པ་གསུམ་དུ་བསྐོར་བའི་ནང་མ་ལ་པདྨ་འདབ་མ་བརྒྱད། བར་མ་ལ་བཅུ་དྲུག» «།ཕྱི་མ་ལ་ཉི་ཤུ་རྩ་བཞི་བྲིས་ལ། ལྟེ་བ་མཐིང་ཀའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ། མཚམས་དང་གཞན་རྣམས་མཛེས་ཚོན་དུ་བསྐྱེད་ལ། དེའི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་སྤོད་དང་ཆང་གིས་བརྫིས་པའི་མཐའ་བསྐོར་དུ། ཆོས་སྐྱོང་སྤྱི། སྔགས་སྲུང༌། གཟའ། དམ་ཅན། གཞི་བདག་ལྔའི་གཏོར་མ་དང༌། ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་དང་བཅས་པ་བཤམས་ཏེ། སློབ་དཔོན་རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། ཨཱོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཨཱདྨ་ཀོ་྅ཧཾ་གིས་སྟོང་པའི་ངང་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྲུང་བའི་འཁོར་ལོ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་དང་བཅས་པའི་དབུས་སུ། བྷྲུཾ་ལས་འཇའ་ཚོན་སྤེལ་བའི་གཞལ་ཡས་ཁང་གི་ནངདུ་སེང་གེ་ཉི་ཟླ་རིན་པོ་ཆེའི་ཁྲི་ལ། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་མདོག་མཐིང་ག་མཉམ་པར་སྦྱོར་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གསལ་བཏབ་ལ། ཨཱོཾ་ཨཱཿཧཱུྃ་བརྒྱ་རྩ་བརྗོད་ནས་མདུན་གྱི་མཎྜལ་གཏོར་མ་དང་བཅས་པ་དེ་སྐད་ཅིག་གིས་བྷྲུཾ་ལས་འོད་ལྔའི་གཞལ་ཡས་ཁང་གི་རྣམ་པར་བསྐྱེད་པའི་དབུས་སུ་རྡོ་རྗེ་སེམས་དཔའ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བསྐོར་བའི་མཐར། རིག་འཛིན་བརྡའི་བརྒྱུད་པ་དང༌། གང་ཟག་སྙན་ཁུང་གི་བརྒྱུད་པའི་བླ་མ་རྣམས་དང༌། དེའི་ཕྱིར་རིམ་དུ་རིགས་བཞིའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་སྤྲིན་ཕུང་འཁྲིགས་པ་བཞིན་དུ་གསལ་བཏབ་ལ། རྔ་དང་རོལ་མོའི་སྒྲ་སྒྲོག་ཅིང་འདི་སྐད་དོ། །ཧཱུྃ་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཐབས་མཁས་ཡེ་ཤེས་རོལ་བའི་ལྷ། །དུས་གསུམ་རྒྱལ་བ་རིག་འཛིན་བླ་མར་བཅས། །ཆོས་ཀྱི་དབྱིངས་ལས་སྒྱུ་མར་སྐུར་བཞེངས་ ཤིག །ཧཱུྃ་མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་གཡེལ་ཡི་དམ་ལྷ། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །རྒྱལ་པོའི་ཕོ་བྲང་གང་ན་ཡོད་པ་ན། །ཡུལ་ཁམས་སྐྱེ་བོ་ཐམས་ཅད་དེ་ན་འདུ། །བསྟན་པའི་སྙིང་པོ་གང་ན་ཡོད་པ་ན། །དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་འདུ། །ཉི་མའི་སྙིང་པོ་གང་ན་ཤར་བ་ན། །འོད་ཟེར་མང་པོ་འཕྲོ་ཞིང་འདུ་བ་ལྟར། །བྱང་ཆུབ་སེམས་ཀྱི་དགོངས་ཀློང་གསལ་བ་ ན། །ཞི་ཁྲོ་རབ་འབྱམས་ཚོགས་ཀྱང་དེ་ན་འདུ། །ནམ་མཁའ་སྟོང་ལ་ལྷོ་སྤྲིན་གཏིབས་པ་བཞིན། །རིག་འཛིན་དམ་ཅན་ཚོགས་ཀྱང་དེ་ན་འདུ། །རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན། །མ་སྲིང་རྒྱ་མཚོའི་ཚོགས་ཀྱང་དེ་ན་འདུ། ། ལྷུན་གྱིས་གྲུབ་པའི་རིགས་འཛིན་མ་གཡེལ་ཞིག» «།ཕྱག་རྒྱ་ཆེན་པོ་ཚེ་ལ་དབང་བ་ཡི། །རྣམ་པར་སྨིན་པའི་རིག་འཛིན་མ་གཡེལ་ཞིག །ཧཱུྃ་ཉི་མ་ལྟ་བུའི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །འཁོར་དུ་ཡེ་ཤེས་རྒྱ་མཚོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །འཇའ་ཚོན་འབར་བའི་དཀྱིལ་འཁོར་ནས། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ། །འཁོར་དུ་བྱང་ཆུབ་སེམས་དཔས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ། །འཁོར་དུ་ཉེ་བའི་སྲས་ཀྱིས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །རི་རབ་རི་ཡི་རྩེ་མོ་ནས། །སྟོན་པ་དགའ་རབ་རྡོ་རྗེ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །བསིལ་པ་ཚལ་གྱི་དུར་ཁྲོད་ནས། །གུ་རུ་འཇམ་དཔལ་བཤེས་གཉེན་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །བྱང་ཆུབ་འབྱུང་བའི་ཤིང་དྲུང་ནས། གུ་རུ་ཤྲཱི་སིདྷ་ལ། »།«འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །བྷ་སིང་ཆེན་པོའི་དུར་ཁྲོད་ནས། །གུ་རུ་བི་མ་མི་ཏྲ་ལ། །འཁོར་དུ་མཁའ་འགྲོ་མང་པོས་ བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུའི་དགེ་གོང་ནས། །ཉང་བན་ཏིང་འཛིན་བཟང་པོ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །གཡོ་རུ་གཟོང་ཕུག་ཕོ་བྲང་ནས། །རྗེ་བཙུན་བློ་གྲོས་དབང་ཕྱུག་ལ། །འཁོར་དུ་མཁའ་འགྲོ་མང་པོ»ས«་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །བྲག་དཀར་རྟ་སོའི་ཕོ་བྲང་ནས། །གུ་རུ་རིན་ཆེན་འབར་བ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །ཀླུངས་ཤོད་ཞྭ་ཡི་ལྷ་ཁང་ནས། །གནས་བརྟན་ལྡང་མ་ལྷུན་རྒྱལ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། ། འོད་ལེ་ཟམ་ཁའི་ཕོ་བྲང་ནས། །ལྕེ་བཙུན་སེང་གེ་དབང་ཕྱུག་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། ། གཡོ་རུ་བྲག་དམར་ཕོ་བྲང་ནས། །གུ་རུ་ཤོང་པ་རས་པ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །གཡུ་ཕུག་གསལ་བའི་ཕོ་བྲང་ནས། །བླ་མ་ཟབ་སྟོང་ཆོས་འབར་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། ། ཉང་སྨད་ཆུ་སྒོའི་དགོན་པ་ནས། །དམ་པ་དགྱེར་སྟོན་ཞིག་པོ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། ། ཉང་སྨད་ཆུ་སྒོའི་སྨན་སྒང་ནས། །གཉན་སྟོན་ཤེས་རབ་རྩེ་མོ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། ། ཡོན་ཏན་སྒང་གི་གནས་མཆོག་ནས། །དྲིན་ཆེན་སྤྲུལ་སྐུ་མཆེད་གཉིས་ལ། ། འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །འོད་གསལ་དག་པའི་ཕོ་བྲང་ནས། །བླ་མ་ནམ་མཁའ་རྡོ་རྗེ་ལ། ། འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་ཕོ་བྲང་ནས། །རིག་འཛིན་ཀུ་མ་རཱ་ཛ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་ རློབས། །ལྷུན་གྲུབ་རིག་པའི་ཕོ་བྲང་ནས། །ཀུན་མཁྱེན་སྣ་ཚོགས་རང་གྲོལ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །ཞེས་སྤྱན་དྲངས་པས་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ཏེ་བདག་དང༌། རྟེན་གཏོར་བསྐྱེད་པ་དང༌། གནས་རྣམས་ལ་དབྱེར་མེད་དུ་བྱིན་རློབ་ཅིང་ས་གཞི་བར་སྣང་དང་བཅས་པ་ཐམས་ཅད་བླ་མའི་ཞིང་ཁམས་སུ་བསམས་ལ། བྱིན་དབབ་པ་ནི། རིག་འཛིན་དབེན་གནས་སོ་སོ་ནས། །བླ་མ་བདེ་གཤེགས་རྡོ་རྗེ་འཆང༌། །འཁོར་དུ་བརྒྱུད་པའི་བླ་མས་བསྐོར། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སིལ་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། །ཧཱུྃ་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡི་དམ་རྒྱལ་བ་རིགས་ལྔ་ལ། །འཁོར་དུ་སེམས་དཔའ་བཅུ་དྲུག་བསྐོར། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཁ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སིལ་ལི་ལི། ། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་ སྩོལ། །ཧཱུྃ་རང་བྱུང་དུར་ཁྲོད་སོ་སོ་ནས། །མ་དང་ཡེ་ཤེས་མཁའ་འགྲོ་ལ། ། འཁོར་དུ་དཔའ་བོ་དཔའ་མོས་བསྐོར། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱ་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སིལ་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། །བསྟན་པའི་སྙིང་པོའི་བཀའ་འཁོར་ནས། །སྔགས་བདག་ཡེ་ཤེས་སྟོབས་ལྡན་ལ། །འཁོར་དུ་དམ་ཅན་རྒྱ་མཚོས་བསྐོར། །གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སིལ་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། །ཞེས་བརྗོད་པས། བདག་དང་རྟེན་དང་གནས་ཀྱི་ནམ་མཁའ་གང་བར་དབྱེར་མེད་གཅིག་ཏུ་བཞུགས་པ་ལ་མཆོད་པ་འབུལ་བ་ནི། ཧཱུཾ་ཕྱྀ་ཡི་མཆོད་པ་རིན་པོ་ཆེ། །སྣང་སྲིད་རྣམ་དག་མཆོད་པར་འབུལ། །སྐྱེ་འགག་མེད་པར་བཞེས་སུ་གསོལ། །ནང་གི་མཆོད་པ་རིན་པོ་ ཆེ། །འདོད་ཡོན་སྣ་ལྔ་མཆོད་པར་འབུལ། །རྒྱུན་ཆད་མེད་པར་བཞེས་སུ་གསོལ། །གསང་བའི་མཆོད་པ་རིན་པོ་ཆེ། །དུག་ལྔ་ཁོང་ཁྲོ་མཆོད་པར་འབུལ། །འགྲོ་འོང་མེད་པར་བཞེས་སུ་གསོལ། །ཡང་གསང་མཆོད་པ་རིན་པོ་ཆེ། །ཏིང་འཛིན་དགོངས་ཀློང་མཆོད་པར་འབུལ། །འཕེལ་འགྲིབས་མེད་པར་བཞེས་སུ་གསོལ། །ཞེས་བརྗོད་ནས། བསྟོད་པ་ནི། ཧཱུཾ་གདོད་ནས་རྣམ་དག་ཆོས་དབྱིངས་དག་པ་ལས། །རང་བྱུང་ཡེ་ཤེས་བཅོམ་ལྡན་ཐུགས་རྗེའི་ལྷ། ། ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས་དཔའ་དང༌། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །སྐྱེ་མེད་ངང་ལས་ཐུགས་རྗེའི་སྐུར་བཞེངས་པ། །རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོར་བཅས། །མཁའ་འགྲོ་ཤུགས་འགྲོ་ཐོགས་མེད་རྫུ་འཕྲུལ་ཅན། །འཇིག་རྟེན་འཇིག་རྟེན་འདས་པའི་ཚོགས་ལ་བསྟོད། ། ཆེ་བའི་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་དཔག་མེད་སངས་རྒྱས་བསྟན་པ་སྲུང༌། །སྒྲུབ་མཆོག་རྣམས་ལ་བུ་བཞིན་ལེགས་སྐྱོང་བ། ། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་སྟ་གོན་གྱི་ཆོ་ག་རྣམས་རྫོགས་པར་བྱའོ། །དེ་ནས་དངོས་གཞི་དབང་བསྐུར་བ་དངོས་ལ་གཉིས་ལས། སྔོན་འགྲོ་ནི་ན་རག་རྒྱས་བསྡུས་གང་རུང་གི་སྐོང་བཤགས་དང༌། མོས་གུས་ཁྱད་པར་ཅན་གྱིས་གསོལ་བ་གདབ་པའི་རྗེས་ལ་སློབ་བུས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ་འདུག་པ་ལ། བླ་མས་དམ་པའི་ཆོས་ངོས་གཟུང་བ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་སྒོ་དང༌། ཐེ»«ག་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༌། བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས། འདིར་ཐེག་པ་ཆེན་པོ་སྟོན་པ་ལགས། ཐེག་པ་ཆེན་པོ་ལ་ཡང་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ལས། ད་རེས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྟོན་པ་ལགས། སྔགས་ལའང་ཕྱི་ནང་གཉིས་ལས། འདིར་ནང་པ་ཐབས་ཀྱི་རྒྱུད་སྟོན་པ་ལགས། ནང་པ་ལ་ཡང་བསྐྱེད་པ་མ་ཧཱ་ཡོ་ག་དང༌། ལུང་ཨ་ནུ་ཡོ་ག་དང༌། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་ལས། འདིར་ཨ་ཏི་སྟོན་པ་ལགས། ཨ་ཏི་ལ་ཡང་ཕྱི་སྐོར། ནང་སྐོར། གསང་སྐོར་གསུམ་ལས། འདིར་གསང་བའི་སྐོར་སྟོན་པ་ལགས། དེ་ལ་ཡང་དཔེ་བརྒྱུད་དང་སྙན་བརྒྱུད་གཉིས་ལས། འདིར་སྙན་བརྒྱུད་སྟོན་པ་ལགས། སྙན་བརྒྱུད་ལ་ཡང་ཡི་གེ་ཅན་དང་ཡི་གེ་མེད་པ་གཉིས་ལས། འདིར་ཡི་གེ་མེད་པའི་སྙན་བརྒྱུད་གསང་བ་གནད་ཀྱི་མེ་ལོང་ཞེས་བགྱི་བ་སྟོན་པ་ལགས། དེ་ལ་འང་མ་སྨིན་པ་སྨིན་པར་བྱེད་པ་དབང་དང༌། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་གཉིས་ཡོད་པ་ལས། འདིར་དབང་སྟོན་པ་ལགས། དེ་ལ་ཡང་བརྒྱུད་པའི་ལོ་རྒྱུས་དང༌། དེ་ལས་བྱུང་བའི་དབང་གཉིས་ལས། ལོ་རྒྱུས་རྒྱས་བསྡུས་ཅི་རིགས་པ་ཞིག་བཤད་ལ། གཉིས་པ་དབང་དངོས་ལ། སྔོན་འགྲོ་སློབ་མ་གཞུག་པ་དང༌། དབང་བསྐུར་བ་དངོས་གཉིས་ལས། སློབ་མ་འཇུག་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཐུན་མོང་མ་ཡིན་པ་ནི། སློབ་མས། བླ་མ་རྡོ་རྗེ་འཛིན་པ་དང༌། »།«དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་དོན་དུ། །བླ་མེད་བྱང་ཆུབ་སེམས་བསྐྱེད་ དོ། །ཞེས་པ་གསུམ་དང༌། ཐུན་མོང་མ་ཡིན་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལན་གསུམ་བརྗོད་དོ། །གཉིས་པ་སྡོམ་པ་གཟུང་བ་ནི། བླ་མ་རྡོ་རྗེ་འཛིན་པ་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སེམས་ཅན་ཀུན་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །སྡོམ་པ་ཐམས་ཅད་གཟུང་བར་བགྱི། །རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ། །རྡོ་རྗེའི་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་གཟུང་བར་བགྱི། །རྡོ་རྗེ་སློབ་དཔོན་ཉིད་དང་ནི། །དཀོན་མཆོག་གསུམ་པོ་མི་སྤང་ཞིང༌། །རྡོ་རྗེ་སྤུན་སྲིང་སྨད་མི་བགྱི། །ཐེག་པ་དམན་ལ་མི་བརྙས་ཤིང༌། །སེམས་ཅན་ཀུན་ལ་འཚེ་བ་སྤང༌། །ཆོས་དང་གང་ཟག་མི་སྨོད་ཅིང། །འཁྲུལ་པའི་བྱ་བ་ཡང་མི་བགྱིད། །བསྟན་པ་སྨད་པར་མི་བྱ་ཞིང༌། ། བསམ་གཏན་སྒོམ་པ་དཀྲུགས་མི་བྱ། །གསང་བ་སྔགས་ཀྱི་དམ་ཚིག་ མཆོག» «།སྐུ་གསུང་ཐུགས་ལས་མི་འདའ་ཞིང༌། །བསྐྱེད་རྫོགས་འཁོར་ལོ་བསྒོམ་པ་དང༌། །བླ་མས་གསུངས་པ་ཇི་བཞིན་བསྒྲུབ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་པ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་དོ། །གསུམ་པ་དམ་ཚིག་ལ་གནས་པར་བྱ་བ་ལ་གཉིས་ལས། དམ་ཚིག་བསྒྲག་པ་ནི། ཐོད་པ་ནས་དམ་ཆུ་བླུད་ལ། ཧཱུཾ་འདི་ནི་རྡོ་རྗེ་དམ་ཚིག་ཆུ། །འདས་ན་དམྱལ་ཁམས་མེ་ཡི་བསྲེག» «། བསྲུངས་ན་དངོས་གྲུབ་བླ་ན་མེད། །དེ་བས་དམ་ཚིག་རྡོ་རྗེ་མཆོག» «།སྙིང་ལ་བཞག་པས་ཐུབ་པར་གྱིས། །ཨཱོཾ་ས་མ་ཡཱ་པཉྩ་ཨ་མྲྀ་ཏ་ཧྲཱི་ཐཱཿ ཞེས་བརྗོད་དོ། ། དམ་ཚིག་སྦྱིན་པ་ནི། བླ་མས། ཀྱཻ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དཀྱིལ་འཁོར་བཟང་པོ་འདིར་ཞུགས་ནས། །ཕྱི་ནང་གསང་བའི་ཐེག་པ་དང༌། །དམ་ཆོས་བསྒྲུབས་པར་དམ་ཆོས་ཤིག» «།ཇི་ལྟར་སྔགས་ཀྱི་དམ་ཚིག་དང༌། །སྡོམ་པ་ཐམས་ཅད་གཟུང་བར་བགྱི། །དམ་རྫས་རྣམས་དང་སྔགས་ཀྱི་ཚིག» «།དབང་བསྐུར་མ་ཐོབ་མི་རྣམས་ལ། །གསང་བ་བསྒྲགས་པར་མི་བྱ་ཞིང༌། །བསྟེན་པ་ཀུན་ལ་གནོད་པ་སྤང༌། །གང་གིས་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་མཆོག་ལ་རེག་པར་བགྱི། །ཞེས་བརྗོད་པར་བྱའོ། །བཞི་པ་རྗེས་སུ་གཟུང་བ་ལ་གཉིས་ལས། གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་པའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་བརླན་གྱིས་བསིལ་བར་མཛོད། །ཐུགས་ཀྱི་དཀྱིལ་འཁོར་བཟང་པོ་འདིར། །བདག་ནི་ཡང་དག་གཞུག་པར་གསོལ། ། ཞེས་པ་གསུམ་དང༌། ཡང་འདི་སྐད་དོ། །བླ་མ་རྡོ་རྗེ་འཛིན་པ་ལ། །བདག་ནི་གུས་པས་གསོལ་བ་འདེབས། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དབང་བསྐུར་ནང་དུ་ཞུགས་ལགས་པས། །རང་གི་སེམས་ཀྱི་གནས་ལུགས་ཀྱི། །ཨ་ཏིའི་དཀྱིལ་འཁོར་བསྟན་དུ་གསོལ། །ཞེས་གསུམ་བརྗོད་དོ། །གཉིས་པ་གནང་བ་སྦྱིན་པ་ནི། བླ་མས། ཨེ་མ་བུ་ཁྱོད་སྐལ་བ་བཟང༌། །རྫོགས་ཆེན་དཀྱིལ་འཁོར་བསྟན་པར་བྱ། །སེམས་ཀྱི་རྟོག་པ་ཀུན་སོལ་ལ། །འཇིག་རྟེན་འཆིང་བ་ཀུན་གྲོལ་གྱིས། །འདི་ལ་སྤང་བླང་ཐ་སྙད་བྲལ། །རིགས་དང་རྒྱུད་རྣམས་སྦྱོང་བ་ཡིས། །ལུས་ངག་བདེ་བའི་རྟེན་ཡིན་པས། །དེང་ནས་བརྩམས་ཏེ་སླར་མ་ལྡོག» «།ཅེས་བརྗོད་དོ། །ལྔ་པ་བྱིན་དབབ་པ་ནི། སློབ་མ་ཀུན་ལངས་ལ། ཐལ་མོ་སྙིང་གར་སྦྱར་མིག་བཙུམ། དད་གུས་བསྐྱེད་ལ། བླ་མའི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་རིགས་ལྔ་དང༌། མཁའ་འགྲོ་རིགས་ལྔའི་སྤྲིན་ཕུང་གཏིབས་ཏེ། རིམ་པས་གསལ་བཏབ་ལ་དབྱེར་མེད་དུ་བསྟིམ་ཞིང༌། སོ་སོའི་མཚན་དང༌། རོལ་མོའི་སྒྲ་སྒྲོགས་ཤིང༌། སྤོས་དང་ཚིལ་ཆེན་གྱི་དུད་པས་བདུག་གོ །དེས་ནི་ཡེ་ཤེས་ཕེབས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ནི། སློབ་མ་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་སེམས་དཔར་སྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་ལ། སྔར་གསལ་བཏབ་པའི་བླ་མ། ཡི་དམ་མཁའ་འགྲོ་གསུམ་པོའི་རྣམ་པ་དང༌། སློབ་དཔོན་རང་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བ་རྣམས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་དཀར་པོ་གྲངས་མེད་པ་བྱུང༌། སློབ་བུའི་ལུས་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་དག་སྐུའི་བྱིན་རླས་བདུད་རྩིའི་རང་བཞིན་གྱིས་ལུས་ཁེངས། བུམ་པའི་དབང་ཐོབ། རྟགས་སུ་རྣམ་པར་སྣང་མཛད་ཚོན་གང་བས་དབུ་བརྒྱན་པར་བསམས་ལ། ཧཱུཾ་སྐུ་ཡི་དབང་བསྐུར་ལུས་ལ་བསྐུར། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །སྐུ་ཡི་དངོས་གྲུབ་ཐོབ་གྱུར་ཏེ། ། བུམ་དབང་རིན་ཆེན་རྫོགས་པར་ཤོག» «།ཨཱོཾ་ཀཱ་ཡ་ཀ་ལ་ཤ་ཨ་བྷི»་«ཥཱིཉྩ་ཨཱོཾ། གཏོར་མ་མགྲིན་པར་གཏུགས་ཏེ་ལྷ་དང་བླ་མའི་མགུལ་ནས་འོད་ཟེར་དམར་པོ་བྱུང༌། སློབ་བུའི་ངག་ལ་ཕོག» «།ངག་གི་སྒྲིབ་པ་དག» «།གསུང་གི་བྱིན་རླབས་བདུད་རྩིའི་རྒྱུན་གྱིས་ལུས་གང༌། གསང་བའི་དབང་ཐོབ་པར་བསམས་ལ། ཧཱུཾ་གསུང་གི་དབང་བསྐུར་ངག་ལ་བསྐུར། །ངག་གི་སྒྲིབ་པ་དག་གྱུར་ནས།། གསུང་གི་དངོས་གྲུབ་ཐོབ་གྱུར་ཏེ། །གསང་དབང་རིན་ཆེན་རྫོགས་པར་ ཤོག །ཨཱཿཝཱ་ཀ་གྷུ་ཡ་ཨ་བྷི་ཥཱིཉྩ་ཨཱཿ»།« གཏོར་མ་སྙིང་གར་གཏུགས་ལ། ལྷ་དང་བླ་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང༌། སློབ་མའི་སྙིང་གར་ཕོག ། ཡིད་ཀྱི་སྒྲིབ་པ་དག» «།ཐུགས་ཀྱི་དངོས་གྲུབ་བདུད་རྩིའི་རྒྱུན་བབས། ལུས་ཁེངས། བདེ་བ་ཆེན་པོར་རོ་གཅིག་ཏུ་བསམ་ཏེ། ཧཱུཾ་ཐུགས་ཀྱི་དབང་བསྐུར་སེམས་ལ་བསྐུར། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །ཐུགས་ཀྱི་དངོས་གྲུབ་ཐོབ་གྱུར་ཏེ། །ཤེས་རབ་ཡེ་ཤེས་དབང་རྫོགས་ཤོག» «།ཧཱུཾ་ཙིཏྟ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥཱིཉྩ་ཧཱུཾ། །ཞེས་བརྗོད་ནས། བཞི་པ་ཚིག་དབང་རིན་པོ་ཆེ་རྫོགས་ཆེན་རིག་པའི་རྩལ་དབང་ནི། སེམས་ཉིད་མ་བཅོས་པའི་ངང་དུ་གློད་ནས་རིག་པའི་རང་གདངས་ཟང་ཐལ་ཆོས་ཀྱི་སྐུ་དེ་རང་རྫོགས་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲད་ དོ། །དབང་རིན་པོ་ཆེའི་འཁོར་ལོ་ལས། སྔོན་རྒྱ་གར་གྱི་ཡུལ་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བར། རྒྱལ་པོའི་ཕྲུག་གུ་ལྟད་མོ་ལ་ཕྱིན་པས། རྒྱལ་བུ་རྐང་འཁྱམས་ཏེ། སྤྲང་པོ་ལྟ་བུར་སོང༌། དེ་ནས་དུས་ནམ་ཞིག་ན། བློན་པོས་ངོ་ཤེས་ནས། དབང་བསྐུར་བས་འཁོར་འབངས་མངའ་འོག་ཏུ་འདུས་སོ། །དེ་བཞིན་དུ་ཐོག་མའི་སངས་རྒྱས་དང༌། སེམས་ཅན་འོད་མཐོང་བ་ལས། རང་ངོ་མ་ཤེས་འཁྲུལ་བར་ཤར། »།«དེ་ལ་ངོ་སྤྲོད་བསྟན་པ་ནི། »།«རང་རིག་ཡེ་ཤེས་དབང་བསྐུར་ བས། »།«འཁོར་བའི་མཚན་མ་རང་སར་གྲོལ། །ཞེས་པས་སྟཻ། དཔེ་རྒྱལ་བུ། དོན་རང་རིག» «།རྟགས་ད་ལྟའི་ཤེས་པ་རང་མདངས་རང་ཤར་བ་འདི་སངས་རྒྱས་སུ་ངེས་ཤེས་བསྐྱེད་ལ་ངོ་སྤྲད་དོ། །དེ་ནས་ཚོགས་ལ་རོལ་ཞིང་གཏོར་མ་དངོས་གྲུབ་ཏུ་ཤེས་པས་ལོངས་སྤྱོད་ལ། བསྔོ་བ་སྨོན་ལམ་རྡོ་རྗེའི་གླུ། ལྷག་མའི་གཏོར་མ། བཀྲ་ཤིས་དང་བཅས་པའི་གྲངས་ཡོངས་སུ་རྫོགས་པར་ བྱའོ། །ཡི་གེ་སྔ་མར་ཅུང་ཟད་མ་ཚང་བ་རྣམས་དང༌། ཅུང་ཟད་གབ་པ་རྣམས་བླ་མའི་ཕྱག་བཞེས་ལྟར་ལྷག་ཆད་མེད་པར་བཀོད་པའོ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རང་བཞིན་རྫོགས་པ་ཆེན་པོའི་ལམ་ཞུགས་ཏེ། ། འགས་ཀྱང་མ་འབད་སུས་ཀྱང་མ་རྩོལ་བར། »།«དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག» «།སྙན་བརྒྱུད་ཡི་གེ་མེད་པའི་སྒོ་འབྱེད། དབང་རིན་པོ་ཆེ་གསལ་བའི་སྒྲོན་མ་ཞེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། སྣ་ཚོགས་རང་གྲོལ་གྱིས་བཀོད་པའོ། །དགེའོ། །དགེའོ། །དགེའོ།། །། | |||

= Source = | = Source = | ||
This page is a cleaned copy of the following rywikitexts page, which stay unchanged: | This page is a cleaned copy of the following rywikitexts page, which stay unchanged: | ||
* [[Klong chen rab byams gsung 'bum/volume 012 385]] (revision 10853, 2020-03-22) | * [[Klong chen rab byams gsung 'bum/volume 012 385]] (revision 10853, 2020-03-22) | ||
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept | Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden. | ||
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | ||
<headertabs/> | <headertabs/> | ||
Latest revision as of 21:59, 21 November 2026
First text in the volume klong chen rab 'byams kyi gsung 'bum (pe cin 2009)· Volume 12(NA) མཆོག་གསང་ལམ་ཁྲིད་ཆེན་མོ
| Title | གསང་སྐོར་གྱི་དབང་གི་ལག་ལེན་གསལ་བའི་སྒྲོན་མེ |

| Wylie | gsang skor gyi dbang gi lag len gsal ba'i sgron me

| Author | Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། |
| Location | klong chen rab 'byams kyi gsung 'bum (pe cin 2009), volume 12(NA), text 1, pages 25–36 (BDRC scan pages) |
| Section | snying thig ya bzhi › zab mo yang tig

| Tibetan text | E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print. |
| BDRC | MW1KG4884, outline 1.5.2.03 |
| Citation | Klong chen rab 'byams pa. gsang skor gyi dbang gi lag len gsal ba'i sgron me. In Kun mkhyen klong chen rab 'byams kyi gsung 'bum, vol. 12, pp. 25–36. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884. |
| Notes | Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884. |