LONGCHENPA-PECIN-11-DA-010: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-11-DA-010
Jump to navigation Jump to search
Longchenpa Project: generated page (21 November 2026)
 
Longchenpa Project: Theg mchog mdzod e-text (converted from a legacy font encoding); vowel signs kept with their letter at note boundaries (22 November 2026)
 
(One intermediate revision by the same user not shown)
Line 25: Line 25:
}}
}}
= Tibetan Text =
= Tibetan Text =
<div class="TibUni18" lang="bo" style="line-height:2.1;">
<div class="TibetanMachineUni16 lcp-etext" lang="bo">
༄༅། །བུམ་པའི་བརྡ་དོན་བཞུགས་སོ། །
༄༅། །བུམ་པའི་བརྡ་དོན་བཞུགས་སོ། །


« རང་བཞིན་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། ། ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་གསལ་དེ་ནས་སྒྲིབ་བྲལ་གདོད་མའི་ངང༌། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབས་གནས་ལ་བརྡ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །གྲུ་བཞི་པ་ནི་ཆ་བཞིར་བགོ །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་གོང་ཕྱི་ཐིག་གིས། །གཡས་གཡོན་ལྟོ་བའི་བཞི་ཆ་རེ། །མཚན་མ་བྱས་ལ་གྱེན་ཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡི། །ཤར་དང་ལྷོ་གཉིས་བུམ་པའི་གཤམ། །ནུབ་དང་བྱང་གཉིས་ཁ་ཡིན་ཏེ། །ལོགས་ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ནས་བསྐོར་ན་བཞི་པ་ ཡི། །ཤར་ལྷོའི་ཕྱེད་ལ་བུམ་གདན་བྱ། །ནུབ་བྱང་སྒང་པོ་ཁ་བརྒྱན་བྲི། །ཟུར་ནས་བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང༌། །ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟ»ེ«། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་རྭ་བས་བསྐོར། །དེ་ཡང་ནང་ནས་རིམ་པ་ བཞིན། །དཀར་དམར་མཐིང་སེར་ལྗང་གུ་འོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡ། །དེ་ཡི་དག་པ་བསྟན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་གདངས་ལྔར་གནས་པས་ན། ཁ་དོག་ལྔ་ཡི་རྭ་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡ། །བལྟ་ལུགས་གཉིས་ཀྱིས་བུམ་པ་གཉིས། །དེ་ལ་འདོད་དགུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གི་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་ངང༌། །རང་བཞིན་གནས་པའི་བརྡ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་དེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང༌། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་གདངས་ཁ་དོག་རྣམ་ལྔར་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་ནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཡང་གཉིས། །འགྱུར་བའི་སེམས་དང་འབྱུང་བཞིའི་ལུས། གདོས་བཅས་ཡུལ་དང་བཅས་པ་འོ། །དེ་ལྟར་རྩལ་གཉིས་སྦྱར་བའི་ཕྱིར། །ཉམས་ལེན་ཁྲེག་ཆོད་ཐོད་རྒལ་གཉིས། ཁྲེགས་ཆོད་ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུར་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་བཏབ་པས། །ལུས་དང་ཡུལ་གྱི་གདོས་བཅས་ནུབ། །རང་གསལ་ཐོག་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཐོད་རྒལ་ཁྲེགས་ཆོད་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་གཉིས་ནི། །བུམ་པའི་བརྡ་ཡིས་མཛད་པ་འོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང༌། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ནས། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐའ་མེད། ། སྟོང་ཁམས་རིག་པའི་ཞིང་ཁམས་ན། །ཡེ་ཤེས་འོད་དང་འོད་ཁྱིམ་དང༌། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང༌། །ལྷུན་འབྱམས་སྙྀང་པོ་རྒྱལ་བའི་ཞིང༌། ། རྣམ་དག་སྟུག་པོ་བཀོད་པ་འོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང༌། །མི་གསུང་མི་གཡོ་སྤྲོས་བྲལ་དང༌། །བྱིན་གྱིས་བརླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་ཅོད་པན་ཡང༌། །རང་བབས་ཕྱོགས་བཅུར་རང་སྣང་ངོ༌། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ཉིད། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡིས། །སྤྲུལ་པ་རྣམས་ཏེ་དེ་ལྟར་ན། །འབྲས་བུ་འང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པ་འོ། །འདི་ནི་བྱར་མེད་ཀློད་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར། །རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།ཀློང་ཆེན་བཀའ་འབུམ། ༼༡༡༽བུམ་པའི་བརྡ་དོན།
<span class="lcp-note"><span class="lcp-mark">«</span> རང་བཞིན་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། ། ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་གསལ་དེ་ནས་སྒྲིབ་བྲལ་གདོད་མའི་ངང༌། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབས་གནས་ལ་བརྡ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །གྲུ་བཞི་པ་ནི་ཆ་བཞིར་བགོ །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་གོང་ཕྱི་ཐིག་གིས། །གཡས་གཡོན་ལྟོ་བའི་བཞི་ཆ་རེ། །མཚན་མ་བྱས་ལ་གྱེན་ཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡི། །ཤར་དང་ལྷོ་གཉིས་བུམ་པའི་གཤམ། །ནུབ་དང་བྱང་གཉིས་ཁ་ཡིན་ཏེ། །ལོགས་ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ནས་བསྐོར་ན་བཞི་པ་ ཡི། །ཤར་ལྷོའི་ཕྱེད་ལ་བུམ་གདན་བྱ། །ནུབ་བྱང་སྒང་པོ་ཁ་བརྒྱན་བྲི། །ཟུར་ནས་བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང༌། །ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟེ<span class="lcp-mark">»</span></span><span class="lcp-mark">«</span>། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་རྭ་བས་བསྐོར། །དེ་ཡང་ནང་ནས་རིམ་པ་ བཞིན། །དཀར་དམར་མཐིང་སེར་ལྗང་གུ་འོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡ། །དེ་ཡི་དག་པ་བསྟན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་གདངས་ལྔར་གནས་པས་ན། ཁ་དོག་ལྔ་ཡི་རྭ་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡ། །བལྟ་ལུགས་གཉིས་ཀྱིས་བུམ་པ་གཉིས། །དེ་ལ་འདོད་དགུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གི་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་ངང༌། །རང་བཞིན་གནས་པའི་བརྡ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་དེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང༌། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་གདངས་ཁ་དོག་རྣམ་ལྔར་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་ནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཡང་གཉིས། །འགྱུར་བའི་སེམས་དང་འབྱུང་བཞིའི་ལུས། གདོས་བཅས་ཡུལ་དང་བཅས་པ་འོ། །དེ་ལྟར་རྩལ་གཉིས་སྦྱར་བའི་ཕྱིར། །ཉམས་ལེན་ཁྲེག་ཆོད་ཐོད་རྒལ་གཉིས། ཁྲེགས་ཆོད་ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུར་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་བཏབ་པས། །ལུས་དང་ཡུལ་གྱི་གདོས་བཅས་ནུབ། །རང་གསལ་ཐོག་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཐོད་རྒལ་ཁྲེགས་ཆོད་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་གཉིས་ནི། །བུམ་པའི་བརྡ་ཡིས་མཛད་པ་འོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང༌། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ནས། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐའ་མེད། ། སྟོང་ཁམས་རིག་པའི་ཞིང་ཁམས་ན། །ཡེ་ཤེས་འོད་དང་འོད་ཁྱིམ་དང༌། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང༌། །ལྷུན་འབྱམས་སྙྀང་པོ་རྒྱལ་བའི་ཞིང༌། ། རྣམ་དག་སྟུག་པོ་བཀོད་པ་འོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང༌། །མི་གསུང་མི་གཡོ་སྤྲོས་བྲལ་དང༌། །བྱིན་གྱིས་བརླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་ཅོད་པན་ཡང༌། །རང་བབས་ཕྱོགས་བཅུར་རང་སྣང་ངོ༌། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ཉིད། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡིས། །སྤྲུལ་པ་རྣམས་ཏེ་དེ་ལྟར་ན། །འབྲས་བུ་འང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པ་འོ། །འདི་ནི་བྱར་མེད་ཀློད་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར། །རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།ཀློང་ཆེན་བཀའ་འབུམ། ༼༡༡༽བུམ་པའི་བརྡ་དོན།
</div>
</div>
= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:
This page is a cleaned copy of the following rywikitexts page, which stay unchanged:
* [[Klong chen rab byams gsung 'bum/volume 011 338]] (revision 10806, 2020-03-22)
* [[Klong chen rab byams gsung 'bum/volume 011 338]] (revision 10806, 2020-03-22)
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.


Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).
<headertabs/>
<headertabs/>



Latest revision as of 21:59, 21 November 2026

སྤྲོས་མེད་ཀྱི་དབང་ཆོག་ཀློང་གསལ་ཆུ་བོ klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) ཤིན་ཏུ་སྤྲོས་པ་མེད་པའི་དབང་ཆོག་ཡེ་ཤེས་ཆུ་བོ

Title བུམ་པའི་བརྡ་དོན
Wylie bum pa'i brda don


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 10, pages 113–115 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.12
Citation Klong chen rab 'byams pa. bum pa'i brda don. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 113–115. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །བུམ་པའི་བརྡ་དོན་བཞུགས་སོ། །

« རང་བཞིན་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། ། ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་གསལ་དེ་ནས་སྒྲིབ་བྲལ་གདོད་མའི་ངང༌། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབས་གནས་ལ་བརྡ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །གྲུ་བཞི་པ་ནི་ཆ་བཞིར་བགོ །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་གོང་ཕྱི་ཐིག་གིས། །གཡས་གཡོན་ལྟོ་བའི་བཞི་ཆ་རེ། །མཚན་མ་བྱས་ལ་གྱེན་ཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡི། །ཤར་དང་ལྷོ་གཉིས་བུམ་པའི་གཤམ། །ནུབ་དང་བྱང་གཉིས་ཁ་ཡིན་ཏེ། །ལོགས་ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ནས་བསྐོར་ན་བཞི་པ་ ཡི། །ཤར་ལྷོའི་ཕྱེད་ལ་བུམ་གདན་བྱ། །ནུབ་བྱང་སྒང་པོ་ཁ་བརྒྱན་བྲི། །ཟུར་ནས་བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང༌། །ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟེ»«། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་རྭ་བས་བསྐོར། །དེ་ཡང་ནང་ནས་རིམ་པ་ བཞིན། །དཀར་དམར་མཐིང་སེར་ལྗང་གུ་འོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡ། །དེ་ཡི་དག་པ་བསྟན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་གདངས་ལྔར་གནས་པས་ན། ཁ་དོག་ལྔ་ཡི་རྭ་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡ། །བལྟ་ལུགས་གཉིས་ཀྱིས་བུམ་པ་གཉིས། །དེ་ལ་འདོད་དགུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གི་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་ངང༌། །རང་བཞིན་གནས་པའི་བརྡ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་དེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང༌། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་གདངས་ཁ་དོག་རྣམ་ལྔར་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་ནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཡང་གཉིས། །འགྱུར་བའི་སེམས་དང་འབྱུང་བཞིའི་ལུས། གདོས་བཅས་ཡུལ་དང་བཅས་པ་འོ། །དེ་ལྟར་རྩལ་གཉིས་སྦྱར་བའི་ཕྱིར། །ཉམས་ལེན་ཁྲེག་ཆོད་ཐོད་རྒལ་གཉིས། ཁྲེགས་ཆོད་ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུར་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་བཏབ་པས། །ལུས་དང་ཡུལ་གྱི་གདོས་བཅས་ནུབ། །རང་གསལ་ཐོག་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཐོད་རྒལ་ཁྲེགས་ཆོད་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་གཉིས་ནི། །བུམ་པའི་བརྡ་ཡིས་མཛད་པ་འོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང༌། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ནས། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐའ་མེད། ། སྟོང་ཁམས་རིག་པའི་ཞིང་ཁམས་ན། །ཡེ་ཤེས་འོད་དང་འོད་ཁྱིམ་དང༌། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང༌། །ལྷུན་འབྱམས་སྙྀང་པོ་རྒྱལ་བའི་ཞིང༌། ། རྣམ་དག་སྟུག་པོ་བཀོད་པ་འོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང༌། །མི་གསུང་མི་གཡོ་སྤྲོས་བྲལ་དང༌། །བྱིན་གྱིས་བརླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་ཅོད་པན་ཡང༌། །རང་བབས་ཕྱོགས་བཅུར་རང་སྣང་ངོ༌། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ཉིད། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡིས། །སྤྲུལ་པ་རྣམས་ཏེ་དེ་ལྟར་ན། །འབྲས་བུ་འང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པ་འོ། །འདི་ནི་བྱར་མེད་ཀློད་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར། །རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།ཀློང་ཆེན་བཀའ་འབུམ། ༼༡༡༽བུམ་པའི་བརྡ་དོན།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).