LONGCHENPA-PECIN-04-NGA-015: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-04-NGA-015
Jump to navigation Jump to search
Longchenpa Project: generated page (21 November 2026)

Longchenpa Project: Theg mchog mdzod e-text (converted from a legacy font encoding); vowel signs kept with their letter at note boundaries (22 November 2026)

(One intermediate revision by the same user not shown)
Line 26: Line 26:

= Tibetan Text =
= Tibetan Text =

༄༅། །གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་བཞུགས། ཨོཾ་«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་»ཨཱཿཧཱུྃ། ལུང་བྱང་ལས། །སྣ་ནམ་རྡོ་རྗེ་བདུད་འཇོམས་ཁྱོད། །ད་དུང་སྐྱེ་བ་འགའ་ཞི«ག»་བརྒྱུད། །འགྲོ་དོན་མི་བྱེད་སྦས་ཚུལ་བྱེད། །ལན་གཅིག་སྐྱེ་བ་ལྔ་བརྒྱའི་དུས། །ཆོས་ཉིད་མངོན་དུ་གྱུར་པ་ཡིས། །ཀློང་རྡོལ་མི་ཡི་སེང་གེ་ནི། །མེ་ལོང་མིང་དུ་བཏགས་པ་འབྱུང༌། །དེ་རྗེས་ཨོ་རྒྱན་ཡུལ་དུ་མཆི། །འདི་ཐོས་སེམས་ཅན་སྨིན་གྲོལ་འགྱུར། །ཞེས་ཨོ་རྒྱན་གྱི་ལུང་བྱང་ཆེན་མོ་ནས་གསུངས་སོ། །ཨོཾ་ཨཱཿ«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་»ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་«ཡི་དམ་གྱི་སྙིང་པོ་»ཧཱུཾ་ཧྲཱི། «འདས་མ་འོངས་ད་ལྟ་»དུས་གསུམ«་»བདེ་གཤེགས«་ཆོས་ཀྱི་དབྱིངས་»མཆོག་«ཀུན་གྱི་»གི་ནོར་བུ་«དགོས་འདོད་ཐམས་ཅད་འབྱུང་བས་»བླ་མ་རྗེ། །འགྲོ་དྲུག་«ཐུགས་རྗེས་»སེམས་ཅན་སྐྱབས་གནས་«དྲི་མེད་»ཉི་ཟླ་ལྟ་བུའི་སྐུ། །དུག་ལྔའི་ནད་«ཀུན་»སེལ་«བྱེད་གདམ་ངག་»སྨན་མཆོག་«ཟབ་མོ་»བདུད་རྩི་«མོས་གུས་ཅན་ལ་»སྟེར་མཛད་པའི། །«འཁོར་བ་ནསབཏོན་པས་»དྲིན་ཅན་བླ་མ«་མ་ལུས་པ་»རྣམས་ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། །«སྐུ་»གསལ་«ངོ་བོ་»སྟོང་«གཉིས་མེད་»ཟུང་འཇུག་ངང་ནས་«ཅི་བསམ་པ་»དགོས་«»འདོད་ཕུན་སུམ་ཚོགས། །ཞི་རྒྱས་དབང་དྲག་«འཕྲིན་ལས»་བཞི་ཡིས་འགྲོ་བ«་འདུལ་དཀའ་བ་»འདུལ་བའི་སྐུ། །སྨིན་«དབང་»གྲོལ«་བསྐྱེད་རྫོགས་»བྱིན་རླབས་ཆེན་པོས་«ག»ཞན་སྣང་«ཆོས་ལ་»བསྒྱུར་མཛད་པའི། །ཡི་དམ་མཁའ«་»འགྲོའི་«གསང་སྔགས་ཀྱི་ལྷ་»ཚོགས་«མ་ལུས་»ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། «ཟབ་པ་»གཏིང་གསལ་ཡེ་ཤེས་ཆེན་པོའི་རིག་པ་འོད་པོ་ཆེ། །«གཞན་ན་མེད་»རང་ཤར་དྲི་མེད«་དག་གི་»མདངས་ལྡན་«སྣ་ལྔ་»རིགས་ལྔ་ཡབ་ཡུམ་«ལོངས་»སྐུ། །བྱར་མེད་«ལྷུན་གྱིས་གྲུབ་པ་«སྟོང་»ཉིད་«དངོས་པོ་མེད་»ངང་དུ་འཁོར་འདས་ཀ་དག་པའི། །སེམས་«རང་སེམས་»ཉིད་ཀུན་ཏུ་བཟང་ལ་གུས་པས་ཕྱག་འཚལ་བསྟོད། །ཀྱེ་བདག་«མེ་ལོང་ལ་»གུས་དད་ལྡན་«སྐྱོ་ངལ་མེད་པ་»སྙིང་གི་བུ་རྣམས་སྤྲོ་ཕྱིར་དུ། །རྣམ་ཐར་གསལ་བྱེད་རྫུན་«བདེན་པོ་བཤད་ཀྱང་»གྱི་མེ་ལོང«་ཆོས་པའི་དོན་དུ་»བྲི་བར་བྱ། །«སྤྲང་སྨྱོན་ཟླ་བ་མུན་སེལ་»མཉམ་མེད་སྦས་པའི་རྣལ་འབྱོར་ཐུགས་ཀྱི་སྤྲུལ་པ་ནི། །ས་གཙང་རི་མཐོ་སྒྲགས་ནང་འགྲོ་མགོན་«ཞང་རིན་པོ་ཆེའི་དར་ཕུག་»གདན་ས་རུ། །མེ་འབར་«ཡུམ་གྱི་ལྟོ་ན་ཡོད་ཙམ་ན་རྨི་ལྟས་བཟང་པོ་དཔག་མེད་གསུང་»འཁྲུལ་ཞིག་«ཡབ་»བསམ་ཡས་སྲས་སུ་«དར་ཕུག་ཏུ་»འཁྲུངས། །ཆུང་ངུའི་དུས་«ལོ་གཉིས་ནས་གཏོར་མ་གཏོང་»ན་དགེ་རྟགས་དཀར་པོའི་«གསོལ་འདེབས་ཕྱག་དང་»ཆོས་སྤྱོད་གཙོ་«བཤད་པ»། །«ཆོས་ལ་»སྔོན་སྦྱངས་སྒྲིབ་གཡོགས་ཆུང་བས་མངོན་ཤེས་ཕྲ་མོ་«འདི་འོང་བྱ་བ་»དང༌། །ཆུ་«ཟླ་བ་མུན་སེལ་»ཤུལ་སྤྲང་པོའི་རྒྱུ་མཚན་དུས་དེ་ཉིད་ནས་གསལ། །«རྒྱ་གར་དུ་»སྔོན་དུ་བསོད་ནམས་«བསོག་པའི་»འཇུར་གེགས་«ཁ་ནས་ཕྲིས་»བྱས་པའི་«ཟླ་གཅིག་ཕྱིར་བསྲིངས་པའི་»རྣམ་སྨིན་ གྱིས། །སྐྱེ་དམན་མ་ཡིས་བཏུད་ཚད་«འཁོས་ཆུང་བས་»བྱམས་པར་བྱས་ལགས་ ཀྱང༌། །མི་གོ་འགྲིམས་པས་རྒྱ་གད་ཤིག་གི་སེར་བ་«སྡུག་པོ་རང་བྱས་»བབས། །«ད་ཤེས་མེད་པར་ཉུང་མ་དང་ཐལ་བ་ཀུར་བས་རྩ་གཉིད་ལོག་དུ་སོང་བ་དང་»དྭ་ཕྲུག་ཐན་ཆེན་ཆོས་པས་མ་མྱོང་དགུ་གཅིག་«དཀོར་ཆོས་མེད་པར་ནས་བྲེ་གསུམ་གྱི་ཟླ་བ་གཅིག་ཐུབ་པ་བྱས་»མྱོང༌། །དེ་དུས་འཆི་བ་དྲན་ནས་«གསོལ་བ་མང་པོ་བཏབ་ཏེ་»ཉིན་མཚན་མེད་པར་ངུས། །གྲུབ་ཐོབ་«མཆེད་གཉིས་»ཟ་ལུང་པ་དང་མཁན་ཆེན་སེ་ལུང་པས་«དྲིན་ཅན་གཅིག་ཡིན་ཞི་བྱེད་ལམ་གསུམ་ཕག་མོར་ལུགས་ཨིནྡྲ་བྷུ་ཏིའི་ཐབས་ལམ་དམ་པ་འཕྱར་ཆུང་གི་གསང་སྒྲུབ་ཕག་ནག་བཀའ་མ་ཞུས་»། །ལོ་དགུ་«ངོ་བཅུ»འི«་»དུས་སུ་«ཞང་པོ་སྒོམ་ཆེན་པ་གཅིག་གིས་ཁྲིད་ནས་»བཙུན་ཆུང་བྱས་ཏེ་འདུལ་ཁྲིམས་«ལོ་བཅུ་བདུན་ཚུན་ཆད་»བསྲུངས། །དེ་དུས་«དབྱར་དགུན་ལྔ་ཙམ་»ཟངས་མཚོར་སྒོམ་ལོ་བྱས་པའི་ཚེ། །འདྲེ་རྟོག་ཆོ་འཕྲུལ«་བན་དྷེ་གཅིག་གིས་དངོས་སུ་ཆིར་ཆིར་མནན་»ཆེན་པོ་བྱུང་བའི་ལོ་རྒྱུས་དང༌། །ཕྱི་«ནམ་མཁའ་»ནང་«སེམས་»སྟོང་པར་རྟོགས་པས་«ལུས་པོ་འདི་མེད་ན་གཅིག་ཏུ་འདུག་པ་སྙམ་ནས་»ཤི་ན་དགའ་སྙམ་བྱུང༌། །«ཉམས་»དབྱངས་བླངས་མཆེད་གྲོགས་ཀུན་གྱིས་«དུས་ལ་མ་བབས་ཟེར་»ཁ་དགགས་«སྔར་སྟོང་ཉིད་»ཏིང་འཛིན་འགྲིབས། བཅོ་ལྔ་ལོན་པའི་དུས་སུ་སེང་གེ་རྒྱབ་ཏུ་«གྲུབ་ཐོབ་ཟ་ལུང་པའི་ཞལ་ནས་ཁྱོད་རང་གི་བླ་མ་བན་རྒན་ཡིན་པས་བགྲེས་ཡོད་པར་འདུག་སོང་གསུང་»ཕྱིན། བརྩེ་བས་ཐུགས་ཀྱིས་བཟུང་ནས་གཙུག་གི་རྒྱན་གཅིག་«འབྲལ་མེད་»མཛད། །ཟླ་བཞི་«གཟིམ་ཁང་བླ་ཡིར་»འབྲལ་མེད་བརྟེན་ནས་ཟླ་དྲུག་ལོན་ཚེ་«ཟླ་བ་གཉིས་སྙུང་ལུག་ཟླའི་ཚེས་བཅུ་བཞི་ལ་»གཤེགས། །«དྲིན་ཆེན་པོས་»དྲན་ཆོག་མོས་གུས་ཐོབ་པས་«རྨི་ལམ་དུ་ཆོས་མང་པོ་གསུངས་བསླབ་བྱ་མང་པོ་མཛད་ཨོ་རྒྱན་ན་ཡོད་གསུང་»རྟེན་རྣམས་ལག་ཏུ་བྱོན། །བཅུ་དྲུག་ལོན་ཚེ་«རྒན་མོ་ཐུགས་རྗེ་ཟེར་བ་གཅིག་གིས་བྱས་པས་གཉིས་ཀ་འཚེངས་»ཞོགས་སྟེངས་བརྒྱ་ཚར་«གླེགས་བམ་»བྱས་ལགས་པས། བཀའ་ཡི་«མཐའ་བྲལ་སྟོང་པ་»དོན་རིག་རང་སེམས་ནམ་མཁའ་ལྟ་བུར་རྟོགས། །«ཡིད་ལ་དྲན་པ་ལ་ལྷག་མ་བཞག་པར་»དྲན་སྣང་དབྱངས་སུ་བླངས་ཤིང་སྨྱོན་པའི་སྤྱོད་པ་བྱས། །སྟག་སྒོ་མཁར་ཆུ་རི་བྲག་གཉེན་ཁྲོད་དབེན་ས་བརྟེན། །ཆུ་འཐུང་རྡེ་འུ་འབྲུ་ཆེན་བདུད་རྩིའི་བཅུད་ལེན«་ལོ་མང་པོ་»བྱས། །«གཡུ་བྲག་དབ་དུང་ལུང་དུ་»ནས་བྲེ་གང་གིས་ཟླ་གཅིག་ཉི་ཤུ་ཐུབ་པར་«ལོ་ཉི་ཤུ་རྩ་ལྔ་ཕན་ཆད་ལ་»བྱས། ཁྱི་སྤགས་གདན་རེ་རས་རྐྱང་རེ་ལ་བརྟེན་པ་དང༌། ། དཀའ་«ད་མ་ཤིའི་བར་དུ་ནས་ཁལ་གཉིས་ལས་མང་བཚག་མི་བྱེད་པ་དང་མཚམས་དང་ཐེམ་སྤངས་དང་འདག་ཆར་དང་སྨྲ་བཅད་བྱས་ནས་སྒྲུབ་པ་ལ་འབུངས་བ་ཡིན་»སྤྱད་སྡུག་«བ»སྲན་བསྐྱེད་ནས་ཆོས་ཀྱི་ཕྱོགས་སུ་འབུངས། །བཅོ་བརྒྱད་ལོན་ཚེ་འགྲན་མེད་སངས་རྒྱས་དབོན་པོ་«རྒྱལ་མཚན་» ཡིས། ། རྫོགས་ཆེན་སྙིང་ཐིག་ངོ་སྤྲད་ཆོས་ཉིད་མངོན་སུམ་«སེང་གེ་རྒྱབ་ཏུ་»བསྟན། ། ཡིན་ལོ་ཙམ་ལ་«ཡིད་དཔྱོད་ལ»་མ་བརྟེན་སྐུ་གསུམ་རྗེན་པར་«རྡོ་རྗེ་སེམས་དཔའ་དངོས་སུ་» མཐོང༌། །མཐོང་ལོ་ཙམ་དུ་«གོ་བར་མ་ཤོང་»མ་གྱུར་སྣང་སྲིད་«དབྱིངས་རྣམ་པར་དག་པའི་»གཞལ་ ཡས་ཁང༌། །དེ་འཛིན་«ཞེན་པ་མེད་»སྟོང་པར་རྟོགས་པས་འཁོར་འདས་«ཚིག་གི་»བརྗོད་གཞི་བྲལ། །རྫོགས་ཆེན་བརྒྱུད་པ་རྣམས་དང་རྨི་ལམ་ནང་དུ་མཇལ། །གདུང་ཤུགས་དགའ་བའི་སེམས་ཀྱིས་བརྒྱུད་པའི་གསོལ་འདེབས་བྱས། །རྩ་གསུམ་ལོན་ཚེ་«གུང་ཐང་དར་ཆུ་བར་ཕུག་ཏུ་»མཉམ་མེད་སངས་རྒྱས་རས་པ་ལ། །རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མ་ལུས་པ་«ལུང་མང་པོ་ཞུས»།« »།འཁྲུལ་གཅོད་བཀའ་རྒྱ་མ་དང་གདམ་ངག་དཔག་མེད་ཞུས། །དགོས་འདོད་ཆོས་ཀྱི་གཏེར་རྙེད་ཕོངས་པའི་དབུལ་བ་བསལ་«གཞན་ལ་ཚོལ་མ་དགོས»། །དབྱར་དགུན་གསུམ་ཙམ་བརྟེན་ནས་བླ་མ་དགུང་ལ་གཤེགས་«སྦྲུལ་ལོའི་ཚེས་བཅུ་ལ»།།འབྲལ་མེད་«རྨི་ལམ་དུ་མཇལ་ནས་ཆོས་མང་པོ་གསུངས་ཕག་མོ་ཀླུ་འདུལ་གྱི་ལུང་གནང་» «ཕྱིས་ཀྱང་མཇལ་བ་ཡིན་གསུངས་»སྙིང་ལ་བཅངས་པས་བྱིན་རླབས་རྒྱུན་ཆད་མེད། །རྩ་བཞི་ལོན་ཚེ་ཡེ་ཤེས་ཕག་མོ་ཉིད་དང་མཇལ་«ཀ་བ་ཅན་དུ་སྦྱིན་སྲེག་བྱས་པས་བྲག་ཕུག་འོད་ཀྱིས་བཀང་རྡོ་ལ་རྗེས་བྱུང་»། །ཟོག་པོའི་རྫུན་རྐྱལ་«རྫུན་ཡིན་ཟེར་ཏེ་རྫུན་ལ་ཟད་པ་མེད་དེ་བསྡུས་ལ་ཐོང་རྗེས་བཀྲ་རི་མོ་ཆེ་མཐོང་ཆུང་མཐོང་»རྡོལ་བ་ཀུན་གྱི་ཐུགས་ལ་གསལ། །འོན་ཀྱང་བསྟན་གཙོ་སྒྲོལ་མ་«དད་ན་སྤྲོ་ཕྱིར་ཀ་བ་ཅན་དུ་འཁོར་བ་དོང་སྤྲུགས། ཕྱག་སྟོང་སྤྱན་སྟོང༌། ཀ་བ་ཅན་དུ་ཀུན་བཟང་ཡབ་ཡུམ་དང༌། ཨོ་རྒྱན་དམ་པ་དབུ་རྡེབ། ཇོ་མོ། ཞང་རིན་པོ་ཆེ། སེང་གེ་རྒྱབ་པ། སངས་རྒྱས་རས་པ། ཟ་ལུང་པ། ཞིག་པོ་ཤེས་རབ། རྒོད་ཚང་པ། རི་བོ་སྒང་པ། ཕ་རྒན་བསམ་ཡེ། ཞིག་མོ་རང་གྲོལ་རྣམས་མཐོང་»ཐུགས་རྗེ་ཆེན་པོ་དང༌། །ལྷན་སྐྱེས་རྟ་མགྲིན་མཁའ་འགྲོ་བླ་མ་བཅུ་གསུམ་རྣམས། །གསལ་དག་འཇའ་འོད་དཀྱིལ་ན་དངོས་སུ་བཞུགས་པ་མཐོང༌། །མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་བཏབ་པའི་ཚེ། །ཨེ་མ་«ནམ་མཁའ་ནས་གསུངས་»བློ་བྲལ་སེམས་ཀྱི་གནས་ལུགས་བརྗོད་གཞི་བྲལ། །ལྟ་སྒོམ་སྤྱོད་འབྲས་མེད་པར་སེམས་ཐག་ཆོད། །སྐལ་ལྡན་སྙིང་པོ་རྟོགས་པས་རྒྱལ་བའི་སྲས། །ཚུལ་ཆོས་འཛིན་པ་ཐོངས་ཤིག་རྣལ་འབྱོར་ པ། ། ཞེས་གསུངས་མི་སྣང་ནམ་མཁའི་དབྱིངས་སུ་ཡལ་ནས་ཐལ། །བླ་མའི་བཞུགས་གནས་«སེང་གེ་རྒྱབ་»དུང་ལུང་ཉིད་དུ་བསྡད་པའི་ཚེ། །ཡིད་འོང་བུ་མོ་གཞོན་པའི་གསུང་དབྱངས་སྙན་པོ་ཡིས། །གཟུགས་མེད་ཨཱཿཧཱུྃ་སྒྲ་ཡིས་བར་སྣང་ཁམས་རྣམས་«ནམ་ཕྱཻད་ཡོལ་ཙམ་ན་»གང༌། །ཡང་«ཆོས་རྫོང་དུ་»དུས་ཚེས་བཅུ་གཅིག་གི་ཐོ་རངས་སྒྲ་གཅིག་གྲགས། །གཉིད་སད་མཁའ་ལ་བལྟས་ཚེ་མཁའ་འགྲོ་ལྔ་བཞི་ཡིས། །མགྲིན་གཅིག་བསྡེབས་ཏེ་སྙན་པའི་གསུང་དབྱངས་འདི་ལྟར་ཐོས། །ཨེ་མ་བློ་བདེའི་མལ་དུ་ཆོས་ཉིད་«རྫོགས་ཆེན་སྙིང་ཐིག་»དོན་བལྟས་པས། །སྐྱེ་རྒྱུན་འདིས་ཆོད་«མངལ་སྒོ་མི་འགྲིམས་»ནམ་མཁའི་རྣལ་འབྱོར་པ། །བསྒྲུབ་«མཁའ་འགྲོའི་»རིམ་སྲོག་འཕྲོག«་བབྲུ་ལྔའི་»སྙིང་པོ་རྒྱུན་བཟླས་པས། །འབྲལ་མེད་«ཞལ་བཞེས་»སྟོང་གྲོགས་བྱ་ཡིས་སྙིང་གི་བུ། །ཞེས་གསུངས་ཏིང་གི་སྒྲ་«འུར་འུར་»ལྟར་«ཐག་ཆོད་པའ»ི་ལུང་བསྟན་དངོས་སུ་ཐོབ། །ཡང་«ཉིན་ཕྱེད་ཡོལ་ཙམ་ན་གཉིད་དུ་སོང་བའི་རྨི་ལམ་དུ་མཐོང་བས་ལུས་སྦྲིད་ལ་གཉིད་སད་ཙ་ན་ནམ་མཁའ་ལ་»ཅིག་ཀ་བ་ཅན་དུ་ཚེས་གྲངས་བཅུ་གཉིས་ལ། །ཕག་མོ་«ཞལ་དངོས་སུ་མཐོང་»དམར་མོ་«དང་»གྲུབ་ཐོབ་ཟ་ལུང་པ། །གཉིས་མེད་ནམ་མཁའི་དཀྱིལ་དུ་འོད་དུ་འབར་བ་མཐོང༌། །ཞེན་མེད་མཆོག་གི་དངོས་གྲུབ་སྤྲང་པོ་ཉིད་ཀྱིས་ཐོབ། ། བླ་མ་«སངས་རྒྱས་རས་པ»འི་གཤེགས་ཤུལ་དར་ཆུང་ཉིད་དུ་བསྡད་པའི་ཚེ། །རྨི་ལམ་ཕག་མོ་«ཚེས་བཅུ་གསུམ་གྱི་«ནུབ་མ»ོ་འཁོར་བཅས་སྙིང་པོ་«འབྲུ་ལྔ་»སྒྲོག་ཅིང་བྱོན། །དེ་དུས་ས་གཡོས་གཉིད་སད་«དམར་པོ་ཕུབ་ཙམ་པའི་དཀྱིལ་དུ་འོད་«ཁྲུ«་གང་བ་གཅིག་བྱུང་»འོད་ཀྱི་ཕག་མོ་ མཐོང༌། །«མི་ལས་»རྒྱལ་བའི་སྲས་པོ་«རང་གི་བུ་ཆུང་སྐྱེས་པའི་དུས་»འཇའ་ཚོན་རིང་བསྲེལ་སྒྲ་རུ་བཅས། །«སྤྲང་པོ་»གནས་མཆོག་དཔལ་གྱི་སྐྱབས་གནས་རྫོང་དུ་བསྡད་པའི་ཚེ། ། བླ་མ་«བླ་མ་སྐུ་གཤེགས་ཟ་ལུང་པ། སངས་རྒྱས་རས་པ། སངས་རྒྱས་དཔོན་པོ། བླ་མ་གུ་རུ་བ། »རྣམ་ལྔ་མཁའ་འགྲོ་རྡོ་རྗེ་སེམས་དཔའ་«ཚེས་བཅོ་ལྔའི་ནུབ་མོ་མཁའ་འགྲོ་སྡེ་ལྔ་རྡོ་རྗེ་སེམས་དཔའ་»ཡིས། །རྨི་ལམ་«ཁྱད་འཕགས་»རྫོགས་ཆེན་དཀྱིལ་འཁོར་ཞལ་ཕྱེ་«བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབང་ཚིག་དབང་རིན་པོ་ཆེ་བཞི་པའི་དབང་ངོ་»བཞི་རྫོགས་དབང༌། །བརྡ་དོན་ཟབ་མོས་ངོ་སྤྲད་རིགས་ལྔ་ཡབ་ཡུམ་མཐོང༌། །བར་ཆད་རྐྱེན་རྣམས་མང་ཡང་«བསྡད་དུ་མ་བྱུང་ཡང་བར་ཆད་མང་བས་རིགས་པ་འུར་ཏེ་ཐོན་རྗེས་ཕུར་བ་ཆུ་བྲག་མེ་ལ་བརྟུལ་ཞུགས་སོ་»རྟགས་ལ་བསམ་མི་ཁྱབ། །ཨེ་མ་«སྔགས་གསར་རྙིང་»གདམས་པའི་གནས་ཡོད་རྗེས་འཇུག་«དད་ཡོད་རྣམས་»ཡ་མཚན་སྐྱེ། ། རྩ་དྲུག་ལོན་ཚེ་«ཤཱནྟི་བའི་དབང་བཞི་རྫོགས་པ་»རི་ཁྲོད་འཁྲུལ་«མཆུ་སྣོམ་མ་བུ་ཚོགས་དྲུག་ལ་སོགས་པ་»ཞིག་དར་མ་ལ། །གསང་སྔགས་ཐབས་ལམ་གནད་ཞུས་ཅི་བྱས་ཆོས་སུ་བཏང༌། ། ཚེ་འདིར་«སྐུར་པ་»མི་ཁ་ཟ་ཡང་རང་ཉིད་དོན་དང་ལྡན། །སྤྲུལ་སྐུ་རྒྱ་མཚོའི་མཚན་ཅན་«ཆོས་ཀྱི་འབྲེལ་བའི་བླ་མ་»གྲུབ་ཐོབ་གཞོན་ནུ་འབུམ། །ཐེག་ཆེན་སྙིང་པོའི་དོན་གསུང་དུག་རྣམས་ཟས་སུ་གྱུར། །ལྷ་རི་«འགྲོ་བའི་མགོན་པོ་»དབང་ཕྱུག་«ཆོས་རྗེ་འབྲུག་པའི་གདམ་ངག»་ཕག་སྣ་རྡོ་རྗེ་གདན་པ་དང༌། །མཁས་བཙུན་གྲུབ་ཐོབ་བརྟེན་ནས་གདམས་ངག་དཔག་མེད་ཞུས། །ལར་ནི་མཚན་ཉིད་ལྡན་པའི་བླ་མ་བཅུ་གསུམ་ བརྟེན། །འགྲན་ཟླ་རྩོད་པ་བྲལ་བའི་བླ་མ་རྣམས་«སེངྒེ་རྒྱབ་པ། སངས་རྒྱས་རས་པ། གྲུབ་ཐོབ་ཟ་ལུང་པ་»གསུམ་ལགས། །ཁྱད་འཕགས་«རྫོགས་ཆེན་འདི་ལས་ལྷག་པ་མེད་»དྲན་མཆོག་བླ་མ་གུ་རུ་ལ། །གསང་བ་སྙིང་ཏིག་རྒྱུད་རྣམས་ཕ་པད་གཉིས་ཀྱིས་ཞུས། །ད་ལྟ་སུམ་ཅུ་ལོན་ནས་མ་ཤིའི་བར་དུ་ཡང༌། །འཇིག་རྟེན་སྒྱུ་མའི་ནོར་ལ་ཞེན་པ་སྤུ་ཙམ་མེད། །སྨྱོ་«འདི་མི་བྱེད་བྱ་བ་མེད་པ་»སྤྱོད་བྱིས་པའི་རྣམ་ཐར་ངོ་ཚ་«ཁ་ནས་ཐོན་ཚད་དང»་སྦ་གསང་བྲལ། །ལྷ་«ཞལ་མང་པོ་མཐོང་»སྐུ་འབུམ་ཕྲག་«ཞི་ཁྲོའི་ལྷ་ཚོགས་»ཞལ་མཐོང་དེར་འཛིན་བློ་སེམས་སྟོར་«ང་རྒྱལ་མེད»།« » ཁྲོས་མའི་སྙིང་རླུང་ཞུགས་པས་གཞན་དབང་«འུར་འགྲོགས་ཁོང་ན་ཞེ་བཅད་ཡོད་པས་»གཅིག་མི་གཏོང༌། །བྱིན་རླབས་ཉམས་«རྨི་ལམ་ཙམ་སྒྱུ་མ་ཙམ་བྲག་དང་ཆུ་དང་མེ་དང་མཚོན་»མྱོང་འུར་ན་ཐམས་ཅད་རྫུན་པོ་ཡིན། །འདི་ཡིན་བདེན་«ཟླ་བ་མུན་སེལ་ནམ་འཆི་མི་རྟག་»པ་མེད་དོ་དོན་རང་ངོ་«སེམས་ནམ་མཁའ་ལྟ་བུ་»བོས་སྟོད། །«མོས་གུས་ཅན་»འབྲལ་མེད་བྱིན་བརླབས་འབྱུང་གི་རྗེས་«དོན་གཉིས་»འཇུག་བསྒྲུབ་ལ་རེམ། །མེ་ལོང་«ཟོག་མ་བྱས་»བསླུས་པ་«གདམ་ངག་ཟབ་ཆོས་བཤད་»མེད་དོ་བསམ་མནོ་ལེགས་པར་ཐོངས་«གཏན་དུ་མི་འགྲོགས»། །སྒྱུ་ལུས་«མགོ་ཟིང་འདི་»གཡར་པོ་ཡིན་པས་འབྱུང་བ་བཞི་ལ་གཏོད། །ལས་སུ་«དམིགས་མེད་»ཆོས་རང་བྱས་པས་དཔའ་བོ་མཁའ་འགྲོས་«ཟོག་མ་བྱས་»བསུ། །བླ་མ་རང་གི་སེམས་སུ་བྱོན་པས་«གཉིས་གཅིག་ཡིན་ཆུ་ལ་ཆུ་ཐིམ་»དབྱིངས་སུ་དབྱེར་མི་ཕྱེད། ། འཇའ་དང་འོད་«དཀར་སེར་སྣ་ལྔ་»དང་སྒྲ་དང་རྟགས་རྣམས་«སྐུ་གདུང་འབར་བ་ལས་བཤད་པ་བཞིན་»མ་ལུས་པ། །«མིག་གིས་»མཐོང་«རྣ་བས་»ཐོས་«ཡིད་ཀྱིས་»དྲན་པར་གྱུར་པའི་«ཆོས་འདི་བདེན་པའི་»ཡོན་ཏན་«སེམས་ཅན་ལས་ངན་པའི་»བློར་མི་ཤོངས། །འོན་ཀྱང་བྱིན་རླབས་ཀྱིས་མ་ལུས་ཀུན་བཟང་ཀློང་དུ་ཉེ་བར་འགྱུར། །འདི་བྲིས་དགེ་བས་འགྲོ་དྲུག་མ་ལུས་པ། །རྣམ་དག་ཡེ་ཤེས་ཀློང་དུ་སྒྱུ་ལུས་དག་གྱུར་ནས། །གཉིས་ཆོས་«མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་ཏེ་བདེ་བ་ཆེན་པོ་ལ་འཁོད་དོ་»མེད་ཀྱི་དབྱིངས་སུ་མྱ་ངན་འདའ་གྱུར་ཅིག །མེ་ལོང་རྡོ་རྗེའི་རྣམ་ཐར་གསལ་བྱེད་རྫུན་གྱི་མེ་ལོང་ཞེས་བྱ་བ། དད་གུས་ཅན་གྱི་དཔོན་ཀུན་གྱིས་ཡང་ཡང་བསྐུལ་ནས། བྱ་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་ཚར་བར་བྲིས་པ་ལགས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་ཨཱཿཧཱུཾ་ཧྲཱི། འབར་ཁའི་མི་ཁ་བསྡུས་ཀྱང་ཨེ་མ་གཡས་རེ་ཆུང༌། ཧེ་ཧེ་ཧེ། བླ་མ་དམ་པ་དེས་འདས་རྗེས་གསུངས་པ། ང་འགྲོ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འགྲོ། །རྫོགས་ཆེན་རྣལ་འབྱོར་དུད་ཡལ་ནམ་མཁའ་འདྲ། །སྟོང་ཉིད་སད་ཆེན་འཁྲུལ་རྟོག་སྤྲིན་ཚོགས་གཏོར། ། ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །སྙིང་ཏིག་རྣལ་འབྱོར་བར་སྣང་འཇའ་ཚོན་འདྲ། །རང་རིག་ཤེལ་སྒོང་ཁྲི་གདུགས་འོད་དང་མཇལ། །ལོངས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །འཁོར་འདས་ཀུན་ཁྱབ་གང་མོས་དེར་སྣང་སྟོན། །སྤྲུལ་སྐུའི་སྣང་བ་ཡིན་ནོ་ཨེ་མ་ ཧོ། །ངོ་བོ་སྟོང་པའི་དབྱིངས་ནི་བསམ་བརྗོད་བྲལ། །དེ་ལ་ང་ཐིམ་དགེ་བས་ཕན་མ་བཏགས། །རང་བཞིན་འོད་ལྔའི་དབྱིངས་ན་ཞི་ཁྲོ་གསལ། །དེ་ཉིད་ང་ཡིན་སྡིག་པས་གནོད་མ་བསྐྱལ། །ཐུགས་རྗེ་འགག་མེད་དབྱིངས་ནི་སྣ་ཚོགས་ལྡན། །དེ་ལ་ངས་ཁྱབ་འབྲལ་མེད་སྐུ་གསུམ་དང༌། །སྤྲང་པོ་ཡེ་ཤེས་ལུས་སུ་གྱུར་པ་ལ། །མེད་སྙམ་མ་སེམས་འབྲལ་མེད་ཉག་གཅིག་ལྟོས། །དོན་མེད་རག་སྐུ་མ་བྱེད་སྒྲུབ་ལ་འབུངས། །གང་འབྱོར་བླ་མའི་གསུང་ཡིན་ཕྱོགས་མེད་མཆོད། །སྐྱོན་རྟོགས་འཐབ་རྩོད་མ་བྱེད་ཁྱི་ཕྱུག་སྤོངས། །ངས་བཤད་གདམས་པ་ཉམས་ལོང་གསོལ་བ་ཐོབ། །ཆགས་སྡང་རྗེས་ཆོད་ཐིག་ལེ་ཉག་གཅིག་ལྟས། །ཞེན་མེད་རྣམ་ཐར་ཡིན་ནོ་ལད་མོ་ཟློས། །རི་ཁྲོད་ཕ་ཡུལ་ཡིན་ནོ་བྱ་བ་ཐོང༌། །དེ་ལྟར་བྱས་ན་སྐྱིད་འབྱུང་མངོན་སངས་རྒྱ། །ཞེས་ཕྱི་རབས་ཀྱི་དོན་དུ་སྣང་བར་བྱས་སོ།། །།རྒྱ་རྒྱ། དགེའོ།། །།
༄༅། །གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་བཞུགས། ཨོཾ་«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་»ཨཱཿཧཱུྃ། ལུང་བྱང་ལས། །སྣ་ནམ་རྡོ་རྗེ་བདུད་འཇོམས་ཁྱོད། །ད་དུང་སྐྱེ་བ་འགའ་ཞི«ག»་བརྒྱུད། །འགྲོ་དོན་མི་བྱེད་སྦས་ཚུལ་བྱེད། །ལན་གཅིག་སྐྱེ་བ་ལྔ་བརྒྱའི་དུས། །ཆོས་ཉིད་མངོན་དུ་གྱུར་པ་ཡིས། །ཀློང་རྡོལ་མི་ཡི་སེང་གེ་ནི། །མེ་ལོང་མིང་དུ་བཏགས་པ་འབྱུང༌། །དེ་རྗེས་ཨོ་རྒྱན་ཡུལ་དུ་མཆི། །འདི་ཐོས་སེམས་ཅན་སྨིན་གྲོལ་འགྱུར། །ཞེས་ཨོ་རྒྱན་གྱི་ལུང་བྱང་ཆེན་མོ་ནས་གསུངས་སོ། །ཨོཾ་ཨཱཿ«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་»ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་«ཡི་དམ་གྱི་སྙིང་པོ་»ཧཱུཾ་ཧྲཱི། «འདས་མ་འོངས་ད་ལྟ་»དུས་གསུམ«་»བདེ་གཤེགས«་ཆོས་ཀྱི་དབྱིངས་»མཆོག་«ཀུན་གྱི་»གི་ནོར་བུ་«དགོས་འདོད་ཐམས་ཅད་འབྱུང་བས་»བླ་མ་རྗེ། །འགྲོ་དྲུག་«ཐུགས་རྗེས་»སེམས་ཅན་སྐྱབས་གནས་«དྲི་མེད་»ཉི་ཟླ་ལྟ་བུའི་སྐུ། །དུག་ལྔའི་ནད་«ཀུན་»སེལ་«བྱེད་གདམ་ངག་»སྨན་མཆོག་«ཟབ་མོ་»བདུད་རྩི་«མོས་གུས་ཅན་ལ་»སྟེར་མཛད་པའི། །«འཁོར་བ་ནསབཏོན་པས་»དྲིན་ཅན་བླ་མ«་མ་ལུས་པ་»རྣམས་ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། །«སྐུ་»གསལ་«ངོ་བོ་»སྟོང་«གཉིས་མེད་»ཟུང་འཇུག་ངང་ནས་«ཅི་བསམ་པ་»དགོས་«»འདོད་ཕུན་སུམ་ཚོགས། །ཞི་རྒྱས་དབང་དྲག་«འཕྲིན་ལས»་བཞི་ཡིས་འགྲོ་བ«་འདུལ་དཀའ་བ་»འདུལ་བའི་སྐུ། །སྨིན་«དབང་»གྲོལ«་བསྐྱེད་རྫོགས་»བྱིན་རླབས་ཆེན་པོས་«ག»ཞན་སྣང་«ཆོས་ལ་»བསྒྱུར་མཛད་པའི། །ཡི་དམ་མཁའ«་»འགྲོའི་«གསང་སྔགས་ཀྱི་ལྷ་»ཚོགས་«མ་ལུས་»ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། «ཟབ་པ་»གཏིང་གསལ་ཡེ་ཤེས་ཆེན་པོའི་རིག་པ་འོད་པོ་ཆེ། །«གཞན་ན་མེད་»རང་ཤར་དྲི་མེད«་དག་གི་»མདངས་ལྡན་«སྣ་ལྔ་»རིགས་ལྔ་ཡབ་ཡུམ་«ལོངས་»སྐུ། །བྱར་མེད་«ལྷུན་གྱིས་གྲུབ་པ་«སྟོང་»ཉིད་«དངོས་པོ་མེད་»ངང་དུ་འཁོར་འདས་ཀ་དག་པའི། །སེམས་«རང་སེམས་»ཉིད་ཀུན་ཏུ་བཟང་ལ་གུས་པས་ཕྱག་འཚལ་བསྟོད། །ཀྱེ་བདག་«མེ་ལོང་ལ་»གུས་དད་ལྡན་«སྐྱོ་ངལ་མེད་པ་»སྙིང་གི་བུ་རྣམས་སྤྲོ་ཕྱིར་དུ། །རྣམ་ཐར་གསལ་བྱེད་རྫུན་«བདེན་པོ་བཤད་ཀྱང་»གྱི་མེ་ལོང«་ཆོས་པའི་དོན་དུ་»བྲི་བར་བྱ། །«སྤྲང་སྨྱོན་ཟླ་བ་མུན་སེལ་»མཉམ་མེད་སྦས་པའི་རྣལ་འབྱོར་ཐུགས་ཀྱི་སྤྲུལ་པ་ནི། །ས་གཙང་རི་མཐོ་སྒྲགས་ནང་འགྲོ་མགོན་«ཞང་རིན་པོ་ཆེའི་དར་ཕུག་»གདན་ས་རུ། །མེ་འབར་«ཡུམ་གྱི་ལྟོ་ན་ཡོད་ཙམ་ན་རྨི་ལྟས་བཟང་པོ་དཔག་མེད་གསུང་»འཁྲུལ་ཞིག་«ཡབ་»བསམ་ཡས་སྲས་སུ་«དར་ཕུག་ཏུ་»འཁྲུངས། །ཆུང་ངུའི་དུས་«ལོ་གཉིས་ནས་གཏོར་མ་གཏོང་»ན་དགེ་རྟགས་དཀར་པོའི་«གསོལ་འདེབས་ཕྱག་དང་»ཆོས་སྤྱོད་གཙོ་«བཤད་པ»། །«ཆོས་ལ་»སྔོན་སྦྱངས་སྒྲིབ་གཡོགས་ཆུང་བས་མངོན་ཤེས་ཕྲ་མོ་«འདི་འོང་བྱ་བ་»དང༌། །ཆུ་«ཟླ་བ་མུན་སེལ་»ཤུལ་སྤྲང་པོའི་རྒྱུ་མཚན་དུས་དེ་ཉིད་ནས་གསལ། །«རྒྱ་གར་དུ་»སྔོན་དུ་བསོད་ནམས་«བསོག་པའི་»འཇུར་གེགས་«ཁ་ནས་ཕྲིས་»བྱས་པའི་«ཟླ་གཅིག་ཕྱིར་བསྲིངས་པའི་»རྣམ་སྨིན་ གྱིས། །སྐྱེ་དམན་མ་ཡིས་བཏུད་ཚད་«འཁོས་ཆུང་བས་»བྱམས་པར་བྱས་ལགས་ ཀྱང༌། །མི་གོ་འགྲིམས་པས་རྒྱ་གད་ཤིག་གི་སེར་བ་«སྡུག་པོ་རང་བྱས་»བབས། །«ད་ཤེས་མེད་པར་ཉུང་མ་དང་ཐལ་བ་ཀུར་བས་རྩ་གཉིད་ལོག་དུ་སོང་བ་དང་»དྭ་ཕྲུག་ཐན་ཆེན་ཆོས་པས་མ་མྱོང་དགུ་གཅིག་«དཀོར་ཆོས་མེད་པར་ནས་བྲེ་གསུམ་གྱི་ཟླ་བ་གཅིག་ཐུབ་པ་བྱས་»མྱོང༌། །དེ་དུས་འཆི་བ་དྲན་ནས་«གསོལ་བ་མང་པོ་བཏབ་ཏེ་»ཉིན་མཚན་མེད་པར་ངུས། །གྲུབ་ཐོབ་«མཆེད་གཉིས་»ཟ་ལུང་པ་དང་མཁན་ཆེན་སེ་ལུང་པས་«དྲིན་ཅན་གཅིག་ཡིན་ཞི་བྱེད་ལམ་གསུམ་ཕག་མོར་ལུགས་ཨིནྡྲ་བྷུ་ཏིའི་ཐབས་ལམ་དམ་པ་འཕྱར་ཆུང་གི་གསང་སྒྲུབ་ཕག་ནག་བཀའ་མ་ཞུས་»། །ལོ་དགུ་«ངོ་བཅུ»འི«་»དུས་སུ་«ཞང་པོ་སྒོམ་ཆེན་པ་གཅིག་གིས་ཁྲིད་ནས་»བཙུན་ཆུང་བྱས་ཏེ་འདུལ་ཁྲིམས་«ལོ་བཅུ་བདུན་ཚུན་ཆད་»བསྲུངས། །དེ་དུས་«དབྱར་དགུན་ལྔ་ཙམ་»ཟངས་མཚོར་སྒོམ་ལོ་བྱས་པའི་ཚེ། །འདྲེ་རྟོག་ཆོ་འཕྲུལ«་བན་དྷེ་གཅིག་གིས་དངོས་སུ་ཆིར་ཆིར་མནན་»ཆེན་པོ་བྱུང་བའི་ལོ་རྒྱུས་དང༌། །ཕྱི་«ནམ་མཁའ་»ནང་«སེམས་»སྟོང་པར་རྟོགས་པས་«ལུས་པོ་འདི་མེད་ན་གཅིག་ཏུ་འདུག་པ་སྙམ་ནས་»ཤི་ན་དགའ་སྙམ་བྱུང༌། །«ཉམས་»དབྱངས་བླངས་མཆེད་གྲོགས་ཀུན་གྱིས་«དུས་ལ་མ་བབས་ཟེར་»ཁ་དགགས་«སྔར་སྟོང་ཉིད་»ཏིང་འཛིན་འགྲིབས། བཅོ་ལྔ་ལོན་པའི་དུས་སུ་སེང་གེ་རྒྱབ་ཏུ་«གྲུབ་ཐོབ་ཟ་ལུང་པའི་ཞལ་ནས་ཁྱོད་རང་གི་བླ་མ་བན་རྒན་ཡིན་པས་བགྲེས་ཡོད་པར་འདུག་སོང་གསུང་»ཕྱིན། བརྩེ་བས་ཐུགས་ཀྱིས་བཟུང་ནས་གཙུག་གི་རྒྱན་གཅིག་«འབྲལ་མེད་»མཛད། །ཟླ་བཞི་«གཟིམ་ཁང་བླ་ཡིར་»འབྲལ་མེད་བརྟེན་ནས་ཟླ་དྲུག་ལོན་ཚེ་«ཟླ་བ་གཉིས་སྙུང་ལུག་ཟླའི་ཚེས་བཅུ་བཞི་ལ་»གཤེགས། །«དྲིན་ཆེན་པོས་»དྲན་ཆོག་མོས་གུས་ཐོབ་པས་«རྨི་ལམ་དུ་ཆོས་མང་པོ་གསུངས་བསླབ་བྱ་མང་པོ་མཛད་ཨོ་རྒྱན་ན་ཡོད་གསུང་»རྟེན་རྣམས་ལག་ཏུ་བྱོན། །བཅུ་དྲུག་ལོན་ཚེ་«རྒན་མོ་ཐུགས་རྗེ་ཟེར་བ་གཅིག་གིས་བྱས་པས་གཉིས་ཀ་འཚེངས་»ཞོགས་སྟེངས་བརྒྱ་ཚར་«གླེགས་བམ་»བྱས་ལགས་པས། བཀའ་ཡི་«མཐའ་བྲལ་སྟོང་པ་»དོན་རིག་རང་སེམས་ནམ་མཁའ་ལྟ་བུར་རྟོགས། །«ཡིད་ལ་དྲན་པ་ལ་ལྷག་མ་བཞག་པར་»དྲན་སྣང་དབྱངས་སུ་བླངས་ཤིང་སྨྱོན་པའི་སྤྱོད་པ་བྱས། །སྟག་སྒོ་མཁར་ཆུ་རི་བྲག་གཉེན་ཁྲོད་དབེན་ས་བརྟེན། །ཆུ་འཐུང་རྡེ་འུ་འབྲུ་ཆེན་བདུད་རྩིའི་བཅུད་ལེན«་ལོ་མང་པོ་»བྱས། །«གཡུ་བྲག་དབ་དུང་ལུང་དུ་»ནས་བྲེ་གང་གིས་ཟླ་གཅིག་ཉི་ཤུ་ཐུབ་པར་«ལོ་ཉི་ཤུ་རྩ་ལྔ་ཕན་ཆད་ལ་»བྱས། ཁྱི་སྤགས་གདན་རེ་རས་རྐྱང་རེ་ལ་བརྟེན་པ་དང༌། ། དཀའ་«ད་མ་ཤིའི་བར་དུ་ནས་ཁལ་གཉིས་ལས་མང་བཚག་མི་བྱེད་པ་དང་མཚམས་དང་ཐེམ་སྤངས་དང་འདག་ཆར་དང་སྨྲ་བཅད་བྱས་ནས་སྒྲུབ་པ་ལ་འབུངས་བ་ཡིན་»སྤྱད་སྡུག་«བ»སྲན་བསྐྱེད་ནས་ཆོས་ཀྱི་ཕྱོགས་སུ་འབུངས། །བཅོ་བརྒྱད་ལོན་ཚེ་འགྲན་མེད་སངས་རྒྱས་དབོན་པོ་«རྒྱལ་མཚན་» ཡིས། ། རྫོགས་ཆེན་སྙིང་ཐིག་ངོ་སྤྲད་ཆོས་ཉིད་མངོན་སུམ་«སེང་གེ་རྒྱབ་ཏུ་»བསྟན། ། ཡིན་ལོ་ཙམ་ལ་«ཡིད་དཔྱོད་ལ»་མ་བརྟེན་སྐུ་གསུམ་རྗེན་པར་«རྡོ་རྗེ་སེམས་དཔའ་དངོས་སུ་» མཐོང༌། །མཐོང་ལོ་ཙམ་དུ་«གོ་བར་མ་ཤོང་»མ་གྱུར་སྣང་སྲིད་«དབྱིངས་རྣམ་པར་དག་པའི་»གཞལ་ ཡས་ཁང༌། །དེ་འཛིན་«ཞེན་པ་མེད་»སྟོང་པར་རྟོགས་པས་འཁོར་འདས་«ཚིག་གི་»བརྗོད་གཞི་བྲལ། །རྫོགས་ཆེན་བརྒྱུད་པ་རྣམས་དང་རྨི་ལམ་ནང་དུ་མཇལ། །གདུང་ཤུགས་དགའ་བའི་སེམས་ཀྱིས་བརྒྱུད་པའི་གསོལ་འདེབས་བྱས། །རྩ་གསུམ་ལོན་ཚེ་«གུང་ཐང་དར་ཆུ་བར་ཕུག་ཏུ་»མཉམ་མེད་སངས་རྒྱས་རས་པ་ལ། །རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མ་ལུས་པ་«ལུང་མང་པོ་ཞུས»།« »།འཁྲུལ་གཅོད་བཀའ་རྒྱ་མ་དང་གདམ་ངག་དཔག་མེད་ཞུས། །དགོས་འདོད་ཆོས་ཀྱི་གཏེར་རྙེད་ཕོངས་པའི་དབུལ་བ་བསལ་«གཞན་ལ་ཚོལ་མ་དགོས»། །དབྱར་དགུན་གསུམ་ཙམ་བརྟེན་ནས་བླ་མ་དགུང་ལ་གཤེགས་«སྦྲུལ་ལོའི་ཚེས་བཅུ་ལ»།།འབྲལ་མེད་«རྨི་ལམ་དུ་མཇལ་ནས་ཆོས་མང་པོ་གསུངས་ཕག་མོ་ཀླུ་འདུལ་གྱི་ལུང་གནང་» «ཕྱིས་ཀྱང་མཇལ་བ་ཡིན་གསུངས་»སྙིང་ལ་བཅངས་པས་བྱིན་རླབས་རྒྱུན་ཆད་མེད། །རྩ་བཞི་ལོན་ཚེ་ཡེ་ཤེས་ཕག་མོ་ཉིད་དང་མཇལ་«ཀ་བ་ཅན་དུ་སྦྱིན་སྲེག་བྱས་པས་བྲག་ཕུག་འོད་ཀྱིས་བཀང་རྡོ་ལ་རྗེས་བྱུང་»། །ཟོག་པོའི་རྫུན་རྐྱལ་«རྫུན་ཡིན་ཟེར་ཏེ་རྫུན་ལ་ཟད་པ་མེད་དེ་བསྡུས་ལ་ཐོང་རྗེས་བཀྲ་རི་མོ་ཆེ་མཐོང་ཆུང་མཐོང་»རྡོལ་བ་ཀུན་གྱི་ཐུགས་ལ་གསལ། །འོན་ཀྱང་བསྟན་གཙོ་སྒྲོལ་མ་«དད་ན་སྤྲོ་ཕྱིར་ཀ་བ་ཅན་དུ་འཁོར་བ་དོང་སྤྲུགས། ཕྱག་སྟོང་སྤྱན་སྟོང༌། ཀ་བ་ཅན་དུ་ཀུན་བཟང་ཡབ་ཡུམ་དང༌། ཨོ་རྒྱན་དམ་པ་དབུ་རྡེབ། ཇོ་མོ། ཞང་རིན་པོ་ཆེ། སེང་གེ་རྒྱབ་པ། སངས་རྒྱས་རས་པ། ཟ་ལུང་པ། ཞིག་པོ་ཤེས་རབ། རྒོད་ཚང་པ། རི་བོ་སྒང་པ། ཕ་རྒན་བསམ་ཡེ། ཞིག་མོ་རང་གྲོལ་རྣམས་མཐོང་»ཐུགས་རྗེ་ཆེན་པོ་དང༌། །ལྷན་སྐྱེས་རྟ་མགྲིན་མཁའ་འགྲོ་བླ་མ་བཅུ་གསུམ་རྣམས། །གསལ་དག་འཇའ་འོད་དཀྱིལ་ན་དངོས་སུ་བཞུགས་པ་མཐོང༌། །མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་བཏབ་པའི་ཚེ། །ཨེ་མ་«ནམ་མཁའ་ནས་གསུངས་»བློ་བྲལ་སེམས་ཀྱི་གནས་ལུགས་བརྗོད་གཞི་བྲལ། །ལྟ་སྒོམ་སྤྱོད་འབྲས་མེད་པར་སེམས་ཐག་ཆོད། །སྐལ་ལྡན་སྙིང་པོ་རྟོགས་པས་རྒྱལ་བའི་སྲས། །ཚུལ་ཆོས་འཛིན་པ་ཐོངས་ཤིག་རྣལ་འབྱོར་ པ། ། ཞེས་གསུངས་མི་སྣང་ནམ་མཁའི་དབྱིངས་སུ་ཡལ་ནས་ཐལ། །བླ་མའི་བཞུགས་གནས་«སེང་གེ་རྒྱབ་»དུང་ལུང་ཉིད་དུ་བསྡད་པའི་ཚེ། །ཡིད་འོང་བུ་མོ་གཞོན་པའི་གསུང་དབྱངས་སྙན་པོ་ཡིས། །གཟུགས་མེད་ཨཱཿཧཱུྃ་སྒྲ་ཡིས་བར་སྣང་ཁམས་རྣམས་«ནམ་ཕྱཻད་ཡོལ་ཙམ་ན་»གང༌། །ཡང་«ཆོས་རྫོང་དུ་»དུས་ཚེས་བཅུ་གཅིག་གི་ཐོ་རངས་སྒྲ་གཅིག་གྲགས། །གཉིད་སད་མཁའ་ལ་བལྟས་ཚེ་མཁའ་འགྲོ་ལྔ་བཞི་ཡིས། །མགྲིན་གཅིག་བསྡེབས་ཏེ་སྙན་པའི་གསུང་དབྱངས་འདི་ལྟར་ཐོས། །ཨེ་མ་བློ་བདེའི་མལ་དུ་ཆོས་ཉིད་«རྫོགས་ཆེན་སྙིང་ཐིག་»དོན་བལྟས་པས། །སྐྱེ་རྒྱུན་འདིས་ཆོད་«མངལ་སྒོ་མི་འགྲིམས་»ནམ་མཁའི་རྣལ་འབྱོར་པ། །བསྒྲུབ་«མཁའ་འགྲོའི་»རིམ་སྲོག་འཕྲོག«་བབྲུ་ལྔའི་»སྙིང་པོ་རྒྱུན་བཟླས་པས། །འབྲལ་མེད་«ཞལ་བཞེས་»སྟོང་གྲོགས་བྱ་ཡིས་སྙིང་གི་བུ། །ཞེས་གསུངས་ཏིང་གི་སྒྲ་«འུར་འུར་»ལྟར་«ཐག་ཆོད་པའི»་ལུང་བསྟན་དངོས་སུ་ཐོབ། །ཡང་«ཉིན་ཕྱེད་ཡོལ་ཙམ་ན་གཉིད་དུ་སོང་བའི་རྨི་ལམ་དུ་མཐོང་བས་ལུས་སྦྲིད་ལ་གཉིད་སད་ཙ་ན་ནམ་མཁའ་ལ་»ཅིག་ཀ་བ་ཅན་དུ་ཚེས་གྲངས་བཅུ་གཉིས་ལ། །ཕག་མོ་«ཞལ་དངོས་སུ་མཐོང་»དམར་མོ་«དང་»གྲུབ་ཐོབ་ཟ་ལུང་པ། །གཉིས་མེད་ནམ་མཁའི་དཀྱིལ་དུ་འོད་དུ་འབར་བ་མཐོང༌། །ཞེན་མེད་མཆོག་གི་དངོས་གྲུབ་སྤྲང་པོ་ཉིད་ཀྱིས་ཐོབ། ། བླ་མ་«སངས་རྒྱས་རས་པ»འི་གཤེགས་ཤུལ་དར་ཆུང་ཉིད་དུ་བསྡད་པའི་ཚེ། །རྨི་ལམ་ཕག་མོ་«ཚེས་བཅུ་གསུམ་གྱི་«ནུབ་མོ»་འཁོར་བཅས་སྙིང་པོ་«འབྲུ་ལྔ་»སྒྲོག་ཅིང་བྱོན། །དེ་དུས་ས་གཡོས་གཉིད་སད་«དམར་པོ་ཕུབ་ཙམ་པའི་དཀྱིལ་དུ་འོད་«ཁྲུ«་གང་བ་གཅིག་བྱུང་»འོད་ཀྱི་ཕག་མོ་ མཐོང༌། །«མི་ལས་»རྒྱལ་བའི་སྲས་པོ་«རང་གི་བུ་ཆུང་སྐྱེས་པའི་དུས་»འཇའ་ཚོན་རིང་བསྲེལ་སྒྲ་རུ་བཅས། །«སྤྲང་པོ་»གནས་མཆོག་དཔལ་གྱི་སྐྱབས་གནས་རྫོང་དུ་བསྡད་པའི་ཚེ། ། བླ་མ་«བླ་མ་སྐུ་གཤེགས་ཟ་ལུང་པ། སངས་རྒྱས་རས་པ། སངས་རྒྱས་དཔོན་པོ། བླ་མ་གུ་རུ་བ། »རྣམ་ལྔ་མཁའ་འགྲོ་རྡོ་རྗེ་སེམས་དཔའ་«ཚེས་བཅོ་ལྔའི་ནུབ་མོ་མཁའ་འགྲོ་སྡེ་ལྔ་རྡོ་རྗེ་སེམས་དཔའ་»ཡིས། །རྨི་ལམ་«ཁྱད་འཕགས་»རྫོགས་ཆེན་དཀྱིལ་འཁོར་ཞལ་ཕྱེ་«བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབང་ཚིག་དབང་རིན་པོ་ཆེ་བཞི་པའི་དབང་ངོ་»བཞི་རྫོགས་དབང༌། །བརྡ་དོན་ཟབ་མོས་ངོ་སྤྲད་རིགས་ལྔ་ཡབ་ཡུམ་མཐོང༌། །བར་ཆད་རྐྱེན་རྣམས་མང་ཡང་«བསྡད་དུ་མ་བྱུང་ཡང་བར་ཆད་མང་བས་རིགས་པ་འུར་ཏེ་ཐོན་རྗེས་ཕུར་བ་ཆུ་བྲག་མེ་ལ་བརྟུལ་ཞུགས་སོ་»རྟགས་ལ་བསམ་མི་ཁྱབ། །ཨེ་མ་«སྔགས་གསར་རྙིང་»གདམས་པའི་གནས་ཡོད་རྗེས་འཇུག་«དད་ཡོད་རྣམས་»ཡ་མཚན་སྐྱེ། ། རྩ་དྲུག་ལོན་ཚེ་«ཤཱནྟི་བའི་དབང་བཞི་རྫོགས་པ་»རི་ཁྲོད་འཁྲུལ་«མཆུ་སྣོམ་མ་བུ་ཚོགས་དྲུག་ལ་སོགས་པ་»ཞིག་དར་མ་ལ། །གསང་སྔགས་ཐབས་ལམ་གནད་ཞུས་ཅི་བྱས་ཆོས་སུ་བཏང༌། ། ཚེ་འདིར་«སྐུར་པ་»མི་ཁ་ཟ་ཡང་རང་ཉིད་དོན་དང་ལྡན། །སྤྲུལ་སྐུ་རྒྱ་མཚོའི་མཚན་ཅན་«ཆོས་ཀྱི་འབྲེལ་བའི་བླ་མ་»གྲུབ་ཐོབ་གཞོན་ནུ་འབུམ། །ཐེག་ཆེན་སྙིང་པོའི་དོན་གསུང་དུག་རྣམས་ཟས་སུ་གྱུར། །ལྷ་རི་«འགྲོ་བའི་མགོན་པོ་»དབང་ཕྱུག་«ཆོས་རྗེ་འབྲུག་པའི་གདམ་ངག»་ཕག་སྣ་རྡོ་རྗེ་གདན་པ་དང༌། །མཁས་བཙུན་གྲུབ་ཐོབ་བརྟེན་ནས་གདམས་ངག་དཔག་མེད་ཞུས། །ལར་ནི་མཚན་ཉིད་ལྡན་པའི་བླ་མ་བཅུ་གསུམ་ བརྟེན། །འགྲན་ཟླ་རྩོད་པ་བྲལ་བའི་བླ་མ་རྣམས་«སེངྒེ་རྒྱབ་པ། སངས་རྒྱས་རས་པ། གྲུབ་ཐོབ་ཟ་ལུང་པ་»གསུམ་ལགས། །ཁྱད་འཕགས་«རྫོགས་ཆེན་འདི་ལས་ལྷག་པ་མེད་»དྲན་མཆོག་བླ་མ་གུ་རུ་ལ། །གསང་བ་སྙིང་ཏིག་རྒྱུད་རྣམས་ཕ་པད་གཉིས་ཀྱིས་ཞུས། །ད་ལྟ་སུམ་ཅུ་ལོན་ནས་མ་ཤིའི་བར་དུ་ཡང༌། །འཇིག་རྟེན་སྒྱུ་མའི་ནོར་ལ་ཞེན་པ་སྤུ་ཙམ་མེད། །སྨྱོ་«འདི་མི་བྱེད་བྱ་བ་མེད་པ་»སྤྱོད་བྱིས་པའི་རྣམ་ཐར་ངོ་ཚ་«ཁ་ནས་ཐོན་ཚད་དང»་སྦ་གསང་བྲལ། །ལྷ་«ཞལ་མང་པོ་མཐོང་»སྐུ་འབུམ་ཕྲག་«ཞི་ཁྲོའི་ལྷ་ཚོགས་»ཞལ་མཐོང་དེར་འཛིན་བློ་སེམས་སྟོར་«ང་རྒྱལ་མེད»།« » ཁྲོས་མའི་སྙིང་རླུང་ཞུགས་པས་གཞན་དབང་«འུར་འགྲོགས་ཁོང་ན་ཞེ་བཅད་ཡོད་པས་»གཅིག་མི་གཏོང༌། །བྱིན་རླབས་ཉམས་«རྨི་ལམ་ཙམ་སྒྱུ་མ་ཙམ་བྲག་དང་ཆུ་དང་མེ་དང་མཚོན་»མྱོང་འུར་ན་ཐམས་ཅད་རྫུན་པོ་ཡིན། །འདི་ཡིན་བདེན་«ཟླ་བ་མུན་སེལ་ནམ་འཆི་མི་རྟག་»པ་མེད་དོ་དོན་རང་ངོ་«སེམས་ནམ་མཁའ་ལྟ་བུ་»བོས་སྟོད། །«མོས་གུས་ཅན་»འབྲལ་མེད་བྱིན་བརླབས་འབྱུང་གི་རྗེས་«དོན་གཉིས་»འཇུག་བསྒྲུབ་ལ་རེམ། །མེ་ལོང་«ཟོག་མ་བྱས་»བསླུས་པ་«གདམ་ངག་ཟབ་ཆོས་བཤད་»མེད་དོ་བསམ་མནོ་ལེགས་པར་ཐོངས་«གཏན་དུ་མི་འགྲོགས»། །སྒྱུ་ལུས་«མགོ་ཟིང་འདི་»གཡར་པོ་ཡིན་པས་འབྱུང་བ་བཞི་ལ་གཏོད། །ལས་སུ་«དམིགས་མེད་»ཆོས་རང་བྱས་པས་དཔའ་བོ་མཁའ་འགྲོས་«ཟོག་མ་བྱས་»བསུ། །བླ་མ་རང་གི་སེམས་སུ་བྱོན་པས་«གཉིས་གཅིག་ཡིན་ཆུ་ལ་ཆུ་ཐིམ་»དབྱིངས་སུ་དབྱེར་མི་ཕྱེད། ། འཇའ་དང་འོད་«དཀར་སེར་སྣ་ལྔ་»དང་སྒྲ་དང་རྟགས་རྣམས་«སྐུ་གདུང་འབར་བ་ལས་བཤད་པ་བཞིན་»མ་ལུས་པ། །«མིག་གིས་»མཐོང་«རྣ་བས་»ཐོས་«ཡིད་ཀྱིས་»དྲན་པར་གྱུར་པའི་«ཆོས་འདི་བདེན་པའི་»ཡོན་ཏན་«སེམས་ཅན་ལས་ངན་པའི་»བློར་མི་ཤོངས། །འོན་ཀྱང་བྱིན་རླབས་ཀྱིས་མ་ལུས་ཀུན་བཟང་ཀློང་དུ་ཉེ་བར་འགྱུར། །འདི་བྲིས་དགེ་བས་འགྲོ་དྲུག་མ་ལུས་པ། །རྣམ་དག་ཡེ་ཤེས་ཀློང་དུ་སྒྱུ་ལུས་དག་གྱུར་ནས། །གཉིས་ཆོས་«མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་ཏེ་བདེ་བ་ཆེན་པོ་ལ་འཁོད་དོ་»མེད་ཀྱི་དབྱིངས་སུ་མྱ་ངན་འདའ་གྱུར་ཅིག །མེ་ལོང་རྡོ་རྗེའི་རྣམ་ཐར་གསལ་བྱེད་རྫུན་གྱི་མེ་ལོང་ཞེས་བྱ་བ། དད་གུས་ཅན་གྱི་དཔོན་ཀུན་གྱིས་ཡང་ཡང་བསྐུལ་ནས། བྱ་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་ཚར་བར་བྲིས་པ་ལགས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་ཨཱཿཧཱུཾ་ཧྲཱི། འབར་ཁའི་མི་ཁ་བསྡུས་ཀྱང་ཨེ་མ་གཡས་རེ་ཆུང༌། ཧེ་ཧེ་ཧེ། བླ་མ་དམ་པ་དེས་འདས་རྗེས་གསུངས་པ། ང་འགྲོ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འགྲོ། །རྫོགས་ཆེན་རྣལ་འབྱོར་དུད་ཡལ་ནམ་མཁའ་འདྲ། །སྟོང་ཉིད་སད་ཆེན་འཁྲུལ་རྟོག་སྤྲིན་ཚོགས་གཏོར། ། ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །སྙིང་ཏིག་རྣལ་འབྱོར་བར་སྣང་འཇའ་ཚོན་འདྲ། །རང་རིག་ཤེལ་སྒོང་ཁྲི་གདུགས་འོད་དང་མཇལ། །ལོངས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །འཁོར་འདས་ཀུན་ཁྱབ་གང་མོས་དེར་སྣང་སྟོན། །སྤྲུལ་སྐུའི་སྣང་བ་ཡིན་ནོ་ཨེ་མ་ ཧོ། །ངོ་བོ་སྟོང་པའི་དབྱིངས་ནི་བསམ་བརྗོད་བྲལ། །དེ་ལ་ང་ཐིམ་དགེ་བས་ཕན་མ་བཏགས། །རང་བཞིན་འོད་ལྔའི་དབྱིངས་ན་ཞི་ཁྲོ་གསལ། །དེ་ཉིད་ང་ཡིན་སྡིག་པས་གནོད་མ་བསྐྱལ། །ཐུགས་རྗེ་འགག་མེད་དབྱིངས་ནི་སྣ་ཚོགས་ལྡན། །དེ་ལ་ངས་ཁྱབ་འབྲལ་མེད་སྐུ་གསུམ་དང༌། །སྤྲང་པོ་ཡེ་ཤེས་ལུས་སུ་གྱུར་པ་ལ། །མེད་སྙམ་མ་སེམས་འབྲལ་མེད་ཉག་གཅིག་ལྟོས། །དོན་མེད་རག་སྐུ་མ་བྱེད་སྒྲུབ་ལ་འབུངས། །གང་འབྱོར་བླ་མའི་གསུང་ཡིན་ཕྱོགས་མེད་མཆོད། །སྐྱོན་རྟོགས་འཐབ་རྩོད་མ་བྱེད་ཁྱི་ཕྱུག་སྤོངས། །ངས་བཤད་གདམས་པ་ཉམས་ལོང་གསོལ་བ་ཐོབ། །ཆགས་སྡང་རྗེས་ཆོད་ཐིག་ལེ་ཉག་གཅིག་ལྟས། །ཞེན་མེད་རྣམ་ཐར་ཡིན་ནོ་ལད་མོ་ཟློས། །རི་ཁྲོད་ཕ་ཡུལ་ཡིན་ནོ་བྱ་བ་ཐོང༌། །དེ་ལྟར་བྱས་ན་སྐྱིད་འབྱུང་མངོན་སངས་རྒྱ། །ཞེས་ཕྱི་རབས་ཀྱི་དོན་དུ་སྣང་བར་བྱས་སོ།། །།རྒྱ་རྒྱ། དགེའོ།། །།

= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:

* [[Klong chen rab byams gsung 'bum/volume 004 077]] (revision 10462, 2020-03-22)

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).

<headertabs/>
<headertabs/>

Latest revision as of 21:59, 21 November 2026

གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་དྲི་ལོག་མ klong chen rab 'byams kyi gsung 'bum (pe cin 2009)· Volume 4(NGA) རིག་འཛིན་ཆེན་པོ་ཀུ་མ་རཱ་ཛའི་རྣམ་ཐར་ལོ་རྒྱུས་དང་བཅས་པ

Title གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར
Wylie grub thob me long rdo rje'i rnam thar
Catalogue title me long rdo rje'i rnam thar (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 4(NGA), text 15, pages 170–177 (BDRC scan pages)
Section snying thig ya bzhi › bi ma snying thig

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.4.17
Citation Klong chen rab 'byams pa. me long rdo rje'i rnam thar. In Kun mkhyen klong chen rab 'byams kyi gsung 'bum, vol. 4, pp. 170–177. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་བཞུགས། ཨོཾ་«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་»ཨཱཿཧཱུྃ། ལུང་བྱང་ལས། །སྣ་ནམ་རྡོ་རྗེ་བདུད་འཇོམས་ཁྱོད། །ད་དུང་སྐྱེ་བ་འགའ་ཞི«ག»་བརྒྱུད། །འགྲོ་དོན་མི་བྱེད་སྦས་ཚུལ་བྱེད། །ལན་གཅིག་སྐྱེ་བ་ལྔ་བརྒྱའི་དུས། །ཆོས་ཉིད་མངོན་དུ་གྱུར་པ་ཡིས། །ཀློང་རྡོལ་མི་ཡི་སེང་གེ་ནི། །མེ་ལོང་མིང་དུ་བཏགས་པ་འབྱུང༌། །དེ་རྗེས་ཨོ་རྒྱན་ཡུལ་དུ་མཆི། །འདི་ཐོས་སེམས་ཅན་སྨིན་གྲོལ་འགྱུར། །ཞེས་ཨོ་རྒྱན་གྱི་ལུང་བྱང་ཆེན་མོ་ནས་གསུངས་སོ། །ཨོཾ་ཨཱཿ«སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་»ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་«ཡི་དམ་གྱི་སྙིང་པོ་»ཧཱུཾ་ཧྲཱི། «འདས་མ་འོངས་ད་ལྟ་»དུས་གསུམ«་»བདེ་གཤེགས«་ཆོས་ཀྱི་དབྱིངས་»མཆོག་«ཀུན་གྱི་»གི་ནོར་བུ་«དགོས་འདོད་ཐམས་ཅད་འབྱུང་བས་»བླ་མ་རྗེ། །འགྲོ་དྲུག་«ཐུགས་རྗེས་»སེམས་ཅན་སྐྱབས་གནས་«དྲི་མེད་»ཉི་ཟླ་ལྟ་བུའི་སྐུ། །དུག་ལྔའི་ནད་«ཀུན་»སེལ་«བྱེད་གདམ་ངག་»སྨན་མཆོག་«ཟབ་མོ་»བདུད་རྩི་«མོས་གུས་ཅན་ལ་»སྟེར་མཛད་པའི། །«འཁོར་བ་ནསབཏོན་པས་»དྲིན་ཅན་བླ་མ«་མ་ལུས་པ་»རྣམས་ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། །«སྐུ་»གསལ་«ངོ་བོ་»སྟོང་«གཉིས་མེད་»ཟུང་འཇུག་ངང་ནས་«ཅི་བསམ་པ་»དགོས་«»འདོད་ཕུན་སུམ་ཚོགས། །ཞི་རྒྱས་དབང་དྲག་«འཕྲིན་ལས»་བཞི་ཡིས་འགྲོ་བ«་འདུལ་དཀའ་བ་»འདུལ་བའི་སྐུ། །སྨིན་«དབང་»གྲོལ«་བསྐྱེད་རྫོགས་»བྱིན་རླབས་ཆེན་པོས་«ག»ཞན་སྣང་«ཆོས་ལ་»བསྒྱུར་མཛད་པའི། །ཡི་དམ་མཁའ«་»འགྲོའི་«གསང་སྔགས་ཀྱི་ལྷ་»ཚོགས་«མ་ལུས་»ལ་«ཡིད་»གུས་པས་«སྐུ་གསུང་ཐུགས་ལ་»ཕྱག་འཚལ་བསྟོད། «ཟབ་པ་»གཏིང་གསལ་ཡེ་ཤེས་ཆེན་པོའི་རིག་པ་འོད་པོ་ཆེ། །«གཞན་ན་མེད་»རང་ཤར་དྲི་མེད«་དག་གི་»མདངས་ལྡན་«སྣ་ལྔ་»རིགས་ལྔ་ཡབ་ཡུམ་«ལོངས་»སྐུ། །བྱར་མེད་«ལྷུན་གྱིས་གྲུབ་པ་«སྟོང་»ཉིད་«དངོས་པོ་མེད་»ངང་དུ་འཁོར་འདས་ཀ་དག་པའི། །སེམས་«རང་སེམས་»ཉིད་ཀུན་ཏུ་བཟང་ལ་གུས་པས་ཕྱག་འཚལ་བསྟོད། །ཀྱེ་བདག་«མེ་ལོང་ལ་»གུས་དད་ལྡན་«སྐྱོ་ངལ་མེད་པ་»སྙིང་གི་བུ་རྣམས་སྤྲོ་ཕྱིར་དུ། །རྣམ་ཐར་གསལ་བྱེད་རྫུན་«བདེན་པོ་བཤད་ཀྱང་»གྱི་མེ་ལོང«་ཆོས་པའི་དོན་དུ་»བྲི་བར་བྱ། །«སྤྲང་སྨྱོན་ཟླ་བ་མུན་སེལ་»མཉམ་མེད་སྦས་པའི་རྣལ་འབྱོར་ཐུགས་ཀྱི་སྤྲུལ་པ་ནི། །ས་གཙང་རི་མཐོ་སྒྲགས་ནང་འགྲོ་མགོན་«ཞང་རིན་པོ་ཆེའི་དར་ཕུག་»གདན་ས་རུ། །མེ་འབར་«ཡུམ་གྱི་ལྟོ་ན་ཡོད་ཙམ་ན་རྨི་ལྟས་བཟང་པོ་དཔག་མེད་གསུང་»འཁྲུལ་ཞིག་«ཡབ་»བསམ་ཡས་སྲས་སུ་«དར་ཕུག་ཏུ་»འཁྲུངས། །ཆུང་ངུའི་དུས་«ལོ་གཉིས་ནས་གཏོར་མ་གཏོང་»ན་དགེ་རྟགས་དཀར་པོའི་«གསོལ་འདེབས་ཕྱག་དང་»ཆོས་སྤྱོད་གཙོ་«བཤད་པ»། །«ཆོས་ལ་»སྔོན་སྦྱངས་སྒྲིབ་གཡོགས་ཆུང་བས་མངོན་ཤེས་ཕྲ་མོ་«འདི་འོང་བྱ་བ་»དང༌། །ཆུ་«ཟླ་བ་མུན་སེལ་»ཤུལ་སྤྲང་པོའི་རྒྱུ་མཚན་དུས་དེ་ཉིད་ནས་གསལ། །«རྒྱ་གར་དུ་»སྔོན་དུ་བསོད་ནམས་«བསོག་པའི་»འཇུར་གེགས་«ཁ་ནས་ཕྲིས་»བྱས་པའི་«ཟླ་གཅིག་ཕྱིར་བསྲིངས་པའི་»རྣམ་སྨིན་ གྱིས། །སྐྱེ་དམན་མ་ཡིས་བཏུད་ཚད་«འཁོས་ཆུང་བས་»བྱམས་པར་བྱས་ལགས་ ཀྱང༌། །མི་གོ་འགྲིམས་པས་རྒྱ་གད་ཤིག་གི་སེར་བ་«སྡུག་པོ་རང་བྱས་»བབས། །«ད་ཤེས་མེད་པར་ཉུང་མ་དང་ཐལ་བ་ཀུར་བས་རྩ་གཉིད་ལོག་དུ་སོང་བ་དང་»དྭ་ཕྲུག་ཐན་ཆེན་ཆོས་པས་མ་མྱོང་དགུ་གཅིག་«དཀོར་ཆོས་མེད་པར་ནས་བྲེ་གསུམ་གྱི་ཟླ་བ་གཅིག་ཐུབ་པ་བྱས་»མྱོང༌། །དེ་དུས་འཆི་བ་དྲན་ནས་«གསོལ་བ་མང་པོ་བཏབ་ཏེ་»ཉིན་མཚན་མེད་པར་ངུས། །གྲུབ་ཐོབ་«མཆེད་གཉིས་»ཟ་ལུང་པ་དང་མཁན་ཆེན་སེ་ལུང་པས་«དྲིན་ཅན་གཅིག་ཡིན་ཞི་བྱེད་ལམ་གསུམ་ཕག་མོར་ལུགས་ཨིནྡྲ་བྷུ་ཏིའི་ཐབས་ལམ་དམ་པ་འཕྱར་ཆུང་གི་གསང་སྒྲུབ་ཕག་ནག་བཀའ་མ་ཞུས་»། །ལོ་དགུ་«ངོ་བཅུ»འི«་»དུས་སུ་«ཞང་པོ་སྒོམ་ཆེན་པ་གཅིག་གིས་ཁྲིད་ནས་»བཙུན་ཆུང་བྱས་ཏེ་འདུལ་ཁྲིམས་«ལོ་བཅུ་བདུན་ཚུན་ཆད་»བསྲུངས། །དེ་དུས་«དབྱར་དགུན་ལྔ་ཙམ་»ཟངས་མཚོར་སྒོམ་ལོ་བྱས་པའི་ཚེ། །འདྲེ་རྟོག་ཆོ་འཕྲུལ«་བན་དྷེ་གཅིག་གིས་དངོས་སུ་ཆིར་ཆིར་མནན་»ཆེན་པོ་བྱུང་བའི་ལོ་རྒྱུས་དང༌། །ཕྱི་«ནམ་མཁའ་»ནང་«སེམས་»སྟོང་པར་རྟོགས་པས་«ལུས་པོ་འདི་མེད་ན་གཅིག་ཏུ་འདུག་པ་སྙམ་ནས་»ཤི་ན་དགའ་སྙམ་བྱུང༌། །«ཉམས་»དབྱངས་བླངས་མཆེད་གྲོགས་ཀུན་གྱིས་«དུས་ལ་མ་བབས་ཟེར་»ཁ་དགགས་«སྔར་སྟོང་ཉིད་»ཏིང་འཛིན་འགྲིབས། བཅོ་ལྔ་ལོན་པའི་དུས་སུ་སེང་གེ་རྒྱབ་ཏུ་«གྲུབ་ཐོབ་ཟ་ལུང་པའི་ཞལ་ནས་ཁྱོད་རང་གི་བླ་མ་བན་རྒན་ཡིན་པས་བགྲེས་ཡོད་པར་འདུག་སོང་གསུང་»ཕྱིན། བརྩེ་བས་ཐུགས་ཀྱིས་བཟུང་ནས་གཙུག་གི་རྒྱན་གཅིག་«འབྲལ་མེད་»མཛད། །ཟླ་བཞི་«གཟིམ་ཁང་བླ་ཡིར་»འབྲལ་མེད་བརྟེན་ནས་ཟླ་དྲུག་ལོན་ཚེ་«ཟླ་བ་གཉིས་སྙུང་ལུག་ཟླའི་ཚེས་བཅུ་བཞི་ལ་»གཤེགས། །«དྲིན་ཆེན་པོས་»དྲན་ཆོག་མོས་གུས་ཐོབ་པས་«རྨི་ལམ་དུ་ཆོས་མང་པོ་གསུངས་བསླབ་བྱ་མང་པོ་མཛད་ཨོ་རྒྱན་ན་ཡོད་གསུང་»རྟེན་རྣམས་ལག་ཏུ་བྱོན། །བཅུ་དྲུག་ལོན་ཚེ་«རྒན་མོ་ཐུགས་རྗེ་ཟེར་བ་གཅིག་གིས་བྱས་པས་གཉིས་ཀ་འཚེངས་»ཞོགས་སྟེངས་བརྒྱ་ཚར་«གླེགས་བམ་»བྱས་ལགས་པས། བཀའ་ཡི་«མཐའ་བྲལ་སྟོང་པ་»དོན་རིག་རང་སེམས་ནམ་མཁའ་ལྟ་བུར་རྟོགས། །«ཡིད་ལ་དྲན་པ་ལ་ལྷག་མ་བཞག་པར་»དྲན་སྣང་དབྱངས་སུ་བླངས་ཤིང་སྨྱོན་པའི་སྤྱོད་པ་བྱས། །སྟག་སྒོ་མཁར་ཆུ་རི་བྲག་གཉེན་ཁྲོད་དབེན་ས་བརྟེན། །ཆུ་འཐུང་རྡེ་འུ་འབྲུ་ཆེན་བདུད་རྩིའི་བཅུད་ལེན«་ལོ་མང་པོ་»བྱས། །«གཡུ་བྲག་དབ་དུང་ལུང་དུ་»ནས་བྲེ་གང་གིས་ཟླ་གཅིག་ཉི་ཤུ་ཐུབ་པར་«ལོ་ཉི་ཤུ་རྩ་ལྔ་ཕན་ཆད་ལ་»བྱས། ཁྱི་སྤགས་གདན་རེ་རས་རྐྱང་རེ་ལ་བརྟེན་པ་དང༌། ། དཀའ་«ད་མ་ཤིའི་བར་དུ་ནས་ཁལ་གཉིས་ལས་མང་བཚག་མི་བྱེད་པ་དང་མཚམས་དང་ཐེམ་སྤངས་དང་འདག་ཆར་དང་སྨྲ་བཅད་བྱས་ནས་སྒྲུབ་པ་ལ་འབུངས་བ་ཡིན་»སྤྱད་སྡུག་«བ»སྲན་བསྐྱེད་ནས་ཆོས་ཀྱི་ཕྱོགས་སུ་འབུངས། །བཅོ་བརྒྱད་ལོན་ཚེ་འགྲན་མེད་སངས་རྒྱས་དབོན་པོ་«རྒྱལ་མཚན་» ཡིས། ། རྫོགས་ཆེན་སྙིང་ཐིག་ངོ་སྤྲད་ཆོས་ཉིད་མངོན་སུམ་«སེང་གེ་རྒྱབ་ཏུ་»བསྟན། ། ཡིན་ལོ་ཙམ་ལ་«ཡིད་དཔྱོད་ལ»་མ་བརྟེན་སྐུ་གསུམ་རྗེན་པར་«རྡོ་རྗེ་སེམས་དཔའ་དངོས་སུ་» མཐོང༌། །མཐོང་ལོ་ཙམ་དུ་«གོ་བར་མ་ཤོང་»མ་གྱུར་སྣང་སྲིད་«དབྱིངས་རྣམ་པར་དག་པའི་»གཞལ་ ཡས་ཁང༌། །དེ་འཛིན་«ཞེན་པ་མེད་»སྟོང་པར་རྟོགས་པས་འཁོར་འདས་«ཚིག་གི་»བརྗོད་གཞི་བྲལ། །རྫོགས་ཆེན་བརྒྱུད་པ་རྣམས་དང་རྨི་ལམ་ནང་དུ་མཇལ། །གདུང་ཤུགས་དགའ་བའི་སེམས་ཀྱིས་བརྒྱུད་པའི་གསོལ་འདེབས་བྱས། །རྩ་གསུམ་ལོན་ཚེ་«གུང་ཐང་དར་ཆུ་བར་ཕུག་ཏུ་»མཉམ་མེད་སངས་རྒྱས་རས་པ་ལ། །རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མ་ལུས་པ་«ལུང་མང་པོ་ཞུས»།« »།འཁྲུལ་གཅོད་བཀའ་རྒྱ་མ་དང་གདམ་ངག་དཔག་མེད་ཞུས། །དགོས་འདོད་ཆོས་ཀྱི་གཏེར་རྙེད་ཕོངས་པའི་དབུལ་བ་བསལ་«གཞན་ལ་ཚོལ་མ་དགོས»། །དབྱར་དགུན་གསུམ་ཙམ་བརྟེན་ནས་བླ་མ་དགུང་ལ་གཤེགས་«སྦྲུལ་ལོའི་ཚེས་བཅུ་ལ»།།འབྲལ་མེད་«རྨི་ལམ་དུ་མཇལ་ནས་ཆོས་མང་པོ་གསུངས་ཕག་མོ་ཀླུ་འདུལ་གྱི་ལུང་གནང་» «ཕྱིས་ཀྱང་མཇལ་བ་ཡིན་གསུངས་»སྙིང་ལ་བཅངས་པས་བྱིན་རླབས་རྒྱུན་ཆད་མེད། །རྩ་བཞི་ལོན་ཚེ་ཡེ་ཤེས་ཕག་མོ་ཉིད་དང་མཇལ་«ཀ་བ་ཅན་དུ་སྦྱིན་སྲེག་བྱས་པས་བྲག་ཕུག་འོད་ཀྱིས་བཀང་རྡོ་ལ་རྗེས་བྱུང་»། །ཟོག་པོའི་རྫུན་རྐྱལ་«རྫུན་ཡིན་ཟེར་ཏེ་རྫུན་ལ་ཟད་པ་མེད་དེ་བསྡུས་ལ་ཐོང་རྗེས་བཀྲ་རི་མོ་ཆེ་མཐོང་ཆུང་མཐོང་»རྡོལ་བ་ཀུན་གྱི་ཐུགས་ལ་གསལ། །འོན་ཀྱང་བསྟན་གཙོ་སྒྲོལ་མ་«དད་ན་སྤྲོ་ཕྱིར་ཀ་བ་ཅན་དུ་འཁོར་བ་དོང་སྤྲུགས། ཕྱག་སྟོང་སྤྱན་སྟོང༌། ཀ་བ་ཅན་དུ་ཀུན་བཟང་ཡབ་ཡུམ་དང༌། ཨོ་རྒྱན་དམ་པ་དབུ་རྡེབ། ཇོ་མོ། ཞང་རིན་པོ་ཆེ། སེང་གེ་རྒྱབ་པ། སངས་རྒྱས་རས་པ། ཟ་ལུང་པ། ཞིག་པོ་ཤེས་རབ། རྒོད་ཚང་པ། རི་བོ་སྒང་པ། ཕ་རྒན་བསམ་ཡེ། ཞིག་མོ་རང་གྲོལ་རྣམས་མཐོང་»ཐུགས་རྗེ་ཆེན་པོ་དང༌། །ལྷན་སྐྱེས་རྟ་མགྲིན་མཁའ་འགྲོ་བླ་མ་བཅུ་གསུམ་རྣམས། །གསལ་དག་འཇའ་འོད་དཀྱིལ་ན་དངོས་སུ་བཞུགས་པ་མཐོང༌། །མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་བཏབ་པའི་ཚེ། །ཨེ་མ་«ནམ་མཁའ་ནས་གསུངས་»བློ་བྲལ་སེམས་ཀྱི་གནས་ལུགས་བརྗོད་གཞི་བྲལ། །ལྟ་སྒོམ་སྤྱོད་འབྲས་མེད་པར་སེམས་ཐག་ཆོད། །སྐལ་ལྡན་སྙིང་པོ་རྟོགས་པས་རྒྱལ་བའི་སྲས། །ཚུལ་ཆོས་འཛིན་པ་ཐོངས་ཤིག་རྣལ་འབྱོར་ པ། ། ཞེས་གསུངས་མི་སྣང་ནམ་མཁའི་དབྱིངས་སུ་ཡལ་ནས་ཐལ། །བླ་མའི་བཞུགས་གནས་«སེང་གེ་རྒྱབ་»དུང་ལུང་ཉིད་དུ་བསྡད་པའི་ཚེ། །ཡིད་འོང་བུ་མོ་གཞོན་པའི་གསུང་དབྱངས་སྙན་པོ་ཡིས། །གཟུགས་མེད་ཨཱཿཧཱུྃ་སྒྲ་ཡིས་བར་སྣང་ཁམས་རྣམས་«ནམ་ཕྱཻད་ཡོལ་ཙམ་ན་»གང༌། །ཡང་«ཆོས་རྫོང་དུ་»དུས་ཚེས་བཅུ་གཅིག་གི་ཐོ་རངས་སྒྲ་གཅིག་གྲགས། །གཉིད་སད་མཁའ་ལ་བལྟས་ཚེ་མཁའ་འགྲོ་ལྔ་བཞི་ཡིས། །མགྲིན་གཅིག་བསྡེབས་ཏེ་སྙན་པའི་གསུང་དབྱངས་འདི་ལྟར་ཐོས། །ཨེ་མ་བློ་བདེའི་མལ་དུ་ཆོས་ཉིད་«རྫོགས་ཆེན་སྙིང་ཐིག་»དོན་བལྟས་པས། །སྐྱེ་རྒྱུན་འདིས་ཆོད་«མངལ་སྒོ་མི་འགྲིམས་»ནམ་མཁའི་རྣལ་འབྱོར་པ། །བསྒྲུབ་«མཁའ་འགྲོའི་»རིམ་སྲོག་འཕྲོག«་བབྲུ་ལྔའི་»སྙིང་པོ་རྒྱུན་བཟླས་པས། །འབྲལ་མེད་«ཞལ་བཞེས་»སྟོང་གྲོགས་བྱ་ཡིས་སྙིང་གི་བུ། །ཞེས་གསུངས་ཏིང་གི་སྒྲ་«འུར་འུར་»ལྟར་«ཐག་ཆོད་པའི»་ལུང་བསྟན་དངོས་སུ་ཐོབ། །ཡང་«ཉིན་ཕྱེད་ཡོལ་ཙམ་ན་གཉིད་དུ་སོང་བའི་རྨི་ལམ་དུ་མཐོང་བས་ལུས་སྦྲིད་ལ་གཉིད་སད་ཙ་ན་ནམ་མཁའ་ལ་»ཅིག་ཀ་བ་ཅན་དུ་ཚེས་གྲངས་བཅུ་གཉིས་ལ། །ཕག་མོ་«ཞལ་དངོས་སུ་མཐོང་»དམར་མོ་«དང་»གྲུབ་ཐོབ་ཟ་ལུང་པ། །གཉིས་མེད་ནམ་མཁའི་དཀྱིལ་དུ་འོད་དུ་འབར་བ་མཐོང༌། །ཞེན་མེད་མཆོག་གི་དངོས་གྲུབ་སྤྲང་པོ་ཉིད་ཀྱིས་ཐོབ། ། བླ་མ་«སངས་རྒྱས་རས་པ»འི་གཤེགས་ཤུལ་དར་ཆུང་ཉིད་དུ་བསྡད་པའི་ཚེ། །རྨི་ལམ་ཕག་མོ་«ཚེས་བཅུ་གསུམ་གྱི་«ནུབ་མོ»་འཁོར་བཅས་སྙིང་པོ་«འབྲུ་ལྔ་»སྒྲོག་ཅིང་བྱོན། །དེ་དུས་ས་གཡོས་གཉིད་སད་«དམར་པོ་ཕུབ་ཙམ་པའི་དཀྱིལ་དུ་འོད་«ཁྲུ«་གང་བ་གཅིག་བྱུང་»འོད་ཀྱི་ཕག་མོ་ མཐོང༌། །«མི་ལས་»རྒྱལ་བའི་སྲས་པོ་«རང་གི་བུ་ཆུང་སྐྱེས་པའི་དུས་»འཇའ་ཚོན་རིང་བསྲེལ་སྒྲ་རུ་བཅས། །«སྤྲང་པོ་»གནས་མཆོག་དཔལ་གྱི་སྐྱབས་གནས་རྫོང་དུ་བསྡད་པའི་ཚེ། ། བླ་མ་«བླ་མ་སྐུ་གཤེགས་ཟ་ལུང་པ། སངས་རྒྱས་རས་པ། སངས་རྒྱས་དཔོན་པོ། བླ་མ་གུ་རུ་བ། »རྣམ་ལྔ་མཁའ་འགྲོ་རྡོ་རྗེ་སེམས་དཔའ་«ཚེས་བཅོ་ལྔའི་ནུབ་མོ་མཁའ་འགྲོ་སྡེ་ལྔ་རྡོ་རྗེ་སེམས་དཔའ་»ཡིས། །རྨི་ལམ་«ཁྱད་འཕགས་»རྫོགས་ཆེན་དཀྱིལ་འཁོར་ཞལ་ཕྱེ་«བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབང་ཚིག་དབང་རིན་པོ་ཆེ་བཞི་པའི་དབང་ངོ་»བཞི་རྫོགས་དབང༌། །བརྡ་དོན་ཟབ་མོས་ངོ་སྤྲད་རིགས་ལྔ་ཡབ་ཡུམ་མཐོང༌། །བར་ཆད་རྐྱེན་རྣམས་མང་ཡང་«བསྡད་དུ་མ་བྱུང་ཡང་བར་ཆད་མང་བས་རིགས་པ་འུར་ཏེ་ཐོན་རྗེས་ཕུར་བ་ཆུ་བྲག་མེ་ལ་བརྟུལ་ཞུགས་སོ་»རྟགས་ལ་བསམ་མི་ཁྱབ། །ཨེ་མ་«སྔགས་གསར་རྙིང་»གདམས་པའི་གནས་ཡོད་རྗེས་འཇུག་«དད་ཡོད་རྣམས་»ཡ་མཚན་སྐྱེ། ། རྩ་དྲུག་ལོན་ཚེ་«ཤཱནྟི་བའི་དབང་བཞི་རྫོགས་པ་»རི་ཁྲོད་འཁྲུལ་«མཆུ་སྣོམ་མ་བུ་ཚོགས་དྲུག་ལ་སོགས་པ་»ཞིག་དར་མ་ལ། །གསང་སྔགས་ཐབས་ལམ་གནད་ཞུས་ཅི་བྱས་ཆོས་སུ་བཏང༌། ། ཚེ་འདིར་«སྐུར་པ་»མི་ཁ་ཟ་ཡང་རང་ཉིད་དོན་དང་ལྡན། །སྤྲུལ་སྐུ་རྒྱ་མཚོའི་མཚན་ཅན་«ཆོས་ཀྱི་འབྲེལ་བའི་བླ་མ་»གྲུབ་ཐོབ་གཞོན་ནུ་འབུམ། །ཐེག་ཆེན་སྙིང་པོའི་དོན་གསུང་དུག་རྣམས་ཟས་སུ་གྱུར། །ལྷ་རི་«འགྲོ་བའི་མགོན་པོ་»དབང་ཕྱུག་«ཆོས་རྗེ་འབྲུག་པའི་གདམ་ངག»་ཕག་སྣ་རྡོ་རྗེ་གདན་པ་དང༌། །མཁས་བཙུན་གྲུབ་ཐོབ་བརྟེན་ནས་གདམས་ངག་དཔག་མེད་ཞུས། །ལར་ནི་མཚན་ཉིད་ལྡན་པའི་བླ་མ་བཅུ་གསུམ་ བརྟེན། །འགྲན་ཟླ་རྩོད་པ་བྲལ་བའི་བླ་མ་རྣམས་«སེངྒེ་རྒྱབ་པ། སངས་རྒྱས་རས་པ། གྲུབ་ཐོབ་ཟ་ལུང་པ་»གསུམ་ལགས། །ཁྱད་འཕགས་«རྫོགས་ཆེན་འདི་ལས་ལྷག་པ་མེད་»དྲན་མཆོག་བླ་མ་གུ་རུ་ལ། །གསང་བ་སྙིང་ཏིག་རྒྱུད་རྣམས་ཕ་པད་གཉིས་ཀྱིས་ཞུས། །ད་ལྟ་སུམ་ཅུ་ལོན་ནས་མ་ཤིའི་བར་དུ་ཡང༌། །འཇིག་རྟེན་སྒྱུ་མའི་ནོར་ལ་ཞེན་པ་སྤུ་ཙམ་མེད། །སྨྱོ་«འདི་མི་བྱེད་བྱ་བ་མེད་པ་»སྤྱོད་བྱིས་པའི་རྣམ་ཐར་ངོ་ཚ་«ཁ་ནས་ཐོན་ཚད་དང»་སྦ་གསང་བྲལ། །ལྷ་«ཞལ་མང་པོ་མཐོང་»སྐུ་འབུམ་ཕྲག་«ཞི་ཁྲོའི་ལྷ་ཚོགས་»ཞལ་མཐོང་དེར་འཛིན་བློ་སེམས་སྟོར་«ང་རྒྱལ་མེད»།« » ཁྲོས་མའི་སྙིང་རླུང་ཞུགས་པས་གཞན་དབང་«འུར་འགྲོགས་ཁོང་ན་ཞེ་བཅད་ཡོད་པས་»གཅིག་མི་གཏོང༌། །བྱིན་རླབས་ཉམས་«རྨི་ལམ་ཙམ་སྒྱུ་མ་ཙམ་བྲག་དང་ཆུ་དང་མེ་དང་མཚོན་»མྱོང་འུར་ན་ཐམས་ཅད་རྫུན་པོ་ཡིན། །འདི་ཡིན་བདེན་«ཟླ་བ་མུན་སེལ་ནམ་འཆི་མི་རྟག་»པ་མེད་དོ་དོན་རང་ངོ་«སེམས་ནམ་མཁའ་ལྟ་བུ་»བོས་སྟོད། །«མོས་གུས་ཅན་»འབྲལ་མེད་བྱིན་བརླབས་འབྱུང་གི་རྗེས་«དོན་གཉིས་»འཇུག་བསྒྲུབ་ལ་རེམ། །མེ་ལོང་«ཟོག་མ་བྱས་»བསླུས་པ་«གདམ་ངག་ཟབ་ཆོས་བཤད་»མེད་དོ་བསམ་མནོ་ལེགས་པར་ཐོངས་«གཏན་དུ་མི་འགྲོགས»། །སྒྱུ་ལུས་«མགོ་ཟིང་འདི་»གཡར་པོ་ཡིན་པས་འབྱུང་བ་བཞི་ལ་གཏོད། །ལས་སུ་«དམིགས་མེད་»ཆོས་རང་བྱས་པས་དཔའ་བོ་མཁའ་འགྲོས་«ཟོག་མ་བྱས་»བསུ། །བླ་མ་རང་གི་སེམས་སུ་བྱོན་པས་«གཉིས་གཅིག་ཡིན་ཆུ་ལ་ཆུ་ཐིམ་»དབྱིངས་སུ་དབྱེར་མི་ཕྱེད། ། འཇའ་དང་འོད་«དཀར་སེར་སྣ་ལྔ་»དང་སྒྲ་དང་རྟགས་རྣམས་«སྐུ་གདུང་འབར་བ་ལས་བཤད་པ་བཞིན་»མ་ལུས་པ། །«མིག་གིས་»མཐོང་«རྣ་བས་»ཐོས་«ཡིད་ཀྱིས་»དྲན་པར་གྱུར་པའི་«ཆོས་འདི་བདེན་པའི་»ཡོན་ཏན་«སེམས་ཅན་ལས་ངན་པའི་»བློར་མི་ཤོངས། །འོན་ཀྱང་བྱིན་རླབས་ཀྱིས་མ་ལུས་ཀུན་བཟང་ཀློང་དུ་ཉེ་བར་འགྱུར། །འདི་བྲིས་དགེ་བས་འགྲོ་དྲུག་མ་ལུས་པ། །རྣམ་དག་ཡེ་ཤེས་ཀློང་དུ་སྒྱུ་ལུས་དག་གྱུར་ནས། །གཉིས་ཆོས་«མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་ཏེ་བདེ་བ་ཆེན་པོ་ལ་འཁོད་དོ་»མེད་ཀྱི་དབྱིངས་སུ་མྱ་ངན་འདའ་གྱུར་ཅིག །མེ་ལོང་རྡོ་རྗེའི་རྣམ་ཐར་གསལ་བྱེད་རྫུན་གྱི་མེ་ལོང་ཞེས་བྱ་བ། དད་གུས་ཅན་གྱི་དཔོན་ཀུན་གྱིས་ཡང་ཡང་བསྐུལ་ནས། བྱ་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་ཚར་བར་བྲིས་པ་ལགས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་ཨཱཿཧཱུཾ་ཧྲཱི། འབར་ཁའི་མི་ཁ་བསྡུས་ཀྱང་ཨེ་མ་གཡས་རེ་ཆུང༌། ཧེ་ཧེ་ཧེ། བླ་མ་དམ་པ་དེས་འདས་རྗེས་གསུངས་པ། ང་འགྲོ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འགྲོ། །རྫོགས་ཆེན་རྣལ་འབྱོར་དུད་ཡལ་ནམ་མཁའ་འདྲ། །སྟོང་ཉིད་སད་ཆེན་འཁྲུལ་རྟོག་སྤྲིན་ཚོགས་གཏོར། ། ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །སྙིང་ཏིག་རྣལ་འབྱོར་བར་སྣང་འཇའ་ཚོན་འདྲ། །རང་རིག་ཤེལ་སྒོང་ཁྲི་གདུགས་འོད་དང་མཇལ། །ལོངས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །འཁོར་འདས་ཀུན་ཁྱབ་གང་མོས་དེར་སྣང་སྟོན། །སྤྲུལ་སྐུའི་སྣང་བ་ཡིན་ནོ་ཨེ་མ་ ཧོ། །ངོ་བོ་སྟོང་པའི་དབྱིངས་ནི་བསམ་བརྗོད་བྲལ། །དེ་ལ་ང་ཐིམ་དགེ་བས་ཕན་མ་བཏགས། །རང་བཞིན་འོད་ལྔའི་དབྱིངས་ན་ཞི་ཁྲོ་གསལ། །དེ་ཉིད་ང་ཡིན་སྡིག་པས་གནོད་མ་བསྐྱལ། །ཐུགས་རྗེ་འགག་མེད་དབྱིངས་ནི་སྣ་ཚོགས་ལྡན། །དེ་ལ་ངས་ཁྱབ་འབྲལ་མེད་སྐུ་གསུམ་དང༌། །སྤྲང་པོ་ཡེ་ཤེས་ལུས་སུ་གྱུར་པ་ལ། །མེད་སྙམ་མ་སེམས་འབྲལ་མེད་ཉག་གཅིག་ལྟོས། །དོན་མེད་རག་སྐུ་མ་བྱེད་སྒྲུབ་ལ་འབུངས། །གང་འབྱོར་བླ་མའི་གསུང་ཡིན་ཕྱོགས་མེད་མཆོད། །སྐྱོན་རྟོགས་འཐབ་རྩོད་མ་བྱེད་ཁྱི་ཕྱུག་སྤོངས། །ངས་བཤད་གདམས་པ་ཉམས་ལོང་གསོལ་བ་ཐོབ། །ཆགས་སྡང་རྗེས་ཆོད་ཐིག་ལེ་ཉག་གཅིག་ལྟས། །ཞེན་མེད་རྣམ་ཐར་ཡིན་ནོ་ལད་མོ་ཟློས། །རི་ཁྲོད་ཕ་ཡུལ་ཡིན་ནོ་བྱ་བ་ཐོང༌། །དེ་ལྟར་བྱས་ན་སྐྱིད་འབྱུང་མངོན་སངས་རྒྱ། །ཞེས་ཕྱི་རབས་ཀྱི་དོན་དུ་སྣང་བར་བྱས་སོ།། །།རྒྱ་རྒྱ། དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).