LONGCHENPA-PECIN-04-NGA-011: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-04-NGA-011
Jump to navigation Jump to search
Longchenpa Project: generated page (21 November 2026)

Longchenpa Project: Theg mchog mdzod e-text (converted from a legacy font encoding); vowel signs kept with their letter at note boundaries (22 November 2026)

(One intermediate revision by the same user not shown)
Line 25: Line 25:

= Tibetan Text =
= Tibetan Text =

༄༅། །ཞང་ཉི་འབུམ་གྱི་རྣམ་ཐར་བཞུགས།
༄༅། །ཞང་ཉི་འབུམ་གྱི་རྣམ་ཐར་བཞུགས།

«དྲི་མེད་མཆོག་གི་བརྒྱུད་པ་བླ་མའི་སྐུ། །སྡེ་སྣོད་ཀུན་གྱི་མངའ་བདག་རྒྱལ་བའི་སྲས། །ཡེ་ཤེས་ཉི་འོད་འགྲོ་ཀུན་ཁྱབ་མཛད་པའི། །རྩོད་མེད་བླ་མ་ཉིད་ལ་གུས་པས་འདུད། །རྩ་བའི་རྒྱུད་སྒྲ་ཐལ་འགྱུར་ལས་ལུང་བསྟན་པའི་ལག་ན་རྡོ་རྗེའི་སྤྲུལ་པ་ཞང་ཉི་མ་འབུམ་ཞེས་བྱ་བའི་ལོ་རྒྱུས་ཟུར་ཙམ་ནི»། «ཡབ་མཚན་བརྗོད་པར་དཀའ་བ་རྒྱལ་བ་ཞང་སྟོན་དང༌། རྒྱལ་མོ་གཡང་དེ་ཉིད་ཀྱི་སྲས་སུ་འཁྲུངས་ཏེ་«ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་ཤར་བ་རྨིས་ནས། ཡབ་ལ་ཞུས་པས་གསང་བ་བླ་ན་མེད་པ་འདིས་སེམས་ཅན་མང་པོའི་དོན་བྱེད་པར་འོངས་པའི་རྟགས་ཡིན་ཁྱོད་ཐེ་ཚོམ་ཟ་མི་འཚལ་གསུངས། «དེའི་དུས་སུ་ཡབ་ཀྱིས་མཚན་གསོལ་བ་སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་སེལ་བའི་ཉི་འོད་དུ་འགྱུར་བར་འདུག་པས་ཉི་མ་འབུམ་ཞེས་བྱ་བར་ཐོགས་ཤིག་གསུངས་ནས་མཚན་གསོལ་སྐད། དེ་ནས་དགུང་ལོ་གསུམ་སོང་ཙ་ན་ཁོང་རང་གིས་སོ་ཕོ་རྒྱ་སྟོན་ལུང་གྲོ་བའི་ཕུར་པ་དང༌། ཡང་དག་གི་སྒྲུབ་པ་མང་དུ་མཛད་དེ། བྱིན་གྱིས་བརླབས་ཤིང་བར་ཆོད་བསལ་ལོ། །དགུང་ལོ་ལྔ་ནས་བདུན་བརྒྱད་ཀྱི་བར་ལ་ཡབ་ཉིད་ཀྱིས་གསང་བ་བླ་ན་མེད་པའི་དབང་གདམས་ངག་དང་བཅས་པ་དང༌། རྒྱུད་བཅུ་བདུན་གྱི་ལུང་རྫོགས་པར་མཛད་དོ། །དགུང་ལོ་དགུ་ལ་བླ་མ་ཉིད་སྐུ་འདས། དེའི་དུས་སུ་འགྲོ་མགོན་ཞང་གཡུ་»བྲ«ག་པ་གདན་དྲངས་ནས། བཀའ་རྒྱས་འབྲིང་རྣམ་གསུམ་ཕྱག་ཏུ་བཏང་སྟེ་ཚིག་གིས་ཕུལ་ཞིང་ས་བདེ་འཇམ་ལ་བཀོད་དོ། ། དགུང་ལོ་བཅུ་ནས་བཅོ་ལྔ་མན་ཆད་ལ་རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང༌། རྒྱུད་བཅུ་བདུན་གྱི་བཤད་པ་ཚང་བར་མཛད་དོ། །ཆེ་སར་བཏ»ོ«ན་དུས་བུ་སློབ་རྣམས་ལེགས་པར་བསྡུས་ཏེ། རྒྱུད་གདམས་ངག་དང་བཅས་པ་བཤད་པས་བུ་སློབ་ཀུན་ངོ་མཚར་སྐྱེས་ཤིང་དད་པར་གྱུར། བཅོ་བརྒྱད་ལ་སློབ་དཔོན་གྱི་སྤྱན་སྔར་དབང་གོང་མ་ཞུས། དགུང་ལོ་ཉི་ཤུ་ཐམ་པ་ལ་བླ་མ་«གཞུང་«རྔོག་རྒྱལ་ཚ་རྡོར་སེང་གི་སྤྱན་སྔར་བྱོན་ཏེ། སྤར་གསར་མའི་རྒྱུད་གདམས་ངག་དང་བཅས་པ་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། དགུང་ལོ་ཉི་ཤུ་རྩ་བདུན་ལ་ས་སྐྱའི་འཁོན་གྲགས་པ་རྒྱལ་མཚན་དང༌། བླ་མ་སྟག་སོ་བའི་སྤྱན་སྔར་བྱོན་ཏེ། རྒྱུད་གསུམ་མན་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་ཞུས། ཉི་ཤུ་རྩ་དགུ་ལ་ཇོ་མོ་སེང་རྒྱན་ཁབ་ཏུ་བཞེས། དགུང་ལོ་སུམ་ཅུ་ལ་ཁ་རག་བོན་འབྲུག་གི་བླ་མ་སྐྱི་སྟོན་གྲགས་པའི་སྤྱན་སྔར་བྱོན། བདེ་མཆོག་ལྷན་སྐྱེས་ཨ་ཕྱིའི་ལུགས་དང༌། རྗེ་བཙུན་མ་རཱ་ལུགས་དང༌། མགོན་པོ་བྱ་རོགས་མ་དང་ཚལ་བའི་ཆོས་སྐོར་ཞུས། ལར་ནི་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་མང་དུ་བསྟེན་ཅིང་གདམས་ངག་མང་དུ་ཞུས་ཏེ་ཐུགས་དགོངས་ལོན་པར་མཛད་དོ། །རྒྱུད་ཀྱི་བཤད་པ་དང་གདམས་ངག་གི་ཁྲིད་ལ་སོགས་པའང་མང་དུ་མཛད་དེ་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་བཀོད་དོ། །དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ་སྐུ་འདས་པའི་ཚུལ་བསྟན་ཏེ་པུར་«སྦྱངས་པ་«ལ་བཀོད་དེ། གདུང་ཤ་རཱི་རམ་དང་ཉ་རཱི་རམ་དང༌། ཆུ་རཱི་རམ་དང༌། པཉྩ་རམ་ལ་སོགས་པ་ཁ་དོག་མ་འདྲེས་པ་ལྔ་བྱོན་ཏེ་བླ་མ་ཉི་འབུམ་ཆེན་པོ་དབྱིངས་སུ་ཡལ་ལོ། །ཀྱེ་མ་ཀྱེ་ཧུད་ཉི་མའི་མཚན་ཅན་རིན་པོ་ཆེ། །རིགས་དྲུག་འཁོར་བའི་མུན་པའི་སྨག་རུམ་དུ། །གསལ་དག་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལས། །ལྔ་ལྡན་འོད་ཀྱི་སྒྲོན་མེ་ཡིས། །སྟོངས་ཞིང་འཐིབས་པའི་མུན་པ་འདི། །སྐད་ཅིག་ཉིད་ལ་གསལ་བར་མཛད་དོ། །རྫོགས་སོ།། »།«།
«དྲི་མེད་མཆོག་གི་བརྒྱུད་པ་བླ་མའི་སྐུ། །སྡེ་སྣོད་ཀུན་གྱི་མངའ་བདག་རྒྱལ་བའི་སྲས། །ཡེ་ཤེས་ཉི་འོད་འགྲོ་ཀུན་ཁྱབ་མཛད་པའི། །རྩོད་མེད་བླ་མ་ཉིད་ལ་གུས་པས་འདུད། །རྩ་བའི་རྒྱུད་སྒྲ་ཐལ་འགྱུར་ལས་ལུང་བསྟན་པའི་ལག་ན་རྡོ་རྗེའི་སྤྲུལ་པ་ཞང་ཉི་མ་འབུམ་ཞེས་བྱ་བའི་ལོ་རྒྱུས་ཟུར་ཙམ་ནི»། «ཡབ་མཚན་བརྗོད་པར་དཀའ་བ་རྒྱལ་བ་ཞང་སྟོན་དང༌། རྒྱལ་མོ་གཡང་དེ་ཉིད་ཀྱི་སྲས་སུ་འཁྲུངས་ཏེ་«ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་ཤར་བ་རྨིས་ནས། ཡབ་ལ་ཞུས་པས་གསང་བ་བླ་ན་མེད་པ་འདིས་སེམས་ཅན་མང་པོའི་དོན་བྱེད་པར་འོངས་པའི་རྟགས་ཡིན་ཁྱོད་ཐེ་ཚོམ་ཟ་མི་འཚལ་གསུངས། «དེའི་དུས་སུ་ཡབ་ཀྱིས་མཚན་གསོལ་བ་སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་སེལ་བའི་ཉི་འོད་དུ་འགྱུར་བར་འདུག་པས་ཉི་མ་འབུམ་ཞེས་བྱ་བར་ཐོགས་ཤིག་གསུངས་ནས་མཚན་གསོལ་སྐད། དེ་ནས་དགུང་ལོ་གསུམ་སོང་ཙ་ན་ཁོང་རང་གིས་སོ་ཕོ་རྒྱ་སྟོན་ལུང་གྲོ་བའི་ཕུར་པ་དང༌། ཡང་དག་གི་སྒྲུབ་པ་མང་དུ་མཛད་དེ། བྱིན་གྱིས་བརླབས་ཤིང་བར་ཆོད་བསལ་ལོ། །དགུང་ལོ་ལྔ་ནས་བདུན་བརྒྱད་ཀྱི་བར་ལ་ཡབ་ཉིད་ཀྱིས་གསང་བ་བླ་ན་མེད་པའི་དབང་གདམས་ངག་དང་བཅས་པ་དང༌། རྒྱུད་བཅུ་བདུན་གྱི་ལུང་རྫོགས་པར་མཛད་དོ། །དགུང་ལོ་དགུ་ལ་བླ་མ་ཉིད་སྐུ་འདས། དེའི་དུས་སུ་འགྲོ་མགོན་ཞང་གཡུ་»བྲ«ག་པ་གདན་དྲངས་ནས། བཀའ་རྒྱས་འབྲིང་རྣམ་གསུམ་ཕྱག་ཏུ་བཏང་སྟེ་ཚིག་གིས་ཕུལ་ཞིང་ས་བདེ་འཇམ་ལ་བཀོད་དོ། ། དགུང་ལོ་བཅུ་ནས་བཅོ་ལྔ་མན་ཆད་ལ་རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང༌། རྒྱུད་བཅུ་བདུན་གྱི་བཤད་པ་ཚང་བར་མཛད་དོ། །ཆེ་སར་བཏོ»«ན་དུས་བུ་སློབ་རྣམས་ལེགས་པར་བསྡུས་ཏེ། རྒྱུད་གདམས་ངག་དང་བཅས་པ་བཤད་པས་བུ་སློབ་ཀུན་ངོ་མཚར་སྐྱེས་ཤིང་དད་པར་གྱུར། བཅོ་བརྒྱད་ལ་སློབ་དཔོན་གྱི་སྤྱན་སྔར་དབང་གོང་མ་ཞུས། དགུང་ལོ་ཉི་ཤུ་ཐམ་པ་ལ་བླ་མ་«གཞུང་«རྔོག་རྒྱལ་ཚ་རྡོར་སེང་གི་སྤྱན་སྔར་བྱོན་ཏེ། སྤར་གསར་མའི་རྒྱུད་གདམས་ངག་དང་བཅས་པ་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། དགུང་ལོ་ཉི་ཤུ་རྩ་བདུན་ལ་ས་སྐྱའི་འཁོན་གྲགས་པ་རྒྱལ་མཚན་དང༌། བླ་མ་སྟག་སོ་བའི་སྤྱན་སྔར་བྱོན་ཏེ། རྒྱུད་གསུམ་མན་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་ཞུས། ཉི་ཤུ་རྩ་དགུ་ལ་ཇོ་མོ་སེང་རྒྱན་ཁབ་ཏུ་བཞེས། དགུང་ལོ་སུམ་ཅུ་ལ་ཁ་རག་བོན་འབྲུག་གི་བླ་མ་སྐྱི་སྟོན་གྲགས་པའི་སྤྱན་སྔར་བྱོན། བདེ་མཆོག་ལྷན་སྐྱེས་ཨ་ཕྱིའི་ལུགས་དང༌། རྗེ་བཙུན་མ་རཱ་ལུགས་དང༌། མགོན་པོ་བྱ་རོགས་མ་དང་ཚལ་བའི་ཆོས་སྐོར་ཞུས། ལར་ནི་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་མང་དུ་བསྟེན་ཅིང་གདམས་ངག་མང་དུ་ཞུས་ཏེ་ཐུགས་དགོངས་ལོན་པར་མཛད་དོ། །རྒྱུད་ཀྱི་བཤད་པ་དང་གདམས་ངག་གི་ཁྲིད་ལ་སོགས་པའང་མང་དུ་མཛད་དེ་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་བཀོད་དོ། །དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ་སྐུ་འདས་པའི་ཚུལ་བསྟན་ཏེ་པུར་«སྦྱངས་པ་«ལ་བཀོད་དེ། གདུང་ཤ་རཱི་རམ་དང་ཉ་རཱི་རམ་དང༌། ཆུ་རཱི་རམ་དང༌། པཉྩ་རམ་ལ་སོགས་པ་ཁ་དོག་མ་འདྲེས་པ་ལྔ་བྱོན་ཏེ་བླ་མ་ཉི་འབུམ་ཆེན་པོ་དབྱིངས་སུ་ཡལ་ལོ། །ཀྱེ་མ་ཀྱེ་ཧུད་ཉི་མའི་མཚན་ཅན་རིན་པོ་ཆེ། །རིགས་དྲུག་འཁོར་བའི་མུན་པའི་སྨག་རུམ་དུ། །གསལ་དག་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལས། །ལྔ་ལྡན་འོད་ཀྱི་སྒྲོན་མེ་ཡིས། །སྟོངས་ཞིང་འཐིབས་པའི་མུན་པ་འདི། །སྐད་ཅིག་ཉིད་ལ་གསལ་བར་མཛད་དོ། །རྫོགས་སོ།། »།«།

= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:
This page is a cleaned copy of the following rywikitexts page, which stay unchanged:
* [[Klong chen rab byams gsung 'bum/volume 004 073]] (revision 10458, 2020-03-22)
* [[Klong chen rab byams gsung 'bum/volume 004 073]] (revision 10458, 2020-03-22)
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).
<headertabs/>
<headertabs/>

Latest revision as of 21:59, 21 November 2026

བླ་མ་རྒྱལ་བ་ཞང་ཆེན་པོའི་རྣམ་པར་ཐར་པ klong chen rab 'byams kyi gsung 'bum (pe cin 2009)· Volume 4(NGA) ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར

Title ཞང་ཉི་འབུམ་གྱི་རྣམ་ཐར
Wylie zhang nyi 'bum gyi rnam thar

Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 4(NGA), text 11, pages 156–158 (BDRC scan pages)
Section snying thig ya bzhi › bi ma snying thig

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.4.13
Citation Klong chen rab 'byams pa. zhang nyi 'bum gyi rnam thar. In Kun mkhyen klong chen rab 'byams kyi gsung 'bum, vol. 4, pp. 156–158. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཞང་ཉི་འབུམ་གྱི་རྣམ་ཐར་བཞུགས།

«དྲི་མེད་མཆོག་གི་བརྒྱུད་པ་བླ་མའི་སྐུ། །སྡེ་སྣོད་ཀུན་གྱི་མངའ་བདག་རྒྱལ་བའི་སྲས། །ཡེ་ཤེས་ཉི་འོད་འགྲོ་ཀུན་ཁྱབ་མཛད་པའི། །རྩོད་མེད་བླ་མ་ཉིད་ལ་གུས་པས་འདུད། །རྩ་བའི་རྒྱུད་སྒྲ་ཐལ་འགྱུར་ལས་ལུང་བསྟན་པའི་ལག་ན་རྡོ་རྗེའི་སྤྲུལ་པ་ཞང་ཉི་མ་འབུམ་ཞེས་བྱ་བའི་ལོ་རྒྱུས་ཟུར་ཙམ་ནི»། «ཡབ་མཚན་བརྗོད་པར་དཀའ་བ་རྒྱལ་བ་ཞང་སྟོན་དང༌། རྒྱལ་མོ་གཡང་དེ་ཉིད་ཀྱི་སྲས་སུ་འཁྲུངས་ཏེ་«ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་ཤར་བ་རྨིས་ནས། ཡབ་ལ་ཞུས་པས་གསང་བ་བླ་ན་མེད་པ་འདིས་སེམས་ཅན་མང་པོའི་དོན་བྱེད་པར་འོངས་པའི་རྟགས་ཡིན་ཁྱོད་ཐེ་ཚོམ་ཟ་མི་འཚལ་གསུངས། «དེའི་དུས་སུ་ཡབ་ཀྱིས་མཚན་གསོལ་བ་སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་སེལ་བའི་ཉི་འོད་དུ་འགྱུར་བར་འདུག་པས་ཉི་མ་འབུམ་ཞེས་བྱ་བར་ཐོགས་ཤིག་གསུངས་ནས་མཚན་གསོལ་སྐད། དེ་ནས་དགུང་ལོ་གསུམ་སོང་ཙ་ན་ཁོང་རང་གིས་སོ་ཕོ་རྒྱ་སྟོན་ལུང་གྲོ་བའི་ཕུར་པ་དང༌། ཡང་དག་གི་སྒྲུབ་པ་མང་དུ་མཛད་དེ། བྱིན་གྱིས་བརླབས་ཤིང་བར་ཆོད་བསལ་ལོ། །དགུང་ལོ་ལྔ་ནས་བདུན་བརྒྱད་ཀྱི་བར་ལ་ཡབ་ཉིད་ཀྱིས་གསང་བ་བླ་ན་མེད་པའི་དབང་གདམས་ངག་དང་བཅས་པ་དང༌། རྒྱུད་བཅུ་བདུན་གྱི་ལུང་རྫོགས་པར་མཛད་དོ། །དགུང་ལོ་དགུ་ལ་བླ་མ་ཉིད་སྐུ་འདས། དེའི་དུས་སུ་འགྲོ་མགོན་ཞང་གཡུ་»བྲ«ག་པ་གདན་དྲངས་ནས། བཀའ་རྒྱས་འབྲིང་རྣམ་གསུམ་ཕྱག་ཏུ་བཏང་སྟེ་ཚིག་གིས་ཕུལ་ཞིང་ས་བདེ་འཇམ་ལ་བཀོད་དོ། ། དགུང་ལོ་བཅུ་ནས་བཅོ་ལྔ་མན་ཆད་ལ་རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང༌། རྒྱུད་བཅུ་བདུན་གྱི་བཤད་པ་ཚང་བར་མཛད་དོ། །ཆེ་སར་བཏོ»«ན་དུས་བུ་སློབ་རྣམས་ལེགས་པར་བསྡུས་ཏེ། རྒྱུད་གདམས་ངག་དང་བཅས་པ་བཤད་པས་བུ་སློབ་ཀུན་ངོ་མཚར་སྐྱེས་ཤིང་དད་པར་གྱུར། བཅོ་བརྒྱད་ལ་སློབ་དཔོན་གྱི་སྤྱན་སྔར་དབང་གོང་མ་ཞུས། དགུང་ལོ་ཉི་ཤུ་ཐམ་པ་ལ་བླ་མ་«གཞུང་«རྔོག་རྒྱལ་ཚ་རྡོར་སེང་གི་སྤྱན་སྔར་བྱོན་ཏེ། སྤར་གསར་མའི་རྒྱུད་གདམས་ངག་དང་བཅས་པ་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། དགུང་ལོ་ཉི་ཤུ་རྩ་བདུན་ལ་ས་སྐྱའི་འཁོན་གྲགས་པ་རྒྱལ་མཚན་དང༌། བླ་མ་སྟག་སོ་བའི་སྤྱན་སྔར་བྱོན་ཏེ། རྒྱུད་གསུམ་མན་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་ཞུས། ཉི་ཤུ་རྩ་དགུ་ལ་ཇོ་མོ་སེང་རྒྱན་ཁབ་ཏུ་བཞེས། དགུང་ལོ་སུམ་ཅུ་ལ་ཁ་རག་བོན་འབྲུག་གི་བླ་མ་སྐྱི་སྟོན་གྲགས་པའི་སྤྱན་སྔར་བྱོན། བདེ་མཆོག་ལྷན་སྐྱེས་ཨ་ཕྱིའི་ལུགས་དང༌། རྗེ་བཙུན་མ་རཱ་ལུགས་དང༌། མགོན་པོ་བྱ་རོགས་མ་དང་ཚལ་བའི་ཆོས་སྐོར་ཞུས། ལར་ནི་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་མང་དུ་བསྟེན་ཅིང་གདམས་ངག་མང་དུ་ཞུས་ཏེ་ཐུགས་དགོངས་ལོན་པར་མཛད་དོ། །རྒྱུད་ཀྱི་བཤད་པ་དང་གདམས་ངག་གི་ཁྲིད་ལ་སོགས་པའང་མང་དུ་མཛད་དེ་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་བཀོད་དོ། །དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ་སྐུ་འདས་པའི་ཚུལ་བསྟན་ཏེ་པུར་«སྦྱངས་པ་«ལ་བཀོད་དེ། གདུང་ཤ་རཱི་རམ་དང་ཉ་རཱི་རམ་དང༌། ཆུ་རཱི་རམ་དང༌། པཉྩ་རམ་ལ་སོགས་པ་ཁ་དོག་མ་འདྲེས་པ་ལྔ་བྱོན་ཏེ་བླ་མ་ཉི་འབུམ་ཆེན་པོ་དབྱིངས་སུ་ཡལ་ལོ། །ཀྱེ་མ་ཀྱེ་ཧུད་ཉི་མའི་མཚན་ཅན་རིན་པོ་ཆེ། །རིགས་དྲུག་འཁོར་བའི་མུན་པའི་སྨག་རུམ་དུ། །གསལ་དག་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལས། །ལྔ་ལྡན་འོད་ཀྱི་སྒྲོན་མེ་ཡིས། །སྟོངས་ཞིང་འཐིབས་པའི་མུན་པ་འདི། །སྐད་ཅིག་ཉིད་ལ་གསལ་བར་མཛད་དོ། །རྫོགས་སོ།། »།«།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).