CyzKangsarComm: Difference between revisions
No edit summary |
Tag: Replaced |
||
| (4 intermediate revisions by the same user not shown) | |||
| Line 5: | Line 5: | ||
== Forward == | == Forward == | ||
{{:Chos dbyings rin po che'i mdzod kyi 'bru 'grel 'od gsal thig le nyag gcig/Forward}} | {{:Chos dbyings rin po che'i mdzod kyi 'bru 'grel 'od gsal thig le nyag gcig/Forward}} | ||
== Introduction == | == Introduction == | ||
{{:Chos dbyings rin po che'i mdzod kyi 'bru 'grel 'od gsal thig le nyag gcig/Introduction}} | |||
== Chapter 1 == | == Chapter 1 == | ||
Latest revision as of 09:50, 26 February 2026
Title
༄༅། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་འོད་གསལ་ཐིག་ལེ་ཉག་གཅིག་ཅེས་བྱ་བའི་སྟོད་ཆ་བཞུགས་སོ། །
༄༅། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་འོད་གསལ་ཐིག་ལེ་ཉག་གཅིག་ཅེས་བྱ་བའི་སྨད་ཆ་བཞུགས་སོ། །
Forward
སྔོན་དུ་འགྲོ་བའི་གཏམ། དེའང་ ར་ བ་ གངས་ རི་ཅན་གྱི་ཡུལ་གྲུ་འདིར། རྒྱལ་ཀུན་གསུང་གི་དབང་ཕྱུག རྗེ་བཙུན་འཇམ་པའི་རྡོ་རྗེ་དེ་ཉིད། མངོན་སུམ་མིའི་ཤ་ཚུགས་སུ་བྱོན་པ། ཀུན་མཁྱེན་ ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། འཇམ་ དབྱངས་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གསུམ་ནི། གངས་ཅན་འཇམ་དབྱངས་ རྣམ་གསུམ་ཞེས་ཡོངས་ སུ་ གྲགས་སོ།། དེ་ལས་ཀྱང༌། ཀུན་མཁྱེན་ཀློང་ཆེན་པ་ནི་ ཟབ་མོ་ནང༌གི༌དེ༌ཉིད༌ལ༌རང་བྱན་ཆུད་ཅིང༌། རྒྱ་ཆེ་བ་པཎྚི་ཏའི་ལུགས་གླེགས་བམ་ མཛོད་ཆེན་བདུན་དང༌། ཟབ་པ་ཀུ་ སཱ་ལིའི་ལུགས་སྙིང་ཐིག་ཡ་བཞི། ཟབ་རྒྱས་ གཉིས་ཀྱི་དོན་ཚང་ལ་མ་ནོར་བར་བསྟན་པ་ངེས་དོན་ངལ་གསོ་སྐོར་གསུམ། རང་ གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ་སོགས་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དང་ གཉིས་སུ་མེད་པའི་ཆོས་སྐུའི་རིང་བསྲེལ་འདི། རང་རེ་ཕྱི་རབས་པ་རྣམས་ལ་གཅེས་ ནོར་དུ་བཞག ཁྱད་པར་དུ་མཛོད་ཆེན་བདུན་གྱི་ཡང་སྙིང་ཆོས་དབྱིངས་རིན་པོ་ཆེའི་ མཛོད་ནི། ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་ཡིན་པར་རྫོགས་ཆེན་དཔལ་ སྤྲུལ་རིན་པོ་ཆེེས་གསུངས་སོ། ། འདི་ལ་རང་འགྲེལ་ལུང་གི་གཏེར་མཛོད་བཞུགས་ ཀྱང༌། རྩ་བའི་ཚིག་ལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ལུང་གིས་རྒྱབ་བརྟེན་མཛད་པ་ཙམ་ ལས། ཚིག་འགྲེལ་མཐར་ཆགས་སུ་མ་གནང་ཞིང༌། ཕྱིས་ཀྱི་མཁས་པ་སུས་ཀྱང་དེ་ ལྟར་མཛད་པར་མ་ཐོས་པས། ཀུན་མཁྱེན་ཀློང་ཆེན་པ་དང་ཞལ་མི་གཉིས་པའི་ཟབ་ གསང་རྫོགས་པ་ཆེན་པོའི་རྣལ་འབྱོཪ་བ་ ༧ དཔལ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ལྷུན་ 1 མཉམ་བྱ་བྲལ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཀྱིས་བསྐུལ་མ་མཛད་པའི་ངོར། རྗེ་ བཙུན་བསྟན་པའི་དབང་ཕྱུག་ཉིད་ཀྱིས། རང་འགྲེལ་ལུང་གི་གཏེར་མཛོད་ལ་གཞི བཅོལ། བརྒྱུད་གསུམ་བླ་མའི་ཞལ་རྒྱུན་དང༌། ཁོང་གི་རྟོགས་པའི་ཉམས་མྱོང་གིས་ ཟུར་བརྒྱན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་ གཅིག ཅེས་པ་འདི་ཉིད་རྩོམ་པ་རབ་ཀྱི་ལུགས་སྲོལ་བཟུང་སྟེ། ཟབ་ཅིང་རྒྱུ་ཆེ་བའི་ དོན་གསལ་ཞིང་གོ་བདེ་བའི་ཚིག་གིས་རྣམ་པར་བཀྲལ། ཤིན་ཏུ་གསང་བའི་དཀའ་ གནད་རྣམས་འགྲེལ་བའི་ཚེ། གསང་ཆེན་སྔགས་ཀྱི་སྲུང་མ་སོགས་ལ་ བཀའ་ འདྲི་ བྱས་ཤིང༌། དེ་དག་གིས་ཀྱང་དངོས་ཉམས་རྨི་ལམ་གྱི་སྣང་བར། རྡོ་རྗེའི་གསུང་ གིས་ལུང་བསྟན་ཏེ་རམ་འདེགས་མཛད་པར་མ་ཟད། ཉིད་ཀྱི་ཞལ་ནས་ཀྱང༌། ངས་ འགྲེལ་བ་འདི་ཉིད་ལེགས་པར་བརྩམས་གྲུབ་པའི་མོད། ཀུན་མཁྱེན་བླ་མ་པཎྚི་ཏའི་ ཆ་བྱད་ཅན་ཞིག་བྱོན་ནས། མཛོད་ཆེན་བདུན་ ང་ ལ་གཏད་དེ་ཐུགས་ སྨོན་འགའ་ གནང་ཚེ། གླེགས་བམ་གྱི་ཞལ་ཕྱེས་ནས། སྡེབ་མ་རེ་རེ་བཞིན་ང༌ལ༌ཐིམ༌ཞིང༌ ། ཆོས་དབྱིངས་མཛོད་ནི་ཡིག་འབྲུ་རེ་རེ༌བཞིན༌ང༌ལ༌སིབ༌སིབ༌ཐིམ༌སོང༌བར་རྨིས་པས། གཞན་ལ་ཕན་པ་རེ་ཐོག་པར་བྱིན་གྱིས་བརླབས་པ་ཡིན་ནམ་སྙམ་ཞེས་གསང་ཐབས་སུ་ གསུངས་པས་ན། ཀུན་མཁྱེན་བླ་མའི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བར་ངེས་ པས། ཆོས་འདི་ལ་ཉེ་བརྒྱུད་དགོངས་པའི་བྱིན་རླབས་དང་ལྡན་པའང༌ཡིད་ཆེས་བྱེད་ ཆོག་པར་སེམས། དེའི་ཕྱིར་གཞུང་བཟང་པོ་ཡིད་བཞིན་ནོར་བུ་ལྟ་བུ་འདི་ཉིད། ད་ལོ་ དག་སྒྲིག་པར་སྐྲུན་བྱེད་པའི་བཀའ་གནང་ཐོབ་པ་བཞིན། མཛོད་ཚ་ཨ་བུ་དཀར་ལོ་ དང་ཁོ་བོ་དམན་བུ་ སྐལ་བཟང་རྣམ་འདྲེན་གཉིས་ཀྱིས་ཞུས་དག་གི་ཞབས་ཏོག་ཅུང་ ཟད་བགྱིས་ཤིང༌། མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད་རྣམ་པའི་ཐུགས་ཁུར་དང་ རྒྱབ་སྐྱོར་འོག ད་ལམ་པར་དུ་བསྐྲུན་པར་ཉེས་པའི་ཆ་གང་མཆིས་ལ་གཟིགས་པ་པོ་ 2 རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གྱི་བཀའ་དྲིན་མི་ཆུང་བར་མཁྱེན་ཞུ། ཆེད་དུ་ཞུ་བ། ད་སྔོན་ངེད་ཅག་གིས་ཞུས་དག་ལེགས་པར་མ་ཐོན་པའི་དཔེ་དེབ་ འགའ་སྤེལ་བ་དང༌། ཁྱད་པར་ད་ལོ༌གསུང༌འབུམ༌ཞུས༌དག་མ་ཟིན་པའི་བར་ནས། གཞན༌ཞིག༌གིས༌མ༌ཤེས༌པར༌ཞུས༌དག་པ་ངེད་གཉིས་ཀྱི་མིང་བཀོད་དེ་པར་སྐྲུན་བྱས་ ཤིང་དཔེ་དེབ་བརྒྱད་བཟོས་ཏེ་བཀྲམ་པ་ལ་ནི་ཚིག་དོན་གང་གི་ཆ་ལའང་སྲི་ཞུ་ལེགས་ པར་མ་ཐོན་པར་མ་ཟད། རྗེ་འདིའི་གསུང་མ་ཡིན་པ་བཀོད་པ་དང༌། ཡིན་པ་མ་ བཀོད་པ་སོགས་ཀྱི་ཞན་ཆ་ཆེས༌མང་བས་ངེད་ཅག་ལ་བློ་ཕམ་ཆེན་པོ་བྱུང་བའི་ངང༌། ཀློག༌པ༌པོ༌རྣམས༌ལའང༌དགོངས༌ཚོམས་མེད་པར་སྙིང་ནས་ཞུ། གསུང་འབུམ་འདི་ ཉིད་ནི་ཞུས་དག་བྱེད་སྐབས། ཚིག་དོན་གང་གི་ཆ་ནས་ཀྱང་དོགས་པ་ཅན་རྣམས་རྗེ་ ཉིད་ལ་བཀའ་འདྲི་བྱས་ཏེ་དགོངས་གནང་ཐོབ་རྗེས་གཏན་པ་ཕབ་པ་ལས། ཡིད་ཚོད་ དང་སྣང་མེད་ཀྱིས་བསྒྱུར་བ་གང་ཡང་མེད་ཕྱིར་བྱིན་རླབས་ཀྱང༌། དག་དང་མ་དག་ བརྒྱ་འགྱུར་དང༌། ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན་ཞེས་པའི་ཁྱད་པར་ཡོད་ ཚུལ་ཀློག་པ་པོ་རྣམས་ཀྱིས་མཁྱེན་པར་འཚལ་ཞུ།
Introduction
ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། ༄༅།། བླ་མའི་ཐུགས་དང་གཉིས་སུ་མེད་པའི་ཁྱབ་བདག་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་གྱུར་པའི་རང་བྱུང་རིག་པ་ཉིད་ལ་མི་ཕྱེད་དད་པའི་སྒོ་ནས་ཕྱག་འཚལ་ལོ།། ཀུན་ཏུ་བཟང་དང་རྡོར་སེམས་དགའ་རབ་རྗེ།། ཤྲཱི་སེང་ཧ་པད་འབྱུང་བཱི་མ་ལ།། རྗེ་འབངས་ཉེར་ལྔ་བཀའ་གཏེར་བརྒྱུད་འཛིན་པའི།། དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས་ལ་འདུད།། གདོད་ནས་མི་ཤིགས་གཉུག་མའི་ཞིང་ཁམས་སུ།། སྐུ་དང་ཡེ་ཤེས་ངོ་བོར་སངས་རྒྱས་ཀྱང༌༎ ཞིང་འདིར་གཟུགས་སྐུའི་གར་གྱིས་ཟབ་དོན་ཆོས།། འདོམས་མཁས་དྲི་མེད་འོད་ཟེར་གཙུག་ན་རྒྱལ།། བཱི་མ་ལ་དང་བཻ་རོའི་རྣམ་འཕྲུལ་གར།། བསིལ་ལྗོངས་གནས་འདིར་བསམ་བཞིན་བཤེས་གཉེན་ཚུལ།། ཉེ་བར་བཟུང་བའི་རྗེ་བཙུན་ཆོས་ཀྱི་རྒྱལ།། མ་ཏི་ས་རའི་ཞབས་རྡུལ་སྤྱི་བོས་མཆོད།། དེའང་གདོད་མའི་མགོན་པོ་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ཉིད་ཆོས་དབྱིངས་ 1 ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་གཅིག ཀ་དག་གི་ཀློང་དུ་ཡང་དག་པར་བྱང་ཆུབ་ནས་ལྷུན་གྲུབ་ཐུགས་རྗེའི་རྩལ་སྣང་རྣམ་པར་འཕྲུལ་བ་གཞི་དང་སྙིང་པོའི་མེ་ཏོག་གིས་བརྒྱན་པའི་ཞིང་དུ་ཀུན་ཏུ་བཟང་པོའི་སྤྲུལ་བ་རང་སྣང་བ་ཐུབ་པ་རྣམ་སྣང་གངས་ཅན་མཚོའི་སྐུ་ལུས་ལ་ཞིང་ཁམས་ཀྱི་བཀོད་པ་སྣ་ཚོགས་སྣང་བ་ལས་སྟོན་པ་དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གདུལ་བྱ་འདུལ་བྱེད་ཀྱི་སེམས་དཔའ་གསུམ་དུ་ཤར་བའི་ནང་ནས་གཞོན་ནུ་བརྟན་པའི་འཁོར་ལོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་འདི་ཉིད་ནི། སྔོན་པཎ་ཆེན་བཱི་མ་ལ་དང༌། བིརླ་བ། འཕགས་ཡུལ་གྱི་པཎ་གྲུབ་མ་ཧཱ་མུ་ཏྲ་སོགས་ཀྱི་རྣམ་རོལ་ཏུ་བྱོན་པ་དང་། ད་ལྟ་བསྟན་འགྲོའི་དོན་དུ་བསམ་བཞིན་དུ་བྱོན་ནས་གདུལ་བྱའི་ངོར་སྙིགས་དུས་འགྲོ་བའི་ལྷ་སྐལ་དུ་བབས་པ་སྟེ། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་ཟླ་བ་དཔལ་བཟང་པོའི་ཞལ་ནས། ལྔ་རིག་སྨྲ་བའི་ཉིན་བྱེད་ས་པཎ་རྗེ༎ མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ།། ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ།། གངས་ལྗོངས་འཇམ་དཔལ་དབྱངས་དངོས་རྣམ་གསུམ་ཡིན།། ཞེས་གསུངས་པ་བཞིན་གངས་ཅན་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ། རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པའི་མཛོད་ཆེན་བདུན་གྱི་ཡང་སྙིང་། ཆོས་ཐམས་ཅད་རིག་པ་ཆོས་ཀྱི་དབྱིངས་ཆེན་པོ་གཅིག་ཏུ་གཏན་ལ་ཕབ་པའི་བསྟན་བཅོས་འདི་ཉིད་ཀྱི་ཟིན་བྲིས། རྗེ་བཙུན་བླ་མ་དམ་པའི་ཞལ་ལུང་བཞིན་དུ་འབྲི་བ་ལ་བླ་མ་ལྷ་དང་བཅས་པས་བཀའ་གནངས་བསྩལ་དུ་གསོལ། དེའང་བསྟན་བཅོས་འདི་ནི་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་སྤྱི་འགྲེལ་གྱི་དགོངས་དོན་ཡིན་པ་དང༌། ཁྱད་པར་དུ་གསང་བ་མན་ངག་གི་སྡེའི་དགོངས་དོན་གསལ་བར་བསྟན་པའི་བསྟན་བཅོས་ཡིན་ཞེས་བླ་མ་མི་ཕམ་རིན་པོ་ཆེས་གསུངས་སོ།། སྤྱིར་ཀློང་ཆེན་པས༌གསུངས་པའི་རྒྱ་ཆེ༌བ༌པཎྚི་ཏའི་ཆོས་སྐོར་མཛོད་ཆེན་བདུན་དང༌། ཟབ་པ་ཀུ་སཱ་ 2 ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། ལའི་བཤད་པ་སྙིང་ཐིག་ཡ་བཞི། ཟབ་རྒྱས་གཉིས་ཀྱི་དོན་གནད་ཚང་ལ་མ་ནོར་བར་བསྟན་པ་ངེས་དོན་ཤིང་རྟ་ཆེན་པོ་ངལ་གསོ་སྐོར་གསུམ་དང༌། རང་གྲོལ་སྐོར་གསུམ། མུན་སེལ་སྐོཪ་གསུམ་སོགས་ཀྱི་སྐབས་སུ་བཤད་པའི་ཀ་དག་ཁྲེགས་ཆོད་ཀྱི་དོན་གནད་ཡོངས་སུ་རྫོགས་པ་འདིར་འདུ་བས་ན། སྐལ་ལྡན་ལས་འཕྲོ་དང་ལྡན་པ་རྣམས་ཀྱིས་ཉམས་སུ་བླངས་ན་ཚེ་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པར་གདོན་མི་ཟ་བ་ཡིན་གསུངས། དེར་མ་ཟད་འདི་ཉིད་མཐོང་ཐོས་དྲན་རེག་གི་སེམས་ཅན་རྣམས་སྐལ་བ་ལྡན་པའི་གང་ཟག་ཡིན་ནོ།། དེ་ལ་ཐོག་མར་བསྟན་བཅོས་མཛད་པ་པོའི་ཆེ་བ་འདོན་ཕྱིར་རིག་འཛིན་འགྱུར་མེད་རྡོ་རྗེས་གསུངས་པའི་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་ཡེ་ཤེས་སྤྲིན་གྱི་རོལ་མོའི་སྟེང་ནས་གསུང་སྲོལ་ཡོད་པ་གཞན་ནས་ཤེས་པར་བྱའོ།། དེ་ལ་འདིར་ཐོག་མར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་ཉེ་བར་འགོད་པ་དང༌། བར་དུ་བསྟན་བཅོས་ཀྱི་ལུས་དངོས་རྒྱས་པར་བཤད་པ། ཐ་མར་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་བྱ་བ་དང་གསུམ་ལས། དང་པོ་ལའང་མཚན་དོན་དང་། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་དང་གསུམ་ལས། ༈ དང་པོ་ནི། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་རཏྣ་ཀོ་ཥ་ནཱ་མ། ཞེས་པ་སྟེ། བོད་སྐད་དུ། བསྒྱུར་ན། དྷརྨ་དྷཱ་ཏུ༌ཞེས༌པ༌ནི༌ཆོས༌དབྱིངས་དང༌། རཏྣ་ནི་རིན་པོ་ཆེ། ཀོ་ཥ་ནི་མཛོད། ནཱ་མ་ནི་ཅེས་བྱ་བ་ཞེས་པའི་དོན་ནོ།། སྤྱིར་བསྟན་བཅོས་གང་ཡིན་ཡང་རྒྱ་ཆོས་ཞིག་ཡིན་ན་མགོར་ལེགས་སྦྱར་གྱི་སྐད་དུ་སྨོས་པ་ནི། རྒྱ་གར་ཆོས་ཁུངས་བཙུན་པས་ན་བསྟན་ཆོས་རྣམ་དག་ཡིན་པར་ཡིད་ཆེས་པའི་དགོས་པ་དང་། གདུལ་བྱ་མཐུན་སྣང་ངོར་སངས་རྒྱས་ཀྱིས་ཆོས་འཁོར་སྐོར་ཚེ་རྒྱ་གར་ལེགས་སྦྱར་གྱི་སྐད་དུ་གསུངས་པས་ན་སྐད་ལ་བག་ཆགས་བཞག་ན་རྒྱུད་ལ་བྱིན་རླབས་འཇུག་པའི་དགོས་པ་དང༌། ལོ་ 3 ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་གཅིག པཎ་གྱི་བཀའ་དྲིན་དྲན་པའི་དགོས་པ་སོགས་ཡོད་ཀྱང་། འདི་ནི་བོད་ཀྱི་བསྟན་བཅོས་ཡིན་པས་ན་དེའི་དབུ་ལ་རྒྱ་སྐད་དུ་གསུངས་པ་ལ་དགོས་པ་མེད་དོ་སྙམ་ན་མ་ཡིན་ཏེ། འདི་ནི་རྒྱ་ཆོས་དངོས་མིན་ཡང་བོད་ཀྱི་བསྟན་བཅོས་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་མང་པོ་དང་ལྡན་ཞིང༌། རྒྱ་ཆོས་དང་གཉིས་སུ་མེད་པའི་རྨད་དུ་བྱུང་བའི་བསྟན་བཅོས་ཡིན་ཕྱིར། རྒྱ་ཆོས་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས། དཔེར་ན་མེ་ཏོག་བྱ་རྐང་དེ་བྱའི་རྐང་བ་དངོས་མིན་ཡང་དེ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་མེ་ཏོག་བྱ་རྐང་ཞེས་བཏགས་པ་བཞིན་ནོ།། སྤྱིར་བསྟན་བཅོས་ཕལ་ཆེ་བ་ལ་མཚན་བཏགས་པ་ལ་བརྟེན་ནས་དགོས་པ་གསུམ་གྲུབ་པ་བཞིན་བསྟན་བཅོས་འདི་ལའང་དགོས་པ་གསུམ་གྲུབ་ཏེ། དབང་པོ་རབ་རྣམས་ཀྱིས་མཚན་ཐོས་པ་ཙམ༌གྱིས་དབུ་ནས་ཞབས་སུ་བསྡུས་པའི་དོན་རགས་རིམ་ཙམ་རྟོགས་པར་འགྱུར་བ་ནི་དཔེ་སྨན་པ་མཁས་པས་ལག་རྩ་ལ་བརྟགས་པ་ལྟ་བུ་དང༌། དབང་པོ་འབྲིང་གིས་བསྟན་བཅོས་ཀྱི་མཚན་ཐོས་པ་ཙམ་གྱིས་འདི་ཉིད་ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས་ཐེག་ཆེན་དང༌། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ནང་ནས་སྔགས། སྔགས་རྒྱུད་སྡེ་དྲུག་གི་ནང་ནས་ནང་རྒྱུད་ཨ་ཏི་ཡོ་གའི་ཕྱོགས་སུ་གཏོགས་པ་ཤེས་པའི་ཚུལ་སོགས་ནི་དམག་མི་ལ་མདའ་བྱང་བཏགས་པ་ལྟ་བུ་དང༌། ཡང་དབང༌པོ་ཐ་མས་ཀྱང་གླེགས་བམ་འཚོལ་སླ་བའི་དགོས་པ་འགྲུབ་པ་ནི་ཡིག་ལྭ་ལ་ཁ་བྱང་བཏགས་པ་ལྟ་བུ་ཡིན་ནོ།། སྤྱིར་བསྟན་བཅོས་ལ་མིང་འདོགས་ཚུལ་ཡང་མཛད་པ་པོའི་མིང་གིས་བཏགས་པ་དབུ་མ་བུ་པ་ལིའམ་སངས་རྒྱས་བསྐྱངས་ལྟ་བུ་དང་། ཞུ་བ་པོའི་མིང་གིས་བཏགས་པ་སྟག་མོས་ཞུས་པའི་མདོ་དང༌། བསྒྲེས་མོས་ཞུས་པའི་མདོ། ལྷ་བུ་རབ་དཀར་གྱིས་ཞུས་པའི་མདོ་ལྟ་བུ་དང་། བམ་ཚད་ཀྱིས་བཏགས་པ་བརྒྱད་སྟོང་བ་དང་འབུམ་ལྟ་བུ། གནས་ཀྱི་མིང་གིས་བཏགས་པ་འདུལ་བ་གནམ་རྩིང་ལྟ་ 4 ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། བུ། དཔེ་དོན་ཟུང་འཇུག་དང་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་ངེས་ཤེས་སྒྲོན་མེ་དང༌། སྤྱོད་འཇུག་ལྟ་བུ་མང་དུ་ཡོད་ཀྱང་འདིར་ནི་དཔེ་དང་དོན་ཚོགས་པའི་རིམ་པ་ལ་བརྟེན་ནས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བཏགས་པ་ཡིན་པས་ན། ཆོས་དབྱིངས་ཞེས་པ་ནི་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་རང་བཞིན་རྣམ་པར་དག་པའི་སེམས་ཉིད་དོན་དམ་བདེན་པ་རིག་པ་ལ་གོ་དགོས། འདི་ཉིད་རིག་དང་མ་རིག་པའི་དབང་གིས་འཁོར་འདས་ཀྱི་ཆོས་མ་ལུས་པ་འབྱུང་བས་ན། དཔེ་ནི་རིན་པོ་ཆེ་བསམ་འཕེལ་གྱི་མཛོད་ནས་འདོད་རྒུ་འབྱུང་བ་དང་ཆོས་མཚུངས་པས་ན་དཔེ་དོན་གྱི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་ནོ།། ཆོས་དབྱིངས་ཞེས་པ་དེ་ནི་ཐོག་མའི་དབྱིངས་རིག་པ་བདེ་གཤེགས་སྙིང་པོ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་དེ་ལ་ཟེར། འདིའི་སྔོན་རོལ་ཏུ་སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱང་འདས། གྲོལ་པ་དང་འཁྲུལ་བ། སྣོད་དང་བཅུད་འབྱུང་ལྔ་སོགས་གང་ཡང་མེད་དེ། རིག་པ་རང་ཤར་གྱི་རྒྱུད་ལས། ང་མེད་པ་ཡི་སྔོན་རོལ་ན།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་དང་གྲུབ་པ་ག་ལ་ཡོད།། ང་ལས་མ་བྱུང་གཅིག་ཀྱང་མེད།། ང་ནི་སྟོང་པ་ཆེན་པོ་འོ།། ང་ལས་འབྱུང་བ་རྣམ་ལྔ་བསྐྱེད།། ཅེས་གསུངས་པ་ལྟར་རོ།། དེ་ལས་གཞན་ཡང་ཆོས་དབྱིངས་ཞེས་པའི་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པའི་བདེ་གཤེགས་སྙིང་པོ་ལྷུན་གྲུབ་ཀྱི་སངས་རྒྱས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐོག་མ་ཡིན་པས་ན་སངས་རྒྱས་ཀུན་གྱི་མེས་པོའང་ཟེར་ཏེ། རིག་པ་རང་ཤར་ལས། ང༌ནི༌སངས༌རྒྱས༌ཀུན༌གྱི༌མེས།། ང་མེད་པ་ཡི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་མེད་དོ།། ཞེས་གསུངས་པས་སོ།། དེ་འདྲའི་ཆོས་དབྱིངས་དེའི་དོན་རྟོགས་ན་གྲོལ་པའི་སངས་རྒྱས་ཞེས་པའང་དེ་ཡིན། དོན་མ་རྟོགས་པར་འཁྲུལ་ན་ནི་འཁྲུལ་བའི་སེམས་ཅན་ཞེས་པའང་དེ་ལ་བརྟེན་ནས་བྱུང་བས་ན། དེ་ཉིད་ལས། ང་ནི་སངས་ 5 ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་གཅིག རྒྱས་ཀུན་གྱི་དུར། འགྱུར་མེད་དུར་ས་ང་ལ་བཏབ།། ང་ནི་སེམས་ཅན་ཀུན་གྱི་གནས།། བག་ཆགས་ལུས་ལྟར་སྣང་བ་འོ།། ཞེས༌པ༌དང༌། ང༌ནི༌དངོས༌པོའི༌ཆོས་དང༌བྲལ།། ང་ལ་མཚན་མ་མེད་པའི་ཕྱིར།། ང་ནི་སེམས་ཅན་དུར་ནས་འདོན།། ཞེས་པའི་ལུང་དེའི་དོན་ཡང་དཔེར་ན་མི་ཞིག་ལ་མཚོན༌ན༌རང༌ཉིད༌མཐར༌ཤི༌བའི༌ཚེ༌རང༌གི་ལུས་ཕུང་འདི་ཞིག་ནས་རྡུལ་ཕྲན་བཞིན་དུ་དེངས་ས་དེ་ནི་དུར་ས་ཡིན་པ་བཞིན། རིག་པ་ཆོས་དབྱིངས་ནི་སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་གི་གྲོལ་ས་ཆེན་པོ་ཡིན་པས་དུར་ཞེས་བཏགས་པ་དེ་བཞིན་དུ། ང་ནི་སེམས་ཅན་དུར་ནས་འདོན།། ཞེས་པའང་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ཇི་བཞིན་དུ་རྟོགས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་དུར་ས་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་འདོན་པའི་དོན་ཡིན་ནོ། །རིན་པོ་ཆེའི་མཛོད་ཅེས་པའི་དོན་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་དེ་ལས་འཁོར་འདས་ཀྱི་ཆོས་མ་ལུས་པ་འབྱུང་བས་ན་མཛོད་ཁང་གི་སྒྲས་ཉེ་བར་བརྗོད་དོ།། འདི་ལ་རྒྱས་པར་འཆད་ཚུལ་མང་ནའང་འདིར་གཞི་ལམ་འབྲས་གསུམ་དེ་རྡོ་རྗེའི་གནས་གསུམ་དུ་བསྡུས་ཏེ་འཆད་ན། གཞིའི་གནས་ལུགས་སེམས་ཉིད་ཀྱི་རང་བཞིན་འོད་གསལ་བའི་ཆོས་ཀྱི་དབྱིངས་དེར་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཐམས་ཅད་ཡེ་ནས་ལྡན་པས་ན་གཞིའི་གནས་ལུགས་རིན་པོ་ཆེའི་མཛོད་དུ་གནས་སོ།། ད་ལྟ་ལམ་གྱི་སྐབས་སུ་ལམ་སྨིན་བྱེད་རིག་པའི་རྩལ་དབང༌དང༌། གྲོལ་བྱེད་བླ་མའི་མན་ངག་གཉིས་ལ་བསྟེན་ནས་ལེགས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ན་ལམ་གྱི་འོད་གསལ་གནས་ལུགས་རིན་པོ་ཆེའི་མཛོད་དུ་གནས་སོ།། དེ་བཞིན་དུ་འབྲས་བུ་ཡང༌རང་རིག་དྲི་མ་དང༌བྲལ་བའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞི་དྲི་མ་མེད་པའི་མཛོད་ཁང་ལྟ་བུ་ཡིན་པ༌དང༌། ལོངས་སྤྱོད་རྫོགས༌པའི༌སྐུ་ནི་ལྷུན་གྱིས་ 6 ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། གྲུབ་པའི་ཡོན་ཏན་ལ་མངའ་དབང་རྫོགས་པས་ན་རིན་པོ་ཆེའི་མཛོད་ཁང་དང་ཆོས་མཚུངས་པ་དང༌། སྤྲུལ་བའི་སྐུ་ནི་ཕྲིན་ལས་དང་བཅས་པས་གདུལ་བྱའི་རེ་བ་སྐོང་བའི་རིན་པོ་ཆེའི་མཛོད་ཁང་དང་འདྲ་བས་ན་འབྲས་བུ་རིན་པོ་ཆེའི་མཛོད་ཁང་ཞེས་བརྗོད་དོ།། ༈ གཉིས་པ་མཆོད་པར་བརྗོད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེའང་དཔལ་ཞེས་པ་ནི་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་རང་དོན་ཆོས་སྐུའི་གོ་འཕང་མངོན་དུ་བྱས་ནས་དབྱིངས་ལས་མི་གཡོ་བཞིན་དུ་གཞན་དོན་གཟུགས་སྐུར་བཞེངས་ནས་སྲིད་པ་མ་སྟོངས་བར་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་བཟང་བསམ་གྱིས་མི་ཁྱབ་པའི་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་འབའ་ཞིག་མཛད་དེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་དཔལ་དང་ལྡན་པས་ན་དཔ༵ལ་ཞེས་དང༌། ཀུན་ཏུ་བཟང་པོ་ཞེས་པ་ནི་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་འཁོར་འདས་ཀུན་གྱི་བླ་མ་ཉིད་དུ་བྱོན་ནས་ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པས་ས་དང་ལམ་གྱི་རྣམ་བཞག་ཇི་ལྟ་བ་བཞིན་དུ་སྟོན་པའི་དེད་དཔོན་དམ་པར་ཡེ་ནས་མངའ་དབང་ rzogs པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ལ་ཀུན་ཏུ་བཟང་པོ་ཞེས་བརྗོད། དེ་ལ་གཞུང་རྩོམ་པ་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཁོང་གིས་མི་ཕྱེད་དད་པའི་སྒོ་ནས་ཕྱག༵འཚ༷ལ་།། དེ་ཁོ་ན་ལ་ཕྱག་འཚལ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པས་ན་དེ་དག་ཐམས་ཅད་ཀྱང་བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་ཕྱག་འཚལ་བ་ཡིན། དེར་མ་ཟད་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་ངོ་བོར་གནས་པ་ཡིན་པས་ན་དེ་དག་ཐམས་ཅད་ལའང་འདིར་བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་ཕྱག་འཚལ་བའོ།། དེ་ཐམས་ཅད་ འདིར་ 7 ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་གཅིག ཀུན་ཏུ་བཟང་པོ་ལྔའི་ངོ་བོར་ཇི་ལྟར་གནས་པ་ཡིན་ཞེ་ན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ།། གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང༌། རྒྱན་ཀུན་ཏུ་བཟང་པོ་དང༌། སྟོན་པ་ཀུན་ཏུ་བཟང་པོ། རིག་པ་ཀུན་ཏུ་བཟང་པོ། རྟོགས་པ་ཀུན་ཏུ་བཟང་པོའོ།། ཞེས༌གསུངས་པ་ལྟར། དང་པོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དེ་ནི་རང༌བཞིན༌ཀུན༌ཏུ༌བཟང༌པོའམ༌གཞི་ཀུན་ཏུ་བཟང་པོ་ཉིད་ཡིན། གཉིས་པ་ནི། ཆོས་ཉིད་རིག་པའི་རོལ་བ་ལས་ཤར་བའི་ཆོས་ཅན་གྱི་སྣང་བ་འདི་དག་ཆོས་ཉིད་ཀྱི་ཀློང་ལས་མ་གཡོས་བཞིན་དུ་རིག་པའི་རྒྱན་དུ་ཤར་བ་ནི་རྒྱན་ཀུན་ཏུ་བཟང་པོའོ།། གསུམ་པ་ནི། སངས་རྒྱས་ཐམས་ཅད་འོག་མིན་ན་ཆོས་སྐུ་དང་ལོངས་སྐུའི་ངོ་བོར་བཞུགས་བཞིན་དུ་སྤྲུལ་སྐུའི་སྟོན་པ་གང་འདུལ་གྱི་གདུལ་བྱའི་ངོ་བོར་ཤར་བ་དེ་སྟོན་པ་ཀུན་ཏུ་བཟང་པོའོ།། བཞི་བ་ནི། རང་བྱུང་གི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ནི་རིག་པ་ཀུན་ཏུ་བཟང་པོ་ཡིན། ལྔ་བ་ནི། བླ་མའི་བཀའ་དྲིན་ལ་བརྟེན་ནས་རིག་པའི་གཤིས་ཀྱི་གནས་ལུགས་རྟོགས་ཏེ་ཐར་བའི་མིག་རྙེད་པ་དེ་རྟོགས་པ་ཀུན་ཏུ་བཟང་པོའམ༌ལམ་ཀུན་ཏུ་བཟང་པོའང་ཟེར། དེ་ཐམས་ཅད་ལའང་ཕྱག་འཚལ་བ་ཡིན་ནོ།། ༈ གཉིས་པ་མཆོད་བརྗོད་རྒྱས་པར་བཤད་པ་ནི། གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས།། རང་བྱུང་ཡེ་ཤེས་འོད་གསལ་བྱང་ ཆུབ་སེམས།། སྣང་སྲིད་སྣོད་བཅུད་འཁོར་འདས་འབྱུང་ བའི་མཛོད།། མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ།། འདིའི་དོན་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་གཉུག་མ་དོན་གྱི་ཡེ་ཤེས་དེ་ནི་རྒྱུ་རྐྱེན་གསར་བ་ལ་མ་ལྟོས་པར་ཡེ་གདོད་མ་ནས་སུས་ཀྱང་མ་བྱས་པར་རང་བྱུང་གཞིའི་སངས་རྒྱས་ཡིན་པས་ན། དེ་ནི་ཆོས་སྐུ་འཕོ་འགྱུར་མེད་པའི་དེ་བཞིན་ཉིད་དུ་ 8 ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་ཡིན་པ་དང༌། རིག་པ་ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་སྐུ་བཞི་ཡེ་ཤེེས་ལྔ་ལ་སོགས་པའི་འབྲས་བུའི་ཆོས་ཐམས་ཅད་རིག་སྟོང་རང་གི་ཀློང་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པ་ནི་ངོ་མཚ༷ར་རྨད༵་ཀྱི་ཆོས་ཡིན་པ་དང༌། དེ་ལྟ་བུའི་ཆོས་དབྱིངས་དེ་ནི་མ་བཅོས་རང་བྱུང་གི་ཡེ་ཤེས་ཞལ་ཕྱག་མཚན་མ་དང་བྲལ་བའི་སེམས་ཀྱི་རང་བཞིན་འོད༵་གསལཾ་བ་ཉིད་ཡིན་པས་ན། དེ་ལ་དོན་དམ་བྱང་ཆུད༵་ཀྱི་སེམས་ཞེས་པའི་མཚན་གསོལ་བ་ཡིན། དེས་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཆོས་དབྱིངས་མཉམ་ཉིད་ཆེན་པོའི་ཡེ་ཤེས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མ་རྟོགས་པར་མ་རིག་འཁྲུལ་བའི་དབང་གིས་སྣང་སྲིད༵་སྣོད༵་བཅུད་དུ་བཟུང་ནས་ཁམས་གསུམ་འཁོར་བའི་སྣང་བ་འབྱུང་བ་དང༌། དོན་གྱི་གནས་ལུགས་རྟོགས་ན་ཞི་བ་མྱ་ངན་ལས་འད༵ས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་ན་རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་སྣང་བ་འབྱུང་བའི་མཛོད་ཁང་ལྟ་བུ་ནི་ཆོས་ཀྱི་དབྱིངས་དོན་དམ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ།། འདིའི་གནས་ལུགས་ནི། དུས་གསུམ་འཕོ་འགྱུར་དང་བྲལ༌བས༌མི༌གཡོ་བ་དང༌། ཡོད༌མེད༌དང༌ཡིན་མིན་གཅིག་དང་ཐ་དད་སོགས་ཀྱི་སྤྲོས་པ་ཀུན་དང་བྲལ་བ་ཉིད་ཡིན། དེ་ལྟ་བུའི་མཁའ་མཉམ་བྱང་ཆུབ་ཀྱི་སེམས་གཉུག་མ་དོན་གྱི་ཡེ་ཤེས་རང་བྱུང་གི་རིག་པ་སྟོང་གསལ་འགག་པ་མེད་པ་དེ་ནི་སྐབས་འདིའི་བསྟན་བཅོས་ཀྱི་བརྗོད་བྱའང་ཡིན་པར་མ་ཟད་མཆོད་པར་བརྗོད་དེ་ཕྱག་འཚལ་བའི་ཡུལ་ཡང་དེ་ཉིད་ཡིན་པས་ན་དེ་ལྭ་ཕྱག༵་འཚ༷ལ་ལཱོ་ཞེས་སོ།། དེའང་ཆོས་དབྱིངས་མཛོད་འདི་ནི་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་སྤྱི་ཆིངས་ཡིན་ལ། རྒྱུད་ལུང༌མན༌ངག༌གི༌དོན༌གནད༌གཅིག༌ཏུ༌བསྡུས་བསྟན་བཅོས་ཀྱང་འདི་ཡིན་གསུངས། ཕྱི་སེམས་སྡེའི་ལྟ་བ་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གསལ་དྭངས་རིག་པའི་ངང་དུ་བཞག་སྟེ་འཁོར་འདས་མ་ལུས་སེམས་ པའི་ 9 ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་འོད་གསལ་ཐིག་ལེ་ཉག་གཅིག སུ་རྫོགས་པར་ལྟ་བ་དེ་ཡིན་ལ། ནང་ཀློང་སྡེའི་ལྟ་བ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་ཀློང་དུ་འདུ་བར་ཐག་བཅད་དེ། སེམས་དང་ནམ་མཁའ་དབྱེར་མེད་ཀློང་ཡངས་མཉམ་པའི་ངང་དུ་འཇོག་པ་དེ་ཡིན། གསང་བ་མན་ངག་གི་སྡེའི༌ལྟ༌བ༌ནི༌ཆོས༌ཐམས༌ཅད༌རིག༌པའི་རྩལ་དང་རོལ་པ་གཅིག་ཏུ་རྟོགས་ནས་རིག་པ་སྟོང་གསལ་འགག་མེད་རྗེན་པའི་ངང་བསྐྱངས་ཏེ་དེའི་རང་ཞལ་ལ་ལྟ་བ་དེ་ཡིན། འདི་ནི་སེམས་ཀློང་མན་ངག་གི་དོན་གནད་གཅིག་ཏུ་བསྡུས་པའི་གཞུང་ཡིན་ནོ།། ༈ གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཐེག་པའི་ཡང་རྩེ་རི་རྒྱལ་ཉི་ཟླའི་ཀློང༌།། འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ཀློང༌།། རྩོལ་ཞིང་སྒྲུབ་མེད་རང་བཞིན་བབས་ཀྱི་ཀློང༌།། ཡེ་འབྱམས་རྨད་དུ་བྱུང་བ་བཤད་ཀྱིས་ཉོན།། དེའང་ཐེག་པའི་ཡང་རྩེ་ཞེས་པའང་སྤྱིར་སེམས་ཀྱི་འཇུག་པ་མ་ཟད་བར་དུ་ཐེག་པའི་རྣམ་གྲངས་ནི་བསམ་གྱིས་མི་ཁྱབ་པ་མཐའ་ཆོད་པར་དཀའ་བ་ཡིན་ཏེ། མངའ་རིས་པཎྚི་ཏས། ཇི་སེམས་ཀྱི་འཇུག་པ་མ་ཟད་བར།། བསམ་ཡས་ཐེག་པའི་བགྲངས་མཐར་ཐུག་པ་མེད།། བགྲོད་གཅིག་ལམ་ལ་དཀྲི་བའི་ངལ་སྟེགས་ཏེ།། རང་རང་རྗེས་མཐུན་འབྲས་བུ་བླ་དང༌བཅས།། ཞེས་གསུངས་པ་ལྟར་ཡིན་ཡང༌། འདིར་ཐེག་པ་དགུའིདབང་དུ་བྱས་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཆུང་ངུའི་རིམ་པ་རྣམ་གསུམ་སྟེ།། དེ་ཡི་བློ་དང་མཐུན་པའི་ཆོས།། རྟོག་པས་སྦགས་ལ་ཉན་ཐོས་སོ།། འདུ་ཤེས་ཅན་ལ་རང་རྒྱལ་ཏེ།། རྟོག་འཇུག་ཅན་ལ་བྱང་སེམས་སོ།། ཞེས་གསུངས་པ་ལྟར་ཐེག་པ་བློ་ཆུང་ངུའི་རིམ་པ་མཚན་ཉིད་རྒྱུའི་ཐེག་པ་རྣམ་གསུམ་ལ་མཚོན་ན། རང་རང་གི་བློ་དང་འཚམ་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟར་གསུངས་པ་སྟེ།། ཉན་ཐོས་རྣམས་ཀྱིས་གང་ཟག་གི་བདག་མེད་པ་རགས་པ་རྟོགས་ཀྱང་གཟུང་བ་རྡུལ་ཕྲན་ཆ་མེད་དང་ 10 སྲིད་ ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་བ། ཤེས་པ་སྐད་ཅིག་ཆ་མེད་གཉིས་བདེན་གྲུབ་ཏུ་འདོད་པའི་རྟོག་པས་སྦགས་པ་ལ་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་བསྟན་པ་དང༌། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་གི་ཚུལ་དུ་སྒོམ་པའི་འདུ་ཤེས་ཅན་ལ་རང་རྒྱལ་གྱི་ལམ་འདི་བསྟན། བདག་གཞན་མཉམ་པ་དང་བརྗེ་བ་བདག་པས་གཞན་གཅེས་སོགས་སྒོམ་པ་རྟོག་འཇུག་ཅན་ལ་བྱང་ཆུབ་སེམས་དཔའི་ལམ་བསྟན། ཐེག་པ་འདི་གསུམ་ལ་ཐེག་པ་ཆུང་ངུ་གསུམ་ཞེས་བརྗོད་དོ།། དེ་བཞིན་དུ་ཐེག་པ་འབྲིང་པོ་གསུམ་ཡང་འདི་ལྟ་སྟེ། ཨ་ཏི་བཀོད་པ་ལས། འབྲིང་པོ་གསུམ་ལ་བསྟན་པ་ནི།། རབ་ཏུ་དམན་ལ་བྱ་བ་སྟེ།། དམན་པ་རྣམས་ལ་སྤྱོད་པ་འོ།། རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད་།། ཅེས་གསུངས་པ་ལྟར་སྒོམ་པ་གཙོ་བོར་མི་བྱེད་པར་ཁྲུས་དང་གཙང་སྦྲ་སོགས་གཙོར་འདོན་བྱེད་པ་ནི་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་ནང་ནས་ཀྱང་རབ་ཏུ་དམན་པ་ཡིན་པས་ན་དེ་ལ་བྱ་བའི་རྒྱུད་བསྟན་པ་དང༌། བྱ་བ་བྱ་རྒྱུད་དང་སྒོམ་པ་རྣལ་འབྱོར་རྒྱུད་དེ་ཆ་མཉམ་དུ་སྤྱོད་པའི་སྒོ་ནས་ལྷ་དང་བདག་ལ་བཟང་ངན་མེད་པར་སྤུན་གྲོགས་ཀྱི་ཚུལ་དུ་བལྟ་བ་ལྟ་བུ་འདིའང་ཐེག་པ་གོང་མ་ལ་ལྟོས་ན་དམན་པ་ཡིན་པས་འདི་རྣམས་ལ་སྤྱོད་པའི་རྒྱུད་འདི་བསྟན་པ་དང༌། ཕྱིའི་བྱ་སྤྱོད་གཙོར་འདོན་མི་བྱེད་པར་ནང་གི་རྣལ་འབྱོར་གཙོར་འདོན་བྱེད་ཅིང་ལྷ་དང་རང་སེམས་དབྱེར་མེད་མཉམ་པ་ཉིད་དུ་འདོད་པའི་རྣམ་ཤེས་ཅན་ལ་རྣལ་འབྱོར་རྒྱུད་འདི་བསྟན་པ་ཡིན། འདི་གསུམ་ལ་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་ཞེས་བརྗོད་དོ།། དེ་ནས་སྔགས་ནང་རྒྱུད་སྡེ་གསུམ་གྱི་ཐེག་པ་གསུམ་ལ་ཆེན་པོ་གསུམ་ཞེས་བརྗོད་དེ། ཨ་ཏི་བཀོད་པ་ལས། ཆེན་པོའི་རིམ་པ་གསུམ་དག་ལ།། སེམས་ཡས་པ་ལ་བསྐྱེད་པ་སྟེ།། སེམས་བཅུད་ཅན་ལ་རྫོགས་པ་འོ།། མཆོག་གསང་རབ་ལ་རྫོགས་པ་ ཆེ།། ཞེས་གསུངས། དེའང་སྣང་སྲིད་དག་པ་རབ་འབྱམས་སམ་ལྷ་རྟོག་དབྱེར་མེད་དུ་རྟོགས་པའི་སེམས་ཡས་པའམ་བསམ་གྱིས་མི་ཁྱབ་པ་རྣམས་ལ་བསྐྱེད་པ་མ་ཧཱ་ཡོ་ 11
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13