སྤྱན་རས་གཟིགས་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བ་བཞུགས།: Difference between revisions
(Created page with "{{TibFontClass12}} {{Ref - Karma Lekshey Ling}} </div> ==Notes== <references /> [[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗ...") |
m (1 revision: 3rd Karmapa Collected Works) |
||
(One intermediate revision by the same user not shown) | |||
Line 1: | Line 1: | ||
{{TibFontClass12}} | {{TibFontClass12}} | ||
{{Ref - Karma Lekshey Ling}} | ༄༅། །སྤྱན་རས་གཟིགས་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བ་བཞུགས། །{{Ref - Karma Lekshey Ling}} | ||
༄༅། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་གི་སྒོ་ནས་ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བར་འདོད་པས། ཐོག་མར་གནས་གང་ཡང་རུང་བར་ས་བླང་བ་ནས་དཀྱིལ་འཁོར་བྲི་བའི་བར་དབང་གི་ཆོ་ག་བཞིན་དུ་བྱ། སྤྱན་རས་གཟིགས་དང་། རྟ་མགྲིན་གྱི་ལས་ཀྱི་བུམ་པ་གཉིས་ཀྱང་སྟ་གོན་དུ་བྱ། མཆོད་པ་དང་གཏོར་མ་ཅི་ལྟར་འབྱོར་བ་བཞིན་དུ་བཤམས། དེ་ལྟར་བཅའ་གཞི་ཡོངས་སུ་རྫོགས་ནས། ཆོ་གའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ་ལས། དང་པོ་ནི་ཚེ་ལས་འདས་པ་ཡིས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ་ཡན་ལག་བདུན་པ་བྱའོ། །གཉིས་པ་བདག་བསྐྱེད་པ་ནི། ཨོཾ་སྭ་བྷ་ཝ་ཤུད་དྷོ་སརྦ་དྷརྨཱ་ས་བྷ་བ་ཤུད་དྷོ་ཧཾ་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། དེའི་ངང་ནས་པད་མ་དང་ཟླ་བ་ཉི་མའི་སྟེང་དུ། རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲི་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་བ་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་འཕྲེང་བ། གཡོན་པད་མ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན་ནོ། །དེའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་ཨཿ སྙིང་ཁར་ཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་ཐུགས་ཁར་པད་མ་འདབ་མ་བརྒྱད་པ། དེའི་ལྟེ་བ་ལ་ཧྲཱིཿ་སྙིང་པོ་དང་བཅས་པ་བལྟས་ལ། འོད་ཟེར་གྱིས་དེ་ལྟ་བུ་བདེ་བ་ཅན་ནས་སྤྱན་དྲངས་ལ། ཛ་ཧཱུྃ་བཾ་ཧོས་དབྱེར་མེད་དུ་གཞུག །བཛྭ་པུཥྤེ་ཨ་ཧཱུྃ་ཞེས་པའི་སྔགས་ཀྱིས་བདག་བསྐྱེད་མཆོད། དེ་ནས་འབྱུང་པོ་ལ་གཏོར་མ་དབུལ་ལ་སྙིང་ཁའི་འོད་ཟེར་གྱིས་བགེགས་བསྐྲད་དེ། ཨོཾ་བཛྭ་རཀྵ་རཀྵ་ཞེས་རྡོ་རྗེའི་གུར་ཁང་ཡང་བསམ་མོ། །གསུམ་པ་བུམ་པ་བསྐྱེད་པ་ནི། རྣམ་རྒྱལ་བུམ་པ་ནི། མངོན་པར་རྟོགས་པ་ལྟར་ཡིན་ལ། སྤྱན་འདྲེན་དང་མཆོད་བསྟོད་བསྡུས་པ་ཅིག་བྱའོ། །ལས་བུམ་དུ་ཧྲཱིཿལས་བྱུང་བའི་རྟ་མགྲིན་ཞལ་ཅིག་ཕྱག་གཉིས་པ་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཛྭ་པུཥྤེ་ལ་སོགས་པས་མཆོད་ལ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །ཞེས་པའི་བསྟོད་པས་བསྟོད་དེ། དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་སྭ་བྷ་བས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་རྒྱལ་བ་རྒྱ་མཚོའི་ལྷ་བསྐྱེད་པའམ་ཡང་ན་པད་མ་ཅོད་པན་གྱི་རྒྱུད་ལ་སོགས་པ་ནས་བྱུང་བ་ལྟར་བྱེད་ནའང་སོ་སོའི་ཆོ་གས་བསྐྱེད་དེ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཡན་ཆད་རྫོགས་ནས། རྡོ་རྗེ་དྲིལ་བུ་དང་བཅས་པས། ཧཱུྃ་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །ཅེས་པའི་སྤྱན་འདྲེན་བྱའོ། །ཕྱག་འཚལ་བ་དང་། གདན་འབུལ་བ་དང་། ཕྱི་དང་ནང་གི་ལ་སོགས་པའི་མཆོད་པ་རྣམས་ཕུལ་ལ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །ཞེས་པའི་བསྟོད་པས་བསྟོད་ལ། གཞུང་ནས་འབྱུང་བ་བཞིན་གྱི་གཏོར་མའང་བཏང་ངོ་། །དེ་ལྟར་དཀྱིལ་འཁོར་གྱི་ལྷའི་ཆོ་གའི་བྱ་བ་རྫོགས་ནས། གཉིས་པ་ཚེ་ལས་འདས་པའི་དོན་བྱ་བ་དངོས་ལ་དྲུག་ལས། དང་པོ་བསྐྱེད་ཅིང་དགུག་པ་ནི། མིང་བྱང་ལ་སོགས་པ་ལས་བུམ་གྱི་ཆུ་དང་སྭ་བྷ་བས་བསངས་ལ། སྟོང་པའི་ངང་ལས་མིང་གི་ཡི་གེ་དང་པོ་ཎི་ལས་ཚེ་འདས་ཅི་འདྲ་བ་བསྐྱེད་ལ། བདག་གི་ཐུགས་ཁ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཚེ་ལས་འདས་པ་རྣམ་པར་ཤེས་པ་གང་ན་གནས་ཀྱང་བཀུག་པར་བསམས་ཏེ། ངག་ཏུ། དཀོན་མཆོག་གསུམ་གྱི་མཐུ་དང་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་། གཟུངས་སྔགས་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་བྱིན་བརླབས་ཀྱི་བདེན་པས། ཚེ་འདས་ཆེ་གེ་མོའི་རྣམ་པར་ཤེས་པ་རིགས་དྲུག་སྐྱེ་གནས་བཞི་གར་གནས་ཀྱང་། སྐད་ཅིག་ཙམ་གྱིས་འདིར་མཆིས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་ལ། ཛ་ཧཱུྃ་བཾ་ཧོས་རྟེན་ལ་གཞུག་གོ །གཉིས་པ་གཤེད་དང་དབྲལ་བ་ནི། བགེགས་ཀྱི་གཏོར་མ་ཏིང་ལོ་དང་ཆང་བུར་བཅས་པ་ལ། ཨོཾ་སརྦ་བིག་ནན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤ་མུ་ཀེ་བྷྱ་སརྦ་ཏད་ཁང་ཨུད་ག་ཏེ་ཀྵྨྱ་ར་ན་ཧི་མཾ་ག་ག་ན་ཁྃ་གྷྲི་རྣ་ཨེ་ཏཾ་བ་ལིང་ཏྃ་སྭཱ་ཧཱ། ཞེས་བརྗོད་ནས་རྟེན་ལ་བསྐོར་ཞིང་། ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་ཚེ་སྡིག་པ་སྦྱོང་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདི་ཁྱེར་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཤིག །ཅེས་བརྗོད་ལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དང་སྔགས་བརྗོད་དེ་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་བྲབ། རོལ་མོའི་སྒྲ་དང་བཅས་པས་བགེགས་བསྐྲད་ཅིང་སུམ་བྷ་ནི་ཡང་བཟླས་སོ། །གསུམ་པ་སྡིག་པ་སྦྱང་བ་ནི། ཚེ་འདས་ཀྱི་སྡིག་སྒྲིབ་ལྟེ་བ་ནས་ཀཾ་གི་རྣམ་པ་སྣ་སྒོའི་ལམ་དུ་ཕྱུང་སྟེ་སྡིག་པ་རྭ་ཅན་དུ་གྱུར་ནས་ཏིལ་ལ་ཐིམ་པར་བསམས་ནས་མེར་བསྲེག་ཅིང་ཆུར་དོར་ལ། ཨོཾ་སརྦ་པ་པཾ་དེ་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་གྱུར་ཅིག ཤིན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་དོ། །བཞི་པ་ཁྲུས་བྱ་བ་ནི། ཐོག་མར་ལྷ་ལ་ཁྲུས་གསོལ་བ་ནི་མེ་ལོང་ལ་ལྷའི་གཟུགས་འཆར་བར་བྱས་ལ། ལས་ཀྱི་བུམ་པས་ཁྲུས་བྱས་ཏེ། ཅི་ལྟར་ལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ཨཱ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པད་མེ་ཧཱུྃ། ཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡཱ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་ཁྲུས་བྱས་པའི་ཆུ་སླར་བུམ་པར་བླུག་གོ །དེ་ནས་མིང་བྱང་ངམ། རུས་བུ་ལ་སོགས་མེ་ལོང་ལ་གཟུགས་འཆར་པར་བྱས་ལ་བཀྲུ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་གསོལ་བར་མཛད། །འདི་ནི་སྤྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །སྦྱིན་པ་དྲི་ཡིས་ལེགས་བསྒོས་་་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །དེ་བཞིན་དུ་གཞན་རྣམས་འགྲེའོ། །འདི་ནི་ཚུལ་ཁྲིམསྎ ཁྲིམས་འཆལ་དྲིྎ ཚུལ་ཁྲིམས་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བཟོད་པའི་རང་བཞིནྎ ཁོང་ཁོའི་དྲི་མ་སྦྱོང་ྎ བཟོད་པ་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བརྩོན་འགྲུསྎ ལེ་ལོའི་དྲི་མ་སྦྱོང་ྎ བརྩོན་འགྲུས་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བསམ་གཏན་རང་བཞིནྎ རྣམ་གཡེང་དྲི་མྎ བསམ་གཏན་དྲི་ཡིས་ལེགསྎ ཁྲུས་ལེགས་མཛད་ལྎ འདི་ནི་ཤེས་རབ་རང་བཞིནྎ གཏི་མུག་དྲི་མྎ ཤེས་རབ་དྲི་ཡིསྎ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་ནས་ནི། །རྒྱལ་ཆེན་ཡོན་ཏན་དྲུག་ལྡན་ཞིང་། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་ལྡན་པ་ཡི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བའི་ཚིག་བཞི་པ་རེ་རེའི་བར་དུ། ཨོཾ་ཨཱ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པད་མེ་ཧཱུྃ། ཚེས་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤུད་དྷེ་ཤུད་དྷེ་བྷི་ཤུད་དྷེ་སྭཱ་ཧཱ། ཞེས་བྱ་བ་རེ་རེ་དང་སྤེལ་བར་བྱའོ། །ལྔ་པ་དུག་སྦྱང་བ་ནི། འདོད་ཆགས་ཞེས་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འགྲེའོ། །འདོད་ཆགསྎ འདི་དགྎ སངས་རྒྱསྎ དམ་ཆོསྎ དམ་ཆོས་བདེནྎ འདོད་ཆགས་ཞེ་སྡང་ྎ འདི་དགྎ འཕགས་པའི་དགེ་འདུནྎ ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་མེ་རླུང་ལ་སོགས་ཀྱིས་འདོན་པ་ཁ་བསྒྱུར་ལ་བརྗོད་དོ། །རྗེས་ལ། དུས་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་དུག་གསུམ། དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས་འབྱུང་བའི་བག་ལ་ཞ་བར་གྱུར་ཅིག འབྱུང་བའི་ནང་དུ་ཐིམ་པར་གྱུར་ཅིག ཅེས་བརྗོད་དོ། །དེའི་རྗེས་སུ་བདེ་ལེགས་ཀྱི་ཚིག་འདི་བརྗོད་པར་བྱའོ། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེང་འདིར་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །དུས་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག དྲུག་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་སྒོ་ནས་སྡིག་པ་སྦྱང་བ་ནི་གསུམ་ལས། དང་པོ་སྡིག་པ་བཤགས་པ་ལ་སོགས་བྱ་བ་ནི། ཚེ་འདས་ཀྱི་ཉེ་བ་ཡོད་ན་ལད་མོ་བྱེད་དུ་གཞུག མེད་ན་ཡིད་ཀྱིས་དེ་ཉིད་ཀྱིས་ལད་མོ་བྱེད་པར་བསམས་ལ། མཎྜྻལ་འབུལ་ཞིང་། ངག་ཏུ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡིད་རང་དང་། །ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླད་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རང་རྒྱལ་ཉན་ཐོས་ཀྱི། །ཡན་ལག་རྣམས་ཀྱང་བཟུང་བར་བགྱི། །འགྲོ་རྣམས་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡིད་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་ཏེ། །འགྲོ་བ་ཀུན་ལ་ཕན་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་པ་ལ། །བསྐལ་པའི་མཐར་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་དགེ་བ་དེས། །བགྱིས་སམ་བགྱིད་དུ་སྩལ་བ་གང་། །རྗེས་སུ་ཡིད་རང་དེ་དག་ནི། །འགྲོ་རྣམས་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གི་ལུས་འདི་འབུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང། །ཐེག་མཆོག་བླ་ན་མེད་པ་ཡི། །ལམ་ཅིག་བདག་ལ་བསྟན་དུ་གསོལ། །གཉིས་པ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོ་འཕང་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་ལ་སེམས་བསྐྱེད་པར་བྱའོ། །གསུམ་པ་དབང་བསྐུར་བ་དངོས་ནི་རིག་པའི་དབང་ལྔ་སྟེ། ཐོག་མར་དབང་བསྐུར་བའི་དོན་དུ་ཚེ་ལས་འདས་པ་དཀྱིལ་འཁོར་དུ་ཞུགས་པར་བསམ་ཞིང་། གསོལ་བ་གདབ་པ་ནི། པད་མ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །རིག་པའི་དབང་ལྔ་ཡོངས་རྫོགས་ལྟར། །དེ་བཞིན་དབང་བསྐུར་མཛད་དུ་གསོལ། །ཞེས་བརྗོད་ལ་མེ་ཏོག་ཀྱང་དབུལ་ལོ། དེ་ནས་རྣམ་རྒྱལ་བུམ་པས་དབང་བསྐུར་བར་བྱས་སྟེ། ཏིང་ངེ་འཛིན་དང་བཅས་པས། སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །རྒྱལ་སྲས་རྣམས་ལ་བསྐུར་བ་ལྟར། །དོ་ནུབ་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོང་། །བྷུདྡྷ་ཨ་བྷི་ཥིཉྩྨ་ཨོཾ། ཅེས་པ་དང་། ཅི་ལྟར་ལྟམས་པ་ཙམ་གྱིས་ནི། །ཞེས་པས་ཁྲུས་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་དབང་ནི། མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །མེ་ལོང་ལྟ་བུའི་དབང་ཐོབ་ཤོག །ཨོཾ་བཛྭ་སྭ་ཏྭ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་འོད་དཔག་ཏུ་མེད་པའི་རང་བཞིན་ཡི་གེ་དྲུག་མ་བླངས་ལ། པད་མ་དབང་གི་དཀྱིལ་འཁོར་དུ། །འདོད་ཆགས་རྣམ་པར་དག་པ་ཡི། །སངས་རྒྱས་ཀུན་གྱི་གསུང་མཆོག་དབང་། །དེང་འདིར་ཁྱོད་ལ་དབང་བསྐུར་བྱ། །ཨོཾ་པད་མ་ཨ་བྷི་ཥིཉྩྨ་ཧྲཱི། དེ་ནས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་བགྲང་འཕྲེང་བླངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ། །ང་རྒྱལ་རང་སར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩྨ་ཏྲྃ། དེ་ནས་དོན་ཡོན་གྲུབ་པའི་ངོ་བོར་མར་མེ་བླངས་ལ། འཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ། །ཕྲག་དོག་རང་སར་དག་པ་ཡི། །སངས་རྒྱས་ཀུན་གྱི་འཕྲིན་ལས་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་ཀརྨ་ཨ་བྷི་ཥིཉྩྨ་ཨ། ཞེས་དབང་བསྐུར་རོ། །དབང་བསྐུར་ནས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ལྷའི་ངོ་བོར་གྱུར་པར་བསམས་ལ། མཆོད་པ་བསྡུས་པ་ཙམ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་གསུམ་ལས། དང་པོ་ནི། སྤྲོས་པ་ལ་དགའ་ན་ཟས་གཏད་པ་ཡང་བྱས་ལ། དེ་ནས་ནུབ་ཐ་མ་ལ་མིང་བྱང་བསྲེགས་པ་ནི། མིང་བྱང་ལག་ཏུ་ཐོགས་ནས། ཆོས་སྐུ་དྲི་མེད་རྡོ་རྗེ་འཆང་། །སྤྱན་རས་གཟིགས་དབང་འགྲོ་བའི་མགོན། །ཚེ་འདས་སེམས་ཉིད་མཆོད་པར་འབུལ། །མ་དག་གཟུགས་ཀྱི་ཕུང་པོ་སྒྲོལ། །མི་འགྱུར་རྡོ་རྗེ་ལྟ་བུ་ཡིས། །མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཚེ་འདས་རྣམ་ཤེས་མཆོད་པར་འབུལ། །ཞེས་སྡང་དབྱིངས་སུ་བསྒྲལ་མཛད་གསོལ། །དྲི་མེད་པད་མ་ལྟ་བུ་ཡིས། །འཆི་མེད་རྒྱལ་པོ་འོད་དཔག་མེད། ཚེ་འདས་འདུ་ཤེས་མཆོད་པར་འབུལ། །འདོད་ཆགས་དབྱིངས་སུ་བསྒྲལ་མཛད་གསོལ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། ཚེ་འདས་ཚོར་བ་མཆོད་པར་འབུལ། །ང་རྒྱལ་དབྱིངས་སུ་བསྒྲལ་མཛད་གསོལ། །འཕྲིན་ལས་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱལ་བའི་དགོངས་པ་རྫོགས་མཛད་པ། །ཚེ་འདས་འདུ་བྱེད་མཆོད་པར་འབུལ། །ཕྲག་དོག་དབྱིངས་སུ་སྒྲོལ་མཛད་གསོལ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ། ཁམས་གསུམ་སྐྱེ་མཆེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལས། ཚོགས་གཉིས་ཟུང་འཇུག་འཕྲིན་ལས་ཀྱིས། །བར་དོར་གནས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །ཞེས་བརྗོད་ལ་བསྲེག་གོ །གཉིས་པ་ལམ་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་རྣམ་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རད་ནེ་རད་ནེ་མཧཱ་རད་ནེ་སྃ་བྷ་བཱ། རད་ནེ་ཀི་རད་ན་མ་ལེ་བྷ་ཤུད་དྷེ། ཤོ་དྷ་ཡཱ་སརྦ་པ་པཾ་ཧཱུྃ་ཕཊ། པད་མ་འདམ་གྱིས་མ་གོས་ལྟར། སྲིད་པའི་དྲི་མས་མ་གོས་པའི། །སྲིད་པའི་པད་མ་ལས་བྱུང་པའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པད་མེ་པད་མེ་པད་མོ་ས་བྷ་ས་བྷ་བཱ་སུ་གརྻ་གྷད་ཚ་ཏུ་སྭཱ་ཧཱ། ཞེས་བརྗོད་དོ། །མེ་ཏོག་གཏོར་ཞིང་སྨོན་ལམ་ཡང་གདབ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ཅི་རིགས་པར་བྱ་སྟེ། བཟོད་པར་གསོལ་བ་དང་གཤེགས་སུ་གསོལ་བ་བཀྲ་ཤིས་ལ་སོགས་མཆོད་འབུལ་ནས་བཤད་པ་ལྟར་བྱའོ། གསུམ་པ་བསྔོ་བ་ནི། དེ་ལྟར་ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་གང་རུང་བྱའོ། །དེ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོ་ནས། ཆོ་ག་བྱ་ཞིང་གཟུངས་བཏོན་པའི་ཕན་ཡོན་ནི། ཟ་མ་ཏོག་བཀོད་པ་ལས་བྱུང་ངོ་། །མདོ་དང་རྒྱུད་ལས་ཇི་ལྟར་བྱུང་བ་དང་། །སྤྲུལ་པའི་རྒྱལ་པོས་མཛད་པའི་མན་ངག་དང་། །བླ་མའི་གསུང་ལས་བྱུང་བ་རྒྱས་པ་རུ། །སྤེལ་བའི་ཚིག་འདི་རང་བྱུང་རྡོ་རྗེས་སྦྱར། ཨོཾ་ཨཱ་ཧཱུྃ་ཧྲི༔ ཨོཾ་མ་ཎི་པད་མེ་ཧཱུྃ ཨོཾ་པད་མ་ཚིན་དྷ་མ་ནི་ཛ་ལ་ཧཱུྃ་ཧྲཱི་ཛ། བི་པུ་ནི་གར་རྦེ། མ་ནི་པྲ་བྷེ། ཏ་ཐཱ་ག་ཏ་ནེ་དི་རི་ཤ་ཧེ༔ མ་ཎི་མ་ཎི་སུ་པྲ་བྷེཿ བྷི་མ་ལེཿ ས་ག་ར་གྷཾ་བྷི་ར་ཧཱུྃ་ཧཱུྃཿ ཛྷ་ལ་ཛྷ་ལཿ བྷུད་དྷ་བྷི་ལོ་ཀི་ཏེ། གྷུ་་ཨ་ི་ཤི་ཐ་དེ་གར་བྷེ་སྭཱ་ཧཱ། པད་མ་དྷ་ར། ཨ་མོ་ཀ་དྷ་ར། ཨ་མོ་གྷ་ཛ་ཡ་ཏེཿ ཙུ་རུ་ཙུ་རུ་སྭ་ཧཱ། ཞེས་བྱ་བའི་སྔགས་འདིའམ། གཟུངས་རིངས་ལ་སོགས་པ་རྒྱུན་དུ་བརྗོད་ན། སྡིག་སྒྲིབ་ཐམས་ཅད་འབྱང་བར་བཤད་དོ། །རྫོགས་སོ།། །།དགེའོ། །ལེགས་སོ།། །། | |||
</div> | </div> | ||
Latest revision as of 09:39, 18 February 2013
༄༅། །སྤྱན་རས་གཟིགས་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བ་བཞུགས། །[1]
༄༅། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་གི་སྒོ་ནས་ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བར་འདོད་པས། ཐོག་མར་གནས་གང་ཡང་རུང་བར་ས་བླང་བ་ནས་དཀྱིལ་འཁོར་བྲི་བའི་བར་དབང་གི་ཆོ་ག་བཞིན་དུ་བྱ། སྤྱན་རས་གཟིགས་དང་། རྟ་མགྲིན་གྱི་ལས་ཀྱི་བུམ་པ་གཉིས་ཀྱང་སྟ་གོན་དུ་བྱ། མཆོད་པ་དང་གཏོར་མ་ཅི་ལྟར་འབྱོར་བ་བཞིན་དུ་བཤམས། དེ་ལྟར་བཅའ་གཞི་ཡོངས་སུ་རྫོགས་ནས། ཆོ་གའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ་ལས། དང་པོ་ནི་ཚེ་ལས་འདས་པ་ཡིས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ་ཡན་ལག་བདུན་པ་བྱའོ། །གཉིས་པ་བདག་བསྐྱེད་པ་ནི། ཨོཾ་སྭ་བྷ་ཝ་ཤུད་དྷོ་སརྦ་དྷརྨཱ་ས་བྷ་བ་ཤུད་དྷོ་ཧཾ་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། དེའི་ངང་ནས་པད་མ་དང་ཟླ་བ་ཉི་མའི་སྟེང་དུ། རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲི་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་བ་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་འཕྲེང་བ། གཡོན་པད་མ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན་ནོ། །དེའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་ཨཿ སྙིང་ཁར་ཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་ཐུགས་ཁར་པད་མ་འདབ་མ་བརྒྱད་པ། དེའི་ལྟེ་བ་ལ་ཧྲཱིཿ་སྙིང་པོ་དང་བཅས་པ་བལྟས་ལ། འོད་ཟེར་གྱིས་དེ་ལྟ་བུ་བདེ་བ་ཅན་ནས་སྤྱན་དྲངས་ལ། ཛ་ཧཱུྃ་བཾ་ཧོས་དབྱེར་མེད་དུ་གཞུག །བཛྭ་པུཥྤེ་ཨ་ཧཱུྃ་ཞེས་པའི་སྔགས་ཀྱིས་བདག་བསྐྱེད་མཆོད། དེ་ནས་འབྱུང་པོ་ལ་གཏོར་མ་དབུལ་ལ་སྙིང་ཁའི་འོད་ཟེར་གྱིས་བགེགས་བསྐྲད་དེ། ཨོཾ་བཛྭ་རཀྵ་རཀྵ་ཞེས་རྡོ་རྗེའི་གུར་ཁང་ཡང་བསམ་མོ། །གསུམ་པ་བུམ་པ་བསྐྱེད་པ་ནི། རྣམ་རྒྱལ་བུམ་པ་ནི། མངོན་པར་རྟོགས་པ་ལྟར་ཡིན་ལ། སྤྱན་འདྲེན་དང་མཆོད་བསྟོད་བསྡུས་པ་ཅིག་བྱའོ། །ལས་བུམ་དུ་ཧྲཱིཿལས་བྱུང་བའི་རྟ་མགྲིན་ཞལ་ཅིག་ཕྱག་གཉིས་པ་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཛྭ་པུཥྤེ་ལ་སོགས་པས་མཆོད་ལ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །ཞེས་པའི་བསྟོད་པས་བསྟོད་དེ། དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་སྭ་བྷ་བས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་རྒྱལ་བ་རྒྱ་མཚོའི་ལྷ་བསྐྱེད་པའམ་ཡང་ན་པད་མ་ཅོད་པན་གྱི་རྒྱུད་ལ་སོགས་པ་ནས་བྱུང་བ་ལྟར་བྱེད་ནའང་སོ་སོའི་ཆོ་གས་བསྐྱེད་དེ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཡན་ཆད་རྫོགས་ནས། རྡོ་རྗེ་དྲིལ་བུ་དང་བཅས་པས། ཧཱུྃ་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །ཅེས་པའི་སྤྱན་འདྲེན་བྱའོ། །ཕྱག་འཚལ་བ་དང་། གདན་འབུལ་བ་དང་། ཕྱི་དང་ནང་གི་ལ་སོགས་པའི་མཆོད་པ་རྣམས་ཕུལ་ལ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །ཞེས་པའི་བསྟོད་པས་བསྟོད་ལ། གཞུང་ནས་འབྱུང་བ་བཞིན་གྱི་གཏོར་མའང་བཏང་ངོ་། །དེ་ལྟར་དཀྱིལ་འཁོར་གྱི་ལྷའི་ཆོ་གའི་བྱ་བ་རྫོགས་ནས། གཉིས་པ་ཚེ་ལས་འདས་པའི་དོན་བྱ་བ་དངོས་ལ་དྲུག་ལས། དང་པོ་བསྐྱེད་ཅིང་དགུག་པ་ནི། མིང་བྱང་ལ་སོགས་པ་ལས་བུམ་གྱི་ཆུ་དང་སྭ་བྷ་བས་བསངས་ལ། སྟོང་པའི་ངང་ལས་མིང་གི་ཡི་གེ་དང་པོ་ཎི་ལས་ཚེ་འདས་ཅི་འདྲ་བ་བསྐྱེད་ལ། བདག་གི་ཐུགས་ཁ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཚེ་ལས་འདས་པ་རྣམ་པར་ཤེས་པ་གང་ན་གནས་ཀྱང་བཀུག་པར་བསམས་ཏེ། ངག་ཏུ། དཀོན་མཆོག་གསུམ་གྱི་མཐུ་དང་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་། གཟུངས་སྔགས་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་བྱིན་བརླབས་ཀྱི་བདེན་པས། ཚེ་འདས་ཆེ་གེ་མོའི་རྣམ་པར་ཤེས་པ་རིགས་དྲུག་སྐྱེ་གནས་བཞི་གར་གནས་ཀྱང་། སྐད་ཅིག་ཙམ་གྱིས་འདིར་མཆིས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་ལ། ཛ་ཧཱུྃ་བཾ་ཧོས་རྟེན་ལ་གཞུག་གོ །གཉིས་པ་གཤེད་དང་དབྲལ་བ་ནི། བགེགས་ཀྱི་གཏོར་མ་ཏིང་ལོ་དང་ཆང་བུར་བཅས་པ་ལ། ཨོཾ་སརྦ་བིག་ནན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤ་མུ་ཀེ་བྷྱ་སརྦ་ཏད་ཁང་ཨུད་ག་ཏེ་ཀྵྨྱ་ར་ན་ཧི་མཾ་ག་ག་ན་ཁྃ་གྷྲི་རྣ་ཨེ་ཏཾ་བ་ལིང་ཏྃ་སྭཱ་ཧཱ། ཞེས་བརྗོད་ནས་རྟེན་ལ་བསྐོར་ཞིང་། ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་ཚེ་སྡིག་པ་སྦྱོང་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདི་ཁྱེར་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཤིག །ཅེས་བརྗོད་ལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དང་སྔགས་བརྗོད་དེ་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་བྲབ། རོལ་མོའི་སྒྲ་དང་བཅས་པས་བགེགས་བསྐྲད་ཅིང་སུམ་བྷ་ནི་ཡང་བཟླས་སོ། །གསུམ་པ་སྡིག་པ་སྦྱང་བ་ནི། ཚེ་འདས་ཀྱི་སྡིག་སྒྲིབ་ལྟེ་བ་ནས་ཀཾ་གི་རྣམ་པ་སྣ་སྒོའི་ལམ་དུ་ཕྱུང་སྟེ་སྡིག་པ་རྭ་ཅན་དུ་གྱུར་ནས་ཏིལ་ལ་ཐིམ་པར་བསམས་ནས་མེར་བསྲེག་ཅིང་ཆུར་དོར་ལ། ཨོཾ་སརྦ་པ་པཾ་དེ་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་གྱུར་ཅིག ཤིན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་དོ། །བཞི་པ་ཁྲུས་བྱ་བ་ནི། ཐོག་མར་ལྷ་ལ་ཁྲུས་གསོལ་བ་ནི་མེ་ལོང་ལ་ལྷའི་གཟུགས་འཆར་བར་བྱས་ལ། ལས་ཀྱི་བུམ་པས་ཁྲུས་བྱས་ཏེ། ཅི་ལྟར་ལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ཨཱ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པད་མེ་ཧཱུྃ། ཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡཱ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་ཁྲུས་བྱས་པའི་ཆུ་སླར་བུམ་པར་བླུག་གོ །དེ་ནས་མིང་བྱང་ངམ། རུས་བུ་ལ་སོགས་མེ་ལོང་ལ་གཟུགས་འཆར་པར་བྱས་ལ་བཀྲུ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་གསོལ་བར་མཛད། །འདི་ནི་སྤྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །སྦྱིན་པ་དྲི་ཡིས་ལེགས་བསྒོས་་་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །དེ་བཞིན་དུ་གཞན་རྣམས་འགྲེའོ། །འདི་ནི་ཚུལ་ཁྲིམསྎ ཁྲིམས་འཆལ་དྲིྎ ཚུལ་ཁྲིམས་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བཟོད་པའི་རང་བཞིནྎ ཁོང་ཁོའི་དྲི་མ་སྦྱོང་ྎ བཟོད་པ་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བརྩོན་འགྲུསྎ ལེ་ལོའི་དྲི་མ་སྦྱོང་ྎ བརྩོན་འགྲུས་དྲི་ཡིསྎ ཁྲུས་ལེགས་མཛདྎ འདི་ནི་བསམ་གཏན་རང་བཞིནྎ རྣམ་གཡེང་དྲི་མྎ བསམ་གཏན་དྲི་ཡིས་ལེགསྎ ཁྲུས་ལེགས་མཛད་ལྎ འདི་ནི་ཤེས་རབ་རང་བཞིནྎ གཏི་མུག་དྲི་མྎ ཤེས་རབ་དྲི་ཡིསྎ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་ནས་ནི། །རྒྱལ་ཆེན་ཡོན་ཏན་དྲུག་ལྡན་ཞིང་། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་ལྡན་པ་ཡི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བའི་ཚིག་བཞི་པ་རེ་རེའི་བར་དུ། ཨོཾ་ཨཱ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པད་མེ་ཧཱུྃ། ཚེས་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤུད་དྷེ་ཤུད་དྷེ་བྷི་ཤུད་དྷེ་སྭཱ་ཧཱ། ཞེས་བྱ་བ་རེ་རེ་དང་སྤེལ་བར་བྱའོ། །ལྔ་པ་དུག་སྦྱང་བ་ནི། འདོད་ཆགས་ཞེས་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འགྲེའོ། །འདོད་ཆགསྎ འདི་དགྎ སངས་རྒྱསྎ དམ་ཆོསྎ དམ་ཆོས་བདེནྎ འདོད་ཆགས་ཞེ་སྡང་ྎ འདི་དགྎ འཕགས་པའི་དགེ་འདུནྎ ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་མེ་རླུང་ལ་སོགས་ཀྱིས་འདོན་པ་ཁ་བསྒྱུར་ལ་བརྗོད་དོ། །རྗེས་ལ། དུས་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་དུག་གསུམ། དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས་འབྱུང་བའི་བག་ལ་ཞ་བར་གྱུར་ཅིག འབྱུང་བའི་ནང་དུ་ཐིམ་པར་གྱུར་ཅིག ཅེས་བརྗོད་དོ། །དེའི་རྗེས་སུ་བདེ་ལེགས་ཀྱི་ཚིག་འདི་བརྗོད་པར་བྱའོ། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེང་འདིར་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །དུས་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག དྲུག་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་སྒོ་ནས་སྡིག་པ་སྦྱང་བ་ནི་གསུམ་ལས། དང་པོ་སྡིག་པ་བཤགས་པ་ལ་སོགས་བྱ་བ་ནི། ཚེ་འདས་ཀྱི་ཉེ་བ་ཡོད་ན་ལད་མོ་བྱེད་དུ་གཞུག མེད་ན་ཡིད་ཀྱིས་དེ་ཉིད་ཀྱིས་ལད་མོ་བྱེད་པར་བསམས་ལ། མཎྜྻལ་འབུལ་ཞིང་། ངག་ཏུ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡིད་རང་དང་། །ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླད་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རང་རྒྱལ་ཉན་ཐོས་ཀྱི། །ཡན་ལག་རྣམས་ཀྱང་བཟུང་བར་བགྱི། །འགྲོ་རྣམས་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡིད་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་ཏེ། །འགྲོ་བ་ཀུན་ལ་ཕན་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་པ་ལ། །བསྐལ་པའི་མཐར་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་དགེ་བ་དེས། །བགྱིས་སམ་བགྱིད་དུ་སྩལ་བ་གང་། །རྗེས་སུ་ཡིད་རང་དེ་དག་ནི། །འགྲོ་རྣམས་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གི་ལུས་འདི་འབུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང། །ཐེག་མཆོག་བླ་ན་མེད་པ་ཡི། །ལམ་ཅིག་བདག་ལ་བསྟན་དུ་གསོལ། །གཉིས་པ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོ་འཕང་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་ལ་སེམས་བསྐྱེད་པར་བྱའོ། །གསུམ་པ་དབང་བསྐུར་བ་དངོས་ནི་རིག་པའི་དབང་ལྔ་སྟེ། ཐོག་མར་དབང་བསྐུར་བའི་དོན་དུ་ཚེ་ལས་འདས་པ་དཀྱིལ་འཁོར་དུ་ཞུགས་པར་བསམ་ཞིང་། གསོལ་བ་གདབ་པ་ནི། པད་མ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །རིག་པའི་དབང་ལྔ་ཡོངས་རྫོགས་ལྟར། །དེ་བཞིན་དབང་བསྐུར་མཛད་དུ་གསོལ། །ཞེས་བརྗོད་ལ་མེ་ཏོག་ཀྱང་དབུལ་ལོ། དེ་ནས་རྣམ་རྒྱལ་བུམ་པས་དབང་བསྐུར་བར་བྱས་སྟེ། ཏིང་ངེ་འཛིན་དང་བཅས་པས། སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །རྒྱལ་སྲས་རྣམས་ལ་བསྐུར་བ་ལྟར། །དོ་ནུབ་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོང་། །བྷུདྡྷ་ཨ་བྷི་ཥིཉྩྨ་ཨོཾ། ཅེས་པ་དང་། ཅི་ལྟར་ལྟམས་པ་ཙམ་གྱིས་ནི། །ཞེས་པས་ཁྲུས་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་དབང་ནི། མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །མེ་ལོང་ལྟ་བུའི་དབང་ཐོབ་ཤོག །ཨོཾ་བཛྭ་སྭ་ཏྭ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་འོད་དཔག་ཏུ་མེད་པའི་རང་བཞིན་ཡི་གེ་དྲུག་མ་བླངས་ལ། པད་མ་དབང་གི་དཀྱིལ་འཁོར་དུ། །འདོད་ཆགས་རྣམ་པར་དག་པ་ཡི། །སངས་རྒྱས་ཀུན་གྱི་གསུང་མཆོག་དབང་། །དེང་འདིར་ཁྱོད་ལ་དབང་བསྐུར་བྱ། །ཨོཾ་པད་མ་ཨ་བྷི་ཥིཉྩྨ་ཧྲཱི། དེ་ནས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་བགྲང་འཕྲེང་བླངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ། །ང་རྒྱལ་རང་སར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩྨ་ཏྲྃ། དེ་ནས་དོན་ཡོན་གྲུབ་པའི་ངོ་བོར་མར་མེ་བླངས་ལ། འཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ། །ཕྲག་དོག་རང་སར་དག་པ་ཡི། །སངས་རྒྱས་ཀུན་གྱི་འཕྲིན་ལས་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་ཀརྨ་ཨ་བྷི་ཥིཉྩྨ་ཨ། ཞེས་དབང་བསྐུར་རོ། །དབང་བསྐུར་ནས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ལྷའི་ངོ་བོར་གྱུར་པར་བསམས་ལ། མཆོད་པ་བསྡུས་པ་ཙམ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་གསུམ་ལས། དང་པོ་ནི། སྤྲོས་པ་ལ་དགའ་ན་ཟས་གཏད་པ་ཡང་བྱས་ལ། དེ་ནས་ནུབ་ཐ་མ་ལ་མིང་བྱང་བསྲེགས་པ་ནི། མིང་བྱང་ལག་ཏུ་ཐོགས་ནས། ཆོས་སྐུ་དྲི་མེད་རྡོ་རྗེ་འཆང་། །སྤྱན་རས་གཟིགས་དབང་འགྲོ་བའི་མགོན། །ཚེ་འདས་སེམས་ཉིད་མཆོད་པར་འབུལ། །མ་དག་གཟུགས་ཀྱི་ཕུང་པོ་སྒྲོལ། །མི་འགྱུར་རྡོ་རྗེ་ལྟ་བུ་ཡིས། །མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཚེ་འདས་རྣམ་ཤེས་མཆོད་པར་འབུལ། །ཞེས་སྡང་དབྱིངས་སུ་བསྒྲལ་མཛད་གསོལ། །དྲི་མེད་པད་མ་ལྟ་བུ་ཡིས། །འཆི་མེད་རྒྱལ་པོ་འོད་དཔག་མེད། ཚེ་འདས་འདུ་ཤེས་མཆོད་པར་འབུལ། །འདོད་ཆགས་དབྱིངས་སུ་བསྒྲལ་མཛད་གསོལ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། ཚེ་འདས་ཚོར་བ་མཆོད་པར་འབུལ། །ང་རྒྱལ་དབྱིངས་སུ་བསྒྲལ་མཛད་གསོལ། །འཕྲིན་ལས་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱལ་བའི་དགོངས་པ་རྫོགས་མཛད་པ། །ཚེ་འདས་འདུ་བྱེད་མཆོད་པར་འབུལ། །ཕྲག་དོག་དབྱིངས་སུ་སྒྲོལ་མཛད་གསོལ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ། ཁམས་གསུམ་སྐྱེ་མཆེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལས། ཚོགས་གཉིས་ཟུང་འཇུག་འཕྲིན་ལས་ཀྱིས། །བར་དོར་གནས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །ཞེས་བརྗོད་ལ་བསྲེག་གོ །གཉིས་པ་ལམ་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་རྣམ་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རད་ནེ་རད་ནེ་མཧཱ་རད་ནེ་སྃ་བྷ་བཱ། རད་ནེ་ཀི་རད་ན་མ་ལེ་བྷ་ཤུད་དྷེ། ཤོ་དྷ་ཡཱ་སརྦ་པ་པཾ་ཧཱུྃ་ཕཊ། པད་མ་འདམ་གྱིས་མ་གོས་ལྟར། སྲིད་པའི་དྲི་མས་མ་གོས་པའི། །སྲིད་པའི་པད་མ་ལས་བྱུང་པའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པད་མེ་པད་མེ་པད་མོ་ས་བྷ་ས་བྷ་བཱ་སུ་གརྻ་གྷད་ཚ་ཏུ་སྭཱ་ཧཱ། ཞེས་བརྗོད་དོ། །མེ་ཏོག་གཏོར་ཞིང་སྨོན་ལམ་ཡང་གདབ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ཅི་རིགས་པར་བྱ་སྟེ། བཟོད་པར་གསོལ་བ་དང་གཤེགས་སུ་གསོལ་བ་བཀྲ་ཤིས་ལ་སོགས་མཆོད་འབུལ་ནས་བཤད་པ་ལྟར་བྱའོ། གསུམ་པ་བསྔོ་བ་ནི། དེ་ལྟར་ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་གང་རུང་བྱའོ། །དེ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོ་ནས། ཆོ་ག་བྱ་ཞིང་གཟུངས་བཏོན་པའི་ཕན་ཡོན་ནི། ཟ་མ་ཏོག་བཀོད་པ་ལས་བྱུང་ངོ་། །མདོ་དང་རྒྱུད་ལས་ཇི་ལྟར་བྱུང་བ་དང་། །སྤྲུལ་པའི་རྒྱལ་པོས་མཛད་པའི་མན་ངག་དང་། །བླ་མའི་གསུང་ལས་བྱུང་བ་རྒྱས་པ་རུ། །སྤེལ་བའི་ཚིག་འདི་རང་བྱུང་རྡོ་རྗེས་སྦྱར། ཨོཾ་ཨཱ་ཧཱུྃ་ཧྲི༔ ཨོཾ་མ་ཎི་པད་མེ་ཧཱུྃ ཨོཾ་པད་མ་ཚིན་དྷ་མ་ནི་ཛ་ལ་ཧཱུྃ་ཧྲཱི་ཛ། བི་པུ་ནི་གར་རྦེ། མ་ནི་པྲ་བྷེ། ཏ་ཐཱ་ག་ཏ་ནེ་དི་རི་ཤ་ཧེ༔ མ་ཎི་མ་ཎི་སུ་པྲ་བྷེཿ བྷི་མ་ལེཿ ས་ག་ར་གྷཾ་བྷི་ར་ཧཱུྃ་ཧཱུྃཿ ཛྷ་ལ་ཛྷ་ལཿ བྷུད་དྷ་བྷི་ལོ་ཀི་ཏེ། གྷུ་་ཨ་ི་ཤི་ཐ་དེ་གར་བྷེ་སྭཱ་ཧཱ། པད་མ་དྷ་ར། ཨ་མོ་ཀ་དྷ་ར། ཨ་མོ་གྷ་ཛ་ཡ་ཏེཿ ཙུ་རུ་ཙུ་རུ་སྭ་ཧཱ། ཞེས་བྱ་བའི་སྔགས་འདིའམ། གཟུངས་རིངས་ལ་སོགས་པ་རྒྱུན་དུ་བརྗོད་ན། སྡིག་སྒྲིབ་ཐམས་ཅད་འབྱང་བར་བཤད་དོ། །རྫོགས་སོ།། །།དགེའོ། །ལེགས་སོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net