Ngb-pt-0944-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(One intermediate revision by the same user not shown)
(No difference)

Latest revision as of 08:01, 20 March 2020

Front

Body

བ་འཁོར་རྒྱ་ཐེག་ཏུ་བསྟན་པའི་ཕྱིར། སྒྲུབ་པ་མ་ཧྭ་ཡོ་ག་ལ་ངོ་སྤྲད་པ་དང་། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་དང་། མན་ངག་ཨ་ཏི་ཡོ་ལ་ངོ་སྤྲད་པ་དདྭ་། ཡང་དཀུ་པའི་མན་ངག་ཐིག་ལེ་འདུས་པ་ལ་ངོ་སྤྲད་པ་དང་།རྩདང་རླུད་ཐིག་ལེ་ངོ་སྤྲད་པ་དང་། བརྡ་ངོ་སྤྲས་པ་དང་། འཁྲུལ་བཞི་ལ་ངོ་སྤྲད་པ་དང་། །འཁྲུལ་པ་ལ་ངོ་སྤྲད་པ་དང་། །གནས་ལ་ངོ་སྤྲད་པ་དང་། ལྡག་པ་ལ་ང་སྤྲད་པ་དང་། ལོག་པ་རང་གིམཚན་ཉིད་ལ་ངོ་སྤྲད་པའོ། །རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པའོ།། །།ཐོག་མ་མེད་པའི་དུས་ཉིད་ན། གནས་མེད་ངོ་བོ་གཉིས་ཀྱི་གནས། །སྟོན་པའིལྷུན་གྲུབ་ཆེན་པོ་སྟེ། །འཁོར་ནི་རང་གདངས་ཆེན་པོ་སྟེ། །བསྟན་པ་རང་ཤར་ཆེན་པོ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོའི་སྟོན་པ་འོད་མི་འགྱུར་བ་ཞེསབྱ་བ། །རང་གསལ་བརྡལ་ཁྱབ་འདུས་མ་བྱས་སུ་གནས་སོ། །ཐུགས་རྗེའི་སྟོན་པ་མར་མེ་མཛད་ཅེས་བྱ་བ། །འགག་མེད་བརྡལ་ཁྱབ་འདུས་མ་བྱས་ལ་གནས་སོ། །རང་བཞིན་གྱིས་སྟོན་པ་འོད་བསྲུངས ཞེས་བྱ་བ། གཉིས་མེད་བརྡལ་ཁྱབ་འདུས་མ་བྱས་ལ་གནས་སོ། །གཞི་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།སྟོན་པ་གསུམ་ལ་སྲས་རྣམ་པ་གསུམ་འཁྲུངས་པ་ཡ་ཆ། ལྷུན་གྲུབ་རླུད་ཆེན་མ་འགགས་པས། །རིག་པ་རང་གསལ་ཆེན་པོར་བསྐྱོད། །སྟོངཔ་རང་གདངས་འོད་དུ་གཟུང་། །སྲས་གསུམ་དུས་མེད་རྟག་ཏུ་འཐབས་པ་ཡ་ཆ། །འབྱེད་པ་མེད་པའི་ཆོས་སྐུ་ལ། །སྐུ་གསུམ་སྟུང་བ་གསུམ་དུ་ཤར། །སྐུ་གསུམ་རང་བཞིན་འདུག་ཚུལ་གཅིག་པ་ལ། །དུས་གསུམ་དབང་གིས་འཁོར་བར་འ་ས་པ་ཡ་ཆསྲས་གསུམ་འགག་པ་མེད་པ་ལ། རང་གདངས་ཡུལ་ལ་རྟོབ་ཤ་བྱེད་པ་ཡ་ཆ། བརྡའི་ང་སྒྱུད་པའི་ལེའུ་སྟེ་གསུམ་པའོ།། །།བསྒྲུབ་པ་མ་ཧྭ་ཡོ་ག་ལ་ངོ་སྤྲད་པ་ནི། སྣང་ལ་རང་བཞིན་མེད་པའི་སྐུ་མེ་ལོང་ལོགས་ལ་ངོ་སྤྲད། ། ཡུལ་གསལ་ལ་མ་འདྲེས་པ་ནམ་མཁའི་འཇའ་མཚོན་ལ་ངོ་སྤྲོད། །ཐུགས་གཉིས་སུ་མེད་པ་ཆུའི་ཟླ་བ་ལ་ངོ་སྤྲད། །མ་ཧྭ་ཡོ་ག་ངོ་སྤྲོད་གསུམ་པོ་འདིས་ནི་མ་སྒྲུབས་པར་སངས་རྒྱས་པར་བསྟན་པའོ། །ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་ནི། འཛིན་པའི་རིག་པ་ཀུན་ཏུ་བཟང་པོ་ཡུལ་རང་གདངས་ནི། སྐུ་བདེ་བ་འགག་མེད་དུ་ངོ་སྤྲད་པས་རྩོལ་བ་མེད་པར་སངས་རྒྱས་པའོ། །མ་ཧྭ་ཨ་ནུའི་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། །།མན་ངག་རྫོགས་ཆེན་ཁ་འཇམ་ལ་ངོ་སྤྲདྭ་པ་ནི། རང་བཞིན་ལྷུན་གྱི་གྲུབ་པའི་སྐུ་བརྡལ་ཁྱབ་ཆེན་པོ་ལ་བསྒོམས་དང་མ་བསྒོམས་གཉིས་སུ་མེད་ཡེ་ཤེས་སངས་རྒྱས་ཆེན་པོར་བསྟན་པའོ། །མན་ངག་ཨ་ཏི་ཡོ་ག་ལ་ཁ་འཇམ་ངོ་སྤྲད་པ་དང་། །ཡང་དག་པའི་མན་ངག་ཐིག་ལེ་འདུས་པ་ལ་ངོ་སྤྲོད་པ་གསུམ་ཏེ། རང་ཕྱིའི་སྣང་བ་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་ཞེས་བྱ་གཞི་རང་གདངས་སུ་ངོ་སྤྲད་པ་དང་། །བསྒྲུབ་པ་མ་ཧྭ་ཡོ་ག་ལ་རྩོལ་སྒྲུབ་དང་། བྲལ་བར་བསྟན་པའོ། །རིག་པ་སྣ་ཚོགས་སུ་མ་འགགས་པས་ཡེ་ཤེས་ཀྱིས་རྩལ་ལས་མ་འདས་པར་ངོ་སྤྲད་པས་ལུང་ཨ་ནུ་ཡོ་གལ་རྩོལ་སྒྲུབ་དང་བྲལ་བར་བསྟན་པའོ། །ཕྱི་ནང་སྣོད་བཅུད་ཐམས་ཅད་འཁྲུལ་པའི་དུས་སུ་ཡེ་ཤེས་རྩལ་དུ་སྣང་ལ། གྲོལ་བའི་དུས་རྩལ་སྣང་བ་ངོས་ཟིན་ལ། འཆི་ཀའི་དུས་སུ་ཡེ་ཤེས་ཁོང་གསལ་དུ་ཐིམ་ནས་སངས་རྒྱས་པར་བསྟན་པའོ། །འབྲས་བུ་བར་དོ་ཐོབ་དུས་མེད་པར་བསྟན་པས་ཐམས་ཅད་རང་གྲོལ་རང་སྣང་རང་སངས་རང་ཤར་གཉིས་འཛིན་ལས་འདས་ཏེ། རང་གྲོལ་བའེ་སངས་རྒྱས་ཀྱི་དགོངས་པ་འདུས་ཅེས་བྱའོ། །ཡང་དག་པའི་མན་ངག་འདུས་པའི་ངོ་སྤྲད་པའི་ལེའུ་སྟེ་ལྔཔའོ།། །།རྩ་དང་རླུད་དང་ཐིག་ལེ་ལ་ངོ་སྤྲད་པ་ནི། སེམས་ཅན་དྲནཤེསཙིཀྟའིདཀྱིལ། །ཆོས་གསུམ་འོད་ཀྱི་ངོ་བོ་ཤར། བསྐལ་པ་བར་མ་ལ་སངས་རྒྱས་འོང་སྲངས་ཀྱིས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞལ་མ་མཇལ་ཡ་ཆང་རྩ་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ཆོས་ཀྱི་རང་བྱུང་གདང་ཆེན་པོའི་རྩ་དང་ནང་རིགས་སྟོང་པའི་རྩ་དང་། །གསང་བ་ཐིག་ལེ་བརྟེན་པཟླ་རྩའོ། །རྒྱས་པའི་རྩ་ལ་ཉི་ཁྲི་ཆིག་སྟོང་ཀྱང་། །བསྡུས་པའི་ངོ་སྤྲོད་གསུམ་དུ་འདུས། །རླུད་ལ་ཡང་ཕྱི་ནང་གསུམ་སྟེ། ཕྱི་རླུད་ཐམས་ཅད་ནང་རླུད་སྣང་བ་ཡིན། །ནང་རླུད་ཐམས་ཅད་ཡེ་ཤེས་རླུད་གིས་རྩལ། །གསང་བའི་རླུད་ཆེན་ངོས་ཟིན་ན། །འཁོར་བ་དོང་ནས་སྤྲུགས་པ་ཡིན། །ཐིག་ལེ་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱིའི་ཐིག་ལེ་རང་བྱུང་ཡེ་ཤེས་ཡིན། །ནང་གིས་ཐིག་ལེ་རིག་པ་ཡེ་ཤེས་ཡིན། །གསང་བའི་ཐིག་ལེ་ཆོས་ཀུན་མཁའ་ཁྱབ་ཡིན། །ཡང་གསང་ཐིག་ལེ་ཡེ་ཤེས་ཁོང་གསལ་ཡིན། །གནད་དུ་འཛིན་པ་རིག་པ་ཡེ་ཤེས་ཡིན། །གཉིས་མེད་ལྟངས་ཀྱིས་རྟོགས་པས་ཡེ་ཤེས་རླུད་དུ་ཤེས། །གཟུང་འཛིན་གཉིས་སུ་སྤྲོས་པས་མ་རིག་རླུད་དུ་ཤེས། ། རྩ་རླུད་ཐིག་ལེ་ལ་ངོ་སྦད་པའི་མཚན་མ་ལམ་པའི་རྩོལ་གྲུབ་ལ་མི་རྟེན་པའི་ལེའུ་སྟེ་དྲུག་པའོ།། །།སྟོན་པ་གསུམ་དུས་གཅིག་ལ་འཁོར་བར་འཁྱམས་པ་ཡ་མཚན་ཆེ། །བྱེད་པ་མེད་པ་གཏི་མུག་རང་བཞིནགྱིསྟོནཔ། ། འགག་པམེ་ ད་པ་ཞེ་སྡང་ངོ་བོ་ཉིད་ཀྱི་སྟོན་པ། །རང་སྣང་ཆེན་པོའི་རྩལ་མི་འགག་པ་འདོད་ཐུགས་རྗེའི་སྟོན་པ། །རྩལ་འགག་པ་མེད་པ་དུག་ལྔ། །ཐུགས་རྗེ་རོལ་པ་མ་འགགས་པ་འགྲོ་དྲུག་རང་བཞིནཆོསསྐུ། །ངོ་བོ་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ། སྐུ་གསུམ་འཁོར་བར་འ་ས་ཀྱང་། སྙིང་པོ་ལ་འགྱུར་བ་མེད་པར་གནས་སོ། །གནས་ལུགས་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། །།བསྐལ་པ་ཐ་མ་ལ་གསུམ་གྱི་ཐབས་པས་སྐད་ཅིག་ལ་ཁྱམས་པ་ཐམས་ཅད་ཀྱི་སྲོག་དུས་གཅིག་ཏུ་གཅད་ནས། མེ་ཆིན་གྱི་སྲེགས། རླུང་ཆེན་གྱི་ཕྱག་པ་དེ་ཡ་ཆ། །ཡེ་ཤེས་ཆེན་པོའི་སྤྱན། གཉིས་འཛིན་མེད་པའི་རང་གསལ་ཆོས་ཀྱི་སྤྱན་བར་དོ་མེད་པའི་རང་གདངས། ཐབས་དང་ཤེས་རབ་ཀྱི་སྤྱན་ཅི་སྣང་ཅིར་འཛིན་གྱི་ཡེ་ཤེས། མ་བསྒྲུབས་མ་བཙལ་ཡེ་ཡིན་པའི་སྤྱན་གསལ་ལོ། །སྤྱན་གསུམ་ལ་སྐུ་གསུམ་ངོ་སྤྲད་པ་ནི། ཡེ་ཤེས་ཀྱི་སྨན་ཆོས་བསྐུར་ངོ་སྤྲད་ཆོས་ཀྱི་སྤྱན་ལོང་སྐུར་ངོ་སྦྲད། །ཐབས་དང་ཤེས་རབ་ཀྱི་སྤྱན་སྤྲུལ་པའི་སྐུར་ངོ་སྦྲད། །ངོ་སྤྲད་པའི་མན་ངག་གིས་འདུག་ཚུལ་ནི། །རྔོ་བོརང་བཞིན་ཐུགསརྗེགསུམ་ལས་མ་འདས་པའོ་། ། སྤྱན་གསུམ་རང་ལ་གནས་པ་ནི། །སྤྱན་གྱི་ནི་རིག་པ་ཡེ་ཤེས་ལྷངས་ཀྱིས་རྟོགས་པའོ། །ཆོས་ཀྱེ་སྤྱན་ནི་སྒྲོ་འདོགས་སྒོད་པའོ། །ཐབས་དང་ཤེས་རབ་ཀྱི་སྤྱན་ནི་ཐམས་ཅད་རང་གི་འདུག་ཚུལ་གཅིག་པ་ལས་མ་འདས་པར་ཤེས་པས་སྤྱན་གསུམ་ཁོང་དུ་ཆུད་པས་ཐེག་པ་རིམ་པ་བརྒྱད་ཀྱི་ཆོས་དང་། །མུ་སྟེགས་རྟགས་་ད་དང་། རྫོགས་ཆེན་ཁ་འཇམ་གཞི་ལ་དགོངས་ནས་ལས་ཀྱིས་དབང་མི་བཙན་ཟེར་བ་ལ་ཤན་ཕྱེ་ཏེ། ཆོས་སྐུ་མཁའ་ཁྱབ་དྭངས་པ། སྤྱན་གསུམ་འདུག་ཚུལ་གཅིག་ཏུ་བསྟན་པས་གྲོལ་བ་མཐར་ཕྱིན་པའོ། །ལོག་པའི་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །།ལོག་པ་རང་གིས་མཚན་ཉིད་ནི། །འདས་པ་གསུམ་དུ་ངོ་སྤྲད་པ། སྐུ་འདས་པ་ཡེ་ཤེས་ཁོང་གསལ། །ཡུལ་འདས་པ་ཆོས་ཀུན་མཁའ་ཁྱབ་དྭངས་བ། །གཉིས་མེད་ལས་འདས་པ་ཐུགས་རིན་པོ་ཆེ་མན་ཤེལ་དྭངས་པ་ལྟ་བུའོ། །སྟོན་པ་རྣམ་གསུམ་གྱི་འཁོར་བར་འཁྱམས་པ་ཛོར་ནས། །ཆོས་ཀྱི་སྐུ་བརྩལ་བས་བསམ་སྡུག་ཀྱི་ལྷ་ཁང་དུ་གླེབས་ནས། འགྲོ་ས་མ་རྙེད་བདེ་ཡ་ཆ། །ཐོག་མའི་སྟོན་པ་འོད་མི་འགྱུར་བས། །གཅུང་གཉིས་པ་ལ་བོས་པ། །ཀྱི་ཀྱི་གྲོགས་པོ། །བསམ་སྡུག་གི་ལྷ་ཁང་དུ་སླེབས་ནས་འགྲོ་ས་ཉེས་པ་ཡ་ཆ། །ཆོས་སྐུ་མཁའ་ཁྱབ་དྭངས་པ་བཙལ་བས་མ་རྙེད་པ་ཡ་ཆ། །ཆོས་བསྒྲུབས་པ་འབྲས་བུ་སྟོར་བ་ཡ་ཆ། །རྩོལ་བསྒྲུབས་བྱས་པས་དྲིལ་རྟུབ་པ་ཡ་ཆ། །དེ་སྐད་ཅེས་བཀའ་སྩལ་པ། སྟོན་པ་འོད་སྲུངས་ཀྱི་ཞལ་ནས། །རང་རིག་རང་ཤར་ནས་ཆོས་ལས་འདས་པ་ཡ་ཆ། །ཡེ་ཤེས་ཁོང་གསལ་རྟོགས་པས་བསམ་དུ་མེད་པ་ཡ་ཆ། །ཆོས་སྐུ་མཁའ་ཁྱབ་རང་ཆས་ཡིན་པས་བཙལ་དུ་མེད་པ་ཡ་ཆ། །སྒྲུབ་པས་མ་རྙེད་རང་ལ་ཡོད་པ་ཡ་ཆ། །ཡེ་ཤེས་རང་གྲོལ་དུ་ཤར་བས། །སྟོན་པ་གསུམ་དུས་གཅིག་ལ་རྩོལ་སྒྲུབ་ལ་མ་རྟེན་པར་སངས་རྒྱས་པ་ནི་ཡ་ཆ་གསུངས་སོ། །སྟོན་པ་མར་མེ་མཛད་ཀྱི་ཞལ་ནས། ང་ནི་མཐའ་གཉིས་ཟད་པ་སྟེ། འབྱུང་བ་འོད་དུ་སྣང་བ་རང་གིས་གདངས་ཡིན་པས། །ཉོན་མོངས་བག་ཆགས་ཀྱིས་སྒྲིབ་པའི་མཐའ་གཉིས་ཟད་པ་ཡ་ཆ། །འཛིན་པ་ཡེ་ཤེས་ཁོང་གསལ་ཆེན་པོའི་རྩལ་དུ་ཤེས་པས།ཤེས་བྱའི་སྒྲིབ་པའི་ལས་ཀྱིས་མཐའ་གཉིས་ཟད་པ་ཡ་ཆ། །ཆོས་སྐུ་མཁའ་ཁྱབ་དྭངས་བ་རང་ཆས་ཡིན་པ་ཡ་ཆ། ལས་ཀྱི་སྒྲིབ་པ་མཐའ་གཉིས་ཟད་པ་ཡ་ཆ། །ཕུང་པོ་བོར་ནས་དུས་ཀྱི་མཐའ་ཟད་པ་ཡ་ཆ། །བར་དོ་མེད་པར་ཡེ་ཤེས་ཁོང་གསལ་དུ་འཐིམས་པས་ལས་ཀྱི་མཐའ་གཉིས་ཟད་པས་ཡ་ཆ་གསུངས་སོ། །སྟོན་པ་རྣམ་པ་གསུམ་གྱི་དགོངས་པ་བསྡུར་བའི་ལེའུ་སྟེ་དགུ་པའོ།། །།ཐམས་ཅད་རྩ་བ་རང་རྒྱུང་དུ་འདུས་པས་རྩོལ་ལས་འདས་པ་ཡིན། །ཡེ་ཤེས་ཁོང་གསལ་དུ་རྟོགས་པས་མཚན་མའི་ཆོས་ལས་འདས་པ་ཡིན །ཆོས་སྐུ་མཁའ་ཁྱབ་ཏུ་འདུས་པས། །འབྲས་བུ་མ་བསྒྲུབས་པར་སངས་རྒྱས་པར་བསྟན་པའོ། །ཕྱེའི་སྣང་བ་ལྷ་མོ། བུམ་པ་བསྐྱེད་པའི་རིམ་པ་རང་སྣང་ཐོགས་མེད་དུ་ངོ་སྤྲད་པས་ཕྱིའི་དབང་ཐམས་ཅད་དུས་གརྩིག་ལ་ཐོ་བ་པ་ཡིན། །མ་རིག་པ་ཁོང་གསལ་དུ་འདུས་པས་ཐམས་ཅད་ཤེས་ཀྱི་སྣང་བ་གསལ་བས། །ཐབས་དང་ཤེས་རབ་ཀྱིས་དབང་སྐད་གཅིག་ལ་ཐོབ་པ་ཡིན། །གསང་བ་ཕྱི་ནང་མེད་པ་ཆོས་མཁའ་ཁྱབ་ཏུ་རྟོགས་པས། །གསང་བ་ཡེ་ཤེས་ཀྱི་དབང་སྐད་ཅིག་ལ་ཐོབ་པ་ཡིན། །དེ་བླ་མས་བསྟན་ནས་མི་གོ་མི་སྲིད་པས་བསྟན་པས་ཚིག་དབང་རིན་པོ་ཆེའི་སྐད་ཅིག་ལ་ཐོབ་པ་ཡིན། དབང་གི་ལེའུ་སྟེ་བཅུ་པའོ།། །།རང་བྱུང་ཡེ་ཤེས་ཆེན་པོ་ལ། །རང་གདངས་སྣ་ཚོགས་རིགས་ལྔར་སྣང་། །སྣང་བ་ཡིན་པར་ཐག་ཆོད་པས། །ལྷ་བསྐྱེད་རིམ་སྐད་ཅིག་ལ་རྫོགས་པ་ཡིན། །མ་བྲིས་དཀྱིལ་འཁོར་རང་སྣང་བས། །དཀྱིལ་འཁོར་གཞལ་ཡས་ཁང་སྒོམ་པས། །སྐད་ཅིག་གཅིག་ལ་རྫོགས་པ་ཡིན། །རྫོགས་པའི་ངང་ལ་མི་འདའ་བས། །དམ་ཚིགས་ཐམས་ཅད་དུས་གཅིག་བསྲུངས། །ཡེ་ཤེས་ཁོང་གསལ་མི་འགྱུར་དྲན། །སྔགས་ཀྱི་འཛབ་འདྲེན་དུས་གཅིག་ཐོན། །དེའི་དོན་ལ་ཡེ་ནས་གནས་པ་ལ། །སྲུངས་མཚམས་ཐམས་དུས་གཅིག་དག་པ་ཡིན། །ལྷ་རྣམས་བསྐྱེད་དང་འཁོར་སྒོམ་པ་དང་། །དམ་ཚིགས་སྲུང་དང་སྔགས་ཀྱི་འོད་འདུ་དང་། །སྲུང་མཚམས་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྟོན་པ་རྣམ་གསུམ་གྱི་རྫ་མཁན་གྱི་བུ་མོ་ཐམས་ཅད་སྲོག་དུས་གཅིག་ལ་གཅད་ནས། གཅིག་པུ་རབ་ཏུ་ཆེ་བའི་གམ་དུ་བསྐྱལ་བ་དེ་ཡ་ཆ། །སྲོག་གཅད་པ་དང་བདུད་གཅད་པའོ། །ཀུན་ཏུ་བཟང་པོ་ལ་བདུད་ཞུགས་པའི་དུས་སུ། འཁྲུལ་སྣང་ལོང་སྐུར་འཁྱམས་པ་ཡ་ཆ། སྟོན་པ་འོད་སྲུངས་དང་བསྒྲོས་པས་མི་ཐུབ་པར་གཟིགས་ནས། དྲང་སྲོང་རང་གིས་གཅད་རང་བདུད་རང་གིས་གཅད་ནས། མཁའ་ཁྱབ་རང་བའི་དུར་ས། ཕུང་པོ་ལྷག་མ་མེད་པར་མྱ་ངན་འདས་པས་ན། ཕྱིས་འོང་མ་ནུས་པས་དེ་ཡ་ཆ། དེ་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། སངས་རྒྱས་འོད་སྲུང་དང་འཇལ་ནས་བགྲོས་པས། མི་ཐུབ་པར་གཟིགས་ནས། ཁོང་གཉིས་གྲོགས་པོ་བྱས་ནས། སྟོན་པས་ས་ཟུང་ནས། འཁོར་རིགས་ལྔ་ལ་ཆོས་སྟོན་པ་ཡ་ཆ། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ། །རྡོ་རྗེ་སེམས་དཔའི་སྤྲུལ་པ། ཁྱིའུ་སྣང་བ་དམ་པ་ཞེས་བྱ་བ། སྟོན་པ་འོད་བསྲུང་ཞེས་བྱ་བ། །དེས་ངོ་མ་ཤེས་ནས། །ལྷ་སྒོམ་ཉི་ཚེ་ལ་སྤྱད་པས་འགྲོ་དྲུག་ཏུ་འཁྱམས་པ་ཡ་ཆ། དེ་ནས་སྟོན་པ་དགའ་རབ་རྡོ་རྗེསཐུ་ །ན་ཏུ་བཟང་པོ་ལ་ལུང་བསྟན་ཐོབ་ནས། །སྟོན་པ་འོད་སྲུང་དང་མར་མེ་མཛད་དེ་གཉིས་ཀྱིས་ཞལ་གཟིགས་ནས། སྟོན་པ་གཉིས་ལ་མ་ཆགས་པར་ཕྱད་ཀྱིས་སོང་བ་སྟེ་ཡ་མཚན་ཆེ། སངས་རྒྱས་ཐམས་ཅད་ཀྱི་དགངས་པ་འདུས་པ། ཐིག་ལེ་འདུས་པ་མན་ངག་གི་རྒྱུད། སྟོན་པ་གསུམ་གསུམ་དྲུག་གིས་གདར་ཤ་གཅད་ནས། ཁམས་གསུམ་སེམས་ཅན་ངོ་སྤྲོད་བྱས་ནས།༷ལྷ་སྒོམ་ལ་རག་མ་ལུས་པ། སྐུ་གསུམ་བཀོད་བཞེངས། འཁོར་བ་དོང་སྤྲུགས་མངལ་ལ་རྒྱས་འདེབས། བརྡ་ཆོས་ཡང་དག །ཟག་བཅས་ཀྱི་ཕུང་པོ་ལ། སྐུ་གསུམ་ངོ་སྤྲད་ནས་འཇོག་པ། བར་དོ་མེད་པར་ཡེ་ཤེས་ཁང་གསལ་དུ་སངས་རྒྱས་པ། འབྲས་བུ་དུས་ཟད་པ་ཐོབ་པ། ལས་ཀྱི་མཐའ་ཟད་པས་སངས་རྒྱས་པ། ཐམས་ཅད་ངོ་སྤྲོད་དུ་སྟོན་པ། བཞི་དང་ཚུལ། ལྡོག་ཚུལ། ལྡོག་པ་རང་གིས་མཚན་བསྟན་པའོ། །ཐིག་ལེ་འདུས་པ་མན་ངག་གི་རྒྱུད་རྫོགས་སོ།། །།ཨུ་ཏི་རྫོགས་པ་ཆེན་པོའི་རྒྱུད་བཞུགས་སོ། །༄་། །རྒྱ་གར་སྐད་དུ། ཨདྷི་སརྙི་མ་ཧྭ་ཏུནྟྲ། བོདྭ་སྐད་དུ། ཨ་ཏི་རྫོགས་པ་ཆེན་