ར་མོ་ཤག་གི་བཅུད་ལེན་བཞུགས།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
(Created page with "{{TibFontClass12}} {{Ref - Karma Lekshey Ling}} </div> ==Notes== <references /> [[Category:ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗ...")
 
m (1 revision: 3rd Karmapa Collected Works)
 
(One intermediate revision by the same user not shown)
Line 1: Line 1:
{{TibFontClass12}}
{{TibFontClass12}}
{{Ref - Karma Lekshey Ling}}
༄༅།  །ཆུ་འཐུང་བའི་གདམ་པ་བཞུགས་སོ། །{{Ref - Karma Lekshey Ling}}

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་ངན་ཐ་མར་གྱུར་པའི་ཚེ། །འགྲོ་རྣམས་ཟས་ཀྱིས་གདུང་པ་ལ། །བཅུད་ལེན་མན་ངག་བྲིས་བར་བྱ། །འདིའི་རྒྱུད་པ་ནི། དུར་ཁྲོད་ཆེན་པོ་དཔལ་གྱི་རྒྱུ་སྐར་རོལ་པར། བྲམ་ཟེ་ཆེན་པོ་ས་ར་ཧས། རྗེ་བཙུན་དམ་པ་རིན་པོ་ཆེ་ལ་གནང་། དེས་ཀུན་དགའ་ལ་གནང་། དེས་དམ་པ་ཕྱགས་ལ། དེས་ཀོ་བྲག་པ་ལ། དེས་དུང་སྟོན་དགེ་བཤེས་ལ། དེས་དྷརྨ་ཤྲི་ལ། དེས་རྣལ་འབྱོར་རང་བྱུང་རྡོ་རྗེ་ལ་ཕུལ། དེས་བུ་སངས་རྒྱས་ཡེ་ཤེས་ལ། དེས་བདག་རྒྱུད་ཚུལ་ལའོ། །ད་ནི་གདམས་པ་དངོས་བསྟན་པར་བྱ་སྟེ། རི་ཁྲོད་ལ་སོགས་དབེན་པར་སོང་ནས། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ནས། གཏན་བདེ་བ་ལ་འདུག་ཅིང་གཏོར་མ་གཅིག་བཅས་ནས། བླ་མ་མཁའ་འགྲོའི་ཚོགས་ལ་འབུལ་ཞིང་། བདག་བྱང་ཆུབ་བསྒྲུབ་པའི་མཛད་དུ་གསོལ་ཅེས་གསོལ་བ་གཏབ། དེ་ནས་ཆུ་ལེགས་པར་བརྟག་ཅིང་། ཆུ་རུལ་བ་དང་། རྐོ་མོག་དང་། འཁྱིལ་པ་ལ་སོགས་པ་མིན་པ། གངས་ཆུ་དང་། གཡའ་ཆུ་དང་། འབབ་ཆུ་རྣམས་ལ་བྱའོ། །དེ་ནས་རང་གི་མདུན་དུ་ཆུ་བཞག་ཅིང་། སྭ་བྷ་ཝས་སྟོང་པར་བསམ། ཆུ་ཡི་ཉེས་པ་དག་པར་བསམ། ཆུའི་སྟེང་དུ་པདྨ་དང་ཉི་མའི་གདན་གཅིག་བསྒོམ། དེའི་སྟེང་དུ་བཀའ་བརྒྱུད་བླ་མ་རྣམས་བཞུགས་པར་བསྒོམ། དེ་ནས་བླ་མ་རྣམས་རིམས་ཀྱི་ཞུ་ནས། ཆུ་དེ་ཡེ་ཤེས་ཀྱིས་བདུད་རྩིར་གྱུར་པ་བསྒོམ། ཨོཾ་ཨཱཿཧཱུྃ་གསུམ་བརྗོད་པས། བླ་མ་རྣམས་ཀྱིས་ཀྱང་གསོལ་བས། མཉེས་པར་བསམ་ཞིང་། སྔགས་འདི་ལན་ཉི་ཤུ་རྩ་གཅིག་བརྗོད་པས། ཆུའི་བགེགས་མི་འབྱུང་བ་ཡིན་ནོ། །ཨོཾ་ཛ་ལེ་ཡེ་སྭཱཧཱ། ཡང་སྔགས་འདི་བརྗོད་དེ་བཏབ་པས་སྲིན་མི་འབྱུང་པ་ཡིན་ནོ། །ཨོཾ་ཐུ་དེ་ཐུ་ཏེ་ཏ་ཐུད་ཏ་ཐུད་སྭཱཧཱ། །དེ་ནས་རང་ཐ་མལ་པར་གནས་པའི་སྙིང་གྱེན་ལ་གནས་པར་བསྒོམ། རང་གཡས་སུ་བདུད་རྩིའི་ལྷ་མོ་དཀར་མོ། ཕྱག་ན་བུམ་པ་བསྣམ་པ་གཅིག་དུ་བསྒོམ། རང་གི་རྒྱབ་ཕྱོགས་སུ་རྗེ་བཙུན་མ་དམར་མོ་བཞེངས་པ་གཅིག་བསྒོམ། གཡོན་ཕྱོགས་སུ་ལྷ་མོ་ལྗང་ཁུ་གྲི་གུག་ཐོད་པ་ཅན་གཅིག་བསྒོམ། དེས་རང་གིས་ལུས་སྙིང་དང་བཅས་པ་རླད་ཀྱི་བཅད་པར་བསམ། གཡས་ཕྱོགས་ཀྱི་ལྷ་མོ་དེས་བདག་གིས། སྙིང་གིས་རྩའོ་ཆེ་གསུམ་སྦུ་གུ་ཧྲིག་གེ་འདུག་པའི་ནང་དུ་བདུད་རྩི་བླུག་པས་ལུས་ཐམས་ཅད་དཀར་མེར་གྱིས་གང་བར་བསྒོམ། རྒྱབ་ཕྱོགས་ཀྱི་ལྷ་མོ་དེས་བདག་ཉིད་ལུས་གཏུབ་པ་དེ་སྦྱར་བར་བསྒོམ། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་བདག་གིས་སྤྱི་བོའི་གཙུག་དུ་བྲམ་ཟེ་ཆེན་པོ་སྐུ་མདོག་སྔོན་པོ་རུས་པའི་རྒྱན་གྱིས་བརྒྱན་པ་གཅིག་གིས་བྱིན་གྱིས་བརླབས་པར་བསྒོམ་ཞིང་། ལྷ་མོ་དེ་རྣམས་ཀྱང་རང་ལ་ཐིམ་པར་བསམ་ཞིང་། ཆུ་ཕོར་པ་རེ་རེ་ལ་དམིགས་པ་ཐང་རེ་རེ་བྱའོ། །དེ་ནས་ཆུ་འཐུང་པའི་རྗེས་ལ། ལུས་སྦྱོང་བཅུ་གཉིས་པ་བྱའོ། །དེ་ནས་གསོལ་བ་འདི་ལྟར་དུ་བཏབ་པའོ། །ཕ་བླ་མ་རྣམས་ལ་སྐྱབས་སུ་མཆི། །བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །བུའི་ལུས་ལ་བདེ་བར་བྱིན་གྱིས་རློབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །སེམས་ལ་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །བར་ཆོད་ཞི་བར་བྱིན་གྱིས་རློབས། །དེ་ནས་རང་གིས་རིག་པ་གང་དུ་ཡང་མི་འཕྲོ་བ་སེལ་བའི་ངང་དུ་མཉམ་པར་བཞག་གོ །ཆུ་འཐུང་པའི་གདམས་ངག་ཁྱད་དུ་འཕགས་པ། རྗེ་དམ་པ་ནས་བརྒྱུད་པའོ། །ལུས་སྦྱོང་སུམ་ཅུ་སོ་བདུན་པོ་གལ་ཆེའོ། ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་འདི་ཉིད་ཉམས་སུ་ལེན་པར་འདོད་པའི་བསྒྲུབ་པ་པོས། དད་པ་བརྩོན་འགྲུས་ལྡན་པའི་སྒོ་ནས། མི་སྡོད་པ་གསུམ་ལམ་དུ་བྱ་སྟེ། ངག་མི་བསྡོད་པ་བླ་མ་ལ་གསོལ་བ་བཏབ་པ་དང་སྔགས་བཟླས། ཡིད་མི་བསྡོད་པ་ཏིང་ངེ་འཛིན་ལ་མི་ཡེངས་པར་གསུང་། དེ་ལྟར་ཉམས་སུ་བླང་པས། ཞག་བདུན་ནས་ནུས་པ་རྙེད། ཉི་ཤུ་རྩ་གཅིག་གིས་བསྟན་པ་ཐོབ། རྩམ་པ་ཟླ་བ་གཅིག་དུ་རྦད་ཀྱི་བཅད་པར་བྱའོ། །འབྱང་པ་དང་། ཡོད་པ་མི་སྤོང་། མེད་པ་མི་བསྒྲུབ། གནས་ལ་མི་ཞེན། ཆེད་དུ་མི་བསྒྲུབ། དེ་ནས་ཡོན་ཏན་ནི། རྟགས་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། མི་ཆགས་པ་རྣམ་པ་གསུམ། འདུ་བ་རྣམ་པ་གསུམ། བྲལ་བ་རྣམ་པ་གསུམ། བདེ་བ་རྣམ་པ་གསུམ། འབར་བ་རྣམ་པ་གསུམ། མཉམ་པ་རྣམ་པ་གསུམ། གྲོལ་བ་རྣམ་པ་གསུམ་སྟེ་ཉི་ཤུ་རྩ་གཅིག་གོ །དེ་ལ་མི་ཆགས་པ་རྣམ་པ་གསུམ་ནི། ཕྱི་ལུས་ལ་དྲི་མ་མི་ཆགས། ནང་དུ་འབུ་སྲིན་མི་ཆགས། མི་གཙང་པ་དང་འབུ་སྲིན་མི་ཆགས། འདུ་བ་རྣམ་པ་གསུམ་ནི། ཉིན་མོ་མི་འདུ། ནུབ་མོ་མཁའ་འགྲོ་འདུ། ནང་ནུབ་ཟས་འདུའོ། །བྲལ་བ་གསུམ་ནི། སེམས་སྡུག་བསྔལ་དང་བྲལ། ལུས་ངལ་དུབ་དང་བྲལ། ངག་རྫུན་དང་བྲལ་ལོ། །བདེ་བ་གསུམ་ནི། ཕྱི་སྣང་བ་ལ་ཞེན་པ་མེད་དེ་བདེ། ནང་ཉམས་མྱོང་ལ་གཉེན་པོ་མེད་དེ་བདེ། བར་འབྱུང་བ་ལ་ཆ་སྙོམས་ཏེ་བདེ་བའོ། །འབར་བ་གསུམ་ནི། ལུས་ལ་བདེ་བ་འབར། ངག་ལ་ནུས་པ་འབར། སེམས་ལ་རྟོགས་པ་འབར། མཉམ་པ་གསུམ་ནི། ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་ཆེ་དང་མཉམ། མགྱོགས་པ་རླུང་དང་མཉམ་པའོ། །གྲོལ་བ་གསུམ་ནི། ཕྱི་སྣང་བ་ལས་གྲོལ་། ནང་ཕུང་པོ་ལས་གྲོལ། བར་བཏང་སྙོམས་ལས་གྲོལ་བའོ། །གཞན་ཡང་ཁམས་ཀྱི་ཟས་དང་བྲལ། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། གཏི་མུག་གཉིད་དང་བྲལ་བ་དང་། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། མི་རྟོགས་པའི་ཡེ་ཤེས་ནང་ནས་འཆར་བ་དང་། མངོན་པར་ཤེས་པ་རྒྱུད་ལ་འཆར་བ་དང་། རྐང་མགྱོགས་གིས་དངོས་གྲུབ་འབྱུང་བ་དང་། ཁྱད་པར་འཕགས་པའི་དངོས་གྲུབ་ནི། ཕྱག་རྒྱ་ཆེན་པོའི་མཆོག་གིི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་བགེགས་སེལ་བསྟན་པ་ནི། ཆུ་སྐྱུག་པ་དང་། ཆུ་ཚགས་པ་དང་། ཆུ་ལྡེང་བ་དང་། ཆུ་འགག་པ་དང་། ཆུ་ཁ་སྙིག་བ་དང་ལྔའོ། །ཆུ་སྐྱུགས་པ་ལ་ནི་ཁོལ་མ་ཐག་དེ་ལ་བྱའོ། །ཆུ་ཚགས་ཚགས་ཆེ་བ་ལ་ནི་བུ་རམ་གཏོང་། ཆུ་འགགས་པ་ལ་ལྒ་བཏང་ངོ་། །ཆུ་ཁ་སྙི་བ་ལ་ནི་འཇུག་ཏུ་ཆུང་གིས་ཚོད་མ་བཏང་ངོ་། །རླུང་ལོང་ན་རུས་ཁུའི་ཚོད་མ་ཕོར་གང་བཏང་ངོ་། །དངས་ཁ་མི་བདེ་ན་ལྒ་བཏང་ངོ་། །ཆུ་ཐུར་ལ་བྱུང་ན་ཕྱེ་ཚོད་ཕོར་རེ་བཏང་ངོ་། སྲིན་གྱེན་ལ་བྱུང་ན་ལ་ཕུག་དྲི་སྣོམས་པས་ཆོག །དེས་མ་ཆོག་ན། སྒོག་ཆུ་བག་ཙམ་བཏང་ངོ་། །ལུས་བེར་བེར་བྱུང་ན་སྐུ་མཉེ་བྱའོ། མགོ་ན་བའམ་འཁོར་བ་བྱུང་ན་རུས་སྙིང་དུམ་རེ་མུར། ལྒ་སྐྱ་ཆུ་ལ་བཏབ་ལ་སྡོར་དུམ་རེ་ཡོད་ན་དགའོ། །ཆང་དང་འོ་མ་མར་རྙིང་གསུམ། ཡོན་ཏན་ཡར་ལྡན་ཡིན་པས་ཡོད་ན་དགའོ། །སྤྱིར་ཏིང་ངེ་འཛིན་ཟས་སུ་ཟ་བ་ཡིན། མི་རྟོགས་པ་ཟས་སུ་ཟ་བ་ཡིན། བྱིན་རླབས་ཟས་སུ་ཟ་བ་ཡིན། བདུད་རྩི་ཟས་སུ་ཟ་བ་ཡིན་པས། དེ་རྣམས་ཐམས་ཅད་ཚང་བའོ། །ཟས་ཀྱིས་བཅུད་ལེན་ལོངས་པ་དང་། མདངས་དང་དབང་པོ་གསལ། གཉེན་པོས་རྐྱེན་ཐུབ། བཟའ་རྒྱུ་མིག་གིས་མཐོང་། བཅུད་ལོངས་པའོ། །བཅུད་ལེན་ཞག་བདུན་འབྱུང་ན་མུ་གེའི་སྐལ་པ་ནས་ཐར་རོ། །རྩམ་པ་བཅད་པའི་ཚེ་ཐ་མར་ཏིང་ངེ་འཛིན་བསྒོམ། དེ་ལྟ་བུའི་གདམས་ངག་འདི་སྐྱེ་ཤི་མི་འཇིགས་པའམ། དགའ་ལ་རེ་བའམ། བཟར་མེད་པའི་གྲགས་སྙན་ནམ། བཀུར་སྟིི་འདོད་པ་རྣམས་ལ་བྱིན་ན། ཌཱ་ཀིའི་ཆད་པ་འོང་པས་མི་བྱའོ། །སྐལ་ལྡན་ལས་ཅན་རྣམས་ཀྱིས་ཉམས་སུ་བླངས་ན་དོན་ཤིན་ཏུ་ཆེ་སྟེ། འཇིག་རྟེན་གྱི་བསོད་ནམས་ཟིན་པས་ཟས་ནོར་ཡིད་ལ་མི་འོངས་སྟེ། མིའི་ངོ་བསྲུང་དང་བྲལ་ན་ཡོན་ཏན་བདག་གིས་དངས་མ་ཡིན། མུ་གེའི་ནད་ཀྱིས་སྨན་པ་ཡིན། རི་ཁྲོད་འདག་ཆར་གྱིས་ཆ་རྐྱེན་ཡིན། འདི་ལྟ་བུའི་གདམས་ངག་རྙེད་ནས་ཟས་ནོར་ལ་ཆག་ན་བདུད་ཀྱི་བསླུས་པ་ཡིན། གདམས་ངག་རིན་པོ་ཆེ་ལས། བཅུད་ལེན་གྱི་གདམས་ངག་རྫོགས་སོ།། །།
</div>
</div>

Latest revision as of 09:39, 18 February 2013

{{{1}}}

༄༅། །ཆུ་འཐུང་བའི་གདམ་པ་བཞུགས་སོ། །[1]

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net