Theg mchog mdzod (Longchenpa): Ch. 10 (3)

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Ch. 10 (3)
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Ch. 10 (3)
Jump to navigation Jump to search
Theg mchog mdzod study edition: outline, quotations and their sources, colour-coded bilingual tab, notes as tooltips; parts of at most 12 pages (22 November 2026)

Theg mchog mdzod study edition: edition name corrected to Beijing 2009 (dpe bsdur ma); contents page: one block per unit with a longer description (22 November 2026)

Line 28: Line 28:
འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌། །ཐུགས་རྗེ་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང༌། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོང་ལྔ་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས།ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང༌། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པ་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བསམ་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང༌། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅས་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་རིག་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང༌། འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང༌། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡང་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང༌། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟ་ཀའི་ནང་ན་རིག་པ་མ་རིག་པ་དང་ན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེད་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་སྟེ་རིམ་ཁང་བཅུ་པའོ། །

= Pe cin 2009 (dpe bsdur ma) =
= Beijing 2009 (dpe bsdur ma) =

rywikitexts e-text (input 2020; converted from a legacy font encoding on 22 November 2026).

rywikitexts e-text (input 2020; converted from a legacy font encoding on 22 November 2026).

Line 130: Line 130:

= Critical edition =
= Critical edition =

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (113 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (113 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 508] ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་

Latest revision as of 16:26, 22 November 2026

← Ch. 10 (2)Theg mchog mdzod: contentsCh. 11 (1) →

Theg pa'i mchog rin po che'i mdzod, chapter 10: 'khrul lugs bzlog tshul dang bcas pas brdas mtshon pa · འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ
Pages 508–516 of volume 1 of the corrected base text (part 3 of 3 of Ch. 10).

Not in this part's tabs (the edition does not contain it): Serthang Larung.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD86

[p. 455] འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཚོད་ཟེར་བ་ད་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་

[p. 456] ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློང་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུགས་གི་མཚོན་བསྐུར། མན་ངག་གི་སོ་བརྟགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡི་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མོས་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལབ་ཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྒྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རེག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་རོང་དུ་བསྒྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་རྟེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བརླ་ལ་ཏེ་དུར་

[p. 457] བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་ནམ་མེར་བསྲེགས་ཆུར་ཕོན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་

[p. 458] གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྒྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པའི་ཕྱིར་སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། །ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་

[p. 459] ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་ངང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རང་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པས་བསྐྱེད་རིམ་གསལ་བ་ནི། དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་

[p. 460] བསག་མེད་ན་སྦྱིན་པ་རྫོགས་པ་ནི། །རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟད་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན་

[p. 461] རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག། །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀ་ན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་རང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། །རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐ་མས་

[p. 462] ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་པའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེང་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་པ་ཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། །།

[edit]
BDRC typed e-text UT22920_005 (the base text was made from it).

འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌། །ཐུགས་རྗེ་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང༌། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོང་ལྔ་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས།ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང༌། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པ་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བསམ་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང༌། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅས་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་རིག་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང༌། འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང༌། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡང་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང༌། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟ་ཀའི་ནང་ན་རིག་པ་མ་རིག་པ་དང་ན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེད་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་སྟེ་རིམ་ཁང་བཅུ་པའོ། །

[edit]
rywikitexts e-text (input 2020; converted from a legacy font encoding on 22 November 2026).

འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བ སྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པ་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བར་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འ གྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། ། སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། ། ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་བཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མའི་དབང་པོའི་ཐད་«༼༡༽» ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པའི་ཕྱིར་སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འ བྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པའི་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། ། སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པའི་བསྐྱེད་རིམ་གསལ་བ་ནི། དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པའི་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པའི་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོ་རང་ཉིད་ཆེ། ། རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག «།»འདི་ཉིད་སུ་དང་འཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་སོང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་སོང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་སོང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། ། དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། ། ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། ། འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེང་བའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། «།།

[edit]
rywikitexts e-text input by Karma Lekshey Ling.

འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌། །ཐུགས་རྗེ་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང༌། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོང་ལྔ་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས།ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང༌། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པ་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བསམ་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང༌། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅས་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་རིག་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང༌། འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང༌། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང༌། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡང་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང༌། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟ་ཀའི་ནང་ན་རིག་པ་མ་རིག་པ་དང་ན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེད་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་སྟེ་རིམ་ཁང་བཅུ་པའོ། །

[edit]
OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).
Volume I1CZ5002

[p. 337] བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཅོ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྒྱུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྒྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་

[p. 338] ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་ པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་ དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་ དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་དུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ ཏུ་མེད་པ་ནི། །སྦྱིན་པ་ཀུན་དུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་ འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །

[p. 339] ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྒྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་

[p. 340] བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་ དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་ འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། ། ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། །རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོང་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་ དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་ གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་

[p. 341] ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་ པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོ་རང་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་ བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་ འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆེ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་ མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆེ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས།

[p. 342] དགེ་སྦྱོར་དང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཅི་ཏཱའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་ མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་ པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚང་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་ རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་ཡོན་ཏན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་ དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། །།

[edit]
OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).
Volume I2PD19908

[p. 199] འགྲོ་བའི་ལམ་བཙལ་ནས་བཏང་པས་ཤི་ཁ་ཚང་ཟེར་བ་དེ་ཡ་ཆ། ཅེས་པའི་དོན་ནི། འཁོར་བ་སེམས་ ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་རྩེ་བཏིང་ནས་རྩིས་བྱས། བཙུན་མོ་སྐྱལ་བས་ཤི་རྒ་བ་ཚོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲད་དེ། བར་ངོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ ང་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་གསུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་ གོས་སྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡི་གདངས་ཀྱི་ཁྱིམ་བཙལ། བར་ངོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་

[p. 200] ལ་ཟླ་བའི་གདམ་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་སྦྲུལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཞིང་། །བསྒྲོལ་ནས་རྒྱ་མཚོར་བསྐྱར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོད་རོང་ངོང་དུ་སྦྱར་ བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ཁུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་སྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་ རྣམས། །ཆགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ ཡོད་པའི་ཕྱིར། །སངས་རྒྱས་སྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་ དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །སྒྲ་ལན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། ། སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་ འགྱུར། །འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་སྐྱེད་རིམས་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ན། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་ རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་ སྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་བཅད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་ སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཅེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་སྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་ བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་གསུམ་ཤེས་པའོ། །མཆེད་ ལྕམ་དོང་དུ་སྦྱར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་བརྒྱུད་ལ་ལྟེ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐང་ལ་བཏོན་ནས་ལྟས་ པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོབས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་

[p. 201] སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡི་གཉིས་འདུ་འཁྲུལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་ཁྱབ་ཕྲོང་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་པ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྲུབ་རྒྱབ་ ཕྱོགས་ནས་རིག་པ་ལ་ལྟས་པས། ཆོས་ཉིད་མངོན་གསུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་པའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་ལྟས་པས་ རིག་པ་རྗེན་ལ་བུང་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟད་དེ་ཐལ་ལོ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་དེ། རྟོགས་པ་ཤེས་རབ་ཀྱིས་ མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་ངོའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསང་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་ འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་གསུམ་ལ་ལྟས་པས་བྱུང་ཚོར་འགགས་ཏེ་ས་ངོའི་སྣང་པ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་པས་རྣམ་རྟོག་ དང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་ བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རབ་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་མཚོན་དུ་བཟུང་བས་རང་སོང་བྱུང་ཉེ་བ་ནི། སྟོང་གཟུགས་དབྱིངས་ ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅང་བས་སྐྱེད་རིགས་གསལ་བ་ནི། དྲན་བསམ་རང་ཀ་མ་བཙོགས་བཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །རྟོགས་པས་གཞེངས་ཕྱིར་བསྡོགས་པ་ནི། རླུང་སེམས་རྒྱུ་བ་ངག་ ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་ངག་དུས་གཞི་སྣང་མང་ལོག་ལྟ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་མ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་གནགས་ལ་ཏེ། རིག་པ་ཟད་ཀ་བཅེར་བུ་གཅིག་ ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་བཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་གཞག་ན་ཟིན་པས་གང་དང་གང་གི་ཆེ་འང་བྱ་རྩོལ་རང་བཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་འགོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་ རྩ་བ་རང་ངོ་ལ་ལྟས་དུས་ཚོད་པས་སང་རྒྱའོ། །བསང་བསྲང་བེབ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཚོད་བཅོག་བཞག་ལ་ཕྱལ་ཕྱལ་བཏང་པས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་

[p. 202] སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་བཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་གསུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །འཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་ དོན་རབ་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆེ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་པ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། ། མཐོང་པ་མེད་པ་ཡ་རེ་ཆེ། །ཅེས་པའི་དོན་ལ། མེ་དཔུང་གི་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་འབྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་སྨད་མ་ཚིག་ལ། རང་ངོ་རང་ གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནང་ལ་ཕོག་པས་དགེ་སྦྱོར་དང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ ཅན་ནི། རང་གི་ལུས་ནི་ཏའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམ་ངག་མེད་པས་མ་མཐོང་པའོ། །སོ་སོ་ལ་གསལ་བ་གདམ་ངག་ཅན་ལ་མངོན་གསུམ་གྱི་སྣང་བ་ང་ལྟ་ ན། །མཐོང་པའོ། །མཐོང་པ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་ གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་ བས་འཚེང་བའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་སླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། སླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་ གསང་པ་ཆེན་པོ་ཡིན་ནོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ། རིམ་ཁང་བཅུ་པའོ།། །།

[edit]
OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).
Volume I8LS32893

[p. 457] ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡི་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་ངང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་ཁང་ལ་བ་རྣམ་བཀོད་དོ། །རྒྱལ་པོས་གྲེ་བ་ཙོ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་ བས་ཤི་ཁ་བཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ང་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣོད་ལྔར་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བལྟ་ཞེ་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཆེར་མཐོང་བསྟན། ཤིས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས་ སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། བོད་ལྔ་ཡི་གདམས་ཀྱི་ཁྱིམ་བཙལ། བར་དོ་ཐམས་ཅད་ཉིད་ལ་སློབ་མ་བཞིའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་སྔོའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་ བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་

[p. 458] ༄༅། །ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་ དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་ དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་ པ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མི་ཆུ་ལ་ བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་ རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་

[p. 459] པ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་དུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་ པའི་ཕྱིར། །རྒྱུ་འབྲས་མགོ་འཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། ། བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་ གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་ པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐང་ལ་བཏོན་ནས་བལྟས་ པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཅི་རྟ་འི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས་

[p. 460] ༄༅། །གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེ་འང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་ བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བ་ཞིག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། ། འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་

[p. 461] ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ ཕྱི་འོང་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་ སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་ཆར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པས་བསྐྱེད་རིམ་ གསལ་བ་ནི། །དྲན་བསམ་རང་ཀ་མཆོག་བཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་ དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་པའི་འཕེལ་མ་ཟད་ ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་

[p. 462] ༄༅། །བས་སུ་ཤེས་པར་བྱའོ། །བདེའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཆིང་བའི་ ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་རབ་ཏུ་བསླད་པ་དང་འཚོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་སྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་ པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། །།དེ་ལྟར་གཞི་ལས་འཁྲུལ་པ་ཇི་ ལྟར་བཟློག་པའི་རིམ་པ་དང་བཅས་པ་བསྟན་ནས། ད་ནི་འཁྲུལ་དུས་ལུས་ཀྱི་གྲུབ་ཚུལ་བསྟན་པར་བྱ་སྟེ། སྤྱིར་ཁམས་གསུམ་རིགས་དྲུག་སོ་སོ་ལ་ལུས་ཀྱི་སྣང་ཚུལ་རེ་ཡོད་པ་ལས། སྐབས་འདིར་མི་རྣམས་ཀྱི་ དབང་དུ་བྱས་ཏེ། སྐྱེ་བ་བཞི་ལས་མངལ་ནས་བཙའ་བའི་རིམ་པ་དང་སྦྱར་ནས་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མ་བྲང་འགྱུར་ཉིད་དང་ཉ་ ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་སྐྱོད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡིན་མངལ་ནས་འཐོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་

[p. 463] ན༑ ༑མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་གློད་དཀྱིལ་ན། །ཉི་མ་ཟླ་བ་འོད་ གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མཆིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་ སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་ མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་ དུས༑ དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །

[edit]
OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).
Volume I0TTBBC0034_001

[p. 417] འགྲོ་བའི་ལམ་བཙལ་ནས་བཏིང་བས་ཤི་ཁ་ཚོང་ཟེར་བ་དེ་ཡ་ཆ། ཅེས་པའི་དོན་ནི། འཁོར་བ་སེམས་ ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། རྒྱལ་པོས་གབ་རྩེ་བཏིང་ནས་རྩིས་བྱས། བཙུན་མོ་སྐྱལ་བས་ཤི་རྒ་བ་ཚོང་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྣང་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ཡས་ཐར་ཏེ་སྐྱེ་ཤི་རྒྱུན་ཚོང་པའོ། རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ ང་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་གསུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་ གོས་སྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡི་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་

[p. 418] ལ་ཟླ་བའི་གདམ་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པ་ཡིས། །ཐམས་ཅད་སྒྲ་ལན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྒྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོ་གསུམ་པའི་མཆེད་ལྕམ་གཉིས། །གཅོད་རོང་དོང་དུ་སྒྱུར་ བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་སྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྱུང་བའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་ རྣམས། །ཆགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ ཡོད་པའི་ཕྱིར། །སངས་རྒྱས་སྒྲ་ལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་ ཆོལ་སྦྱོང་བའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །སྒྲ་ལན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། ། སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་

[p. 419] འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་སྐྱེད་རིམས་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་ རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་ སྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་བཅད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལེ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་ སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ།། ཅེས་སོ།། འདི་དག་གི་དོན་ལ། ཁམས་གསུམ་སྒྲོལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་ བཅད་ནས་འགག་པར་བྱེད་པའོ།། རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དྲངས་འབྱིན་པས་མངོན་གསུམ་ཤེས་པའོ།། མཆེད་ ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་བརྒྱུད་ལ་ལྟོ་བའོ།། ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐང་ལ་བཏོན་ནས་ལྟས་ པས། སྣང་པ་གོང་དུ་འཕེལ་བའོ།། མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་འོབས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་

[p. 420] ལ་ཟླ་བའི་གདམ་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པ་ཡིས། །ཐམས་ཅད་སྒྲ་ལན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྒྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོང་བའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོད་རོང་དོང་དུ་སྒྱུར་ བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོང་བའི་ཕྱིར། །ལུས་སྲོག་སྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྱུང་བའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་ རྣམས། །ཆགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ ཡོང་བའི་ཕྱིར། །སངས་རྒྱས་སྒྲ་ལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་ ཚེ་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །སྒྲ་ལན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅང་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། ། སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་

[p. 421] ༄༅། །འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་སྐྱེད་རིམས་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་ རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་ སྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་བཅད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་ སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ།། ཅེས་སོ།། འདི་དག་གི་དོན་ལ། ཁམས་གསུམ་སྒྲ་ལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་ བཅད་ནས་འགག་པར་བྱེད་པའོ།། རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྒྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དྲངས་འབྱིན་པས་མངོན་གསུམ་ཤེས་པའོ།། མཆེད་ ལྕམ་དོང་དུ་སྒྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་བརྒྱུད་ལ་ལྟ་བའོ།། ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐང་ལ་བཏོན་ནས་ལྟས་ པས། སྣང་པ་གོང་དུ་འཕེལ་བའོ།། མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་འོབས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་

[p. 422] སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡིག་གཉིས་འདུ་འབྲལ་མེད་པའི་སྙིང་པོས་ཐོང་པས་འོད་གསལ་མ་བུ་འཕྲོད་པའོ།། དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འབྱུང་བ་རྒྱབ་ ཕྱོགས་ནས་རིག་པ་ལ་ལྟས་པས། ཆོས་ཉིད་མངོན་གསུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོང་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ།། སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ།། དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ།། དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་ལྟས་པས་ རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ།། ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་དེ། རྟོགས་པ་ཤེས་རབ་ཀྱིས་ མེས་གཞི་མེད་ཟང་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་ངོའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ།། སེམས་ཅན་བསང་བས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་ འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ།། ཡང་གཅིག་ཏུ་ན་མངོན་གསུམ་ལ་ལྟས་པས་བྱུང་ཚོར་འགགས་ཏེ་ས་ཇོའི་སྣང་བ་ལོག་པའོ།། རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་པས་རྣམ་རྟོག་ ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ།། དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ།། སྐྱེ་དགུ་

[p. 423] ༄༅། །བསྡུས་བས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནང་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ།། ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚང་ཐོབ་པའོ།། སྙིང་པོ་བཅད་པས་སྐྱེད་རིམས་གསལ་བ་ནི། དྲན་བསམ་རང་ཀ་མ་བཙོགས་བཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་བྱེད་པའོ།། ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ ན་འཆར་སྣང་གི་འཕེལ་ཟད་སལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ།། སྤྱིར་རྩ་རླུང་གི་རྒྱུ་བ་ཡོང་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོང་ ནང་དུ་བསྡུས་བ་བཞིན་ནོ།། སྣང་པའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ།། ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རངས་ན་གསལ་ཏེ། རིག་པ་ཟང་ཀ་བཅེར་བུ་གཅིག་ ཡིན་པའི་ཕྱིར་རོ།། དེ་ཡང་གང་དྲན་བཙོག་གཞག་གི་དུས་སུ་གསལ་ལོ།། རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་གཞག་ན་ཟིན་པས་གང་དང་གང་གི་ཆེ་དང་བྱ་རྩོལ་རང་བཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ།། རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ།། ཀུན་གཞི་མ་རིག་པའི་ རྩ་བ་རང་ངོ་ལ་ལྟས་དུས་ཆོད་པས་སང་རྒྱའོ།། བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་བཙོག་བཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ།། ཉི་ཟླ་ཁ་

[p. 424] སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་བཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་གསུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །འཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་ དོན་རག་ཀ་ན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །ལུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། ། མཐོང་བ་མེད་པ་ཡ་རེ་ཆ། །ཅེས་པའི་དོན་ལ། མེ་དཔུང་གི་མི་མཆོག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་འབྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་སླད་མ་ཚིག་ལ། རང་ངོ་རང་ གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་ཁས་དགེ་སྦྱོར་དང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ ཅན་ནི། རང་གི་ལུས་ཅི་རྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམ་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམ་ངག་ཅན་ལ་མངོན་གསུམ་གྱི་སྣང་བ་ད་ལྟ་

[p. 425] ༄༅། །མཐོང་བའོ།། མཐོང་པ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ།། འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ།། དེ་དག་ལ་སོགས་པ་བརྡའི་རྣམ་པ་ གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ།། བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་ བས་འཚང་བའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ།། ཚིག་གཞན་རྣམས་བར་དུ་སྨད་པ་དང་འཆོལ་བ་སྙིང་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། སྨད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་ གསང་པ་ཆེན་པོ་ཡིན་ནོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ། རིམ་ཁང་བཅུ་པའོ།། །།

[edit]
OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).
Volume I0TTBBC0007_002

[p. 89] འགྲོ་བའི་ལམ་བཙལ་ནས་བཏང་པས་ཤི་ཁ་ཆོད་ཟེར་བ་དེ་མ་ཆ། ཅེས་པའི་དོན་ནི། འཁོར་བ་སེམས་ ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་རྩེ་བཏིང་ནས་རྩིས་བྱས། བཙུན་མོ་སྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲད་དེ། བར་ངོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་གསུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་པ་བཞིའི་ གོས་སྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་ངོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་

[p. 90] ལ་ཟླ་བའི་གདམ་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་སྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་སྐྱུར་ བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་སྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་ རྣམས། །ཆགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ ཡོད་པའི་ཕྱིར། །སངས་རྒྱས་སྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་ དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །སྒྲལ་ན་སྣང་བ་སྟོངས་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། ། སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་

[p. 91] ༄༅། །འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་སྐྱེད་རིམས་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ན། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་ རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་ སྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་བཅད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསང་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་ སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཅེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་སྒྲ་ལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་ བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་གསུམ་ཤེས་པའོ། །མཆོད་ ལྷམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་བརྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐང་ལ་བཏོན་ནས་ལྟས་ པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོབས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་

[p. 92] སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡུཾ་གཉི་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱ་བོ་ ཕྱོགས་ནས་རིག་པ་ལ་ལྟས་པས། ཆོས་ཉིད་མངོན་གསུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབསུ་ལོང་སྐུ། ཟད་པར་ཆོས་སྐུའི་སྣང་པ་མཐོང་པའོ། སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིརོ། དཔེར་ན་ཤེས་པ་ཉོན་མོངསུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་ལྟས་པས་ རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟད་དེ་ཐལ་ལོ་གནས་པ་བཞིན་ནོ། ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་དེ། རྟོགས་པ་ཤེས་རབ་ཀྱིས་ མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། སེམས་ཅན་བསང་བས་སྣང་པ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་ འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། ཡང་གཅིག་ཏུ་ན་མངོན་གསུམ་ལ་ལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་པ་ལོག་པའོ། རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་པས་རྣམ་རྟོག་ ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། སྐྱེ་དགུ་

[p. 93] ༄༅། །བསྡུས་བས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནང་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ།། ལྷ་ཚོགས་བཙོན་དུ་བཟུང་པས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚང་ཐོབ་པའོ།། སྙིང་པོ་བཅད་པས་སྐྱེད་རིམས་གསལ་བ་ནི། དྲན་བསུམ་རང་ཀ་མ་བཙོགས་བཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ།། རྟོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ།། སྤྱིར་རྩ་རླུང་གི་རྒྱུ་བ་ཡོང་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ ནང་དུ་བསྡུས་པ་བཞིན་ནོ།། སྣང་པའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ།། ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། བ་རིག་པ་ཟང་ཀ་བཅེར་བུ་གཅིག་ ཡིན་པའི་ཕྱིར་རོ།། དེ་ཡང་གང་དྲན་བཙོག་གཞག་གི་དུས་སུ་གསལ་ལོ།། རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་གཞག་ན་ཟིན་པས་གང་དང་གང་གི་ཚེ་དང་བྱ་རྩོལ་རང་བཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་ཞེས་བྱའོ།། རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ།། ཀུན་གཞི་མ་རིག་པའི་ རྩ་བ་རང་ངོ་ལ་ལྟས་དུས་ཆོད་པས་སང་རྒྱའོ།། བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་བཙོག་བཞག་ལ་ཕྱལ་ཕྱལ་བཏང་པས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ།། ཉི་ཟླ་ཁ་

[p. 94] སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་བཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་གསུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །འཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་ དོན་རབ་ཀ་ན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་མ། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། ། མཐོང་བ་མེད་པ་ཡ་རེ་ཆ། །ཅེས་པའི་དོན་ལ། མེ་དཔུང་གི་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་འབྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་སླད་མ་ཚིག་ལ། རང་ངོ་རང་ གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་དང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ ཅན་ནི། རང་གི་ལུས་ཅི་ཏཱའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམ་ངག་མེད་བསམ་མཐོང་པའོ། །སོ་སོ་ལ་གསལ་བ་གདམ་ངག་ཅན་ལ་མངོན་གསུམ་གྱི་སྣང་བ་ད་ལྟ་

[p. 95] ༄༅། །མཐོང་པའོ།། མཐོང་པ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ།། འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ།། དེ་དག་ལ་སོགས་པ་བརྡའི་རྣམ་པ་ གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ།། བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་ བས་འཚེང་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ།། ཚིག་གཞན་རྣམས་བར་དུ་སླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། སླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་ གསང་པ་ཆེན་པོ་ཡིན་ནོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ། རིམ་ཁང་བཅུ་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (113 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 508] ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་

རྒྱལ་པོས་གབ་ཙེ་བཏིང་ནས ] རྩེ O U · བྱས་བཙུན་མོ་བསྐྱལ་བས་ཤིག ] བ་སྐྱལ P · བྱས་བཙུན་མོ་བསྐྱལ་བས་ཤིག ] སྐྱལ O U · མོ་བསྐྱལ་བས་ཤིག་རྒབ་ཆོད ] ཤི A P D U · གཅིག་གིས་ངོ་སྤྲོད་དེ་བར ] སྤྲད O U · སྤྲོད་དེ་བར་དོའི་ལམ་སྣང ] ངོའི O U · སློབ་མ་ལ་ད་ལྟ་ངོ ] ང O T · ཀྱི་ཆས་མངོན་སུམ་དུ་ཅེར ] གསུམ O T U · བ་བཞིའི་གོས་བསྐོན་ཀ་དག ] སྐོན O T U · བཙལ་འོད་ལྔ་ཡེ་གདངས་ཀྱི ] ཡི A O T · ཁྱིམ་བཙལ་བར་དོའམ་འདི་ཉིད ] ངོའམ O U · དོའམ་འདི་ཉིད་ལ་གྲོལ་བའི ] om. W K · ལྟ་བས་ལ་བཟླ་བའི་གདམས ] ཟླ O T U · ལ་བཟླ་བའི་གདམས་ངག་ནི ] གདམ O T U · གྲུབ་འབྱུང་ཐུགས་རྗེས་ཐམས་ཅད ] རྗེ W K

[p. 509] ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང༌། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་

ནས་རྒྱ་མཚོར་བསྐྱུར་བྱས་ན ] བསྒྱུར A D T · ཆོས་རྣམས་ཤེས་པར་འགྱུར་རང ] པ P · མཆེད་ལྕམ་གཉིས་གཅོང་རོང་དོང ] གཅོད O T · ཕྱིར་ལུས་སྲོག་བསྐྱེད་པའི་ཕ ] སྐྱེད O T U · ལ་སོགས་རྣམས་ཕྱགས་ཏེ་རྒྱ ] ཆགས O T U · ཕྱིར་སངས་རྒྱས་བསྒྲལ་ཏེ་དུར ] སྒྲལ O U · རང་གི་སྣང་བ་རྟོགས་པར ] བར P · སྣང་རྟོགས་པར་འགྱུར་ཤེས་རབ ] འ་གྱུར P · དུས་གཅིག་ཏུ་བསྒྲལ་ན་སྣང་བ ] སྒྲ་ལན O T · འགྱུར་སྒྲོན་མ་འོད་ལྔས་བརྒྱན་པའི ] འོང་ལྔ W K

[p. 510] རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་

པོ་བཅད་ན་བསྐྱེད་རིམ་གསལ་རིག ] སྐྱེད་རིམས O T U · ཏུ་མེད་པ་ནི་སྦྱིན་པ ] ན O U · འབྲས་མགོ་མཇུག་ཟློག་གྱུར་ན ] བཟློག P · འགྱུར་རྒྱུ་ཡིས་བསྐྱེད་དུ་མེད ] སྐྱེད O T U · ཕྱིར་ཀུན་གཞི་རྩད་ནས་བཅད ] བཅད O T U · དེ་བཞིན་ནོ་ཞེས་སོ་འདི ] ཅེས O T U · ལ་ཁམས་གསུམ་བསྒྲལ་ནས་དངོས ] སྒྲ་ལ T U · དཔོན་རྒྱ་མཚོར་བསྐྱུར་བས་ཆོས ] བསྒྱུར A D T

[p. 511] དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས།ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང༌། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་

འབྱིན་པས་མངོན་སུམ་ཤེས་པའོ ] གསུམ O T U · ནས་ལུ་གུ་རྒྱུད་ལ་ལྟ ] བརྒྱུད O T U · སྟོང་པའི་སྒྲོན་མ་དབང་པོའི ] མའི P · མ་དབང་པོའི་ཐད་ལ་བཏོན ] ཐང O T U · ལ་བཏོན་ནས་བལྟས་པས་སྣང ] ལྟས O T U · ཁང་རྒྱ་མཚོར་ཕོ་བས་སྙིང་པོ ] ཕོབས O U · སྒྲོན་མར་གཏད་པས་ཕྱིར་སྣང ] པའི A P · ཤེས་གཉིས་འདུ་འབྲལ་མེད་པའི ] འ་བྲལ P · རིག་པ་ལ་བལྟས་པས་ཆོས ] ལྟས O T U · ཆོས་ཉིད་མངོན་སུམ་དང་ཉམས ] གསུམ O T U · སྣང་བ་མཐོང་བའོ་སངས་རྒྱས ] པའོ O U

[p. 512] མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང༌། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་

ལ་ཆེར་གྱིས་བལྟས་པས་རིག ] ལྟས O T U · ཆེར་གྱིས་བལྟས་པས་རིག་པ ] པ W K · ཏེ་རིག་པ་ཟང་ངེ་ཐལ་ལེ ] ཟད་དེ O U · ཟང་ངེ་ཐལ་ལེ་གནས་པ ] ལོ O U · ཆོས་གང་ཤར་ཏེ་རྟོགས་པ ] དེ O T U · བསྲེགས་ནས་རང་བབས་བསམ་གཏན ] བསམ W K · གཏན་གྱི་ཆུས་དེའི་ངང་ལ ] ངོའི O T · པའོ་སེམས་ཅན་བསད་པས་སྣང་བ ] བསང་བས T U · ཏུ་ན་མངོན་སུམ་ལ་བལྟས ] གསུམ O T U · མངོན་སུམ་ལ་བལྟས་པས་བྱུང ] ལྟས O T U · ས་རྡོའི་སྣང་བ་ལོག་པའོ ] པ O U · རང་སྲོག་བཅད་པས་ཆོས་ཉིད ] པའི P · འགགས་ལ་བཏང་བས་རྣམ་རྟོག ] པས O T U · དབྱིངས་ཀྱི་རང་ཡུལ་དང་ཕྲད ] ཡལ W K · སྐྱེ་དགུ་བསྡུས་པས་སྟོབས་དང ] བས T U · རླུང་རིག་གི་གནད་བསྡུས་པས ] གནང T U

[p. 513] རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་

མྱུར་དུ་རྟགས་ཚད་ཐོབ་པའོ ] ཚང T U · པའོ་སྙིང་པོ་བཅད་པས་བསྐྱེད ] བཅས W K · སྙིང་པོ་བཅད་པས་བསྐྱེད་རིམ ] པའི P · པོ་བཅད་པས་བསྐྱེད་རིམ་གསལ་བ ] སྐྱེད་རིམས T U · རང་ཀ་མ་ཅོག་གཞག་གི་གཟེར ] བཙོགས་བཞག O T U · གི་འཕེལ་ཟད་ས་ལ་ཐུག ] om. W K · གི་རྒྱུ་བ་ཡོད་རིང་ལ ] ཡོང D T U · བཞིན་ནོ་སྣང་བའི་འཕེལ་མ ] པའི S T U · ཏེ་རིག་པ་ཟང་ཀ་གཅེར ] ཟད A O · པ་ཟང་ཀ་གཅེར་བུ་གཅིག ] བཅེར O T U · ཡང་གང་དྲན་ཅོག་གཞག་གི ] བཙོག T U · རྒྱུ་འབྲས་བཟློག་པས་འབྲས་བུ ] པའི P · པས་མི་ཟིན་བཞག་ན་ཟིན ] གཞག O T U · བྱ་རྩོལ་རང་གཞག་ལ་བཏང ] བཞག O T U · ལམ་དུ་བྱས་པས་རྒྱུ་རང ] པའི P

[p. 514] ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང༌། འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང༌། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང༌། །ལས་

རང་ངོ་ལ་བལྟས་དུས་ཆོད ] ལྟས O T U · དུས་ཆོད་པས་སངས་རྒྱའོ་བསད ] སང O T U · ཀར་རང་ཆོད་ཅོག་གཞག་ལ་ཕྱལ ] བཙོག་བཞག T U · ཕྱལ་ཕྱལ་བཏང་བས་དོན་གྱི ] པས O U · སྦྱོར་ལས་རང་གིས་རང་གྲོལ ] རིག W K · ཡིས་རྡོ་རྣམས་གཅོག་པ་བཞིན ] བཅོག O T U · རང་གི་གཉེན་པོར་རང་ཉིད ] པོ P · ཉིད་དུ་མངོན་སུམ་རིག་འདི ] གསུམ O T U · ཉིད་སུ་དང་ཕྲད་པ་དེ ] འཕྲད P · ཕྲད་པ་དེ་མཚམས་མེད་སྡིག ] འཚམས O T U · མེད་དོ་ན་རག་ཀན་ཅེས་སོ ] om. T U · པ་འོད་གསལ་ཀློང་དུ་དྲིལ ] སོང P · པའི་མེ་དཔུང་ཀློང་དཀྱིལ་ན ] སོང P

[p. 515] སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང༌། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང༌། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་

བ་ཡ་རེ་ཆ་ལྕགས་ཀྱི ] ཆེ D O · མེད་མུན་པའི་ཀློང་དཀྱིལ་ན ] སོང P · བ་མེད་པ་ཡ་རེ་ཆ ] ཡང W K · ཡ་རེ་ཆ་ཞེས་པའི་དོན ] ཅེས T U · ལ་མེ་དཔུང་གིས་མི་མཚིག ] གི O T U · དཔུང་གིས་མི་མཚིག་པར་དགེ ] མ་ཚིག W P K D O U · ནང་ན་རང་བྱུང་ཡེ་ཤེས ] འབྱུང O T U · མ་གོས་མ་བསླད་མ་ཚིག ] སླད T U · པས་དགེ་སྦྱོར་ངང་གིས་འཕེལ ] དང D O T U · རང་གི་ལུས་ཙིཏྟའི་ནང་ན ] ཅི་ཏཱའི D U · རང་གི་ལུས་ཙིཏྟའི་ནང་ན ] ཙིཏྟ་ཀའི W K · རིག་པ་དང་ལྷན་ཅིག་གནས ] ན W K · ལ་ཡོད་ཀྱང་གདམས་ངག་མེད ] གདམ O T U · པས་མ་མཐོང་བའོ་སོ་སོ ] པའོ A O U · ལ་གསལ་བ་གདམས་ངག་ཅན ] གདམ O T U · ཅན་ལ་མངོན་སུམ་གྱི་སྣང ] གསུམ O T U · ད་ལྟ་མཐོང་བའོ་མཐོང་བ ] པའོ O U · མཐོང་བའོ་མཐོང་བ་མེད་པ ] པ O T U

[p. 516] གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེད་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ། །

རླབས་ཆེ་བས་འཚེད་པའི་ཕྱིར ] འཚེང A U · རླབས་ཆེ་བས་འཚེད་པའི་ཕྱིར་ཡང ] འཚེང་བའི P O · རྣམས་བར་དུ་བསླད་པ་དང ] སླད O U · བསྒྱུར་དུ་མེད་བསླད་དུ་མེད ] སླད O U · གྱི་ཚིག་གི་སྤྱོད་ཡུལ་མ ] སྤྱད W K · ཡིན་པས་གསང་བ་ཆེན་པོ ] པ O T U · པས་བརྡས་མཚོན་པ་སྟེ་རིམ ] om. W K
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 Extensive teaching by way of symbols on the stages of how delusion occurs and how it is reversed འཁྲུལ་ཚུལ་དང་འཁྲུལ་པ་ཟློག་ཚུལ་གྱི་རིམ་པ་བརྡའི་སྒོ་ནས་རྒྱས་པར་བསྟན་པ [p. 491]
1.7 The instruction on decisive resolution through the view ལྟ་བས་ལ་བཟླ་བའི་གདམས་ངག [p. 508]
Paradoxical verses from the Lion's Perfect Dynamic Energy tantra prescribing killing, burning the Dharma, burying the buddha and the like are explained as Cutting Through and Direct Crossing instructions on mind, gaze, lamps, winds, visions and recognizing awareness, supported by Union of Sun and Moon verses on self-liberation.
1.7.1 The verses of the Lion's Perfect Dynamic Energy tantra སེང་གེ་རྩལ་རྫོགས་ཀྱི་ལུང [p. 508] topical
Verses prescribing seemingly transgressive acts (liberating beings and the vajra master, casting siblings and parents away, destroying stūpas, turning from the Three Jewels, burying the buddha, reversing cause and result, cutting the all-ground) each with its result and reason in awareness.
1.7.2 Meaning of the verses ལུང་དེའི་དོན [p. 510] topical
Each transgressive line is read as a practice point: liberating beings is cutting mind and mental factors, the master and kin are gaze, wind-mind and lamps, burning phenomena is wisdom exhausting grasping, and the final lines address exhaustion of appearances, fruition as path and cutting the all-ground.
1.7.2.1 From liberating the three realms to burying the buddha ཁམས་གསུམ་བསྒྲལ་བ་ནས་སངས་རྒྱས་དུར་དུ་བཅུག་པའི་བར་གྱི་དོན [p. 510] topical
Liberating beings is cutting mind and mental factors; the master, siblings and parents refer to the gaze, wind-mind with the chains, and the two lamps; the stūpa is awareness in the citta meeting mother and child luminosity; turning from the Three Jewels yields the kāya visions; burying the buddha is recognizing coemergent ignorance.
1.7.2.2 From consigning the Dharma to fire and water to virtue increasing through killing ཆོས་མེ་ཆུ་ལ་བསྐུར་བ་ནས་བསད་པས་དགེ་བ་འཕེལ་བའི་བར་གྱི་དོན [p. 512] topical
Burning phenomena is wisdom exhausting grasping; killing beings and one's life force is thoughts and winds ceasing; gathering beings and imprisoning deities are bodily key points and empty forms; the remaining lines concern leaving as it is, exhaustion of appearances, non-dual awareness, the fruition as path, and cutting the all-ground.
1.7.3 Citation from the Union of Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང [p. 514] topical
Verses stating that what is as it is self-liberates, like iron cleaving iron; through familiarization with the Great Perfection great bliss expands without meditation, and even one guilty of acts of immediate retribution is liberated.
1.8 The symbol of being gathered into the expanse of luminosity འོད་གསལ་ཀློང་དུ་དྲིལ་བའི་བརྡ [p. 514]
Verses from the Reverberation of Sound on a man unburned in the eon's fire who teaches and kills, and on sun and moon unseen in a doorless iron house, explained as self-arisen wisdom unstained amid thoughts, and awareness present in all yet seen only by those with instructions.
2 The greatness of the topic of symbols བརྡའི་གནས་ཀྱི་ཆེ་བ [p. 515] topical
Innumerable further symbols are found in the individual tantras; guarded by the ḍākinīs, the symbols are formidable and hard to realize but powerful, incorruptible, of great blessing, close to the meaning and beyond words, hence the great secret.
3 Chapter colophon མཇུག་བྱང [p. 516]
Closes the tenth chapter, the illustration by symbols of the mode of delusion together with the way of reversing it.
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 508] how strange!"

The meaning of this is as follows. The aggregate of body and mind of the afflicted disciple, at his own time as a sentient being of saṃsāra, is the land Array of Taming. The king's spreading out the divination board and making the calculation, and the brink of death being cut off by his sending the queens,[61]Note 61 · p. 508 · ཤིག་རྒབ་ཆོད་པ is evidently a corruption of ཤི་ཁ་ཆོད་པ (so Grok 4.7, Claude Fable 5.1, Gemini 3.1 Pro, GPT-6 Astra, Dharmamitra); MITRA's "infestation of lice is severed" is a misreading of the corrupt text. are this: the learned master, having planted the tantras, transmissions, and pith instructions (man ngag) in the mind, gives introduction by the twenty-one introductions, and by causing the disciple to recognize his own face in the visions of the path (lam snang) of the intermediate state (bar do), he is liberated from saṃsāra and the continuum of birth and death is cut. The king's dressing the queens in attire is this: the guru, now showing the disciple the twenty-one introductions, shows him the attire of awareness's own light (rang 'od), nakedly seen in direct perception (mngon sum); mounts him on the horse of wisdom; opens his eyes of the four lamps; hands him the weapons of tantra and transmission; fits him with the cutting edge of the pith instructions; clothes him in the garments of the four visions (snang ba bzhi); seeks for him the abode of primordial purity; seeks for him the house of the primordial radiance (ye gdangs) of the five lights; and seeks for him the path of liberation in the intermediate state or in this very life—whereby he reaches the culmination in the original ground and attains the vajra level (sa) that is without birth and death.

1.7 The instruction on decisive resolution through the view ལྟ་བས་ལ་བཟླ་བའི་གདམས་ངག1.7 The instruction on decisive resolution through the view
Paradoxical verses from the Lion's Perfect Dynamic Energy tantra prescribing killing, burning the Dharma, burying the buddha and the like are explained as Cutting Through and Direct Crossing instructions on mind, gaze, lamps, winds, visions and recognizing awareness, supported by Union of Sun and Moon verses on self-liberation.

Seventh, the instruction on decisive resolution (la bzla ba) through the view (lta ba): from the Great Tantra of the Lion's Perfect Dynamic Energy (seng ge rtsal rdzogs chen po'i rgyud):

1.7.1 The verses of the Lion's Perfect Dynamic Energy tantra སེང་གེ་རྩལ་རྫོགས་ཀྱི་ལུང1.7.1 The verses of the Lion's Perfect Dynamic Energy tantra (topical division)
Verses prescribing seemingly transgressive acts (liberating beings and the vajra master, casting siblings and parents away, destroying stūpas, turning from the Three Jewels, burying the buddha, reversing cause and result, cutting the all-ground) each with its result and reason in awareness.

If all the sentient beings of the three realms (khams gsum),
Every one, are liberated with an exceedingly sharp weapon,
Accomplishment (dngos grub) will arise.
In order to liberate all through compassion,
One's own vajra master himself—

[p. 509] If one liberates him[64]Note 64 · p. 509 · bsgral: rendered "liberate" throughout (Dharmamitra, MITRA, Claude Fable 5.1) rather than "slay" (GPT-6 Astra, Grok 4.7, Gemini 3.1 Pro), since the tantra deliberately uses the tantric term for ritual slaying, which the commentary then reinterprets as cutting the root of mind; the double sense is lost with "slay". and casts him into the ocean,
One will come to know the phenomena of appearance and existence (snang srid),
For self-aware primordial wisdom (rang rig ye shes)[65]Note 65 · p. 509 · rang rig: Adzom reads rang reg, an evident misreading; the e-text rang rig is followed. is present.
If one casts the two, the brother and sister
Who are one's constant companions, into the pit of a ravine,[66]Note 66 · p. 509 · gcong rong dong du bskyur: Adzom reads rong du bsgyur ("gcong rong rong du"), an evident misprint; the e-text dong du ("into the pit of a ravine") is followed, and is confirmed by the commentary's mched lcam dong du skyur ba.
One will be inseparable from the kāya of primordial wisdom (ye shes sku),
For it is present as the chains (lu gu rgyud).
If one brings out onto the plain the two, the father and mother
Who produced one's body and life force,
One's own body will increase,
For primordial wisdom meets its object.
If one sweeps away stūpas, temples, and the rest
And pours them into the ocean,
One will see the heart essence (snying po) of the genuine meaning,
For the lamp shines clearly in the sky.
If one turns one's back on the Three Jewels (dkon mchog gsum),
One will see all buddha fields,
For the appearances of the three kāyas (sku gsum) are present.
If one liberates the buddha and puts him in a grave,
One will realize one's own appearances,
For the elements ('byung ba) revert into themselves.
If one burns the Dharma in fire[67]Note 67 · p. 509 · chos rnams mer bsregs: rendered "the Dharma" in the verse, since the list is one of outrageous transgressions (killing the master, destroying stūpas, turning from the Three Jewels, etc.); Grok 4.7, Gemini 3.1 Pro, Claude Fable 5.1 have "phenomena", which is how the commentary in the next part reinterprets it. Adzom's nam for rnams is a misreading. and pours it into water,
One will realize the self-appearance of awareness,
For wisdom engages the meaning.
If one liberates all sentient beings
At a single time, appearances will become empty,
For the very meaning of compassionate responsiveness (thugs rje) is unceasing.
If one cuts one's own life force with one's own hand,
One will meet with the nature of phenomena as one's object,[68]Note 68 · p. 509 · chos nyid yul dang 'phrad par 'gyur: Claude Fable 5.1 reads "the nature of phenomena encounters its object"; others "one encounters the object, the nature of phenomena". I take chos nyid as the object one meets, parallel to ye shes yul dang phrad pa above but with the practitioner as implicit subject of the main clause.
For the lamp is adorned with the five lights.
If one gathers all living beings[69]Note 69 · p. 509 · The reason clauses (…pa'i phyir) belong to the preceding statement, as in GPT-6 Astra, Grok 4.7, Gemini 3.1 Pro; Dharmamitra and MITRA attach each reason to the following statement, which inverts the sense.

[p. 510] Under one's own power, one will be endowed with strength,
For primordial wisdom is without attachment.
If one holds all the hosts of deities
In a dungeon, accomplishment will draw near,
For awareness is vast in every respect.
If one cuts off the heart essence,[70]Note 70 · p. 510 · snying po bcad na: "heart essence" per glossary; in context it means the heart (essence) mantra of the deity, whose cutting off is contrasted with the clarity of the generation stage. the generation stage (bskyed rim) will be clear,
For awareness is free of effort and accomplishment.
That there is nothing to gather for the accumulations (tshogs)
Is the utter perfection of generosity,
For self-awareness is free of letting go and holding on.[71]Note 71 · p. 510 · btang bzhag: rendered "letting go and holding on" (Gemini 3.1 Pro, Claude Fable 5.1 similar); Dharmamitra and MITRA's "accepting and rejecting" is a paraphrase.
If one parts from skillful means (thabs) and wisdom,
One will find one's own very aim,
For awareness is present naked.
If one reverses cause and result, head and tail,
One will attain the unborn fruition,
For it cannot be produced by a cause.
If one cuts the all-ground (kun gzhi) from the root,
One will genuinely and manifestly awaken,
For the dharmakāya (chos sku) is pure from the very beginning.
If one takes great delight in acts of killing and cutting,
Genuine virtue will increase,
For awareness is free of life force.
Such is the way primordial wisdom is realized."Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Energy of the Lion · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it says.

1.7.2 Meaning of the verses ལུང་དེའི་དོན1.7.2 Meaning of the verses (topical division)
Each transgressive line is read as a practice point: liberating beings is cutting mind and mental factors, the master and kin are gaze, wind-mind and lamps, burning phenomena is wisdom exhausting grasping, and the final lines address exhaustion of appearances, fruition as path and cutting the all-ground.

As for the meaning of these:

1.7.2.1 From liberating the three realms to burying the buddha ཁམས་གསུམ་བསྒྲལ་བ་ནས་སངས་རྒྱས་དུར་དུ་བཅུག་པའི་བར་གྱི་དོན1.7.2.1 From liberating the three realms to burying the buddha (topical division)
Liberating beings is cutting mind and mental factors; the master, siblings and parents refer to the gaze, wind-mind with the chains, and the two lamps; the stūpa is awareness in the citta meeting mother and child luminosity; turning from the Three Jewels yields the kāya visions; burying the buddha is recognizing coemergent ignorance.

Accomplishment arising from liberating the three realms means cutting at the root the mind and mental factors (sems byung) comprised by the three doors (sgo gsum) and the three realms, and bringing them to cessation.

Knowing phenomena by casting the vajra master into the ocean[72]Note 72 · p. 510 · rgya mtshor bskyur: Adzom bsgyur, an evident misreading; bskyur followed. means that, while one remains in the gaze (lta stangs), the mental faculty

[p. 511] and mind do not think of anything at all, and by bringing out lucidity in the eyes,[73]Note 73 · p. 511 · mig la dangs 'byin pas: read dangs as "lucidity/brightness" (GPT-6 Astra, Gemini 3.1 Pro, Claude Fable 5.1); the sense is that the clarity of non-thought rises into the eyes so that one perceives directly. one knows in direct perception.

Casting the brother and sister into the pit means holding wind and mind (rlung sems) and looking at the chains.

Body and life force increasing by bringing out the father and mother means that by bringing out the lamp of the utterly pure basic space and the lamp of the empty spheres directly before the sense faculty (dbang po) and looking, the visions increase further.

Seeing the heart essence by pouring the stūpa and the temple into the ocean means this: the stūpa of awareness in the center of the citta is present in the temple of the five lights; by directing it with the gaze into the water lamp of the far-reaching lasso (rgyang zhags chu'i sgron ma), one sees the heart essence in which the two—the primordial wisdom that appears outwardly[74]Note 74 · p. 511 · gtad pas phyir snang ba'i ye shes: Adzom reads gtad pa'i phyir snang ba'i ye shes; the e-text gtad pas is followed, since phyir ("outwardly") answers nang du ("inwardly") in the following phrase. and, inwardly, the primordial wisdom of the meaning of the nature of phenomena—are without meeting or parting, and thus the mother and child luminosities meet.

Seeing the buddha fields by turning one's back on the Three Jewels means that, turning the movements of the mental faculty away from the three poisons (dug gsum), the root of saṃsāra, and looking at awareness, one sees the visions of the nirmāṇakāya (sprul sku) in the direct perception[75]Note 75 · p. 511 · chos nyid mngon sum dang nyams gong 'phel du sprul sku: the first two visions are both correlated with the nirmāṇakāya (so GPT-6 Astra, Gemini 3.1 Pro); Dharmamitra, Grok 4.7, MITRA, Claude Fable 5.1 leave the first vision without a kāya, which misreads the syntax. of the nature of phenomena (chos nyid mngon sum) and in the increase of experience (nyams gong 'phel), of the sambhogakāya (longs sku) in reaching full measure (tshad phebs), and of the dharmakāya in exhaustion (zad pa).

Realization through putting the buddha in the grave means that in the very instant (skad cig) one is brought to recognize its own face in the co-emergent ignorance (ma rig pa lhan skyes) that is present within awareness, self-awareness is realized. That, moreover, is because the root of ignorance reverts into awareness. For example, when cognition[76]Note 76 · p. 511 · The part ends mid-sentence ("dper na shes pa nyon | mongs su shar dus"); "For example, when cognition" is given here and the next part continues "arises as affliction…".

[p. 512] arises as an affliction, ignorance is present as a latent tendency (bag la nyal) and the affliction as something manifest; by looking intently at this,[77]Note 77 · p. 512 · "cher gyis bltas pas": Grok 4.7 "intently", MITRA "directly"; cher gyis means "intensely, fixedly" — I follow Grok 4.7/Dharmamitra. awareness emerges naked, and ignorance together with the affliction clears into awareness, so that awareness abides vividly and unimpededly.

1.7.2.2 From consigning the Dharma to fire and water to virtue increasing through killing ཆོས་མེ་ཆུ་ལ་བསྐུར་བ་ནས་བསད་པས་དགེ་བ་འཕེལ་བའི་བར་གྱི་དོན1.7.2.2 From consigning the Dharma to fire and water to virtue increasing through killing (topical division)
Burning phenomena is wisdom exhausting grasping; killing beings and one's life force is thoughts and winds ceasing; gathering beings and imprisoning deities are bodily key points and empty forms; the remaining lines concern leaving as it is, exhaustion of appearances, non-dual awareness, the fruition as path, and cutting the all-ground.

Realizing self-appearance by consigning phenomena to fire and water means that whatever deluded phenomena of apprehended and apprehender arise, having burned them with the fire of the wisdom of realization until they are exhausted without a ground, one rests in that state with the water of naturally settled meditative concentration (bsam gtan), and thereby realizes the meaning of awareness.

Emptying appearances by killing sentient beings means that by releasing all recollection and thought into the great even resting, deluded thoughts go to their own cessation and deluded appearances are emptied. Alternatively, by looking at direct perception, the feelings that arise cease and the appearances of earth and stone are reversed.

Meeting the object of the nature of phenomena by cutting one's own life force means that by letting the wind go to its own cessation, conceptual thoughts are emptied of their own accord, and when its own face is realized in naked seeing, the appearances of basic space arise directly. Moreover, outwardly one meets the natural object of the basic space of the appearances of light;[79]Note 79 · p. 512 · "'od snang dbyings kyi rang yul": Gemini 3.1 Pro/GPT-6 Astra take 'od snang as apposition to dbyings ("basic space, the outer luminous appearances"); I read 'od snang dbyings as one phrase, "the basic space of the appearances of light" (Grok 4.7/Claude Fable 5.1), as the outer counterpart to the inner ka dag zad pa. inwardly, since all conceptualization clears away without a trace, one meets in an instant the natural object of the exhaustion of primordial purity.[78]Note 78 · p. 512 · ka dag zad pa'i rang yul (e-text) vs. Adzom ngang yul ("the object of the state of exhaustion"). I keep rang yul, parallel to the preceding "dbyings kyi rang yul"; the variant does not alter the sense much.

Possessing strength by gathering all beings means that by gathering the key points (gnad) of wind and awareness through the key points of the body, the mind itself (sems nyid)

[p. 513] abides in its own place, and the experiences of bliss, clarity, and nonconceptuality increase.

Accomplishment drawing near by holding the hosts of deities captive means that if the empty forms (stong gzugs) are held within the enclosure of basic space,[80]Note 80 · p. 513 · go rar (e-text) vs. Adzom go rang: go ra "enclosure" is required by the sense (bzung "held within"); go rang is an evident misreading. I follow the e-text. the signs and their measure are swiftly attained.

The generation stage becoming clear by cutting out the heart means that when recollection and thought, just as they are, are struck with the nail of leaving as it is (cog gzhag), awareness comes forth clear and lucid.[81]Note 81 · p. 513 · "rig pa dang sangs phyed pa": Gemini 3.1 Pro "awareness and awakening are distinguished" and Dharmamitra "awareness and the expanse are clarified" misread dang sangs (an expression for lucid clarity) as a conjunction; I follow Grok 4.7/Claude Fable 5.1/GPT-6 Astra, "awareness comes forth clear and lucid".

Generosity being perfected when there is no gathering of accumulations means that when the movement of wind and mind is purified, the increase of the arising appearances reaches the point of exhaustion, so that spontaneous presence is close to setting into the inner basic space. In general, as long as there is movement of the channels and winds (rtsa rlung), there are the arising appearances of the ground-appearances; and when the channels and winds are purified, the ground-appearances reverse of themselves and revert into the basic space of the ground, their root, like the light of a crystal being gathered back within. If the increase of appearances is not exhausted,[82]Note 82 · p. 513 · "snang ba'i 'phel ma zad na": Dharmamitra renders "when the increase is exhausted"; the Tibetan has ma zad, "not exhausted" (Grok 4.7/Gemini 3.1 Pro/Claude Fable 5.1/GPT-6 Astra). the dynamic energy (rtsal) of practice is not exhausted.

Finding the meaning by parting skillful means and wisdom[83]Note 83 · p. 513 · "thabs shes bral bas": Grok 4.7/Dharmamitra "free of means and wisdom", Claude Fable 5.1/GPT-6 Astra "separating/parting means and wisdom"; the symbolic heading is a paradox (parting what should be united), so I keep "parting", explained by the gloss that follows (freedom from dualistic cognition). means that when cognition is free of the dualistic apprehended and apprehender, self-awareness (rang rig) is clear in its own place, because awareness is a single naked openness. This, moreover, is clear at the time of leaving whatever is thought as it is.

Attaining the fruition ('bras bu) by reversing cause and result means that since it is not seized by doing but is seized when left alone, by releasing effortful activity, at whatever time it may be, into natural resting (rang gzhag), the uncontrived meaning arises in an instant; this is called "the cause ceasing of itself through taking the fruition as the path."

[p. 514] That all agree that saṃsāra is cut off by reversing dependent origination (rten 'brel) from its forward, ascending order is called "the dharma of cause and result inverted." When one looks at the very face of the all-ground, the root of ignorance,[84]Note 84 · p. 514 · "kun gzhi ma rig pa'i rtsa ba rang ngo la bltas dus chod pas": construed variously (Dharmamitra/MITRA/Claude Fable 5.1 "the root of the all-ground and/of ignorance"; GPT-6 Astra "root of the all-ground and ignorance"). I read kun gzhi as the root of ignorance, whose face is looked at and thereby severed. it is severed, and one awakens to buddhahood.

Virtue increasing through killing means that by releasing whatever is recollected, right as it arises, just there, loosely and openly into a self-severed leaving as it is, the primordial wisdom of the true meaning comes to be seen nakedly, and experience and realization increase of their own force.

1.7.3 Citation from the Union of Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང1.7.3 Citation from the Union of Sun and Moon (topical division)
Verses stating that what is as it is self-liberates, like iron cleaving iron; through familiarization with the Great Perfection great bliss expands without meditation, and even one guilty of acts of immediate retribution is liberated.

From the Union of Sun and Moon (nyi zla kha sbyor):

By itself self-liberated, within itself—
since what is just as it is is self-liberated,
like iron cleaving iron
and stone breaking stone,
oneself is the greatest antidote to oneself.
Whoever, through realizing the natural Great Perfection,
familiarizes himself in this way
finds the meanings that are left unsought;
without meditating, great bliss (bde chen) expands;
it is directly known as the nature itself.
Whoever meets with this very thing,
even one possessed of the sins of immediate retribution,
will be liberated by familiarization with this very thing—
of that there is no doubt, na rag kan.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་ཟླ་ཁ་སྦྱོར་ཆེན་པོ་གསང་བའི་རྒྱུད, nyi zla kha sbyor chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 72 % of the words.
[85]Note 85 · p. 514 · "na rag kan" at the end of the Nyi zla kha sbyor quotation is an exclamatory or mantra-like close of uncertain meaning (MITRA/GPT-6 Astra "Narakan"); I leave it in transliteration.

So it says.

1.8 The symbol of being gathered into the expanse of luminosity འོད་གསལ་ཀློང་དུ་དྲིལ་བའི་བརྡ1.8 The symbol of being gathered into the expanse of luminosity
Verses from the Reverberation of Sound on a man unburned in the eon's fire who teaches and kills, and on sun and moon unseen in a doorless iron house, explained as self-arisen wisdom unstained amid thoughts, and awareness present in all yet seen only by those with instructions.

Eighth, the symbol of being gathered into the expanse of luminosity: from the Reverberation of Sound:

Further, the connected words of the symbols' meaning are explained:
in the midst of the expanse of the eon's mass of fire,
one person, without being burned,
expounds from his mouth the Dharma of the piṭakas, and, in his deeds,[86]Note 86 · p. 514 · The final "las" begins the phrase las su gzhan gyi srog gcod pa on the next page; I render it "and, in his deeds," so that the next part continues with "takes the life of others".

[p. 515] takes the life of others—
that his virtuous practice (dge sbyor) increases: how wondrous!
In an iron house without a door,
in the midst of the expanse of lightless darkness,
though the sun and moon are luminous,
they are seen by no one at all;
clear as the object of each one's sense faculties,
yet unseen—how wondrous!Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 80 % of the words.

As to the meaning of this: that virtue increases without being burned by the mass of fire means that, although the man of self-arisen primordial wisdom[87]Note 87 · p. 515 · མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི: MITRA and Dharmamitra read "the fire of self-arisen primordial wisdom," but the Tibetan has མི "man" (the one person of the verse), as Claude Fable 5.1, Gemini 3.1 Pro, Grok 4.7, GPT-6 Astra read; I follow the latter. has dwelt from beginningless time within the fire of the hosts of thoughts (rtog tshogs) and afflictions, he is not stained, not corrupted, and not burned by it; when he recognizes his own face by himself, that is the expounding of the piṭakas; and the hosts of thoughts passing into self-liberation is the taking of the life of others, because they are the mind that apprehends things as other. The meaning of that is that, since awareness strikes the key point, virtuous practice increases of its own accord. The dark iron house is that, within the citta of one's own body, awareness dwells together with ignorance. Not seeing the sun and moon is that, although it is present in everyone, it is not seen because there are no instructions. Being clear to each one is that, for one who possesses the instructions, the vision of direct perception is seen right now. Not being seen is that, when one sees those empty forms oneself, one person seated nearby does not have it thus as the other does.[88]Note 88 · p. 515 · གཅིག་གིས་གཅིག་གི་དེ་ལྟར་མེད་པ: the drafts vary in phrasing; I take it to mean that one seated beside another does not share the other's vision of the empty forms (Claude Fable 5.1, Grok 4.7, GPT-6 Astra, Dharmamitra), not that the forms are unseen in general. This is the symbolic meaning of luminous awareness.

2 The greatness of the topic of symbols བརྡའི་གནས་ཀྱི་ཆེ་བ2 The greatness of the topic of symbols (topical division)
Innumerable further symbols are found in the individual tantras; guarded by the ḍākinīs, the symbols are formidable and hard to realize but powerful, incorruptible, of great blessing, close to the meaning and beyond words, hence the great secret.

These and other kinds of symbols,

[p. 516] innumerable, are renowned in this unsurpassed vehicle (theg pa), and so they should be known in the context of the individual tantras. Since this topic of symbols has been taken in charge by the ḍākinīs (mkha' 'gro ma), it is extremely formidable and also difficult to realize; and if it is realized, since its meaning is of great force, it ripens one,[89]Note 89 · p. 516 · འཚེད་པ (e-text) vs. Adzom འཚེང་པ: 'tshed pa "to cook, ripen" (so Gemini 3.1 Pro, GPT-6 Astra, Dharmamitra; Claude Fable 5.1 "overwhelming," Grok 4.7 "searing"); Adzom's 'tsheng would mean "satisfies, fulfils." I follow the e-text, rendering "it ripens one," i.e. its force is such that only the highest can bear it. and for that reason too it is the Dharma of the very highest. Other words may in the interim become corrupted and confused, but this symbol cannot be altered by anyone; since it cannot be corrupted, its blessing (byin rlabs) is great and it shows the meaning closely, and since it is not the domain of words, it is the great secret (gsang ba chen po).

3 Chapter colophon མཇུག་བྱང3 Chapter colophon
Closes the tenth chapter, the illustration by symbols of the mode of delusion together with the way of reversing it.

From the Precious Treasury of the Supreme Vehicle, this is the tenth tier:[90]Note 90 · p. 516 · རིམ་ཁང: the drafts write "storey" or "chapter"; house glossary "tier" is used. the illustration by symbols of the mode of delusion together with the way of reversing it.

Translation notes
• 61. [p. 508] ཤིག་རྒབ་ཆོད་པ is evidently a corruption of ཤི་ཁ་ཆོད་པ (so Grok 4.7, Claude Fable 5.1, Gemini 3.1 Pro, GPT-6 Astra, Dharmamitra); MITRA's "infestation of lice is severed" is a misreading of the corrupt text.
• 64. [p. 509] bsgral: rendered "liberate" throughout (Dharmamitra, MITRA, Claude Fable 5.1) rather than "slay" (GPT-6 Astra, Grok 4.7, Gemini 3.1 Pro), since the tantra deliberately uses the tantric term for ritual slaying, which the commentary then reinterprets as cutting the root of mind; the double sense is lost with "slay".
• 65. [p. 509] rang rig: Adzom reads rang reg, an evident misreading; the e-text rang rig is followed.
• 66. [p. 509] gcong rong dong du bskyur: Adzom reads rong du bsgyur ("gcong rong rong du"), an evident misprint; the e-text dong du ("into the pit of a ravine") is followed, and is confirmed by the commentary's mched lcam dong du skyur ba.
• 67. [p. 509] chos rnams mer bsregs: rendered "the Dharma" in the verse, since the list is one of outrageous transgressions (killing the master, destroying stūpas, turning from the Three Jewels, etc.); Grok 4.7, Gemini 3.1 Pro, Claude Fable 5.1 have "phenomena", which is how the commentary in the next part reinterprets it. Adzom's nam for rnams is a misreading.
• 68. [p. 509] chos nyid yul dang 'phrad par 'gyur: Claude Fable 5.1 reads "the nature of phenomena encounters its object"; others "one encounters the object, the nature of phenomena". I take chos nyid as the object one meets, parallel to ye shes yul dang phrad pa above but with the practitioner as implicit subject of the main clause.
• 69. [p. 509] The reason clauses (…pa'i phyir) belong to the preceding statement, as in GPT-6 Astra, Grok 4.7, Gemini 3.1 Pro; Dharmamitra and MITRA attach each reason to the following statement, which inverts the sense.
• 70. [p. 510] snying po bcad na: "heart essence" per glossary; in context it means the heart (essence) mantra of the deity, whose cutting off is contrasted with the clarity of the generation stage.
• 71. [p. 510] btang bzhag: rendered "letting go and holding on" (Gemini 3.1 Pro, Claude Fable 5.1 similar); Dharmamitra and MITRA's "accepting and rejecting" is a paraphrase.
• 72. [p. 510] rgya mtshor bskyur: Adzom bsgyur, an evident misreading; bskyur followed.
• 73. [p. 511] mig la dangs 'byin pas: read dangs as "lucidity/brightness" (GPT-6 Astra, Gemini 3.1 Pro, Claude Fable 5.1); the sense is that the clarity of non-thought rises into the eyes so that one perceives directly.
• 74. [p. 511] gtad pas phyir snang ba'i ye shes: Adzom reads gtad pa'i phyir snang ba'i ye shes; the e-text gtad pas is followed, since phyir ("outwardly") answers nang du ("inwardly") in the following phrase.
• 75. [p. 511] chos nyid mngon sum dang nyams gong 'phel du sprul sku: the first two visions are both correlated with the nirmāṇakāya (so GPT-6 Astra, Gemini 3.1 Pro); Dharmamitra, Grok 4.7, MITRA, Claude Fable 5.1 leave the first vision without a kāya, which misreads the syntax.
• 76. [p. 511] The part ends mid-sentence ("dper na shes pa nyon | mongs su shar dus"); "For example, when cognition" is given here and the next part continues "arises as affliction…".
• 77. [p. 512] "cher gyis bltas pas": Grok 4.7 "intently", MITRA "directly"; cher gyis means "intensely, fixedly" — I follow Grok 4.7/Dharmamitra.
• 78. [p. 512] ka dag zad pa'i rang yul (e-text) vs. Adzom ngang yul ("the object of the state of exhaustion"). I keep rang yul, parallel to the preceding "dbyings kyi rang yul"; the variant does not alter the sense much.
• 79. [p. 512] "'od snang dbyings kyi rang yul": Gemini 3.1 Pro/GPT-6 Astra take 'od snang as apposition to dbyings ("basic space, the outer luminous appearances"); I read 'od snang dbyings as one phrase, "the basic space of the appearances of light" (Grok 4.7/Claude Fable 5.1), as the outer counterpart to the inner ka dag zad pa.
• 80. [p. 513] go rar (e-text) vs. Adzom go rang: go ra "enclosure" is required by the sense (bzung "held within"); go rang is an evident misreading. I follow the e-text.
• 81. [p. 513] "rig pa dang sangs phyed pa": Gemini 3.1 Pro "awareness and awakening are distinguished" and Dharmamitra "awareness and the expanse are clarified" misread dang sangs (an expression for lucid clarity) as a conjunction; I follow Grok 4.7/Claude Fable 5.1/GPT-6 Astra, "awareness comes forth clear and lucid".
• 82. [p. 513] "snang ba'i 'phel ma zad na": Dharmamitra renders "when the increase is exhausted"; the Tibetan has ma zad, "not exhausted" (Grok 4.7/Gemini 3.1 Pro/Claude Fable 5.1/GPT-6 Astra).
• 83. [p. 513] "thabs shes bral bas": Grok 4.7/Dharmamitra "free of means and wisdom", Claude Fable 5.1/GPT-6 Astra "separating/parting means and wisdom"; the symbolic heading is a paradox (parting what should be united), so I keep "parting", explained by the gloss that follows (freedom from dualistic cognition).
• 84. [p. 514] "kun gzhi ma rig pa'i rtsa ba rang ngo la bltas dus chod pas": construed variously (Dharmamitra/MITRA/Claude Fable 5.1 "the root of the all-ground and/of ignorance"; GPT-6 Astra "root of the all-ground and ignorance"). I read kun gzhi as the root of ignorance, whose face is looked at and thereby severed.
• 85. [p. 514] "na rag kan" at the end of the Nyi zla kha sbyor quotation is an exclamatory or mantra-like close of uncertain meaning (MITRA/GPT-6 Astra "Narakan"); I leave it in transliteration.
• 86. [p. 514] The final "las" begins the phrase las su gzhan gyi srog gcod pa on the next page; I render it "and, in his deeds," so that the next part continues with "takes the life of others".
• 87. [p. 515] མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི: MITRA and Dharmamitra read "the fire of self-arisen primordial wisdom," but the Tibetan has མི "man" (the one person of the verse), as Claude Fable 5.1, Gemini 3.1 Pro, Grok 4.7, GPT-6 Astra read; I follow the latter.
• 88. [p. 515] གཅིག་གིས་གཅིག་གི་དེ་ལྟར་མེད་པ: the drafts vary in phrasing; I take it to mean that one seated beside another does not share the other's vision of the empty forms (Claude Fable 5.1, Grok 4.7, GPT-6 Astra, Dharmamitra), not that the forms are unseen in general.
• 89. [p. 516] འཚེད་པ (e-text) vs. Adzom འཚེང་པ: 'tshed pa "to cook, ripen" (so Gemini 3.1 Pro, GPT-6 Astra, Dharmamitra; Claude Fable 5.1 "overwhelming," Grok 4.7 "searing"); Adzom's 'tsheng would mean "satisfies, fulfils." I follow the e-text, rendering "it ripens one," i.e. its force is such that only the highest can bear it.
• 90. [p. 516] རིམ་ཁང: the drafts write "storey" or "chapter"; house glossary "tier" is used.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens; the headings of the Outline tab stand in the English), gold the quotations, red the words of a quotation that the author repeats to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, verse by its metre; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 508]
ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤིག་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས།
།ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས།
ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང༌།
།ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར།
།རང་གི་རྡོ་རྗེ་སློབ་དཔོན་

how strange!"

The meaning of this is as follows. The aggregate of body and mind of the afflicted disciple, at his own time as a sentient being of saṃsāra, is the land Array of Taming. The king's spreading out the divination board and making the calculation, and the brink of death being cut off by his sending the queens,[61]Note 61 · p. 508 · ཤིག་རྒབ་ཆོད་པ is evidently a corruption of ཤི་ཁ་ཆོད་པ (so Grok 4.7, Claude Fable 5.1, Gemini 3.1 Pro, GPT-6 Astra, Dharmamitra); MITRA's "infestation of lice is severed" is a misreading of the corrupt text. are this: the learned master, having planted the tantras, transmissions, and pith instructions (man ngag) in the mind, gives introduction by the twenty-one introductions, and by causing the disciple to recognize his own face in the visions of the path (lam snang) of the intermediate state (bar do), he is liberated from saṃsāra and the continuum of birth and death is cut. The king's dressing the queens in attire is this: the guru, now showing the disciple the twenty-one introductions, shows him the attire of awareness's own light (rang 'od), nakedly seen in direct perception (mngon sum); mounts him on the horse of wisdom; opens his eyes of the four lamps; hands him the weapons of tantra and transmission; fits him with the cutting edge of the pith instructions; clothes him in the garments of the four visions (snang ba bzhi); seeks for him the abode of primordial purity; seeks for him the house of the primordial radiance (ye gdangs) of the five lights; and seeks for him the path of liberation in the intermediate state or in this very life—whereby he reaches the culmination in the original ground and attains the vajra level (sa) that is without birth and death.

1.7 The instruction on decisive resolution through the view ལྟ་བས་ལ་བཟླ་བའི་གདམས་ངག1.7 The instruction on decisive resolution through the view
Paradoxical verses from the Lion's Perfect Dynamic Energy tantra prescribing killing, burning the Dharma, burying the buddha and the like are explained as Cutting Through and Direct Crossing instructions on mind, gaze, lamps, winds, visions and recognizing awareness, supported by Union of Sun and Moon verses on self-liberation.

Seventh, the instruction on decisive resolution (la bzla ba) through the view (lta ba): from the Great Tantra of the Lion's Perfect Dynamic Energy (seng ge rtsal rdzogs chen po'i rgyud):

1.7.1 The verses of the Lion's Perfect Dynamic Energy tantra སེང་གེ་རྩལ་རྫོགས་ཀྱི་ལུང1.7.1 The verses of the Lion's Perfect Dynamic Energy tantra (topical division)
Verses prescribing seemingly transgressive acts (liberating beings and the vajra master, casting siblings and parents away, destroying stūpas, turning from the Three Jewels, burying the buddha, reversing cause and result, cutting the all-ground) each with its result and reason in awareness.

If all the sentient beings of the three realms (khams gsum),
Every one, are liberated with an exceedingly sharp weapon,
Accomplishment (dngos grub) will arise.
In order to liberate all through compassion,
One's own vajra master himself—

[p. 509]
ཉིད།
།བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན།
།སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར།
།རང་རིག་ཡེ་ཤེས་ཡོད་པའི་ཕྱིར།
།རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས།
།གཅོང་རོང་དོང་དུ་བསྐྱུར་བྱས་ན།
།ཡེ་ཤེས་སྐུ་དང་མི་འབྲལ་འགྱུར།
།ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར།
།ལུས་སྲོག་བསྐྱེད་པའི་ཕ་མ་གཉིས།
།ཐང་ལ་བཏོན་ན་རང་ལུས་འཕེལ།
།ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར།
།མཆོད་རྟེན་ལྷ་ཁང་ལ་སོགས་རྣམས།
།ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན།
།ཡང་དག་དོན་གྱི་སྙིང་པོ་མཐོང༌།
།སྒྲོན་མ་མཁའ་ལ་གསལ་བའི་ཕྱིར།
།དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན།
།ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར།
།སྐུ་གསུམ་སྣང་བ་ཡོད་པའི་ཕྱིར།
།སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན།
།རང་གི་སྣང་བ་རྟོགས་པར་འགྱུར།
།འབྱུང་བ་རང་ལ་ལོག་པའི་ཕྱིར།
།ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན།
།རིག་པའི་རང་སྣང་རྟོགས་པར་འགྱུར།
།ཤེས་རབ་དོན་ལ་སྤྱོད་པའི་ཕྱིར།
།སེམས་ཅན་ཐམས་ཅད་དུས་གཅིག་ཏུ།
།བསྒྲལ་ན་སྣང་བ་སྟོང་པར་འགྱུར།
།ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར།
།རང་སྲོག་རང་གིས་བཅད་གྱུར་ན།
།ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར།
།སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར།
།སྐྱེ་དགུ་ཐམས་ཅད་

If one liberates him[64]Note 64 · p. 509 · bsgral: rendered "liberate" throughout (Dharmamitra, MITRA, Claude Fable 5.1) rather than "slay" (GPT-6 Astra, Grok 4.7, Gemini 3.1 Pro), since the tantra deliberately uses the tantric term for ritual slaying, which the commentary then reinterprets as cutting the root of mind; the double sense is lost with "slay". and casts him into the ocean,
One will come to know the phenomena of appearance and existence (snang srid),
For self-aware primordial wisdom (rang rig ye shes)[65]Note 65 · p. 509 · rang rig: Adzom reads rang reg, an evident misreading; the e-text rang rig is followed. is present.
If one casts the two, the brother and sister
Who are one's constant companions, into the pit of a ravine,[66]Note 66 · p. 509 · gcong rong dong du bskyur: Adzom reads rong du bsgyur ("gcong rong rong du"), an evident misprint; the e-text dong du ("into the pit of a ravine") is followed, and is confirmed by the commentary's mched lcam dong du skyur ba.
One will be inseparable from the kāya of primordial wisdom (ye shes sku),
For it is present as the chains (lu gu rgyud).
If one brings out onto the plain the two, the father and mother
Who produced one's body and life force,
One's own body will increase,
For primordial wisdom meets its object.
If one sweeps away stūpas, temples, and the rest
And pours them into the ocean,
One will see the heart essence (snying po) of the genuine meaning,
For the lamp shines clearly in the sky.
If one turns one's back on the Three Jewels (dkon mchog gsum),
One will see all buddha fields,
For the appearances of the three kāyas (sku gsum) are present.
If one liberates the buddha and puts him in a grave,
One will realize one's own appearances,
For the elements ('byung ba) revert into themselves.
If one burns the Dharma in fire[67]Note 67 · p. 509 · chos rnams mer bsregs: rendered "the Dharma" in the verse, since the list is one of outrageous transgressions (killing the master, destroying stūpas, turning from the Three Jewels, etc.); Grok 4.7, Gemini 3.1 Pro, Claude Fable 5.1 have "phenomena", which is how the commentary in the next part reinterprets it. Adzom's nam for rnams is a misreading. and pours it into water,
One will realize the self-appearance of awareness,
For wisdom engages the meaning.
If one liberates all sentient beings
At a single time, appearances will become empty,
For the very meaning of compassionate responsiveness (thugs rje) is unceasing.
If one cuts one's own life force with one's own hand,
One will meet with the nature of phenomena as one's object,[68]Note 68 · p. 509 · chos nyid yul dang 'phrad par 'gyur: Claude Fable 5.1 reads "the nature of phenomena encounters its object"; others "one encounters the object, the nature of phenomena". I take chos nyid as the object one meets, parallel to ye shes yul dang phrad pa above but with the practitioner as implicit subject of the main clause.
For the lamp is adorned with the five lights.
If one gathers all living beings[69]Note 69 · p. 509 · The reason clauses (…pa'i phyir) belong to the preceding statement, as in GPT-6 Astra, Grok 4.7, Gemini 3.1 Pro; Dharmamitra and MITRA attach each reason to the following statement, which inverts the sense.

[p. 510]
རང་དབང་དུ།
།བསྡུས་ན་སྟོབས་དང་ལྡན་པར་འགྱུར།
།ཡེ་ཤེས་ཆགས་པ་མེད་པའི་ཕྱིར།
།ལྷ་ཚོགས་ཐམས་ཅད་བཙོན་དོང་དུ།
།བཟུང་ན་དངོས་གྲུབ་ཉེ་བར་འགྱུར།
།རིག་པ་ཀུན་ཏུ་ཡངས་པའི་ཕྱིར།
།སྙིང་པོ་བཅད་ན་བསྐྱེད་རིམ་གསལ།
།རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར།
།ཚོགས་ལ་བསག་ཏུ་མེད་པ་ནི།
།སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར།
།རང་རིག་བཏང་བཞག་བྲལ་བའི་ཕྱིར།
།ཐབས་དང་ཤེས་རབ་བྲལ་གྱུར་ན།
།རང་གི་དོན་ཉིད་རྙེད་པར་འགྱུར།
།རིག་པ་གཅེར་བུར་ཡོད་པའི་ཕྱིར།
།རྒྱུ་འབྲས་མགོ་མཇུག་ཟློག་གྱུར་ན།
།སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར།
།རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར།
།ཀུན་གཞི་རྩད་ནས་བཅད་གྱུར་ན།
།ཡང་དག་མངོན་སངས་རྒྱས་པར་འགྱུར།
།ཆོས་སྐུ་གདོད་ནས་དག་པའི་ཕྱིར།
།བསད་བཅད་ལས་ལ་རབ་དགའ་ན།
།ཡང་དག་དགེ་བ་འཕེལ་བར་འགྱུར།
།རིག་པ་སྲོག་དང་བྲལ་བའི་ཕྱིར།
།ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ།
།ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་

Under one's own power, one will be endowed with strength,
For primordial wisdom is without attachment.
If one holds all the hosts of deities
In a dungeon, accomplishment will draw near,
For awareness is vast in every respect.
If one cuts off the heart essence,[70]Note 70 · p. 510 · snying po bcad na: "heart essence" per glossary; in context it means the heart (essence) mantra of the deity, whose cutting off is contrasted with the clarity of the generation stage. the generation stage (bskyed rim) will be clear,
For awareness is free of effort and accomplishment.
That there is nothing to gather for the accumulations (tshogs)
Is the utter perfection of generosity,
For self-awareness is free of letting go and holding on.[71]Note 71 · p. 510 · btang bzhag: rendered "letting go and holding on" (Gemini 3.1 Pro, Claude Fable 5.1 similar); Dharmamitra and MITRA's "accepting and rejecting" is a paraphrase.
If one parts from skillful means (thabs) and wisdom,
One will find one's own very aim,
For awareness is present naked.
If one reverses cause and result, head and tail,
One will attain the unborn fruition,
For it cannot be produced by a cause.
If one cuts the all-ground (kun gzhi) from the root,
One will genuinely and manifestly awaken,
For the dharmakāya (chos sku) is pure from the very beginning.
If one takes great delight in acts of killing and cutting,
Genuine virtue will increase,
For awareness is free of life force.
Such is the way primordial wisdom is realized."Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Energy of the Lion · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it says.

1.7.2 Meaning of the verses ལུང་དེའི་དོན1.7.2 Meaning of the verses (topical division)
Each transgressive line is read as a practice point: liberating beings is cutting mind and mental factors, the master and kin are gaze, wind-mind and lamps, burning phenomena is wisdom exhausting grasping, and the final lines address exhaustion of appearances, fruition as path and cutting the all-ground.

As for the meaning of these:

1.7.2.1 From liberating the three realms to burying the buddha ཁམས་གསུམ་བསྒྲལ་བ་ནས་སངས་རྒྱས་དུར་དུ་བཅུག་པའི་བར་གྱི་དོན1.7.2.1 From liberating the three realms to burying the buddha (topical division)
Liberating beings is cutting mind and mental factors; the master, siblings and parents refer to the gaze, wind-mind with the chains, and the two lamps; the stūpa is awareness in the citta meeting mother and child luminosity; turning from the Three Jewels yields the kāya visions; burying the buddha is recognizing coemergent ignorance.

Accomplishment arising from liberating the three realms means cutting at the root the mind and mental factors (sems byung) comprised by the three doors (sgo gsum) and the three realms, and bringing them to cessation.

Knowing phenomena by casting the vajra master into the ocean[72]Note 72 · p. 510 · rgya mtshor bskyur: Adzom bsgyur, an evident misreading; bskyur followed. means that, while one remains in the gaze (lta stangs), the mental faculty

[p. 511]
དང་སེམས་གང་དུའང་མི་རྟོག་པས་མིག་ལ་དངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པས་ཕྱིར་སྣང་བའི་ཡེ་ཤེས།ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང༌། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་

and mind do not think of anything at all, and by bringing out lucidity in the eyes,[73]Note 73 · p. 511 · mig la dangs 'byin pas: read dangs as "lucidity/brightness" (GPT-6 Astra, Gemini 3.1 Pro, Claude Fable 5.1); the sense is that the clarity of non-thought rises into the eyes so that one perceives directly. one knows in direct perception.

Casting the brother and sister into the pit means holding wind and mind (rlung sems) and looking at the chains.

Body and life force increasing by bringing out the father and mother means that by bringing out the lamp of the utterly pure basic space and the lamp of the empty spheres directly before the sense faculty (dbang po) and looking, the visions increase further.

Seeing the heart essence by pouring the stūpa and the temple into the ocean means this: the stūpa of awareness in the center of the citta is present in the temple of the five lights; by directing it with the gaze into the water lamp of the far-reaching lasso (rgyang zhags chu'i sgron ma), one sees the heart essence in which the two—the primordial wisdom that appears outwardly[74]Note 74 · p. 511 · gtad pas phyir snang ba'i ye shes: Adzom reads gtad pa'i phyir snang ba'i ye shes; the e-text gtad pas is followed, since phyir ("outwardly") answers nang du ("inwardly") in the following phrase. and, inwardly, the primordial wisdom of the meaning of the nature of phenomena—are without meeting or parting, and thus the mother and child luminosities meet.

Seeing the buddha fields by turning one's back on the Three Jewels means that, turning the movements of the mental faculty away from the three poisons (dug gsum), the root of saṃsāra, and looking at awareness, one sees the visions of the nirmāṇakāya (sprul sku) in the direct perception[75]Note 75 · p. 511 · chos nyid mngon sum dang nyams gong 'phel du sprul sku: the first two visions are both correlated with the nirmāṇakāya (so GPT-6 Astra, Gemini 3.1 Pro); Dharmamitra, Grok 4.7, MITRA, Claude Fable 5.1 leave the first vision without a kāya, which misreads the syntax. of the nature of phenomena (chos nyid mngon sum) and in the increase of experience (nyams gong 'phel), of the sambhogakāya (longs sku) in reaching full measure (tshad phebs), and of the dharmakāya in exhaustion (zad pa).

Realization through putting the buddha in the grave means that in the very instant (skad cig) one is brought to recognize its own face in the co-emergent ignorance (ma rig pa lhan skyes) that is present within awareness, self-awareness is realized. That, moreover, is because the root of ignorance reverts into awareness. For example, when cognition[76]Note 76 · p. 511 · The part ends mid-sentence ("dper na shes pa nyon | mongs su shar dus"); "For example, when cognition" is given here and the next part continues "arises as affliction…".

[p. 512]
མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པས་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང༌། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་

arises as an affliction, ignorance is present as a latent tendency (bag la nyal) and the affliction as something manifest; by looking intently at this,[77]Note 77 · p. 512 · "cher gyis bltas pas": Grok 4.7 "intently", MITRA "directly"; cher gyis means "intensely, fixedly" — I follow Grok 4.7/Dharmamitra. awareness emerges naked, and ignorance together with the affliction clears into awareness, so that awareness abides vividly and unimpededly.

1.7.2.2 From consigning the Dharma to fire and water to virtue increasing through killing ཆོས་མེ་ཆུ་ལ་བསྐུར་བ་ནས་བསད་པས་དགེ་བ་འཕེལ་བའི་བར་གྱི་དོན1.7.2.2 From consigning the Dharma to fire and water to virtue increasing through killing (topical division)
Burning phenomena is wisdom exhausting grasping; killing beings and one's life force is thoughts and winds ceasing; gathering beings and imprisoning deities are bodily key points and empty forms; the remaining lines concern leaving as it is, exhaustion of appearances, non-dual awareness, the fruition as path, and cutting the all-ground.

Realizing self-appearance by consigning phenomena to fire and water means that whatever deluded phenomena of apprehended and apprehender arise, having burned them with the fire of the wisdom of realization until they are exhausted without a ground, one rests in that state with the water of naturally settled meditative concentration (bsam gtan), and thereby realizes the meaning of awareness.

Emptying appearances by killing sentient beings means that by releasing all recollection and thought into the great even resting, deluded thoughts go to their own cessation and deluded appearances are emptied. Alternatively, by looking at direct perception, the feelings that arise cease and the appearances of earth and stone are reversed.

Meeting the object of the nature of phenomena by cutting one's own life force means that by letting the wind go to its own cessation, conceptual thoughts are emptied of their own accord, and when its own face is realized in naked seeing, the appearances of basic space arise directly. Moreover, outwardly one meets the natural object of the basic space of the appearances of light;[79]Note 79 · p. 512 · "'od snang dbyings kyi rang yul": Gemini 3.1 Pro/GPT-6 Astra take 'od snang as apposition to dbyings ("basic space, the outer luminous appearances"); I read 'od snang dbyings as one phrase, "the basic space of the appearances of light" (Grok 4.7/Claude Fable 5.1), as the outer counterpart to the inner ka dag zad pa. inwardly, since all conceptualization clears away without a trace, one meets in an instant the natural object of the exhaustion of primordial purity.[78]Note 78 · p. 512 · ka dag zad pa'i rang yul (e-text) vs. Adzom ngang yul ("the object of the state of exhaustion"). I keep rang yul, parallel to the preceding "dbyings kyi rang yul"; the variant does not alter the sense much.

Possessing strength by gathering all beings means that by gathering the key points (gnad) of wind and awareness through the key points of the body, the mind itself (sems nyid)

[p. 513]
རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པས་བསྐྱེད་རིམ་གསལ་བ་ནི། །དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པས་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པས་རྒྱུ་རང་འགགས་པ་

abides in its own place, and the experiences of bliss, clarity, and nonconceptuality increase.

Accomplishment drawing near by holding the hosts of deities captive means that if the empty forms (stong gzugs) are held within the enclosure of basic space,[80]Note 80 · p. 513 · go rar (e-text) vs. Adzom go rang: go ra "enclosure" is required by the sense (bzung "held within"); go rang is an evident misreading. I follow the e-text. the signs and their measure are swiftly attained.

The generation stage becoming clear by cutting out the heart means that when recollection and thought, just as they are, are struck with the nail of leaving as it is (cog gzhag), awareness comes forth clear and lucid.[81]Note 81 · p. 513 · "rig pa dang sangs phyed pa": Gemini 3.1 Pro "awareness and awakening are distinguished" and Dharmamitra "awareness and the expanse are clarified" misread dang sangs (an expression for lucid clarity) as a conjunction; I follow Grok 4.7/Claude Fable 5.1/GPT-6 Astra, "awareness comes forth clear and lucid".

Generosity being perfected when there is no gathering of accumulations means that when the movement of wind and mind is purified, the increase of the arising appearances reaches the point of exhaustion, so that spontaneous presence is close to setting into the inner basic space. In general, as long as there is movement of the channels and winds (rtsa rlung), there are the arising appearances of the ground-appearances; and when the channels and winds are purified, the ground-appearances reverse of themselves and revert into the basic space of the ground, their root, like the light of a crystal being gathered back within. If the increase of appearances is not exhausted,[82]Note 82 · p. 513 · "snang ba'i 'phel ma zad na": Dharmamitra renders "when the increase is exhausted"; the Tibetan has ma zad, "not exhausted" (Grok 4.7/Gemini 3.1 Pro/Claude Fable 5.1/GPT-6 Astra). the dynamic energy (rtsal) of practice is not exhausted.

Finding the meaning by parting skillful means and wisdom[83]Note 83 · p. 513 · "thabs shes bral bas": Grok 4.7/Dharmamitra "free of means and wisdom", Claude Fable 5.1/GPT-6 Astra "separating/parting means and wisdom"; the symbolic heading is a paradox (parting what should be united), so I keep "parting", explained by the gloss that follows (freedom from dualistic cognition). means that when cognition is free of the dualistic apprehended and apprehender, self-awareness (rang rig) is clear in its own place, because awareness is a single naked openness. This, moreover, is clear at the time of leaving whatever is thought as it is.

Attaining the fruition ('bras bu) by reversing cause and result means that since it is not seized by doing but is seized when left alone, by releasing effortful activity, at whatever time it may be, into natural resting (rang gzhag), the uncontrived meaning arises in an instant; this is called "the cause ceasing of itself through taking the fruition as the path."

[p. 514]
ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ།
།རང་ཀ་མ་ནི་རང་གྲོལ་བས།
།ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང༌།
།རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན།
།རང་གི་གཉེན་པོར་རང་ཉིད་ཆེ།
།རང་བཞིན་རྫོགས་ཆེན་རྟོགས་པ་ཡིས།
།འདི་ལྟར་གོམས་པ་གང་ཡིན་པ།
།མ་བཙལ་བཞག་པའི་དོན་རྣམས་རྙེད།
།མ་བསྒོམས་པར་ནི་བདེ་ཆེན་རྒྱས།
།རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་ཕྲད་པ་དེ།
།མཚམས་མེད་སྡིག་དང་ལྡན་པ་ཡང༌།
འདི་ཉིད་གོམས་པས་གྲོལ་བར་ནི།
།ཐེ་ཚོམ་མེད་དོ་ན་རག་ཀན།
།ཅེས་སོ། །བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད།
།བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན།
།མི་གཅིག་ཚིག་པ་མེད་པར་ཡང༌།
།ཁ་ནས་སྡེ་སྣོད་ཆོས་བཤད་ཅིང༌།
།ལས་

That all agree that saṃsāra is cut off by reversing dependent origination (rten 'brel) from its forward, ascending order is called "the dharma of cause and result inverted." When one looks at the very face of the all-ground, the root of ignorance,[84]Note 84 · p. 514 · "kun gzhi ma rig pa'i rtsa ba rang ngo la bltas dus chod pas": construed variously (Dharmamitra/MITRA/Claude Fable 5.1 "the root of the all-ground and/of ignorance"; GPT-6 Astra "root of the all-ground and ignorance"). I read kun gzhi as the root of ignorance, whose face is looked at and thereby severed. it is severed, and one awakens to buddhahood.

Virtue increasing through killing means that by releasing whatever is recollected, right as it arises, just there, loosely and openly into a self-severed leaving as it is, the primordial wisdom of the true meaning comes to be seen nakedly, and experience and realization increase of their own force.

1.7.3 Citation from the Union of Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང1.7.3 Citation from the Union of Sun and Moon (topical division)
Verses stating that what is as it is self-liberates, like iron cleaving iron; through familiarization with the Great Perfection great bliss expands without meditation, and even one guilty of acts of immediate retribution is liberated.

From the Union of Sun and Moon (nyi zla kha sbyor):

By itself self-liberated, within itself—
since what is just as it is is self-liberated,
like iron cleaving iron
and stone breaking stone,
oneself is the greatest antidote to oneself.
Whoever, through realizing the natural Great Perfection,
familiarizes himself in this way
finds the meanings that are left unsought;
without meditating, great bliss (bde chen) expands;
it is directly known as the nature itself.
Whoever meets with this very thing,
even one possessed of the sins of immediate retribution,
will be liberated by familiarization with this very thing—
of that there is no doubt, na rag kan.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་ཟླ་ཁ་སྦྱོར་ཆེན་པོ་གསང་བའི་རྒྱུད, nyi zla kha sbyor chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 72 % of the words.
[85]Note 85 · p. 514 · "na rag kan" at the end of the Nyi zla kha sbyor quotation is an exclamatory or mantra-like close of uncertain meaning (MITRA/GPT-6 Astra "Narakan"); I leave it in transliteration.

So it says.

1.8 The symbol of being gathered into the expanse of luminosity འོད་གསལ་ཀློང་དུ་དྲིལ་བའི་བརྡ1.8 The symbol of being gathered into the expanse of luminosity
Verses from the Reverberation of Sound on a man unburned in the eon's fire who teaches and kills, and on sun and moon unseen in a doorless iron house, explained as self-arisen wisdom unstained amid thoughts, and awareness present in all yet seen only by those with instructions.

Eighth, the symbol of being gathered into the expanse of luminosity: from the Reverberation of Sound:

Further, the connected words of the symbols' meaning are explained:
in the midst of the expanse of the eon's mass of fire,
one person, without being burned,
expounds from his mouth the Dharma of the piṭakas, and, in his deeds,[86]Note 86 · p. 514 · The final "las" begins the phrase las su gzhan gyi srog gcod pa on the next page; I render it "and, in his deeds," so that the next part continues with "takes the life of others".

[p. 515]
སུ་གཞན་གྱི་སྲོག་གཅོད་པ།
།དགེ་སྦྱོར་འཕེལ་བ་ཡ་རེ་ཆ།
།ལྕགས་ཀྱི་ཁང་པ་སྒོ་མེད་ན།
།སྣང་མེད་མུན་པའི་ཀློང་དཀྱིལ་ན།
།ཉི་མ་ཟླ་བ་འོད་གསལ་ཡང༌།
།སུས་ཀྱང་མཐོང་བ་མེད་པ་ནི།
།སོ་སོའི་དབང་པོའི་ཡུལ་གསལ་བ།
།མཐོང་བ་མེད་པ་ཡ་རེ་ཆ།
།ཞེས་པའི་དོན་ལ། མེ་དཔུང་གིས་མི་མཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང༌། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་

takes the life of others—
that his virtuous practice (dge sbyor) increases: how wondrous!
In an iron house without a door,
in the midst of the expanse of lightless darkness,
though the sun and moon are luminous,
they are seen by no one at all;
clear as the object of each one's sense faculties,
yet unseen—how wondrous!Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 80 % of the words.

As to the meaning of this: that virtue increases without being burned by the mass of fire means that, although the man of self-arisen primordial wisdom[87]Note 87 · p. 515 · མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི: MITRA and Dharmamitra read "the fire of self-arisen primordial wisdom," but the Tibetan has མི "man" (the one person of the verse), as Claude Fable 5.1, Gemini 3.1 Pro, Grok 4.7, GPT-6 Astra read; I follow the latter. has dwelt from beginningless time within the fire of the hosts of thoughts (rtog tshogs) and afflictions, he is not stained, not corrupted, and not burned by it; when he recognizes his own face by himself, that is the expounding of the piṭakas; and the hosts of thoughts passing into self-liberation is the taking of the life of others, because they are the mind that apprehends things as other. The meaning of that is that, since awareness strikes the key point, virtuous practice increases of its own accord. The dark iron house is that, within the citta of one's own body, awareness dwells together with ignorance. Not seeing the sun and moon is that, although it is present in everyone, it is not seen because there are no instructions. Being clear to each one is that, for one who possesses the instructions, the vision of direct perception is seen right now. Not being seen is that, when one sees those empty forms oneself, one person seated nearby does not have it thus as the other does.[88]Note 88 · p. 515 · གཅིག་གིས་གཅིག་གི་དེ་ལྟར་མེད་པ: the drafts vary in phrasing; I take it to mean that one seated beside another does not share the other's vision of the empty forms (Claude Fable 5.1, Grok 4.7, GPT-6 Astra, Dharmamitra), not that the forms are unseen in general. This is the symbolic meaning of luminous awareness.

2 The greatness of the topic of symbols བརྡའི་གནས་ཀྱི་ཆེ་བ2 The greatness of the topic of symbols (topical division)
Innumerable further symbols are found in the individual tantras; guarded by the ḍākinīs, the symbols are formidable and hard to realize but powerful, incorruptible, of great blessing, close to the meaning and beyond words, hence the great secret.

These and other kinds of symbols,

[p. 516]
གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེད་པའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ། །

innumerable, are renowned in this unsurpassed vehicle (theg pa), and so they should be known in the context of the individual tantras. Since this topic of symbols has been taken in charge by the ḍākinīs (mkha' 'gro ma), it is extremely formidable and also difficult to realize; and if it is realized, since its meaning is of great force, it ripens one,[89]Note 89 · p. 516 · འཚེད་པ (e-text) vs. Adzom འཚེང་པ: 'tshed pa "to cook, ripen" (so Gemini 3.1 Pro, GPT-6 Astra, Dharmamitra; Claude Fable 5.1 "overwhelming," Grok 4.7 "searing"); Adzom's 'tsheng would mean "satisfies, fulfils." I follow the e-text, rendering "it ripens one," i.e. its force is such that only the highest can bear it. and for that reason too it is the Dharma of the very highest. Other words may in the interim become corrupted and confused, but this symbol cannot be altered by anyone; since it cannot be corrupted, its blessing (byin rlabs) is great and it shows the meaning closely, and since it is not the domain of words, it is the great secret (gsang ba chen po).

3 Chapter colophon མཇུག་བྱང3 Chapter colophon
Closes the tenth chapter, the illustration by symbols of the mode of delusion together with the way of reversing it.

From the Precious Treasury of the Supreme Vehicle, this is the tenth tier:[90]Note 90 · p. 516 · རིམ་ཁང: the drafts write "storey" or "chapter"; house glossary "tier" is used. the illustration by symbols of the mode of delusion together with the way of reversing it.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 3 quotations, 2 found on this wiki.
# p. Tibetan English Source On this wiki
1 508 ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་ … བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། If all the sentient beings of the three realms … force. Such is the way primordial wisdom is realized." named: སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Energy of the Lion · tantra; Nyingma Gyubum, one of the Seventeen Tantras high
not found
2 514 རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་ … བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། By itself self-liberated, within itself— since what is just … of that there is no doubt, na rag kan. named: ཉི་ཟླ་ཁ་སྦྱོར་ལས
ཉི་ཟླ་ཁ་སྦྱོར་ཆེན་པོ་གསང་བའི་རྒྱུད, nyi zla kha sbyor chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 72 %
3 514 གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་ … གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། Further, the connected words of the symbols' meaning are … object of each one's sense faculties, yet unseen—how wondrous! named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 80 %