Theg mchog mdzod (Longchenpa): Ch. 17 (2)
Theg mchog mdzod (Longchenpa)/Ch. 17 (2)
Theg mchog mdzod study edition: editions, critical edition, translation, bilingual (22 November 2026) |
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026) |

| Line 1: | Line 1: | ||
{{DISPLAYTITLE:Theg mchog mdzod (Longchenpa): Ch. 17 (2)}} | __NOTOC__{{DISPLAYTITLE:Theg mchog mdzod (Longchenpa): Ch. 17 (2)}} | ||

[[Theg mchog mdzod (Longchenpa)/Ch. 17 (1)|← Ch. 17 (1)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 17 (3)|Ch. 17 (3) →]]
'''Theg pa'i mchog rin po che'i mdzod, chapter 17: dmigs pa yul gyi blo rim can 'jug pa'i lam zab rgya cher bshad pa''' · <span class=" |
[[Theg mchog mdzod (Longchenpa)/Ch. 17 (1)|← Ch. 17 (1)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 17 (3)|Ch. 17 (3) →]]
'''Theg pa'i mchog rin po che'i mdzod, chapter 17: dmigs pa yul gyi blo rim can 'jug pa'i lam zab rgya cher bshad pa''' · དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ
Pages 85–112 of volume 2 of the corrected base text (part 2 of 3 of Ch. 17). | ||

Not in this part's tabs (the edition does not contain it): two volumes MW0TTBBC0007.

Not in this part's tabs (the edition does not contain it): two volumes MW0TTBBC0007.

= Adzom Chögar (standard edition) = | = Adzom Chögar (standard edition) = | ||

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page)

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].

<div style="font-family:sans-serif;font-size: |
Volume I1PD87

<span | [p. 79] ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ཅི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་ | ||
<span | [p. 80] སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཅོ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །དག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག ། | ||
<span | [p. 81] རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྤྱོད་པ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་ | ||
<span | [p. 82] སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་ | ||
<span | [p. 83] འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྟ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམས་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངམ་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་ | ||
<span | [p. 84] སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྐྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམས་ཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་པ་སྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱི་ན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མངའ་སྲོང་གི་མིག་ལ་ཡོད་པ་དང་། རི་བོང་ | ||
<span | [p. 85] དད་ཁྲ་ཚད་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསལ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་གྱི་ཞེན་པ་བཅད་པ་བསམ་ག་ཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྤྲང་ | ||
<span | [p. 86] དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམ་ཏེ། །ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མང་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྡོམ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦས། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། ། | ||
<span | [p. 87] དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དྭངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་པོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། །གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ | ||
<span | [p. 88] ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་བའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐེག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་ | ||
<span | [p. 89] བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཉིད་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆེས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྩིས་ལ་ཟོས་པས་རིང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་གཙོས་པའི་དངས་མ་ལ་སྦྱོར་བ་སྟེ། དེ་ཉིད་ལས། ཡང་ནེ་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་བྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་ | ||
<span | [p. 90] མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོས། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྦོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་དུ་མ་བཤད་པའི། །འབྱུང་བའི་ནང་རྣམས་དྲང་དང་བཟློག །ཟབ་མོ་ངེས་པས་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་ | ||
<span | [p. 91] དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་ | ||
<span | [p. 92] སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཁྲ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་པ་སྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྤུ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་ར་ལག་སེལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །སྤྲུལ་བུམ་ལྟོ་འཕྱེ་དྲི་མ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་དམྱལ། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། ། | ||
<span | [p. 93] འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང་། །བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། །སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། །རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། །སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། །དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འཕྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོབས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་ | ||
<span | [p. 94] བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །བསམ་དོན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། །མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། །བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ | ||
<span | [p. 95] ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། །སྤྱོད་པ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་དོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་པས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་ | ||
<span | [p. 96] པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དང་ངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་ | ||
<span | [p. 97] རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་གློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ན་འང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། །ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཚངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སྦ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་ཕྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ་། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མ་དང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་ས་ལ་ས་ལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ། །རྨི་ལམ་ | ||
<span | [p. 98] དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་དུ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་ | ||
<span | [p. 99] ༄༅། །པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་ གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་མི་ལམ་ གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེ་འདྲ་སྦྱང་བ་དང་། དཀྲུགས་པ་དང་། བསྒྱུར་བ་དང་། གཅུད་པ་དང་། གཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། ། རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་ཕ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་ གྲོགས་ཏེ། དེ་འདྲ་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་ཉལ་བས་འཕང་ཞིང་སྣང་མེད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ | ||
<span | [p. 100] ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དྭངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། །རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་ | ||
<span | [p. 101] དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་རེ་མི་ | ||
<span | [p. 102] ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག །ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དཔེ་བཞིན་ཤེས་པར་གྱིས། །ཅི་ལྟར་ཆུ་ཤིང་རློན་པའི་སྡོང་ | ||
<span | [p. 103] ༄༅། །བོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་ རྨི་ལམ་ལ་སྣང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་ བས་ཞེན་པ་ཉེ་ལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ། ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀྱང་། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་ དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིད་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་རྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་ | ||
<span | [p. 104] པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མདོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གཏམས་པས་ངག་གི་བརྗེད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གསང་བ་ས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གནད་མས་པས་འོད་གསལ་མ་བུ་སྨྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནོད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་ | ||
<span | [p. 105] གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་པས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= W22920 (BDRC e-text) = | = W22920 (BDRC e-text) = | ||

BDRC typed e-text UT22920_005 (the base text was made from it)

BDRC typed e-text UT22920_005 (the base text was made from it).

ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུར་སྐད་ཅིག་མའི་འཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེས་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་མན་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུ་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དགོ་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་ར་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པ་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་ས། །གཉིས་པ་ཤར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་གྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རིལ་བུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིག་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རིལ་བུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོ་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀའ་ལ་རྩ་རླུང་ཐིག་ལེ་ཆུ་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚན་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་ཡངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་ནང་བང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་པའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་གནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ན་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་ཡར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་བྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་བ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལས་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། ནགས་ཚལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེའུ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་དེ་ནས་ཉིན་འགར་རབ་ཏུ་དལ་བས་ཀྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུས་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་སྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱམ་ཕྱལ་བསྒོམ་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་འབོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་གྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དབང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་ཀྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཞིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱིས་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུར་སྐད་ཅིག་མའི་འཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེས་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་མན་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུ་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དགོ་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་ར་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པ་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་ས། །གཉིས་པ་ཤར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་གྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རིལ་བུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིག་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རིལ་བུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོ་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀའ་ལ་རྩ་རླུང་ཐིག་ལེ་ཆུ་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚན་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་ཡངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་ནང་བང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་པའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་གནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ན་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་ཡར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་བྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་བ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལས་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། ནགས་ཚལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེའུ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་དེ་ནས་ཉིན་འགར་རབ་ཏུ་དལ་བས་ཀྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུས་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་སྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱམ་ཕྱལ་བསྒོམ་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་འབོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་གྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དབང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་ཀྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཞིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱིས་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= Pe cin 2009 (dpe bsdur ma) = | = Pe cin 2009 (dpe bsdur ma) = | ||

rywikitexts e-text (input 2020; converted from a legacy font encoding on 22 November 2026)

rywikitexts e-text (input 2020; converted from a legacy font encoding on 22 November 2026).

ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ།གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་ «སུ»་མྱོང་བ་རྨི་ལམ་དང་འདྲ་བ་«༼༡༽«སྐྱེ»འོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ།མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག «།»བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག «།»རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་«སྡུ»ད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་«སྤྱོ»ད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག «།སྟོ»ང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག «།སྟོ»ང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག «།»འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག «།»གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག «།»འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་བྱང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེང་འདུག «།»གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག «།»མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་ བསྟུན་བྱས་«༼༡༽»ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་སོང་དུ་གྱུར་པ་དང་། ། ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བ ག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང་། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དོ། །དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག «།»དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་སྟཻ། རོ་མའི་རྩ་ནང་དུ་དྲངས་ལ།མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམ་སྟེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦས«༼༡༽«། །»ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། ། འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དྭངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། ། རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་བའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་བྱ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དྭངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང ་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། ཁམས་གསུམ་འབྲོས་ཁུང་བཅད་«༼༡༽»པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག «།»འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དྭངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། ། དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དྭངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་ འཇིགས་བྲལ་ཏེ«༼༡༽«།« «།»འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག «།»ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི «།»ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། ། དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཕྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འ ཕྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག «།»བྱ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། ། འཕྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང་། བེམ་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། ། དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། ། མཐོང་བ་«༼༡༽»ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམ་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དེང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་«སྤོ། །»དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམ་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཞེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ་། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ «།»རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམ་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་ གཅུད་ལ་«༼༡༽»མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང་། དཀྲུགས་པ་དང་། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར ་པ་ལ་སེམས་བཟུང་ལ། རླུང་དང་དྭངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག ། འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས།གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་དེ་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ཡོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ཡོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག «།»དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག «།»སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ«༼༡༽«།»ནང་དུས་བཞི་མཉམ་སྦྱོར་གྱི་གདམས་པས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ།འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ།ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ།གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་ «སུ»་མྱོང་བ་རྨི་ལམ་དང་འདྲ་བ་«༼༡༽«སྐྱེ»འོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ།མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག «།»བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག «།»རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་«སྡུ»ད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་«སྤྱོ»ད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག «།སྟོ»ང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག «།སྟོ»ང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག «།»འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག «།»གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག «།»འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་བྱང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེང་འདུག «།»གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག «།»མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་ བསྟུན་བྱས་«༼༡༽»ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་སོང་དུ་གྱུར་པ་དང་། ། ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བ ག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང་། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དོ། །དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག «།»དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་སྟཻ། རོ་མའི་རྩ་ནང་དུ་དྲངས་ལ།མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམ་སྟེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦས«༼༡༽«། །»ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། ། འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དྭངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། ། རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་བའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་བྱ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དྭངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང ་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། ཁམས་གསུམ་འབྲོས་ཁུང་བཅད་«༼༡༽»པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག «།»འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དྭངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། ། དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དྭངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་ འཇིགས་བྲལ་ཏེ«༼༡༽«།« «།»འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག «།»ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི «།»ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། ། དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཕྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འ ཕྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག «།»བྱ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། ། འཕྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང་། བེམ་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། ། དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། ། མཐོང་བ་«༼༡༽»ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམ་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དེང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་«སྤོ། །»དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམ་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཞེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ་། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ «།»རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམ་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་ གཅུད་ལ་«༼༡༽»མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང་། དཀྲུགས་པ་དང་། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར ་པ་ལ་སེམས་བཟུང་ལ། རླུང་དང་དྭངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག ། འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས།གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་དེ་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ཡོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ཡོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག «།»དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག «།»སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ«༼༡༽«།»ནང་དུས་བཞི་མཉམ་སྦྱོར་གྱི་གདམས་པས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ།འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ།ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= Karma Lekshey Ling = | = Karma Lekshey Ling = | ||

rywikitexts e-text input by Karma Lekshey Ling

rywikitexts e-text input by Karma Lekshey Ling.

ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུར་སྐད་ཅིག་མའི་འཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེས་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་མན་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུ་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དགོ་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་ར་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པ་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་ས། །གཉིས་པ་ཤར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་གྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རིལ་བུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིག་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རིལ་བུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོ་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀའ་ལ་རྩ་རླུང་ཐིག་ལེ་ཆུ་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚན་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་ཡངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་ནང་བང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་པའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་གནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ན་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་ཡར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་བྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་བ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལས་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། ནགས་ཚལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེའུ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་དེ་ནས་ཉིན་འགར་རབ་ཏུ་དལ་བས་ཀྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུས་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་སྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱམ་ཕྱལ་བསྒོམ་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་འབོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་གྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དབང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་ཀྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཞིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱིས་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུར་སྐད་ཅིག་མའི་འཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེས་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་མན་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལས་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུ་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དགོ་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་ར་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པ་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པ་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་ས། །གཉིས་པ་ཤར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་གྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རིལ་བུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིག་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རིལ་བུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོ་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀའ་ལ་རྩ་རླུང་ཐིག་ལེ་ཆུ་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚན་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་ཡངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་ནང་བང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་པའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་གནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ན་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་ཡར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་བྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་བ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལས་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། ནགས་ཚལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེའུ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་དེ་ནས་ཉིན་འགར་རབ་ཏུ་དལ་བས་ཀྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུས་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་སྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱམ་ཕྱལ་བསྒོམ་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་འབོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་གྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དབང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་ཀྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཞིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱིས་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= Derge (sde dge par ma) = | = Derge (sde dge par ma) = | ||

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page)

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I1CZ5002

<span | [p. 574] ཅི་སྣང་སྣང་ལ་ཆེར་གྱིས་བལྟས་ དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏང་བ་མེད་བདེན་ པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནི་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་ དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི། སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་ པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་ གཏད་པས། དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་ | ||
<span | [p. 575] པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་ པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་ལ་རང་སར་སྡུད། །ལུས་རྟེན་ངང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། ། འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་ སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་ འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང་། ཐལ་ འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དེར་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། ། ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་ | ||
<span | [p. 576] བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་གྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་པོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་སྒྲས། ། མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་ འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་ པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམས་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། ། | ||
<span | [p. 577] ༄༅། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་ གཏན་ནི། མི་རྟོག་པ་རང་གིས་ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་ པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་ གཏན་གྱིས། འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་ བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བཀའ་ཡེངས་པའི་ཚེ་གྱི་ནང་ན་རང་ཏད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང་། རི་དོང་ནང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཐུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཐམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་ | ||
<span | [p. 578] གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། །རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་ དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་ སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་ སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་ལྔ་བས་སྣང་བ་ཐམས་ཅད་ཟས་སུ་ གྱུར། མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། །བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་ སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡི། །ལུས་ཟུངས་ལྡན་ཞིང་ སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ | ||
<span | [p. 579] ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་ རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་ མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་ བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་ བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། | ||
<span | [p. 580] ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་རྒྱ་ཤེས་རབ་ལ་ བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་ གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་གཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་ རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་ གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། ། དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་ | ||
<span | [p. 581] ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་ བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་ གནང་བསྟན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ དུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། ། ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུར་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་ | ||
<span | [p. 582] བ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་ བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ ཏེ། ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྦུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་ འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། ། རང་བཞིན་རྩལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་གང་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡི་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདི་འདུས་ན་བླ་ | ||
<span | [p. 583] མའི་ནད་གཞན་ལ་སྤོ་བ་དང་། །བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། །སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། །རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། ། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། །དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། ། རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། ། སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་ དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་ བོས་བཀའ་སྩལ་ན། རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། ། སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་ | ||
<span | [p. 584] པས་སྤོ། །འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། །དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། །བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རིང་ སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་ སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་ དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། ། གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། །སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་དོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་པས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། ། དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་ངོ་། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་ | ||
<span | [p. 585] གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ དུ་བ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་ སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་ སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་ པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་ པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། །ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྱིན་ | ||
<span | [p. 586] གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱར་རོ། །དང་པོ་རྨི་ལམ་སྦྱར་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མ་དང་རྨི་སྐྲ་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་ བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་ས་ལ་ས་ལ་བསྒོམ། ཐམས་ཅད་གཏད་མེར་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་ བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ། །རྨི་ལམ་དུའང་དེའི་རང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་ཉེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་ པར་བསྒྱུར་བ་ནི་ནམ་མཁའ་ལ་སྦྱིན་དེ་བས་པའམ་དུ་བསངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་བྱམས་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་ པ་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁྱེར་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རེགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་ལ། | ||
<span | [p. 587] གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། ། གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། ། དེའང་སྦྱང་བ་དང་། དཀྲུགས་པ། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་ གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་ པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་ པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་ | ||
<span | [p. 588] རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། །རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད། སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ | ||
<span | [p. 589] ༄༅། །ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་ དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདྲིལ་བ་དག་གཞན། དགྲ་གཉེན། ཟས་གིས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག་ན་ཆེ། ཅི་ཤར་ཅི་དྲན་ཅི་སྣང་ལ་ཁོ་རོ་འདས་ཀྱི་ཆོས་ཐམས་ ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་ཁར་དེའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་ བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་ སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ | ||
<span | [p. 590] ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་ པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ལ་དུས་ བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནད་དུས་བཞི་མཉམ་སྦྱོར་གྱི་གདམས་བས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གསང་བས་སེམས་མ་བཙོས་རྣལ་དུ་ དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་དམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་ རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ | ||
<span | [p. 591] ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་ བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= Serthang Larung = | = Serthang Larung = | ||

OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page)

OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I3CN4265

<span | [p. 86] ཅི་སྣང་སྣང་ལ་ཆེར་གྱིས་བལྟས་དུས་ སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ | ||
<span | [p. 87] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་ དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནི་ཆེ་རེ་མ་ཡེངས་པར་ བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་ སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་ འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་ དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། ། བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་ དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྟིང་ངེ་གང་ལའང་རྟེན་མེད་ དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ ནི༑ ༑དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་སེམས་གཏད་པས། །དེ་ཡི་ངག་ གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། ། ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་ | ||
<span | [p. 88] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་ བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་ པ༑ ༑དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་ བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་ དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་ སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག ། སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་ པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་ སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། ། དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་ མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ ཐོབ། །ཅེས་སོ། ། འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང་། ། རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་ མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། ། | ||
<span | [p. 89] ། ཐེག་མཆོག་རིན་པོ་ཆེའི་མཛོད། རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་ མཁས་པས་ཁྲི་སྟེང་འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལོ་མ་ འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་ གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་ གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། ། ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་ གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། ། ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་ རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་ གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། ། འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་ བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་ སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ ལུས་དང་བསྟུན་བྱས་༡ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་ སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་ འགྲུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། ། ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ | ||
<span | [p. 90] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་ གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་ གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། ། གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་ རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་ གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་ གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་ བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་ པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་ གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་ རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་ གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། ། གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་ དང་། བཅོས་མའི་བསམ་གཏན་ནོ། ། དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ | ||
<span | [p. 91] ། ཐེག་མཆོག་རིན་པོ་ཆེའི་མཛོད། ཡོད་པ་དང་། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། ། མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་ པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་ བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་ སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་ དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་ གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་ བརྒྱུད་པའི་ཕྱིར་གནོད་དོ། །དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་ བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་ དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་ གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། ། རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་ འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་ དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་ དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་ མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་སྟེ། རོ་མའི་རྩ་ནང་དུ་དྲངས་ལ། | ||
<span | [p. 92] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམ་སྟེ། ས་དང་ཆུའི་རླུང་སྦ་ བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་མར་ཐིམ། བསམ་གཏན་ གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། ། ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་ འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་ འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས་། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་ འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། ། འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་ རླུང་གི་གནས་སུ་སྦས ༡། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་ དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། ། ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་ པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་ བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དྭངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། ། གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། ། གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ | ||
<span | [p. 93] ། ཐེག་མཆོག་རིན་པོ་ཆེའི་མཛོད། ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་ དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་ གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་ བོ༑ ༑རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་ པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་ གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་ དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་ འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་ སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་ བའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་ སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་ བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་ པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་ སྣའི་གོང་སྤུ་ན་གུའི་ཐད་ན་དྭངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་ འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་ བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་ བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་ བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་ | ||
<span | [p. 94] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་ གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་ རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། ། རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་ བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་ འབྲོས་ཁུང་བཅད ༧པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་ གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་ བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་ འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དྭངས་མ་ལ་སྤྱོད་ པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། ། ཡང་ན་བཅུད་ཕྱུང་མར་ཁུ་ཡིས། ། ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། ། ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་ གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་ འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་ | ||
<span | [p. 95] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་ དཀྱིལ་འཁོར་དུ་རྩ་རླུང་དྭངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་ སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་ སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་ བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་ སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ ཏེ༑ ༑འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། ། ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་ གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག ། ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་ འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་ སྟེ༑ ༑ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། ། སྟོད་སྨད་བར་གྱི་གནས་སྦྱར་ཏེ། གནད་གསུམ་ལྡན་པས་ནད་རྣམས་གདོན། ། ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། ། འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་ སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ | ||
<span | [p. 96] ། རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། ། དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་ སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་ འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཞེས་སོ། །དེ་ལ་སྒོ་ གསུམ་གྱི་འཕྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། ། རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། ། རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཕྲུལ་འཁོར་ སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་ མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཕྲུལ་འཁོར་རྣམ་པ་ སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་ པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་ དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་ གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང་། ། སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་ མཁའ་ལྡིང་གི་སྐད། ། ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་ བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ | ||
<span | [p. 97] ། ཐེག་མཆོག་རིན་པོ་ཆེའི་མཛོད། ཀྱང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། ། ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་ བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་ དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་ གཞན་ལ་སྤོ་བ་དང་། བེམ་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་ བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་ དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་ འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་ རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། ། སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་ མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་ དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། ། མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ | ||
<span | [p. 98] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་ སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་སེམས་དང་ལྡན་པ་ ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། ། སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་ མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་ སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་ འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམ་པོ་རང་ གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་ གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་ པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་ སྤོས་ནས་དེང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་ བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། ། རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་ མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་ པས་དངོས་ལས་གྲོལ། ། གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམ་པོའི་འབྱུང་བ་བཞི་དག་ལས། །དངོས་ པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། ། དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་ མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་ | ||
<span | [p. 99] ། ཐེག་མཆོག་རིན་པོ་ཆེའི་མཛོད། སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཞེས་སོ། །གཉིས་པ་རྨི་ ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་ བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟང་ཟིང་མང་པོ་འབྱུང་བ་ནི་འབྱོངས་ པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་ དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་ གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་ བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་ གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་ མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་ གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་ བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་པ་རྫི་བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་ པ་ཐམས་ཅད་ཟིན་པ་འོང་ངོ་། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་ | ||
<span | [p. 100] ། རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་ བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་ རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་ དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ་། །འདི་དག་འདུན་པ་དྲག་ པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་ གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་ བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། ། སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་ དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་ གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་ སྟེ༑ ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ ཀྱི་གནད་དོ། ། དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་ སྦྱང་ངོ་། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་ སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་ | ||
<span | [p. 101] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་ གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ ། རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་ བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་ བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་ འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་ མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་ གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། ། དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། ། གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་ བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ | ||
<span | [p. 102] ༈ རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་ དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་ བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམ་དཀྲུགས་པས་འགྲུབ་ པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ ༧ མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་ པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་ འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་ བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་ བ་དང་། དཀྲུགས་པ་དང་། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་ དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་ འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། ། གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ ཏེ༑ དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་ དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་ བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་ བོ་ནས་ཧཾ་ལས་ཐིག་ལེ་བབས་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་ མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་ | ||
<span | [p. 103] པ་ཐེག་མཆོག་རིན་པོ་ཆེའི་མཛོད། པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དྭངས་མ་མགྲིན་པར་བཟུང་ ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་ སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་ སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་ མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་ མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་ བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་ དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་ དང་། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་ བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། ། ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་བརྗེད་ངས་ ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་ མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་ | ||
<span | [p. 104] རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། ། གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་ སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་ པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་དེ་ མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་ བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་ བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་ བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་ མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་ མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། ། ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། ། བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་ པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་ པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་ | ||
<span | [p. 105] མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་ དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་ དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་ བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་མཐས་ཅད་དེ་བཞིན་ ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་ སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་ མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། ། ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་ མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཆད་དེ་ བཞིན་ཤེས་པར་གྱིས། །ཞེས་སོ། འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་ འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་ བདེན་ཞེན་མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་ བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་ པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་ བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ | ||
<span | [p. 106] ། རིམ་ཁང་བཅུ་བདུན་པ་དམིགས་པ་ཡུལ་གྱི་བློ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ། ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་ པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། ། ཞེས་སོ། །བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ ༧། ནང་དུས་བཞི་མཉམ་སྦྱོར་གྱི་གཏམས་པས་ངག་གི་བརྗོད་པ་ཟད་པ། གསང་བ་ དུས་བཞི་མཉམ་སྦྱོར་གྱི་གདངས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ ཉིད་དུས་བཞི་མཉམ་སྦྱོར་གྱི་གནས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་ རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ ངག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་ དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་ པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་ བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་ གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། ། དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གདན་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་ མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་ སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ | ||
<span | [p. 107] ། ཐེག་མཆོག་རིན་པོ་ཆེའི་མཛོད། ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་ སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་ འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་ གསལ། | ||

= single volume MW2PD19906 = | = single volume MW2PD19906 = | ||

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page)

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I2PD19908

<span | [p. 324] ཅི་སྣང་སྣང་ཆེར་གྱིས་ལྟས་དུས་སྟོང་སངས་གསང་སོང་བར་བསམས་ལ། གཟུགས་སྣང་ སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ།། མི་རྟག་པ་ལ་སེམས་བཟུང་བ་ནི་སྣང་བ་གཏང་མེད་དུ་སྐྱོང་བ་སྟེ། གང་སྣང་གཏང་བ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་ དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ།། འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནི་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ།། མི་ རྟོག་པ་ལ་སེམས་བཟུང་པ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆེན་པོ་རྟོགས་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ།། ཟུང་འཇུག་ལ་སེམས་ བཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་ལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ།། བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་སྙིང་དག་ལ་འང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ།། དེང་གཞི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །སྐྱེད་པའི་ཨ་ལ་སེམས་གཏད་པས།། ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡི་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་ སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རི་ལས་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྤྱོད། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ ངག་གནོད་པ་སྟོང་། །ཕྲིན་འཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་བསྲུང་། །ལུས་བརྟེན་ རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་ཁར་སེམས་འཛིན་པ། ། ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་གཅིག་ཆར་སྟོངས། །མི་རྟག་སེམས་ལ་གང་སྤྱོད་པ། །འདིས་ནི་འཁོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཁར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་བཟུང་བའི་ཐབ་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་ དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ།། སྒྲ་ནི་བི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཐེག་དང་ཧར་ལ་སོགས་པའོ།། དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རི་ནི་བུ་རས་དྲུག་ | ||
<span | [p. 325] ལྡན་དང་། །རྒུན་ཆད་སྐྱུར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་སྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་ སེམས་ཀྱིས་གནས་པའོ། །ཅེས་སོ། །ཁྱད་པར་དུ་སྨྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལག་གཟུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། །སྒྲ་ལ་བསླབས་པས་ངེས་པར་འཁྲུལ། ། ཆུ་ཡི་སྒྲ་ནི་བཤང་བ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉིན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་བཟློས་ཤེས་ ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་ འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འཇུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། ། འབྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཅེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། ༄༅། །རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམས་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤོང་བའོ། །ས་ལ་གནས་པ་རྣམས་ཀྱིས་ སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། ཅེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ།། ༈ །།རྒྱས་པར་བཤད་པ་ལ་གསུམ་ ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་དང་གིས་ལྷུན་གྲུབ་དུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་ པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱིས་བསམ་ གཏན་གྱིས། །མ་བཅོས་ལུས་དང་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམས་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྦྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་ བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ཤེས་པ་ག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྡོམས་པའི་བསམ་གཏན་ཏིང་ངེ་འཛིན་ དང་། ཁྱུ་ཚང་ན་དེ་ལྟ་བུའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས། ཅད་ན་ཡོད་དོ། །གཉིས་བཅོས་མའི་བསམ་གཏན་གྱིས། ཡིད་ཀྱིས་ཆེད་དུ་བཅོས་གནས་བསྡོམས་པའི་བསམ་བཏན་ཏིང་ངེ་འཛིན་ | ||
<span | [p. 326] མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་འཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་ དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བས་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་ བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ ལེན་མཆོག་དུ་ཟབ་པོ། རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙམས་པ་ལ། །མཁས་པས་ཆ་སྙམས་ལེགས་ སྦྱར་ཏེ། །རིན་པོ་ཆེའི་སྣོད་དུ་བཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རྭ་བླངས་ནས། །ནང་བཞིན་སྲན་མའི་སྔོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། འགྱུར་བར་ཐེ་ཚོམ་མི་ཟ་འོ། །ཅེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་པར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་ མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་པོ། འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚན་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། ༄༅། །མཚན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྦ་དཀར་གཉེར་མ་ནང་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤལ་བརྟེན་པའི་སྦྱོར་བ་ཡིས། ལུས་ཟུངས་སྔ་མ་ཞིང་སྟོབས་སྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་པ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཅེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྔོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་ ཐེ་ཚོམ་ལམ་དུ་ཇི་དགའ་འཐུབ་ཡིན་ལ། ཡི་བུ་འམ་ཁྲོལ་བུ་འམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ ལ་བསླབ་པ་ལ་གསུམ་ལས། རྟེན་འགྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོའི་དྲོད་ལ་བརྟེན་པ་ནི་ལུས་བསྐྱིལ་དཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་ བར་རམ་ལས་མེ་འབར་བས་སྦྲུལ་བའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་ འགྲུབ་པོ། །རླུང་ལ་བརྟེན་པ་ནི། ཅོག་བུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་ | ||
<span | [p. 327] པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་བསྡུད་པ་ལས། །འགྲོ་འོང་སྐྱིལ་བའི་གནད་ཀྱིས་ཡང་། །དམིགས་ པ་སོ་མའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་འཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱི་མ་ལེགས་སྦྱར་ལ། །ལྷོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཅེས་སོ།། ༈ །།གསུམ་པ་ རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅང་བ་བསམ་གཏན་གྱི་ཐུན་ལ་བསྣུབས་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕྲོག །ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནང་ལྟེ་བའི་འོག་ཨ་བ་དྷུ་ ཏིའི་མིང་སྣའི་གོང་སྤུན་གུའི་ཐད་ན་དངོས་མ་དམར་པོ་དང་མེའི་ས་བོན་ཨ་ཤང་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་སྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་ བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་དུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ ཤེས་རབ་ལ་བརྟེན་ན་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་ངལ་བུས་གཏེམས་ལ་ལྕེ་ཆུང་སྐྱོང་བའི་ཉམས་ཀྱིས་ཤེས་པར་བྱའོ། ། རླུང་གི་སྦྱོར་བས་རང་གསལ་མཉམ་པའི་གནད་དེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དཔྲལ། །ཁམས་གསུམ་འཕྲོས་ཁུང་བཅད་པའི་ཕྱིར། ལུས་ངག་ཞེན་པ་གཏིང་ནས་བཟློག་ ༄༅། །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟིར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། ། ཅེས་སོ། །དེའི་ཐང་སེ་རང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་པར་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཅོས་ པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟེན་ པ་ཡིས། །འབྱུང་བའི་རྒྱུར་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤད་ལྕི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། ། ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཅེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་ངག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་ དུ་རྩ་རླུང་དང་ས་མའི་སྦྱོར་བ་སྔར་བཞིན་བྱུང་བ་པས་ཚེ་དང་ལོངས་སྤྱོད་དང་ཟས་པོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནང་བསྟུན་ཏེ། །ལུས་དང་སྲེས་ཏེ་རླུང་གིས་སྤང་། ། རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་བྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །དེད་པར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ | ||
<span | [p. 328] ཟས་གོས་གཉིས་གྲུབ་ནས། །ཚ་དང་ལོངས་སྤྱོད་རྫོགས་པའོ། །ཅེས་སོ། །འདིའི་དུས་སུ་ནང་བྱུང་ན་ཡི་གེ་བརྗོད་པས་གདོན་པ་འམ། ནུབ་པས་གཞན་ལ་སྤོ་བ་འམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རླུང་གཞན་ ཀུན་དུ་མ་བཤད་པའོ། །འབྱུང་པའི་ནང་རྣམས་དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱིང་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། ། རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་པའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོང་སྨད་བར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནང་རྣམས་གདོན། །ལུས་ཀྱི་འཁྲུལ་ འཁོར་སྣ་ཚོགས་དང་། །གཅུང་ཅིང་བཙུན་པའི་ལས་མཐའ་ཡིས། །འབྱུང་བའི་ནང་ཀུན་ཕྱིར་ལ་དྲང་། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། ། གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་པ་སྣ་ཚོགས་ནང་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་འཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་ པ་ཡིས། །རང་ལུས་ནང་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཅེས་སོ། །དེ་ལ་སྤོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནང་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་ གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་ངག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་ངག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། ། ༄༅། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་ངག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོང་སྨད་ཡན་ལག་ལུས། ། རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་པའི་ནང་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་པས་མཐའ་ཆེ་སྟེ། །དེ་དང་དེ་སྦྱར་ནང་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀ་ལི་རབ་གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། ། ཡི་གེ་བརྗོད་ཚུལ་དྲུག་གིས་ཡང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་ དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཡང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཡང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། ། ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཅེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་ངག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་ སྤོ་བར་ནུས་ལ། གཞན་གྱི་ནང་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནང་གཞན་ལ་སྤོ་བ་དང་། སེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། ། རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་ | ||
<span | [p. 329] པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་ དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ ཀྱི་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲང་བ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་ འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་བརྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་པའི་ སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཅེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲིས་པ་ སྟེ། ནང་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་ སྤོ། དངོས་པོ་སེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པད་མས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ ༄༅། །ནེ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་ བསྡུས་པ་ལ། །གཟུགས་སུ་སྣང་པའི་སྲོག་ཅན་ལ། །ནང་འཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནང་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་པོ་བཞི་དག་ ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནང་སོགས་སྤོ། །ཤིང་བུ་རྡེའུ་བསིག་མ་དང་། །རྩྭ་དང་འགལ་བ་ཟླུམ་གྱི་མོ་སོགས། །དེ་བཞིན་རྒྱུས་ནམ་མཁས་ཀྱང་། །ངེས་ པར་བཟུང་སྟེ་སྤོ་ཊཱི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། ༈ །།གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་དོན་དང་སེམས་ ཀྱི་སྤྲོ་བསྡུ་ཤ་ཐང་པཱ་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་ངལ་བས་ཀྱི་ན་དྷར་གློང་ལ་རྨི་ལམ་ བཟུང་ཞིང་བརྟག་གོ་སྙམ་དུ་མདུན་བརྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ ཤིན་དུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་དུ་བཅད་དཀའ་འོ།། | ||
<span | [p. 330] ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་མདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་ཏེ་དེར་བྱུང་སྙམ་དུ་བློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མ་ཟིན་ངེས་ཏེ། འདིའི་ཆ་མེ་ཕོང་པ་རྫི་ བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་སྡིག་མེད་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་ དྲག་པོས་འཇིགས་དང་ང་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པའི་ངོ་བོ། ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་ སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་སྤྱོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ ཡིན་ནོ། །ཁ་ཅིག་དུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་ འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འབྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད་ ༄༅། །ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་དུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་ གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམ་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་པ་ཐམས་ཅད་མ་དང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་ དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་ས་ལ་ས་ལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་བཟུང་མིང་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་ བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུ་འང་དེའི་དང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ ཆོས་ཉིད་ཀྱི་འཁོར་ལོ་ལས་མི་མངའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་པ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་བརྟེན་བྱས་ནས། སྣང་པ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྦྱིན་དེངས་པའམ་དུ་བསངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཆེམ་དུ་ ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུ་འང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། | ||
<span | [p. 331] སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་མི་སྨད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་སྡེང་ངས། དེ་ནས་རྗེ་ཉུང་ལ་སོང་ནས་ མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྦྱོར་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུག་པ། གཅུང་བ། གནད་ལ་བོར་བ་དང་གསུམ་ ལས། དང་པོ་ནི་རྨི་ལམ་སྦྱོང་དུབ་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་ སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུང་བ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་ བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་མདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པད་མ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ ཉལ་བས། རྨི་ལམ་འཆང་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེ་འང་སྦྱང་པ་དང་། དཀྲུག་པ། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་རང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ ལས་དཀྲུག་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་པས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་ ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་ འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་རྗེད་ངས་པའི་རྨི་ལམ་རེ་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་དུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ་། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་ འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་དེས་བཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུག་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ | ||
<span | [p. 332] ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་ཏེ། །འདི་དག་རྨི་ལམ་ཐོབ་མ་མང་། །རབ་ལ་རྗེད་ངས་ཐ་མ་འགལ། ། འབྲིང་ལ་ཤིན་དུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཅེས་སོ། །རྨི་ལམ་གྱི་གནང་འདི་ནི་གཏི་མུག་འོང་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་ འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ།། ༈ །།གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་ སྦྱང་པ་གཉིས་ལ། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱེད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་ པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་སྒོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣཾ་པ་དེར་འཆར་ཡང་དོན་ལམ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་བསྒྲུབ། སྐྱེ་ཤི་ཁ་དེ་སྡུག །ན་ཚ་ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་གི་ནང་ གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ།། ཇི་སྐད་དུ་ལྗོན་པས་ ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཅེས་པ་དང་། འཕགས་པ་ཏིང་ངེ་འཛིན་ རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུའི་ཟླ་བ་དག། རང་ཞིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་ མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག། སྙིང་པོ་འདོད་ཕྱིར་སྐྱེས་ བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཅེས་སོ།། གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་ སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱང་པས། སྐྱེ་ཤི་དགག་བསྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུ་འང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ།། ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་ རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཅེས་སོ།། འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་ རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད།། ཅེས་སོ།། དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་ | ||
<span | [p. 333] མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མྱོང་བ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་ སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །ངེས་ནི་བར་མ་དེའི་ལུས། །འདི་དག་རང་དུ་འཛིན་པར་ འགྱུར། །ཅེས་སོ།། །།བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་པ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་པས་ངག་གི་བརྗོད་པ་ རྨང་པ། གསང་པ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྦྲང་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་ རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནང་། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱང་སྟེ། །བརྗོད་པའི་རྒྱུན་རྣམས་བཅད་པ་གནང་། །གསང་བའི་དུས་ནི་བཞི་ཡིས་ཡང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། ། གཉིད་ལ་གོམས་པ་གནང་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཅེས་སོ། །དེ་དག་གི་ཉམས་སུ་ བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནང་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་བཞུག་པ། སྒོ་ རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ལས། མཉམ་བཞག་ནི་གཉིད་དང་སྲོད་སྲོང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོང་ལྔའི་ གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་འཚམས་ན་ཤེས་པ་རྟོག་མེད་སེལ་ལེ་བརྩིག་ཡོད་པ་དེ་འོད་གསལ་དུ་ཐོས་བཟུང་ལ། དེའི་ངང་མ་བྱིང་བ་ཉལ་བླ་གཉིད་འོད་གསལ་དུ་འཆར་ཏེ། རྨི་ ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= single volume MW8LS32770 = | = single volume MW8LS32770 = | ||

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page)

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I8LS32893

<span | [p. 801] རྣམ་རྟོག་ཆོས་ཉིད་དུ་སངས་པའི་ཉམས་སྐྱེའོ། །དེ་བཞིན་དུ་ལྟེ་བར་རྀ་བསྒོམས་ལ་རླུང་དང་ལུས་གནད་བསྟུན་པ་དང་། ལྷའི་སྐུར་བསྒོམས་ལ། སྣ་རྩེ་དང་བ་སྤུའི་སྒོ་ནས་སྐུ་ཕྲ་མོ་འཕྲོ་འདུ་བྱེད་པ་ལ་ སེམས་གཏད་པས་ཤེས་པ་གསལ་དག་ཆེན་པོའི་ཉམས་སྐྱེའོ། །གཉིས་པ་ལུས་སེམས་འཛིན་ཞེན་དཔྲལ་བའི་གནད་བདུན་ནི། རླུང་དང་ལུས་གནད་སྔར་བཞིན་ལ། །སྨིན་མཚམས་སུ་ཐིག་ལེ་ དཀར་དམར་འདྲེས་པ་སྲན་མའི་གའུ་ཙམ་ལ་སེམས་གཟུང་ངོ་། །དེས་རླུང་གི་ཉམས་སྐྱེའོ། །ལུས་ཀྱི་དབུས་ན་རྩ་གསུམ་དབྱུ་གུ་དྲང་པོ་ལྟར་གནས་པའི་རོ་རྐྱང་གི་སྣ་གཉིས་སྣ་བུག་ན་ཡོད་པ་ནས་ | ||
<span | [p. 802] ༄༅། །དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་གཟུང་ལ་ འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་ པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་ བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་ པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད།། ངག་གི་རྡོ་རྗེའི་གླུ་ཡིས་ནི། དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་སེམས་གཏད་པས། དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་ | ||
<span | [p. 803] པའི་བདུན་ཚན་ནི། སྟོང་ཉིད་རིམ་གྱིས་པལ་སེམས་གཟུང་བ་ནི། དང་པོར་ལུས་ཀྱི་བྱེ་བྲག་མང་པོར་བསིལ་ལ། མིང་དུ་མ་ལ་སོགས་པས་གཞིགས་ཏེ། མགོ་གཅིག་པུ་ལའང་མིང་དུ་མས་ བསིལ་ལ། མིང་དེ་དོན་ལ་བརྟགས་པས་དོན་རྡུལ་ཕྲན་དུ་སོང་དུས་མིང་གང་ན་འདུག་བཙལ་བས། མ་རྙེད་པའི་ཚེ་གང་ཡང་ཡིད་ལ་མི་རྒྱུ་བའི་སྟོང་ཉིད་ཕུགས་རྡུགས་སུ་ཤར་བའི་ངང་ལ་ཚོལ་ཁྲོ་ དང་དྲན་བསམ་མེད་པར་ལྷན་ནེ་བཞག་པས་སྟོང་པ་གཉིས་སུ་མེད་པའི་ཉམས་སྐྱེའོ། །ལུས་ཇི་ལྟ་བ་བཞིན་སྣང་བ་ཐམས་ཅད་ལ་སྦྱར་རོ། །སྟོང་ཉིད་ཅིག་ཅར་བ་ལ་སེམས་གཟུང་བ་ནི། ཅི་སྣང་ སྣང་ལ་ཆེར་གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་ སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་ དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་ | ||
<span | [p. 804] ༄༅། །ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ ཐ་དད་དང་། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྔར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་། །ཡིད་མཐུན་ རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུར་མ་དྲུག་ལྡན་དང་། རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག །གཞུང་བསྣོལ་སྦྱོར་ བའི་འབྱུང་བ་དང་། ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། ། མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ | ||
<span | [p. 805] སུ་གནས་པ། གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང་། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། ། དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁོགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དེའ་ས་ལ་གོམས། ། ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགང་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་ རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟགས་སེམས་ལ་གང་སྦྱོང་པ། །འདིས་ནི་འཁོར་ བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་ པ༑ ༑འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་གཟུང་བའི་ | ||
<span | [p. 806] ༄༅། །ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་བའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་ འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། །མི་རྟོག་པ་ངང་གིས་ ལྷུན་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་ མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་ གཏན་ནི། །རང་བཞིན་ཤུགས་ཀྱི་བསམས་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་ གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། ། | ||
<span | [p. 807] ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་པོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་ གི་སྒྲ་ནི་གཟེར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། ། དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་ དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་ གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་ གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམས་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ | ||
<span | [p. 808] ༄༅། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་ སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས།། ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། རོ་མའི་ རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་ར་མར་ཐིམ། བསམ་གཏན་གྱི་བདེ་ བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་པོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱི་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཆེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་ རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྒྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་ | ||
<span | [p. 809] དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང་། རི་བོང་དང་ཁྲ་ཚང་ན་ཉལ་བའི་ མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དེ། གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་པ་ཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་ འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ ཐུན། གོས་ཀྱི་ཞེན་པ་བཅད་པ་བསལ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་གྱི་ཞེན་པ་བཅད་པ་བསམ་ག་ཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་ དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔ་ཡི་བཅུད་ལེན་དང་། སྨན་དང་། རྩ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། ། | ||
<span | [p. 810] ༄༅། །ཤས་ཆེར་བཟུང་ཞིང་སྦྱངས་བས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། །ཙོག་བུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་ བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་ འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་སྡུད་པ་ལས། འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྤར་ཡང་བསྟན་ལ། ཁྱད་ པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་དག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་ | ||
<span | [p. 811] པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་ བ༑ ༑སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་ བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ ལ༑ རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་ བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་ སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རྀ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ | ||
<span | [p. 812] ༄༅། །དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་ འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། ། བཤང་གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་ པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་སྦྱངས་ པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་ སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། ། | ||
<span | [p. 813] བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་ དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་ འགྱུར་ལས། རླུང་(ཨ)བརྟེན་ཏེ་ལུས་སེམས་དབྲལ། ཁམས་གསུམ་འབྲོས་ཁུང་གཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་ རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་ བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྫིས་ལ་ཟོས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་ | ||
<span | [p. 814] ༄༅། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་ པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་ བྱ༑ ༑རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། ལུས་ཀྱི་གནང་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་ པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེ་ས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིད་བད་ཀན་ འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩལ་ གནས་པ་ཡི། །ཡི་གེ་བརྗོད་ཆུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་ | ||
<span | [p. 815] བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནང་ཟུང་ན་ཡི་གེ་བརྗོད་པས་གདོན་པ་འམ། ནུས་པས་མཁན་ ལ་སྤོ་བ་འམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པའི་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་དུ་མ་བཤད་པའི། །འབྱུང་བའི་ནང་རྣམས་དང་དང་བཟློག །ཟུང་མེད་ས་བར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་ པ་བད་ཀན་དང་། །གཉིས་ལ་དམ་པ་དཔག་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་དེ་བས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། ། ཕྱི་ནང་ཡུལ་གཉིས་ཟུང་སྦྱར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནང་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང་། ། གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནང་ཀུན་ཕྱིར་འདུས། །ལུས་དང་ཡན་ལག་ཕྱི་ནང་གི། །ངེས་པར་སྦྱར་ཏེ་སེམས་བཟློག་བྱའི། །དག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་ སྣ་ཚོག་པ་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མ་རླུང་དང་། །དམིགས་པ་སྣ་ཚོགས་ནང་དང་སྦྱར། །བཟློག་པ་དཀར་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། ། | ||
<span | [p. 816] ༄༅། །རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་ མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་ པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འགུགས་ པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་པོ། །སྤོ་བ་ཡང་ འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་བཞིན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། །མེད་པ་ཡོད་པར་སྤོ། ། | ||
<span | [p. 817] དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ ཀྱང༑ ༑རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་ དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནང་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་ དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང་། །བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། །སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནང་སྤོ་བ་མི་ བྱ་སྟེ། །རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་ | ||
<span | [p. 818] ༄༅། །དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ ཀྱི་སྲབ་མ་ཐག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་བྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་ རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས་ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མེ་ཕོད་བརྫི་བ་དང་། སྤྲུལ་ ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་ | ||
<span | [p. 819] ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། །འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། །དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། །བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདམས་མང་ཡུལ་གྱི་རི་སྤོས་པ་དང་། བསམ་ཡས་སུ་ནི་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་ རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་ འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། ། གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་ཁ་རྡེའུ་གསེག་མ་དང་། །རྩྭ་དང་ཆ་གལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ ལས༑ ༑རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་དོན་ | ||
<span | [p. 820] ༄༅། །པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་ བ༑ བསྐྱར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང་། འདི་ཁྲིད་དུ་ཕྱེད་དུས་ཐམས་ཅད་ བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ། །དང་པོ་མི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མ་དང་རྨིས་པའི་མི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་ དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྩེན་པར་གསལ་བ་ལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་ བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྤྲུལ་མི་ལམ་དུ་འཆར་ཞིང་ལས་དང་པོ་ག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་ གོ །མི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །མི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་ | ||
<span | [p. 821] མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །ཛི་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པའི་དང་། །ཟིན་ དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་བ་མ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དོར་བ་གློད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཕྲིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གཞལ་ཡོ་ཚེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་ | ||
<span | [p. 822] ༄༅། །ལ་དཀྲུགས་ནས་ཕྱལ་ཕྱོ་ལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་ པའོ༑ ༑གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྤས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ།། ། གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང་། དཀྲུགས་པ། བསྐྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་ མཆོག་ཏུ་གཅེས་སོ། །རྟ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་གྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ | ||
<span | [p. 823] དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། ། སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེ་རས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་བརྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། ། རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་པས་ མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་བློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ ལ་སོང་ནས་མཐར་ཅི་ཡང་མི་རྨི་བར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་བོར་བ་དང་གསུམ་ཡིས། དང་པོ་ནི་རྨི་ལམ་སྦྱོར་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ | ||
<span | [p. 824] ༄༅། །ཁྱོར་ནི། སྔོན་དུ་བྱ་དང་གནད་ལ་དབབ། སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། འབྱུངས་པ་ལྟེ་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་ གསུམ་པོ་ངས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྐྱར་དང་བཅོད་པ་དང་། །དཀྲུགས་དང་གཅུང་དང་གནད་ལ་ཐོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་ མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ ལ་བརྗོད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་ གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་ དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱར་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ | ||
<span | [p. 825] ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་བས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི གཟུགས་བརྙན་བཞིན་དུ་བཀྲ་སལ་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་ དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་དམ་པའི་རྨི་ལམ་ར་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ། །དེ་ དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ | ||
<span | [p. 826] ༄༅། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་ བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་བཞིན་ཤེས་པར་གྱིས། །དེ་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤེགས་ཀྱང་། །ནང་དང་ཕྱི་ རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་ སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་བཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས་ ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཙད་དེ་བཞིན་ཤེས་པར་གྱིས། །ཞེ་ས་སོ། །འདིའི་དུས་སུ་ སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་ | ||
<span | [p. 827] ཆོས་འདི་དག་ལ་བྱང་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་ལྟར། ཐམས་ཅད་སྦྱར་བ། ཐུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་ རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང་། རྒྱུན་གདུགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་བསྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་རྡོ་རྗེ་ འཆང་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གྲོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡིག །ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ དྲིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། ། | ||
<span | [p. 828] ༄༅། །བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྣལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་ངེས་ བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་ སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་ པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལོ་བ་ཅིག་ཡོད་པ་དེ་ འོད་གསལ་དུ་ངོས་བཟུང་ལ། དེའི་ངང་ལ་ལ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། གཉིད་དུ་སོང་བྱས་ན་ཉེ་འཁོར་གྱི་ | ||
<span | [p. 829] དག་ཏུ་བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང་། ལུས་ཀྱང་ཟད་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་ གྲིབ་མ་མེད་པ་དང་། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །བཞི་པ་འོད་གསལ་ ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་པས་ངག་གི་བརྗོད་པ་ཟད་པ། གསང་ བ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་ཕྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ན་བཞི་དག་ ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་གཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། ། | ||

= two volumes MW0TTBBC0034 = | = two volumes MW0TTBBC0034 = | ||

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0034_002

<span | [p. 28] ཅི་སྣང་སྣང་ལ་ཆེར་གྱིས་ལྟས་དུས་སྟོང་སངས་སངས་སོང་པར་བསམས་ལ། གཟུགས་སྣང་ སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་བས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ།། མི་རྟག་པ་ལ་སེམས་བཟུང་པ་ནི་སྣང་བ་གཏད་མེད་དུ་སྦྱོང་པ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་ དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ།། འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་པ་རྨི་ལམ་དང་འདྲ་བ་སྐྱེའོ།། མི་ རྟོག་པ་ལ་སེམས་བཟུང་པ་ན་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོགས་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ།། ཟུང་འཇུག་ལ་སེམས་ བཟུང་པ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་ལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང་། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ།། བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང་། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ན་ལྷིང་ངེ་གང་ལ་འང་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ།། དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག། སྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡི་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་ | ||
<span | [p. 29] ༄༅། །སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདབ། ར་ལས་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ ངག་གནོད་པ་སྤོང་། །སྨིན་འཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་བསྡུད། །ལུས་བརྟེན་ རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་ཁར་སེམས་འཛིན་པ། །འདིས་ ནི་བསམ་པ་རང་སར་དག། སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག། སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་གཅིག་ཆར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་པ། །འདིས་ནི་འཁོར་བའི་ཞེན་པ་བཟློགས། །འབྱུང་བ་ ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག། གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ ལ་དབང་ཡང་ཐོབ། །ཅེས་སོ།། །འདི་དག་གི་སྐར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་ལ་སེམས་བཟུང་བའི་ཐབས་ཀྱང་། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་ དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཁྲུལ་ལ་སོགས་སྣ་ཚོགས་པའོ།། སྒྲ་ནི་པི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ལེག་དང་ཧར་ལ་སོགས་པའོ།། དྲི་ནི་ངང་དང་སྦྱར་མ་དང་། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ | ||
<span | [p. 30] ལྡན་དང་། །རྒུན་ཆད་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་འདུག། གཞུང་སྣོལ་སྦྱོར་བའི་འབྱུང་བ་དང་། །ཤིང་གི་ལི་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་ སེམས་ཀྱིས་གནས་པའོ།། ཅེས་སོ།། ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང་། དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། སྒྲ་ལ་བསླབས་པས་ངེས་པར་འགྲུབ། ཆུ་ཡི་སྒྲ་ནི་བཤང་བ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྤྱོད་ན། །ལོངས་སྤྱོད་རྫོགས་སྐུ་ ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་སླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉིན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང་། །འདི་ནི་རྟག་ཏུ་བཟློས་ཤེས་ ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་འགྱུར་ འདི་ལ་ཐེ་ཚོམ་མེད།། ཅེས་སོ།། དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། ། འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས།། ཅེས་སོ།། གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང་། ཞར་ལས་བྱུང་བའོ།། དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། | ||
<span | [p. 31] ༄༅། །རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །དང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤོང་བའོ། །ས་ལ་གནས་པ་རྣམས་ཀྱིས་ སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །ངེས་ཀྱང་དོན་ཆེན་མཚོན་མི་ནུས། །ཅེས་སོ། །དེའང་བཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ།། ༈ །།རྒྱས་པར་བཤད་པ་ལ་གསུམ་ ལས། རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་གྲུབ་དུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་ པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། །རང་བཞིན་ཤུགས་ཀྱིས་བསམ་ གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་སྒོ་མངོས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྦྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་ བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང་། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱི་ན་དྷར་ཧང་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྡོང་གི་མིག་ལ་ཡོད་པ་དང་། རི་བོང་ དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་ | ||
<span | [p. 32] མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་བའི་ཕྱིར་རོ།། སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་ཏུ་བཞག་སྟེ། དེ་འང་རྣལ་འབྱོར་པ་ལ་འཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་ དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསཾ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བས་མ་གཏན་གྱི་ཐུན་ལ་ བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང་། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང་། སྨན་དང་། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ ལེན་མཆོག་དུ་ཟབ་བོ།། རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙམས་པ་ལ། །མཁས་པས་ཆ་སྙམས་ལེགས་ སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་བཞུག། །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེ་བླངས་ནས། །ནང་བཞིན་སྲན་མའི་སྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། འགྱུར་བར་ཐེ་ཚོམ་མི་ཟ་འོ།། ཅེས་སོ།། རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་པར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། མགྲིན་པ་དང་རོ་ མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་པོ།། འདི་དག་ཐལ་འགྱུར་ལས། བཅུད་ཀྱི་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། | ||
<span | [p. 33] ༄༅། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡི། ། ལུས་ཟུངས་ལྡན་ཞིང་སྟོབས་སྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཅེས་སོ། །དེའང་དཀའ་ཐུབ་དང་། བཅུད་ལེན་གྱི་ཁྱད་ནི། རྔོ་འམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ཤིང་འཐུངས་ནས་སྔགས་དང་དམིགས་པ་ རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུ་འམ་ཁྲོལ་བུ་འམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང་། རྔོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་བསྐྱིལ་དཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་ བར་རམ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་ཏེ། རྐྱང་མའི་ནང་ནས་རླུང་བཟུང་པར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་ འགྲུབ་པོ། །རླུང་ལ་བརྟེན་པ་ནི། ཅོག་བུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང་། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་ | ||
<span | [p. 34] བ་དང་། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་བསྡུད་པ་ལས། །འགྲོ་འོང་སྐྱིལ་བའི་གནད་ཀྱིས་ཡང་། །དམིགས་ པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་དང་འཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཅེས་སོ། ། ༈ ། །གསུམ་པ་ རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང་། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་པ་དྷུ་ ཏིའི་མར་སྣའི་གོང་སྤུན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ཡས་མེ་འབར་ཏེ། རྩའི་ནང་སྲོས་ནས་སྤྱི་བོའི་ཧི་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་ བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་དུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང་། མི་བརྟེན་ན་བདེ་ཆེན་ཐིག་ལེའི་འབར་འཛག་དང་། བདེ་བའི་རྩ་གཉིས་དེ་ལ་བུས་གཏེམས་ལ་ལྕེ་ཆུང་སྐྱོང་བའི་ཉམས་ཀྱིས་ཤེས་པར་བྱའོ། ། རང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། ལུས་ངག་ཞེན་པ་གཏིང་ནས་བཟློག ། | ||
<span | [p. 35] ༄༅། །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟིར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། ། ཅེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང་། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟ་ན་ཆང་གིས་བརྫིས་ལ་ཟས་པས་དྲི་ང་བ་དང་འབྲལ་ཞིང་། མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཅོས་ པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟེན་ པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤད་ལྕི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། ། ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཅེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། ལུས་བཅུད་ལེན་དག་པས་འཁོར་ལ་བཞིའི་དཀྱིལ་འཁོར་ དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནང་བསྟུན་ཏེ། །ལུས་དང་སྲེས་ཏེ་རླུང་གིས་སྦ་བ། ། རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ | ||
<span | [p. 36] ཟས་གོས་གཉིས་གྲུབ་ནས། །ཚ་དང་ལོངས་སྤྱོད་རྫོགས་པའོ། །ཅེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པ་འམ། ནུས་པས་གཞན་ལ་སྦོ་བ་འམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ ཀུན་དུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་བཟློག། ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། ། རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོང་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་ འཁོར་སྣ་ཚོགས་དང་། །གཅུང་ཅིང་བཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲང་། །ལུས་དང་ཡན་ལག་ཕྱི་ནང་གི། ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང་། ། གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་འཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་ པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་བོ། །ཅེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་ གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་ངག་གིས་བྱ། །རང་ནི་སྦོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། ། | ||
<span | [p. 37] ༄༅། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག། ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། ། རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནང་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཆེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །དག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀ་ལི་རབ་གསལ་བས། །རང་བཞིན་རྩལ་གནས་པ་ཡི། ། ཡི་གེ་བརྗོད་ཚུལ་དྲུག་གིས་ཡང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱ་དྲི་ཟ་ དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཡང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཡང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། ། ཡང་ན་སེཾས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ།། ཅེས་སོ།། སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་ སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ།། འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང་། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ།། རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང་། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ།། ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་ | ||
<span | [p. 38] བ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་ དངོས་པོའི་སྤྲོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ ཀྱི་སྤྲོ་བ་བཏང་ཐབས་དང་། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲང་བ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་ འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤྲོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་བརྩལ་ན། །རླུང་ལ་གོམས་པས་འདི་ཡང་རླུང་། །འགུགས་པའི་ སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤྲོ་བར་བྱའོ། །ཅེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤྲོ་བ་འགྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤྲོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་ སྟེ། ནང་གཅིག་པུ་སྤྲོ་བར་མ་ཟད་བདེ་སྡུག་གཞན་དང་། ཡུལ་འཁོར་དང་། རི་ལུང་དང་། ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤྲོ། མེད་པ་ཡོད་པར་སྤྲོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤྲོ། འདི་ན་ཡོད་པ་གཞན་དུ་འཕེན་པས་ སོ། །དངོས་པོ་ཁམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤྲོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤྲོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་བདམས་མང་ཡུལ་གྱི་རི་སྤྲོས་པ་དང་། བསམ་ཡས་སུ་ | ||
<span | [p. 39] ༄༅། །ནེ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ།། འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་ བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་འཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནང་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་པ་བཞི་དག་ ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་བསེག་མ་དང་། །རྩྭ་དང་འགལ་བཟླུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་ པར་བཟུང་སྟེ་སྤོ་བཱི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར།། ཅེས་སོ།། ༈ །།གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ།། དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་དོན་དང་སེམས་ ཀྱི་སྤྲོ་བསྡུ་ཤ་ཐང་པས་ལུས་ངག་སེམས་གསུམ་སྤུངས་པས་རྨི་ལམ་ཟང་ཟིང་མིང་པོ་འབྱུང་བ་ནི་འབྱོངས་པའི་ཚད་དོ།། དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་དྷར་གློང་ལ་རྨི་ལམ་ བཟུང་ཞིང་བརྟག་གོ་སྙམ་དུ་མདུན་བརྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་བཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ།། ད་ལྟའི་ཐུན་ཆེར་རྨི་ན་ ཤིན་དུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ།། སྔར་མ་ཕྱིན་པའི་ཡུལ་དང་། ཕྲད་མ་མྱོང་བའི་མི་ལ་སོགས་བ་རྨི་ན་བཅད་དཀའ་འོ།། གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་དུ་བཅད་དཀའ་འོ།། | ||
<span | [p. 40] ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་མདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་བློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་འོང་བ་རྗེ་ བ་དང་། སྤྲུལ་ཞིང་བསྒྱུར་བ་དང་། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ།། དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་ དྲག་པོས་འཇིགས་དངང་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ།། དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ།། ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་ སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ།། དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ།། དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་སློང་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ།། འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ ཡིན་ནོ།། ཁ་ཅིག་དུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང་། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ།། སྔར་གྱི་ཕལ་ཆེར་གྱིས་ འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འབྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ།། གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད་ | ||
<span | [p. 41] ༄༅། །ཐབས་དང་། དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ།། དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་དུ་དཀའ་བས་གསུམ་ཀ་བསྒོམ་ཞིང་། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་ གསུངས་ན་ཡང་། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམ་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ།། དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་པ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་ དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་བཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་ བརྩོན་འགྲུས་ཐང་ལྷོང་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ། རྨི་ལམ་དུ་འང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ ཆོས་ཉིད་ཀྱི་འཁོར་ལོ་ལས་མི་མདའ་བ་ཡིན་ནོ།། རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་བརྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་བ་དང་། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ།། སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པ་འམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཆམ་དུ་ ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུ་འང་དེ་བཞིན་དུ་འགྱུར་བ་ཡིན་ནོ།། རྨི་ལམ་གཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། ཕར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། | ||
<span | [p. 42] སྣང་སེམས་གཉིས་ལ་འབྲེལ་བའི་རྟོག་བས་མི་སླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ།། དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་རྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་ མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྦྱོང་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ།། གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུག་པ། གཅུང་བ། གནད་ལ་བོར་བ་དང་གསུམ་ ལས། དང་པོ་ནི་རྨི་ལམ་སྦྱོང་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ།། དེ་ཡང་འཁོར་ལོ་བཞིའི་གནས་ སུ་རླུང་དང་སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ།། གཅུང་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུང་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུང་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་ བས་རྨི་ལམ་གཅུང་བའོ།། གནད་ལ་བོར་བ་ནི་མདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པད་མ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ ཉལ་བས། རྨི་ལམ་འཆད་པའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ།། དེ་འང་སྦྱང་པ་དང་། དཀྲུག་པ། བསྒྱུར་བ་དང་། གཅུད་པ་དང་། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ།། རྩ་གནས་འཁོར་ལོ་ ལས་དཀྲུག་པ་གཅུང་པ་གནད་ལ་བོར་བ་གསུམ་པ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་པས་གྲུབ་པའོ།། གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་ | ||
<span | [p. 43] ༄༅། །བཞུག་པའི་གནད་ལ། སེང་གེའི་ཉ་ལ་ལུགས་ཀྱི་དུས་སུ་རླུང་དལ་བ་འཕང་ཞིང་སྣང་སྲིད་འཁྲོ་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང་། རླུང་ནང་དུ་སྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་ བབ་པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ཁ་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་བ་ ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ།། དེ་ལྟར་གནང་བཅིངས་བས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་བ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང་། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ།། འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་ འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་རྗེད་ངས་པའི་རྨི་ལམ་རི་ཙམ་དང་། འབྲིང་ལ་རྨི་ལམ་ཤིན་དུ་གསལ་བ་དང་། ཐ་མ་ལ་མི་གསལ་བ་མང་པ་འབྱུང་ངོ།། དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་ འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ།། དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ ནི། །བརྟག་དང་ཟིལ་གྱིས་མནན་པ་དང་། །བག་ཆགས་གསུམ་པོ་ངེས་བཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུག་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ | ||
<span | [p. 44] ཀྱི་རྨི་ལམ་མཐའ་ཉན་དང་། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོམ། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་ཏེ། །འདི་དག་རྨི་ལམ་ཐོག་མ་མང་། །རབ་ལ་རྗེད་པས་ཐ་མ་འགལ། ། འབྲིང་ལ་ཤིན་དུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས།། ཅེས་སོ།། རྨི་ལམ་གྱི་གནང་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་ འབྱོར་སུ་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད།། ཅེས་སོ།། ༈ །།གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང་། མཚན་དུས་སྒྱུ་ལུས་རྨི་ལམ་ལ་ སྤྱད་པ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང་། ཕྱི་ནང་གི་ཆོས་འདི་དག་ལ་ཁྱེད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་ པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང་། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་སྐོན་པ་དང་། རྒྱན་གདགས་པ་དང་། དེ་དག་བཤུས་ནས་ཕྱིར་འདོར་བ་དང་། བསྟོད་པ་དང་། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་བསྒྲུབ། སྐྱེ་ཤི། བདེ་སྡུག། ན་མོ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་གི་ནང་ གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ།། ཇི་སྐད་དུ་ལྗོན་པས་ | ||
<span | [p. 45] ༄༅། །གྲུབ་པའི་མདོ་ལས། རྩེ་མོ་དང་ཁྱིམ་ལ་ཁོར་ཡོངས་དག་ལ། །གཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཅེས་པ་དང་། འཕགས་པ་ཏིང་ངེ་འཛིན་ རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུའི་ཟླ་བ་དག །དང་ཞིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ནྭ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་ མ་ཕྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་ གུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིར་ཤེས་པར་གྱིས། །ཅེས་སོ། གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་ སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱང་པས། སྐྱེ་ཤི་དགག་བསྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འཕྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤེར་བས་ཞེན་པ་ཏིལ་ཙམ་མེད་པའོ།། ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་ རྨི་ལམ་ན། །གྲུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མིང་གའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་སོ། འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་ རྒྱན་ལས། རྨི་ལམ་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་ཕོག། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་ | ||
<span | [p. 46] མེད་པ་དང་། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། ལུས་ལ་གྲིབ་མ་མེད་པ་དང་། བར་དེའི་སྒྱུ་ལུས་ཟིན་བས་སྲིད་པ་ཐ་མ་་་་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་ སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ།། དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང་། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོའི་ལུས། །འདི་དག་རང་དུ་འཛིན་པར འགྱུར།། ཅེས་སོ།། ༈ །།བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུད་པ། ནང་དུས་བཞི་མཉམ་སྦྱོར་གྱི་གངམས་པས་ངག་གི་བརྗོད་པ ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གཏམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་ག་དམས་པས་འོད་གསལ་མ་བུ་སྦྲང་བ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་ངག་ལས། །རྣལ་འབྱོར་ལུས་ཀྱི་ རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་པ་གནང་། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱང་སྟེ། །བརྗོད་པའི་རྒྱུན་རྣམས་བཅད་པ་གནང་། །གསང་བའི་དུས་ནི་བཞི་ཡིས་ཡང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། ། གཉིད་ལ་གོམས་པ་གནང་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ།། ཅེས་སོ།། དེ་དག་གི་ཉམས་སུ བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནང་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་བཞུག་པ། ཐོ་ | ||
<span | [p. 47] ༄༅། །རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ལས། མཉམ་བཞག་ནི་གཉིད་དང་སྲེན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འདི་ལྔའི་ གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་འཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་པས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། | ||

= Critical edition = | = Critical edition = | ||

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (250 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 85] གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ | |||

སྟེ་གང་སྣང་གཏད་པ་མེད་བདེན ] གཏང་བ <span style="font-family:sans-serif | |||

ཏེ་བརྗོད་པའི་རྒྱན་རྣམས་བཅད ] རྒྱུན O S T · རྣམས་བཅད་པ་གནད་གསང་བའི ] གནང O T · ནི་བཞི་ཡིས་ཀྱང་རྣལ་འབྱོར ] ཡང O T · ལ་གོམས་པ་གནད་ཡིན་ནོ ] གནང O T · དང་ངག་སེམས་དེས་བསྡུས་ནས ] ངེས O T · རྣལ་འབྱོར་པ་ཞེས་སོ་དེ ] ཅེས O T · མཉམ་སྦྱོར་གྱི་གནད་བསྡུས་ཏེ ] གནང O T · བྱ་བུམ་པར་གཞུག་པ་ཐོ ] བཞུག O T · པོ་ལ་མཉམ་གཞག་དང་རྗེས ] བཞག O T · གཉིས་ལས་མཉམ་གཞག་ནི་གཉིད ] བཞག O T · ལ་མིག་མི་འཛུམས་པར་སྙིང ] འཛུམ W K · རྨི་ལམ་གྱི་མཚམས་ན་ཤེས ] འཚམས O T

= Translation = | = Translation = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See [[Theg mchog mdzod (Longchenpa)|the contents page]] for how it was made.
<span |

[p. 85] | ||
intently, one considers that it has become empty and utterly cleared away; and by training in this with all appearances of form, appearances of sound, and the rest, the experience arises in which all appearances are like breath blown upon a mirror. Holding the mind on impermanence (mi rtag pa) is training in appearances as having no fixed reference: by training in the thought, "Whatever appears has no fixed reference and no truth; since it appears in manifold ways it is not true, and it changes indeterminately, for it is impermanent," the experience free from fixation and reference (gza' gtad) arises. By settling cognition, pointed and wide-open, without distraction, upon whichever of the five elements ('byung ba lnga) appears, there arises an experience, like a dream, of being liberated right where it is settled. Holding the mind on nonconceptuality: whatever appearance appears and however cognition moves, one identifies that the string of instants (skad cig) abides from the very beginning as partless and free of thought, and by training until it takes firm hold, the meditative concentration of the great nonconceptual natural abiding (rang gnas) arises. Holding the mind on union (zung 'jug): when things arise as dualistic appearance, by looking ever more intently at that very arising as dualistic grasping, the experience of great naturally pure nonduality arises; and by taking the bliss of the male and female consorts as the path as well, the experience of the nonduality of bliss and emptiness (bde stong) arises. Taking the intermediate space as the path: meditating that awareness fades away into the intermediate space; meditating that all appearances and mind, in the basic space of the sky, | intently, one considers that it has become empty and utterly cleared away; and by training in this with all appearances of form, appearances of sound, and the rest, the experience arises in which all appearances are like breath blown upon a mirror. Holding the mind on impermanence (mi rtag pa) is training in appearances as having no fixed reference: by training in the thought, "Whatever appears has no fixed reference and no truth; since it appears in manifold ways it is not true, and it changes indeterminately, for it is impermanent," the experience free from fixation and reference (gza' gtad) arises. By settling cognition, pointed and wide-open, without distraction, upon whichever of the five elements ('byung ba lnga) appears, there arises an experience, like a dream, of being liberated right where it is settled. Holding the mind on nonconceptuality: whatever appearance appears and however cognition moves, one identifies that the string of instants (skad cig) abides from the very beginning as partless and free of thought, and by training until it takes firm hold, the meditative concentration of the great nonconceptual natural abiding (rang gnas) arises. Holding the mind on union (zung 'jug): when things arise as dualistic appearance, by looking ever more intently at that very arising as dualistic grasping, the experience of great naturally pure nonduality arises; and by taking the bliss of the male and female consorts as the path as well, the experience of the nonduality of bliss and emptiness (bde stong) arises. Taking the intermediate space as the path: meditating that awareness fades away into the intermediate space; meditating that all appearances and mind, in the basic space of the sky, | ||
<span | [p. 86] | ||
rest utterly still, without support on anything at all; and meditating that space and all phenomena are equal—thereby the experience of great emptiness free from extremes arises. The meaning of these is also stated in the Union of Sun and Moon: | rest utterly still, without support on anything at all; and meditating that space and all phenomena are equal—thereby the experience of great emptiness free from extremes arises. The meaning of these is also stated in the Union of Sun and Moon: | ||
| Line 421: | Line 448: | ||
Whoever holds the mind at the heart, | Whoever holds the mind at the heart, | ||
<span | [p. 87] | ||
by this, thoughts are purified in their own place.
| by this, thoughts are purified in their own place.

Whoever abides in emptiness,
| Whoever abides in emptiness,

| Line 456: | Line 483: | ||
As for touch, the skilled one sits upon a throne; | As for touch, the skilled one sits upon a throne; | ||
<span | [p. 88] | ||
by the elements of union with bodies crossed,
| by the elements of union with bodies crossed,

and by certain leaves of trees,
| and by certain leaves of trees,

| Line 491: | Line 518: | ||
and if one makes them accord with the yogin's body, | and if one makes them accord with the yogin's body, | ||
<span | [p. 89] | ||
they will be accomplished—of this there is no doubt. | they will be accomplished—of this there is no doubt. | ||
| Line 518: | Line 545: | ||
The extensive explanation has three parts. The meditative concentration of natural force is nonconceptuality arising naturally and spontaneously present; it is merely settling body and speech into their natural state. The meditative concentration of focus supported by the continuum is to meditate on the antidote (gnyen po) of viewing the subtle and coarse afflictions as devoid of nature; | The extensive explanation has three parts. The meditative concentration of natural force is nonconceptuality arising naturally and spontaneously present; it is merely settling body and speech into their natural state. The meditative concentration of focus supported by the continuum is to meditate on the antidote (gnyen po) of viewing the subtle and coarse afflictions as devoid of nature; | ||
<span | [p. 90] | ||
it merely suppresses the afflictions. The meditative concentration of abiding on the levels is the samādhi of the main practice of a level; it merely purifies the habitual tendencies (bag chags) of one's own level. This too, from the Union of Sun and Moon: | it merely suppresses the afflictions. The meditative concentration of abiding on the levels is the samādhi of the main practice of a level; it merely purifies the habitual tendencies (bag chags) of one's own level. This too, from the Union of Sun and Moon: | ||
| Line 531: | Line 558: | ||
So it is said. Second, the presentation of the meditative concentration that arises incidentally has two parts: natural meditative concentration and contrived meditative concentration. First, natural meditative concentration: in all living beings, when cognition is idly distracted, it arises even from remaining in a blank, vacant daze; it is present in the eyes of one straightening an arrow, in the eyes of a hare or of a hawk lying in its nest, and so forth. In short, it is present at all times when mind and consciousness are idly distracted. Second, contrived meditative concentration is every meditative concentration and samādhi cultivated after being deliberately contrived by the mental faculty—the nonconceptual, and the conceptual such as the generation and completion (bskyed rdzogs) of deities, and so forth—because they are deliberately produced by the | So it is said. Second, the presentation of the meditative concentration that arises incidentally has two parts: natural meditative concentration and contrived meditative concentration. First, natural meditative concentration: in all living beings, when cognition is idly distracted, it arises even from remaining in a blank, vacant daze; it is present in the eyes of one straightening an arrow, in the eyes of a hare or of a hawk lying in its nest, and so forth. In short, it is present at all times when mind and consciousness are idly distracted. Second, contrived meditative concentration is every meditative concentration and samādhi cultivated after being deliberately contrived by the mental faculty—the nonconceptual, and the conceptual such as the generation and completion (bskyed rdzogs) of deities, and so forth—because they are deliberately produced by the | ||
<span | [p. 91] | ||
intellect. | intellect. | ||
| Line 549: | Line 576: | ||
becomes a great extracting of the quintessence. | becomes a great extracting of the quintessence. | ||
<span | [p. 92] | ||
So it is said. As for wind: joining the upper and lower winds, one draws them into the channel of rasanā (ro ma) and imagines the wheel of the throat filled with the taste of nectar; by concealing the winds of earth and water, all appearances turn into food and dissolve into the throat and the rasanā; and by meditating that one is pervaded by the bliss (bde ba) of meditative concentration, the yoga of food is accomplished. On these, from the Reverberation of Sound: | So it is said. As for wind: joining the upper and lower winds, one draws them into the channel of rasanā (ro ma) and imagines the wheel of the throat filled with the taste of nectar; by concealing the winds of earth and water, all appearances turn into food and dissolve into the throat and the rasanā; and by meditating that one is pervaded by the bliss (bde ba) of meditative concentration, the yoga of food is accomplished. On these, from the Reverberation of Sound: | ||
| Line 575: | Line 602: | ||
So it is said. Furthermore, the difference between austerity (dka' thub) and extracting the quintessence is this: having eaten a little of a support such as stone or water | So it is said. Furthermore, the difference between austerity (dka' thub) and extracting the quintessence is this: having eaten a little of a support such as stone or water | ||
<span | [p. 93] | ||
or wood, and drunk it, one makes only a mantra or so and an object of focus into the path, that is austerity; whereas, whether there is a support such as a pill or a granule or there is none, if one makes wind and the vital essence (dangs ma) into yoga, that becomes what is called extracting the quintessence. | or wood, and drunk it, one makes only a mantra or so and an object of focus into the path, that is austerity; whereas, whether there is a support such as a pill or a granule or there is none, if one makes wind and the vital essence (dangs ma) into yoga, that becomes what is called extracting the quintessence. | ||
| Line 586: | Line 613: | ||
Through projecting and | Through projecting and | ||
<span | [p. 94] | ||
gathering the wind,
| gathering the wind,

and also through the key point of conveying the going and coming,
| and also through the key point of conveying the going and coming,

| Line 600: | Line 627: | ||
Third, training in the sessions of meditative concentration that cut attachment to dream and habitual tendencies has six parts: channels and winds, dream, illusory body (sgyu lus), luminosity, transference ('pho ba), and the bar do of union (zung 'jug bar do). Of these, the first has also been taught above. In particular, the key point of the channels: below the navel, above the lower tip of the avadhūtī, level with the pubic hair, there is the red vital essence and the seed of fire, a red, glittering a-stroke (a shad), hot to the touch, from which fire blazes; it warms the inside of the channel, and from HAṂ at the crown white and red bodhicitta (byang sems) drips down, pervading the four wheels and the whole body—so one meditates. Then, introducing the winds of the rasanā and lalanā through the lower tip of the central channel and filling the interior of the four wheels, one should train the channels, winds, and bindus into a single cluster. The arising of warmth and primordial wisdom from this is explained as the supreme among the skillful means of the main practice (dngos gzhi) of the path. As its branch, relying on a consort (shes rab), one takes as an aid the key points of the path of skillful means using another's body, as taught before; and if one does not rely on one, one should know it through the experience of the blazing and dripping of the bindu of great | Third, training in the sessions of meditative concentration that cut attachment to dream and habitual tendencies has six parts: channels and winds, dream, illusory body (sgyu lus), luminosity, transference ('pho ba), and the bar do of union (zung 'jug bar do). Of these, the first has also been taught above. In particular, the key point of the channels: below the navel, above the lower tip of the avadhūtī, level with the pubic hair, there is the red vital essence and the seed of fire, a red, glittering a-stroke (a shad), hot to the touch, from which fire blazes; it warms the inside of the channel, and from HAṂ at the crown white and red bodhicitta (byang sems) drips down, pervading the four wheels and the whole body—so one meditates. Then, introducing the winds of the rasanā and lalanā through the lower tip of the central channel and filling the interior of the four wheels, one should train the channels, winds, and bindus into a single cluster. The arising of warmth and primordial wisdom from this is explained as the supreme among the skillful means of the main practice (dngos gzhi) of the path. As its branch, relying on a consort (shes rab), one takes as an aid the key points of the path of skillful means using another's body, as taught before; and if one does not rely on one, one should know it through the experience of the blazing and dripping of the bindu of great | ||
<span | [p. 95] | ||
bliss, and of gently pressing the two channels of bliss and moving the uvula (lce chung). Since the application of wind brings one into the certain key point of the evenness of luminosity, its confirmation too is from the Reverberation of Sound: | bliss, and of gently pressing the two channels of bliss and moving the uvula (lce chung). Since the application of wind brings one into the certain key point of the evenness of luminosity, its confirmation too is from the Reverberation of Sound: | ||
| Line 628: | Line 655: | ||
in the body, parasites | in the body, parasites | ||
<span | [p. 96] | ||
do not take hold and dwell;
| do not take hold and dwell;

there is no excrement, urine, and the like;
| there is no excrement, urine, and the like;

| Line 660: | Line 687: | ||
The drawing out and | The drawing out and | ||
<span | [p. 97] | ||
reversing of the illnesses of the elements,
| reversing of the illnesses of the elements,

not explained in any other tantra—
| not explained in any other tantra—

| Line 698: | Line 725: | ||
One who desires to be freed from illness and suffering | One who desires to be freed from illness and suffering | ||
<span | [p. 98] | ||
applies self and other, the two, equally.
| applies self and other, the two, equally.

For another, it is done by interdependent connections;
| For another, it is done by interdependent connections;

| Line 732: | Line 759: | ||
are distinguished by the yogin's awareness. | are distinguished by the yogin's awareness. | ||
<span | [p. 99] | ||
Moreover, they are transformed by body, speech, and mind;
| Moreover, they are transformed by body, speech, and mind;

or else the activities that are the deeds of mind
| or else the activities that are the deeds of mind

| Line 756: | Line 783: | ||
in the nature of clear emptiness, | in the nature of clear emptiness, | ||
<span | [p. 100] | ||
mind too rests in that very state.
| mind too rests in that very state.

Through the completed rite of interdependent connection,
| Through the completed rite of interdependent connection,

| Line 777: | Line 804: | ||
So it is said. In general, shifting is accomplished by mastering the winds of all four elements; in particular, it is accomplished by mastering the karmic wind (las rlung). Shifting, moreover, is gaining mastery over the elements with appearances and mind mingled: not only is illness alone shifted, but also attachment to pleasure and pain, countries, mountains and valleys, forests, and the like—what exists is shifted into nonexistence; what does not exist is shifted into existence; what exists in another place is shifted by summoning it here; what exists here is shifted by casting it elsewhere; inanimate entities are shifted so that they come to one's own place just as a sentient being comes; mounts, maidens, and the like are drawn by the wind | So it is said. In general, shifting is accomplished by mastering the winds of all four elements; in particular, it is accomplished by mastering the karmic wind (las rlung). Shifting, moreover, is gaining mastery over the elements with appearances and mind mingled: not only is illness alone shifted, but also attachment to pleasure and pain, countries, mountains and valleys, forests, and the like—what exists is shifted into nonexistence; what does not exist is shifted into existence; what exists in another place is shifted by summoning it here; what exists here is shifted by casting it elsewhere; inanimate entities are shifted so that they come to one's own place just as a sentient being comes; mounts, maidens, and the like are drawn by the wind | ||
<span | [p. 101] | ||
through the sky and shifted to one's own place. For example, it is like the great master Padma shifting a mountain of Mangyul, and shifting a meadow and a forest to Samye, where they exist down to the present day. This is the supreme means by which the yogin accomplishes his wishes. From the Reverberation of Sound: | through the sky and shifted to one's own place. For example, it is like the great master Padma shifting a mountain of Mangyul, and shifting a meadow and a forest to Samye, where they exist down to the present day. This is the supreme means by which the yogin accomplishes his wishes. From the Reverberation of Sound: | ||
| Line 801: | Line 828: | ||
Second, dream has two parts: the preliminaries and the main practice. The first has three parts. Training: for some days, by wearying oneself with prostrations, circumambulations, recitations, and the mind's emanating and gathering, one trains the three—body, speech, and mind—whereupon many turbulent dreams arise; this is the measure of having trained. | Second, dream has two parts: the preliminaries and the main practice. The first has three parts. Training: for some days, by wearying oneself with prostrations, circumambulations, recitations, and the mind's emanating and gathering, one trains the three—body, speech, and mind—whereupon many turbulent dreams arise; this is the measure of having trained. | ||
<span | [p. 102] | ||
Next, examining from those dreams whether the habitual tendencies are thin or thick: then, for some days, being utterly at leisure, one relaxes loosely and at ease and, without straying from the one-pointed intention "I shall seize the dream and examine it," if one dreams for the most part of objects of former attachment and the like, the habitual tendencies of former attachment are strong, and so transforming them is of middling difficulty. If one dreams for the most part of the present period, it is very easy, and one masters it in about three or four days. If one dreams of places one has never gone before and | Next, examining from those dreams whether the habitual tendencies are thin or thick: then, for some days, being utterly at leisure, one relaxes loosely and at ease and, without straying from the one-pointed intention "I shall seize the dream and examine it," if one dreams for the most part of objects of former attachment and the like, the habitual tendencies of former attachment are strong, and so transforming them is of middling difficulty. If one dreams for the most part of the present period, it is very easy, and one masters it in about three or four days. If one dreams of places one has never gone before and | ||
of people one has never met and the like, it is hard to cut through. If one dreams all three jumbled together, the three kinds of habitual tendencies are combined, and so it is very hard to cut through. Overpowering is seizing the dream. Here, one-pointed intention alone is the key point of the pith instructions; so, by forming during the day an intention and a certainty capable of striking suddenly, thinking, "This is a dream; it has arisen here," one will certainly seize it at night. At that time, by training in the skills of trampling upon what one dares not face, emanating (sprul pa) and transforming, viewing lands and realms, and so forth, one overpowers appearances. For this, at first, having generated great devotion to the guru and great intention, at the beginning, when fear and panic have arisen through violent conditions such as water, fire, dogs, and enemies, one certainly seizes it, thinking, "I am in a dream"; | of people one has never met and the like, it is hard to cut through. If one dreams all three jumbled together, the three kinds of habitual tendencies are combined, and so it is very hard to cut through. Overpowering is seizing the dream. Here, one-pointed intention alone is the key point of the pith instructions; so, by forming during the day an intention and a certainty capable of striking suddenly, thinking, "This is a dream; it has arisen here," one will certainly seize it at night. At that time, by training in the skills of trampling upon what one dares not face, emanating (sprul pa) and transforming, viewing lands and realms, and so forth, one overpowers appearances. For this, at first, having generated great devotion to the guru and great intention, at the beginning, when fear and panic have arisen through violent conditions such as water, fire, dogs, and enemies, one certainly seizes it, thinking, "I am in a dream"; | ||
<span | [p. 103] | ||
this is called "coarse seizing." After that, one comes to seize everything, however it is dreamt. Emanating once it is seized: during the day, by mentally emanating deity forms, living beings, and many different visible appearances, and emanating many from one, one sees them in the dream just as emanated. Then one transforms gods and nāgas into one another, transforms men into women, transforms one into many and many into one; by training in these during the day with undistracted intention, they will certainly occur in the dream. Then, by bringing to mind places one has never gone before, buddha fields, and the like, travelling there in the dream, hearing the Dharma, and so forth will occur. If one applies intense intention to these, one masters them quickly. Although in some [texts] this is explained as the main practice of dream meditation, in this context it is fitting as the preliminary, because merely seizing the dream and emanating and transforming is not the meaning of the nature of phenomena and does not free one from the intellect's clinging to things as real. Although most earlier [masters] do not seem to have explained this, since it is taught in the explanatory commentary on Overpowering and in the Pith Instructions on the Key Points of Dream, it is a key point of great importance, | this is called "coarse seizing." After that, one comes to seize everything, however it is dreamt. Emanating once it is seized: during the day, by mentally emanating deity forms, living beings, and many different visible appearances, and emanating many from one, one sees them in the dream just as emanated. Then one transforms gods and nāgas into one another, transforms men into women, transforms one into many and many into one; by training in these during the day with undistracted intention, they will certainly occur in the dream. Then, by bringing to mind places one has never gone before, buddha fields, and the like, travelling there in the dream, hearing the Dharma, and so forth will occur. If one applies intense intention to these, one masters them quickly. Although in some [texts] this is explained as the main practice of dream meditation, in this context it is fitting as the preliminary, because merely seizing the dream and emanating and transforming is not the meaning of the nature of phenomena and does not free one from the intellect's clinging to things as real. Although most earlier [masters] do not seem to have explained this, since it is taught in the explanatory commentary on Overpowering and in the Pith Instructions on the Key Points of Dream, it is a key point of great importance, | ||
and I myself have ascertained it by taking it up in practice. Second, the main practice has three parts: the key point of the meaning of the nature of phenomena; the key point of skillful means and | and I myself have ascertained it by taking it up in practice. Second, the main practice has three parts: the key point of the meaning of the nature of phenomena; the key point of skillful means and | ||
<span | [p. 104] | ||
object of focus; and the key point of the framework of channels and winds. The first has three: training, transforming, and cutting through. Although it is taught that one for whom it is very difficult meditates on all three, one of middling [difficulty] on two, and one for whom it is easy may suffice with any one, when this is given as guidance all of them are meditated upon, and so in practice one trains in all of them. First, training the dream: during the day, with the intention that all appearances are vividly [present] as the dream one dreamt last night, one emanates and transforms them; and when training the outer as unreal, one looks back at the awareness that does the training and meditates with vivid clarity upon the naked essence of whatever arises as it arises, groundless and free of any root. Having identified everything as the nature of appearance—without reference point, unreal, groundless, and unidentifiable—one meditates one-pointedly, without diligence slipping into tension or laxity, whereby mere appearances actually dawn as illusion (sgyu ma) and dream, and all the deluded appearances and deluded apprehension of karma and habitual tendencies are destroyed. In the dream as well, undistracted [abiding in] that state arises, and day and night one does not pass beyond the wheel of the nature of phenomena. Transforming the dream has two aspects, appearance and emptiness. The key point of transforming appearance is that, relying on showing the deity's form in a mirror, one transforms all appearances into the maṇḍala of the deity, transforms them into a buddha field, | object of focus; and the key point of the framework of channels and winds. The first has three: training, transforming, and cutting through. Although it is taught that one for whom it is very difficult meditates on all three, one of middling [difficulty] on two, and one for whom it is easy may suffice with any one, when this is given as guidance all of them are meditated upon, and so in practice one trains in all of them. First, training the dream: during the day, with the intention that all appearances are vividly [present] as the dream one dreamt last night, one emanates and transforms them; and when training the outer as unreal, one looks back at the awareness that does the training and meditates with vivid clarity upon the naked essence of whatever arises as it arises, groundless and free of any root. Having identified everything as the nature of appearance—without reference point, unreal, groundless, and unidentifiable—one meditates one-pointedly, without diligence slipping into tension or laxity, whereby mere appearances actually dawn as illusion (sgyu ma) and dream, and all the deluded appearances and deluded apprehension of karma and habitual tendencies are destroyed. In the dream as well, undistracted [abiding in] that state arises, and day and night one does not pass beyond the wheel of the nature of phenomena. Transforming the dream has two aspects, appearance and emptiness. The key point of transforming appearance is that, relying on showing the deity's form in a mirror, one transforms all appearances into the maṇḍala of the deity, transforms them into a buddha field, | ||
<span | [p. 105] | ||
and transforming them into the eight similes of illusion (sgyu ma'i dpe brgyad)—these are all to be done with intense aspiration ('dun pa drag po). Transforming them into emptiness is this: like clouds dispersing in the sky or smoke clearing away, one meditates that these deluded appearances in an instant become emptiness, vast and evenly all-pervading, whereby in dreams too they become likewise. Cutting off dreams (rmi lam bcad pa) is this: at this very time when things appear as they appear, one does not superimpose the grasping of awareness onto the appearance out there; one does not grasp the reflected images of appearance upon the awareness in here; and, without being tainted by thoughts that connect the two, appearance and mind, | and transforming them into the eight similes of illusion (sgyu ma'i dpe brgyad)—these are all to be done with intense aspiration ('dun pa drag po). Transforming them into emptiness is this: like clouds dispersing in the sky or smoke clearing away, one meditates that these deluded appearances in an instant become emptiness, vast and evenly all-pervading, whereby in dreams too they become likewise. Cutting off dreams (rmi lam bcad pa) is this: at this very time when things appear as they appear, one does not superimpose the grasping of awareness onto the appearance out there; one does not grasp the reflected images of appearance upon the awareness in here; and, without being tainted by thoughts that connect the two, appearance and mind, | ||
| Line 821: | Line 848: | ||
Second, the key points of skillful means and object of focus are three: disrupting (dkrugs pa), compressing (gcud pa), and casting upon the key point (gnad la bor ba). The first is the key point whereby, when practicing dreams, what has not been caught and not mastered comes to be caught and mastered: by reversing the order of whatever meditations one does, disrupting them among one another, and training in them in random fashion, they are easily mastered. Moreover, the fixing of wind and | Second, the key points of skillful means and object of focus are three: disrupting (dkrugs pa), compressing (gcud pa), and casting upon the key point (gnad la bor ba). The first is the key point whereby, when practicing dreams, what has not been caught and not mastered comes to be caught and mastered: by reversing the order of whatever meditations one does, disrupting them among one another, and training in them in random fashion, they are easily mastered. Moreover, the fixing of wind and | ||
<span | [p. 106] | ||
mind at the sites of the four wheels is also accomplished by disrupting their sequence. Compressing is this: by the bodily key point, the lion's manner of lying (seng ge'i nyal lugs), the channels are compressed; by hiding the mind in the throat, the object of focus is compressed; and by lying down without conceptual thoughts straying elsewhere, the dream is compressed. Casting upon the key point is this: with intense aspiration, the pith instructions strike the key point. When lying down, one imagines a red A in the center of a white four-petaled lotus in the center of the throat and, damping the surging waves of the channels, lies down in that state; as a key point for the arising of dreams there is none more profound than this. Moreover, it is supremely important to coordinate the three [pairs]: training and disrupting, transforming and compressing, cutting off and casting upon the key point. Although the three—disrupting, compressing, and casting upon the key point—are also explained in terms of the channel-sites, the wheels, in the present context it is established by experience that this very one is the greater key point. | mind at the sites of the four wheels is also accomplished by disrupting their sequence. Compressing is this: by the bodily key point, the lion's manner of lying (seng ge'i nyal lugs), the channels are compressed; by hiding the mind in the throat, the object of focus is compressed; and by lying down without conceptual thoughts straying elsewhere, the dream is compressed. Casting upon the key point is this: with intense aspiration, the pith instructions strike the key point. When lying down, one imagines a red A in the center of a white four-petaled lotus in the center of the throat and, damping the surging waves of the channels, lies down in that state; as a key point for the arising of dreams there is none more profound than this. Moreover, it is supremely important to coordinate the three [pairs]: training and disrupting, transforming and compressing, cutting off and casting upon the key point. Although the three—disrupting, compressing, and casting upon the key point—are also explained in terms of the channel-sites, the wheels, in the present context it is established by experience that this very one is the greater key point. | ||
Third, the key point of the framework of channels and winds: this is a cherished companion at all times of dreaming. Here, as the key point of introducing the bindu of wind into the net: at the time of the lion's manner of lying, one gently expels the wind and imagines that all of appearance and existence, saṃsāra and nirvāṇa, dissolves through one's own nostrils into the wheel of mindfulness; one holds the wind inside; and as a bindu descends from the HAṂ at the crown, | Third, the key point of the framework of channels and winds: this is a cherished companion at all times of dreaming. Here, as the key point of introducing the bindu of wind into the net: at the time of the lion's manner of lying, one gently expels the wind and imagines that all of appearance and existence, saṃsāra and nirvāṇa, dissolves through one's own nostrils into the wheel of mindfulness; one holds the wind inside; and as a bindu descends from the HAṂ at the crown, | ||
<span | [p. 107] | ||
all appearances, within a state of bliss, [appear] at the heart vivid and distinct like reflections in a mirror; fixing the focus upon this, | all appearances, within a state of bliss, [appear] at the heart vivid and distinct like reflections in a mirror; fixing the focus upon this, | ||
| Line 835: | Line 862: | ||
Having first trained body, speech, and mind, | Having first trained body, speech, and mind, | ||
<span | [p. 108] | ||
and relying on the signs of this,
| and relying on the signs of this,

examining, overpowering, and habitual tendencies:
| examining, overpowering, and habitual tendencies:

| Line 862: | Line 889: | ||
Third, the illusory body is making appearance and existence into the yoga of illusion. This has two parts: training the illusory body in reflections by day, and training the illusory body in dreams by night. The first: since there is no difference between the appearance of a reflection arising in a mirror and these outer and inner phenomena, what is accomplished by grasping them as true? | Third, the illusory body is making appearance and existence into the yoga of illusion. This has two parts: training the illusory body in reflections by day, and training the illusory body in dreams by night. The first: since there is no difference between the appearance of a reflection arising in a mirror and these outer and inner phenomena, what is accomplished by grasping them as true? | ||
<span | [p. 109] | ||
With undistracted resolve, thinking, "All of this is surely the appearance of illusions and reflections," one meditates on whatever appears as illusion and reflection. In particular, when one's own form appears in a mirror, one dresses it in clothes, adorns it with ornaments, strips these off and throws them away, praises it, speaks unpleasantly to it, and so forth; and just as its aspects appear there yet are not established in reality, so with regard to these appearances—self and other, enemy and friend, food and clothing, possessions, pleasant and unpleasant words, negation and affirmation, birth and death, happiness and suffering, illness, whatever arises, whatever is thought of, whatever appears, all phenomena of saṃsāra and nirvāṇa—one knows them to be without essence from the very moment they appear, like reflections inside a mirror. Thereby one becomes proficient in the nature of illusion, in which deluded appearances are without reality; and since one sees one's own body too as an illusory body, there is no doubt that one will seize the illusory body of the intermediate state. As the Sūtra Requested by Druma says: | With undistracted resolve, thinking, "All of this is surely the appearance of illusions and reflections," one meditates on whatever appears as illusion and reflection. In particular, when one's own form appears in a mirror, one dresses it in clothes, adorns it with ornaments, strips these off and throws them away, praises it, speaks unpleasantly to it, and so forth; and just as its aspects appear there yet are not established in reality, so with regard to these appearances—self and other, enemy and friend, food and clothing, possessions, pleasant and unpleasant words, negation and affirmation, birth and death, happiness and suffering, illness, whatever arises, whatever is thought of, whatever appears, all phenomena of saṃsāra and nirvāṇa—one knows them to be without essence from the very moment they appear, like reflections inside a mirror. Thereby one becomes proficient in the nature of illusion, in which deluded appearances are without reality; and since one sees one's own body too as an illusory body, there is no doubt that one will seize the illusory body of the intermediate state. As the Sūtra Requested by Druma says: | ||
| Line 877: | Line 904: | ||
know all phenomena | know all phenomena | ||
<span | [p. 110] | ||
to be likewise.
| to be likewise.

Just as, in the midst of a great crowd of people,
| Just as, in the midst of a great crowd of people,

| Line 903: | Line 930: | ||
are held to be of twelve kinds. | are held to be of twelve kinds. | ||
<span | [p. 111] | ||
So it is said. | So it is said. | ||
| Line 926: | Line 953: | ||
the yogin trains the dynamic energy of speech, | the yogin trains the dynamic energy of speech, | ||
<span | [p. 112] | ||
and the key point is to cut off the ornaments of expression.
| and the key point is to cut off the ornaments of expression.

Through the four secret times as well,
| Through the four secret times as well,

| Line 944: | Line 971: | ||
== Translation notes == | == Translation notes == | ||
* [p. 85] མེ་ལོང་ལ་ཧས་བཏབ་པ: "breath blown upon a mirror" (Gemini 3.1 Pro, GPT-6 Astra, Grok 4.7, Claude Fable 5.1); MITRA's "breath-mist" is fine but I keep the plainer image. | |||

= Bilingual = | = Bilingual = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See [[Theg mchog mdzod (Longchenpa)|the contents page]] for how it was made.

{| class="wikitable" style="width:100%" | {| class="wikitable lcp-bi" style="width:100%" | ||
! Tibetan (critical edition) !! English | ! Tibetan (critical edition) !! English | ||

| style="width:50% | | style="width:50%" | [p. 85]གྱིས་བལྟས་དུས་སྟོང་སངས་སངས་སོང་བར་བསམས་ལ། གཟུགས་སྣང་སྒྲ་སྣང་ལ་སོགས་པ་ཐམས་ཅད་ལ་སྦྱངས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟ་བུའི་ཉམས་སྐྱེའོ། །མི་རྟག་པ་ལ་སེམས་གཟུང་བ་ནི་སྣང་བ་གཏད་མེད་དུ་སྦྱོང་བ་སྟེ། གང་སྣང་གཏད་པ་མེད་བདེན་པ་མེད་སྣ་ཚོགས་སུ་སྣང་བས་མི་བདེན་ཏེ་རིས་མེད་དུ་འགྱུར་ལ་མི་རྟག་པའི་ཕྱིར་སྙམ་དུ་སྦྱངས་པས། གཟའ་གཏད་དང་བྲལ་བའི་ཉམས་སྐྱེའོ། །འབྱུང་བ་ལྔ་གང་སྣང་གི་སྟེང་དུ་ཤེས་པ་ཙེ་ནེ་ཆེ་རེ་མ་ཡེངས་པར་བཞག་པས། བཞག་ས་དེར་གྲོལ་བའི་ཉམས་སུ་མྱོང་བ་རྨི་ལམ་དང་འདྲ་བ་སྐྱེའོ། །མི་རྟོག་པ་ལ་སེམས་གཟུང་བ་ནི་སྣང་བ་གང་སྣང་ཤེས་པ་ཅི་འགྱུས་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་འཇུར་ལ་ཐེབས་པར་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེའོ། །ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་དུ་ཤར་དུས་གཉིས་འཛིན་དུ་འཆར་བ་དེ་རང་ལ་ཆེར་ཆེར་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་ཞིང༌། ཡབ་ཡུམ་གྱི་བདེ་བ་ལམ་དུ་བྱེད་པས་ཀྱང་བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེའོ། །བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡལ་ཡལ་སོང་བར་བསྒོམ་པ་དང༌། སྣང་སེམས་ཐམས་ཅད་ནམ་མཁའི་དབྱིངས་ | ||

intently, one considers that it has become empty and utterly cleared away; and by training in this with all appearances of form, appearances of sound, and the rest, the experience arises in which all appearances are like breath blown upon a mirror. Holding the mind on impermanence (mi rtag pa) is training in appearances as having no fixed reference: by training in the thought, "Whatever appears has no fixed reference and no truth; since it appears in manifold ways it is not true, and it changes indeterminately, for it is impermanent," the experience free from fixation and reference (gza' gtad) arises. By settling cognition, pointed and wide-open, without distraction, upon whichever of the five elements ('byung ba lnga) appears, there arises an experience, like a dream, of being liberated right where it is settled. Holding the mind on nonconceptuality: whatever appearance appears and however cognition moves, one identifies that the string of instants (skad cig) abides from the very beginning as partless and free of thought, and by training until it takes firm hold, the meditative concentration of the great nonconceptual natural abiding (rang gnas) arises. Holding the mind on union (zung 'jug): when things arise as dualistic appearance, by looking ever more intently at that very arising as dualistic grasping, the experience of great naturally pure nonduality arises; and by taking the bliss of the male and female consorts as the path as well, the experience of the nonduality of bliss and emptiness (bde stong) arises. Taking the intermediate space as the path: meditating that awareness fades away into the intermediate space; meditating that all appearances and mind, in the basic space of the sky, | intently, one considers that it has become empty and utterly cleared away; and by training in this with all appearances of form, appearances of sound, and the rest, the experience arises in which all appearances are like breath blown upon a mirror. Holding the mind on impermanence (mi rtag pa) is training in appearances as having no fixed reference: by training in the thought, "Whatever appears has no fixed reference and no truth; since it appears in manifold ways it is not true, and it changes indeterminately, for it is impermanent," the experience free from fixation and reference (gza' gtad) arises. By settling cognition, pointed and wide-open, without distraction, upon whichever of the five elements ('byung ba lnga) appears, there arises an experience, like a dream, of being liberated right where it is settled. Holding the mind on nonconceptuality: whatever appearance appears and however cognition moves, one identifies that the string of instants (skad cig) abides from the very beginning as partless and free of thought, and by training until it takes firm hold, the meditative concentration of the great nonconceptual natural abiding (rang gnas) arises. Holding the mind on union (zung 'jug): when things arise as dualistic appearance, by looking ever more intently at that very arising as dualistic grasping, the experience of great naturally pure nonduality arises; and by taking the bliss of the male and female consorts as the path as well, the experience of the nonduality of bliss and emptiness (bde stong) arises. Taking the intermediate space as the path: meditating that awareness fades away into the intermediate space; meditating that all appearances and mind, in the basic space of the sky, | ||

| style="width:50% | | style="width:50%" | [p. 86]ན་ལྷིང་ངེ་གང་ལའང་རྟེན་མེད་དུ་བསྒོམ་པ་དང༌། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་སྟེ། མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེའོ། །དེ་དག་གི་དོན་ཡང་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་ལྡོག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡིས་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུྃ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུ་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གནས་པ། །དེ་ཡི་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུག་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུ་གོམས་པ། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམས་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་ན། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་ | ||

rest utterly still, without support on anything at all; and meditating that space and all phenomena are equal—thereby the experience of great emptiness free from extremes arises. The meaning of these is also stated in the Union of Sun and Moon: | rest utterly still, without support on anything at all; and meditating that space and all phenomena are equal—thereby the experience of great emptiness free from extremes arises. The meaning of these is also stated in the Union of Sun and Moon: | ||
| Line 1,070: | Line 1,097: | ||
Whoever holds the mind at the heart, | Whoever holds the mind at the heart, | ||

| style="width:50% | | style="width:50%" | [p. 87]འཛིན་པ། །འདིས་ནི་བསམ་པ་རང་སར་དག། །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟག་སེམས་ལ་གང་སྦྱོང་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །འདི་དག་གི་ཞར་ལ་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་་རེག་ལྔ་ལ་སེམས་གཟུང་བའི་ཐབས་ཀྱང༌། ཐལ་འགྱུར་ལས། མིག་གཟུགས་སྒྲ་དྲི་རོ་དང་རེག །འདོད་ཡོན་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་ལ་སོགས་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང༌། །རྒྱུད་མངས་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་དང་སྦྱར་མ་དང་ །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེངས་ | ||

by this, thoughts are purified in their own place.
| by this, thoughts are purified in their own place.

Whoever abides in emptiness,
| Whoever abides in emptiness,

| Line 1,106: | Line 1,133: | ||
As for touch, the skilled one sits upon a throne; | As for touch, the skilled one sits upon a throne; | ||

| style="width:50% | | style="width:50%" | [p. 88]འདུག །གཞུང་བསྣོལ་སྦྱོར་བའི་འབྱུང་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱིས་གནས་པའོ། །ཞེས་སོ། །ཁྱད་པར་དུ་སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཡང༌། །དེ་ལས་གསུངས་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤད་པ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་ཉན་སྦྱོང་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་བོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་ཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་གྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱར། །དགུན་ཏེ་དཔྱིད་དང་དབྱར་དུས་སྟོན། །ཆུ་དང་ས་སྟེ་མེ་རླུང་གིས། །རིམ་པར་དུས་དང་ངེས་སྦྱར་ཏེ། །རྣལ་འབྱོར་ལུས་དང་བསྟུན་བྱས་ | ||

by the elements of union with bodies crossed,
| by the elements of union with bodies crossed,

and by certain leaves of trees,
| and by certain leaves of trees,

| Line 1,142: | Line 1,169: | ||
and if one makes them accord with the yogin's body, | and if one makes them accord with the yogin's body, | ||

| style="width:50% | | style="width:50%" | [p. 89]ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ལྷ་དང་མིའི་སེམས་འཛིན་གྱི་དོན་བསྡུས་ན། །རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་མ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །སེམས་ཀྱིས་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་ནས་ཀློང་དུ་གྱུར་པ་དང༌། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱིས་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་སོ། །དེའང་གཤིས་ཀྱི་དོན་རིག་པ་འོད་གསལ་ཡིན་གྱི། རྟོག་མེད་གནས་པ་ཙམ་མ་ཡིན་པའི་ཕྱིར་ན་དོན་ཆེན་མི་མཚོན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། །རང་བཞིན་ཤུགས་ཀྱི་བསམ་གཏན་ནི། མི་རྟོག་པ་ངང་གིས་ལྷུན་་གྲུབ་ཏུ་བྱུང་བ་སྟེ། ལུས་ངག་རྣལ་དུ་འབེབས་པ་ཙམ་མོ། །དམིགས་པ་རྒྱུད་རྟེན་གྱི་བསམ་གཏན་ནི། ཉོན་མོངས་པ་ཕྲ་ | ||

they will be accomplished—of this there is no doubt. | they will be accomplished—of this there is no doubt. | ||
| Line 1,170: | Line 1,197: | ||
The extensive explanation has three parts. The meditative concentration of natural force is nonconceptuality arising naturally and spontaneously present; it is merely settling body and speech into their natural state. The meditative concentration of focus supported by the continuum is to meditate on the antidote (gnyen po) of viewing the subtle and coarse afflictions as devoid of nature; | The extensive explanation has three parts. The meditative concentration of natural force is nonconceptuality arising naturally and spontaneously present; it is merely settling body and speech into their natural state. The meditative concentration of focus supported by the continuum is to meditate on the antidote (gnyen po) of viewing the subtle and coarse afflictions as devoid of nature; | ||

| style="width:50% | | style="width:50%" | [p. 90]རགས་ལ་རང་བཞིན་མེད་པར་ལྟ་བའི་གཉེན་པོ་བསྒོམ་པ་སྟེ། ཉོན་མོངས་པ་མགོ་གནོན་པ་ཙམ་མོ། །ས་ལ་གནས་པའི་བསམ་གཏན་ནི་སའི་དངོས་གཞིའི་ཏིང་ངེ་འཛིན་ཏེ་རང་སའི་བག་ཆགས་སྦྱོང་བ་ཙམ་མོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཐེག་པ་ཆེན་པོའི་བསམ་གཏན་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་འབེབས། །དམིགས་པ་རྒྱུད་རྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །ཅེས་སོ། །གཉིས་པ་ཞར་ལས་བྱུང་བའི་བསམ་གཏན་བསྟན་པ་ལ་གཉིས་ཏེ། རང་བཞིན་དང༌། བཅོས་མའི་བསམ་གཏན་ནོ། །དང་པོ་རང་བཞིན་གྱི་བསམ་གཏན་ནི། སྐྱེ་འགྲོ་ཐམས་ཅད་ལ་ཤེས་པ་བག་ལ་ཡེངས་པའི་ཚེ་གྱིན་འདར་ཧད་དེ་གནས་པ་ལས་ཀྱང་སྐྱེ་ལ། མདའ་སྲོང་གི་མིག་ལ་ཡོད་པ་དང༌། རི་བོང་དང་ཁྲ་ཚང་ན་ཉལ་བའི་མིག་ལ་ཡོད་པ་ལ་སོགས་པའོ། །མདོར་ན་སེམས་རྣམ་ཤེས་བག་ལ་ཡེངས་པའི་དུས་ཐམས་ཅད་ན་ཡོད་དོ། །གཉིས་པ་བཅོས་མའི་བསམ་གཏན་ནི། ཡིད་ཀྱིས་ཆེད་དུ་བཅོས་ནས་བསྒོམས་པའི་བསམ་གཏན་ཏིང་ངེ་འཛིན་མི་རྟོག་པ་དང་རྟོག་བཅས་ལྷའི་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། བློས་ཆེད་དུ་བྱས་པའི་ | ||

it merely suppresses the afflictions. The meditative concentration of abiding on the levels is the samādhi of the main practice of a level; it merely purifies the habitual tendencies (bag chags) of one's own level. This too, from the Union of Sun and Moon: | it merely suppresses the afflictions. The meditative concentration of abiding on the levels is the samādhi of the main practice of a level; it merely purifies the habitual tendencies (bag chags) of one's own level. This too, from the Union of Sun and Moon: | ||
| Line 1,184: | Line 1,211: | ||
So it is said. Second, the presentation of the meditative concentration that arises incidentally has two parts: natural meditative concentration and contrived meditative concentration. First, natural meditative concentration: in all living beings, when cognition is idly distracted, it arises even from remaining in a blank, vacant daze; it is present in the eyes of one straightening an arrow, in the eyes of a hare or of a hawk lying in its nest, and so forth. In short, it is present at all times when mind and consciousness are idly distracted. Second, contrived meditative concentration is every meditative concentration and samādhi cultivated after being deliberately contrived by the mental faculty—the nonconceptual, and the conceptual such as the generation and completion (bskyed rdzogs) of deities, and so forth—because they are deliberately produced by the | So it is said. Second, the presentation of the meditative concentration that arises incidentally has two parts: natural meditative concentration and contrived meditative concentration. First, natural meditative concentration: in all living beings, when cognition is idly distracted, it arises even from remaining in a blank, vacant daze; it is present in the eyes of one straightening an arrow, in the eyes of a hare or of a hawk lying in its nest, and so forth. In short, it is present at all times when mind and consciousness are idly distracted. Second, contrived meditative concentration is every meditative concentration and samādhi cultivated after being deliberately contrived by the mental faculty—the nonconceptual, and the conceptual such as the generation and completion (bskyed rdzogs) of deities, and so forth—because they are deliberately produced by the | ||

| style="width:50% | | style="width:50%" | [p. 91]ཕྱིར་རོ། །སྐབས་འདིར་དགོས་པ་ལ་ལྟོས་ནས་གསུམ་དུ་བཞག་སྟེ། དེའང་རྣལ་འབྱོར་པ་ལ་ཕྲལ་དུ་ཟས་གོས་ཀྱིས་གནོད་ལ། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱིས་ཁམས་གསུམ་དུ་བརྒྱུད་པའི་ཕྱིར་གནོད་དེ། དེ་དག་གི་གཉེན་པོར་ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༌། རླུང་ལ་བརྟེན་པ་གཉིས་ལས། བཅུད་ལེན་སྣ་ཚོགས་ནི། འབྱུང་བ་ལྔའི་བཅུད་ལེན་དང༌། སྨན་དང༌། རྩྭ་དང་བདུད་རྩི་ལ་སོགས་པ་མང་ཡང་རིན་པོ་ཆེའི་བཅུད་ལེན་མཆོག་ཏུ་ཟབ་བོ། །རིན་པོ་ཆེ་དང་བདུད་རྩི་ལྔ་འདུས་པའི་བཅུད་ལེན་ནི། ཐལ་འགྱུར་ལས། བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་ལྔ་རྣམས་སྦྱར་བའི་ཐབས། །གཞན་དུས་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ཏེ། །རིན་པོ་ཆེ་ཡི་སྣོད་དུ་གཞུག །དེ་ནས་སྦྲང་དང་ཨུ་ཙི་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེས་བླངས་ནས། །ནང་བཞིན་སྲན་མའི་རྡོག་པོ་ཙམ། །མཁས་པ་དག་གིས་ཟས་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང༌། །འགྱུར་བར་ཐེ་ཚོམ་མི་ | ||

intellect. | intellect. | ||
| Line 1,203: | Line 1,230: | ||
becomes a great extracting of the quintessence. | becomes a great extracting of the quintessence. | ||

| style="width:50% | | style="width:50%" | [p. 92]ཟའོ། །ཞེས་སོ། །རླུང་ནི་སྟེང་འོག་གི་ཁ་སྦྱར་ཏེ། །རོ་མའི་རྩ་ནང་དུ་དྲངས་ལ། མགྲིན་པའི་འཁོར་ལོ་བདུད་རྩིའི་རོས་གང་བར་བསམས་ཏེ། ས་དང་ཆུའི་རླུང་སྦ་བས་སྣང་བ་ཐམས་ཅད་ཟས་སུ་གྱུར། །མགྲིན་པ་དང་རོ་མར་ཐིམ། བསམ་གཏན་གྱི་བདེ་བས་ཁྱབ་པར་བསྒོམས་པས་ཟས་ཀྱི་རྣལ་འབྱོར་འགྲུབ་བོ། །འདི་དག་ཐལ་འགྱུར་ལས། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མེད། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡིས། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་གི་གནས་སུ་སྦ། །ཡང་ན་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །དེ་ལྟར་བཅུད་ཀྱིས་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །ཞེས་སོ། །དེའང་དཀའ་ཐུབ་དང༌། །བཅུད་ལེན་གྱི་ཁྱད་ནི། རྡོའམ་ཆུ་ལ་སོགས་པའི་རྟེན་ཅུང་ཟད་ཟོས་ | ||

So it is said. As for wind: joining the upper and lower winds, one draws them into the channel of rasanā (ro ma) and imagines the wheel of the throat filled with the taste of nectar; by concealing the winds of earth and water, all appearances turn into food and dissolve into the throat and the rasanā; and by meditating that one is pervaded by the bliss (bde ba) of meditative concentration, the yoga of food is accomplished. On these, from the Reverberation of Sound: | So it is said. As for wind: joining the upper and lower winds, one draws them into the channel of rasanā (ro ma) and imagines the wheel of the throat filled with the taste of nectar; by concealing the winds of earth and water, all appearances turn into food and dissolve into the throat and the rasanā; and by meditating that one is pervaded by the bliss (bde ba) of meditative concentration, the yoga of food is accomplished. On these, from the Reverberation of Sound: | ||
| Line 1,230: | Line 1,257: | ||
So it is said. Furthermore, the difference between austerity (dka' thub) and extracting the quintessence is this: having eaten a little of a support such as stone or water | So it is said. Furthermore, the difference between austerity (dka' thub) and extracting the quintessence is this: having eaten a little of a support such as stone or water | ||

| style="width:50% | | style="width:50%" | [p. 93]ཤིང་འཐུངས་ནས་སྔགས་དང་དམིགས་པ་རེ་ཙམ་ལམ་དུ་བྱེད་ན་དཀའ་ཐུབ་ཡིན་ལ། རི་ལུའམ་ཁྲོལ་བུའམ་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། རླུང་དང་དངས་མ་རྣལ་འབྱོར་དུ་བྱེད་ན་བཅུད་ཀྱིས་ལེན་པ་ཞེས་བྱ་བར་འགྱུར་རོ། །གཉིས་པ་གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གསུམ་ལས། རྟེན་འབྲེལ་ཟབ་མོ་ནི་ཤ་སྦྱོར་དང༌། རྡོ་སྦྱོར་དང༌། སྔོ་སྦྱོར་དང༌། རྩི་སྦྱོར་ལ་སོགས་པ་སྟེ། མཁའ་འགྲོ་མཛོད་ནས་བཤད་པ་བཞིན་ནོ། །གཏུམ་མོ་མེའི་དྲོད་ལ་བརྟེན་པ་ནི་ལུས་སྐྱིལ་ཀྲུང་ལ་རླུང་ཁ་སྦྱར་ཏེ། ལྟེ་བར་རཾ་ལས་མེ་འབར་བས་སྤྲུལ་པའི་འཁོར་ལོ་ནས་བདེ་ཆེན་འཁོར་ལོའི་བར་ཁྱབ་པར་དྲོད་འབར་སྟེ། རྐྱང་མའི་ནང་ནས་རླུང་བཟུང་བར་དམིགས་ལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་ཞིང་སྦྱངས་པས་གོས་ཀྱི་བསམ་གཏན་འགྲུབ་བོ། །རླུང་ལ་བརྟེན་པ་ནི། ཙོག་པུར་འདུག་སྟེ་རླུང་ནང་དུ་དྲངས་ནས་བསྡིགས་པས་ཕོ་ཁ་ཚ་མེར་གྱིས་སོང་དུས་དལ་བུས་བཟུང་ལ། དལ་བུས་བཏང་ཞིང༌། རླུང་གི་ཞབས་ཅུང་ཟད་བཞག་ལ་ཡང་དྲངས་པས། དྲོད་སྐྱེ་ཞིང་སྲོག་ཆགས་མེད་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་རང་བཞིན་གྱིས་འགག་པའོ། །ཡང་ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཅིང་ | ||

or wood, and drunk it, one makes only a mantra or so and an object of focus into the path, that is austerity; whereas, whether there is a support such as a pill or a granule or there is none, if one makes wind and the vital essence (dangs ma) into yoga, that becomes what is called extracting the quintessence. | or wood, and drunk it, one makes only a mantra or so and an object of focus into the path, that is austerity; whereas, whether there is a support such as a pill or a granule or there is none, if one makes wind and the vital essence (dangs ma) into yoga, that becomes what is called extracting the quintessence. | ||
| Line 1,242: | Line 1,269: | ||
Through projecting and | Through projecting and | ||

| style="width:50% | | style="width:50%" | [p. 94]སྡུད་པ་ལས། །འགྲོ་འོང་བསྐྱེལ་བའི་གནད་ཀྱིས་ཀྱང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པར་དབྱེ། །རྟེན་ཅིང་འབྲེལ་པའི་སྦྱོར་བ་ཡིས། །གཅིག་དང་དྲུག་དང་བདུན་གསུམ་ལས། །རི་ལུ་ཕྱེ་མ་ལེགས་སྦྱར་ལ། །ལྟོར་བཏང་བྱུག་པའི་མཐའ་ཡིས་བྱ། །ཞེས་སོ། །གསུམ་པ་རྨི་ལམ་དང་བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། རྩ་རླུང༌། རྨི་ལམ། སྒྱུ་ལུས། འོད་གསལ། འཕོ་བ། ཟུང་འཇུག་བར་དོ་དང་དྲུག་ལས། དང་པོ་ནི་སྔར་ཡང་བསྟན་ལ། ཁྱད་པར་དུ་རྩའི་གནད་ལྟེ་བའི་འོག་ཨ་ཝ་དྷཱུ་ཏཱིའི་མར་སྣའི་གོང་སྤུ་ན་གུའི་ཐད་ན་དངས་མ་དམར་པོ་དང་མེའི་ས་བོན་ཨ་ཤད་དམར་ལ་འཚེར་བ་རེག་བྱ་ཚ་བ་ལས་མེ་འབར་ཏེ། རྩའི་ནང་བསྲོས་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་འཐིགས་པས་འཁོར་ལོ་བཞི་དང་ལུས་ཀུན་ཁྱབ་པར་བསྒོམས་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣ་ནས་བཅུག་སྟེ། འཁོར་ལོ་བཞིའི་ནང་བཀང་ལ་རྩ་རླུང་ཐིག་ལེ་ཆུན་གཅིག་ཏུ་སྦྱང་བར་བྱའོ། །དེ་ལས་དྲོད་དང་ཡེ་ཤེས་སྐྱེ་བ་ནི་ལམ་དངོས་གཞིའི་ཐབས་ཀྱི་མཆོག་ཏུ་བཤད་པའོ། །དེའི་ཡན་ལག་ཏུ་ཤེས་རབ་ལ་བརྟེན་ནས་གཞན་ལུས་ཐབས་ལམ་གྱི་གནད་སྔར་བསྟན་པ་བཞིན་གྲོགས་སུ་བྱ་ཞིང༌། མི་བརྟེན་ན་བདེ་ཆེན་ཐིག་ | ||

gathering the wind,
| gathering the wind,

and also through the key point of conveying the going and coming,
| and also through the key point of conveying the going and coming,

| Line 1,257: | Line 1,284: | ||
Third, training in the sessions of meditative concentration that cut attachment to dream and habitual tendencies has six parts: channels and winds, dream, illusory body (sgyu lus), luminosity, transference ('pho ba), and the bar do of union (zung 'jug bar do). Of these, the first has also been taught above. In particular, the key point of the channels: below the navel, above the lower tip of the avadhūtī, level with the pubic hair, there is the red vital essence and the seed of fire, a red, glittering a-stroke (a shad), hot to the touch, from which fire blazes; it warms the inside of the channel, and from HAṂ at the crown white and red bodhicitta (byang sems) drips down, pervading the four wheels and the whole body—so one meditates. Then, introducing the winds of the rasanā and lalanā through the lower tip of the central channel and filling the interior of the four wheels, one should train the channels, winds, and bindus into a single cluster. The arising of warmth and primordial wisdom from this is explained as the supreme among the skillful means of the main practice (dngos gzhi) of the path. As its branch, relying on a consort (shes rab), one takes as an aid the key points of the path of skillful means using another's body, as taught before; and if one does not rely on one, one should know it through the experience of the blazing and dripping of the bindu of great | Third, training in the sessions of meditative concentration that cut attachment to dream and habitual tendencies has six parts: channels and winds, dream, illusory body (sgyu lus), luminosity, transference ('pho ba), and the bar do of union (zung 'jug bar do). Of these, the first has also been taught above. In particular, the key point of the channels: below the navel, above the lower tip of the avadhūtī, level with the pubic hair, there is the red vital essence and the seed of fire, a red, glittering a-stroke (a shad), hot to the touch, from which fire blazes; it warms the inside of the channel, and from HAṂ at the crown white and red bodhicitta (byang sems) drips down, pervading the four wheels and the whole body—so one meditates. Then, introducing the winds of the rasanā and lalanā through the lower tip of the central channel and filling the interior of the four wheels, one should train the channels, winds, and bindus into a single cluster. The arising of warmth and primordial wisdom from this is explained as the supreme among the skillful means of the main practice (dngos gzhi) of the path. As its branch, relying on a consort (shes rab), one takes as an aid the key points of the path of skillful means using another's body, as taught before; and if one does not rely on one, one should know it through the experience of the blazing and dripping of the bindu of great | ||

| style="width:50% | | style="width:50%" | [p. 95]ལེའི་འབར་འཛག་དང༌། བདེ་བའི་རྩ་གཉིས་དལ་བུས་གཏེམས་ལ་ལྕེ་ཆུང་བསྐྱོད་པའི་ཉམས་ཀྱིས་ཤེས་པར་བྱའོ། །རླུང་གི་སྦྱོར་བས་འོད་གསལ་མཉམ་པའི་གནད་ངེས་པ་ལ་འཇུག་པས། དེའི་ངེས་བྱེད་ཀྱང་ཐལ་འགྱུར་ལས། རླུང་ལ་བརྟེན་ཏེ་ལུས་སེམས་དབྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟེར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་ལ་དྲང༌། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པའོ། །ཞེས་སོ། །དེའི་ཐབས་དང་གེགས་ལས་རྒྱལ་བར་བྱེད་པ་ལ་བདུད་རྩི་དང༌། འབྱུང་བ་རོ་སྙོམས་པའི་གནད་གཉིས་ལས། བདུད་རྩི་ནི་བསྐོར་ལོག་ཏུ་ཟན་ཆང་གིས་བརྗིས་ལ་ཟོས་པ་དྲི་ང་བ་དང་འབྲལ་ཞིང༌། །མར་ཁུ་བྱེད་ན་བུམ་པ་ལ་སོགས་པར་བཙོས་པའི་དངས་མ་ལ་སྤྱོད་པ་སྟེ། དེ་ཉིད་ལས། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་འཛད། །ཡང་ན་བཅུད་ཕྱུང་མར་ཁུ་ཡིས། །ཚད་དང་ལྡན་པར་བསྟན་པ་ཡིས། །འབྱུང་བའི་རྒྱུན་རྣམས་འཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ | ||

bliss, and of gently pressing the two channels of bliss and moving the uvula (lce chung). Since the application of wind brings one into the certain key point of the evenness of luminosity, its confirmation too is from the Reverberation of Sound: | bliss, and of gently pressing the two channels of bliss and moving the uvula (lce chung). Since the application of wind brings one into the certain key point of the evenness of luminosity, its confirmation too is from the Reverberation of Sound: | ||
| Line 1,286: | Line 1,313: | ||
in the body, parasites | in the body, parasites | ||

| style="width:50% | | style="width:50%" | [p. 96]ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་དང༌། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཇི་ལྟར་འདོད་པ་འགྲུབ་པར་ངེས། །ཞེས་སོ། །འབྱུང་བ་རོ་སྙོམས་ནི་ས་ཆུ་མེ་རླུང་བཞིའི་རླུང་བཟུང་སྟེ། །ལུས་བཅུད་ལེན་དག་པས་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་རྩ་རླུང་དངས་མའི་སྦྱོར་བ་སྔར་བཞིན་སྦྱངས་པས་ཚེ་དང་ལོངས་སྤྱོད་དང་ཟས་གོས་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦས། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་གྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འདིའི་དུས་སུ་ནད་བྱུང་ན་ཡི་གེ་བརྗོད་པས་གདོན་པའམ། ནུས་པས་གཞན་ལ་སྤོ་བའམ། ལུས་ཀྱི་འཁྲུལ་འཁོར་གྱིས་གདོན་པར་བྱ་སྟེ། ཐལ་འགྱུར་ལས། རྒྱུད་གཞན་ཀུན་ཏུ་མ་བཤད་པའི། །འབྱུང་བའི་ནད་རྣམས་དྲང་དང་ | ||

do not take hold and dwell;
| do not take hold and dwell;

there is no excrement, urine, and the like;
| there is no excrement, urine, and the like;

| Line 1,319: | Line 1,346: | ||
The drawing out and | The drawing out and | ||

| style="width:50% | | style="width:50%" | [p. 97]བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང༌། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡིས་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལས་རྐྱེན་བརྒྱད་ནི། །ཚ་དང་གྲང་བའི་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱོར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་པར་གྱི་གནས་སྦྱར་ཏེ། །གནད་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༌། །གཅུད་ཅིང་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གི །ངེས་པར་སྦྱར་ཏེ་སེམས་བཟློག་བྱའོ། །ངག་ནི་སྒྲ་སྐད་སྣ་ཚོགས་དང༌། །ཡི་གེ་བརྡ་སྦྱོར་སྣ་ཚོགས་དང༌། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང༌། །དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་དང་གྲོལ་མཚམས་ཀྱིས། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང༌། །གཞན་ལུས་རྟེན་འབྲེལ་སྦྱོར་བས་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པོ། །ཞེས་སོ། །དེ་ལ་སྒོ་གསུམ་གྱི་འཁྲུལ་འཁོར་ནི། ཡང་དེ་ལས། ནད་དང་སྡུག་བསྔལ་གྲོལ་ | ||

reversing of the illnesses of the elements,
| reversing of the illnesses of the elements,

not explained in any other tantra—
| not explained in any other tantra—

| Line 1,358: | Line 1,385: | ||
One who desires to be freed from illness and suffering | One who desires to be freed from illness and suffering | ||

| style="width:50% | | style="width:50%" | [p. 98]འདོད་པས། །རང་དང་གཞན་གཉིས་མཉམ་པར་སྦྱར། །གཞན་ལ་རྟེན་འབྲེལ་དག་གིས་བྱ། །རང་ནི་སྤོ་དང་བྱ་བས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང༌། །དེ་བཞིན་སེམས་ཀྱི་གནད་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བའི་ནད་བསྡེབས་བཞི་ཡི་ཆ། །ཚ་དང་གྲང་བས་མཐའ་ཕྱེ་སྟེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩལ་གནས་པ་ཡི། །ཡི་གེ་བརྗོད་ཚུལ་དྲུག་གིས་ཀྱང༌། །སོ་སོའི་གནས་དང་སྦྱར་བ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང༌། །འདྲེ་དང་ལྷ་ཀླུ་དག་པའི་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང༌། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང༌། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང༌། །ཇི་ལྟར་འགྱུས་པའི་མཐའ་ཡིས་ཀྱང༌། །རྣལ་འབྱོར་པ་ཡི་རིག་པས་དབྱེ། ། | ||

applies self and other, the two, equally.
| applies self and other, the two, equally.

For another, it is done by interdependent connections;
| For another, it is done by interdependent connections;

| Line 1,393: | Line 1,420: | ||
are distinguished by the yogin's awareness. | are distinguished by the yogin's awareness. | ||

| style="width:50% | | style="width:50%" | [p. 99]གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་ལས་ཀྱང་མཐའ་དབྱེའོ། །ཞེས་སོ། །སྤོ་བ་ནི། རླུང་ལེགས་པར་འབྱོངས་པ་དག་གིས་རང་གི་ནད་མི་དང་དུད་འགྲོ་དང་ཤིང་དང་ས་རྡོ་ལ་སོགས་པ་ལ་སྤོ་བར་ནུས་ལ། གཞན་གྱི་ནད་གཞན་ལ་སྤོ་བར་ནུས་སོ། །འདིའི་དུས་ན་བླ་མའི་ནད་གཞན་ལ་སྤོ་བ་དང༌། བེམས་པོ་ལ་སྤོ་བ་ལས་གཞན་ལ་མི་བྱ་སྟེ། སྔགས་ཀྱི་དམ་ཚིག་ལས་སེམས་ཅན་ལ་འཚེ་བ་སྤང་བ་དང་འགལ་བའི་ཕྱིར་རོ། །རང་བཞིན་དུ་ནད་སྤོ་བ་མི་བྱ་སྟེ། རང་གཞན་གྱི་སྒྲིབ་པ་སྦྱོང་བྱེད་དུ་སྐྱེས་པ་དང༌། སྤོས་ཀྱང་ཡང་འབྱུང་བའི་ཕྱིར་ཏེ། དར་ཅིག་འཕོས་ཀྱང་ལས་མི་འཕོ་བས་ལས་ཀྱིས་འབྱུང་བའི་ཕྱིར་རོ། །ཐལ་འགྱུར་ལས། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ནས། །རླུང་ལ་གོམས་པ་བསྟེན་བྱས་ནས། །དངོས་པོ་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནས་དངོས་པོའི་སྤོ་བ་བརྩམ། །སྟོང་པའི་སེམས་ཀྱིས་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བ་སྟོང་པས་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ | ||

Moreover, they are transformed by body, speech, and mind;
| Moreover, they are transformed by body, speech, and mind;

or else the activities that are the deeds of mind
| or else the activities that are the deeds of mind

| Line 1,418: | Line 1,445: | ||
in the nature of clear emptiness, | in the nature of clear emptiness, | ||

| style="width:50% | | style="width:50%" | [p. 100]ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འབྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱིས་སྤོ་བ་བཏང་ཐབས་དང༌། །སྐད་ཀྱིས་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་ལུས་ཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱོས། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང༌། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་བཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང༌། །འགུགས་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །ཞེས་སོ། །རང་བཞིན་དུ་འབྱུང་བ་བཞི་ཀའི་རླུང་འབྱོངས་པས་སྤོ་བ་གྲུབ་ལ། ཁྱད་པར་ལས་རླུང་འབྱོངས་པས་འགྲུབ་བོ། །སྤོ་བ་ཡང་འབྱུང་བ་ལ་དབང་ཐོབ་སྣང་སེམས་འདྲེས་པ་སྟེ། །ནད་གཅིག་པུ་སྤོ་བར་མ་ཟད་བདེ་སྡུག་གི་ཞེན་དང༌། ཡུལ་འཁོར་དང༌། རི་ལུང་དང་ནགས་ཚལ་ལ་སོགས་པ་ཡོད་པ་མེད་པར་སྤོ། མེད་པ་ཡོད་པར་སྤོ། ཡུལ་གཞན་ན་ཡོད་པ་འདིར་འགུགས་པས་སྤོ། འདི་ན་ཡོད་པ་གཞན་དུ་འཕེན་པས་སྤོ། དངོས་པོ་བེམས་པོ་རང་གི་གནས་སུ་སེམས་ཅན་འོང་བ་བཞིན་སྤོ། བཞོན་པ་དང་བུ་མོ་ལ་སོགས་པ་རླུང་གིས་ | ||

mind too rests in that very state.
| mind too rests in that very state.

Through the completed rite of interdependent connection,
| Through the completed rite of interdependent connection,

| Line 1,440: | Line 1,467: | ||
So it is said. In general, shifting is accomplished by mastering the winds of all four elements; in particular, it is accomplished by mastering the karmic wind (las rlung). Shifting, moreover, is gaining mastery over the elements with appearances and mind mingled: not only is illness alone shifted, but also attachment to pleasure and pain, countries, mountains and valleys, forests, and the like—what exists is shifted into nonexistence; what does not exist is shifted into existence; what exists in another place is shifted by summoning it here; what exists here is shifted by casting it elsewhere; inanimate entities are shifted so that they come to one's own place just as a sentient being comes; mounts, maidens, and the like are drawn by the wind | So it is said. In general, shifting is accomplished by mastering the winds of all four elements; in particular, it is accomplished by mastering the karmic wind (las rlung). Shifting, moreover, is gaining mastery over the elements with appearances and mind mingled: not only is illness alone shifted, but also attachment to pleasure and pain, countries, mountains and valleys, forests, and the like—what exists is shifted into nonexistence; what does not exist is shifted into existence; what exists in another place is shifted by summoning it here; what exists here is shifted by casting it elsewhere; inanimate entities are shifted so that they come to one's own place just as a sentient being comes; mounts, maidens, and the like are drawn by the wind | ||

| style="width:50% | | style="width:50%" | [p. 101]ནམ་མཁའ་ལ་དྲངས་ཏེ་རང་གི་གནས་སུ་སྤོ་བའོ། །དཔེར་ན་སློབ་དཔོན་ཆེན་པོ་པདྨས་མང་ཡུལ་གྱི་རི་སྤོས་པ་དང༌། བསམ་ཡས་སུ་ནེ་ཐང་དང་ཤིང་ནགས་སྤོས་ནས་དིང་སང་གི་བར་དུ་ཡོད་པ་ལྟ་བུའོ། །འདི་ནི་རྣལ་འབྱོར་པའི་འདོད་པ་བསྒྲུབ་པའི་མཆོག་སྟེ། ཐལ་འགྱུར་ལས། སྤོ་འདོད་རྣལ་འབྱོར་སྐལ་ཆེན་པོས། །རིག་བཅས་སེམས་ཀྱིས་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འབྲེལ་སྦྱོར་བས་བྱ། །བེམས་པོའི་འབྱུང་བ་བཞི་དག་ལས། །དངོས་པོར་འགྱུར་བའི་རྟེན་འབྲེལ་གྱིས། །གྲངས་དང་བརྡ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང༌། རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང༌། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །ཅེས་སོ། །གཉིས་པ་རྨི་ལམ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་གསུམ་ལས། སྦྱོང་བ་ནི་ཉིན་འགར་ཕྱག་དང་བསྐོར་བ་དང་ཁ་ཏོན་དང་སེམས་ཀྱི་སྤྲོ་བསྡུ་ཤ་ཐང་བས་ལུས་ངག་སེམས་གསུམ་སྦྱངས་པས་རྨི་ལམ་ཟིང་ཟིང་མང་པོ་འབྱུང་བ་ནི་ | ||

through the sky and shifted to one's own place. For example, it is like the great master Padma shifting a mountain of Mangyul, and shifting a meadow and a forest to Samye, where they exist down to the present day. This is the supreme means by which the yogin accomplishes his wishes. From the Reverberation of Sound: | through the sky and shifted to one's own place. For example, it is like the great master Padma shifting a mountain of Mangyul, and shifting a meadow and a forest to Samye, where they exist down to the present day. This is the supreme means by which the yogin accomplishes his wishes. From the Reverberation of Sound: | ||
| Line 1,465: | Line 1,492: | ||
Second, dream has two parts: the preliminaries and the main practice. The first has three parts. Training: for some days, by wearying oneself with prostrations, circumambulations, recitations, and the mind's emanating and gathering, one trains the three—body, speech, and mind—whereupon many turbulent dreams arise; this is the measure of having trained. | Second, dream has two parts: the preliminaries and the main practice. The first has three parts. Training: for some days, by wearying oneself with prostrations, circumambulations, recitations, and the mind's emanating and gathering, one trains the three—body, speech, and mind—whereupon many turbulent dreams arise; this is the measure of having trained. | ||

| style="width:50% | | style="width:50%" | [p. 102]འབྱོངས་པའི་ཚད་དོ། །དེ་ནས་རྨི་ལམ་དེ་དག་ལས་བག་ཆགས་ཀྱི་སྲབ་མཐུག་བརྟག་པ་ནི་དེ་ནས་ཉིན་འགར་རབ་ཏུ་དལ་བས་གྱིན་འདར་གློད་ལ་རྨི་ལམ་བཟུང་ཞིང་བརྟག་གོ་སྙམ་དུ་འདུན་པ་རྩེ་གཅིག་པ་ལས་མ་ཡེངས་པར་བྱས་པས། སྔར་ཞེན་པའི་ཡུལ་ལ་སོགས་པ་ཤས་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཐུན་ཆེར་རྨི་ན་ཤིན་ཏུ་སླ་བས་ཉི་མ་གསུམ་བཞི་ཙམ་ལ་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང༌། ཕྲད་མ་མྱོང་བའི་མི་ལ་སོགས་པ་རྨི་ན་བཅད་དཀའ་འོ། །གསུམ་ཀ་ཕྱལ་ཕྱོལ་དུ་རྨི་ན་བག་ཆགས་གསུམ་འདུས་པས་ཤིན་ཏུ་བཅད་དཀའ་འོ། །ཟིལ་གྱིས་མནན་པ་ནི་རྨི་ལམ་བཟུང་བ་སྟེ། འདི་ལ་འདུན་པ་རྩེ་གཅིག་ཁོ་ན་མན་ངག་གི་གནད་ཡིན་པས། ཉིན་དུས་རྨི་ལམ་ཡིན་འདིར་བྱུང་སྙམ་དུ་གློ་བུར་ཐུབ་པའི་འདུན་པ་དང་ངེས་ཤེས་བྱས་པས། ནུབ་མོ་ཟིན་ངེས་ཏེ། འདིའི་ཚེ་མི་ཕོད་བ་རྫི་བ་དང༌། སྤྲུལ་ཞིང་བསྒྱུར་བ་དང༌། ཡུལ་ཁམས་ལྟ་བ་ལ་སོགས་པའི་རྩལ་སྦྱངས་པས། སྣང་བ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཐོག་མར་བླ་མའི་མོས་གུས་དང་འདུན་པ་ཆེར་བྱས་པས། དང་པོ་ཆུ་དང་མེ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོས་འཇིགས་དངངས་སྐྱེས་པ་ལ་རྨི་ལམ་དུ་འདུག་སྙམ་དུ་ | ||

Next, examining from those dreams whether the habitual tendencies are thin or thick: then, for some days, being utterly at leisure, one relaxes loosely and at ease and, without straying from the one-pointed intention "I shall seize the dream and examine it," if one dreams for the most part of objects of former attachment and the like, the habitual tendencies of former attachment are strong, and so transforming them is of middling difficulty. If one dreams for the most part of the present period, it is very easy, and one masters it in about three or four days. If one dreams of places one has never gone before and | Next, examining from those dreams whether the habitual tendencies are thin or thick: then, for some days, being utterly at leisure, one relaxes loosely and at ease and, without straying from the one-pointed intention "I shall seize the dream and examine it," if one dreams for the most part of objects of former attachment and the like, the habitual tendencies of former attachment are strong, and so transforming them is of middling difficulty. If one dreams for the most part of the present period, it is very easy, and one masters it in about three or four days. If one dreams of places one has never gone before and | ||
of people one has never met and the like, it is hard to cut through. If one dreams all three jumbled together, the three kinds of habitual tendencies are combined, and so it is very hard to cut through. Overpowering is seizing the dream. Here, one-pointed intention alone is the key point of the pith instructions; so, by forming during the day an intention and a certainty capable of striking suddenly, thinking, "This is a dream; it has arisen here," one will certainly seize it at night. At that time, by training in the skills of trampling upon what one dares not face, emanating (sprul pa) and transforming, viewing lands and realms, and so forth, one overpowers appearances. For this, at first, having generated great devotion to the guru and great intention, at the beginning, when fear and panic have arisen through violent conditions such as water, fire, dogs, and enemies, one certainly seizes it, thinking, "I am in a dream"; | of people one has never met and the like, it is hard to cut through. If one dreams all three jumbled together, the three kinds of habitual tendencies are combined, and so it is very hard to cut through. Overpowering is seizing the dream. Here, one-pointed intention alone is the key point of the pith instructions; so, by forming during the day an intention and a certainty capable of striking suddenly, thinking, "This is a dream; it has arisen here," one will certainly seize it at night. At that time, by training in the skills of trampling upon what one dares not face, emanating (sprul pa) and transforming, viewing lands and realms, and so forth, one overpowers appearances. For this, at first, having generated great devotion to the guru and great intention, at the beginning, when fear and panic have arisen through violent conditions such as water, fire, dogs, and enemies, one certainly seizes it, thinking, "I am in a dream"; | ||

| style="width:50% | | style="width:50%" | [p. 103]ཟིན་ངེས་ཏེ་རྩུབ་ཟིན་ཞེས་བྱའོ། །དེ་ནས་ཇི་ལྟར་རྨིས་པ་ཐམས་ཅད་ཟིན་པ་འོང་ངོ༌། །ཟིན་དུས་སྤྲུལ་པ་ནི། ཉིན་དུས་ཡིད་ཀྱི་ལྷ་སྐུ་དང་སྐྱེ་འགྲོ་དང་མཐོང་སྣང་མི་འདྲ་བ་དུ་མ་སྤྲུལ་ཞིང་གཅིག་ལས་མང་པོར་སྤྲུལ་པ་བྱས་པས། རྨི་ལམ་དུ་སྤྲུལ་པ་བཞིན་མཐོང་བའོ། །དེ་ནས་ཕན་ཚུན་ལྷ་ཀླུར་བསྒྱུར། སྐྱེས་པ་བུད་མེད་དུ་བསྒྱུར། གཅིག་མང་པོར་བསྒྱུར་མང་པོ་གཅིག་ཏུ་བསྒྱུར་བ་རྣམས་འདུན་པ་མ་ཡེངས་པར་ཉིན་དུས་སྦྱངས་པས་རྨི་ལམ་དུ་འབྱུང་ངེས་སོ། །དེ་ནས་སྔར་མ་ཕྱིན་པའི་ཡུལ་དང་ཞིང་ཁམས་ལ་སོགས་པ་ཡིད་ལ་བྱས་པས་རྨི་ལམ་དུ་དེར་བགྲོད་པ་དང་ཆོས་ཐོས་པ་ལ་སོགས་པ་འབྱུང་ངོ༌། །འདི་དག་འདུན་པ་དྲག་པོ་བྱས་ན་མྱུར་དུ་འབྱོངས་པ་ཡིན་ནོ། །ཁ་ཅིག་ཏུ་རྨི་ལམ་བསྒོམ་པའི་དངོས་གཞིར་བཤད་ཀྱང༌། སྐབས་འདིར་སྔོན་འགྲོར་འཐད་དེ་རྨི་ལམ་ཟིན་པ་དང་སྤྲུལ་བསྒྱུར་ཙམ་ཆོས་ཉིད་ཀྱི་དོན་མ་ཡིན་ཞིང་བློའི་བདེན་ཞེན་ལས་མི་གྲོལ་བའི་ཕྱིར་རོ། །སྔར་གྱི་ཕལ་ཆེར་གྱིས་འདི་བཤད་པ་མི་འདུག་ནའང་ཟིལ་གནོན་གྱི་བཤད་འགྲེལ་དང་རྨི་ལམ་གནད་ཀྱི་མན་ངག་ཏུ་གསུངས་པས་གནད་གལ་པོ་ཆེ་ཡིན་ལ། རང་གིས་ཀྱང་ཉམས་སུ་བླངས་པས་ངེས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོས་ཉིད་དོན་གྱི་གནད། །ཐབས་དང༌། | ||

this is called "coarse seizing." After that, one comes to seize everything, however it is dreamt. Emanating once it is seized: during the day, by mentally emanating deity forms, living beings, and many different visible appearances, and emanating many from one, one sees them in the dream just as emanated. Then one transforms gods and nāgas into one another, transforms men into women, transforms one into many and many into one; by training in these during the day with undistracted intention, they will certainly occur in the dream. Then, by bringing to mind places one has never gone before, buddha fields, and the like, travelling there in the dream, hearing the Dharma, and so forth will occur. If one applies intense intention to these, one masters them quickly. Although in some [texts] this is explained as the main practice of dream meditation, in this context it is fitting as the preliminary, because merely seizing the dream and emanating and transforming is not the meaning of the nature of phenomena and does not free one from the intellect's clinging to things as real. Although most earlier [masters] do not seem to have explained this, since it is taught in the explanatory commentary on Overpowering and in the Pith Instructions on the Key Points of Dream, it is a key point of great importance, | this is called "coarse seizing." After that, one comes to seize everything, however it is dreamt. Emanating once it is seized: during the day, by mentally emanating deity forms, living beings, and many different visible appearances, and emanating many from one, one sees them in the dream just as emanated. Then one transforms gods and nāgas into one another, transforms men into women, transforms one into many and many into one; by training in these during the day with undistracted intention, they will certainly occur in the dream. Then, by bringing to mind places one has never gone before, buddha fields, and the like, travelling there in the dream, hearing the Dharma, and so forth will occur. If one applies intense intention to these, one masters them quickly. Although in some [texts] this is explained as the main practice of dream meditation, in this context it is fitting as the preliminary, because merely seizing the dream and emanating and transforming is not the meaning of the nature of phenomena and does not free one from the intellect's clinging to things as real. Although most earlier [masters] do not seem to have explained this, since it is taught in the explanatory commentary on Overpowering and in the Pith Instructions on the Key Points of Dream, it is a key point of great importance, | ||
and I myself have ascertained it by taking it up in practice. Second, the main practice has three parts: the key point of the meaning of the nature of phenomena; the key point of skillful means and | and I myself have ascertained it by taking it up in practice. Second, the main practice has three parts: the key point of the meaning of the nature of phenomena; the key point of skillful means and | ||

| style="width:50% | | style="width:50%" | [p. 104]དམིགས་པའི་གནད། རྩ་རླུང་ཆིངས་ཀྱི་གནད་དོ། །དང་པོ་ལ་སྦྱང་བ། བསྒྱུར་བ། བཅད་པ་གསུམ་ལས། ཤིན་ཏུ་དཀའ་བས་གསུམ་ཀ་བསྒོམ་ཞིང༌། འབྲིང་གིས་གཉིས་སླ་བས་གང་རུང་རེ་རེས་ཆོག་པར་གསུངས་ན་ཡང༌། འདི་ཁྲིད་དུ་བྱེད་དུས་ཐམས་ཅད་བསྒོམས་པས་ལག་ལེན་ལ་ཐམས་ཅད་ལ་སྦྱང་ངོ༌། །དང་པོ་རྨི་ལམ་སྦྱང་བ་ནི་ཉིན་དུས་སྣང་བ་ཐམས་ཅད་མདང་རྨིས་པའི་རྨི་ལམ་དུ་གསལ་བའི་འདུན་པས་སྤྲུལ་བསྒྱུར་བྱས་ལ། ཕྱི་བདེན་མེད་དུ་སྦྱང་དུས་སྦྱོང་བྱེད་རིག་པ་ལ་ཚུར་བལྟས་ཏེ་ཤར་ཤར་གཞི་མེད་རྩ་བ་དང་བྲལ་བའི་ངོ་བོ་རྗེན་པར་སལ་སལ་བསྒོམ། ཐམས་ཅད་གཏད་མེད་བདེན་མེད་གཞི་མེད་ངོས་གཟུང་མེད་ལ་སྣང་བའི་རང་བཞིན་དུ་ངོས་བཟུང་ནས་རྩེ་གཅིག་ཏུ་བརྩོན་འགྲུས་ཐང་ལྷོད་མ་ཤོར་བར་བསྒོམས་པས། སྣང་བ་ཙམ་དངོས་སུ་སྒྱུ་མ་རྨི་ལམ་དུ་འཆར་ཞིང་ལས་དང་བག་ཆགས་ཀྱི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་འཇིག་གོ །རྨི་ལམ་དུའང་དེའི་ངང་མ་ཡེངས་པ་འབྱུང་སྟེ། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །རྨི་ལམ་བསྒྱུར་བ་ནི་སྣང་སྟོང་གཉིས་ལས། སྣང་བ་བསྒྱུར་བའི་གནད་ནི་མེ་ལོང་དུ་ལྷའི་སྐུ་བསྟན་པ་ལ་རྟེན་བྱས་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་བསྒྱུར་ | ||

object of focus; and the key point of the framework of channels and winds. The first has three: training, transforming, and cutting through. Although it is taught that one for whom it is very difficult meditates on all three, one of middling [difficulty] on two, and one for whom it is easy may suffice with any one, when this is given as guidance all of them are meditated upon, and so in practice one trains in all of them. First, training the dream: during the day, with the intention that all appearances are vividly [present] as the dream one dreamt last night, one emanates and transforms them; and when training the outer as unreal, one looks back at the awareness that does the training and meditates with vivid clarity upon the naked essence of whatever arises as it arises, groundless and free of any root. Having identified everything as the nature of appearance—without reference point, unreal, groundless, and unidentifiable—one meditates one-pointedly, without diligence slipping into tension or laxity, whereby mere appearances actually dawn as illusion (sgyu ma) and dream, and all the deluded appearances and deluded apprehension of karma and habitual tendencies are destroyed. In the dream as well, undistracted [abiding in] that state arises, and day and night one does not pass beyond the wheel of the nature of phenomena. Transforming the dream has two aspects, appearance and emptiness. The key point of transforming appearance is that, relying on showing the deity's form in a mirror, one transforms all appearances into the maṇḍala of the deity, transforms them into a buddha field, | object of focus; and the key point of the framework of channels and winds. The first has three: training, transforming, and cutting through. Although it is taught that one for whom it is very difficult meditates on all three, one of middling [difficulty] on two, and one for whom it is easy may suffice with any one, when this is given as guidance all of them are meditated upon, and so in practice one trains in all of them. First, training the dream: during the day, with the intention that all appearances are vividly [present] as the dream one dreamt last night, one emanates and transforms them; and when training the outer as unreal, one looks back at the awareness that does the training and meditates with vivid clarity upon the naked essence of whatever arises as it arises, groundless and free of any root. Having identified everything as the nature of appearance—without reference point, unreal, groundless, and unidentifiable—one meditates one-pointedly, without diligence slipping into tension or laxity, whereby mere appearances actually dawn as illusion (sgyu ma) and dream, and all the deluded appearances and deluded apprehension of karma and habitual tendencies are destroyed. In the dream as well, undistracted [abiding in] that state arises, and day and night one does not pass beyond the wheel of the nature of phenomena. Transforming the dream has two aspects, appearance and emptiness. The key point of transforming appearance is that, relying on showing the deity's form in a mirror, one transforms all appearances into the maṇḍala of the deity, transforms them into a buddha field, | ||

| style="width:50% | | style="width:50%" | [p. 105]བ་དང༌། སྒྱུ་མའི་དཔེ་བརྒྱད་དུ་བསྒྱུར་བ་རྣམས་འདུན་པ་དྲག་པོས་བྱའོ། །སྟོང་པར་བསྒྱུར་བ་ནི་ནམ་མཁའ་ལ་སྤྲིན་དེངས་པའམ་དུ་བ་སངས་པ་ལྟར། འཁྲུལ་སྣང་འདི་སྐད་ཅིག་གིས་སྟོང་པ་རྒྱ་ཕྱམ་དུ་ཕྱལ་ཕྱལ་བསྒོམས་པས། རྨི་ལམ་དུའང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རྨི་ལམ་བཅད་པ་ནི་ཇི་ལྟར་སྣང་དུས་འདི་ཉིད་ལ། བར་སྣང་ཐོག་ཏུ་རིག་པའི་འཛིན་པ་མི་འདོགས། ཚུར་རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་མི་འཛིན། སྣང་སེམས་གཉིས་ལ་འབྲེལ་པའི་རྟོག་པས་མི་བསླད་པར། རང་གསལ་གྱི་རིག་པ་ཁོང་གསལ་ཡངས་པར་གློད་ནས་གང་ཡང་ཡིད་ལ་མི་བྱེད་པའོ། །དེ་ལྟར་བྱས་པས་དང་པོ་རྨི་ལམ་རགས། དེ་ནས་ཕྲ། དེ་ནས་བརྗེད་ངས། དེ་ནས་ཇེ་ཉུང་ལ་སོང་ནས་མཐར་ཅི་ཡང་མི་རྨི་པར་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཉིན་མཚན་འདྲེས་པའི་དོན་ལ་སྤྱོད་དེ་བསྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱའོ། །གཉིས་པ་ཐབས་དང་དམིགས་པའི་གནད་ལ། དཀྲུགས་པ། གཅུད་པ། གནད་ལ་བོར་བ་དང་གསུམ་ལས། དང་པོ་ནི་རྨི་ལམ་སྤྱོད་དུས་མ་ཟིན་པ་དང་མ་འབྱོངས་པ་ཟིན་པ་དང་འབྱོངས་པའི་གནད་དེ། གང་བསྒོམ་པ་རྣམས་ཕན་ཚུན་གོ་བཟློག་ལ་དཀྲུགས་ནས་ཕྱལ་ཕྱོལ་དུ་སྦྱངས་པས་འབྱོངས་པར་སླའོ། །དེ་ཡང་འཁོར་ལོ་བཞིའི་གནས་སུ་རླུང་དང་ | ||

and transforming them into the eight similes of illusion (sgyu ma'i dpe brgyad)—these are all to be done with intense aspiration ('dun pa drag po). Transforming them into emptiness is this: like clouds dispersing in the sky or smoke clearing away, one meditates that these deluded appearances in an instant become emptiness, vast and evenly all-pervading, whereby in dreams too they become likewise. Cutting off dreams (rmi lam bcad pa) is this: at this very time when things appear as they appear, one does not superimpose the grasping of awareness onto the appearance out there; one does not grasp the reflected images of appearance upon the awareness in here; and, without being tainted by thoughts that connect the two, appearance and mind, | and transforming them into the eight similes of illusion (sgyu ma'i dpe brgyad)—these are all to be done with intense aspiration ('dun pa drag po). Transforming them into emptiness is this: like clouds dispersing in the sky or smoke clearing away, one meditates that these deluded appearances in an instant become emptiness, vast and evenly all-pervading, whereby in dreams too they become likewise. Cutting off dreams (rmi lam bcad pa) is this: at this very time when things appear as they appear, one does not superimpose the grasping of awareness onto the appearance out there; one does not grasp the reflected images of appearance upon the awareness in here; and, without being tainted by thoughts that connect the two, appearance and mind, | ||
| Line 1,489: | Line 1,516: | ||
Second, the key points of skillful means and object of focus are three: disrupting (dkrugs pa), compressing (gcud pa), and casting upon the key point (gnad la bor ba). The first is the key point whereby, when practicing dreams, what has not been caught and not mastered comes to be caught and mastered: by reversing the order of whatever meditations one does, disrupting them among one another, and training in them in random fashion, they are easily mastered. Moreover, the fixing of wind and | Second, the key points of skillful means and object of focus are three: disrupting (dkrugs pa), compressing (gcud pa), and casting upon the key point (gnad la bor ba). The first is the key point whereby, when practicing dreams, what has not been caught and not mastered comes to be caught and mastered: by reversing the order of whatever meditations one does, disrupting them among one another, and training in them in random fashion, they are easily mastered. Moreover, the fixing of wind and | ||

| style="width:50% | | style="width:50%" | [p. 106]སེམས་གཏད་པ་དག་ཀྱང་གོ་རིམས་དཀྲུགས་པས་འགྲུབ་པའོ། །གཅུད་པ་ནི་ལུས་གནད་སེང་གེའི་ཉལ་ལུགས་ཀྱིས་རྩ་གཅུད་ལ་མགྲིན་པར་སེམས་སྦས་པས་དམིགས་པ་གཅུད་ལ། རྣམ་རྟོག་གཞན་དུ་མ་ཡེངས་པར་ཉལ་བས་རྨི་ལམ་གཅུད་པའོ། །གནད་ལ་བོར་བ་ནི་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས། ཉལ་དུས་མགྲིན་པའི་དབུས་སུ་ཨ་དམར་པོ་པདྨ་དཀར་པོ་འདབ་བཞིའི་དབུས་སུ་བསམས་ལ། རྩ་རྦ་རླབས་གཏེམས་ནས་དེའི་ངང་ལ་ཉལ་བས། རྨི་ལམ་འཆར་བའི་གནད་དུ་འདི་ལས་ཟབ་པ་གཞན་མེད་དོ། །དེའང་སྦྱང་བ་དང༌། དཀྲུགས་པ་དང༌། བསྒྱུར་བ་དང༌། གཅུད་པ་དང༌། བཅད་པ་དང་གནད་ལ་བོར་བ་གསུམ་བསྟུན་པ་མཆོག་ཏུ་གཅེས་སོ། །རྩ་གནས་འཁོར་ལོ་ལས་དཀྲུགས་པ་གཅུད་པ་གནད་ལ་བོར་བ་གསུམ་བཤད་ཀྱང་སྐབས་འདིར་གནད་དུ་འདི་ཉིད་ཆེ་བར་མྱོང་བས་གྲུབ་པའོ། །གསུམ་པ་རྩ་རླུང་ཆིངས་ཀྱི་གནད་ནི། རྨི་ལམ་གྱི་དུས་ཀུན་ལ་གཅེས་པའི་གྲོགས་ཏེ། དེའང་རླུང་གི་ཐིག་ལེ་དྲ་བར་གཞུག་པའི་གནད་ལ། སེང་གེའི་ཉལ་ལུགས་ཀྱི་དུས་སུ་རླུང་དལ་བས་འཕང་ཞིང་སྣང་སྲིད་འཁོར་འདས་ཐམས་ཅད་བདག་གི་སྣ་བུག་ནས་དྲན་པའི་འཁོར་ལོ་ལ་ཐིམ་པར་བསམ་ཞིང༌། །རླུང་ནང་དུ་བསྐྱིལ་ལ། སྤྱི་བོ་ནས་ཧཾ་ལས་ཐིག་ལེ་བབས་ | ||

mind at the sites of the four wheels is also accomplished by disrupting their sequence. Compressing is this: by the bodily key point, the lion's manner of lying (seng ge'i nyal lugs), the channels are compressed; by hiding the mind in the throat, the object of focus is compressed; and by lying down without conceptual thoughts straying elsewhere, the dream is compressed. Casting upon the key point is this: with intense aspiration, the pith instructions strike the key point. When lying down, one imagines a red A in the center of a white four-petaled lotus in the center of the throat and, damping the surging waves of the channels, lies down in that state; as a key point for the arising of dreams there is none more profound than this. Moreover, it is supremely important to coordinate the three [pairs]: training and disrupting, transforming and compressing, cutting off and casting upon the key point. Although the three—disrupting, compressing, and casting upon the key point—are also explained in terms of the channel-sites, the wheels, in the present context it is established by experience that this very one is the greater key point. | mind at the sites of the four wheels is also accomplished by disrupting their sequence. Compressing is this: by the bodily key point, the lion's manner of lying (seng ge'i nyal lugs), the channels are compressed; by hiding the mind in the throat, the object of focus is compressed; and by lying down without conceptual thoughts straying elsewhere, the dream is compressed. Casting upon the key point is this: with intense aspiration, the pith instructions strike the key point. When lying down, one imagines a red A in the center of a white four-petaled lotus in the center of the throat and, damping the surging waves of the channels, lies down in that state; as a key point for the arising of dreams there is none more profound than this. Moreover, it is supremely important to coordinate the three [pairs]: training and disrupting, transforming and compressing, cutting off and casting upon the key point. Although the three—disrupting, compressing, and casting upon the key point—are also explained in terms of the channel-sites, the wheels, in the present context it is established by experience that this very one is the greater key point. | ||
Third, the key point of the framework of channels and winds: this is a cherished companion at all times of dreaming. Here, as the key point of introducing the bindu of wind into the net: at the time of the lion's manner of lying, one gently expels the wind and imagines that all of appearance and existence, saṃsāra and nirvāṇa, dissolves through one's own nostrils into the wheel of mindfulness; one holds the wind inside; and as a bindu descends from the HAṂ at the crown, | Third, the key point of the framework of channels and winds: this is a cherished companion at all times of dreaming. Here, as the key point of introducing the bindu of wind into the net: at the time of the lion's manner of lying, one gently expels the wind and imagines that all of appearance and existence, saṃsāra and nirvāṇa, dissolves through one's own nostrils into the wheel of mindfulness; one holds the wind inside; and as a bindu descends from the HAṂ at the crown, | ||

| style="width:50% | | style="width:50%" | [p. 107]པས་སྣང་བ་ཐམས་ཅད་བདེ་བའི་ངང་ལ་སྙིང་ག་ན་མེ་ལོང་གི་གཟུགས་བརྙན་བཞིན་དུ་བཀྲ་ས་ལེ་བ་ལ་དམིགས་པ་གཏད་ནས། ཡང་ཡང་སྦྱངས་ལ། སྣང་བ་དེ་ཀུན་མགྲིན་པའི་འཁོར་ལོ་ལ་ཡར་བཟློག་སྟེ། ཨ་དམར་པོ་གཅིག་ཏུ་གྱུར་པ་ལ་སེམས་བཟུང་ལ། རླུང་དང་དངས་མ་མགྲིན་པར་བཟུང་ནས་ཉལ་བ་ནི་འདིའི་གནད་ཆེན་པོ་གསང་བའོ། །དེ་ལྟར་གནད་བཅིངས་པས་རྨི་ལམ་དང་བག་ཆགས་མཐར་ཟད་དེ་འཁྲུལ་པ་སངས་པར་འགྱུར་རོ། །འདིའི་དུས་ན་བརྩོན་འགྲུས་རབ་ལ་དམིགས་པ་ཐམས་ཅད་མ་རྫོགས་ཀྱང་རྨི་ལམ་འཆད་པ་སྲིད་ལ། འབྲིང་གིས་རྨི་ལམ་མྱུར་དུ་ཟིན་པ་དང༌། ཐ་མས་དགེ་བའི་བག་ཆགས་སུ་འགྱུར་ནས་མཐར་འཆད་པའོ། །འདི་དག་ཀྱང་ཐོག་མ་རྨི་ལམ་མང་བ་ལས་མཐར་ཉུང་དུ་འགྲོ་ལ། བརྩོན་འགྲུས་རབ་ལ་དང་པོ་ནས་བརྗེད་ངས་པའི་རྨི་ལམ་ར་རི་ཙམ་དང༌། འབྲིང་ལ་རྨི་ལམ་ཤིན་ཏུ་གསལ་བ་དང༌། ཐ་མ་ལ་མི་གསལ་བ་མང་བ་འབྱུང་ངོ༌། །དེ་དག་ཀྱང་དང་པོ་ཟིན། བར་དུ་དགེ་བར་འགྱུར། མཐར་རྨི་ལམ་ཟད་དེ་གཉིད་འོད་གསལ་དུ་འགྱུར་དུས་རྨི་ལམ་འོད་གསལ་དུ་སངས་པ་ཞེས་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་ | ||

all appearances, within a state of bliss, [appear] at the heart vivid and distinct like reflections in a mirror; fixing the focus upon this, | all appearances, within a state of bliss, [appear] at the heart vivid and distinct like reflections in a mirror; fixing the focus upon this, | ||
| Line 1,505: | Line 1,532: | ||
Having first trained body, speech, and mind, | Having first trained body, speech, and mind, | ||

| style="width:50% | | style="width:50%" | [p. 108]པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་ཕེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུགས་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་འཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །རབ་ལ་བརྗེད་ངས་ཐ་མ་འགག །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པར་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱི་ཚད་ལ་ཕེབས། །ཞེས་སོ། །རྨི་ལམ་གྱི་གནད་འདི་ནི་གཏི་མུག་འོད་གསལ་དུ་བསྒྱུར་བའི་གདམས་པ་སྟེ། དེ་ཉིད་ལས། གཉིད་ཀྱི་རྣལ་འབྱོར་སུ་བསྒོམ་པ། འདིས་ནི་གཏི་མུག་ལམ་དུ་བྱེད། །ཅེས་སོ། །གསུམ་པ་སྒྱུ་ལུས་ནི་སྣང་སྲིད་སྒྱུ་མའི་རྣལ་འབྱོར་དུ་བྱེད་པ་སྟེ། འདི་ལ་ཉིན་དུས་སྒྱུ་ལུས་གཟུགས་བརྙན་ལ་བསླབ་པ་དང༌། མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་གཉིས་ལས། དང་པོ་ནི། མེ་ལོང་དུ་གཟུགས་བརྙན་འཆར་བའི་སྣང་བ་དང༌། ཕྱི་ནང་གི་ཆོས་འདི་དག་ལ་ཁྱད་མི་འདུག་པ་ལ། བདེན་པར་བཟུང་ནས་ཅི་བྱེད། | ||

and relying on the signs of this,
| and relying on the signs of this,

examining, overpowering, and habitual tendencies:
| examining, overpowering, and habitual tendencies:

| Line 1,533: | Line 1,560: | ||
Third, the illusory body is making appearance and existence into the yoga of illusion. This has two parts: training the illusory body in reflections by day, and training the illusory body in dreams by night. The first: since there is no difference between the appearance of a reflection arising in a mirror and these outer and inner phenomena, what is accomplished by grasping them as true? | Third, the illusory body is making appearance and existence into the yoga of illusion. This has two parts: training the illusory body in reflections by day, and training the illusory body in dreams by night. The first: since there is no difference between the appearance of a reflection arising in a mirror and these outer and inner phenomena, what is accomplished by grasping them as true? | ||

| style="width:50% | | style="width:50%" | [p. 109]ཐམས་ཅད་སྒྱུ་མ་གཟུགས་བརྙན་གྱི་སྣང་བ་ཡིན་ངེས་སྙམ་དུ་འདུན་པ་མ་ཡེངས་པས་གང་སྣང་སྒྱུ་མ་གཟུགས་བརྙན་དུ་བསྒོམ་ཞིང༌། ཁྱད་པར་རང་གི་གཟུགས་མེ་ལོང་དུ་འཆར་བ་ལ། གོས་བསྐོན་པ་དང༌། རྒྱན་གདགས་པ་དང༌། དེ་དག་བཤུས་ནས་ཕྱིར་འདོར་བ་དང༌། བསྟོད་པ་དང༌། མི་སྙན་པར་སྨྲ་བ་ལ་སོགས་པ་བྱས་པས། དེའི་རྣམ་པ་དེར་འཆར་ཡང་དོན་ལ་མ་གྲུབ་པ་ལྟར། སྣང་བ་འདི་ལ་བདག་གཞན། དགྲ་གཉེན། ཟས་གོས། ལོངས་སྤྱོད། སྙན་མི་སྙན། དགག་སྒྲུབ། སྐྱེ་ཤི། བདེ་སྡུག ན་ཚ། ཅི་ཤར་ཅི་དྲན་ཅི་སྣང་འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་དུས་ཉིད་ནས་ངོ་བོ་མེད་པར་ཤེས་པས། འཁྲུལ་སྣང་བདེན་མེད་སྒྱུ་མའི་རང་བཞིན་དུ་འབྱོངས་ལ། རང་གི་ལུས་ཀྱང་སྒྱུ་མའི་ལུས་སུ་མཐོང་བས་བར་དོའི་སྒྱུ་ལུས་ཟིན་པ་ལ་ཐེ་ཚོམ་མེད་པའོ། །ཇི་སྐད་དུ་ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང༌། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ | ||

With undistracted resolve, thinking, "All of this is surely the appearance of illusions and reflections," one meditates on whatever appears as illusion and reflection. In particular, when one's own form appears in a mirror, one dresses it in clothes, adorns it with ornaments, strips these off and throws them away, praises it, speaks unpleasantly to it, and so forth; and just as its aspects appear there yet are not established in reality, so with regard to these appearances—self and other, enemy and friend, food and clothing, possessions, pleasant and unpleasant words, negation and affirmation, birth and death, happiness and suffering, illness, whatever arises, whatever is thought of, whatever appears, all phenomena of saṃsāra and nirvāṇa—one knows them to be without essence from the very moment they appear, like reflections inside a mirror. Thereby one becomes proficient in the nature of illusion, in which deluded appearances are without reality; and since one sees one's own body too as an illusory body, there is no doubt that one will seize the illusory body of the intermediate state. As the Sūtra Requested by Druma says: | With undistracted resolve, thinking, "All of this is surely the appearance of illusions and reflections," one meditates on whatever appears as illusion and reflection. In particular, when one's own form appears in a mirror, one dresses it in clothes, adorns it with ornaments, strips these off and throws them away, praises it, speaks unpleasantly to it, and so forth; and just as its aspects appear there yet are not established in reality, so with regard to these appearances—self and other, enemy and friend, food and clothing, possessions, pleasant and unpleasant words, negation and affirmation, birth and death, happiness and suffering, illness, whatever arises, whatever is thought of, whatever appears, all phenomena of saṃsāra and nirvāṇa—one knows them to be without essence from the very moment they appear, like reflections inside a mirror. Thereby one becomes proficient in the nature of illusion, in which deluded appearances are without reality; and since one sees one's own body too as an illusory body, there is no doubt that one will seize the illusory body of the intermediate state. As the Sūtra Requested by Druma says: | ||
| Line 1,549: | Line 1,576: | ||
know all phenomena | know all phenomena | ||

| style="width:50% | | style="width:50%" | [p. 110]ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མཚན་དུས་སྒྱུ་ལུས་རྨི་ལམ་ལ་སྦྱང་བ་ནི་སྔར་བཞིན་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་དུ་རྩལ་སྦྱངས་པས། སྐྱེ་ཤི་དགག་སྒྲུབ་འཁྲུལ་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་འབྱོངས་ཏེ། རྨི་ལམ་དུའང་དེ་ལྟར་ཤར་བས་ཞེན་པ་ཏིལ་ཙམ་མེད་པའོ། །ཡང་དེ་ཉིད་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདིའི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་རང་ལ་འཆར་བ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་ | ||

to be likewise.
| to be likewise.

Just as, in the midst of a great crowd of people,
| Just as, in the midst of a great crowd of people,

| Line 1,576: | Line 1,603: | ||
are held to be of twelve kinds. | are held to be of twelve kinds. | ||

| style="width:50% | | style="width:50%" | [p. 111]བཞེད། །ཅེས་སོ། །དེ་ལྟར་ཉིན་མཚན་དུ་སྒྱུ་ལུས་སྦྱངས་པས། འཁྲུལ་སྣང་ལ་བདེན་ཞེན་མེད་པ་དང༌། ལུས་ཀྱང་ཟང་ཐལ་བས་གྲིབ་མའི་རྣམ་པ་ལྟར་སྣང་ལ་བདེན་མེད་དུ་མཐོང་བས། །ལུས་ལ་གྲིབ་མ་མེད་པ་དང༌། བར་དོའི་སྒྱུ་ལུས་ཟིན་པས་སྲིད་པ་ཐ་མ་པའི་སྐྱེས་བུར་འགྱུར་ཏེ། དཔེར་ན་བླ་མ་དམ་པ་རིན་པོ་ཆེ་རྒྱལ་བ་ཞང་སྟོན་དང་མཁས་པ་ཉི་འབུམ་བཞིན་ནོ། །དེ་དག་ཀྱང་ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ལ་སྦྱང༌། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། བཞི་པ་འོད་གསལ་ལ་དུས་བཞི་མཉམ་སྦྱོར་གྱི་གདམས་པ་ལ་བརྟེན་ནས་ཉམས་སུ་ལེན་ཏེ། ཕྱི་དུས་བཞི་མཉམ་སྦྱོར་གྱིས་རྩ་རླུང་སྲོལ་དུ་གཟུང་བ། ནང་དུས་བཞི་མཉམ་སྦྱོར་གྱི་གདམས་ངག་གི་བརྗོད་པ་ཟད་པ། གསང་བ་དུས་བཞི་མཉམ་སྦྱོར་གྱི་གདམས་པས་སེམས་མ་བཅོས་རྣལ་དུ་དབབ་པ། དེ་ཁོ་ན་ཉིད་དུས་བཞི་མཉམ་སྦྱོར་གྱི་གདམས་པས་འོད་གསལ་མ་བུ་སྤྲད་པ་སྟེ། དེ་ཉིད་ལས། ཕྱི་ཡི་དུས་ནི་བཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་ངག་གི་རྩལ་སྦྱངས་ཏེ། ། | ||

So it is said. | So it is said. | ||
| Line 1,600: | Line 1,627: | ||
the yogin trains the dynamic energy of speech, | the yogin trains the dynamic energy of speech, | ||

| style="width:50% | | style="width:50%" | [p. 112]བརྗོད་པའི་རྒྱན་རྣམས་བཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང༌། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་དེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པ། །ཞེས་སོ། །དེ་དག་གི་ཉམས་སུ་བླང་ལུགས་རྒྱས་པར་དུས་བཞི་མཉམ་སྦྱོར་དུ་གསལ་ལ། འདིར་འོད་གསལ་དུས་བཞི་མཉམ་སྦྱོར་གྱི་གནད་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། ཉིན་དུས་སྣང་བ་རྒྱ་ཡིས་གདབ་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའོ། །དང་པོ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། མཉམ་གཞག་ནི་གཉིད་དང་བསྲེ་ན་སེང་གེའི་ཉལ་ལུགས་ཀྱིས་རླུང་དལ་བུས་བཟུང་ལ། མིག་མི་འཛུམས་པར་སྙིང་ནང་དུ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་ཉལ་བས། ཕྱིའི་སྣང་བ་ཇེ་ནུབ་ལ་སོང་དུས། གཉིད་དང་རྨི་ལམ་གྱི་མཚམས་ན་ཤེས་པ་རྟོག་མེད་སལ་ལེ་བ་ཅིག་ཡོད་པ་དེ་འོད་གསལ་དུ་ངོས་བཟུང་ལ། དེའི་ངང་མ་བྱིང་བས་ཉལ་བས་གཉིད་འོད་གསལ་དུ་འཆར་ཏེ། རྨི་ལམ་ནི་མེད། ཤེས་པ་ནི་ཏིང་ངེ་འཛིན་གྱི་ངང་ལ་རང་གསལ། གཉིད་དུ་སོང་ | ||

and the key point is to cut off the ornaments of expression.
| and the key point is to cut off the ornaments of expression.

Through the four secret times as well,
| Through the four secret times as well,

Revision as of 22:28, 21 November 2026
Theg pa'i mchog rin po che'i mdzod, chapter 17: dmigs pa yul gyi blo rim can 'jug pa'i lam zab rgya cher bshad pa · དམིགས་པ་ཡུལ་གྱི་བློ་རིམ་ཅན་འཇུག་པའི་ལམ་ཟབ་རྒྱ་ཆེར་བཤད་པ
Pages 85–112 of volume 2 of the corrected base text (part 2 of 3 of Ch. 17).
Not in this part's tabs (the edition does not contain it): two volumes MW0TTBBC0007.