Theg mchog mdzod (Longchenpa): Ch. 05 (3)
Theg mchog mdzod (Longchenpa)/Ch. 05 (3)
Theg mchog mdzod study edition: editions, critical edition, translation, bilingual (22 November 2026) |
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026) |

| Line 1: | Line 1: | ||
{{DISPLAYTITLE:Theg mchog mdzod (Longchenpa): Ch. 05 (3)}} | __NOTOC__{{DISPLAYTITLE:Theg mchog mdzod (Longchenpa): Ch. 05 (3)}} | ||

[[Theg mchog mdzod (Longchenpa)/Ch. 05 (2)|← Ch. 05 (2)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 06 (1)|Ch. 06 (1) →]]
'''Theg pa'i mchog rin po che'i mdzod, chapter 5: gsang chen nges pa'i don las dka' ba'i gnas bstan pa''' · <span class=" |
[[Theg mchog mdzod (Longchenpa)/Ch. 05 (2)|← Ch. 05 (2)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 06 (1)|Ch. 06 (1) →]]
'''Theg pa'i mchog rin po che'i mdzod, chapter 5: gsang chen nges pa'i don las dka' ba'i gnas bstan pa''' · གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ
Pages 246–276 of volume 1 of the corrected base text (part 3 of 3 of Ch. 05). | ||

Not in this part's tabs (the edition does not contain it): Serthang Larung.

Not in this part's tabs (the edition does not contain it): Serthang Larung.

= Adzom Chögar (standard edition) = | = Adzom Chögar (standard edition) = | ||

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page)

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].

<div style="font-family:sans-serif;font-size: |
Volume I1PD86

<span | [p. 228] རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡི། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་ | ||
<span | [p. 229] རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་ | ||
<span | [p. 230] མི་འབྱུང་བས་བཅོས་མ་འོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དེ། །ཡང་ ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། སྡུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྒྱར་ནས་སྟོན་པའི་ཕྱིར་དང་། །མཚན་ལན་གཉིས་བསྟན་ པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དེ་ནས་སུམ་པ་ དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཅོས་སྐུ་དང་། རང་བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་ པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། །གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་དུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་པས་ | ||
<span | [p. 231] རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ | ||
<span | [p. 232] ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟེན་ན། །རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་ | ||
<span | [p. 233] ༄༅། །བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་ བསྐལ་པ་ནི། །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་ དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅིས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱད་ཉི་ ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སྤུ་དྲ་སྔོ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛྭ་ཡ་ཨཱ་ཀརྵ་ | ||
<span | [p. 234] ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །ལྷ་ཏི་ས་ལེ་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། ། ཡང་བཏུད་སྙིང་ལོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་བའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་ བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། ། འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁར་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། ། བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་ངེས་པ་ | ||
<span | [p. 235] ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏ་བཀོད་པ་ཆེན་པོ་ལས། ཀྱཻ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེར་བ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་དུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་ཐུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་ | ||
<span | [p. 236] འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐ་ལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩེར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དག་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་ | ||
<span | [p. 237] རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམས་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་ངག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་བ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་ཡང་ཡང་། །ལོ་ནི་དྲུག་ཅུའི་པར་ལ་འགྱུར། །དེ་འདས་འོན་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་བང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདི་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་ | ||
<span | [p. 238] བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི། །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛྲིཾ་ཀ་ཡིས། །འདི་ནི་ལོ་ བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་པན་ཁུག་ མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་ གསུམ་པོ་དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་ འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བསྲུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚོང་མ་ཆེ་བ་ཅིག་སྐལ་བ་ན་ཡོད་པའི་ཞིང་དུ་ནན་གྱི་ | ||
<span | [p. 239] ༄༅། །འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་ བཀོད་དེ། བསྐལ་པས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་དུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་གར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་ བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མིག་ནས་དེར་སྣང་ངོ། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་ པའི་སྙིང་པོ་འདི། །ཡངས་ལ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པ་ཞི་ཁང་བཟངས་སུ། ། སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། ། | ||
<span | [p. 240] བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་ | ||
<span | [p. 241] རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བར་སྟེ། ཆོ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་ | ||
<span | [p. 242] རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་པ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་དུ་བཟང་པོས་འོད་གསལ་བ་ཆོས་རྣམས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེར་བྱིན་གྱིས་བརླབས་པ་ལས་ | ||
<span | [p. 243] སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། | ||
<span | [p. 244] སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ། །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལོང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། ། | ||
<span | [p. 245] ༄༅། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲི་ལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་ དང༑ །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པས། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། ། རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་ རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་ མཆོག་ཀུན་དུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུ་མ་ཕྲུ་མ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། | ||
<span | [p. 246] དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་ཕྱི་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག ། | ||
<span | [p. 247] འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཆོ་གས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་ | ||
<span | [p. 248] དུས་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་ རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་དུ་ བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལ་འདས་པས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་ འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། དགེ་བའི་ བཤེས་ཀྱིས་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལའང་ དག་གོ། །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ | ||
<span | [p. 249] ༄༅། །ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་ དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སི་དྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་ རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷན་གྱི་རྒྱལ་མཚན་དག་གིས་སོ། །དེ་ རྗེས་སིདྡྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལ་གན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ།། | ||
<span | [p. 250] དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམ་པ་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་ | ||
<span | [p. 251] ༄༅། །བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀ་ཟླ་བ་དང་པོར་ཞི་བ་ཡི། །ནགས་ ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། ། འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་ བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་ གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། ཕྱི་རབས་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། ། འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་ | ||
<span | [p. 252] རབ་གཡོས་ལ་བུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛ་ར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་ | ||
<span | [p. 253] སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ལ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་སྟེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་ | ||
<span | [p. 254] པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མ་རྟོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་དུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་དུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་ | ||
<span | [p. 255] ༄༅། །འགལ་བ་མེད་དེ། ཀུན་དུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་ བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་པ་སྟན་པ་སྟེ་རིམ་ཁང་ལྔ་པའོ།། །། | ||

= W22920 (BDRC e-text) = | = W22920 (BDRC e-text) = | ||

BDRC typed e-text UT22920_005 (the base text was made from it)

BDRC typed e-text UT22920_005 (the base text was made from it).

རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་ཡང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གིས་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང༌། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང༌། བརྒྱུད་པ་བར་མ་ཆད་པ་དང༌། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང༌། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོ་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང༌། །མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང༌། བསྟན་པའི་བཙས་་སྐུ་དང༌། རང་བྱུང་གི་ཡི་གེ་དང༌། རྡོ་རྗེ་གསུམ་དང༌། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཡང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང༌། ལོངས་སྐུའི་བསྟན་བུ་རང་གྲག་དང༌། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང༌། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང༌། གླེགས་བམ་དང༌། སྐུ་གཟུགས་རྣམས་རིམ་པས་བབས་ཤིང༌། དངོས་་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིག་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །བརྫུས་དང་སྒོ་ང་ལས་སྐྱེས་དང༌། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང༌། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང༌། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མ་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང༌། རྫོགས་ལྡན་དང༌། རྫོགས་ལྡན་ཆེན་པོ་དང༌། ཉིས་ལྡན་དང༌། སུམ་ལྡན་དང༌། རྩོད་ལྡན་དང༌། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང༌། །རྫོགས་ལྡན་དག་ནི་ཆེན་པོ་དང༌། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་གསུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུ་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང༌། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང༌། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང༌། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང༌། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ༌། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང༌། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང༌། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང༌། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང༌། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱད་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང༌། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང༌། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུན་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང༌། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང༌། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོང་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང༌། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང༌། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ན་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པའི་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཡངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ༌། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ༌། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང༌། །སྟོན་པ་དེ་ཉིད་བྱོན་པ་དང༌། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང༌། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང༌། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་འཁོར་མོར་ཡོད་ཅིང༌། སྤྲུལ་པ་སྐུའི་བསྟན་པ་ཐུ་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་ལ་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང༌། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང༌། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང༌། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང༌། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང༌། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང༌། ཡང་དག་པའི་ཞིང་ཁམས་སུ་སྐྱེ་དང༌། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱིས་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང༌། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་ཏུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང༌། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བདེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང༌། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང༌། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང༌། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང༌། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང༌། ལ་ལ་གནས་པ་དང༌། ལ་ལ་འཇིག་པ་དང༌། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༌། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང༌། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང༌། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང༌། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང༌། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང༌། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང༌། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༌། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། །དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང༌། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང༌། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང༌། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོགས་དང་པོའི་སངས་རྒྱས་དང༌། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང༌། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང༌། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། །ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་ནང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང༌། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང༌། ཡོན་ཏན་དང་ཕྲིན་ལས་དང༌། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནེ་དི་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང༌། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སློང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གིས་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ནས་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། །རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། །རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི་འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིག་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫཱུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་ས་སྐལ་ལྡན་པ། །སོ་ཤ་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སཱུ་ཏྲ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁར་དཔའ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། །བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང༌། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང༌། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང༌། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང༌། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང༌། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང༌། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང༌། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབ་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང༌། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང༌། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང༌། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛ་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིག་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། །ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ་བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་གྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང༌། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང༌། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང༌། །སྟོན་པ་དེ་ཡི་འཁོར་དུ་ཡང༌། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང༌། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲངས་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་དང་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང༌། །བག་ལ་ཉལ་བ་ལངས་པའི་དབང༌། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བར་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ། ། | རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་ཡང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གིས་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང༌། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང༌། བརྒྱུད་པ་བར་མ་ཆད་པ་དང༌། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང༌། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོ་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང༌། །མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང༌། བསྟན་པའི་བཙས་་སྐུ་དང༌། རང་བྱུང་གི་ཡི་གེ་དང༌། རྡོ་རྗེ་གསུམ་དང༌། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཡང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང༌། ལོངས་སྐུའི་བསྟན་བུ་རང་གྲག་དང༌། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང༌། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང༌། གླེགས་བམ་དང༌། སྐུ་གཟུགས་རྣམས་རིམ་པས་བབས་ཤིང༌། དངོས་་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིག་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །བརྫུས་དང་སྒོ་ང་ལས་སྐྱེས་དང༌། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང༌། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང༌། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མ་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང༌། རྫོགས་ལྡན་དང༌། རྫོགས་ལྡན་ཆེན་པོ་དང༌། ཉིས་ལྡན་དང༌། སུམ་ལྡན་དང༌། རྩོད་ལྡན་དང༌། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང༌། །རྫོགས་ལྡན་དག་ནི་ཆེན་པོ་དང༌། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་གསུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུ་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང༌། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང༌། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང༌། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང༌། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ༌། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང༌། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང༌། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང༌། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང༌། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱད་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང༌། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང༌། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུན་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང༌། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང༌། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོང་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང༌། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང༌། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ན་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པའི་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཡངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ༌། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ༌། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང༌། །སྟོན་པ་དེ་ཉིད་བྱོན་པ་དང༌། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང༌། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང༌། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་འཁོར་མོར་ཡོད་ཅིང༌། སྤྲུལ་པ་སྐུའི་བསྟན་པ་ཐུ་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་ལ་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང༌། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང༌། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང༌། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང༌། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང༌། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང༌། ཡང་དག་པའི་ཞིང་ཁམས་སུ་སྐྱེ་དང༌། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱིས་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང༌། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་ཏུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང༌། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བདེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང༌། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང༌། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང༌། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང༌། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང༌། ལ་ལ་གནས་པ་དང༌། ལ་ལ་འཇིག་པ་དང༌། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༌། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང༌། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང༌། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང༌། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང༌། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང༌། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང༌། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༌། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། །དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང༌། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང༌། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང༌། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོགས་དང་པོའི་སངས་རྒྱས་དང༌། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང༌། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང༌། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། །ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་ནང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང༌། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང༌། ཡོན་ཏན་དང་ཕྲིན་ལས་དང༌། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནེ་དི་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང༌། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སློང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གིས་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ནས་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། །རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། །རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི་འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིག་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫཱུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་ས་སྐལ་ལྡན་པ། །སོ་ཤ་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སཱུ་ཏྲ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁར་དཔའ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། །བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང༌། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང༌། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང༌། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང༌། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང༌། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང༌། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང༌། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབ་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང༌། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང༌། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང༌། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛ་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིག་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། །ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ་བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་གྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང༌། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང༌། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང༌། །སྟོན་པ་དེ་ཡི་འཁོར་དུ་ཡང༌། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང༌། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲངས་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་དང་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང༌། །བག་ལ་ཉལ་བ་ལངས་པའི་དབང༌། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བར་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ། ། | ||

= Pe cin 2009 (dpe bsdur ma) = | = Pe cin 2009 (dpe bsdur ma) = | ||

rywikitexts e-text (input 2020; converted from a legacy font encoding on 22 November 2026)

rywikitexts e-text (input 2020; converted from a legacy font encoding on 22 November 2026).

རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན«༼༡༽«། །སྤྲུ»ལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ཡགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། ། དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། ། དེའང་། རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། ། དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། ། དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང ་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག ། གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། ། དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། ། དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་ ། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། ། གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག ། རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། ། གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། ། ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། ། སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དག་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འ བྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། ། རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདི་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི ། དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། ། བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་གར་«༼༡༽» ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་ལ་«༼༢༽» སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་དུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང ་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། ། སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་ནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། ། ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་སོག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། ། བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། ། དུས་སུ་སོག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བསགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་«༼༡༽»ཉིད་ཀྱིས་བཀོད་པ་དང་། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་སས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ ཆགས་ནས་«༼༢༽» གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང ་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང ་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། ། འདི་དུས་ཕྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ «།»བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། ། བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། ། སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། ། བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། ། འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། ། འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། «སྐུ»་གསུང་«༼༡༽«ཐུ»གས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། ། གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། ། འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག «།»འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང ་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་«༼༡༽»གྲངས་བསྟན་པའོ། །གང ་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང ་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང ་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང ་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། ། བར་དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ «།སྟོ»ང་ཕྲག་བདུན་ནི་སྣང་བ་མ་དང ་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། ། གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། ། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིདྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། ། དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། ། ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། ། བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་«༼༡༽»ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། ། བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག «།»བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག «།»དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། ། དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། ། མཆོག་ཏུ་འདུན་«༼༡༽» པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། ། མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། ། འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། ། སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ ཚད་མེད་པ་«༼༡༽»གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། «།། | རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན«༼༡༽«། །སྤྲུ»ལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ཡགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། ། དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། ། དེའང་། རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། ། དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། ། དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང ་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག ། གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། ། དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། ། དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་ ། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། ། གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག ། རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། ། གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། ། ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། ། སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དག་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འ བྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། ། རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདི་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི ། དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། ། བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་གར་«༼༡༽» ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་ལ་«༼༢༽» སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་དུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང ་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། ། སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་ནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། ། ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་སོག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། ། བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། ། དུས་སུ་སོག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བསགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་«༼༡༽»ཉིད་ཀྱིས་བཀོད་པ་དང་། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་སས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ ཆགས་ནས་«༼༢༽» གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང ་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང ་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། ། འདི་དུས་ཕྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ «།»བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། ། བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། ། སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། ། བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། ། འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། ། འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། «སྐུ»་གསུང་«༼༡༽«ཐུ»གས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། ། གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། ། འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག «།»འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང ་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་«༼༡༽»གྲངས་བསྟན་པའོ། །གང ་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང ་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང ་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང ་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། ། བར་དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ «།སྟོ»ང་ཕྲག་བདུན་ནི་སྣང་བ་མ་དང ་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། ། གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། ། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིདྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། ། དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། ། ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། ། བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་«༼༡༽»ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། ། བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག «།»བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག «།»དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། ། དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། ། མཆོག་ཏུ་འདུན་«༼༡༽» པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། ། མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། ། འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། ། སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ ཚད་མེད་པ་«༼༡༽»གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། «།། | ||

= Karma Lekshey Ling = | = Karma Lekshey Ling = | ||

rywikitexts e-text input by Karma Lekshey Ling

rywikitexts e-text input by Karma Lekshey Ling.

རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་ཡང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གིས་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང༌། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང༌། བརྒྱུད་པ་བར་མ་ཆད་པ་དང༌། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང༌། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོ་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང༌། །མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང༌། བསྟན་པའི་བཙས་་སྐུ་དང༌། རང་བྱུང་གི་ཡི་གེ་དང༌། རྡོ་རྗེ་གསུམ་དང༌། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཡང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང༌། ལོངས་སྐུའི་བསྟན་བུ་རང་གྲག་དང༌། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང༌། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང༌། གླེགས་བམ་དང༌། སྐུ་གཟུགས་རྣམས་རིམ་པས་བབས་ཤིང༌། དངོས་་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིག་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །བརྫུས་དང་སྒོ་ང་ལས་སྐྱེས་དང༌། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང༌། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང༌། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མ་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང༌། རྫོགས་ལྡན་དང༌། རྫོགས་ལྡན་ཆེན་པོ་དང༌། ཉིས་ལྡན་དང༌། སུམ་ལྡན་དང༌། རྩོད་ལྡན་དང༌། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང༌། །རྫོགས་ལྡན་དག་ནི་ཆེན་པོ་དང༌། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་གསུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུ་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང༌། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང༌། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང༌། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང༌། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ༌། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང༌། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང༌། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང༌། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང༌། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱད་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང༌། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང༌། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུན་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང༌། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང༌། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོང་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང༌། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང༌། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ན་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པའི་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཡངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ༌། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ༌། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང༌། །སྟོན་པ་དེ་ཉིད་བྱོན་པ་དང༌། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང༌། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང༌། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་འཁོར་མོར་ཡོད་ཅིང༌། སྤྲུལ་པ་སྐུའི་བསྟན་པ་ཐུ་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་ལ་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང༌། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང༌། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང༌། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང༌། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང༌། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང༌། ཡང་དག་པའི་ཞིང་ཁམས་སུ་སྐྱེ་དང༌། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱིས་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང༌། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་ཏུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང༌། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བདེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང༌། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང༌། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང༌། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང༌། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང༌། ལ་ལ་གནས་པ་དང༌། ལ་ལ་འཇིག་པ་དང༌། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༌། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང༌། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང༌། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང༌། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང༌། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང༌། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང༌། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༌། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། །དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང༌། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང༌། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང༌། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོགས་དང་པོའི་སངས་རྒྱས་དང༌། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང༌། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང༌། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། །ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་ནང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང༌། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང༌། ཡོན་ཏན་དང་ཕྲིན་ལས་དང༌། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནེ་དི་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང༌། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སློང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གིས་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ནས་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། །རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། །རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི་འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིག་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫཱུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་ས་སྐལ་ལྡན་པ། །སོ་ཤ་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སཱུ་ཏྲ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁར་དཔའ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། །བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང༌། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང༌། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང༌། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང༌། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང༌། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང༌། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང༌། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབ་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང༌། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང༌། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང༌། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛ་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིག་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། །ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ་བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་གྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང༌། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང༌། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང༌། །སྟོན་པ་དེ་ཡི་འཁོར་དུ་ཡང༌། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང༌། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲངས་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་དང་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང༌། །བག་ལ་ཉལ་བ་ལངས་པའི་དབང༌། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བར་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ། ། | རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་ཡང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གིས་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང༌། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང༌། བརྒྱུད་པ་བར་མ་ཆད་པ་དང༌། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང༌། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོ་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང༌། །མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང༌། བསྟན་པའི་བཙས་་སྐུ་དང༌། རང་བྱུང་གི་ཡི་གེ་དང༌། རྡོ་རྗེ་གསུམ་དང༌། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཡང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང༌། ལོངས་སྐུའི་བསྟན་བུ་རང་གྲག་དང༌། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང༌། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང༌། གླེགས་བམ་དང༌། སྐུ་གཟུགས་རྣམས་རིམ་པས་བབས་ཤིང༌། དངོས་་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིག་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །བརྫུས་དང་སྒོ་ང་ལས་སྐྱེས་དང༌། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང༌། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང༌། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མ་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང༌། རྫོགས་ལྡན་དང༌། རྫོགས་ལྡན་ཆེན་པོ་དང༌། ཉིས་ལྡན་དང༌། སུམ་ལྡན་དང༌། རྩོད་ལྡན་དང༌། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང༌། །རྫོགས་ལྡན་དག་ནི་ཆེན་པོ་དང༌། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་གསུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུ་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང༌། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང༌། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང༌། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང༌། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ༌། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང༌། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང༌། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང༌། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང༌། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱད་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང༌། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང༌། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུན་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང༌། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང༌། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོང་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང༌། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང༌། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ན་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པའི་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཡངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ༌། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ༌། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང༌། །སྟོན་པ་དེ་ཉིད་བྱོན་པ་དང༌། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང༌། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང༌། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་འཁོར་མོར་ཡོད་ཅིང༌། སྤྲུལ་པ་སྐུའི་བསྟན་པ་ཐུ་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་ལ་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང༌། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང༌། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང༌། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང༌། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང༌། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང༌། ཡང་དག་པའི་ཞིང་ཁམས་སུ་སྐྱེ་དང༌། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱིས་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང༌། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་ཏུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང༌། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བདེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང༌། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང༌། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང༌། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང༌། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང༌། ལ་ལ་གནས་པ་དང༌། ལ་ལ་འཇིག་པ་དང༌། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༌། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང༌། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང༌། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང༌། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང༌། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང༌། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང༌། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༌། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། །དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང༌། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང༌། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང༌། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོགས་དང་པོའི་སངས་རྒྱས་དང༌། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང༌། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང༌། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། །ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་ནང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང༌། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང༌། ཡོན་ཏན་དང་ཕྲིན་ལས་དང༌། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནེ་དི་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང༌། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སློང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གིས་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ནས་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། །རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། །རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི་འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིག་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫཱུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་ས་སྐལ་ལྡན་པ། །སོ་ཤ་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སཱུ་ཏྲ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིདྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁར་དཔའ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། །བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང༌། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང༌། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང༌། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང༌། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང༌། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང༌། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང༌། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབ་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང༌། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང༌། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང༌། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛ་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིག་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། །ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ་བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་གྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང༌། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང༌། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང༌། །སྟོན་པ་དེ་ཡི་འཁོར་དུ་ཡང༌། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང༌། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲངས་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་དང་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང༌། །བག་ལ་ཉལ་བ་ལངས་པའི་དབང༌། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བར་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ། ། | ||

= Derge (sde dge par ma) = | = Derge (sde dge par ma) = | ||

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page)

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I1CZ5002

<span | [p. 162] རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། ། སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་དུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་ འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས། | ||
<span | [p. 163] སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ལས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་ | ||
<span | [p. 164] པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་བྱུང་ གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ དུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་ སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་ པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་ པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་ | ||
<span | [p. 165] སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་ རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་ སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་ དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་ འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་ | ||
<span | [p. 166] གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་ ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་ འདི་བབས་ནས། །སཱུ་ཏྲ་སྔོ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛྭ་ཡ་ཨཱ་ཀ་ར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་ པའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་ བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེ་བས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་ | ||
<span | [p. 167] ༄༅། །དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་པོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་ བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ ནི༑ ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡར་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་ རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །པ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་ གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉེས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་ བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕུན་ལོ་བརྒྱད་དེ། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་ | ||
<span | [p. 168] འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། ། གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་ མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངས། ། གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་ བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཇམ་གླིང་ དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་ | ||
<span | [p. 169] དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་ མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། ། དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་བུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ ཏུ་འཛམ་གླིང་གི། །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་ཟ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་ བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་ དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ།སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་ | ||
<span | [p. 170] འདུས་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་ བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། །དེ་ནས་ཡང་འགྲོ་བ་དབྱིངས་ ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་དུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་ དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་ རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱོ་ ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྐྱེ་མེད་ བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ | ||
<span | [p. 171] ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ ཐམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་ཡིན། །འགྲོ་བ་རྣམས་ནི་སྨིན་ བྱེད་དེ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་ བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཇུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཅས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་ པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་ བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བ་གཙོ་བོ་ | ||
<span | [p. 172] དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་ འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་ གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་ འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་ བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་ པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་དུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེས་བྱིན་ | ||
<span | [p. 173] ༄༅། །གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་ གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་ འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་ རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིང་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། །ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྟེང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་ བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་ བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲ་མ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་ | ||
<span | [p. 174] མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ། །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་ རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། །ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་ འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་ པ་བའི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་ མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་ | ||
<span | [p. 175] དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་ གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་ བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་ འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་ | ||
<span | [p. 176] གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་ སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་མ་རྒྱས་ པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་ བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན་སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་དུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་ | ||
<span | [p. 177] ༄༅། །འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་པོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱ་གཉིས་བར་དུ་ མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ། །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་ གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་ དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷཱ་ན་ཀོ་ཤའི་ལྷ་ལྕམ་ལ། ། ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་ བདག་རིགས་སྐྱེས་ཤྲཱི་སིདྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྫས་ལ་རྒྱལ་པོའི་རིགས། །སྤྲུལ་ | ||
<span | [p. 178] པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིངྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་ མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་ འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་ རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་ རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་ པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་ | ||
<span | [p. 179] ༄༅། །རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་ འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་ གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་ གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མ་ཏྲ་མགོན་པོ་ ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་རྡར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་ པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། ཆེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ | ||
<span | [p. 180] ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་དུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནི་ས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་ | ||
<span | [p. 181] པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐུལ་པ་བརྒྱུད། །དྲང་རྗེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་དུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་བྱ་བ། །ཅེས་པས་ཀུན་དུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་དུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ | ||
<span | [p. 182] ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ།། །། | ||

= single volume MW2PD19906 = | = single volume MW2PD19906 = | ||

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page)

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I2PD19908

<span | [p. 110] རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་ ༄༅། །གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གཟུང་གིས་ནི། །དབང་པོ་གང་ མོས་ཆོས་རྣམས་ཡང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་བསྐོངས། །ཅེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཅེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས། འཁོར་ལ་བདག་གིས་བསྟན་ཏོ་ཅེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་ གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཅེས་པ་དང་། སྤྱོད་རྒྱུད་ལས། སངས་རྒྱས་ཀུན་པས་ སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཅེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཅེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་དུ་བཟང་པོ་ རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན། ཅེས་པས། བསྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་ | ||
<span | [p. 111] འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །བསྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། ། བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་ཐོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ ཐོས་ཅེས་གསུངས་ཀྱི། བསྟན་ཅེས་པ་འདི་མི་འབྱུང་པས་བཅོས་མངོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཅེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ ལན་གཉིས་བསྟན་པ་འདི་མི་མཐད་དོ་ཞེས་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་མཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པའང་མི་མཐད་པར་ཐལ་ལོ། །དེས་ ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་དུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླིང་གཞི་ངེས་པའི་དོན་ བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ།། ༈ །།དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་ བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་པའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་ འབྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་པའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་ བརླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་ བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་པས་རིགས་ལྔར་སྨིན། །དེ་འདས་སུ་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ ངེས་པར་འབྱུང་། །བརྫུས་དང་སྒོང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་བཅུ་དྲུག །སྐུ་ | ||
<span | [p. 112] གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཅེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆར་ བའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་སྟེ་བཅུ་བཞི་ལ་དར་ནུབ་ ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། གཉིས་ལྡན་དང་། གསུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། ། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དག་ལྡན་རྩིགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་དེ་རེའི་བར་དག་ཏུ། །མུན་པའི་ བསྐལ་པ་དྲུག་བཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །དྷི་ན་མི་ཏྲ་ཞེས་བྱ་བས། ། བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་ ༄༅། །དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཞེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་ མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སྟྭཾ་ཏྲ་སྔོ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་ བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏིས་ཡི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོངས་ཀྱིས་ཡང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་ མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡིབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །ཅེས་སོ། ། བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ཡོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་ | ||
<span | [p. 113] འགྲོ་མའི་གནས་སུ་དོན་བྱེད་པའོ།། །།གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་དང་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ། འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཧན་ཅིག་ རིགས་ལྡན་ཤ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེར་བ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གྲྭ་སེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་རྗེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་ རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མིག་ནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚན་གྱིས་ལུས་རྣམས་བསྲུང་། །བས་གོས་པའི་ཚོགས་ཡལ་ས་ཡི་བཟུང་རྣམས་ཟད། ། མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཆེ་ལོ་རིམས་ཀྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་བཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་བཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་ གནས། །དེ་འདས་འོག་ཏུ་ལེ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉེས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་ བར་དུ་གནས། །དེ་འདས་སུམ་བཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེད་གུའི་ཚེ་ལོ་སུམ་བཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱ་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་ པོ་འོད་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་ སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མི་ནི་དྲུག་བཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། ། རྩོད་དང་སུམ་བརྒྱ་འདས་འོག་དུ། །ཡང་ནི་འཛམ་གླིང་བྱད་ཀྱི་ངོས། །གཟི་བརྗིད་ལྡན་བའི་རི་ཡི་རྩར། །དགེ་སྦྱོངས་གཟུགས་ལ་བྱམས་སེམས་དཔལ། །གཡས་པ་ལ་ནི་རྣམ་པ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་ ཚོད་ནས། །ལན་ནི་དྲུག་བཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོར་བ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་ མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣབས་ནས་ནི། །ལོ་ནི་དྲུག་བཅུ་བསྟན་པ་ཉིད། །འདིར་ནི་དུ་བ་ནས་གཞན་དུ་འགྱུར། །དེང་ངས་རང་སངས་རྒྱས་ཀྱི་གཟུགས། ། རྡོ་རྗེ་གདན་ནས་ནུབ་ཏུ་དབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྡེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་ སྦྱོང་ཅིང་མཚོན་ར་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམས་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་ | ||
<span | [p. 114] སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གྷ་གྷའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་ སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་བཅུའི་བར་ལ་མུན་པར་འགྱུར། །དེ་འོག་རྒྱ་ཐོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་འཚམས། །ཁ་ཆེའི་ཡུལ་ ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་བཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ནས་ཤར་དུ་དཔག་ཚད་ལྔ། ། དགེ་སློང་ཤཱཀྱ་འཇིགས་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཆེ་ལོ་བཅུ་པའི་འོག་བར་ཁུག་ མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུད་པལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་ ༄༅། །གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་ སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་བཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་ པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་ བཟང་པོའི་བྱིན་བརླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་ དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུད་པལ་མེ་ཏོག་མཛེས་ཞེས་པའི། ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་སེ་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། ། སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་ངེས་བདུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། ། | ||
<span | [p. 115] དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་བྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་ སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་བཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་ རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིངས་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ།། ༈ །།དེའང་ སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་བརླབས་ལས་འཁྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་། ལོངས་སྐུའི་ བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་ མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མི་ཡི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་ པོ་དངོས་དང་བྲང་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ ༄༅། །ནས། དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནང་མེད་པ་དང་། བསམས་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་ པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་གནང་གཅོད་ཀྱི་སྡུག་བསྔལ་མེད་པས་མེད་པར་ཚེའི་དུས་བྱེད་པ་དང་། འདི་དང་སྤོང་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བརྩན་ས་ཟིན་པ་དང་། ཡིད་དབྱོང་འཛིན་པའི་ཐེག་ པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་བྲང་ཏེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད།། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་བརླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་ བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་ཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྐུ་རྩལ་ཐམས་ཅད་ དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོང་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་ བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ།། | ||
<span | [p. 116] །།གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་ གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི། ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་ བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་ སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་ འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིང་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་ འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། ། ༄༅། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་ སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་བཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་ འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་བཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཅེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་ མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་པའི། །སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས། །རང་ བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བ་བླ་ལས་འདི་ཀུན་རང་བྱུང་ཤར། །བྱིན་བརླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཅེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་ | ||
<span | [p. 117] དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། ། ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་བཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཅེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་ དྲུག་བཅུ་རྩ་བཞིས་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པད་མའི་ཕྲུ་མ་ཕྲུ་མ་དབུས་མའི་སྟེང་གི་ བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་ རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་ བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་ བྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལ་དྲུག་བཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་ གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། ། དེ་ནས་ཚེ་ལོ་སུམ་བཅུའི་བར། །འབུམ་ཕྲག་ངག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གི་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་ སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །བལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་ བསྟན་པའོ། །ཅེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་གསུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་ | ||
<span | [p. 118] ཀྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟེན་པ་འདི་དང་གདོང་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱས་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་ སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོ་འམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་གྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་ བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲེང་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་། འོ་སྐོལ་དཔོན་སློབ་ཆོས་ཅན་སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་ པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྣུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཅེས་གསུངས་པ་བཞིན་ནོ། །བར་ དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཅེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ན། ༄༅། །གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་། བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་ འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟ་བཛ་ཧེ། །ཤིངས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤཱི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིང་ཧ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། ། དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སུ་ཏཱ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ཡང་གི་སྦྱོང་གཟུགས། ། ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིང་ཧ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་ འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོང་ངོ་། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་ བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རངས་སོ། །ཅེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མ་རཱ་ཛཱ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་མར་ | ||
<span | [p. 119] དུ་ལོ་བརྒྱ་བརྒྱ་ན། བོད་འདིར་བྷི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་ ཀན་དངས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་ རོ། །འདི་དང་སུ་ཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་པའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ།། ༈ །།འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་ སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་ པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་བརླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ།། གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། ། མཁའ་འགྲོའི་མཆོད་སྤྲིན་རོལ་མོས་རྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་ བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་རྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ན་འང་། །འོད་ལྔའི་སྣང་བས་ ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བྷི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མ་རཱ་ཛར་ སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་ ངར་པའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་ བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་ འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ | ||
<span | [p. 120] ཅན་རྣམ་པར་མི་སྣང་ངོ། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པ་འང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་ རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་འབབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དང་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་ བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་ བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་བ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་བསྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་ སངས་རྒྱས་འཐོབ། །འགྲོ་བ་དྲུག་ཞེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ ཉལ་བ་ལངས་པའི་དབང་། །ཤིན་དུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཤིག་ཚིག་གིས་ མཚོན་པའོ། །ཅེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་ པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས། ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཞེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་ རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་ གནས་བསྟན་པ་སྟེ། རིམ་ཁང་ལྔ་ཕའོ།། །། | ||

= single volume MW8LS32770 = | = single volume MW8LS32770 = | ||

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page)

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I8LS32893

<span | [p. 226] འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་ རྗེ་སེམས། །ཞེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བ་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་དུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས། སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་ སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱི་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། ། གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། །བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་ | ||
<span | [p. 227] རྣམས་ནི། །མི་གནས་རང་ཟད་ཐུགས་ལས་བྱུང་། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞ་ལ་ཡས་ནས། །སྤྲོས་མེད་བདེ་ ཆེན་གསུང་གིས་ནི། །སྐུ་ལྔ་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ནས་བྱུང་། །རྣམ་དག་འོད་ཟེར་ལྗགས་བཀྲམ་ནས། །རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་ བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་ རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། ། དེ་བཞིན་འགྲོ་རྣམས་རེ་བ་སྐོང་། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ དུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་ | ||
<span | [p. 228] ༄༅། །ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་བ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་ བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་པུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་ བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་བ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་ གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་ པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་ རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། ། | ||
<span | [p. 229] གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་ བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་བོ་མི་འཐད་པར་ཐལ་ཏེ། ལྷག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་ པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ ཡིན་ན། དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟེན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་ སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱི་རུ་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་ཡབ་ལུགས་སྤྱིར་བསྟན་པ། དང་དུབ་ བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་དུ་བཟང་པོས་ཚད་སྟེ་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ལས། རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་ངེས་ཀྱང་ཆོས་ཀྱི་སྐུ་ལས་ | ||
<span | [p. 230] ༄༅། །རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། ། བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། ། ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་འཛིན་པའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མཐུན་པའི་བསྐལ་པ་ནི། །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ ཤིང་མཛེས་པ་ནི། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡིས་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་ དངོས་གྲུབ་ཅེས་བྱ་བས། །ལེ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ ནས༑ ༑སྐུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ | ||
<span | [p. 231] བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་ གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་ རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་ དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། ཉིས་ལྡན་དང་། སུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་ བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བ་བཤད། །སྙིང་པོ་ལྡན་དང་ | ||
<span | [p. 232] ༄༅། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་ རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྡུད། །བསགས་པའི་ཚོགས་ཡལ་ ས་ཡི་བཅུད་རྣམས་བྲང་། །མི་མཐུན་ལྷ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་བཅུར་གནས། །དེ་འདས་འོག་ ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ནི། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་ དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཆེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་ | ||
<span | [p. 233] ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་བཟུང་སྟེ།། དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་ འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི།། ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིང་ཡི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་ཤོ་ཀ་དམ་ཆེན་པོ་ལས། ཀྱེ་ཉོན་ཅིག་རི་ཤས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ།། | ||
<span | [p. 234] ༄༅། །པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག ། སྡེ་བ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམས་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་བ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་ བས་ནི་མུན་པར་ཡང་། ལོ་ནི་དྲུག་ཅུའི་བར་ལ་འགྱུ་ར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་ གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མ་སྟོ། །འདིར་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྔ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ཅན་དག་གི་ནང་དུ་སྐྱེ། །འདི་ | ||
<span | [p. 235] བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། ། འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས།། རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཇམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་ པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལེ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ།། ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རཌ་ཤིང་ལུས་ཤེད་ཅན། །འཕོང་་ དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་ | ||
<span | [p. 236] པ་ཅན་ཐམས་ཅད་ཀྱི་མཐུས་ཀྱང་མི་འགྲོ་བ་དེ་ནས་ཡང་འགྲོ་བ་དབྱིངས་ནས་སློབ་པ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུལ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་ནས། ཀུན་དུ་བཟང་པོ་ལྕེ་ཆེན་ པོ་ལྕེ་ལས་ལོ་བསྟན་པའི་བཅས་གསུམ་འབར་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དོ། །སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞི་བ་ཁམས་དང་དུ་ངེས་འཆར་ནས། །ཆོ་ལོ་ འདི་ནི་བཏུ་འོག་ཏུ་འོ། །འདི་ན་མི་གནས་དེར་མཛད། །དེ་ལྟར་ན་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྒྲོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །སྒྲ་ཐལ་མེད་ དགོས་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་མེད་འཇིགས་པ་ལྔ་འཐུངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་བཤད། །མི་སྐྱེ་རེ་ཆོས་ལ་བཟོད་ཐོབ་སྟེ། །དེ་དག་ལས་ སེམས་ལྡན་འབྱུང་ཞིང་དྲག་པོ་དང་། །ཚུལ་ལྡན་ཉེ་བར་བྱོན་པ་རྫོགས། །འདུ་འཛི་ཡང་ན་རྣམས་དེས་ཡང་ཡིན་ན། །ཁས་བླངས་དམ་པ་འདི་ཉིད་ན། །འོ་ན་སྔོན་འགྲོ་ཡང་སྟོང་པ་ཡིན། །གནས་པར་བྱེད་པ་དེ་ནི་སྔོན་ འགྲོ་བཞིན། །སྟོང་ཕྲག་དུ་ན་མི་འཐུང་འགྲོ་བ་བྱེད། །གོ་འཕང་གཙུག་ཏུ་འདྲེས་པ་དྲངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐོ་འཕངས་འཁོར་བ་འཇིག །འཁོར་ནི་བསྒྲིག་བྱེད་དང་བསྐྱེད། །ཀུན་ཀྱང་ངག་ | ||
<span | [p. 237] ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཎཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་ འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཅོས་གསུམ་ཞིང་འདིར་མི་ གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་བསྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་ཆུ་བྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་ དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པ་འདྲ་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། །བསྟན་པའི་བཅོས་བསྒྲལ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ | ||
<span | [p. 238] ༄༅། །ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ན་འང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་ པ་དང་། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐག་ པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཚེ་ན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས་ ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མ་ཟ་བར་སངས་རྒྱས་འཐབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ | ||
<span | [p. 239] བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ ཡང༑ ༑ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་ གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་ བྱིན་རླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐོག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་ གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་རྙིང་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཅོས་གསུམ་པོ་དངས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ | ||
<span | [p. 240] ༄༅། །དེ་དག་དེའི་བར་བར་དུ་བསྐལ་བ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་ཐོག་གསལ་སྙིང་པོ་བྱུང་ན་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། །ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་ གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་ འབྱུང་སྟེ། བསྐལ་པ་རེག་སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེད་དུ་རྣམས་ཀྱི་དང་པོ། ཡེ་ཐོག་དང་ཉེ་རིས་དུས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་ | ||
<span | [p. 241] ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་ དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་ པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །བསྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་ འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་དུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་ པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང་། ལ་ལ་ གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ | ||
<span | [p. 242] ༄༅། །མཐོང་བ་ནི། འཇམ་མཁྱེན་དྲུག་ཅུ་རྩ་བཞི་པ། སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་སུ་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། བས་ཡབ་ག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་ བཅུད་དྲིལ་བའོ། །ཞེས་སོ། །ད་ཡིད་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚད་སྡེ་ཆེན་གྱི་བསྐོལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་དོན་ སངས་རྒྱས་ཡབ་ཕྲིན་མཐུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་དུ་བཟང་པོའི་གོ་མཚངས་ཆེན་བཀོད་པ། རྣམ་སྣང་བཅིང་གི་ཕྱག་མཐིལ་གྱི་པདམའི་ཕྲུ་མ་ཕྲུ་མ་དང་པོ་ནི་ཉེང་གི་བཅུ་གསུམ་པ་ཐུགས་གདབ་ལ་གྱི་པེའུ་ གཅིག་གི་པོའི་ནམ་མཁའ་ལས་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། བཅུ་པའི་སེམས་དཔས་ཀྱང་དཔག་མར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་བ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་ དང་སེང་གེ་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སྡེ་ནས་ཅན་གྱི་ཡང་ཁས་མ་བྱས་ཏེ། །ཅེས་པ་དང་། དེའི་ན་མཆོག་བརྩེགས་པ་ལས། ནམ་མཁའ་མེ་སྟེང་ཁྱབ་གྱུར་པ། །སྐུ་ཡིས་ | ||
<span | [p. 243] མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་ པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། །ཡེ་ཐོག་དང་པོའི་ སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། ། སངས་རྒྱས་སྟོང་གི་ཐུགསུ་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། ། བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་ | ||
<span | [p. 244] ༄༅། །མངོན་བར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། །དེ་ཡས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་སྐལ་པ་དུ་མ་ནས་ཚོགས་བསགས་ པའི་མཐུས། །བསྟན་པ་འདི་དང་གདོང་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུགས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་་་ཀ་དང་ཕྲད་པའི་ཕྱིར་ རོ༏ ༏འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདི་འམ། བར་དོ་འམ། རང་བཞིན་སྤྲུལ་སྐུའི་ཞིང་གང་དུ་ཟད་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་(རྒྱུད་ཀྱི་)ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་་ བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན་། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་དུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་ སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལ་འདི་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ | ||
<span | [p. 245] ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་ གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུལ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་ སྟོང་ཕྲག་གཅིག །འབྱུང་བ་རང་དང་སོ་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཁྱེད། །ལྷག་མ་བྱང་ཆུབ་སེམས་དཔའ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། ། ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ ནི་རང་དེངས་སོ། །དེ་དག་སྔོན་བྱུང་བ་ཡི་ལོ་བར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། བསྟན་པ་གཞན་གྱི་འབྲས་བུ་མིན། །ཕལ་ཏེ་བསྟན་པ་གཞན་དག་ལ། ། | ||
<span | [p. 246] ༄༅། །གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། ། དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིངྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་ འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་ གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་ པ༑ འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱན། བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་ རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་ | ||
<span | [p. 247] ལེགས་པར་སྤྱད་ངེས་པས་ཁྱབ་པོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན ནོ༑ ༑བར་དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ། །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་ མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་འཛིན་ངེས་པའི་ ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ད་ནི་མྱ་ངན་འདས་འོག་ཏུ། །ཆུ་ལ་ཕྱོགས་སུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས།། ཟམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སི་དྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་ | ||
<span | [p. 248] ༄༅། །མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་ བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དད་པའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་ བསྟན་པའི་བཙས་འཕང་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་ | ||
<span | [p. 249] པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་ པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེར་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་ དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་ མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་ འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་ | ||
<span | [p. 250] ༄༅། །ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་ འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལཔ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་ དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ། །དེ་ནས་ལས་ ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར།། | ||
<span | [p. 251] འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བདུད་ སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་དུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུར་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ ངོས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གཡུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་ཐབས་པ་ནི། ། | ||

= two volumes MW0TTBBC0034 = | = two volumes MW0TTBBC0034 = | ||

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0034_001

<span | [p. 212] རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་ | ||
<span | [p. 213] ༄༅། །གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་ མོས་ཆོས་རྣམས་ཡང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་བསྐོངས། །ཅེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཅེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བ་འམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས། འཁོར་ལ་བདག་གིས་བསྟན་ཏོ་ཅེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་ གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཅེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་པས་ སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཅེས་སོ། །འདི་སྐད་བདག་གིས་ཐོས་བདུས་གཅིག་ན། ཅེས་པ། ཕྱག་ན་རྡོ་རྗེ་བད་ག་གིས་སྔོན་སྟོན་པ་ཀུན་དུ་བཟང་པོ་ རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན། ཅེས་པས། བསྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆད་པ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་ | ||
<span | [p. 214] འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །བསྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ།། བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ།། ༑གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ ཐོས་ཅེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཅེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ ལན་གཉིས་བསྟན་པ་འདི་མི་མཐད་དོ་ཞེས་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་མཐད་བར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པ་འང་མི་མཐད་པར་ཐལ་ལོ། །དེས་ ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་དུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླིང་གཞི་ངེས་པའི་དོན་ བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ།། ༑ །།དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་ བྱུང་བའི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་ | ||
<span | [p. 215] ༄༅། །བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་བརླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་བདེས་ཀྱང་ཆོས་ཀྱི་སྐུ་ལས། ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་ གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་པ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་ པར་སྣང་བས་དོན་མཛད་པ་དང་། དེའི་བྱིན་བརླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་ འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་ བརླབས་ཡིན་མོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་ བཟུང་། དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་པས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ ངེས་པར་འབྱུང་། །བརྫུས་དང་སློང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་བཅུ་དྲུག །སྐུ་ | ||
<span | [p. 216] གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཅེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་ པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་སྟེ་བཅུ་བཞི་ལ་དར་ནུབ་ ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། གཉིས་ལྡན་དང་། གསུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་བ་བདུན་ཞེས་བྱའོ། ། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་བ་དང་པོ་དགའ་ལྡན་རྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་ བསྐལ་བ་དྲུག་བཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛྷི་ན་མི་ཏྲ་ཞེས་བྱ་བས། ། བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་ | ||
<span | [p. 217] ༄༅། །དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཞེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་ མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་ བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོངས་ཀྱིས་ཡང་། །བསྟན་པ་དམ་པ་འདི་གཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ།། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །ཅེས་སོ། ། བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་ | ||
<span | [p. 218] འགྲོ་མའི་གནས་སུ་དོན་བྱེད་པའོ།། །།གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡེ་ཐོག་གི་ཚེ་ལོ་བཅུ་བའི་བར་འདི་ལ། འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱཻ་ཉོན་ཅིག་ རིགས་ལྡན་ཤ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་ རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་བ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། ། མི་མཐུན་ལྟ་སྤྱོད་ངག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམས་ཀྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་བཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་བཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་ གནས། །དེ་འདས་འོག་ཏུ་ཡོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ཇི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་ བར་དུ་གནས། །དེ་འདས་སུམ་བཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་བཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་བ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་བའི་དུས་སུ་སྙིང་ པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་ | ||
<span | [p. 219] ༄༅། །དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག ། མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་བཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་ རྩོད་ནས། །ལོ་ནི་དྲུག་བཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་ མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣབས་ནས་ནི། །ལོ་ནི་དྲུག་བཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། ། རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་ རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛེམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་ | ||
<span | [p. 220] སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གྷ་གྷའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཆུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་ སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་བཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་འཆམས། །ཁ་ཆེའི་ཡུལ་ ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་བཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་དུ་འཛམ་གླིང་གི། །དབུས་ནས་ཤར་དུ་དཔག་ཚད་ལྔ། དགེ་སློང་ཤཱཀྱ་འཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་ མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུད་པལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུནབྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ་སངས་རྒྱས་འཁོར་བ་འཇིག་ | ||
<span | [p. 221] ༄༅། །གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་ སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་བའི་ཚངས་ཆེན་གྱི་བསྐལ་བ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་བ་ལ་བསྐལ་བ་བརྒྱད་བཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་ པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་བ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་ བཟང་པོའི་བྱིན་བརླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་ དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུད་པལ་མེ་ཏོག་མཛེས་ཞེས་པའི། ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་ངེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། ། | ||
<span | [p. 222] དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་བ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་ སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་བཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་ རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིངས་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མེན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ།། ༈ །།དེའང་ སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་བརླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་། ལོངས་སྐུའི་ བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་ མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མི་ཡི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་ པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ | ||
<span | [p. 223] ༄༅། །ནས། དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མད་བ་དང་། བསམས་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་ པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདིར་ངོ་སྤྲོད་ཀྱི་སྒོམ་ཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བརྩན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་ པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་ཏེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད།། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་བརླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་ བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚེད་རྒྱ་དེས། །རྒྱུད་འདི་ཡང་ནི་རྟག་ཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་ དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་ བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ།། | ||
<span | [p. 224] །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ།། དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ ཀུན་ཏུ་བཟང་པོས་འོད་གསལ་བ་རྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་ གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི། ལ་ལ་སྟོངས་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་ བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་ སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་ འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིང་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་ འཇིག་གི་རྒྱལ་བ་དང་། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། ། | ||
<span | [p. 225] ༄༅། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་ སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་བཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་ འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་བཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཅེས་པ་ནས། དྲན་བཟང་པའི་ཡེ་ཤེས་ མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་པའི། །སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས། །རང་ བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བ་བླ་ལས་འདི་ཀུན་རང་བྱུང་ཤར། །བྱིན་བརླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཅེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་ | ||
<span | [p. 226] དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། ། ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་བཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་པའོ། །བསྟན་པའི་སངས་རྒྱས་ ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཅེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་ དྲུག་བཅུ་རྩ་བཞིས་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པད་མའི་ཕྲུ་མ་ཕྲུ་མ་དབུས་མའི་སྟེང་གི་ བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོ་རིམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་ རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་རྣམས། །ངག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ | ||
<span | [p. 227] ༄༅། །ཇི་སྙད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱད་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་པ་བཞིན་ནོ།། གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་ བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོའི་བུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་ གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དང་། །དེ་ནས་མི་གནས་ནས། །ཚེ་ལོ་དྲུག་བཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་ གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར་འགྱུར་བར་དམར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། ། དེ་ནས་ཚེ་ལོ་སུམ་བཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་ སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་ བསྟན་པ་འོ། །ཅེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་གསུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་ | ||
<span | [p. 228] དབང་བསྒྱུར། །བསྟན་པ་ཉིད་ནི་སྔ་མ་ལ། །འཇམ་ཏན་རང་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྔས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། ། ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་བཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཅེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་ དྲུག་བཅུ་རྩ་བཞིས་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པད་མའི་ཕྲུ་མ་ཕྲུ་མ་དབུས་མའི་སྟེང་གི་ བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོ་རིམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་བཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་ རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་རྣམས། །ངག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ | ||
<span | [p. 229] ༄༅། །ཇ་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་ བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་ གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྔ་ན་དགེ་སྦྱོང་དཔལ། །དེ་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་བཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་ གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། ། དེ་ནས་ཚེ་ལོ་སུམ་བཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གི་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་ སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་ བསྟན་པའོ། །ཅེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་གསུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་ | ||
<span | [p. 230] གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོང་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་ སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདི་འམ། བར་དོ་འམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་ བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲང་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་། འོ་སྐོལ་དཔོན་སློབ་ཆོས་ཅན་སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་ པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཅེས་གསུངས་པ་བཞིན་ནོ། །བར་ དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སྦའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཅེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ན། | ||
<span | [p. 231] ༄༅། །གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་། བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་ འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ ནུབ་ཀྱི་ཕྱོགས། །ཕྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིང་ཧ། །ཞེས་པ་ཡིས་ནི་འཛིན་པར་འགྱུར།། དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས་ ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིང་ཧ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་ འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་ བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རངས་འོ། །ཅེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དག་གི་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མ་རཱ་ཛཱ་ཡན་ཆད་སྤྲུལ་པ་འབྱུང་པར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་ | ||
<span | [p. 232] དུ་ལོ་བརྒྱ་བརྒྱན། བོད་འདིར་བྷི་མ་ལའི་སྤྲུལ་བ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་ གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་ རོ། །འདི་དང་སུ་ཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ།། ༈ །།འགྲོ་བའི་མགོན་པོ་ཤིན་དུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་ སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་ པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་བརླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ།། གང་དུ་མགོན་པོ་མྱ་ངན་འདས་གྱུར་བ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། ། མཁའ་འགྲོའི་མཆོད་སྤྲིན་རོལ་མོས་རྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་བ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ | ||
<span | [p. 233] ༄༅། །ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་ བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་རྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང་། །འོད་ལྔའི་སྣང་བས་ ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བྷི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མ་རཱ་ཛར་ སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་ དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་ བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་ འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ | ||
<span | [p. 234] ཅན་རྣམ་པར་མི་སྣང་ངོ། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཅས། །རང་བྱུང་ཆེན་པོའི་ཡི་གེ་ ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་ཁོག །བསྟན་པའི་ཐུགས་ཀྱི་ རྡོ་རྗེ་ཡབ། སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་འབབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ ཅེས་པ། རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དང་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་ དེ་ཙམ་འབྲས་བུ་ཉེར་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་ བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུལ་བ་ལས། །མཆོག་ | ||
<span | [p. 235] ༄༅། །ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་བསྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་ སངས་རྒྱས་འཐོབ། །འགྲོ་བ་དྲུག་ཞེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ ཉལ་བ་ལངས་པའི་དབང་། །ཤིན་དུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཤིག་ཚིག་གིས་ མཚོན་པའོ། །ཅེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོན་ཡོད་ངོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་ངོ་ཅོག་གྲོལ་བ་ཡང་གོན་ པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་ཁྱབ། །ཅེས་པས། ཀུན་ཏུ་བཟང་པོའི་གོན་ད་དུང་ཚད་མེད་ཞེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་ རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤེས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་ གནས་བསྟན་པ་སྟེ། རིམ་ཁང་ལྔ་པའོ།། །། | ||

= two volumes MW0TTBBC0007 = | = two volumes MW0TTBBC0007 = | ||

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0007_001

<span | [p. 173] རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་ | ||
<span | [p. 174] ༄༅། །གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་ མོས་ཆོས་རྣམས་ཡང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་བསྐོངས། །ཅེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཅེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ ཐོས་པ་ལྷག་ཚད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བ་འམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས། འཁོར་ལ་བདག་གིས་བསྟན་ཏོ་ཅེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་ གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཅེས་པ་དང་། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་ སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཅེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཅེས་པ། ཕྱག་ན་རྡོ་རྗེ་བད་ག་གིས་སྔོན་སྟོན་པ་ཀུན་དུ་བཟང་པོ་ རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན། ཅེས་པས། བསྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང་། བརྒྱུད་པ་བར་མ་ཆ་དབ་དང་། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང་ | ||
<span | [p. 175] འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །བསྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ།། བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ།། ༑གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ ཐོས་ཅེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཅེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ ལན་གཉིས་བསྟན་པ་འདི་མི་མཐད་དོ་ཞེས་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་མཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང་། མཚན་ལན་གཉིས་བསྟན་པ་འང་མི་མཐད་པར་ཐལ་ལོ། །དེས་ ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་དུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླིང་གཞི་ངེས་པའི་དོན་ བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ།། ༑༑།།དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང་། བསྟན་པའི་བཙས་སྐུ་དང་། རང་ བྱུང་གི་ཡི་གེ་དང་། རྡོ་རྗེ་གསུམ་དང་། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་པའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་ | ||
<span | [p. 176] ༄༅། །བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་བརླབས་ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས། ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་ གོ་ན་ཚངས་ཆེན་གྱི་བསྐལ་པ་བཀཽད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང་། ལོངས་སྐུའི་བསྟན་བུ་རང་གྲག་དང་། སྤྲུལ་སྐུའི་སྐུ་མངོན་ པར་སྣང་པས་དོན་མཛད་པ་དང་། དེའི་བྱིན་བརླབས་ལས་ཤར་བའི་རྡོ་རྗེ་དང་། གླེགས་བམ་དང་། སྐུ་གཟུགས་རྣམས་རིམ་པས་བབས་ཤིང་། དངོས་དང་གཟུགས་བརྙན་གྱི་བསྟན་པ་བཟུང་པས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་ འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང་། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་ བརླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་ བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་པས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ ངེས་པར་འབྱུང་། །བརྫུས་དང་སྒོང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་བཅུ་དྲུག །སྐུ་ | ||
<span | [p. 177] གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཅེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་པའི་རྗེས་ལ། ཞིང་འདི་འཆགས་ པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་སྟེ་བཅུ་བཞི་ལ་དར་ནུབ་ ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། གཉིས་ལྡན་དང་། གསུམ་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། ། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་རྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་ བསྐལ་པ་དྲུག་བཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛྷི་ན་མི་ཏྲ་ཞེས་བྱ་བས། ། བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་ | ||
<span | [p. 178] ༄༅། །དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཞེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་ མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བརྩེ་བའི་ཀླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་ བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀ་ར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོངས་ཀྱིས་ཡང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་ མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ། །ཅེས་སོ། ། བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ཡོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་ | ||
<span | [p. 179] འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ། འཕེལ་འགྲིབ་རྣམ་པ་བདུན་འབྱུང་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱཻ་ཉོན་ཅིག་ རིགས་ལྡན་ཤ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསང་ཀྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང་། །སྙིགས་མ་ རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། ། མི་མཐུན་ལྟ་སྤྱོད་ངག་ཀྱང་གྲངས་མེད་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམས་ཀྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་བཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་བཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་ གནས། །དེ་འདས་འོག་ཏུ་ལ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་ བར་དུ་གནས། །དེ་འདས་སུམ་བཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་བཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་སྙིང་ པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་ | ||
<span | [p. 180] ༄༅། །དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག ། མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་བཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་ལྔ་ རྩོད་ནས། །ལོ་ནི་དྲུག་བཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་ མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་བཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། ། རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་ རྩོད་ཅིང་མཚོན་ར་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛེམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་ | ||
<span | [p. 181] སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གྷ་གྷའི་འགྲམ། །རྒྱལ་པོའི་བུ་ལ་དབུང་བ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ བཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་ སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་བཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་འཚམས། །ཁ་ཆེའི་ཡུལ་ ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་བཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི། །དབུས་ནས་ཤར་དུ་དཔག་ཚད་ལྔ། ། དགེ་སློང་ཤཱཀྱ་འཇིཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར། ཁུག་ མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྔ་ན་བཀོད་པའི་ཞིང་དུ་འབབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུད་པལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་ | ||
<span | [p. 182] ༄༅། །གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་ སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྟོང་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་བཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་ པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་པ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་ བཟང་པོའི་བྱིན་བརླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་ དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུད་པལ་མེ་ཏོག་མཛེས་ཞེས་པའི། ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །ང་གི་བའི་སེམས་ལྡན་འབའ་ཞིག་འབྱུང་། ། སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་ངེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། ། | ||
<span | [p. 183] དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་ སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་བཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་ རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིངས་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མེན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ།། ༈ །།དེའང་ སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་བརླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་། ལོངས་སྐུའི་ བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་ མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མི་ཡི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་ པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ | ||
<span | [p. 184] ༄༅། །ནས། དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམས་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་ པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདི་དང་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བརྩན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་ པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་ཏེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད།། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་བརླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་ བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་ཀླག་སན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་ དང་། བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་ བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ།། | ||
<span | [p. 185] དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་ སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་བཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་ རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིངས་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མེན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ།། ༈ །།དེའང་ སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང་། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་བརླབས་ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་སྐུ་དང་། ལོངས་སྐུའི་ བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང་། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་ མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མི་ཡི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་ པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང་། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ | ||
<span | [p. 186] ༄༅། །ནས། དུས་དུས་སུ་ཀློག་པ་དང་། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། བསམས་པ་ཐམས་ཅད་འགྲུབ་པ་དང་། གདོན་བགེགས་ལོག་ པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང་། འཆི་ཁའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང་། འདི་དང་སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བརྩན་ས་ཟིན་པ་དང་། ཡིད་དཔྱོད་འཛིན་པའི་ཐེག་ པ་ཅན་ཡིན་ཡང་། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང་། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་ཏེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད།། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་བརླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་ བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་ཀླག་སན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང་། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་ དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་ བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ།། | ||
<span | [p. 187] །།གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ།སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ།གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ།རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ།།དང་པོ་ནི།ཡེ་ཐོག་དང་པོའི་རྒྱལ་མཆོག ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན།རྡོ་རྗེ་འཆང་དང་།མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་བསྟོན་པ་དེ་ཉིད་ཀྱིས་བཀོད་པ་དང་།དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི།ལ་ལ་སྟོངས་པ་དང་།ལ་ལ་གནས་པ་དང་།ལ་ལ་འཇིག་པ་དང་།ལ་ལ་ཆགས་ནས་གནས་པ་ལས།རྡོ་རྗེ་འཆང་གིས བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ།ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་དང་།དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས།འདིར་འོད་གསལ སྙིང་པོ་བྱུང་བ་རྣམས་བཤད་དེ།དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན།དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ།སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ།།དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད འཇིག་རྟེན་མགོན་གྱི་རྒྱལ་བ་དང་།གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་།བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་།ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་།དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་།བདུན་པ་ལ་འཁོར་བ འཇིག་གི་རྒྱལ་བ་དང་།དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་བཅུ་རྩ་བ་ཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ།ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ།། | ||
<span | [p. 188] ༄༅། །འདི་དག་གི་རིམ་པ་རྒྱས་པར་ནི། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་ སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་བཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་ འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང་། །འདི་དུས་ཁྲག་ཁྲིག་བདུན་བཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཅེས་པ་ནས། དྲན་པ་ཟད་པའི་ཡེ་ཤེས་ མགོན།། སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང་། །དེ་ལྟར་བརྗོད་ཀྱིས་མི་ལང་པའི། །སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས། །རང་ བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་བརླབས་རིམ་པ་འདི་ཀུན་ཡང་། །ཐོག་མ་བབས་ལས་རང་བསྟན་ནོ། །ཅེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང་། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང་། །སངས་རྒྱས་སྟོང་གིས་མངའ་ | ||
<span | [p. 189] དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་རབ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། ། ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང་། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་བཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་པའོ། །བསྟན་པའི་སངས་རྒྱས་ ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་བའོ། །ཅེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་ དྲུག་བཅུ་རྩ་བཞིས་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པད་མའི་ཕྲུ་མ་ཕྲུ་མ་དབུས་མའི་སྟེང་གི་ བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་ རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ | ||
<span | [p. 190] ༄༅། །ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ༑ ༑ཅེས་གསུངས་པ་བཞིན་ནོ།། ༑གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་ བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང་། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་ གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྤྱོད་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་བཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་ གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་བར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། ། དེ་ནས་ཚེ་ལོ་སུམ་བཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་ སྙིང་པོ་ཡང་བསྡུས་བས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་ བསྟན་པའོ། །ཅེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་གསུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་ | ||
<span | [p. 191] གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོང་ཕྲད་ནས། རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་ སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོ་འམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་ བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲང་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་། འོ་སྐོལ་དཔོན་སློབ་ཆོས་ཅན་སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་ པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཅེས་གསུངས་པ་བཞིན་ནོ། །བར་ དོར་གྲོལ་བའི་རྣམ་གྲངས་ནི། ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། །ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཅེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ན། | ||
<span | [p. 192] ༄༅། །གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་དང་། བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ།། ༑གསུམ་པ་རིགས་ འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིང་ཧ། །ཞེས་པ་ཡིས་ནི་འཛིན་པར་འགྱུར།། དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིང་ཧ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་ འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་ བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཅེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མ་རཱ་ཛཱ་ཡན་ཆད་སྤྲུལ་པ་འབྱུང་པར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་ | ||
<span | [p. 193] དུ་ལ་བརྒྱ་བརྒྱ་ན། བོད་འདིར་བྷི་མ་ལའི་སྤྲུལ་བ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལ་རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང་། མན་ངག་གི་ གནད་ངེས་པ་གཞན་ལས་འཕགས་པ་དང་། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང་། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང་། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་པའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་ རོ།། འདི་དང་སུ་ཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ།། ༑ །།འགྲོ་བའི་མགོན་པོ་ཤིན་དུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་ སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང་། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་ པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་བརླབས་ཐུགས་རྗེ་རྨད་བྱུང་གང་། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ།། གང་དུ་མགོན་པོ་མྱ་ངན་འདས་གྱུར་བ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། ། མཁའ་འགྲོའི་མཆོད་སྤྲིན་རོལ་མོས་རྒྱན་གྱུར་ཅིང་། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་བ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ | ||
<span | [p. 194] ༄༅། །ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བའི་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་ བྱོན་གྱུར་ཅིང་། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་རྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང་། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པན་འང་། །འོད་ལྔའི་སྣང་བས་ ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བྷི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མ་རཱ་ཛར་ སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་ དར་བའི་རབས་བདུན་འདས་ཏེ། ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་ བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་ འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ། བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲ་གཉི་ཤུར་ལུས་ | ||
<span | [p. 195] ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཅས། །རང་བྱུང་ཆེན་པོའི་ཡི་གེ་ ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་བ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་ རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་འབབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དང་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་ བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་བ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་ བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་བ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ | ||
<span | [p. 196] ༄༅། །ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་བསྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་ སངས་རྒྱས་འཐོབ། །འགྲོ་བ་དྲུག་ཞེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ ཉལ་བ་ལངས་པའི་དབང་། །ཤིན་དུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཤིག་ཚིག་གིས་ མཚོན་པའོ། །ཅེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། ཀུན་ཏུ་བཟང་པོའི་གོན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་ པ་ཡིན་ཏེ། བསྟན་པའི་ཐ་མ་བསམ་མི་འཁྱབ། །ཅེས་པས། ཀུན་ཏུ་བཟང་པོའི་གནོད་དུང་ཚད་མེད་ཞེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་ རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་ གནས་བསྟན་པ་སྟེ། རིམ་ཁང་ལྔ་པའོ།། །། | ||

= Critical edition = | = Critical edition = | ||

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (244 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 246] ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་ | |||

པ་ཡིས་ཆོས་འབྱུང་གདུལ་བྱའི ] ཡང  | |||

ཅེས་པས་ཀུན་ཏུ་བཟང་པོའི ] དུ A D · དུང་ཚད་མེད་ཅེས་བཞེད་དོ ] ཞེས O T U · མེད་དེ་ཀུན་ཏུ་བཟང་པོའི ] དུ A D

= Translation = | = Translation = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See [[Theg mchog mdzod (Longchenpa)|the contents page]] for how it was made.
<span |

[p. 246] | ||
too,
| too,

unspoken, were taught as the great self-arisen.
| unspoken, were taught as the great self-arisen.

| Line 437: | Line 467: | ||
Vajradhara, the king, Vajrasattva, | Vajradhara, the king, Vajrasattva, | ||
<span | [p. 247] | ||
and in the Purification Tantra (sbyong rgyud): | and in the Purification Tantra (sbyong rgyud): | ||
| Line 457: | Line 487: | ||
Third, dispelling mistaken objections. Some who, the eye of their intelligence closed, have no opportunity to behold the form of the vast Dharma teachings, say: "In other sūtras and tantras it is said, 'Thus have I heard'; since this word 'taught' does not occur, this is a fabrication." If they say so: if "taught" made it a fabrication, then since the Root Tantra of Cakrasaṃvara | Third, dispelling mistaken objections. Some who, the eye of their intelligence closed, have no opportunity to behold the form of the vast Dharma teachings, say: "In other sūtras and tantras it is said, 'Thus have I heard'; since this word 'taught' does not occur, this is a fabrication." If they say so: if "taught" made it a fabrication, then since the Root Tantra of Cakrasaṃvara | ||
<span | [p. 248] | ||
says, "Then the secret shall be taught," there would be the fault that it too would follow to be a fabrication. Again, if one says, "This teaching it twice is untenable," it would follow that the entire class of scripture recited in melody (geya) is untenable, because after each prose passage it teaches again in a verse; and it would follow that stating the title twice is also untenable. Therefore, that which shows the arising of the tantra of meaning is the uncommon setting, and that which indicates the arising of the tantra of words is the common setting; so, on top of their not being contradictory, they are moreover shown to be very closely connected. By these points the definitive meaning of the setting has been taught; | says, "Then the secret shall be taught," there would be the fault that it too would follow to be a fabrication. Again, if one says, "This teaching it twice is untenable," it would follow that the entire class of scripture recited in melody (geya) is untenable, because after each prose passage it teaches again in a verse; and it would follow that stating the title twice is also untenable. Therefore, that which shows the arising of the tantra of meaning is the uncommon setting, and that which indicates the arising of the tantra of words is the common setting; so, on top of their not being contradictory, they are moreover shown to be very closely connected. By these points the definitive meaning of the setting has been taught; | ||
| Line 464: | Line 494: | ||
The third topic, the sacred definitive prophecy (lung bstan). In showing the sequence in which the teaching of the vajra heart essence (rdo rje snying po), the kāya born of the teaching, the self-arisen letters, the three vajras, and the persons who hold them arise earlier and later, there are three topics: a general presentation of how the teaching descends; a specific explanation of its flourishing and decline; and a presentation of the persons by whom it is held. First: within the domain in which the primordial Samantabhadra arrayed the eon (bskal pa) of Mahābrahmā, from his blessings | The third topic, the sacred definitive prophecy (lung bstan). In showing the sequence in which the teaching of the vajra heart essence (rdo rje snying po), the kāya born of the teaching, the self-arisen letters, the three vajras, and the persons who hold them arise earlier and later, there are three topics: a general presentation of how the teaching descends; a specific explanation of its flourishing and decline; and a presentation of the persons by whom it is held. First: within the domain in which the primordial Samantabhadra arrayed the eon (bskal pa) of Mahābrahmā, from his blessings | ||
<span | [p. 249] | ||
Vajradhara (rdo rje 'chang), the buddha whom he emanated, also arose from the dharmakāya as the sambhogakāya and, within the domain of the kāyas of Vairocana and the others, arrayed the eon of Mahābrahmā; and out of his accomplishing the benefit of those to be tamed (gdul bya) through various nirmāṇakāyas, there were, at the beginning of that eon, the actual teaching—in the dharmakāya, the Great Perfection; the teaching of the sambhogakāya, self-resounding (rang grag); and the nirmāṇakāya's accomplishing of benefit through the manifest appearance of its kāya—and the vajra, the volumes, and the images that arose from its blessings descended in succession; and since the teaching of the actual and the teaching of its reflection were upheld, the benefit of sentient beings arises spontaneously from the buddhas. That is: from the first eon, in which the emanation awakened, within its domain, before this field had formed, emanations came forth into other buddha fields (zhing khams) and accomplished benefit; and that now, in this field of Sahā (mi mjed), a thousand buddhas appear and accomplish benefit is also the blessing of these three. This is taught in the Reverberation of Sound: | Vajradhara (rdo rje 'chang), the buddha whom he emanated, also arose from the dharmakāya as the sambhogakāya and, within the domain of the kāyas of Vairocana and the others, arrayed the eon of Mahābrahmā; and out of his accomplishing the benefit of those to be tamed (gdul bya) through various nirmāṇakāyas, there were, at the beginning of that eon, the actual teaching—in the dharmakāya, the Great Perfection; the teaching of the sambhogakāya, self-resounding (rang grag); and the nirmāṇakāya's accomplishing of benefit through the manifest appearance of its kāya—and the vajra, the volumes, and the images that arose from its blessings descended in succession; and since the teaching of the actual and the teaching of its reflection were upheld, the benefit of sentient beings arises spontaneously from the buddhas. That is: from the first eon, in which the emanation awakened, within its domain, before this field had formed, emanations came forth into other buddha fields (zhing khams) and accomplished benefit; and that now, in this field of Sahā (mi mjed), a thousand buddhas appear and accomplish benefit is also the blessing of these three. This is taught in the Reverberation of Sound: | ||
| Line 475: | Line 505: | ||
By Vairocana of awareness (rig rnam par snang mdzad) | By Vairocana of awareness (rig rnam par snang mdzad) | ||
<span | [p. 250] | ||
Upholding this very one, they ripened into the five families.
| Upholding this very one, they ripened into the five families.

After that had passed, by my upholding it,
| After that had passed, by my upholding it,

| Line 492: | Line 522: | ||
So it says. If the manner of these is shown extensively: after Vajradhara had arrayed Mahābrahmā and countless, inconceivable eons had passed, when the formation of this field was just beginning, those three supports of the teaching (bstan pa'i btsas gsum) abided in the field called Endowed with Movement (g.yo ba ldan), to the north of here. In that field too, through the individual karma of sentient beings, they flourished and declined over fourteen periods: seven periods in which these appeared and seven periods in which they did not appear. Of these, the seven periods in which they appeared are: Endowed with Essence (snying po ldan), Endowed with Perfection (rdzogs ldan), the Great Endowed with Perfection (rdzogs ldan chen po), Endowed with Two (nyis ldan), Endowed with Three (sum ldan), Endowed with Strife (rtsod ldan), and the Great Endowed with Strife (rtsod ldan chen po). Because they declined in the intervals between these, those are called the seven dark eons. | So it says. If the manner of these is shown extensively: after Vajradhara had arrayed Mahābrahmā and countless, inconceivable eons had passed, when the formation of this field was just beginning, those three supports of the teaching (bstan pa'i btsas gsum) abided in the field called Endowed with Movement (g.yo ba ldan), to the north of here. In that field too, through the individual karma of sentient beings, they flourished and declined over fourteen periods: seven periods in which these appeared and seven periods in which they did not appear. Of these, the seven periods in which they appeared are: Endowed with Essence (snying po ldan), Endowed with Perfection (rdzogs ldan), the Great Endowed with Perfection (rdzogs ldan chen po), Endowed with Two (nyis ldan), Endowed with Three (sum ldan), Endowed with Strife (rtsod ldan), and the Great Endowed with Strife (rtsod ldan chen po). Because they declined in the intervals between these, those are called the seven dark eons. | ||
<span | [p. 251] | ||
Then, the environment and its inhabitants (snod bcud) of this field having formed, since a teacher came in the first eon, Heaped Joy, those three supports descended here, flourished and declined through seven successive stages, and finally passed on elsewhere. As to this, from the Reverberation of Sound: | Then, the environment and its inhabitants (snod bcud) of this field having formed, since a teacher came in the first eon, Heaped Joy, those three supports descended here, flourished and declined through seven successive stages, and finally passed on elsewhere. As to this, from the Reverberation of Sound: | ||
| Line 523: | Line 553: | ||
His patron | His patron | ||
<span | [p. 252] | ||
Of the householder family,
| Of the householder family,

Called Virtuous Accomplishment (dge ba'i dngos grub),
| Called Virtuous Accomplishment (dge ba'i dngos grub),

| Line 558: | Line 588: | ||
Pure Cooling One (bsil byed gtsang ma), having acted as such, | Pure Cooling One (bsil byed gtsang ma), having acted as such, | ||
<span | [p. 253] | ||
After that, this world—
| After that, this world—

Earth, water, fire, and wind clashing together in turmoil—
| Earth, water, fire, and wind clashing together in turmoil—

| Line 581: | Line 611: | ||
The accumulated stores vanish, and the quintessences of the earth are exhausted; | The accumulated stores vanish, and the quintessences of the earth are exhausted; | ||
<span | [p. 254] | ||
Discordant views and conducts too arise in great number.
| Discordant views and conducts too arise in great number.

In the five hundred [years] of the dregs the lifespan gradually decreases.
| In the five hundred [years] of the dregs the lifespan gradually decreases.

| Line 613: | Line 643: | ||
This, the first period of darkness— | This, the first period of darkness— | ||
<span | [p. 255] | ||
Is the time when,
| Is the time when,

In the western direction of Jambudvīpa,
| In the western direction of Jambudvīpa,

| Line 648: | Line 678: | ||
Remains for one hundred and twenty years. | Remains for one hundred and twenty years. | ||
<span | [p. 256] | ||
After that has passed, in the center of Jambudvīpa,
| After that has passed, in the center of Jambudvīpa,

In the city called Golden City,
| In the city called Golden City,

| Line 683: | Line 713: | ||
In the land | In the land | ||
<span | [p. 257] | ||
Called Kashmir (kha che),
| Called Kashmir (kha che),

In the city Endowed with Sound (sgra dang ldan pa),
| In the city Endowed with Sound (sgra dang ldan pa),

| Line 702: | Line 732: | ||
In that way, when the seven occasions of waxing and waning are complete, from the lower turning point of the intermediate eon (bar khug) that follows the ten-year lifespan onward, the three harvests of the teaching do not remain in this realm. From here they descend into the realm Array of Beauty (mdzes ldan bkod pa) in the south, and when, through seven flourishings and declines, their deeds in that realm are complete, that is the time when Sahā is emptied. Then those three leap to the world Vast Protection (yangs pa skyob pa) in the north, and after they have been held by the Buddha Beautiful Utpala Flower (utpal me tog mdzes pa) and seven occasions of waxing and waning have taken place, they leap to the world called Melody of the Crest (gtsug phud dbyangs) in the west, and after they have been held by the Buddha Krakucchanda ('khor ba 'jig, Destroyer of Saṃsāra) and have remained there for seven hundred thousand years in the manner of seven flourishings and declines, that realm and all the realms that exist in the eon of Great Brahmā (tshangs chen gyi bskal pa) arrayed by Vajradhara— | In that way, when the seven occasions of waxing and waning are complete, from the lower turning point of the intermediate eon (bar khug) that follows the ten-year lifespan onward, the three harvests of the teaching do not remain in this realm. From here they descend into the realm Array of Beauty (mdzes ldan bkod pa) in the south, and when, through seven flourishings and declines, their deeds in that realm are complete, that is the time when Sahā is emptied. Then those three leap to the world Vast Protection (yangs pa skyob pa) in the north, and after they have been held by the Buddha Beautiful Utpala Flower (utpal me tog mdzes pa) and seven occasions of waxing and waning have taken place, they leap to the world called Melody of the Crest (gtsug phud dbyangs) in the west, and after they have been held by the Buddha Krakucchanda ('khor ba 'jig, Destroyer of Saṃsāra) and have remained there for seven hundred thousand years in the manner of seven flourishings and declines, that realm and all the realms that exist in the eon of Great Brahmā (tshangs chen gyi bskal pa) arrayed by Vajradhara— | ||
<span | [p. 258] | ||
all the beings of these are liberated into the primordial state (gdod ma'i sa), and the eon of Great Brahmā arrayed by Vajradhara, together with its environment and inhabitants, is emptied and, having become a single space, remains so for eighty-five eons. | all the beings of these are liberated into the primordial state (gdod ma'i sa), and the eon of Great Brahmā arrayed by Vajradhara, together with its environment and inhabitants, is emptied and, having become a single space, remains so for eighty-five eons. | ||
| Line 722: | Line 752: | ||
Who have attained acceptance of unborn phenomena (mi skye'i chos la bzod pa)— | Who have attained acceptance of unborn phenomena (mi skye'i chos la bzod pa)— | ||
<span | [p. 259] | ||
Only those endowed with virtuous minds appear.
| Only those endowed with virtuous minds appear.

When that very teacher has come
| When that very teacher has come

| Line 755: | Line 785: | ||
Moreover, of the two, the actual teaching of the Buddha and its reflection (gzugs brnyan): the reflection, through the aspiration of beings and the blessing of the teacher, | Moreover, of the two, the actual teaching of the Buddha and its reflection (gzugs brnyan): the reflection, through the aspiration of beings and the blessing of the teacher, | ||
<span | [p. 260] | ||
pervades wherever any of the six classes of beings ('gro drug) may be; and of the three actual teachings, the two teachings of the dharmakāya and the sambhogakāya exist as a constant wheel of continuity (rtag pa rgyun gyi 'khor mo) in the two pure basic spaces of the teacher's self-appearance—the palace of the basic space of phenomena and the Dense Array of Luminosity ('od gsal stug po bkod pa)—while as for the teaching of the nirmāṇakāya, the two—the common one, the stages of sūtra and tantra, and the uncommon one, the sacred vehicle of the definitive great secret (gsang chen nges pa'i theg pa dam pa)—exist nowhere other than in the stations of gods and humans of special merit, because the ḍākinīs too dwell in the abodes of gods and humans. In this definitive great secret, there is no doubt that those who actually encounter the three harvests of the teaching are liberated without effort; and as for the letters that are emanations of enlightened speech, if they are written in a color matching the body color of the buddha who came for whichever teaching [they belong to], placed in a jeweled casket, carried under the left armpit, read from time to time, and merely honored and made offerings to, one is liberated without effort. In this life too, one has long life, freedom from illness, and the fulfillment of all one's intentions; evil spirits, obstructers, and misleaders find no opening; at the time of death, since there is no suffering of illness that cuts [life] off, one passes away at ease; and here, if one is among those who have seen the door of introduction (ngo sprod), | pervades wherever any of the six classes of beings ('gro drug) may be; and of the three actual teachings, the two teachings of the dharmakāya and the sambhogakāya exist as a constant wheel of continuity (rtag pa rgyun gyi 'khor mo) in the two pure basic spaces of the teacher's self-appearance—the palace of the basic space of phenomena and the Dense Array of Luminosity ('od gsal stug po bkod pa)—while as for the teaching of the nirmāṇakāya, the two—the common one, the stages of sūtra and tantra, and the uncommon one, the sacred vehicle of the definitive great secret (gsang chen nges pa'i theg pa dam pa)—exist nowhere other than in the stations of gods and humans of special merit, because the ḍākinīs too dwell in the abodes of gods and humans. In this definitive great secret, there is no doubt that those who actually encounter the three harvests of the teaching are liberated without effort; and as for the letters that are emanations of enlightened speech, if they are written in a color matching the body color of the buddha who came for whichever teaching [they belong to], placed in a jeweled casket, carried under the left armpit, read from time to time, and merely honored and made offerings to, one is liberated without effort. In this life too, one has long life, freedom from illness, and the fulfillment of all one's intentions; evil spirits, obstructers, and misleaders find no opening; at the time of death, since there is no suffering of illness that cuts [life] off, one passes away at ease; and here, if one is among those who have seen the door of introduction (ngo sprod), | ||
<span | [p. 261] | ||
one seizes the stronghold of the lamp of primordial wisdom in the bar do; even if one is a follower of a vehicle that holds to intellectual speculation (yid dpyod), one is born in a genuine buddha field; and even if one is an ordinary person, one meets this great secret on the support of a birth in the happy destinies, the higher realms, and is liberated—such immeasurable qualities there are. From the Reverberation of Sound: | one seizes the stronghold of the lamp of primordial wisdom in the bar do; even if one is a follower of a vehicle that holds to intellectual speculation (yid dpyod), one is born in a genuine buddha field; and even if one is an ordinary person, one meets this great secret on the support of a birth in the happy destinies, the higher realms, and is liberated—such immeasurable qualities there are. From the Reverberation of Sound: | ||
| Line 787: | Line 817: | ||
one will come to hold the transmissions and | one will come to hold the transmissions and | ||
<span | [p. 262] | ||
pith instructions.
| pith instructions.

This lamp that illuminates,
| This lamp that illuminates,

| Line 799: | Line 829: | ||
First: when the supreme victor of the primordial beginning, Samantabhadra, having attained luminosity, arrayed the buddha field of the supreme Great Brahmā, that very teacher, emanating as Vajradhara and in many other forms bearing other names, arrayed [them]; and of the eons of Great Brahmā arrayed by others who became buddhas through his blessing—countless and beyond expression, throughout the infinite reaches of space—some are empty, some abide, some are being destroyed, and some have formed and abide. Among these, up to and including this Great Brahmā arrayed by Vajradhara, there have been six million four hundred thousand stages of taming beings through eons of the innermost secret heart essence of luminosity, and in between them innumerable other eons occurred; from among these, here those in which the heart essence of luminosity | First: when the supreme victor of the primordial beginning, Samantabhadra, having attained luminosity, arrayed the buddha field of the supreme Great Brahmā, that very teacher, emanating as Vajradhara and in many other forms bearing other names, arrayed [them]; and of the eons of Great Brahmā arrayed by others who became buddhas through his blessing—countless and beyond expression, throughout the infinite reaches of space—some are empty, some abide, some are being destroyed, and some have formed and abide. Among these, up to and including this Great Brahmā arrayed by Vajradhara, there have been six million four hundred thousand stages of taming beings through eons of the innermost secret heart essence of luminosity, and in between them innumerable other eons occurred; from among these, here those in which the heart essence of luminosity | ||
<span | [p. 263] | ||
occurred are explained. Moreover, [tracing] from the earliest time until one reaches the stage of this field: first there arose the teaching of the primordial beginning, and through the secret Heart Essence immeasurable beings were brought to maturity. Then, in the second teaching, there was the Victor Crown Protector of the World (spyi phud 'jig rten mgon gyi rgyal ba); | occurred are explained. Moreover, [tracing] from the earliest time until one reaches the stage of this field: first there arose the teaching of the primordial beginning, and through the secret Heart Essence immeasurable beings were brought to maturity. Then, in the second teaching, there was the Victor Crown Protector of the World (spyi phud 'jig rten mgon gyi rgyal ba); | ||
| Line 807: | Line 837: | ||
first, the Manifestly | first, the Manifestly | ||
<span | [p. 264] | ||
Exalted Protector of Recollection (mngon 'phags dran pa mgon).
| Exalted Protector of Recollection (mngon 'phags dran pa mgon).

The mudrā (phyag rgya), the wheel of self-recollection,
| The mudrā (phyag rgya), the wheel of self-recollection,

| Line 842: | Line 872: | ||
Then, in the teaching | Then, in the teaching | ||
<span | [p. 265] | ||
that is fourth,
| that is fourth,

the Victor of a Thousand Suns
| the Victor of a Thousand Suns

| Line 867: | Line 897: | ||
within them, having arrayed six million four hundred thousand great emanations of the primordial protector himself, he emanated nineteen million buddhas before those to be tamed and accomplished their benefit. This is shown as deeds performed in the space of the domain of the single glorious knot at the heart, the thirteenth [tier] above the central anther of the lotus in the palm of a single Vairocana, in the Array of Great Brahmā that lies within the domain of the supreme victor Samantabhadra. As for the display of deeds in the fields that lie within the domains of all his kāyas | within them, having arrayed six million four hundred thousand great emanations of the primordial protector himself, he emanated nineteen million buddhas before those to be tamed and accomplished their benefit. This is shown as deeds performed in the space of the domain of the single glorious knot at the heart, the thirteenth [tier] above the central anther of the lotus in the palm of a single Vairocana, in the Array of Great Brahmā that lies within the domain of the supreme victor Samantabhadra. As for the display of deeds in the fields that lie within the domains of all his kāyas | ||
<span | [p. 266] | ||
and within the domains of the other five families, that is beyond thought. Since it is said that the deeds of the buddhas, their qualities and enlightened activity, and their enlightened body, speech, and mind are equal to space, if even a bodhisattva on the tenth level cannot fathom them, how could an intellect that sees only this side fathom them? As the Uttaratantra says: | and within the domains of the other five families, that is beyond thought. Since it is said that the deeds of the buddhas, their qualities and enlightened activity, and their enlightened body, speech, and mind are equal to space, if even a bodhisattva on the tenth level cannot fathom them, how could an intellect that sees only this side fathom them? As the Uttaratantra says: | ||
| Line 889: | Line 919: | ||
Listen, glorious bhikṣu endowed with the family: | Listen, glorious bhikṣu endowed with the family: | ||
<span | [p. 267] | ||
When I no longer remain here,
| When I no longer remain here,

in the time when the lifespan is sixty years and above,
| in the time when the lifespan is sixty years and above,

| Line 919: | Line 949: | ||
This teaches the number of those whose elements are naturally pure in this life. Wherever buddhahood is attained, all of them become buddhas by way of this great secret; for they become buddhas by beholding the nature of phenomena of directly perceived awareness, | This teaches the number of those whose elements are naturally pure in this life. Wherever buddhahood is attained, all of them become buddhas by way of this great secret; for they become buddhas by beholding the nature of phenomena of directly perceived awareness, | ||
<span | [p. 268] | ||
and they do not awaken through anything other than that. Moreover, that one finally meets with this teaching through the power of accumulations gathered over many past eons and awakens without long delay is what is called "the heart of the fruition"; therefore all who meet with this teaching swiftly attain buddhahood, because they have met with the heart of the fruition. | and they do not awaken through anything other than that. Moreover, that one finally meets with this teaching through the power of accumulations gathered over many past eons and awakens without long delay is what is called "the heart of the fruition"; therefore all who meet with this teaching swiftly attain buddhahood, because they have met with the heart of the fruition. | ||
| Line 928: | Line 958: | ||
and is protected by spiritual friends | and is protected by spiritual friends | ||
<span | [p. 269] | ||
is a vessel for hearing this. | is a vessel for hearing this. | ||
| Line 961: | Line 991: | ||
in the land called Sośa (so sha gling), Śrī- | in the land called Sośa (so sha gling), Śrī- | ||
<span | [p. 270] | ||
siṃha—by one so called it will be upheld.
| siṃha—by one so called it will be upheld.

The one who upholds it after him, of the caṇḍāla family (gdol pa'i rigs),
| The one who upholds it after him, of the caṇḍāla family (gdol pa'i rigs),

| Line 990: | Line 1,020: | ||
So it says. Such is the sequence in which the emergence of emanations is prophesied, down to our own holy guru, the monk Endowed with Glory, the protector of beings, Kumārāja. In particular, the one set forth in the Great | So it says. Such is the sequence in which the emergence of emanations is prophesied, down to our own holy guru, the monk Endowed with Glory, the protector of beings, Kumārāja. In particular, the one set forth in the Great | ||
<span | [p. 271] | ||
History (lo rgyus chen mo) with the words "Every hundred years, here in Tibet, an emanation of Vimala will in turn make clear the definitive points of this heart essence" is this holy one. For he bears at the tip of his nose a mole with the mark of the letter A; the definitive key points of his pith instructions surpass those of others; he prophesies the future by superknowledge (mngon par shes pa); he clearly teaches the definitive difficult points; and at the time of his passing into nirvāṇa, too, he filled the world with definitive, extraordinary signs. Since all who met him are liberated without effort from the city of saṃsāra, he arose as the ornament of Jambudvīpa. | History (lo rgyus chen mo) with the words "Every hundred years, here in Tibet, an emanation of Vimala will in turn make clear the definitive points of this heart essence" is this holy one. For he bears at the tip of his nose a mole with the mark of the letter A; the definitive key points of his pith instructions surpass those of others; he prophesies the future by superknowledge (mngon par shes pa); he clearly teaches the definitive difficult points; and at the time of his passing into nirvāṇa, too, he filled the world with definitive, extraordinary signs. Since all who met him are liberated without effort from the city of saṃsāra, he arose as the ornament of Jambudvīpa. | ||
| Line 1,012: | Line 1,042: | ||
by the five lights' | by the five lights' | ||
<span | [p. 272] | ||
appearance the sky was filled,
| appearance the sky was filled,

and the cymbals of music rang out—to you I bow with devotion. | and the cymbals of music rang out—to you I bow with devotion. | ||
| Line 1,043: | Line 1,073: | ||
These words clearly express the very prophecy of our own holy guru as the emanation of the vidyādhara. | These words clearly express the very prophecy of our own holy guru as the emanation of the vidyādhara. | ||
<span | [p. 273] | ||
Thus, in Jambudvīpa, when the seven generations in which the holy teaching flourishes, upheld by the hosts of vidyādhara victors, have passed, and the time when the lifespan is ten years has gone by, then, as taught before, the legacies of the teaching pass on to fields such as the Array of Beauty and there accomplish the purpose of maturing all sentient beings. When this Fortunate Eon has been emptied and ten million formations and destructions of eons have gone by, in the eon called Emptying Saṃsāra from Its Depths ('khor ba dong sprugs), the buddha Garland of Lightning Wheels ('khor lo glog gi phreng ba) fully upholds this holy teaching and liberates sentient beings from saṃsāra; all the beings of the eon of Great Brahmā arrayed by Vajradhara are liberated into the primordial level, the three legacies of the teaching too dissolve into the basic space of the nature of phenomena, saṃsāra is emptied from its depths, and from then on, for twenty thousand great eons, no embodied beings appear at all. Then, once again as before, when latent tendencies (bag la nyal) arise and the environment and inhabitants of beings appear, the teacher who tames them also arises through the power of the original Samantabhadra. As it is said in the Great Tantra of the Reverberation of Sound: | Thus, in Jambudvīpa, when the seven generations in which the holy teaching flourishes, upheld by the hosts of vidyādhara victors, have passed, and the time when the lifespan is ten years has gone by, then, as taught before, the legacies of the teaching pass on to fields such as the Array of Beauty and there accomplish the purpose of maturing all sentient beings. When this Fortunate Eon has been emptied and ten million formations and destructions of eons have gone by, in the eon called Emptying Saṃsāra from Its Depths ('khor ba dong sprugs), the buddha Garland of Lightning Wheels ('khor lo glog gi phreng ba) fully upholds this holy teaching and liberates sentient beings from saṃsāra; all the beings of the eon of Great Brahmā arrayed by Vajradhara are liberated into the primordial level, the three legacies of the teaching too dissolve into the basic space of the nature of phenomena, saṃsāra is emptied from its depths, and from then on, for twenty thousand great eons, no embodied beings appear at all. Then, once again as before, when latent tendencies (bag la nyal) arise and the environment and inhabitants of beings appear, the teacher who tames them also arises through the power of the original Samantabhadra. As it is said in the Great Tantra of the Reverberation of Sound: | ||
| Line 1,050: | Line 1,080: | ||
and the seventh buddha field | and the seventh buddha field | ||
<span | [p. 274] | ||
has been definitively traversed,
| has been definitively traversed,

and when those seven have thus gone by,
| and when those seven have thus gone by,

| Line 1,085: | Line 1,115: | ||
he definitively propels them, and the teaching | he definitively propels them, and the teaching | ||
<span | [p. 275] | ||
is completed.
| is completed.

Once more he displays the manner of passing into nirvāṇa.
| Once more he displays the manner of passing into nirvāṇa.

| Line 1,114: | Line 1,144: | ||
So it says. On this, some gurus hold that all sentient beings whatsoever within the range of Samantabhadra are emptied from the depths, while some hold that the intent is the liberation of all sentient beings whatsoever of the Great Brahmā arrayed by Vajradhara, for, since it says "the final phase of the teaching | So it says. On this, some gurus hold that all sentient beings whatsoever within the range of Samantabhadra are emptied from the depths, while some hold that the intent is the liberation of all sentient beings whatsoever of the Great Brahmā arrayed by Vajradhara, for, since it says "the final phase of the teaching | ||
<span | [p. 276] | ||
is inconceivable," they hold that within the range of Samantabhadra there are still measureless beings. In any case there is no contradiction, for the two—that all are liberated through the compassion of Samantabhadra, and that there are still measureless latent tendencies fit to emerge from basic space—are not contradictory. Even if one identifies liberation as the most vast, that is supremely good. | is inconceivable," they hold that within the range of Samantabhadra there are still measureless beings. In any case there is no contradiction, for the two—that all are liberated through the compassion of Samantabhadra, and that there are still measureless latent tendencies fit to emerge from basic space—are not contradictory. Even if one identifies liberation as the most vast, that is supremely good. | ||
| Line 1,120: | Line 1,150: | ||
== Translation notes == | == Translation notes == | ||
* [p. 246] The opening ཡང༌ belongs to the preceding verse line (རང་བྱུང་ཡི་གེ་དྲུག་པོ་ཡང༌), so it is rendered "too" continuing that sentence, not as "Furthermore" introducing a new quotation (against Dharmamitra, MITRA, Grok 4.7). | |||
* [p. 246] དབང་པོ་འདོད་མེད་ལྗགས་ལ་བཀྲམ: read dbang po as the sense faculty (the | |||
= Bilingual = | = Bilingual = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See [[Theg mchog mdzod (Longchenpa)|the contents page]] for how it was made.

{| class="wikitable" style="width:100%" | {| class="wikitable lcp-bi" style="width:100%" | ||
! Tibetan (critical edition) !! English | ! Tibetan (critical edition) !! English | ||

| style="width:50% | | style="width:50%" | [p. 246]ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང༌། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུང་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་སྐོང༌། །ཞེས་སོ། །དེ་ལྟར་གླེང་གཞི་གཉིས་བསྟན་པའི་གོ་དོན་དང་དགོས་པ་རྣམ་པར་བཞག་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་དཔལ་ཀུན་ཏུ་བཟང་པོ་ལས་ཐོས་པ་ལྷག་ཆད་མེད་པར་འཁོར་རྣམས་ལ་བསྟན་པར་བྱའོ་ཞེས་སྟོན་པར་དམ་བཅའ་བའམ། ཡང་ན་ཕྱག་ན་རྡོ་རྗེ་ཉིད་རྒྱུད་ཀྱི་སྟོན་པར་ཞལ་གྱིས་བཞེས་ནས་འཁོར་ལ་བདག་གིས་བསྟན་ཏོ་ཞེས་པ་སྟེ། ཐལ་འགྱུར་ལས། སྟོན་པའི་གསུང་གིས་འཁོར་ལ་བསྟན། །ཅེས་སོ། །དེའང་རྡོ་རྗེ་འཛིན་སངས་རྒྱས་ཡིན་པར། །དཔལ་མཆོག་དང་པོ་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས། །ཞེས་པ་ | ||

too,
| too,

unspoken, were taught as the great self-arisen.
| unspoken, were taught as the great self-arisen.

| Line 1,254: | Line 1,284: | ||
Vajradhara, the king, Vajrasattva, | Vajradhara, the king, Vajrasattva, | ||

| style="width:50% | | style="width:50%" | [p. 247]དང༌། སྦྱོང་རྒྱུད་ལས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ། ཕྱག་ན་རྡོ་རྗེ་བདག་གིས་སྔོན་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཐོས་པའི་དུས་ན་ཞེས་པས། སྡུད་པ་པོའི་ཆོས་དེ་སྔོན་གྱི་རྒྱལ་བས་ཐུགས་ཉམས་སུ་བཞེས་ནས་སངས་རྒྱས་པའོ་སྙམ་པ་དང༌། བརྒྱུད་པ་བར་མ་ཆད་པ་དང༌། དུས་གསུམ་གྱི་ཆོས་ཀྱི་རྣམ་གྲངས་དོན་མཐུན་པ་དང༌། འཁོར་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་སྟེ། ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་སོ། །གསུམ་པ་ཕྱིན་ཅི་ལོག་གི་རྩོད་པ་སྤང་བ་ནི། བློ་གྲོས་ཀྱི་མིག་ཟུམ་པས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེའི་གཟུགས་ལ་ལྟ་བའི་གོ་སྐབས་མེད་པ་དག་ན་རེ། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། བསྟན་ཅེས་པ་འདི་མི་འབྱུང་བས་བཅོས་མའོ་ཞེས་སྨྲ་ན། བསྟན་པས་བཅོས་མར་འགྱུར་ན། བདེ་མཆོག་རྩ་ | ||

and in the Purification Tantra (sbyong rgyud): | and in the Purification Tantra (sbyong rgyud): | ||
| Line 1,275: | Line 1,305: | ||
Third, dispelling mistaken objections. Some who, the eye of their intelligence closed, have no opportunity to behold the form of the vast Dharma teachings, say: "In other sūtras and tantras it is said, 'Thus have I heard'; since this word 'taught' does not occur, this is a fabrication." If they say so: if "taught" made it a fabrication, then since the Root Tantra of Cakrasaṃvara | Third, dispelling mistaken objections. Some who, the eye of their intelligence closed, have no opportunity to behold the form of the vast Dharma teachings, say: "In other sūtras and tantras it is said, 'Thus have I heard'; since this word 'taught' does not occur, this is a fabrication." If they say so: if "taught" made it a fabrication, then since the Root Tantra of Cakrasaṃvara | ||

| style="width:50% | | style="width:50%" | [p. 248]རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས། དེ་ཡང་བཅོས་མར་ཐལ་བའི་སྐྱོན་ཡོད་དོ། །ཡང་ལན་གཉིས་བསྟན་པ་འདི་མི་འཐད་དོ་ཞེ་ན། དབྱངས་སུ་བསྙད་པའི་སྡེ་རིལ་པོ་མི་འཐད་པར་ཐལ་ཏེ། ལྷུག་པ་རེའི་རྗེས་ལ་ཚིགས་བཅད་རེས་བསྐྱར་ནས་སྟོན་པའི་ཕྱིར་དང༌། །མཚན་ལན་གཉིས་བསྟན་པའང་མི་འཐད་པར་ཐལ་ལོ། །དེས་ན་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་ཡིན་པས། མི་འགལ་བའི་སྟེང་དུ་སླར་ལ་ཤིན་ཏུ་འབྲེལ་བར་བསྟན་པ་ཡིན་ནོ། །དེ་དག་གིས་གླེང་གཞི་ངེས་པའི་དོན་བསྟན་ཏེ། འདི་ཙམ་ཤེས་པས་རྒྱུད་རྣམས་ཀྱི་ཆིངས་དང་གོ་དོན་ཤེས་པའི་ཕྱིར་སྐབས་འདིར་བཀོད་ཅིང་གཏན་ལ་ཕབ་པ་ཡིན་ནོ། །དོན་གསུམ་པ་དམ་པ་ངེས་པའི་ལུང་བསྟན་ནི། རྡོ་རྗེ་སྙིང་པོའི་བསྟན་པ་དང༌། བསྟན་པའི་བཙས་་སྐུ་དང༌། རང་བྱུང་གི་ཡི་གེ་དང༌། རྡོ་རྗེ་གསུམ་དང༌། དེ་འཛིན་པའི་གང་ཟག་སྔ་ཕྱིར་འབྱུང་བའི་རིམ་པ་སྟོན་པ་ལ་དོན་གསུམ་སྟེ། བསྟན་པའི་བབས་ལུགས་སྤྱིར་བསྟན་པ། དར་ནུབ་བྱེ་བྲག་ཏུ་བཤད་པ། གང་གིས་འཛིན་པའི་གང་ཟག་བསྟན་པའོ། །དང་པོ་ནི། ཐོག་མའི་ཀུན་ཏུ་བཟང་པོས་ཚངས་ཆེན་གྱི་བསྐལ་པ་བཀོད་པའི་གོ་ན། དེའི་བྱིན་རླབས་ | ||

says, "Then the secret shall be taught," there would be the fault that it too would follow to be a fabrication. Again, if one says, "This teaching it twice is untenable," it would follow that the entire class of scripture recited in melody (geya) is untenable, because after each prose passage it teaches again in a verse; and it would follow that stating the title twice is also untenable. Therefore, that which shows the arising of the tantra of meaning is the uncommon setting, and that which indicates the arising of the tantra of words is the common setting; so, on top of their not being contradictory, they are moreover shown to be very closely connected. By these points the definitive meaning of the setting has been taught; | says, "Then the secret shall be taught," there would be the fault that it too would follow to be a fabrication. Again, if one says, "This teaching it twice is untenable," it would follow that the entire class of scripture recited in melody (geya) is untenable, because after each prose passage it teaches again in a verse; and it would follow that stating the title twice is also untenable. Therefore, that which shows the arising of the tantra of meaning is the uncommon setting, and that which indicates the arising of the tantra of words is the common setting; so, on top of their not being contradictory, they are moreover shown to be very closely connected. By these points the definitive meaning of the setting has been taught; | ||
| Line 1,283: | Line 1,313: | ||
The third topic, the sacred definitive prophecy (lung bstan). In showing the sequence in which the teaching of the vajra heart essence (rdo rje snying po), the kāya born of the teaching, the self-arisen letters, the three vajras, and the persons who hold them arise earlier and later, there are three topics: a general presentation of how the teaching descends; a specific explanation of its flourishing and decline; and a presentation of the persons by whom it is held. First: within the domain in which the primordial Samantabhadra arrayed the eon (bskal pa) of Mahābrahmā, from his blessings | The third topic, the sacred definitive prophecy (lung bstan). In showing the sequence in which the teaching of the vajra heart essence (rdo rje snying po), the kāya born of the teaching, the self-arisen letters, the three vajras, and the persons who hold them arise earlier and later, there are three topics: a general presentation of how the teaching descends; a specific explanation of its flourishing and decline; and a presentation of the persons by whom it is held. First: within the domain in which the primordial Samantabhadra arrayed the eon (bskal pa) of Mahābrahmā, from his blessings | ||

| style="width:50% | | style="width:50%" | [p. 249]ལས་རྡོ་རྗེ་འཆང་གིས་སངས་རྒྱས་སྤྲུལ་པ་དེས་ཀྱང་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གོ་ན་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པ་ལས། དེའི་བསྐལ་པ་ཐོག་མ་ལ་དངོས་ཀྱི་བསྟན་པ་ཆོས་ཀྱི་སྐུ་ལ་རྫོགས་པ་ཆེན་པོ་དང༌། ལོངས་སྐུའི་བསྟན་བུ་རང་གྲག་དང༌། སྤྲུལ་སྐུའི་སྐུ་མངོན་པར་སྣང་བས་དོན་མཛད་པ་དང༌། དེའི་བྱིན་རླབས་ལས་ཤར་བའི་རྡོ་རྗེ་དང༌། གླེགས་བམ་དང༌། སྐུ་གཟུགས་རྣམས་རིམ་པས་བབས་ཤིང༌། དངོས་་དང་གཟུགས་བརྙན་གྱི་བསྟན་པ་བཟུང་བས། སངས་རྒྱས་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། ཐོག་མ་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས། དེའི་གོ་ན་ཞིང་འདི་མ་ཆགས་པའི་གོང་དུ་ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་དོན་མཛད་ཅིང༌། ད་ལྟ་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་སྟོང་སྣང་བས་དོན་མཛད་པའང་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས་ཀུན། །རིག་རྣམ་པར་ | ||

Vajradhara (rdo rje 'chang), the buddha whom he emanated, also arose from the dharmakāya as the sambhogakāya and, within the domain of the kāyas of Vairocana and the others, arrayed the eon of Mahābrahmā; and out of his accomplishing the benefit of those to be tamed (gdul bya) through various nirmāṇakāyas, there were, at the beginning of that eon, the actual teaching—in the dharmakāya, the Great Perfection; the teaching of the sambhogakāya, self-resounding (rang grag); and the nirmāṇakāya's accomplishing of benefit through the manifest appearance of its kāya—and the vajra, the volumes, and the images that arose from its blessings descended in succession; and since the teaching of the actual and the teaching of its reflection were upheld, the benefit of sentient beings arises spontaneously from the buddhas. That is: from the first eon, in which the emanation awakened, within its domain, before this field had formed, emanations came forth into other buddha fields (zhing khams) and accomplished benefit; and that now, in this field of Sahā (mi mjed), a thousand buddhas appear and accomplish benefit is also the blessing of these three. This is taught in the Reverberation of Sound: | Vajradhara (rdo rje 'chang), the buddha whom he emanated, also arose from the dharmakāya as the sambhogakāya and, within the domain of the kāyas of Vairocana and the others, arrayed the eon of Mahābrahmā; and out of his accomplishing the benefit of those to be tamed (gdul bya) through various nirmāṇakāyas, there were, at the beginning of that eon, the actual teaching—in the dharmakāya, the Great Perfection; the teaching of the sambhogakāya, self-resounding (rang grag); and the nirmāṇakāya's accomplishing of benefit through the manifest appearance of its kāya—and the vajra, the volumes, and the images that arose from its blessings descended in succession; and since the teaching of the actual and the teaching of its reflection were upheld, the benefit of sentient beings arises spontaneously from the buddhas. That is: from the first eon, in which the emanation awakened, within its domain, before this field had formed, emanations came forth into other buddha fields (zhing khams) and accomplished benefit; and that now, in this field of Sahā (mi mjed), a thousand buddhas appear and accomplish benefit is also the blessing of these three. This is taught in the Reverberation of Sound: | ||
| Line 1,295: | Line 1,325: | ||
By Vairocana of awareness (rig rnam par snang mdzad) | By Vairocana of awareness (rig rnam par snang mdzad) | ||

| style="width:50% | | style="width:50%" | [p. 250]སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །བརྫུས་དང་སྒོ་ང་ལས་སྐྱེས་དང༌། །དྲོད་དང་མངལ་ནས་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང༌། །འདི་ཡིས་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང༌། །ཞེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན། རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ། ཞིང་འདི་འཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན། བསྟན་པའི་བཙས་གསུམ་པོ་དེ་གནས་སོ། །ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས། འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་གྱུར་ཏོ། །དེ་ལས་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང༌། རྫོགས་ལྡན་དང༌། རྫོགས་ལྡན་ཆེན་པོ་དང༌། ཉིས་ལྡན་དང༌། སུམ་ལྡན་དང༌། རྩོད་ལྡན་དང༌། རྩོད་ལྡན་ཆེན་པོའོ། །དེ་དག་གི་བར་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་ | ||

Upholding this very one, they ripened into the five families.
| Upholding this very one, they ripened into the five families.

After that had passed, by my upholding it,
| After that had passed, by my upholding it,

| Line 1,313: | Line 1,343: | ||
So it says. If the manner of these is shown extensively: after Vajradhara had arrayed Mahābrahmā and countless, inconceivable eons had passed, when the formation of this field was just beginning, those three supports of the teaching (bstan pa'i btsas gsum) abided in the field called Endowed with Movement (g.yo ba ldan), to the north of here. In that field too, through the individual karma of sentient beings, they flourished and declined over fourteen periods: seven periods in which these appeared and seven periods in which they did not appear. Of these, the seven periods in which they appeared are: Endowed with Essence (snying po ldan), Endowed with Perfection (rdzogs ldan), the Great Endowed with Perfection (rdzogs ldan chen po), Endowed with Two (nyis ldan), Endowed with Three (sum ldan), Endowed with Strife (rtsod ldan), and the Great Endowed with Strife (rtsod ldan chen po). Because they declined in the intervals between these, those are called the seven dark eons. | So it says. If the manner of these is shown extensively: after Vajradhara had arrayed Mahābrahmā and countless, inconceivable eons had passed, when the formation of this field was just beginning, those three supports of the teaching (bstan pa'i btsas gsum) abided in the field called Endowed with Movement (g.yo ba ldan), to the north of here. In that field too, through the individual karma of sentient beings, they flourished and declined over fourteen periods: seven periods in which these appeared and seven periods in which they did not appear. Of these, the seven periods in which they appeared are: Endowed with Essence (snying po ldan), Endowed with Perfection (rdzogs ldan), the Great Endowed with Perfection (rdzogs ldan chen po), Endowed with Two (nyis ldan), Endowed with Three (sum ldan), Endowed with Strife (rtsod ldan), and the Great Endowed with Strife (rtsod ldan chen po). Because they declined in the intervals between these, those are called the seven dark eons. | ||

| style="width:50% | | style="width:50%" | [p. 251]བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས། བཙས་གསུམ་པོ་དེ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ། མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱིས་ངེས་པར་ཆེ་བར་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང༌། །རྫོགས་ལྡན་དག་ནི་ཆེན་པོ་དང༌། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསང་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི །དྲུག་ཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་བབས་ཏེ། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་ | ||

Then, the environment and its inhabitants (snod bcud) of this field having formed, since a teacher came in the first eon, Heaped Joy, those three supports descended here, flourished and declined through seven successive stages, and finally passed on elsewhere. As to this, from the Reverberation of Sound: | Then, the environment and its inhabitants (snod bcud) of this field having formed, since a teacher came in the first eon, Heaped Joy, those three supports descended here, flourished and declined through seven successive stages, and finally passed on elsewhere. As to this, from the Reverberation of Sound: | ||
| Line 1,345: | Line 1,375: | ||
His patron | His patron | ||

| style="width:50% | | style="width:50%" | [p. 252]བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་གྱུར། །ལོ་ནི་བརྒྱ་དང་ཉི་ཤུར་གྱུར། །དེ་ནས་ཤར་ཕྱོགས་བདེ་བའི་ཀླུང༌། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང༌། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང༌། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གིས་ཀྱང༌། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིག །གདོལ་པའི་རིགས་ཀྱིས་ལོ་སྟོང་པར། །འདི་ཉིད་གནས་ཤིང་འཕེལ་བར་བྱས། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ | ||

Of the householder family,
| Of the householder family,

Called Virtuous Accomplishment (dge ba'i dngos grub),
| Called Virtuous Accomplishment (dge ba'i dngos grub),

| Line 1,381: | Line 1,411: | ||
Pure Cooling One (bsil byed gtsang ma), having acted as such, | Pure Cooling One (bsil byed gtsang ma), having acted as such, | ||

| style="width:50% | | style="width:50%" | [p. 253]ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ༌། །ཞེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་སྟེ། ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་ཙམ་ཞིག་མི་རྣམས་ལ་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པ་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་མི་མ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པའོ། །གཉིས་པ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་གི་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་འབྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་རིགས་ལྡན་ཤཱ་རིའི་བུ། །བསྟན་པའི་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་བར་དར་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་སྣང༌། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགའ་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང༌། །བསགས་པའི་ཚོགས་ཡལ་ས་ཡི་བཅུད་རྣམས་ཟད། ། | ||

After that, this world—
| After that, this world—

Earth, water, fire, and wind clashing together in turmoil—
| Earth, water, fire, and wind clashing together in turmoil—

| Line 1,405: | Line 1,435: | ||
The accumulated stores vanish, and the quintessences of the earth are exhausted; | The accumulated stores vanish, and the quintessences of the earth are exhausted; | ||

| style="width:50% | | style="width:50%" | [p. 254]མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང༌། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་བྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ནི་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེ་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང༌། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་ཕན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང༌། །ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་བྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང༌། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་ | ||

Discordant views and conducts too arise in great number.
| Discordant views and conducts too arise in great number.

In the five hundred [years] of the dregs the lifespan gradually decreases.
| In the five hundred [years] of the dregs the lifespan gradually decreases.

| Line 1,438: | Line 1,468: | ||
This, the first period of darkness— | This, the first period of darkness— | ||

| style="width:50% | | style="width:50%" | [p. 255]དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩར། །དགེ་སྦྱོང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང༌། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་ | ||

Is the time when,
| Is the time when,

In the western direction of Jambudvīpa,
| In the western direction of Jambudvīpa,

| Line 1,474: | Line 1,504: | ||
Remains for one hundred and twenty years. | Remains for one hundred and twenty years. | ||

| style="width:50% | | style="width:50%" | [p. 256]གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་ལ་སོར་བཞིའི་ཚད། །འདི་བྱུང་བས་ནི་མུན་པར་ཡང༌། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང༌། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང༌། །དམངས་ཀྱི་རིགས་ལ་སེང་གེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ | ||

After that has passed, in the center of Jambudvīpa,
| After that has passed, in the center of Jambudvīpa,

In the city called Golden City,
| In the city called Golden City,

| Line 1,510: | Line 1,540: | ||
In the land | In the land | ||

| style="width:50% | | style="width:50%" | [p. 257]ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང༌། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་སོ། །དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་པའི་འོག་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབེབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས། མི་མཇེད་སྟོངས་པའི་དུས་ཏེ། ཡང་གསུམ་པོ་དེ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུཏྤལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱིས་ཚུལ་དུ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་ | ||

Called Kashmir (kha che),
| Called Kashmir (kha che),

In the city Endowed with Sound (sgra dang ldan pa),
| In the city Endowed with Sound (sgra dang ldan pa),

| Line 1,530: | Line 1,560: | ||
In that way, when the seven occasions of waxing and waning are complete, from the lower turning point of the intermediate eon (bar khug) that follows the ten-year lifespan onward, the three harvests of the teaching do not remain in this realm. From here they descend into the realm Array of Beauty (mdzes ldan bkod pa) in the south, and when, through seven flourishings and declines, their deeds in that realm are complete, that is the time when Sahā is emptied. Then those three leap to the world Vast Protection (yangs pa skyob pa) in the north, and after they have been held by the Buddha Beautiful Utpala Flower (utpal me tog mdzes pa) and seven occasions of waxing and waning have taken place, they leap to the world called Melody of the Crest (gtsug phud dbyangs) in the west, and after they have been held by the Buddha Krakucchanda ('khor ba 'jig, Destroyer of Saṃsāra) and have remained there for seven hundred thousand years in the manner of seven flourishings and declines, that realm and all the realms that exist in the eon of Great Brahmā (tshangs chen gyi bskal pa) arrayed by Vajradhara— | In that way, when the seven occasions of waxing and waning are complete, from the lower turning point of the intermediate eon (bar khug) that follows the ten-year lifespan onward, the three harvests of the teaching do not remain in this realm. From here they descend into the realm Array of Beauty (mdzes ldan bkod pa) in the south, and when, through seven flourishings and declines, their deeds in that realm are complete, that is the time when Sahā is emptied. Then those three leap to the world Vast Protection (yangs pa skyob pa) in the north, and after they have been held by the Buddha Beautiful Utpala Flower (utpal me tog mdzes pa) and seven occasions of waxing and waning have taken place, they leap to the world called Melody of the Crest (gtsug phud dbyangs) in the west, and after they have been held by the Buddha Krakucchanda ('khor ba 'jig, Destroyer of Saṃsāra) and have remained there for seven hundred thousand years in the manner of seven flourishings and declines, that realm and all the realms that exist in the eon of Great Brahmā (tshangs chen gyi bskal pa) arrayed by Vajradhara— | ||

| style="width:50% | | style="width:50%" | [p. 258]གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་སོ། །བསྟན་པའི་བཙས་གསུམ་ནི། རྡོ་རྗེ་འཆང་གིས་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ༌། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། ཀུན་ཏུ་བཟང་པོའི་བྱིན་རླབས་ལས། བསྟན་པའི་བཙས་གསུམ་རང་ཤར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་དེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ༌། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་ | ||

all the beings of these are liberated into the primordial state (gdod ma'i sa), and the eon of Great Brahmā arrayed by Vajradhara, together with its environment and inhabitants, is emptied and, having become a single space, remains so for eighty-five eons. | all the beings of these are liberated into the primordial state (gdod ma'i sa), and the eon of Great Brahmā arrayed by Vajradhara, together with its environment and inhabitants, is emptied and, having become a single space, remains so for eighty-five eons. | ||
| Line 1,551: | Line 1,581: | ||
Who have attained acceptance of unborn phenomena (mi skye'i chos la bzod pa)— | Who have attained acceptance of unborn phenomena (mi skye'i chos la bzod pa)— | ||

| style="width:50% | | style="width:50%" | [p. 259]སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང༌། །སྟོན་པ་དེ་ཉིད་བྱོན་པ་དང༌། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང༌། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་སོ། །དེའང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་དང༌། གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི། འགྲོ་བའི་མོས་པ་དང་སྟོན་པའི་བྱིན་རླབས་ | ||

Only those endowed with virtuous minds appear.
| Only those endowed with virtuous minds appear.

When that very teacher has come
| When that very teacher has come

| Line 1,585: | Line 1,615: | ||
Moreover, of the two, the actual teaching of the Buddha and its reflection (gzugs brnyan): the reflection, through the aspiration of beings and the blessing of the teacher, | Moreover, of the two, the actual teaching of the Buddha and its reflection (gzugs brnyan): the reflection, through the aspiration of beings and the blessing of the teacher, | ||

| style="width:50% | | style="width:50%" | [p. 260]ལས་འགྲོ་དྲུག་གང་ནའང་ཁྱབ་ལ། དངོས་ཀྱི་བསྟན་པ་གསུམ་ལས། ཆོས་་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་སྟོན་པའི་རང་སྣང་དག་པའི་དབྱིངས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། འོད་གསལ་འཐུག་པོ་བཀོད་པ་གཉིས་ན། རྟག་པ་རྒྱུན་གྱི་ཁོར་མོར་ཡོད་ཅིང༌། སྤྲུལ་པ་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ནི། ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་དེ། མཁའ་འགྲོ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། །གསང་ཆེན་ངེས་པ་འདི་ལ་བསྟན་པའི་བཙས་གསུམ་པོ་དངོས་དང་ཕྲད་པ་རྣམས་འབད་པ་མེད་པར་གྲོལ་བ་ལ་ཐེ་ཚོམ་མེད་ཅིང༌། གསུང་གི་སྤྲུལ་པའི་ཡི་གེ་ལས། བསྟན་པ་གང་ལ་སངས་རྒྱས་བྱོན་པའི་སྐུ་མདོག་དང་མཐུན་པས་བྲིས་ཏེ། རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་པ་མཆན་ཁུང་གཡོན་དུ་བཅངས་ནས་དུས་དུས་སུ་ཀློག་པ་དང༌། བཀུར་སྟི་དང་མཆོད་པ་བྱས་ནའང་འབད་པ་མེད་པར་གྲོལ་བ་སྟེ། ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། གདོན་བགེགས་ལོག་པར་འདྲེན་པ་རྣམས་ཀྱིས་གླགས་མི་རྙེད་པ་དང༌། འཆི་ཁའི་ཚེ་ནད་གཅོད་ཀྱི་སྡུག་བསྔལ་མེད་པས་བདེ་བར་ཚེའི་དུས་བྱེད་པ་དང༌། འདིར་ངོ་ | ||

pervades wherever any of the six classes of beings ('gro drug) may be; and of the three actual teachings, the two teachings of the dharmakāya and the sambhogakāya exist as a constant wheel of continuity (rtag pa rgyun gyi 'khor mo) in the two pure basic spaces of the teacher's self-appearance—the palace of the basic space of phenomena and the Dense Array of Luminosity ('od gsal stug po bkod pa)—while as for the teaching of the nirmāṇakāya, the two—the common one, the stages of sūtra and tantra, and the uncommon one, the sacred vehicle of the definitive great secret (gsang chen nges pa'i theg pa dam pa)—exist nowhere other than in the stations of gods and humans of special merit, because the ḍākinīs too dwell in the abodes of gods and humans. In this definitive great secret, there is no doubt that those who actually encounter the three harvests of the teaching are liberated without effort; and as for the letters that are emanations of enlightened speech, if they are written in a color matching the body color of the buddha who came for whichever teaching [they belong to], placed in a jeweled casket, carried under the left armpit, read from time to time, and merely honored and made offerings to, one is liberated without effort. In this life too, one has long life, freedom from illness, and the fulfillment of all one's intentions; evil spirits, obstructers, and misleaders find no opening; at the time of death, since there is no suffering of illness that cuts [life] off, one passes away at ease; and here, if one is among those who have seen the door of introduction (ngo sprod), | pervades wherever any of the six classes of beings ('gro drug) may be; and of the three actual teachings, the two teachings of the dharmakāya and the sambhogakāya exist as a constant wheel of continuity (rtag pa rgyun gyi 'khor mo) in the two pure basic spaces of the teacher's self-appearance—the palace of the basic space of phenomena and the Dense Array of Luminosity ('od gsal stug po bkod pa)—while as for the teaching of the nirmāṇakāya, the two—the common one, the stages of sūtra and tantra, and the uncommon one, the sacred vehicle of the definitive great secret (gsang chen nges pa'i theg pa dam pa)—exist nowhere other than in the stations of gods and humans of special merit, because the ḍākinīs too dwell in the abodes of gods and humans. In this definitive great secret, there is no doubt that those who actually encounter the three harvests of the teaching are liberated without effort; and as for the letters that are emanations of enlightened speech, if they are written in a color matching the body color of the buddha who came for whichever teaching [they belong to], placed in a jeweled casket, carried under the left armpit, read from time to time, and merely honored and made offerings to, one is liberated without effort. In this life too, one has long life, freedom from illness, and the fulfillment of all one's intentions; evil spirits, obstructers, and misleaders find no opening; at the time of death, since there is no suffering of illness that cuts [life] off, one passes away at ease; and here, if one is among those who have seen the door of introduction (ngo sprod), | ||

| style="width:50% | | style="width:50%" | [p. 261]སྤྲོད་ཀྱི་སྒོ་མཐོང་བ་རྣམས་ཡིན་ན་བར་དོ་ཡེ་ཤེས་ཀྱི་སྒྲོན་མེ་ལ་བཙན་ས་ཟིན་པ་དང༌། ཡིད་དཔྱོད་འཛིན་པའི་ཐེག་པ་ཅན་ཡིན་ཡང༌། ཡང་དག་པའི་ཞིང་ཁམས་སུ་སྐྱེ་བ་དང༌། ཕལ་པ་ཡིན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་རྟེན་ལ་གསང་ཆེན་འདི་དང་ཕྲད་དེ་གྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཐལ་འགྱུར་ལས། ཉི་མ་རབ་ཏུ་སྣང་བར་བྱེད། སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབས་པ་འབད་མེད་པར། །གདོན་མི་ཟ་བར་སངས་རྒྱས་འཐོབ། །དེ་ཕྱིར་བྱིན་གྱི་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང༌། །བསྟན་པའི་ཁ་དོག་གིས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་ཡང་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །ཅེས་པ་དང༌། བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང༌། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་དང་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང༌། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་ | ||

one seizes the stronghold of the lamp of primordial wisdom in the bar do; even if one is a follower of a vehicle that holds to intellectual speculation (yid dpyod), one is born in a genuine buddha field; and even if one is an ordinary person, one meets this great secret on the support of a birth in the happy destinies, the higher realms, and is liberated—such immeasurable qualities there are. From the Reverberation of Sound: | one seizes the stronghold of the lamp of primordial wisdom in the bar do; even if one is a follower of a vehicle that holds to intellectual speculation (yid dpyod), one is born in a genuine buddha field; and even if one is an ordinary person, one meets this great secret on the support of a birth in the happy destinies, the higher realms, and is liberated—such immeasurable qualities there are. From the Reverberation of Sound: | ||
| Line 1,619: | Line 1,649: | ||
one will come to hold the transmissions and | one will come to hold the transmissions and | ||

| style="width:50% | | style="width:50%" | [p. 262]མན་ངག་འཛིན་པར་འགྱུར། །འཇིག་རྟེན་མུན་སེལ་ནོར་བུའི་འོད། །སྣང་བར་བྱེད་པའི་སྒྲོན་མེ་འདི། །གང་ལ་སྣང་བར་གྱུར་པ་དེ། །འབྱུང་བ་དག་ནི་རང་དེངས་སུ། །སྐལ་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་གང་གིས་འཛིན་པའི་གང་ཟག་བསྟན་པ་ལ་གསུམ་སྟེ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ། གྲོལ་བ་ཐོབ་པའི་རྣམ་གྲངས་བཤད་པ། རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པའོ། །དང་པོ་ནི། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང༌། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ་དང༌། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོངས་པ་དང༌། ལ་ལ་གནས་པ་དང༌། ལ་ལ་འཇིག་པ་དང༌། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༌། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་ | ||

pith instructions.
| pith instructions.

This lamp that illuminates,
| This lamp that illuminates,

| Line 1,632: | Line 1,662: | ||
First: when the supreme victor of the primordial beginning, Samantabhadra, having attained luminosity, arrayed the buddha field of the supreme Great Brahmā, that very teacher, emanating as Vajradhara and in many other forms bearing other names, arrayed [them]; and of the eons of Great Brahmā arrayed by others who became buddhas through his blessing—countless and beyond expression, throughout the infinite reaches of space—some are empty, some abide, some are being destroyed, and some have formed and abide. Among these, up to and including this Great Brahmā arrayed by Vajradhara, there have been six million four hundred thousand stages of taming beings through eons of the innermost secret heart essence of luminosity, and in between them innumerable other eons occurred; from among these, here those in which the heart essence of luminosity | First: when the supreme victor of the primordial beginning, Samantabhadra, having attained luminosity, arrayed the buddha field of the supreme Great Brahmā, that very teacher, emanating as Vajradhara and in many other forms bearing other names, arrayed [them]; and of the eons of Great Brahmā arrayed by others who became buddhas through his blessing—countless and beyond expression, throughout the infinite reaches of space—some are empty, some abide, some are being destroyed, and some have formed and abide. Among these, up to and including this Great Brahmā arrayed by Vajradhara, there have been six million four hundred thousand stages of taming beings through eons of the innermost secret heart essence of luminosity, and in between them innumerable other eons occurred; from among these, here those in which the heart essence of luminosity | ||

| style="width:50% | | style="width:50%" | [p. 263]སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ཞིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །དེ་ནས་བསྟན་པ་གཉིས་པ་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དང༌། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང༌། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང༌། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང༌། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང༌། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང༌། དེ་ནས་རིམ་པ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་ལ་སྙིང་ཏིག་གསང་བ་འདི་བཟུང་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། །འདི་དག་གི་རིམ་པ་རྒྱས་པར་ནི། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འབྱུང་སྟེ། བསྐལ་པ་རེ། སངས་རྒྱས་ཀྱི་རྣམ་གྲངས་རེ། འཁོར་འདུས་པའི་གྲོལ་ཚུལ་རེ་དང་རྣམས་ཀྱི་དང་པོ། ཡེ་ཐོག་དང་པོའི་སངས་རྒྱས་ནས། ཐ་མ་བསྐལ་པ་རྩོད་དང་ལྡན་པའི་བར་དུ་དངོས་སུ་བསྟན་པ་དྲུག་ཅུ་རྩ་དྲུག་བརྗོད་མི་ལང་གི་ཁོངས་ནས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ཐམས་ཅད་པ་བསྟན་པ་ནི། ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་ | ||

occurred are explained. Moreover, [tracing] from the earliest time until one reaches the stage of this field: first there arose the teaching of the primordial beginning, and through the secret Heart Essence immeasurable beings were brought to maturity. Then, in the second teaching, there was the Victor Crown Protector of the World (spyi phud 'jig rten mgon gyi rgyal ba); | occurred are explained. Moreover, [tracing] from the earliest time until one reaches the stage of this field: first there arose the teaching of the primordial beginning, and through the secret Heart Essence immeasurable beings were brought to maturity. Then, in the second teaching, there was the Victor Crown Protector of the World (spyi phud 'jig rten mgon gyi rgyal ba); | ||
| Line 1,641: | Line 1,671: | ||
first, the Manifestly | first, the Manifestly | ||

| style="width:50% | | style="width:50%" | [p. 264]འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༌། །འདི་དུས་ཁྲག་ཁྲིག་བདུན་ཅུ་ཡིས། །ཕྱག་རྒྱ་འདི་ནི་དམ་པའོ། །ཞེས་པ་ནས། །དྲན་པ་ཟད་པའི་ཡེ་ཤེས་མགོན། །སྙིང་པོ་རང་ཚིག་གསང་བར་གོ །བསྐལ་པ་རྩོད་དང་ལྡན་པ་ལ། །བཅུ་ཕྲག་དགུ་ཡི་གདུང་འཛིན་པས། །ངེས་པའི་ཕྱག་རྒྱ་དམ་པར་བཟུང༌། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རང་བྱུང་ཆེན་པོའི་ཡི་གེར་ནི། །གནས་པའི་ཀ་དག་ཆེན་པོ་ཡི། །བབས་ལས་འདི་ཀུན་རང་བྱུང་ཤར། །བྱིན་རླབས་རིམ་པ་འདི་ཀུན་ཡང༌། །ཐོག་མ་བབས་ལས་རང་བསྟན་ནོ། །ཞེས་པའི་བར་རོ། །བརྗོད་ཀྱིས་མི་ལང་བ་ནི་བསྐལ་པ་གཞན་དང༌། བར་གྱི་བསྐལ་པའི་སངས་རྒྱས་རྣམས་ཀྱི་རིམ་པ་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང༌། །དམ་པ་སྟོང་གི་དཀྱིལ་འཁོར་འདུས། །དེ་ནས་བསྟན་པ་གཉིས་པ་ལ། །སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། །དམ་པ་སྟོང་གིས་འདི་ཕྱག་མཛད། །བསྟན་པ་དག་ནི་གསུམ་པ་ལ། །ཚངས་པ་སྟོང་གི་ཡེ་སྲིད་མགོན། །སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། །དེ་ནས་བསྟན་པ་ | ||

Exalted Protector of Recollection (mngon 'phags dran pa mgon).
| Exalted Protector of Recollection (mngon 'phags dran pa mgon).

The mudrā (phyag rgya), the wheel of self-recollection,
| The mudrā (phyag rgya), the wheel of self-recollection,

| Line 1,677: | Line 1,707: | ||
Then, in the teaching | Then, in the teaching | ||

| style="width:50% | | style="width:50%" | [p. 265]བཞི་པ་ལ། །ཉི་མ་སྟོང་གི་རྒྱལ་བ་དང༌། །སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། །བསྟན་པ་ཉིད་ནི་ལྔ་པ་ལ། །འཇིག་རྟེན་ར་བ་མགོན་ཞེས་པའི། །དམ་པ་སྟོང་གི་ཐུགས་ལ་སྦས། །བསྟན་པ་དག་ནི་དྲུག་པ་ལ། །འོད་ཟེར་སྟོང་གི་མུ་ཁྱུད་མགོན། །རིགས་ཅན་སྟོང་གིས་འདི་ཉིད་སྦས། །དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། །བདེ་ཆེན་སྟོང་གིས་སྤྱི་བོར་བཟུང༌། །དེ་ལྟ་དེ་ལྟར་བསྟན་པ་ནི། །འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། །སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། །གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། །ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུད་དྲིལ་པའོ། །ཞེས་སོ། །དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། །ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད་པ། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ | ||

that is fourth,
| that is fourth,

the Victor of a Thousand Suns
| the Victor of a Thousand Suns

| Line 1,703: | Line 1,733: | ||
within them, having arrayed six million four hundred thousand great emanations of the primordial protector himself, he emanated nineteen million buddhas before those to be tamed and accomplished their benefit. This is shown as deeds performed in the space of the domain of the single glorious knot at the heart, the thirteenth [tier] above the central anther of the lotus in the palm of a single Vairocana, in the Array of Great Brahmā that lies within the domain of the supreme victor Samantabhadra. As for the display of deeds in the fields that lie within the domains of all his kāyas | within them, having arrayed six million four hundred thousand great emanations of the primordial protector himself, he emanated nineteen million buddhas before those to be tamed and accomplished their benefit. This is shown as deeds performed in the space of the domain of the single glorious knot at the heart, the thirteenth [tier] above the central anther of the lotus in the palm of a single Vairocana, in the Array of Great Brahmā that lies within the domain of the supreme victor Samantabhadra. As for the display of deeds in the fields that lie within the domains of all his kāyas | ||

| style="width:50% | | style="width:50%" | [p. 266]ཐམས་ཅད་ཀྱི་གོ་དང༌། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་ནི་བསམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་མཛད་པ་དང༌། ཡོན་ཏན་དང་ཕྲིན་ལས་དང༌། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བས། ས་བཅུ་པའི་སེམས་དཔས་ཀྱང་དཔག་པར་མི་ནུས་ན། ཚུ་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཅེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གྲོལ་བ་ཐོབ་པའི་རྣམ་གྲངས་བསྟན་པ་ནི། འཛམ་བུའི་གླིང་འདིར་གསང་ཆེན་ངེས་པའི་བསྟན་པ་འདིས། མི་མ་ཡིན་པ་མཁའ་འགྲོ་འབུམ་ཕྲག་བརྗོད་དུ་མེད་པ་གྲོལ་ཡང༌། སྐབས་འདིར་མི་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་བུ་མོའི་རྣམ་གྲངས་ཀྱིས་ཚེ་འདི་དང་བར་དོར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ | ||

and within the domains of the other five families, that is beyond thought. Since it is said that the deeds of the buddhas, their qualities and enlightened activity, and their enlightened body, speech, and mind are equal to space, if even a bodhisattva on the tenth level cannot fathom them, how could an intellect that sees only this side fathom them? As the Uttaratantra says: | and within the domains of the other five families, that is beyond thought. Since it is said that the deeds of the buddhas, their qualities and enlightened activity, and their enlightened body, speech, and mind are equal to space, if even a bodhisattva on the tenth level cannot fathom them, how could an intellect that sees only this side fathom them? As the Uttaratantra says: | ||
| Line 1,726: | Line 1,756: | ||
Listen, glorious bhikṣu endowed with the family: | Listen, glorious bhikṣu endowed with the family: | ||

| style="width:50% | | style="width:50%" | [p. 267]ལྡན་དགེ་སློང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུ་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་རང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་ཏེ། ཚེ་འདིར་འབྱུང་བ་རང་དག་གི་གྲངས་བསྟན་པའོ། །གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། །རིག་པ་མངོན་སུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ | ||

When I no longer remain here,
| When I no longer remain here,

in the time when the lifespan is sixty years and above,
| in the time when the lifespan is sixty years and above,

| Line 1,757: | Line 1,787: | ||
This teaches the number of those whose elements are naturally pure in this life. Wherever buddhahood is attained, all of them become buddhas by way of this great secret; for they become buddhas by beholding the nature of phenomena of directly perceived awareness, | This teaches the number of those whose elements are naturally pure in this life. Wherever buddhahood is attained, all of them become buddhas by way of this great secret; for they become buddhas by beholding the nature of phenomena of directly perceived awareness, | ||

| style="width:50% | | style="width:50%" | [p. 268]ཀྱི། དེ་ལས་གཞན་གྱིས་མ་རྒྱས་པའི་ཕྱིར་རོ། །དེའང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོད་ཕྲད་ནས། །རིང་པོ་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ཅིང་སྔོན་ལེགས་པར་སྤྱད་ངེས་པས་ཁྱབ་བོ། །མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ | ||

and they do not awaken through anything other than that. Moreover, that one finally meets with this teaching through the power of accumulations gathered over many past eons and awakens without long delay is what is called "the heart of the fruition"; therefore all who meet with this teaching swiftly attain buddhahood, because they have met with the heart of the fruition. | and they do not awaken through anything other than that. Moreover, that one finally meets with this teaching through the power of accumulations gathered over many past eons and awakens without long delay is what is called "the heart of the fruition"; therefore all who meet with this teaching swiftly attain buddhahood, because they have met with the heart of the fruition. | ||
| Line 1,767: | Line 1,797: | ||
and is protected by spiritual friends | and is protected by spiritual friends | ||

| style="width:50% | | style="width:50%" | [p. 269]ཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བར་དོར་གྲོལ་བའི་རྣམ་གྲངས་ནི། །ཡང་སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱེའུ་བུ་མོ། ཇི་ལྟར་གྱུར་པའི་གཟུགས་སུ་འདུག་ཀྱང་སླའི་འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་འཛིན་ངེས་པའི་ལུང་བསྟན་བརྗོད་པ་ནི། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤ་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་སྐྱེས་ཤྲཱི་ | ||

is a vessel for hearing this. | is a vessel for hearing this. | ||
| Line 1,801: | Line 1,831: | ||
in the land called Sośa (so sha gling), Śrī- | in the land called Sośa (so sha gling), Śrī- | ||

| style="width:50% | | style="width:50%" | [p. 270]སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲ་ས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སིངྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་སྲ་བས་འཛིན། །དེ་འོག་རྒྱལ་བོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་སའོ། །ཞེས་སོ། །དེ་ལྟར་བདག་ཅག་གི་བླ་མ་དམ་པ་དགེ་སློང་དཔལ་དང་ལྡན་པ། འགྲོ་བའི་མགོན་པོ་ཀུ་མཱ་རཱ་ཛ་ཡན་ཆད་སྤྲུལ་པ་འབྱུང་བར་ལུང་བསྟན་པའི་རིམ་པ་སྟེ། ཁྱད་པར་དུ་ལོ་བརྒྱ་བརྒྱ་ན། །བོད་འདིར་བི་མ་ལའི་སྤྲུལ་པ་རེས་སྙིང་པོ་འདིའི་གནས་ངེས་པ་རྣམས་གསལ་བར་བྱེད་ཅེས་ལོ་ | ||

siṃha—by one so called it will be upheld.
| siṃha—by one so called it will be upheld.

The one who upholds it after him, of the caṇḍāla family (gdol pa'i rigs),
| The one who upholds it after him, of the caṇḍāla family (gdol pa'i rigs),

| Line 1,831: | Line 1,861: | ||
So it says. Such is the sequence in which the emergence of emanations is prophesied, down to our own holy guru, the monk Endowed with Glory, the protector of beings, Kumārāja. In particular, the one set forth in the Great | So it says. Such is the sequence in which the emergence of emanations is prophesied, down to our own holy guru, the monk Endowed with Glory, the protector of beings, Kumārāja. In particular, the one set forth in the Great | ||

| style="width:50% | | style="width:50%" | [p. 271]རྒྱུས་ཆེན་མོར་རྣམ་པར་བཞག་པ་དེ། དམ་པ་འདི་ཡིན་ཏེ་སྨེ་བ་ཨའི་མཚན་མ་ཅན་ཤངས་ཀྱི་རྩེར་ལྡན་པ་དང༌། མན་ངག་གི་གནད་ངེས་པ་གཞན་ལས་འཕགས་པ་དང༌། མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་དང༌། དཀའ་བའི་གནས་ངེས་པ་གསལ་བར་སྟོན་པ་དང༌། མྱ་ངན་ལས་འདས་པའི་ཚེ་ཡང་ཕུལ་དུ་བྱུང་བའི་རྟགས་ངེས་པས་འཇིག་རྟེན་བཀང་བའི་ཕྱིར་རོ། །འདི་དང་སུ་འཕྲད་པ་རྣམས་འཁོར་བའི་གྲོང་ལས་འབད་པ་མེད་པར་ཐར་བའི་ཕྱིར་འཛམ་བུ་གླིང་གི་རྒྱན་དུ་ཤར་བ་ཡིན་ནོ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མར་དེང་ཤར་ཏེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་ཡང༌། །འགྲོ་ཕན་གཟིགས་ནས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཀའི་ཟླ་བ་དང་པོར་ཞི་བ་ཡི། །ནགས་ཁྲོད་དམ་པར་སྐུ་ཚེ་བཏང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེ་རྨད་བྱུང་གང༌། །གཞན་ལས་ཕུལ་དུ་བྱུང་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་འདི་ནགས་ཚལ་བཅས་པ་གཡོས། །འོད་ལྔའི་ | ||

History (lo rgyus chen mo) with the words "Every hundred years, here in Tibet, an emanation of Vimala will in turn make clear the definitive points of this heart essence" is this holy one. For he bears at the tip of his nose a mole with the mark of the letter A; the definitive key points of his pith instructions surpass those of others; he prophesies the future by superknowledge (mngon par shes pa); he clearly teaches the definitive difficult points; and at the time of his passing into nirvāṇa, too, he filled the world with definitive, extraordinary signs. Since all who met him are liberated without effort from the city of saṃsāra, he arose as the ornament of Jambudvīpa. | History (lo rgyus chen mo) with the words "Every hundred years, here in Tibet, an emanation of Vimala will in turn make clear the definitive points of this heart essence" is this holy one. For he bears at the tip of his nose a mole with the mark of the letter A; the definitive key points of his pith instructions surpass those of others; he prophesies the future by superknowledge (mngon par shes pa); he clearly teaches the definitive difficult points; and at the time of his passing into nirvāṇa, too, he filled the world with definitive, extraordinary signs. Since all who met him are liberated without effort from the city of saṃsāra, he arose as the ornament of Jambudvīpa. | ||
| Line 1,854: | Line 1,884: | ||
by the five lights' | by the five lights' | ||

| style="width:50% | | style="width:50%" | [p. 272]སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །རོལ་མོའི་སིལ་སྙན་འཁྲོལ་ལ་གུས་ཕྱག་འཚལ། །སྐུ་གདུང་བཞུ་བས་འོད་ཟེར་འབར་བའི་མཁའ། །མཁའ་འགྲོའི་མཆོད་སྤྲིན་རོལ་མོས་བརྒྱན་གྱུར་ཅིང༌། །འགྲོ་ཀུན་མི་རྟོག་བསམ་གཏན་ཐོབ་གྱུར་པ། །མཐའ་ཡས་རྣམ་འཕྲུལ་སྟོན་ལ་གུས་ཕྱག་འཚལ། །གྲུབ་པ་རིག་སྔགས་འཆང་དང་མཁའ་འགྲོའི་ཚོགས། །དཔག་མེད་མཆོད་སྤྲིན་བཀོད་པས་ཡོངས་བསྐོར་ཏེ། །རིགས་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པ། །མཁའ་སྤྱོད་དངོས་གྲུབ་བརྙེས་ལ་གུས་ཕྱག་འཚལ། །ཕྱི་རབས་འགྲོ་བར་བསོད་ནམས་ཞིང་རབ་ཏུ། །སྐུ་གདུང་བཞག་སྟེ་གདུང་ལྔ་བྱོན་གྱུར་ཅིང༌། །དབུ་ལས་རིགས་ལྔའི་ཞིང་ཁམས་འཇའ་ཚོན་བཞིན། །འོད་ལྔས་བརྒྱན་གྱུར་བྱོན་ལ་གུས་ཕྱག་འཚལ། །སྐུ་གདུང་སིལ་བུ་གང་དུ་སྤྱན་དྲངས་ཤིང༌། །མཆོད་རྟེན་བཞེངས་དང་སྦྱིན་པ་མཛད་པ་ནའང༌། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །འགྲོ་བའི་ཡིད་རབ་གཡོས་ལ་གུས་ཕྱག་འཚལ། །བི་མ་མི་ཏྲ་མགོན་པོ་ཐུགས་རྗེ་ཅན། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །བོད་ཡུལ་རྒྱན་གྱུར་སྤྲུལ་པར་གཤེགས་གྱུར་ཏེ། །ཀུ་མཱ་རཱ་ཛར་སྟོན་ལ་གུས་ཕྱག་འཚལ། །ཅེས་བྱ་བ་ནི་ཁོ་བོ་ཅག་གི་བླ་མ་དམ་པ་རིགས་འཛིན་གྱི་སྤྲུལ་པར་ | ||

appearance the sky was filled,
| appearance the sky was filled,

and the cymbals of music rang out—to you I bow with devotion. | and the cymbals of music rang out—to you I bow with devotion. | ||
| Line 1,886: | Line 1,916: | ||
These words clearly express the very prophecy of our own holy guru as the emanation of the vidyādhara. | These words clearly express the very prophecy of our own holy guru as the emanation of the vidyādhara. | ||

| style="width:50% | | style="width:50%" | [p. 273]ལུང་བསྟན་པ་ཉིད་གསལ་བར་བརྗོད་པ་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་དུ་རིགས་འཛིན་རྒྱལ་བའི་ཚོགས་ཀྱིས་བསྟན་པ་དམ་པ་བཟུང་བས་དར་བའི་རབས་བདུན་འདས་ཏེ། །ཚེ་ལོ་བཅུ་པ་ཐལ་ནས། སྔར་བསྟན་པ་བཞིན་མཛེས་ལྡན་བཀོད་པ་ལ་སོགས་པའི་ཞིང་དུ་བསྟན་པའི་བཙས་འཕར་ཞིང་སེམས་ཅན་ཐམས་ཅད་སྨིན་པའི་དོན་མཛད་དོ། །བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེ་བ་སོང་བ་ན། བསྐལ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་ཏེ་བསྟན་པའི་བཙས་གསུམ་ཡང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོང་སྤྲུགས་ཏེ། འདི་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོའི་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། བསྟན་པ་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་ | ||

Thus, in Jambudvīpa, when the seven generations in which the holy teaching flourishes, upheld by the hosts of vidyādhara victors, have passed, and the time when the lifespan is ten years has gone by, then, as taught before, the legacies of the teaching pass on to fields such as the Array of Beauty and there accomplish the purpose of maturing all sentient beings. When this Fortunate Eon has been emptied and ten million formations and destructions of eons have gone by, in the eon called Emptying Saṃsāra from Its Depths ('khor ba dong sprugs), the buddha Garland of Lightning Wheels ('khor lo glog gi phreng ba) fully upholds this holy teaching and liberates sentient beings from saṃsāra; all the beings of the eon of Great Brahmā arrayed by Vajradhara are liberated into the primordial level, the three legacies of the teaching too dissolve into the basic space of the nature of phenomena, saṃsāra is emptied from its depths, and from then on, for twenty thousand great eons, no embodied beings appear at all. Then, once again as before, when latent tendencies (bag la nyal) arise and the environment and inhabitants of beings appear, the teacher who tames them also arises through the power of the original Samantabhadra. As it is said in the Great Tantra of the Reverberation of Sound: | Thus, in Jambudvīpa, when the seven generations in which the holy teaching flourishes, upheld by the hosts of vidyādhara victors, have passed, and the time when the lifespan is ten years has gone by, then, as taught before, the legacies of the teaching pass on to fields such as the Array of Beauty and there accomplish the purpose of maturing all sentient beings. When this Fortunate Eon has been emptied and ten million formations and destructions of eons have gone by, in the eon called Emptying Saṃsāra from Its Depths ('khor ba dong sprugs), the buddha Garland of Lightning Wheels ('khor lo glog gi phreng ba) fully upholds this holy teaching and liberates sentient beings from saṃsāra; all the beings of the eon of Great Brahmā arrayed by Vajradhara are liberated into the primordial level, the three legacies of the teaching too dissolve into the basic space of the nature of phenomena, saṃsāra is emptied from its depths, and from then on, for twenty thousand great eons, no embodied beings appear at all. Then, once again as before, when latent tendencies (bag la nyal) arise and the environment and inhabitants of beings appear, the teacher who tames them also arises through the power of the original Samantabhadra. As it is said in the Great Tantra of the Reverberation of Sound: | ||
| Line 1,894: | Line 1,924: | ||
and the seventh buddha field | and the seventh buddha field | ||

| style="width:50% | | style="width:50%" | [p. 274]པ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང༌། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང༌། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང༌། །སྟོན་པ་དེ་ཡི་འཁོར་དུ་ཡང༌། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང༌། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་འདས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་ | ||

has been definitively traversed,
| has been definitively traversed,

and when those seven have thus gone by,
| and when those seven have thus gone by,

| Line 1,930: | Line 1,960: | ||
he definitively propels them, and the teaching | he definitively propels them, and the teaching | ||

| style="width:50% | | style="width:50%" | [p. 275]རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་འཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ༌། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང༌། །བག་ལ་ཉལ་བ་ལངས་པའི་དབང༌། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་བླ་མ་ཁ་ཅིག་ནི། །ཀུན་ཏུ་བཟང་པོའི་གོ་ན་ཡོད་དོ་ཅོག་གི་སེམས་ཅན་རྣམས་དོང་སྤྲུགས་པ་ཡིན་པར་བཞེད་ལ། ཁ་ཅིག་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། བསྟན་པའི་ཐ་མ་ | ||

is completed.
| is completed.

Once more he displays the manner of passing into nirvāṇa.
| Once more he displays the manner of passing into nirvāṇa.

| Line 1,960: | Line 1,990: | ||
So it says. On this, some gurus hold that all sentient beings whatsoever within the range of Samantabhadra are emptied from the depths, while some hold that the intent is the liberation of all sentient beings whatsoever of the Great Brahmā arrayed by Vajradhara, for, since it says "the final phase of the teaching | So it says. On this, some gurus hold that all sentient beings whatsoever within the range of Samantabhadra are emptied from the depths, while some hold that the intent is the liberation of all sentient beings whatsoever of the Great Brahmā arrayed by Vajradhara, for, since it says "the final phase of the teaching | ||

| style="width:50% | | style="width:50%" | [p. 276]བསམ་མི་ཁྱབ། །ཅེས་པས་ཀུན་ཏུ་བཟང་པོའི་གོ་ན་ད་དུང་ཚད་མེད་ཅེས་བཞེད་དོ། །གང་ལྟར་ཡང་འགལ་བ་མེད་དེ། ཀུན་ཏུ་བཟང་པོའི་ཐུགས་རྗེས་ཐམས་ཅད་གྲོལ་བ་ཡང་ཡིན་ལ། དབྱིངས་ནས་འབྱུང་རུང་ད་དུང་བག་ལ་ཉལ་ཚད་མེད་པ་གཉིས་མི་འགལ་བའི་ཕྱིར། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ནའང་མཆོག་ཏུ་ལེགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ་སྟེ་རིམ་ཁང་ལྔ་པའོ། ། | ||

is inconceivable," they hold that within the range of Samantabhadra there are still measureless beings. In any case there is no contradiction, for the two—that all are liberated through the compassion of Samantabhadra, and that there are still measureless latent tendencies fit to emerge from basic space—are not contradictory. Even if one identifies liberation as the most vast, that is supremely good. | is inconceivable," they hold that within the range of Samantabhadra there are still measureless beings. In any case there is no contradiction, for the two—that all are liberated through the compassion of Samantabhadra, and that there are still measureless latent tendencies fit to emerge from basic space—are not contradictory. Even if one identifies liberation as the most vast, that is supremely good. | ||
Revision as of 22:28, 21 November 2026
Theg pa'i mchog rin po che'i mdzod, chapter 5: gsang chen nges pa'i don las dka' ba'i gnas bstan pa · གསང་ཆེན་ངེས་པའི་དོན་ལས་དཀའ་བའི་གནས་བསྟན་པ
Pages 246–276 of volume 1 of the corrected base text (part 3 of 3 of Ch. 05).
Not in this part's tabs (the edition does not contain it): Serthang Larung.