LONGCHENPA-PECIN-26-LA-001: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-26-LA-001
Jump to navigation Jump to search
Longchenpa Project: generated page (21 November 2026)
 
Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026)
 
Line 26: Line 26:
}}
}}
= Tibetan Text =
= Tibetan Text =
<div class="TibUni18" lang="bo" style="line-height:2.1;">
<div class="TibetanMachineUni16 lcp-etext" lang="bo">
༄༅། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་གཅོད་ཀྱི་ ཞལ་གདམས་བཞུགས་སོ། །

« ཆོས་དབྱིངས་རྣམ་དག་སྤྲོས་བྲལ་མི་དམིགས་ནམ་མཁའ་ལ། །སྨོན་ལམ་བྱམས་བརྩེ་ཚད་མེད་གཟུགས་སྐུའི་ཉི་མ་བརྒྱའི། །དྲི་མེད་ཕན་བདེའི་འོད་ཀྱིས་འགྲོ་རྣམས་ལམ་བསྟན་པའི། །རྒྱལ་བ་རྒྱལ་སྲས་ཆོས་རྒྱས་བླ་མའི་ཞབས་ལ་འདུད། །བདུད་དང་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཆོས་ཉིད་རྟོགས་པས་ལམ་དུ་འཁྱེར་བྱས་ནས། །དེ་ཡི་དོན་ཆེན་དངོས་གྲུབ་ཐོབ་བྱེད་པའི། ། ལམ་མཆོག་མཐར་ཕྱིན་གཅོད་ཀྱི་ཞལ་གདམས་བྲི། ། གཅོད་ཀྱི་གདམས་པ་འདི་ལ་དོན་གསུམ། །སྤྱི་ཁྲིད་ཉམས་ཁྲིད་ཞལ་གདམས་གསུམ་དུ་ཡོད་པ་ལས། སྤྱི་ཁྲིད་སྔོན་དུ་སོང་བས་ཉམས་ཁྲིད་རྐྱང་པ་བྱ། ཉམས་ཁྲིད་བསྐྱངས་པའི་ཞལ་གདམས་སྒོ་འབྱེད་རྣམས་བསྟན་པར་བྱའོ། །ཐོག་མར་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་དང༌། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། རྨི་ལམ་ཉི་ཟླ་སྒོ་འབྱེད། འཕོ་བ་ཐར་པའི་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་འཕྲིན་ལས་སྒོ་འབྱེད། སྒྲུབ་ཐབས་ཁྱད་འཕགས་སྒོ་འབྱེད་དང་བཅུའོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ནི། ཏིང་ངེ་འཛིན་གྱི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པར་བྱེད་དེ། དེ་ལ་མཚན་ཉིད་དང་ལྡན་པའི་བླ་མས། སྣོད་དང་ལྡན་པའི་སློབ་མ་རྗེས་སུ་གཟུང་བར་འདོད་པས། དབེན་པའི་གནས་སུ་ཕྱག་དར་བྱས། བླ་བྲེ་དང་ལོགས་ཡོལ་བྲེས་ལ། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། རས་གཙང་མའི་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་པ་རྣམ་པ་ལྔ་བཤམས། གཏོར་མ་ཆེ་བ་གཅིག །འབྲིང་པོ་བཞི་དང་ལྔ་བཤམས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་བཤམས་ལ། དབང་ཞུ་བ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་དྲུང་དུ་གུ་གུལ་གྱི་དུད་པས་བདུག །ཐུན་བརྡེག །བགེགས་བསྐྲད་ལ་ནང་དུ་བཏང་ངོ༌། །དེ་ནས་མཆོད་པ་རྣམ་ལྔ་དབྱངས་སུ་ཕུལ་ལོ། །བླ་མས་འདི་སྐད་བརྗོད་དེ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། དུས་ད་རེས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་དང་མཇལ། རྟེན་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང༌། རྒྱུད་ལ་དད་པ་བརྟན་པོ་ཡོད། ཡུལ་བླ་མ་མཚན་ལྡན་དང་མཇལ། ཆོས་ཐེག་པ་ཆེན་པོ་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བདུད་ཀྱི་གཅོད་ཡུལ་ལྟ་བུ་ཉམས་སུ་བླང་དུ་ཡོད་པ་འདི་འོ་སྐོལ་རྣམས་བསོད་ནམས་བསགས་པ་ཡིན་ནོ། ། དེ་ལྟ་བུའི་གཅོད་འདི་ཉམས་སུ་ལེན་པར་བྱེད་པ་ལ། སྤྱིར་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། ནང་གསང་སྔགས་དོན་གྱི་ལྟ་བ་ཡང་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་ཡང་ཡིན་པས། འདིའི་ངོ་སྤྲོད་འབོགས་པའི་སྔོན་དུ་སྐྱབས་འགྲོ་དང་རྒྱུད་སྨིན་པར་བྱེད་ཅིང༌། ཟབ་མོ་ཉན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་དགོས་པས། སྔར་ཐོབ་ནའང་ཤིན་ཏུ་ལེགས། སྔར་མ་ཐོབ་ནའང་འདིར་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ལ་ཆོ་གའི་སྦྱོར་བ། དངོས་གཞི། རྗེས་རྣམ་པ་གསུམ་དུ་ཡོད་པ་ལ་སྦྱོར་བ་ལ། སྔོན་དུ་སྐྱབས་འགྲོའི་སྡོམ་པ་དང་སེམས་བསྐྱེད་འབོགས་པ། ཕྱིར་བླ་མ་ལ་ཕྱག་འཚལ་མེ་ཏོག་གཏོར་ལ་རྗེས་ཟློས་བྱའོ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ། །བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར། །དཀོན་མཆོག་གསུམ་གྱིས་རྗེས་སུ་གཟུང་དུ་གསོལ། །ཞེས་ལན་གསུམ་བྱ་བ་ནི་སྐྱབས་འགྲོའི་ཆོ་གའོ། །སྡོམ་པ་འབོགས་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་སོ་སོ་ཐར་པའི་རིགས་བདུན་ལས་གང་ཡང་རུང་བ་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སྔར་བརྟེན་ནམ། ད་གཟོད་བརྟེན་པར་སྤྲོའམ་བྱས་ཏེ། སྤྲོ་ལགས་ཞེས་བྱའོ། །དེ་ནས་སྡོམ་པ་གསུམ་གྱི་ཆོ་ག་བླང་བ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །འཁོར་བའི་སྡུག་བསྔལ་བསྒྲལ་བྱའི་ཕྱིར། །མི་དགེ་སྤོང་བའི་ཚུལ་ཁྲིམས་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བཟུང་བར་བགྱི། །དེང་ནས་བརྩམས་ཏེ་མི་བཏང་ཞིང༌། །ནུས་པའི་ཚུལ་གྱིས་གཟུང་བར་བགྱི། །ཞེས་ལན་གསུམ་བྱའོ། །དེ་ནས་དབང་ཞུ་བའི་ཕྱིར་གསོལ་བ་བཏབ་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོར་བྱིང་པ་ལ། །མགོན་པོ་ཁྱེད་ནི་དཔལ་དུ་བྱོན།། དེ་རིང་བཀའ་དྲིན་གནང་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་བོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བྱ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། སློབ་མ་རྣམས་རྗེས་སུ་གཟུང་བའི་ཕྱིར། བདུད་ཀྱི་གཅོད་ཡུལ་ངོ་སྤྲོད་འདེབས་པའི་སྔོན་དུ། སྣོད་དུ་རུང་བར་བྱེད་པ་དང་དབང་བསྐུར་བའི་སྐབས་ཡིན་པས། དེ་ལ་གསུམ། དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། ཇི་ལྟར་བསྐུར་ཚུལ་དང་གསུམ་ལས། དང་པོ་ཐོབ་པའི་ཕན་ཡོན་ནི། གནས་སྐབས་སུ་གདམས་ངག་ཟབ་མོ་ཉན་པའི་སྣོད་དུ་རུང་བ། ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་འདེབས་སུ་བཏུབ་པ། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་འཕྲིན་ལས་བཞིའི་ངོ་བོར་སངས་རྒྱ་བ་ཡིན་ཏེ། དཔལ་དེ་ཉིད་འདུས་པ་ལས། ཡོངས་སུ་རྫོགས་པའི་དབང་ཐོབ་ན། །སངས་རྒྱས་གོ་འཕང་རྒྱང་མི་རིང༌། །ལག་ན་རིན་ཆེན་ཐོགས་པའི་མི།། ལོངས་སྤྱོད་རྒྱང་མི་རིང་བ་བཞིན། །ཞེས་སོ། །དབང་མ་ཐོབ་པའི་ཉེས་དམིགས་ནི། སྣོད་དུ་མི་རུང་བས་གདམས་པ་ཉན་པར་མི་དབང༌། སྐལ་བ་མེད་པས་ངོ་སྤྲོད་གདབ་ཏུ་མི་བཏུབ། རྗེས་གནང་མེད་པས་ཉམས་སུ་བླང་མི་རུང་བའོ། ། དུས་འཁོར་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེས་ན་དབང་བསྐུར་དམ་པ་ཡིན། །རབ་ཏུ་འབད་དེ་བླང་བར་བྱ། །ཞེས་སོ། ། ཇི་ལྟར་བསྐུར་ཚུལ་ལ་གཉིས། སྣོད་དུ་རུང་བའི་བུམ་དབང་བདུན་བསྐུར་བ་དང༌། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་གསུམ་བསྐུར་བའོ། །དང་པོ་ནི། མཎྜལ་གྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་ཞིག་བསམ། དབུས་ཀྱི་ལྟེ་བ་ལ་མ་ཅིག་ལབ་སྒྲོན་ངོ་བོ་བླ་མ་ལ། རྣམ་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ཁ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་དྲུག་གསོལ་བ། མི་མགོའི་དོ་ཤལ། ཐོད་པའི་དབུ་རྒྱན་མཛད་པ། ཕྱག་གཡས་ན་གྲི་གུག །གཡོན་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། མཆན་ཁུང་གཡོན་པ་ན་ཁ་ཊྭཱྃ་ག་བསྣམས་པ། གདན་མི་རོའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། སྙན་ཆ་རུས་པའི་ཝར་མིག་བཅུག་པ། ཞབས་གཡོན་བརྐྱང་བ་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ་ཞིག་ཏུ་བསྒོམ། དེའི་ཤར་ཕྱོགས་ཀྱི་འདབ་མ་ལ་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཙོ་མོ་དང་མཚུངས་པ། ལྷོའི་འདབ་མ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར་མོ། ནུབ་ཀྱི་འདབ་མ་ལ་པདྨ་རིགས་ཀྱི་མཁའ་འགྲོ་དམར་མོ། བྱང་གི་འདབ་མ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལྗང་གུ། དེ་ཐམས་ཅད་རྒྱན་དང་ཕྱག་མཚན་ཆ་ལུགས་བཞུགས་སྟངས་གཙོ་མོ་ལྟར་བསྐྱེད། དེ་ནས་གཙོ་མོའི་བུམ་པ་བདུད་རྩིས་གང་བ་ཕྱག་ཏུ་བསྣམས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ཞལ་ནས་ཚིག་འདི་སྐད་གསུང་པར་སྒོམས་ཤིག ། རྡོ་རྗེ་མཁའ་འགྲོའི་ཆུ་ཡི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་སྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱེད་གྱུར་ཅིག །ཨོཾ་བཛྲ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱི་གཙོ་མོས་བརྗོད་པར་བསྒོམས་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ། ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་བདུད་རྩིའི་ཆར་འབེབས། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་གླུ་དབྱངས་ལེན། འདོད་ཡོན་གྱི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་སྒོམས་ཤིག་བྱས་ལ། རོལ་མོའི་སྒྲ་དྲག་ལ་ཐུང་བ་འུར་ཙེར་སྒྲོག །དེ་རྣམས་དབང་ལྔ་ཆར་ལ་བྱའོ། །དེས་རྡོ་རྗེ་མཁའ་འགྲོ་ཆུའི་དབང་སྐུར་བས། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་སུ་གནས་གྱུར་ཏོ། །ཉོན་མོངས་པ་ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག །འབྱུང་བ་ཆུའི་ལྷ་མོ་མ་མ་ཀིའི་ངོ་བོར་དག་པའོ། །དེ་ནས་ལྷོའི་འདབ་མའི་སྟེང་ན་བཞུགས་པའི་རིན་ཆེན་མཁའ་འགྲོས། རིགས་ལྔའི་དབུ་རྒྱན་ཁྱེད་རང་རྣམས་ཀྱི་དབུ་ལ་བཀོན་པར་བསྒོམས་ལ། ཚིག་འདི་སྐད་གསུང་པར་སྒོམས་ཤིག །རིན་ཆེན་མཁའ་འགྲོས་དབུ་རྒྱན་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱིས་རིན་ཆེན་མཁའ་འགྲོས་བརྗོད་པར་སྒོམས། སྟེང་གི་ནམ་མཁའ་མན་སྔར་དང་འདྲ། དེ་ལྟར་རིན་ཆེན་མཁའ་འགྲོས་དབུ་རྒྱན་གྱི་དབང་བསྐུར་བས། ཚོར་བའི་ཕུང་པོ་རིན་ཆེན་རིགས་ཀྱི་ལྷ་ཚོགས་སུ་གྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར། འབྱུང་བ་སའི་ལྷ་མོ་སངས་རྒྱས་སྤྱན་མ་རུ་དག་པའོ། །དེ་ནས་ནུབ་ཀྱི་པདྨ་མཁའ་འགྲོས་གསེར་གྱི་རྡོ་རྗེ་ཁྱོད་རང་གི་སྤྱི་བོར་བཞག་པར་བསམས་ལ། པདྨ་མཁའ་འགྲོས་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་པདྨ་ཊཱཀྐི་ཨ་བྷི་ཥཉྩི་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་པདྨ་མཁའ་འགྲོས་བརྗོད་པར་བསྒོམ། དེ་ལྟར་པདྨ་མཁའ་འགྲོས་རྡོ་རྗེའི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་པདྨ་རིགས་ཀྱི་ལྷ་ཚོགས་སུ་གནས་དག །འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་འབྱུང་བ་མེ་ཡི་ལྷ་མོ་གོས་དཀར་མོར་དག་པའོ། ། དེ་ནས་བྱང་གི་ལས་ཀྱི་མཁའ་འགྲོས། དངུལ་དཀར་གྱི་དྲིལ་བུ་ཁྱོད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར།། ལས་ཀྱི་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ལས་ཀྱི་མཁའ་འགྲོས་བརྗོད་པར་སྒོམས། དེས་ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སུ་གྱུར། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས། འབྱུང་བ་རླུང༌། དམ་ཚིག་སྒྲོལ་མར་གནས་དག་པའོ། །དེ་ནས་ཤར་གྱི་དེ་བཞིན་རིགས་ཀྱི་མཁའ་འགྲོས་ཅོད་པཎ་གསང་མཚན་དང་བཅས་པ་སྤྱི་བོར་བཞག་པར་བསྒོམས་ལ། སངས་རྒྱས་མཁའ་འགྲོས་མིང་གི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །བདེ་གཤེགས་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བྷུདྡྷ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་བདེ་གཤེགས་མཁའ་འགྲོས་བརྗོད་པར་སྒོམས། དེ་ལྟར་སངས་རྒྱས་མཁའ་འགྲོས་མིང་གི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་དེ་བཞིན་རིགས་ཀྱི་ལྷ་ཚོགས་སུ་དག། གཏི་མུག་ཆོས་དབྱིངས་ཡེ་ཤེས། ནམ་མཁའ་བདེ་གཤེགས་མཁའ་འགྲོར་གྱུར། དེ་རྣམས་ནི་མ་རིག་པ་ལྔ་རིག་པར་བྱེད་པས་ན། ཐུན་མོང་རིགས་ལྔའི་དབང་བསྐུར་ཞེས་བྱའོ། །གཙོ་བོ་བདག་པོའི་དབང་བསྐུར་བ་ནི། མཁའ་འགྲོ་སྡེ་ལྔའི་ཐང་སྐུ་དང་སྒྲུབ་ཐབས་མེ་ལོང་རྣམས་བླ་མས་སྤྱི་བོར་བཞག་པར་བསྒོམས་བྱས་ལ། ཚིག་འདི་སྐད་བརྗོད་དོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཊཱཀྐི་ནི་ཀ་ཡ་ཝ་ཀ་ཙིཏྟ་དྷ་ར་ཧཱུཾ། དེས་གཙོ་བོས་བདག་པོའི་དབང་ཐོབ་པས། གཅོད་ཀྱི་ཆོས་སྐོར་ཉན་པ་དང་འཆད་པ་དང་ཉམས་སུ་ལེན་པ་ལ་དབང་བ་ཡིན་ནོ་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནི། ངས་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་རྡོ་རྗེ་དང༌། གཡོན་དུ་དྲིལ་བུ་གཏད། མགོ་ལ་དབུ་རྒྱན་བཀོན། མཆན་ཁུང་དུ་ཁ་ཊྭཱཾ་ག་གཏད་པར་སྒོམས་ཤིག་བྱས་ལ། རྡོ་རྗེ་མཁའ་འགྲོས་ལེགས་སྦྱིན་པའི། །རྡོ་རྗེ་སློབ་དཔོན་དབང་སྐུར་ཏེ།། རྡོ་རྗེ་སེམས་དཔའ་ཁྱོད་གྱུར་ཏོ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །ཨོཾ་བཛྲ་ཊཱཀྐྀ་ནི་མ་ཧཱ་གུ་རུ་ཧཱུཾ། ཞེས་བརྗོད་དོ། །དེས་ནི་སློབ་མའི་ཚོགས་བསྡུས་ནས་གཞན་དོན་བྱེད་པ་ལ་དབང་བའོ། །འབྲས་བུ་ཡེ་ཤེས་སྐྱེད་པའི་མཆོག་དབང་གསུམ་བསྐུར་བ་ལ། ཐོག་མར་གསང་དབང་བསྐུར་བ་ནི། ཕྱོགས་བཞིའི་མཁའ་འགྲོ་མ་བཞི་དབུས་ཀྱི་གཙོ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་ཐིམ། ཁ་ཊྭཱྃ་ག་ཡབ་ཏུ་གྱུར་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ཐིག་ལེ་དཀར་དམར། གཙོ་མོའི་བྷ་གའི་ནང་དུ་བབས་ཏེ། ཚུར་ལ་འཕྲོས་པས་ཁྱེད་རྣམས་ཀྱི་ལྕེ་ཐོག་ཏུ་བྱུང་བར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱིས་ཚིག་འདི་སྐད་བརྗོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་གནས་ནས་ལེགས་བྱུང་ཞིང༌། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ནུ་ར་རཀ་ཏཱ་ཨ་མྲི་ཏ་ཧཱུཾ། ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཐིག་ལེ་དཀར་དམར་གྱི་རྣམ་པར་ཞུ་ནས་རང་གི་མགྲིན་པར་ཐིམ་པར་སྒོམས། དེ་ནི་གསང་དབང་ངོ༌།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབུསཀྱི་གཙོ་མོ་ཕོ་བྲང་གི་དབུས་ནས་བྱོན། སྐྱེས་པ་རྣམས་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོར་གྱུར། བུད་མེད་རྣམས་ཀྱི་དོན་དུ་རྡོ་རྗེ་རིགས་ཀྱི་ཧེ་རུ་ཀར་གྱུར་ཏེ། དེ་རང་དང་ཞལ་སྦྱར་བར་སྒོམས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བདེ་ཆེན་ཐབས་དང་ཤེས་རབ་འདི། ཁྱོད་ཀྱིས་རྟག་ཏུ་བརྟེན་པར་གྱིས།། སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་མ་ཧཱ་སུ་ཁ་ཤུ་ནྱ་ཏ་ཧཱུཾ། ཞེས་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྒྱུད་ལ་སྐྱེས་པར་སྒོམས། ཚིག་དབང་བསྐུར་བ་ནི། ཡུམ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དེ་རང་ལ་ཐིམ། དབང་བསྐུར་མཁན་གྱི་སློབ་དཔོན་ཡང་རང་ལ་ཐིམ། རང་འཇའ་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་གྱུར། སྐུར་མཁན་སློབ་དཔོན། དབང་བསྐུར་ལེན་པའི་སློབ་མ། བསྐུར་བྱའི་དབང་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྒོམས་ཤིག་བྱས་ལ། འདི་སྐད་བྱའོ། །འདི་ལྟར་འཁོར་འདས་བརྟན་གཡོའི་ཚོགས། །སྒྱུ་འཕྲུལ་ཆེན་པོའི་རང་བཞིན་ཅན། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷོ་ཧཱུཾ། ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ། དག་པ་སྐུ་གསུམ་གྱི་ངོ་བོ། སྐྱེ་མེད་སྟོང་པའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་རྣམས་ནི་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་གའོ། ། དེ་ནས་བླ་མར་ཅི་འབྱོར་བའི་ཡོན་ཕུལ། དབང་བཞི་རྫོགས་སུ་གནང་བ་བཀའ་དྲིན་ཆེ་ལགས་སོ་བྱའོ། །དེ་ནས་ཚོགས་ལ་རོལ། རྡོ་རྗེའི་གླུ་བླངས། གར་བྱ། བྲོ་བརྡུང༌། གཏོར་མ་དང་པོ་དེ་བདུད་རྩིར་ལྔར་བྱིན་གྱིས་བརླབས་ཏེ་བླ་མ་ཡི་དམ་ལ་ཕུལ། གཏོར་དབང་དང་དམིགས་པ་གཅོད་གཞན་ནས་བཤད་པ་བཞིན་བྱ། ཚོགས་ལ་རོལ། གཉིས་པ་མཁའ་འགྲོ་ལ་འབུལ། གསུམ་པ་ཆོས་སྐྱོང་ལ། བཞི་པ་གཞི་བདག་དང་དཀར་ཕྱོགས་སྐྱོང་བ་སྤྱི་ལ་འབུལ། དེ་ནས་གཤེགས་ཆོག་བྱ། མཆོད་པ་བསྡུ། དགེ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་བཏབ་པར་བྱའོ། །གཅོད་ཀྱི་སྔོན་འགྲོ་སློབ་མའི་རྒྱུད་དག་པར་བྱེད་ཅིང་ཟབ་མོ་བསྟན་པའི་སྣོད་དུ་རུང་བར་བྱེད་པ། དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་ག་རྫོགས་སོ།། །། ༈ ཡེ་ཤེས་དབབ་པ་ནི། སྟེང་གི་ནམ་མཁའ་ལ། མ་གཅིག་ལབ་ཀྱི་སྒྲོན་མ་བརྒྱུད་པའི་བླ་མ་རྣམས་དང་ཐ་མི་དད་པར་སྐུ་གཅེར་བུར་བཞུགས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན། མི་མགོའི་དོ་ཤལ། ཕྱག་གཡས་ན་གསེར་གྱི་ཌཱ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོགས་པ། གཡོན་ན་དངུལ་གྱི་དྲིལ་བུ་འཁྲོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ་ཞབས་གཡོན་པ་རོའི་སྙིང་ཁར་མནན་པ། གཡས་བསྐུམ་པ་གཡོན་པའི་བརླ་ལ་གཏད་པ། ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་བདག་ཉིད་ཅན། འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ལ་ལས་རྡོ་རྗེའི་གླུ་ལེན། ལ་ལས་རྡོ་རྗེའི་གར་བྱེད། ལ་ལས་རྡོ་རྗེའི་བྲོ་འཁྲབ་པའི་དབུས་ན་མ་ཅིག་སྤྱན་གསུམ་སྟེང་གི་ནམ་མཁའ་ལ་གཟིགས་ཤིང༌། གར་སྟབས་སུ་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམས་ལ་མོས་གུས་དུང་པ་གྱིས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་རིག་པ་སྐྱེ་མེད་ཀྱི་ངང་ནས། ཉམས་འགགས་མེད་ཀྱི་ངར་དང་ལྡན་པས་ཌཱ་མ་རུ་དཀྲོལ་ཞིང༌། བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྩ་བའི་བླ་མ་བཀའ་དྲིན་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བླ་མ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་དྲག་ཏུ་བཏབ་ལ་དེ་རྣམས་བྱོན་ནས་སློབ་མ་རྣམས་ཀྱི་སྤྱི་བོར་ཐིམས་པས། སློབ་མའི་ལུས་ངག་ཡིད་གསུམ་ཟག་མེད་ཀྱི་བདེ་བ་རུ་ལྟེམ་ལྟེམ་སྐྱེས་པར་སྒོམ་མོ། ། དེ་ལྟར་བྱས་པས། སྐུ་ཕེབས་ན་གར་བྱེད་འཁྲབ་ཅིང་ཕྱག་རྒྱ་བསྒྱུར་བ་ ཡོང༌། གསུང་ཕེབས་ན་སྔགས་བཟླ །རྒྱ་སྐད་དུ་སྨྲ། ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཏུཡོང༌། ཐུགས་ཕེབས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་བུན་ལོང་བ་འཆར། བློ་བདེ་འབོལ་བ་འོང༌། ཉམས་དགའ་ཡ་ལེ་བ་འབྱུང་ངོ༌། །གཏོར་དབང་བྱེད་ན་གཏོར་མ་ཆེ་ཤོས་དེ་བྱིན་གྱིས་བརླབས་ཏེ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། འོ་གཏོར་མ་འདི་མ་གཅིག་ལབ་ཀྱི་སྒྲོན་མ་ལང་ཚོ་བཅུ་དྲུག་ལོན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་སོགས་པ་སྔར་གྱི་དམིགས་པ་རྣམས་ཕོག་ལ་རང་གི་སྤྱི་བོར་བྱོན། སྙིང་གར་ཐིམ་པར་སྒོམས་ཤིག་བྱའོ། །བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ལ་བརྟེན་ནས་ཚོགས་བསགས་པ་ནི། སྒོམ་སྐྱེ་བར་བྱེད་པ་ལ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཞིག་དགོས་ཏེ། སྔོན་འགྲོ་བསགས་སྦྱངས་མ་བྱས་པར་སྒོམ་འདེབས་པ་དེ་སྣམ་བུ་དྲི་མ་ཅན་ཚོས་སུ་འཚེད་པ་དང་འདྲ་བས། སྒོམ་གཤའ་མ་སྐྱེ་རུ་མི་འདོད་དེ་མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་འགྱུར། །ཞེས་གསུངས་པས། ཚོགས་བསགས་པ་ནི། ཡར་བླ་མ་དཀོན་མཆོག་ལ་ཞབས་ཏོག་ཏུ་ཅི་འགྱུར་བྱེད་པ་དང༌། རབ་སྒྲུབ་པའི་ཞབས་ཏོག་མོས་གུས་དང་གསོལ་འདེབས་བྱ། འབྲིང་ལུས་ངག་གིས་ཡར་གོང་མའི་ཐུགས་དགོངས་ཅི་རྫོགས་དང༌། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཅི་འདག་གི་ཐབས་ལ་འབད་པར་བྱ། ཐ་མ་ཟང་ཟིང་གི་ཞབས་ཏོག་ནི་ཡོད་ན་དངོས་སུ་འབུལ། མེད་ན་ཡིད་ཀྱིས་སྤྲུལ་ནས་འབུལ། མར་སེམས་ཅན་ལ་ལུས་ངག་ཡིད་གསུམ་དང༌། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕན་ཅི་ཐོགས་བྱ། ཚོགས་མ་རྫོགས་པར་བྱིན་རླབས་མི་འབྱུང་སྟེ། རྫ་གྲང་མོ་ལ་ལ་མི་འབྱར་བ་དང་འདྲ། སྒྲིབ་པ་སྦྱོང་བ་ནི། སྤྱིར་ཚོགས་བསགས་པ་ཁོ་ནས་སྒྲིབ་པ་འདག་སྟེ། དགེ་སྡིག་གཉིས་ལྷན་ཅིག་ཏུ་མི་གནས་པ་ཡིན། དཔེར་ན་ནམ་ལངས་པ་དང་མུན་པ་སངས་བ་གཉིས་དང་འདྲ། འོན་ཀྱང་བྱེ་བྲག་ཏུ་སྒྲིབ་པ་སྦྱངས་ན་ཡར་གོང་མ་ལ་ཞབས་ཏོག །མར་འོག་མ་ལ་ཕན་པ་མ་བྱུང་ཡང་རང་གི་ལུས་ངག་ཡིད་གསུམ་ཆོས་སུ་འགྲོ་བའི་སྒོ་ནས། བཟང་ངན་བྱ་བཏང་དགོས་པ་ཡིན་པས། དཀའ་ཐུབ། དཀའ་སྤྱད། ཆུ་འཐུང༌། རྡེའུ་འཆའ་བ། གདན་གཅིག་དོན་ཞགས་བསྲུང་བ། ཕྱག་དང་སྐོར་བ་བྱས་པས་གཞན་ལ་མ་ཕན་ཡང་རང་གི་སྒྲིབ་པ་བཀྲེས་སྐོམ་དང་ངལ་དུབ་མྱོང་བས་འཛད་པ་ཡིན། དཔེར་ན་སྣམ་བུའི་དྲི་མ་མ་དག་ན་ཚོས་གང་རུང་བཙོས་ཀྱང་རང་མདོག་དང་ཁ་དོག་དང་མོ་མི་ཡོང་བ་ཡིན། དེ་བཞིན་དུ་རང་གི་རྒྱུད་ཀྱི་དྲི་མ་མ་དག་ན་ཆོས་གང་གི་སྒོར་ཞུགས་ཀྱང༌། བླ་མ་སུ་ལའང་སྒོམ་ཞུས་ནའང་གཤའ་མ་ཞིག་སྐྱེ་རུ་མི་འདོད་པས། ལུས་ངག་ཡིད་གསུམ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་བ་གཉིས་ལ་འབད་པ་གལ་ཆེའོ། །དེའི་རྒྱུའི་གཙོ་བོར་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ལུང་འབོགས་པར་བགྱི་བས། མདུན་གྱི་ནམ་མཁའ་ལ་ཡུམ་ཆེན་མོ་མན་ཆོད་ཀྱི་རྩ་བ་དང་བརྒྱུད་པའི་བླ་མ་དང༌། ཡིད་དམ་དཔའ་བོ་དང་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བཞུགས་པར་བསྒོམས་ལ་ངའི་ལད་མོ་མཛོད་ཅིག །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་དེ་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་བརླབ་ཏུ་གསོལ། ཞེས་ལན་གསུམ་བྱའོ། ། དེ་ནས་ཞག་བདུན་དུ་གསོལ་འདེབས་སྔར་གྱི་ཚིག་བཞི་པོ་བསྐྱར་གྱིན་འདེབས་པར་བྱའོ། །ཉིན་མཚན་ཀུན་ཏུ་གསོལ་འདེབས་དང་ཕྱག་དང་སྐོར་བ་ལ་འབད་ཅིང༌། སྤྱི་ལས་ཡར་ལྡན། ཀུན་ལའང་ནུས་ཚད་བྱེད་པ་གལ་ཆེ། དེ་ལྟར་བྱས་པས་སྒྲིབ་པ་ཟད་པའི་རྟགས་བློ་སྣ་ཐུང་བ། སྐྱོ་བ་སྐྱེ་བ། དད་གུས་ཆེ་བ། འཆི་བ་དྲན་པ་འབྱུང་ངོ༌། །རྨི་ལམ་དུའང་ཁྲུས་བྱས་པ་དང༌། སྐྱུགས་པ་དང༌། བཤལ་བ་དང༌། ནམ་མཁར་འཕུར་བ་དང༌། གོས་དཀར་པོ་དང༌། གསར་པ་དྲི་མ་མེད་པ་གྱོན་པ་ལ་སོགས་པ་རྨིས་པ་འབྱུང་ངོ༌། །ཨྠིྀ ༈ རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ་ནི། སྒོམ་འདེབས་པའི་སྔོན་དུ་སློབ་མས་སེམས་བཙལ་བ་གལ་ཆེ་སྟེ། སེམས་ཀྱི་ཕུ་ཐག་མ་བཅད་པར་སྒོམ་བཏབ་ཀྱང་མི་ཐེབས། ཐེབས་ཀྱང་ཡིད་ཆེས་མི་སྐྱེ་སྟེ། དཔེར་ན་ནད་པའི་རྩ་མ་བལྟས་པར་སྨན་བཏང་བའམ། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ། གཏད་ས་ཞིག་དགོས་པ་ཡིན། དེ་ལས་སེམས་ཀྱི་འཚོལ་ལུགས་འདི་ལྟར་བྱ་སྟེ། འོ་ན་སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། བདེ་སྡུག་སྣ་ཚོགས་མྱོང་བ་དེ། གང་གིས་ལན་ན། རང་སེམས་འཁྲུལ་པས་ལན་པ་ཡིན། ད་འཁྲུལ་པའི་རྩད་བཅད་དགོས་པས། བློ་ཞེས་བྱ། རིག་པ་ཞེས་བྱ། སེམས་ཞེས་བྱ། ཤེས་པ་རྣམ་རྟོག་ཅེས་མིང་དུ་མར་བཏགས་ཀྱང་དོན་སེམས་གཅིག་པུ་ཡིན། དེའི་ངོ་བོ་དང༌། གྱ་གྱུ་མང་པོ། སྤྲ་སྤྲོ། ཐལ་ཐོལ། སྤྲང་སྤྲིང༌། མི་དྲན་དགུ་དྲན། རྣམ་རྟོག་སྣ་ཚོགས་སུ་དྲན་པ་འདི་ཡིན་པས། འདི་མི་བཙལ་བའི་ཀ་མེད་སྒོམ་སེམས་ལ་བྱེད་པ་ཡིན། སེམས་རང་ལ་ཡོད་པས་འདི་རྩབ་གདར་མ་བཅད་ན་སྒོམ་སྐྱེ་རུ་མི་འདོད། དཔེར་ན་བཟོ་བོ་ཇི་ལྟར་བཟོ་མཁས་ཀྱང༌། བཟོ་རྒྱུ་མེད་པས་བཟོ་མི་ཤེས། བྱན་མོ་ཇི་ལྟར་གཡོས་མཁས་ཀྱང༌། གཡོ་རྒྱུ་མེད་ན་གཡོས་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་བླ་མ་ཆོས་མཁས་གདམས་པ་ཟབ། ངོ་སྤྲོད་པ་གཟོ་ནའང༌། སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲད་མི་ཤེས་པས། སེམས་འཚོལ་དགོས་པའི་རྒྱུ་མཚན་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ཀྱང་བཙལ་དགོས། སངས་རྒྱས་སེམས་ལ་བྱོན་པས་ཀྱང་བཙལ་དགོས། སློབ་མས་སེམས་མ་བཙལ་ན་བླ་མས་ངོ་སྤྲད་མི་ཤེས་པས་ན་བཙལ་དགོས། སེམས་དེ་ལ་འཚོལ་ལུགས་ཇི་ལྟར་དུ་བཙལ་ན། དོ་ནུབ་ནས་བཟུང་ནས། ཞག་བདུན་དུ་ཚིག་གསུམ་པོ་འདི་ཉམས་སུ་ལོངས་ཤིག །སེམས་ཀྱི་གནས་ས་གང་ན་འདུག་ལྟ་བ། གཟུགས་ཇི་ལྟར་འདུག་ལྟ་བ། ཁ་དོག་ཇི་ལྟར་འདུག་ལྟ་བའོ། །དང་པོ་སེམས་མི་འཆར་དགུ་འཆར། རིག་པ་སྣ་ཚོགས་སུ་འཕྲོ། སྣ་ཚོགས་སུ་དྲན་པ་འདི། དང་པོ་གང་ནས་བྱུང་ན་རང་ལས་བྱུང༌། བར་དུ་གང་དུ་གནས་ན་རང་ལ་གནས། ཐ་མ་གང་དུ་ཐིམས་ན་རང་ལ་ཐིམས་པས། དེས་ན་རང་གི་ལུས་གང་པོ་གཅིག་ཤ་གང་པོ་ལས་འོས་མི་འདུག་པས། ཡ་གི་སྤྱི་གཙུག་ནས། མ་གི་རྐང་པའི་མཐིལ་ཡན་ཆད་གང་ན་འདུག་ཚོལ། མགོ་དང་ཡན་ལག་ཏུ་ཕྱེ་ནས་ཚོལ། ལྷུ་དང་རྡུལ་དུ་བསིལ་ནས་ཚོལ། ལྤགས་པ་ལ་འདུག་གམ། རུས་པ་ལ་འདུག་གམ། ནང་ཁྲོལ་ལ་འདུག་གམ། དོན་སྙིང་ལ་འདུག་གམ། ཁྲག་དང་ཆུ་སེར་ལ་འདུག་གམ། ཤ་དང་རྒྱུས་པ་ལ་འདུག་གམ། དབང་པོ་ལྔ་ལ་འདུག་གམ། མལ་ས་དང་འདུག་ས་ལ་འདུག་གམ། གོས་ཀྱི་གསེབ་རྣམས་གང་ལ་འདུག་ལྟོས། སེམས་ཀྱི་གཟུགས་ཇི་ལྟར་འདུག་ལྟ་བ་ནི། དགའ་མི་དགའ་བདེ་སྡུག །སྐྱེ་རྒ་ན་འཆི་ལ་སོགས་བྱེད་མཁན་ཐམས་ཅད་སེམས་ཁོ་རང་དུ་འདུག་པ་ལ་ཁོའི་ངོ་བོ༌། གཟུགས་ཅི་འདྲ་ཞིག་འདུག་ལྟོས། གྲུ་བཞིར་འདུག་གམ། ཟླུམ་པོར་འདུག་གམ། རིལ་བུར་འདུག་གམ། སོག་ཁར་འདུག་གམ། ནས་འདྲ་བར་འདུག་གམ། ཟུར་གསུམ་དུ་འདུག་གམ། གང་དུ་འདུག་ལྟོས་ཤིག །སེམས་ཀྱི་ཁ་དོག་ཅི་འདྲ་འདུག་ལྟ་བ་ནི། རྣམ་རྟོག་སྣ་ཚོགས་སུ་འཆར། དྲན་རྟོག་དུ་མ་རུ་འཕྲོ། རྟོག་ཚོགས་ཇི་སྙེད་ཅིག་ཡོང་གི་འདུག་པ་དེས་ན་སེམས་དེ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་གཅིག་ཡིན་ན་འདི་ཚོ་མི་འཆར་བས། དངོས་པོ་ཡིན་ན་ཁ་དོག་གཅིག་ཡོང་བས། སེམས་ཁ་དོག་ཅི་འདྲར་འདུག་ལྟོས། དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། ལྗང་ཁུ་གང་དུ་འདུག ཁྲ་བོ་དང་མཐིང་ཁ་གང་དུ་འདུག་ལྟོས། སེམས་ལ་ཡར་ལྟ་མར་ལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྒྱང་འདེད་གྱིས། ལྟ་ཉུལ་དང་སློང་གཞིག་རེམ་དུ་གྱིས་ལ་ལྟོས་དང༌། སེམས་མ་རྙེད་ན། གྱུར་ཙེར་འགྱུ། ཐུར་ཙེར་དྲན། ཐོལ་ཏེ་སྐྱེས་པ་འདི་ལ་ལྟོས། འགྱུ་བ་དེ་བྱུང་ཚད་ཀྱིས་མ་ཡེངས་པར་འགྱུ་མཁན་དེ་གང་དུ་འདུག་ལྟོས་དང༌། ཇི་ལྟར་འདུག་ལྟོས། བལྟས་པས་མ་མཐོང༌། བཙལ་བས་མ་རྙེད་ན། ཆད་པ་ངལ་གསོ་བ་དང་སྟབས་གཅིག་ཏུ་ལྷོད་དེ་ཞོག་ཅིག ། ཞག་གསུམ་མམ་བདུན་དུ་གསོལ་འདེབས་ལ་སོགས་པའི་དགེ་སྦྱོར་གཞན་ཚོ་ཞོག་ལ། སེམས་འཚོལ་བ་ཉག་གཅིག་ལ་དྲིལ་ལ་ཉམས་སུ་ལོངས། ཉིན་རེ་བཞིན་ཚིག་གསུམ་པོ་དེ་གསལ་འདེབས་པས་ང་ཅན་དུ་ཤོག་ཅིག་བྱའོ། ། ནང་པར་ནས་ཀྱང་སློབ་དཔོན་གྱིས་སེམས་འགྱུ་བ་དེ་བཙལ་ལམ། རྙེད་དམ་ཅི་འདྲ་འདུག་ཅེས་དྲིས་ལ་སྔར་བཞིན་གསལ་རེ་བཏབ་བོ། །ཞག་རྡོག་གསུམ་པོ་འདི་ལ་ང་ལ་ཚིག་གསུམ་ལས་བཤད་རྒྱུ་མེད། ཁྱོད་ལའང་འཚོལ་བ་མིན་པ་བྱ་རྒྱུ་མེད། ངལ་བ་དང༌། དུབ་པ་དང༌། ཆད་པ་དང༌། ཡེངས་བ་དང༌། བརྗེད་པ་དང༌། གཉིད་བྲོ་རུ་བྱུང་ན། ཅི་ལ་བཏང་བ་ཡིན་ཅི་ལ་ཡོང་བ་ཡིན། འཁོར་འདས་རུ་ཤན་འབྱེད་དུས་འདིར་དལ་བར་བསྡད་པའི་སྐབས་མེད། སངས་རྒྱས་ཐོབ་པར་སྒོམ་སྐྱེ་དགོས་པར་འདུག །སྒོམ་སྐྱེ་བ་ལ་སེམས་བཙལ་དགོས་པར་འདུག» «།སེམས་མི་འཚོལ་ན་ཡོང་མ་ཡོང་མེད་སྙམ་ལ་རང་ལ་རང་གིས་གྲོས་བཏབ། བློ་སྐྱེད་འདོན་པ་གལ་ཆེའོ། །སེམས་འཚོལ་རབ་ལ་སྒོམ་རབ། འབྲིང་ལ་སྒོམ་འབྲིང༌། སེམས་འཚོལ་ཐ་མ་ལ་སྒོམ་ཐ་མ་སྐྱེ་བས། འཚོལ་བར་རེམས་ལ་ཡུན་གང་རིང་ཚད་སྒོམ་བཟང་ནས་ཡོང་བ་ཡིན་ནོ་བྱའོ། ། ཨྠིྀ །«དྲི་མེད་པའི་གཅོད་ཡུལ་རིག་འཛིན་པདྨ་གླིང་པ་ལས་ཐོབ་པའོ། །དགེའོ། ། བཀྲིས་སོ། །
<span class="lcp-note"><span class="lcp-mark">«</span> ཆོས་དབྱིངས་རྣམ་དག་སྤྲོས་བྲལ་མི་དམིགས་ནམ་མཁའ་ལ། །སྨོན་ལམ་བྱམས་བརྩེ་ཚད་མེད་གཟུགས་སྐུའི་ཉི་མ་བརྒྱའི། །དྲི་མེད་ཕན་བདེའི་འོད་ཀྱིས་འགྲོ་རྣམས་ལམ་བསྟན་པའི། །རྒྱལ་བ་རྒྱལ་སྲས་ཆོས་རྒྱས་བླ་མའི་ཞབས་ལ་འདུད། །བདུད་དང་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཆོས་ཉིད་རྟོགས་པས་ལམ་དུ་འཁྱེར་བྱས་ནས། །དེ་ཡི་དོན་ཆེན་དངོས་གྲུབ་ཐོབ་བྱེད་པའི། ། ལམ་མཆོག་མཐར་ཕྱིན་གཅོད་ཀྱི་ཞལ་གདམས་བྲི། ། གཅོད་ཀྱི་གདམས་པ་འདི་ལ་དོན་གསུམ། །སྤྱི་ཁྲིད་ཉམས་ཁྲིད་ཞལ་གདམས་གསུམ་དུ་ཡོད་པ་ལས། སྤྱི་ཁྲིད་སྔོན་དུ་སོང་བས་ཉམས་ཁྲིད་རྐྱང་པ་བྱ། ཉམས་ཁྲིད་བསྐྱངས་པའི་ཞལ་གདམས་སྒོ་འབྱེད་རྣམས་བསྟན་པར་བྱའོ། །ཐོག་མར་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་དང༌། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། རྨི་ལམ་ཉི་ཟླ་སྒོ་འབྱེད། འཕོ་བ་ཐར་པའི་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་འཕྲིན་ལས་སྒོ་འབྱེད། སྒྲུབ་ཐབས་ཁྱད་འཕགས་སྒོ་འབྱེད་དང་བཅུའོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ནི། ཏིང་ངེ་འཛིན་གྱི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པར་བྱེད་དེ། དེ་ལ་མཚན་ཉིད་དང་ལྡན་པའི་བླ་མས། སྣོད་དང་ལྡན་པའི་སློབ་མ་རྗེས་སུ་གཟུང་བར་འདོད་པས། དབེན་པའི་གནས་སུ་ཕྱག་དར་བྱས། བླ་བྲེ་དང་ལོགས་ཡོལ་བྲེས་ལ། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། རས་གཙང་མའི་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་པ་རྣམ་པ་ལྔ་བཤམས། གཏོར་མ་ཆེ་བ་གཅིག །འབྲིང་པོ་བཞི་དང་ལྔ་བཤམས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་བཤམས་ལ། དབང་ཞུ་བ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་དྲུང་དུ་གུ་གུལ་གྱི་དུད་པས་བདུག །ཐུན་བརྡེག །བགེགས་བསྐྲད་ལ་ནང་དུ་བཏང་ངོ༌། །དེ་ནས་མཆོད་པ་རྣམ་ལྔ་དབྱངས་སུ་ཕུལ་ལོ། །བླ་མས་འདི་སྐད་བརྗོད་དེ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། དུས་ད་རེས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་དང་མཇལ། རྟེན་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང༌། རྒྱུད་ལ་དད་པ་བརྟན་པོ་ཡོད། ཡུལ་བླ་མ་མཚན་ལྡན་དང་མཇལ། ཆོས་ཐེག་པ་ཆེན་པོ་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བདུད་ཀྱི་གཅོད་ཡུལ་ལྟ་བུ་ཉམས་སུ་བླང་དུ་ཡོད་པ་འདི་འོ་སྐོལ་རྣམས་བསོད་ནམས་བསགས་པ་ཡིན་ནོ། ། དེ་ལྟ་བུའི་གཅོད་འདི་ཉམས་སུ་ལེན་པར་བྱེད་པ་ལ། སྤྱིར་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། ནང་གསང་སྔགས་དོན་གྱི་ལྟ་བ་ཡང་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་ཡང་ཡིན་པས། འདིའི་ངོ་སྤྲོད་འབོགས་པའི་སྔོན་དུ་སྐྱབས་འགྲོ་དང་རྒྱུད་སྨིན་པར་བྱེད་ཅིང༌། ཟབ་མོ་ཉན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་དགོས་པས། སྔར་ཐོབ་ནའང་ཤིན་ཏུ་ལེགས། སྔར་མ་ཐོབ་ནའང་འདིར་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ལ་ཆོ་གའི་སྦྱོར་བ། དངོས་གཞི། རྗེས་རྣམ་པ་གསུམ་དུ་ཡོད་པ་ལ་སྦྱོར་བ་ལ། སྔོན་དུ་སྐྱབས་འགྲོའི་སྡོམ་པ་དང་སེམས་བསྐྱེད་འབོགས་པ། ཕྱིར་བླ་མ་ལ་ཕྱག་འཚལ་མེ་ཏོག་གཏོར་ལ་རྗེས་ཟློས་བྱའོ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ། །བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར། །དཀོན་མཆོག་གསུམ་གྱིས་རྗེས་སུ་གཟུང་དུ་གསོལ། །ཞེས་ལན་གསུམ་བྱ་བ་ནི་སྐྱབས་འགྲོའི་ཆོ་གའོ། །སྡོམ་པ་འབོགས་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་སོ་སོ་ཐར་པའི་རིགས་བདུན་ལས་གང་ཡང་རུང་བ་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སྔར་བརྟེན་ནམ། ད་གཟོད་བརྟེན་པར་སྤྲོའམ་བྱས་ཏེ། སྤྲོ་ལགས་ཞེས་བྱའོ། །དེ་ནས་སྡོམ་པ་གསུམ་གྱི་ཆོ་ག་བླང་བ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །འཁོར་བའི་སྡུག་བསྔལ་བསྒྲལ་བྱའི་ཕྱིར། །མི་དགེ་སྤོང་བའི་ཚུལ་ཁྲིམས་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བཟུང་བར་བགྱི། །དེང་ནས་བརྩམས་ཏེ་མི་བཏང་ཞིང༌། །ནུས་པའི་ཚུལ་གྱིས་གཟུང་བར་བགྱི། །ཞེས་ལན་གསུམ་བྱའོ། །དེ་ནས་དབང་ཞུ་བའི་ཕྱིར་གསོལ་བ་བཏབ་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོར་བྱིང་པ་ལ། །མགོན་པོ་ཁྱེད་ནི་དཔལ་དུ་བྱོན།། དེ་རིང་བཀའ་དྲིན་གནང་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་བོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བྱ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། སློབ་མ་རྣམས་རྗེས་སུ་གཟུང་བའི་ཕྱིར། བདུད་ཀྱི་གཅོད་ཡུལ་ངོ་སྤྲོད་འདེབས་པའི་སྔོན་དུ། སྣོད་དུ་རུང་བར་བྱེད་པ་དང་དབང་བསྐུར་བའི་སྐབས་ཡིན་པས། དེ་ལ་གསུམ། དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། ཇི་ལྟར་བསྐུར་ཚུལ་དང་གསུམ་ལས། དང་པོ་ཐོབ་པའི་ཕན་ཡོན་ནི། གནས་སྐབས་སུ་གདམས་ངག་ཟབ་མོ་ཉན་པའི་སྣོད་དུ་རུང་བ། ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་འདེབས་སུ་བཏུབ་པ། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་འཕྲིན་ལས་བཞིའི་ངོ་བོར་སངས་རྒྱ་བ་ཡིན་ཏེ། དཔལ་དེ་ཉིད་འདུས་པ་ལས། ཡོངས་སུ་རྫོགས་པའི་དབང་ཐོབ་ན། །སངས་རྒྱས་གོ་འཕང་རྒྱང་མི་རིང༌། །ལག་ན་རིན་ཆེན་ཐོགས་པའི་མི།། ལོངས་སྤྱོད་རྒྱང་མི་རིང་བ་བཞིན། །ཞེས་སོ། །དབང་མ་ཐོབ་པའི་ཉེས་དམིགས་ནི། སྣོད་དུ་མི་རུང་བས་གདམས་པ་ཉན་པར་མི་དབང༌། སྐལ་བ་མེད་པས་ངོ་སྤྲོད་གདབ་ཏུ་མི་བཏུབ། རྗེས་གནང་མེད་པས་ཉམས་སུ་བླང་མི་རུང་བའོ། ། དུས་འཁོར་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེས་ན་དབང་བསྐུར་དམ་པ་ཡིན། །རབ་ཏུ་འབད་དེ་བླང་བར་བྱ། །ཞེས་སོ། ། ཇི་ལྟར་བསྐུར་ཚུལ་ལ་གཉིས། སྣོད་དུ་རུང་བའི་བུམ་དབང་བདུན་བསྐུར་བ་དང༌། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་གསུམ་བསྐུར་བའོ། །དང་པོ་ནི། མཎྜལ་གྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་ཞིག་བསམ། དབུས་ཀྱི་ལྟེ་བ་ལ་མ་ཅིག་ལབ་སྒྲོན་ངོ་བོ་བླ་མ་ལ། རྣམ་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ཁ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་དྲུག་གསོལ་བ། མི་མགོའི་དོ་ཤལ། ཐོད་པའི་དབུ་རྒྱན་མཛད་པ། ཕྱག་གཡས་ན་གྲི་གུག །གཡོན་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། མཆན་ཁུང་གཡོན་པ་ན་ཁ་ཊྭཱྃ་ག་བསྣམས་པ། གདན་མི་རོའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། སྙན་ཆ་རུས་པའི་ཝར་མིག་བཅུག་པ། ཞབས་གཡོན་བརྐྱང་བ་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ་ཞིག་ཏུ་བསྒོམ། དེའི་ཤར་ཕྱོགས་ཀྱི་འདབ་མ་ལ་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཙོ་མོ་དང་མཚུངས་པ། ལྷོའི་འདབ་མ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར་མོ། ནུབ་ཀྱི་འདབ་མ་ལ་པདྨ་རིགས་ཀྱི་མཁའ་འགྲོ་དམར་མོ། བྱང་གི་འདབ་མ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལྗང་གུ། དེ་ཐམས་ཅད་རྒྱན་དང་ཕྱག་མཚན་ཆ་ལུགས་བཞུགས་སྟངས་གཙོ་མོ་ལྟར་བསྐྱེད། དེ་ནས་གཙོ་མོའི་བུམ་པ་བདུད་རྩིས་གང་བ་ཕྱག་ཏུ་བསྣམས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ཞལ་ནས་ཚིག་འདི་སྐད་གསུང་པར་སྒོམས་ཤིག ། རྡོ་རྗེ་མཁའ་འགྲོའི་ཆུ་ཡི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་སྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱེད་གྱུར་ཅིག །ཨོཾ་བཛྲ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱི་གཙོ་མོས་བརྗོད་པར་བསྒོམས་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ། ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་བདུད་རྩིའི་ཆར་འབེབས། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་གླུ་དབྱངས་ལེན། འདོད་ཡོན་གྱི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་སྒོམས་ཤིག་བྱས་ལ། རོལ་མོའི་སྒྲ་དྲག་ལ་ཐུང་བ་འུར་ཙེར་སྒྲོག །དེ་རྣམས་དབང་ལྔ་ཆར་ལ་བྱའོ། །དེས་རྡོ་རྗེ་མཁའ་འགྲོ་ཆུའི་དབང་སྐུར་བས། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་སུ་གནས་གྱུར་ཏོ། །ཉོན་མོངས་པ་ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག །འབྱུང་བ་ཆུའི་ལྷ་མོ་མ་མ་ཀིའི་ངོ་བོར་དག་པའོ། །དེ་ནས་ལྷོའི་འདབ་མའི་སྟེང་ན་བཞུགས་པའི་རིན་ཆེན་མཁའ་འགྲོས། རིགས་ལྔའི་དབུ་རྒྱན་ཁྱེད་རང་རྣམས་ཀྱི་དབུ་ལ་བཀོན་པར་བསྒོམས་ལ། ཚིག་འདི་སྐད་གསུང་པར་སྒོམས་ཤིག །རིན་ཆེན་མཁའ་འགྲོས་དབུ་རྒྱན་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱིས་རིན་ཆེན་མཁའ་འགྲོས་བརྗོད་པར་སྒོམས། སྟེང་གི་ནམ་མཁའ་མན་སྔར་དང་འདྲ། དེ་ལྟར་རིན་ཆེན་མཁའ་འགྲོས་དབུ་རྒྱན་གྱི་དབང་བསྐུར་བས། ཚོར་བའི་ཕུང་པོ་རིན་ཆེན་རིགས་ཀྱི་ལྷ་ཚོགས་སུ་གྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར། འབྱུང་བ་སའི་ལྷ་མོ་སངས་རྒྱས་སྤྱན་མ་རུ་དག་པའོ། །དེ་ནས་ནུབ་ཀྱི་པདྨ་མཁའ་འགྲོས་གསེར་གྱི་རྡོ་རྗེ་ཁྱོད་རང་གི་སྤྱི་བོར་བཞག་པར་བསམས་ལ། པདྨ་མཁའ་འགྲོས་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་པདྨ་ཊཱཀྐི་ཨ་བྷི་ཥཉྩི་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་པདྨ་མཁའ་འགྲོས་བརྗོད་པར་བསྒོམ། དེ་ལྟར་པདྨ་མཁའ་འགྲོས་རྡོ་རྗེའི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་པདྨ་རིགས་ཀྱི་ལྷ་ཚོགས་སུ་གནས་དག །འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་འབྱུང་བ་མེ་ཡི་ལྷ་མོ་གོས་དཀར་མོར་དག་པའོ། ། དེ་ནས་བྱང་གི་ལས་ཀྱི་མཁའ་འགྲོས། དངུལ་དཀར་གྱི་དྲིལ་བུ་ཁྱོད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར།། ལས་ཀྱི་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ལས་ཀྱི་མཁའ་འགྲོས་བརྗོད་པར་སྒོམས། དེས་ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སུ་གྱུར། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས། འབྱུང་བ་རླུང༌། དམ་ཚིག་སྒྲོལ་མར་གནས་དག་པའོ། །དེ་ནས་ཤར་གྱི་དེ་བཞིན་རིགས་ཀྱི་མཁའ་འགྲོས་ཅོད་པཎ་གསང་མཚན་དང་བཅས་པ་སྤྱི་བོར་བཞག་པར་བསྒོམས་ལ། སངས་རྒྱས་མཁའ་འགྲོས་མིང་གི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །བདེ་གཤེགས་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བྷུདྡྷ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་བདེ་གཤེགས་མཁའ་འགྲོས་བརྗོད་པར་སྒོམས། དེ་ལྟར་སངས་རྒྱས་མཁའ་འགྲོས་མིང་གི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་དེ་བཞིན་རིགས་ཀྱི་ལྷ་ཚོགས་སུ་དག། གཏི་མུག་ཆོས་དབྱིངས་ཡེ་ཤེས། ནམ་མཁའ་བདེ་གཤེགས་མཁའ་འགྲོར་གྱུར། དེ་རྣམས་ནི་མ་རིག་པ་ལྔ་རིག་པར་བྱེད་པས་ན། ཐུན་མོང་རིགས་ལྔའི་དབང་བསྐུར་ཞེས་བྱའོ། །གཙོ་བོ་བདག་པོའི་དབང་བསྐུར་བ་ནི། མཁའ་འགྲོ་སྡེ་ལྔའི་ཐང་སྐུ་དང་སྒྲུབ་ཐབས་མེ་ལོང་རྣམས་བླ་མས་སྤྱི་བོར་བཞག་པར་བསྒོམས་བྱས་ལ། ཚིག་འདི་སྐད་བརྗོད་དོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཊཱཀྐི་ནི་ཀ་ཡ་ཝ་ཀ་ཙིཏྟ་དྷ་ར་ཧཱུཾ། དེས་གཙོ་བོས་བདག་པོའི་དབང་ཐོབ་པས། གཅོད་ཀྱི་ཆོས་སྐོར་ཉན་པ་དང་འཆད་པ་དང་ཉམས་སུ་ལེན་པ་ལ་དབང་བ་ཡིན་ནོ་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནི། ངས་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་རྡོ་རྗེ་དང༌། གཡོན་དུ་དྲིལ་བུ་གཏད། མགོ་ལ་དབུ་རྒྱན་བཀོན། མཆན་ཁུང་དུ་ཁ་ཊྭཱཾ་ག་གཏད་པར་སྒོམས་ཤིག་བྱས་ལ། རྡོ་རྗེ་མཁའ་འགྲོས་ལེགས་སྦྱིན་པའི། །རྡོ་རྗེ་སློབ་དཔོན་དབང་སྐུར་ཏེ།། རྡོ་རྗེ་སེམས་དཔའ་ཁྱོད་གྱུར་ཏོ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །ཨོཾ་བཛྲ་ཊཱཀྐྀ་ནི་མ་ཧཱ་གུ་རུ་ཧཱུཾ། ཞེས་བརྗོད་དོ། །དེས་ནི་སློབ་མའི་ཚོགས་བསྡུས་ནས་གཞན་དོན་བྱེད་པ་ལ་དབང་བའོ། །འབྲས་བུ་ཡེ་ཤེས་སྐྱེད་པའི་མཆོག་དབང་གསུམ་བསྐུར་བ་ལ། ཐོག་མར་གསང་དབང་བསྐུར་བ་ནི། ཕྱོགས་བཞིའི་མཁའ་འགྲོ་མ་བཞི་དབུས་ཀྱི་གཙོ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་ཐིམ། ཁ་ཊྭཱྃ་ག་ཡབ་ཏུ་གྱུར་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ཐིག་ལེ་དཀར་དམར། གཙོ་མོའི་བྷ་གའི་ནང་དུ་བབས་ཏེ། ཚུར་ལ་འཕྲོས་པས་ཁྱེད་རྣམས་ཀྱི་ལྕེ་ཐོག་ཏུ་བྱུང་བར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱིས་ཚིག་འདི་སྐད་བརྗོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་གནས་ནས་ལེགས་བྱུང་ཞིང༌། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ནུ་ར་རཀ་ཏཱ་ཨ་མྲི་ཏ་ཧཱུཾ། ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཐིག་ལེ་དཀར་དམར་གྱི་རྣམ་པར་ཞུ་ནས་རང་གི་མགྲིན་པར་ཐིམ་པར་སྒོམས། དེ་ནི་གསང་དབང་ངོ༌།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབུསཀྱི་གཙོ་མོ་ཕོ་བྲང་གི་དབུས་ནས་བྱོན། སྐྱེས་པ་རྣམས་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོར་གྱུར། བུད་མེད་རྣམས་ཀྱི་དོན་དུ་རྡོ་རྗེ་རིགས་ཀྱི་ཧེ་རུ་ཀར་གྱུར་ཏེ། དེ་རང་དང་ཞལ་སྦྱར་བར་སྒོམས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བདེ་ཆེན་ཐབས་དང་ཤེས་རབ་འདི། ཁྱོད་ཀྱིས་རྟག་ཏུ་བརྟེན་པར་གྱིས།། སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་མ་ཧཱ་སུ་ཁ་ཤུ་ནྱ་ཏ་ཧཱུཾ། ཞེས་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྒྱུད་ལ་སྐྱེས་པར་སྒོམས། ཚིག་དབང་བསྐུར་བ་ནི། ཡུམ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དེ་རང་ལ་ཐིམ། དབང་བསྐུར་མཁན་གྱི་སློབ་དཔོན་ཡང་རང་ལ་ཐིམ། རང་འཇའ་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་གྱུར། སྐུར་མཁན་སློབ་དཔོན། དབང་བསྐུར་ལེན་པའི་སློབ་མ། བསྐུར་བྱའི་དབང་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྒོམས་ཤིག་བྱས་ལ། འདི་སྐད་བྱའོ། །འདི་ལྟར་འཁོར་འདས་བརྟན་གཡོའི་ཚོགས། །སྒྱུ་འཕྲུལ་ཆེན་པོའི་རང་བཞིན་ཅན། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷོ་ཧཱུཾ། ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ། དག་པ་སྐུ་གསུམ་གྱི་ངོ་བོ། སྐྱེ་མེད་སྟོང་པའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་རྣམས་ནི་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་གའོ། ། དེ་ནས་བླ་མར་ཅི་འབྱོར་བའི་ཡོན་ཕུལ། དབང་བཞི་རྫོགས་སུ་གནང་བ་བཀའ་དྲིན་ཆེ་ལགས་སོ་བྱའོ། །དེ་ནས་ཚོགས་ལ་རོལ། རྡོ་རྗེའི་གླུ་བླངས། གར་བྱ། བྲོ་བརྡུང༌། གཏོར་མ་དང་པོ་དེ་བདུད་རྩིར་ལྔར་བྱིན་གྱིས་བརླབས་ཏེ་བླ་མ་ཡི་དམ་ལ་ཕུལ། གཏོར་དབང་དང་དམིགས་པ་གཅོད་གཞན་ནས་བཤད་པ་བཞིན་བྱ། ཚོགས་ལ་རོལ། གཉིས་པ་མཁའ་འགྲོ་ལ་འབུལ། གསུམ་པ་ཆོས་སྐྱོང་ལ། བཞི་པ་གཞི་བདག་དང་དཀར་ཕྱོགས་སྐྱོང་བ་སྤྱི་ལ་འབུལ། དེ་ནས་གཤེགས་ཆོག་བྱ། མཆོད་པ་བསྡུ། དགེ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་བཏབ་པར་བྱའོ། །གཅོད་ཀྱི་སྔོན་འགྲོ་སློབ་མའི་རྒྱུད་དག་པར་བྱེད་ཅིང་ཟབ་མོ་བསྟན་པའི་སྣོད་དུ་རུང་བར་བྱེད་པ། དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་ག་རྫོགས་སོ།། །། ༈ ཡེ་ཤེས་དབབ་པ་ནི། སྟེང་གི་ནམ་མཁའ་ལ། མ་གཅིག་ལབ་ཀྱི་སྒྲོན་མ་བརྒྱུད་པའི་བླ་མ་རྣམས་དང་ཐ་མི་དད་པར་སྐུ་གཅེར་བུར་བཞུགས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན། མི་མགོའི་དོ་ཤལ། ཕྱག་གཡས་ན་གསེར་གྱི་ཌཱ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོགས་པ། གཡོན་ན་དངུལ་གྱི་དྲིལ་བུ་འཁྲོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ་ཞབས་གཡོན་པ་རོའི་སྙིང་ཁར་མནན་པ། གཡས་བསྐུམ་པ་གཡོན་པའི་བརླ་ལ་གཏད་པ། ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་བདག་ཉིད་ཅན། འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ལ་ལས་རྡོ་རྗེའི་གླུ་ལེན། ལ་ལས་རྡོ་རྗེའི་གར་བྱེད། ལ་ལས་རྡོ་རྗེའི་བྲོ་འཁྲབ་པའི་དབུས་ན་མ་ཅིག་སྤྱན་གསུམ་སྟེང་གི་ནམ་མཁའ་ལ་གཟིགས་ཤིང༌། གར་སྟབས་སུ་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམས་ལ་མོས་གུས་དུང་པ་གྱིས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་རིག་པ་སྐྱེ་མེད་ཀྱི་ངང་ནས། ཉམས་འགགས་མེད་ཀྱི་ངར་དང་ལྡན་པས་ཌཱ་མ་རུ་དཀྲོལ་ཞིང༌། བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྩ་བའི་བླ་མ་བཀའ་དྲིན་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བླ་མ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་དྲག་ཏུ་བཏབ་ལ་དེ་རྣམས་བྱོན་ནས་སློབ་མ་རྣམས་ཀྱི་སྤྱི་བོར་ཐིམས་པས། སློབ་མའི་ལུས་ངག་ཡིད་གསུམ་ཟག་མེད་ཀྱི་བདེ་བ་རུ་ལྟེམ་ལྟེམ་སྐྱེས་པར་སྒོམ་མོ། ། དེ་ལྟར་བྱས་པས། སྐུ་ཕེབས་ན་གར་བྱེད་འཁྲབ་ཅིང་ཕྱག་རྒྱ་བསྒྱུར་བ་ ཡོང༌། གསུང་ཕེབས་ན་སྔགས་བཟླ །རྒྱ་སྐད་དུ་སྨྲ། ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཏུཡོང༌། ཐུགས་ཕེབས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་བུན་ལོང་བ་འཆར། བློ་བདེ་འབོལ་བ་འོང༌། ཉམས་དགའ་ཡ་ལེ་བ་འབྱུང་ངོ༌། །གཏོར་དབང་བྱེད་ན་གཏོར་མ་ཆེ་ཤོས་དེ་བྱིན་གྱིས་བརླབས་ཏེ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། འོ་གཏོར་མ་འདི་མ་གཅིག་ལབ་ཀྱི་སྒྲོན་མ་ལང་ཚོ་བཅུ་དྲུག་ལོན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་སོགས་པ་སྔར་གྱི་དམིགས་པ་རྣམས་ཕོག་ལ་རང་གི་སྤྱི་བོར་བྱོན། སྙིང་གར་ཐིམ་པར་སྒོམས་ཤིག་བྱའོ། །བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ལ་བརྟེན་ནས་ཚོགས་བསགས་པ་ནི། སྒོམ་སྐྱེ་བར་བྱེད་པ་ལ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཞིག་དགོས་ཏེ། སྔོན་འགྲོ་བསགས་སྦྱངས་མ་བྱས་པར་སྒོམ་འདེབས་པ་དེ་སྣམ་བུ་དྲི་མ་ཅན་ཚོས་སུ་འཚེད་པ་དང་འདྲ་བས། སྒོམ་གཤའ་མ་སྐྱེ་རུ་མི་འདོད་དེ་མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་འགྱུར། །ཞེས་གསུངས་པས། ཚོགས་བསགས་པ་ནི། ཡར་བླ་མ་དཀོན་མཆོག་ལ་ཞབས་ཏོག་ཏུ་ཅི་འགྱུར་བྱེད་པ་དང༌། རབ་སྒྲུབ་པའི་ཞབས་ཏོག་མོས་གུས་དང་གསོལ་འདེབས་བྱ། འབྲིང་ལུས་ངག་གིས་ཡར་གོང་མའི་ཐུགས་དགོངས་ཅི་རྫོགས་དང༌། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཅི་འདག་གི་ཐབས་ལ་འབད་པར་བྱ། ཐ་མ་ཟང་ཟིང་གི་ཞབས་ཏོག་ནི་ཡོད་ན་དངོས་སུ་འབུལ། མེད་ན་ཡིད་ཀྱིས་སྤྲུལ་ནས་འབུལ། མར་སེམས་ཅན་ལ་ལུས་ངག་ཡིད་གསུམ་དང༌། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕན་ཅི་ཐོགས་བྱ། ཚོགས་མ་རྫོགས་པར་བྱིན་རླབས་མི་འབྱུང་སྟེ། རྫ་གྲང་མོ་ལ་ལ་མི་འབྱར་བ་དང་འདྲ། སྒྲིབ་པ་སྦྱོང་བ་ནི། སྤྱིར་ཚོགས་བསགས་པ་ཁོ་ནས་སྒྲིབ་པ་འདག་སྟེ། དགེ་སྡིག་གཉིས་ལྷན་ཅིག་ཏུ་མི་གནས་པ་ཡིན། དཔེར་ན་ནམ་ལངས་པ་དང་མུན་པ་སངས་བ་གཉིས་དང་འདྲ། འོན་ཀྱང་བྱེ་བྲག་ཏུ་སྒྲིབ་པ་སྦྱངས་ན་ཡར་གོང་མ་ལ་ཞབས་ཏོག །མར་འོག་མ་ལ་ཕན་པ་མ་བྱུང་ཡང་རང་གི་ལུས་ངག་ཡིད་གསུམ་ཆོས་སུ་འགྲོ་བའི་སྒོ་ནས། བཟང་ངན་བྱ་བཏང་དགོས་པ་ཡིན་པས། དཀའ་ཐུབ། དཀའ་སྤྱད། ཆུ་འཐུང༌། རྡེའུ་འཆའ་བ། གདན་གཅིག་དོན་ཞགས་བསྲུང་བ། ཕྱག་དང་སྐོར་བ་བྱས་པས་གཞན་ལ་མ་ཕན་ཡང་རང་གི་སྒྲིབ་པ་བཀྲེས་སྐོམ་དང་ངལ་དུབ་མྱོང་བས་འཛད་པ་ཡིན། དཔེར་ན་སྣམ་བུའི་དྲི་མ་མ་དག་ན་ཚོས་གང་རུང་བཙོས་ཀྱང་རང་མདོག་དང་ཁ་དོག་དང་མོ་མི་ཡོང་བ་ཡིན། དེ་བཞིན་དུ་རང་གི་རྒྱུད་ཀྱི་དྲི་མ་མ་དག་ན་ཆོས་གང་གི་སྒོར་ཞུགས་ཀྱང༌། བླ་མ་སུ་ལའང་སྒོམ་ཞུས་ནའང་གཤའ་མ་ཞིག་སྐྱེ་རུ་མི་འདོད་པས། ལུས་ངག་ཡིད་གསུམ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་བ་གཉིས་ལ་འབད་པ་གལ་ཆེའོ། །དེའི་རྒྱུའི་གཙོ་བོར་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ལུང་འབོགས་པར་བགྱི་བས། མདུན་གྱི་ནམ་མཁའ་ལ་ཡུམ་ཆེན་མོ་མན་ཆོད་ཀྱི་རྩ་བ་དང་བརྒྱུད་པའི་བླ་མ་དང༌། ཡིད་དམ་དཔའ་བོ་དང་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བཞུགས་པར་བསྒོམས་ལ་ངའི་ལད་མོ་མཛོད་ཅིག །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་དེ་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་བརླབ་ཏུ་གསོལ། ཞེས་ལན་གསུམ་བྱའོ། ། དེ་ནས་ཞག་བདུན་དུ་གསོལ་འདེབས་སྔར་གྱི་ཚིག་བཞི་པོ་བསྐྱར་གྱིན་འདེབས་པར་བྱའོ། །ཉིན་མཚན་ཀུན་ཏུ་གསོལ་འདེབས་དང་ཕྱག་དང་སྐོར་བ་ལ་འབད་ཅིང༌། སྤྱི་ལས་ཡར་ལྡན། ཀུན་ལའང་ནུས་ཚད་བྱེད་པ་གལ་ཆེ། དེ་ལྟར་བྱས་པས་སྒྲིབ་པ་ཟད་པའི་རྟགས་བློ་སྣ་ཐུང་བ། སྐྱོ་བ་སྐྱེ་བ། དད་གུས་ཆེ་བ། འཆི་བ་དྲན་པ་འབྱུང་ངོ༌། །རྨི་ལམ་དུའང་ཁྲུས་བྱས་པ་དང༌། སྐྱུགས་པ་དང༌། བཤལ་བ་དང༌། ནམ་མཁར་འཕུར་བ་དང༌། གོས་དཀར་པོ་དང༌། གསར་པ་དྲི་མ་མེད་པ་གྱོན་པ་ལ་སོགས་པ་རྨིས་པ་འབྱུང་ངོ༌། །ཨྠིྀ ༈ རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ་ནི། སྒོམ་འདེབས་པའི་སྔོན་དུ་སློབ་མས་སེམས་བཙལ་བ་གལ་ཆེ་སྟེ། སེམས་ཀྱི་ཕུ་ཐག་མ་བཅད་པར་སྒོམ་བཏབ་ཀྱང་མི་ཐེབས། ཐེབས་ཀྱང་ཡིད་ཆེས་མི་སྐྱེ་སྟེ། དཔེར་ན་ནད་པའི་རྩ་མ་བལྟས་པར་སྨན་བཏང་བའམ། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ། གཏད་ས་ཞིག་དགོས་པ་ཡིན། དེ་ལས་སེམས་ཀྱི་འཚོལ་ལུགས་འདི་ལྟར་བྱ་སྟེ། འོ་ན་སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། བདེ་སྡུག་སྣ་ཚོགས་མྱོང་བ་དེ། གང་གིས་ལན་ན། རང་སེམས་འཁྲུལ་པས་ལན་པ་ཡིན། ད་འཁྲུལ་པའི་རྩད་བཅད་དགོས་པས། བློ་ཞེས་བྱ། རིག་པ་ཞེས་བྱ། སེམས་ཞེས་བྱ། ཤེས་པ་རྣམ་རྟོག་ཅེས་མིང་དུ་མར་བཏགས་ཀྱང་དོན་སེམས་གཅིག་པུ་ཡིན། དེའི་ངོ་བོ་དང༌། གྱ་གྱུ་མང་པོ། སྤྲ་སྤྲོ། ཐལ་ཐོལ། སྤྲང་སྤྲིང༌། མི་དྲན་དགུ་དྲན། རྣམ་རྟོག་སྣ་ཚོགས་སུ་དྲན་པ་འདི་ཡིན་པས། འདི་མི་བཙལ་བའི་ཀ་མེད་སྒོམ་སེམས་ལ་བྱེད་པ་ཡིན། སེམས་རང་ལ་ཡོད་པས་འདི་རྩབ་གདར་མ་བཅད་ན་སྒོམ་སྐྱེ་རུ་མི་འདོད། དཔེར་ན་བཟོ་བོ་ཇི་ལྟར་བཟོ་མཁས་ཀྱང༌། བཟོ་རྒྱུ་མེད་པས་བཟོ་མི་ཤེས། བྱན་མོ་ཇི་ལྟར་གཡོས་མཁས་ཀྱང༌། གཡོ་རྒྱུ་མེད་ན་གཡོས་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་བླ་མ་ཆོས་མཁས་གདམས་པ་ཟབ། ངོ་སྤྲོད་པ་གཟོ་ནའང༌། སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲད་མི་ཤེས་པས། སེམས་འཚོལ་དགོས་པའི་རྒྱུ་མཚན་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ཀྱང་བཙལ་དགོས། སངས་རྒྱས་སེམས་ལ་བྱོན་པས་ཀྱང་བཙལ་དགོས། སློབ་མས་སེམས་མ་བཙལ་ན་བླ་མས་ངོ་སྤྲད་མི་ཤེས་པས་ན་བཙལ་དགོས། སེམས་དེ་ལ་འཚོལ་ལུགས་ཇི་ལྟར་དུ་བཙལ་ན། དོ་ནུབ་ནས་བཟུང་ནས། ཞག་བདུན་དུ་ཚིག་གསུམ་པོ་འདི་ཉམས་སུ་ལོངས་ཤིག །སེམས་ཀྱི་གནས་ས་གང་ན་འདུག་ལྟ་བ། གཟུགས་ཇི་ལྟར་འདུག་ལྟ་བ། ཁ་དོག་ཇི་ལྟར་འདུག་ལྟ་བའོ། །དང་པོ་སེམས་མི་འཆར་དགུ་འཆར། རིག་པ་སྣ་ཚོགས་སུ་འཕྲོ། སྣ་ཚོགས་སུ་དྲན་པ་འདི། དང་པོ་གང་ནས་བྱུང་ན་རང་ལས་བྱུང༌། བར་དུ་གང་དུ་གནས་ན་རང་ལ་གནས། ཐ་མ་གང་དུ་ཐིམས་ན་རང་ལ་ཐིམས་པས། དེས་ན་རང་གི་ལུས་གང་པོ་གཅིག་ཤ་གང་པོ་ལས་འོས་མི་འདུག་པས། ཡ་གི་སྤྱི་གཙུག་ནས། མ་གི་རྐང་པའི་མཐིལ་ཡན་ཆད་གང་ན་འདུག་ཚོལ། མགོ་དང་ཡན་ལག་ཏུ་ཕྱེ་ནས་ཚོལ། ལྷུ་དང་རྡུལ་དུ་བསིལ་ནས་ཚོལ། ལྤགས་པ་ལ་འདུག་གམ། རུས་པ་ལ་འདུག་གམ། ནང་ཁྲོལ་ལ་འདུག་གམ། དོན་སྙིང་ལ་འདུག་གམ། ཁྲག་དང་ཆུ་སེར་ལ་འདུག་གམ། ཤ་དང་རྒྱུས་པ་ལ་འདུག་གམ། དབང་པོ་ལྔ་ལ་འདུག་གམ། མལ་ས་དང་འདུག་ས་ལ་འདུག་གམ། གོས་ཀྱི་གསེབ་རྣམས་གང་ལ་འདུག་ལྟོས། སེམས་ཀྱི་གཟུགས་ཇི་ལྟར་འདུག་ལྟ་བ་ནི། དགའ་མི་དགའ་བདེ་སྡུག །སྐྱེ་རྒ་ན་འཆི་ལ་སོགས་བྱེད་མཁན་ཐམས་ཅད་སེམས་ཁོ་རང་དུ་འདུག་པ་ལ་ཁོའི་ངོ་བོ༌། གཟུགས་ཅི་འདྲ་ཞིག་འདུག་ལྟོས། གྲུ་བཞིར་འདུག་གམ། ཟླུམ་པོར་འདུག་གམ། རིལ་བུར་འདུག་གམ། སོག་ཁར་འདུག་གམ། ནས་འདྲ་བར་འདུག་གམ། ཟུར་གསུམ་དུ་འདུག་གམ། གང་དུ་འདུག་ལྟོས་ཤིག །སེམས་ཀྱི་ཁ་དོག་ཅི་འདྲ་འདུག་ལྟ་བ་ནི། རྣམ་རྟོག་སྣ་ཚོགས་སུ་འཆར། དྲན་རྟོག་དུ་མ་རུ་འཕྲོ། རྟོག་ཚོགས་ཇི་སྙེད་ཅིག་ཡོང་གི་འདུག་པ་དེས་ན་སེམས་དེ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་གཅིག་ཡིན་ན་འདི་ཚོ་མི་འཆར་བས། དངོས་པོ་ཡིན་ན་ཁ་དོག་གཅིག་ཡོང་བས། སེམས་ཁ་དོག་ཅི་འདྲར་འདུག་ལྟོས། དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། ལྗང་ཁུ་གང་དུ་འདུག ཁྲ་བོ་དང་མཐིང་ཁ་གང་དུ་འདུག་ལྟོས། སེམས་ལ་ཡར་ལྟ་མར་ལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྒྱང་འདེད་གྱིས། ལྟ་ཉུལ་དང་སློང་གཞིག་རེམ་དུ་གྱིས་ལ་ལྟོས་དང༌། སེམས་མ་རྙེད་ན། གྱུར་ཙེར་འགྱུ། ཐུར་ཙེར་དྲན། ཐོལ་ཏེ་སྐྱེས་པ་འདི་ལ་ལྟོས། འགྱུ་བ་དེ་བྱུང་ཚད་ཀྱིས་མ་ཡེངས་པར་འགྱུ་མཁན་དེ་གང་དུ་འདུག་ལྟོས་དང༌། ཇི་ལྟར་འདུག་ལྟོས། བལྟས་པས་མ་མཐོང༌། བཙལ་བས་མ་རྙེད་ན། ཆད་པ་ངལ་གསོ་བ་དང་སྟབས་གཅིག་ཏུ་ལྷོད་དེ་ཞོག་ཅིག ། ཞག་གསུམ་མམ་བདུན་དུ་གསོལ་འདེབས་ལ་སོགས་པའི་དགེ་སྦྱོར་གཞན་ཚོ་ཞོག་ལ། སེམས་འཚོལ་བ་ཉག་གཅིག་ལ་དྲིལ་ལ་ཉམས་སུ་ལོངས། ཉིན་རེ་བཞིན་ཚིག་གསུམ་པོ་དེ་གསལ་འདེབས་པས་ང་ཅན་དུ་ཤོག་ཅིག་བྱའོ། ། ནང་པར་ནས་ཀྱང་སློབ་དཔོན་གྱིས་སེམས་འགྱུ་བ་དེ་བཙལ་ལམ། རྙེད་དམ་ཅི་འདྲ་འདུག་ཅེས་དྲིས་ལ་སྔར་བཞིན་གསལ་རེ་བཏབ་བོ། །ཞག་རྡོག་གསུམ་པོ་འདི་ལ་ང་ལ་ཚིག་གསུམ་ལས་བཤད་རྒྱུ་མེད། ཁྱོད་ལའང་འཚོལ་བ་མིན་པ་བྱ་རྒྱུ་མེད། ངལ་བ་དང༌། དུབ་པ་དང༌། ཆད་པ་དང༌། ཡེངས་བ་དང༌། བརྗེད་པ་དང༌། གཉིད་བྲོ་རུ་བྱུང་ན། ཅི་ལ་བཏང་བ་ཡིན་ཅི་ལ་ཡོང་བ་ཡིན། འཁོར་འདས་རུ་ཤན་འབྱེད་དུས་འདིར་དལ་བར་བསྡད་པའི་སྐབས་མེད། སངས་རྒྱས་ཐོབ་པར་སྒོམ་སྐྱེ་དགོས་པར་འདུག །སྒོམ་སྐྱེ་བ་ལ་སེམས་བཙལ་དགོས་པར་འདུག<span class="lcp-mark">»</span></span> <span class="lcp-mark">«</span>།སེམས་མི་འཚོལ་ན་ཡོང་མ་ཡོང་མེད་སྙམ་ལ་རང་ལ་རང་གིས་གྲོས་བཏབ། བློ་སྐྱེད་འདོན་པ་གལ་ཆེའོ། །སེམས་འཚོལ་རབ་ལ་སྒོམ་རབ། འབྲིང་ལ་སྒོམ་འབྲིང༌། སེམས་འཚོལ་ཐ་མ་ལ་སྒོམ་ཐ་མ་སྐྱེ་བས། འཚོལ་བར་རེམས་ལ་ཡུན་གང་རིང་ཚད་སྒོམ་བཟང་ནས་ཡོང་བ་ཡིན་ནོ་བྱའོ། ། ཨྠིྀ །<span class="lcp-mark">«</span>དྲི་མེད་པའི་གཅོད་ཡུལ་རིག་འཛིན་པདྨ་གླིང་པ་ལས་ཐོབ་པའོ། །དགེའོ། ། བཀྲིས་སོ། །
</div>
</div>
= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:

* [[Klong chen rab byams gsung 'bum/volume 026 591]] (revision 11061, 2020-03-22)

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).

<headertabs/>
<headertabs/>

Latest revision as of 21:16, 21 November 2026

First text in the volume klong chen rab 'byams kyi gsung 'bum (pe cin 2009)· Volume 26(LA) ངོ་སྤྲོད་ནམ་མཁའ་སྒོ་འབྱེད

Title དབང་བསྐུར་ཆོས་ཀྱི་སྒོ་འབྱེད་གཅོད་ཀྱི་ཞལ་གདམས
Wylie dbang bskur chos kyi sgo 'byed gcod kyi zhal gdams
Catalogue title gcod kyi zhal gdams (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 26(LA), text 1, pages 25–40 (BDRC scan pages)
Section klong chen rab 'byams pa dri med 'od zer gyi gsung thor bu › gcod kyi skor

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 6.10.1.04
Citation Klong chen rab 'byams pa. gcod kyi zhal gdams. In Kun mkhyen klong chen rab 'byams kyi gsung 'bum, vol. 26, pp. 25–40. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་གཅོད་ཀྱི་ ཞལ་གདམས་བཞུགས་སོ། །

« ཆོས་དབྱིངས་རྣམ་དག་སྤྲོས་བྲལ་མི་དམིགས་ནམ་མཁའ་ལ། །སྨོན་ལམ་བྱམས་བརྩེ་ཚད་མེད་གཟུགས་སྐུའི་ཉི་མ་བརྒྱའི། །དྲི་མེད་ཕན་བདེའི་འོད་ཀྱིས་འགྲོ་རྣམས་ལམ་བསྟན་པའི། །རྒྱལ་བ་རྒྱལ་སྲས་ཆོས་རྒྱས་བླ་མའི་ཞབས་ལ་འདུད། །བདུད་དང་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཆོས་ཉིད་རྟོགས་པས་ལམ་དུ་འཁྱེར་བྱས་ནས། །དེ་ཡི་དོན་ཆེན་དངོས་གྲུབ་ཐོབ་བྱེད་པའི། ། ལམ་མཆོག་མཐར་ཕྱིན་གཅོད་ཀྱི་ཞལ་གདམས་བྲི། ། གཅོད་ཀྱི་གདམས་པ་འདི་ལ་དོན་གསུམ། །སྤྱི་ཁྲིད་ཉམས་ཁྲིད་ཞལ་གདམས་གསུམ་དུ་ཡོད་པ་ལས། སྤྱི་ཁྲིད་སྔོན་དུ་སོང་བས་ཉམས་ཁྲིད་རྐྱང་པ་བྱ། ཉམས་ཁྲིད་བསྐྱངས་པའི་ཞལ་གདམས་སྒོ་འབྱེད་རྣམས་བསྟན་པར་བྱའོ། །ཐོག་མར་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་དང༌། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། རྨི་ལམ་ཉི་ཟླ་སྒོ་འབྱེད། འཕོ་བ་ཐར་པའི་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་འཕྲིན་ལས་སྒོ་འབྱེད། སྒྲུབ་ཐབས་ཁྱད་འཕགས་སྒོ་འབྱེད་དང་བཅུའོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ནི། ཏིང་ངེ་འཛིན་གྱི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པར་བྱེད་དེ། དེ་ལ་མཚན་ཉིད་དང་ལྡན་པའི་བླ་མས། སྣོད་དང་ལྡན་པའི་སློབ་མ་རྗེས་སུ་གཟུང་བར་འདོད་པས། དབེན་པའི་གནས་སུ་ཕྱག་དར་བྱས། བླ་བྲེ་དང་ལོགས་ཡོལ་བྲེས་ལ། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། རས་གཙང་མའི་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་པ་རྣམ་པ་ལྔ་བཤམས། གཏོར་མ་ཆེ་བ་གཅིག །འབྲིང་པོ་བཞི་དང་ལྔ་བཤམས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་བཤམས་ལ། དབང་ཞུ་བ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་དྲུང་དུ་གུ་གུལ་གྱི་དུད་པས་བདུག །ཐུན་བརྡེག །བགེགས་བསྐྲད་ལ་ནང་དུ་བཏང་ངོ༌། །དེ་ནས་མཆོད་པ་རྣམ་ལྔ་དབྱངས་སུ་ཕུལ་ལོ། །བླ་མས་འདི་སྐད་བརྗོད་དེ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། དུས་ད་རེས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་དང་མཇལ། རྟེན་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང༌། རྒྱུད་ལ་དད་པ་བརྟན་པོ་ཡོད། ཡུལ་བླ་མ་མཚན་ལྡན་དང་མཇལ། ཆོས་ཐེག་པ་ཆེན་པོ་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བདུད་ཀྱི་གཅོད་ཡུལ་ལྟ་བུ་ཉམས་སུ་བླང་དུ་ཡོད་པ་འདི་འོ་སྐོལ་རྣམས་བསོད་ནམས་བསགས་པ་ཡིན་ནོ། ། དེ་ལྟ་བུའི་གཅོད་འདི་ཉམས་སུ་ལེན་པར་བྱེད་པ་ལ། སྤྱིར་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། ནང་གསང་སྔགས་དོན་གྱི་ལྟ་བ་ཡང་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་ཡང་ཡིན་པས། འདིའི་ངོ་སྤྲོད་འབོགས་པའི་སྔོན་དུ་སྐྱབས་འགྲོ་དང་རྒྱུད་སྨིན་པར་བྱེད་ཅིང༌། ཟབ་མོ་ཉན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་དགོས་པས། སྔར་ཐོབ་ནའང་ཤིན་ཏུ་ལེགས། སྔར་མ་ཐོབ་ནའང་འདིར་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ལ་ཆོ་གའི་སྦྱོར་བ། དངོས་གཞི། རྗེས་རྣམ་པ་གསུམ་དུ་ཡོད་པ་ལ་སྦྱོར་བ་ལ། སྔོན་དུ་སྐྱབས་འགྲོའི་སྡོམ་པ་དང་སེམས་བསྐྱེད་འབོགས་པ། ཕྱིར་བླ་མ་ལ་ཕྱག་འཚལ་མེ་ཏོག་གཏོར་ལ་རྗེས་ཟློས་བྱའོ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ། །བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར། །དཀོན་མཆོག་གསུམ་གྱིས་རྗེས་སུ་གཟུང་དུ་གསོལ། །ཞེས་ལན་གསུམ་བྱ་བ་ནི་སྐྱབས་འགྲོའི་ཆོ་གའོ། །སྡོམ་པ་འབོགས་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་སོ་སོ་ཐར་པའི་རིགས་བདུན་ལས་གང་ཡང་རུང་བ་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སྔར་བརྟེན་ནམ། ད་གཟོད་བརྟེན་པར་སྤྲོའམ་བྱས་ཏེ། སྤྲོ་ལགས་ཞེས་བྱའོ། །དེ་ནས་སྡོམ་པ་གསུམ་གྱི་ཆོ་ག་བླང་བ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །འཁོར་བའི་སྡུག་བསྔལ་བསྒྲལ་བྱའི་ཕྱིར། །མི་དགེ་སྤོང་བའི་ཚུལ་ཁྲིམས་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བཟུང་བར་བགྱི། །དེང་ནས་བརྩམས་ཏེ་མི་བཏང་ཞིང༌། །ནུས་པའི་ཚུལ་གྱིས་གཟུང་བར་བགྱི། །ཞེས་ལན་གསུམ་བྱའོ། །དེ་ནས་དབང་ཞུ་བའི་ཕྱིར་གསོལ་བ་བཏབ་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོར་བྱིང་པ་ལ། །མགོན་པོ་ཁྱེད་ནི་དཔལ་དུ་བྱོན།། དེ་རིང་བཀའ་དྲིན་གནང་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་བོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བྱ། འོ་ན་ཐུགས་ལ་འདི་ལྟར་བཞག་པར་ཞུ། སློབ་མ་རྣམས་རྗེས་སུ་གཟུང་བའི་ཕྱིར། བདུད་ཀྱི་གཅོད་ཡུལ་ངོ་སྤྲོད་འདེབས་པའི་སྔོན་དུ། སྣོད་དུ་རུང་བར་བྱེད་པ་དང་དབང་བསྐུར་བའི་སྐབས་ཡིན་པས། དེ་ལ་གསུམ། དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། ཇི་ལྟར་བསྐུར་ཚུལ་དང་གསུམ་ལས། དང་པོ་ཐོབ་པའི་ཕན་ཡོན་ནི། གནས་སྐབས་སུ་གདམས་ངག་ཟབ་མོ་ཉན་པའི་སྣོད་དུ་རུང་བ། ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་འདེབས་སུ་བཏུབ་པ། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་འཕྲིན་ལས་བཞིའི་ངོ་བོར་སངས་རྒྱ་བ་ཡིན་ཏེ། དཔལ་དེ་ཉིད་འདུས་པ་ལས། ཡོངས་སུ་རྫོགས་པའི་དབང་ཐོབ་ན། །སངས་རྒྱས་གོ་འཕང་རྒྱང་མི་རིང༌། །ལག་ན་རིན་ཆེན་ཐོགས་པའི་མི།། ལོངས་སྤྱོད་རྒྱང་མི་རིང་བ་བཞིན། །ཞེས་སོ། །དབང་མ་ཐོབ་པའི་ཉེས་དམིགས་ནི། སྣོད་དུ་མི་རུང་བས་གདམས་པ་ཉན་པར་མི་དབང༌། སྐལ་བ་མེད་པས་ངོ་སྤྲོད་གདབ་ཏུ་མི་བཏུབ། རྗེས་གནང་མེད་པས་ཉམས་སུ་བླང་མི་རུང་བའོ། ། དུས་འཁོར་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེས་ན་དབང་བསྐུར་དམ་པ་ཡིན། །རབ་ཏུ་འབད་དེ་བླང་བར་བྱ། །ཞེས་སོ། ། ཇི་ལྟར་བསྐུར་ཚུལ་ལ་གཉིས། སྣོད་དུ་རུང་བའི་བུམ་དབང་བདུན་བསྐུར་བ་དང༌། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་གསུམ་བསྐུར་བའོ། །དང་པོ་ནི། མཎྜལ་གྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་ཞིག་བསམ། དབུས་ཀྱི་ལྟེ་བ་ལ་མ་ཅིག་ལབ་སྒྲོན་ངོ་བོ་བླ་མ་ལ། རྣམ་པ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ཁ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་དྲུག་གསོལ་བ། མི་མགོའི་དོ་ཤལ། ཐོད་པའི་དབུ་རྒྱན་མཛད་པ། ཕྱག་གཡས་ན་གྲི་གུག །གཡོན་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། མཆན་ཁུང་གཡོན་པ་ན་ཁ་ཊྭཱྃ་ག་བསྣམས་པ། གདན་མི་རོའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། སྙན་ཆ་རུས་པའི་ཝར་མིག་བཅུག་པ། ཞབས་གཡོན་བརྐྱང་བ་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ་ཞིག་ཏུ་བསྒོམ། དེའི་ཤར་ཕྱོགས་ཀྱི་འདབ་མ་ལ་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཙོ་མོ་དང་མཚུངས་པ། ལྷོའི་འདབ་མ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར་མོ། ནུབ་ཀྱི་འདབ་མ་ལ་པདྨ་རིགས་ཀྱི་མཁའ་འགྲོ་དམར་མོ། བྱང་གི་འདབ་མ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལྗང་གུ། དེ་ཐམས་ཅད་རྒྱན་དང་ཕྱག་མཚན་ཆ་ལུགས་བཞུགས་སྟངས་གཙོ་མོ་ལྟར་བསྐྱེད། དེ་ནས་གཙོ་མོའི་བུམ་པ་བདུད་རྩིས་གང་བ་ཕྱག་ཏུ་བསྣམས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ཞལ་ནས་ཚིག་འདི་སྐད་གསུང་པར་སྒོམས་ཤིག ། རྡོ་རྗེ་མཁའ་འགྲོའི་ཆུ་ཡི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་སྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱེད་གྱུར་ཅིག །ཨོཾ་བཛྲ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱི་གཙོ་མོས་བརྗོད་པར་བསྒོམས་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ། ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་བདུད་རྩིའི་ཆར་འབེབས། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་གླུ་དབྱངས་ལེན། འདོད་ཡོན་གྱི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་སྒོམས་ཤིག་བྱས་ལ། རོལ་མོའི་སྒྲ་དྲག་ལ་ཐུང་བ་འུར་ཙེར་སྒྲོག །དེ་རྣམས་དབང་ལྔ་ཆར་ལ་བྱའོ། །དེས་རྡོ་རྗེ་མཁའ་འགྲོ་ཆུའི་དབང་སྐུར་བས། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་སུ་གནས་གྱུར་ཏོ། །ཉོན་མོངས་པ་ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག །འབྱུང་བ་ཆུའི་ལྷ་མོ་མ་མ་ཀིའི་ངོ་བོར་དག་པའོ། །དེ་ནས་ལྷོའི་འདབ་མའི་སྟེང་ན་བཞུགས་པའི་རིན་ཆེན་མཁའ་འགྲོས། རིགས་ལྔའི་དབུ་རྒྱན་ཁྱེད་རང་རྣམས་ཀྱི་དབུ་ལ་བཀོན་པར་བསྒོམས་ལ། ཚིག་འདི་སྐད་གསུང་པར་སྒོམས་ཤིག །རིན་ཆེན་མཁའ་འགྲོས་དབུ་རྒྱན་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱིས་རིན་ཆེན་མཁའ་འགྲོས་བརྗོད་པར་སྒོམས། སྟེང་གི་ནམ་མཁའ་མན་སྔར་དང་འདྲ། དེ་ལྟར་རིན་ཆེན་མཁའ་འགྲོས་དབུ་རྒྱན་གྱི་དབང་བསྐུར་བས། ཚོར་བའི་ཕུང་པོ་རིན་ཆེན་རིགས་ཀྱི་ལྷ་ཚོགས་སུ་གྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར། འབྱུང་བ་སའི་ལྷ་མོ་སངས་རྒྱས་སྤྱན་མ་རུ་དག་པའོ། །དེ་ནས་ནུབ་ཀྱི་པདྨ་མཁའ་འགྲོས་གསེར་གྱི་རྡོ་རྗེ་ཁྱོད་རང་གི་སྤྱི་བོར་བཞག་པར་བསམས་ལ། པདྨ་མཁའ་འགྲོས་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་པདྨ་ཊཱཀྐི་ཨ་བྷི་ཥཉྩི་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་པདྨ་མཁའ་འགྲོས་བརྗོད་པར་བསྒོམ། དེ་ལྟར་པདྨ་མཁའ་འགྲོས་རྡོ་རྗེའི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་པདྨ་རིགས་ཀྱི་ལྷ་ཚོགས་སུ་གནས་དག །འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་འབྱུང་བ་མེ་ཡི་ལྷ་མོ་གོས་དཀར་མོར་དག་པའོ། ། དེ་ནས་བྱང་གི་ལས་ཀྱི་མཁའ་འགྲོས། དངུལ་དཀར་གྱི་དྲིལ་བུ་ཁྱོད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར།། ལས་ཀྱི་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་ལས་ཀྱི་མཁའ་འགྲོས་བརྗོད་པར་སྒོམས། དེས་ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སུ་གྱུར། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས། འབྱུང་བ་རླུང༌། དམ་ཚིག་སྒྲོལ་མར་གནས་དག་པའོ། །དེ་ནས་ཤར་གྱི་དེ་བཞིན་རིགས་ཀྱི་མཁའ་འགྲོས་ཅོད་པཎ་གསང་མཚན་དང་བཅས་པ་སྤྱི་བོར་བཞག་པར་བསྒོམས་ལ། སངས་རྒྱས་མཁའ་འགྲོས་མིང་གི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །བདེ་གཤེགས་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བྷུདྡྷ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་དཔོན་གྱིས་བརྗོད་ཀྱང་བདེ་གཤེགས་མཁའ་འགྲོས་བརྗོད་པར་སྒོམས། དེ་ལྟར་སངས་རྒྱས་མཁའ་འགྲོས་མིང་གི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་དེ་བཞིན་རིགས་ཀྱི་ལྷ་ཚོགས་སུ་དག། གཏི་མུག་ཆོས་དབྱིངས་ཡེ་ཤེས། ནམ་མཁའ་བདེ་གཤེགས་མཁའ་འགྲོར་གྱུར། དེ་རྣམས་ནི་མ་རིག་པ་ལྔ་རིག་པར་བྱེད་པས་ན། ཐུན་མོང་རིགས་ལྔའི་དབང་བསྐུར་ཞེས་བྱའོ། །གཙོ་བོ་བདག་པོའི་དབང་བསྐུར་བ་ནི། མཁའ་འགྲོ་སྡེ་ལྔའི་ཐང་སྐུ་དང་སྒྲུབ་ཐབས་མེ་ལོང་རྣམས་བླ་མས་སྤྱི་བོར་བཞག་པར་བསྒོམས་བྱས་ལ། ཚིག་འདི་སྐད་བརྗོད་དོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཊཱཀྐི་ནི་ཀ་ཡ་ཝ་ཀ་ཙིཏྟ་དྷ་ར་ཧཱུཾ། དེས་གཙོ་བོས་བདག་པོའི་དབང་ཐོབ་པས། གཅོད་ཀྱི་ཆོས་སྐོར་ཉན་པ་དང་འཆད་པ་དང་ཉམས་སུ་ལེན་པ་ལ་དབང་བ་ཡིན་ནོ་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནི། ངས་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་རྡོ་རྗེ་དང༌། གཡོན་དུ་དྲིལ་བུ་གཏད། མགོ་ལ་དབུ་རྒྱན་བཀོན། མཆན་ཁུང་དུ་ཁ་ཊྭཱཾ་ག་གཏད་པར་སྒོམས་ཤིག་བྱས་ལ། རྡོ་རྗེ་མཁའ་འགྲོས་ལེགས་སྦྱིན་པའི། །རྡོ་རྗེ་སློབ་དཔོན་དབང་སྐུར་ཏེ།། རྡོ་རྗེ་སེམས་དཔའ་ཁྱོད་གྱུར་ཏོ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །ཨོཾ་བཛྲ་ཊཱཀྐྀ་ནི་མ་ཧཱ་གུ་རུ་ཧཱུཾ། ཞེས་བརྗོད་དོ། །དེས་ནི་སློབ་མའི་ཚོགས་བསྡུས་ནས་གཞན་དོན་བྱེད་པ་ལ་དབང་བའོ། །འབྲས་བུ་ཡེ་ཤེས་སྐྱེད་པའི་མཆོག་དབང་གསུམ་བསྐུར་བ་ལ། ཐོག་མར་གསང་དབང་བསྐུར་བ་ནི། ཕྱོགས་བཞིའི་མཁའ་འགྲོ་མ་བཞི་དབུས་ཀྱི་གཙོ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་ཐིམ། ཁ་ཊྭཱྃ་ག་ཡབ་ཏུ་གྱུར་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ཐིག་ལེ་དཀར་དམར། གཙོ་མོའི་བྷ་གའི་ནང་དུ་བབས་ཏེ། ཚུར་ལ་འཕྲོས་པས་ཁྱེད་རྣམས་ཀྱི་ལྕེ་ཐོག་ཏུ་བྱུང་བར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱིས་ཚིག་འདི་སྐད་བརྗོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་གནས་ནས་ལེགས་བྱུང་ཞིང༌། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ནུ་ར་རཀ་ཏཱ་ཨ་མྲི་ཏ་ཧཱུཾ། ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཐིག་ལེ་དཀར་དམར་གྱི་རྣམ་པར་ཞུ་ནས་རང་གི་མགྲིན་པར་ཐིམ་པར་སྒོམས། དེ་ནི་གསང་དབང་ངོ༌།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབུསཀྱི་གཙོ་མོ་ཕོ་བྲང་གི་དབུས་ནས་བྱོན། སྐྱེས་པ་རྣམས་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོར་གྱུར། བུད་མེད་རྣམས་ཀྱི་དོན་དུ་རྡོ་རྗེ་རིགས་ཀྱི་ཧེ་རུ་ཀར་གྱུར་ཏེ། དེ་རང་དང་ཞལ་སྦྱར་བར་སྒོམས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བདེ་ཆེན་ཐབས་དང་ཤེས་རབ་འདི། ཁྱོད་ཀྱིས་རྟག་ཏུ་བརྟེན་པར་གྱིས།། སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་མ་ཧཱ་སུ་ཁ་ཤུ་ནྱ་ཏ་ཧཱུཾ། ཞེས་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྒྱུད་ལ་སྐྱེས་པར་སྒོམས། ཚིག་དབང་བསྐུར་བ་ནི། ཡུམ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དེ་རང་ལ་ཐིམ། དབང་བསྐུར་མཁན་གྱི་སློབ་དཔོན་ཡང་རང་ལ་ཐིམ། རང་འཇའ་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་གྱུར། སྐུར་མཁན་སློབ་དཔོན། དབང་བསྐུར་ལེན་པའི་སློབ་མ། བསྐུར་བྱའི་དབང་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྒོམས་ཤིག་བྱས་ལ། འདི་སྐད་བྱའོ། །འདི་ལྟར་འཁོར་འདས་བརྟན་གཡོའི་ཚོགས། །སྒྱུ་འཕྲུལ་ཆེན་པོའི་རང་བཞིན་ཅན། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷོ་ཧཱུཾ། ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ། དག་པ་སྐུ་གསུམ་གྱི་ངོ་བོ། སྐྱེ་མེད་སྟོང་པའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་རྣམས་ནི་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་གའོ། ། དེ་ནས་བླ་མར་ཅི་འབྱོར་བའི་ཡོན་ཕུལ། དབང་བཞི་རྫོགས་སུ་གནང་བ་བཀའ་དྲིན་ཆེ་ལགས་སོ་བྱའོ། །དེ་ནས་ཚོགས་ལ་རོལ། རྡོ་རྗེའི་གླུ་བླངས། གར་བྱ། བྲོ་བརྡུང༌། གཏོར་མ་དང་པོ་དེ་བདུད་རྩིར་ལྔར་བྱིན་གྱིས་བརླབས་ཏེ་བླ་མ་ཡི་དམ་ལ་ཕུལ། གཏོར་དབང་དང་དམིགས་པ་གཅོད་གཞན་ནས་བཤད་པ་བཞིན་བྱ། ཚོགས་ལ་རོལ། གཉིས་པ་མཁའ་འགྲོ་ལ་འབུལ། གསུམ་པ་ཆོས་སྐྱོང་ལ། བཞི་པ་གཞི་བདག་དང་དཀར་ཕྱོགས་སྐྱོང་བ་སྤྱི་ལ་འབུལ། དེ་ནས་གཤེགས་ཆོག་བྱ། མཆོད་པ་བསྡུ། དགེ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་བཏབ་པར་བྱའོ། །གཅོད་ཀྱི་སྔོན་འགྲོ་སློབ་མའི་རྒྱུད་དག་པར་བྱེད་ཅིང་ཟབ་མོ་བསྟན་པའི་སྣོད་དུ་རུང་བར་བྱེད་པ། དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་ག་རྫོགས་སོ།། །། ༈ ཡེ་ཤེས་དབབ་པ་ནི། སྟེང་གི་ནམ་མཁའ་ལ། མ་གཅིག་ལབ་ཀྱི་སྒྲོན་མ་བརྒྱུད་པའི་བླ་མ་རྣམས་དང་ཐ་མི་དད་པར་སྐུ་གཅེར་བུར་བཞུགས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན། མི་མགོའི་དོ་ཤལ། ཕྱག་གཡས་ན་གསེར་གྱི་ཌཱ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོགས་པ། གཡོན་ན་དངུལ་གྱི་དྲིལ་བུ་འཁྲོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ་ཞབས་གཡོན་པ་རོའི་སྙིང་ཁར་མནན་པ། གཡས་བསྐུམ་པ་གཡོན་པའི་བརླ་ལ་གཏད་པ། ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་བདག་ཉིད་ཅན། འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ལ་ལས་རྡོ་རྗེའི་གླུ་ལེན། ལ་ལས་རྡོ་རྗེའི་གར་བྱེད། ལ་ལས་རྡོ་རྗེའི་བྲོ་འཁྲབ་པའི་དབུས་ན་མ་ཅིག་སྤྱན་གསུམ་སྟེང་གི་ནམ་མཁའ་ལ་གཟིགས་ཤིང༌། གར་སྟབས་སུ་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམས་ལ་མོས་གུས་དུང་པ་གྱིས་ཤིག་བྱས་ལ། རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་རིག་པ་སྐྱེ་མེད་ཀྱི་ངང་ནས། ཉམས་འགགས་མེད་ཀྱི་ངར་དང་ལྡན་པས་ཌཱ་མ་རུ་དཀྲོལ་ཞིང༌། བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྩ་བའི་བླ་མ་བཀའ་དྲིན་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བླ་མ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་དྲག་ཏུ་བཏབ་ལ་དེ་རྣམས་བྱོན་ནས་སློབ་མ་རྣམས་ཀྱི་སྤྱི་བོར་ཐིམས་པས། སློབ་མའི་ལུས་ངག་ཡིད་གསུམ་ཟག་མེད་ཀྱི་བདེ་བ་རུ་ལྟེམ་ལྟེམ་སྐྱེས་པར་སྒོམ་མོ། ། དེ་ལྟར་བྱས་པས། སྐུ་ཕེབས་ན་གར་བྱེད་འཁྲབ་ཅིང་ཕྱག་རྒྱ་བསྒྱུར་བ་ ཡོང༌། གསུང་ཕེབས་ན་སྔགས་བཟླ །རྒྱ་སྐད་དུ་སྨྲ། ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཏུཡོང༌། ཐུགས་ཕེབས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་བུན་ལོང་བ་འཆར། བློ་བདེ་འབོལ་བ་འོང༌། ཉམས་དགའ་ཡ་ལེ་བ་འབྱུང་ངོ༌། །གཏོར་དབང་བྱེད་ན་གཏོར་མ་ཆེ་ཤོས་དེ་བྱིན་གྱིས་བརླབས་ཏེ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། འོ་གཏོར་མ་འདི་མ་གཅིག་ལབ་ཀྱི་སྒྲོན་མ་ལང་ཚོ་བཅུ་དྲུག་ལོན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་སོགས་པ་སྔར་གྱི་དམིགས་པ་རྣམས་ཕོག་ལ་རང་གི་སྤྱི་བོར་བྱོན། སྙིང་གར་ཐིམ་པར་སྒོམས་ཤིག་བྱའོ། །བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ལ་བརྟེན་ནས་ཚོགས་བསགས་པ་ནི། སྒོམ་སྐྱེ་བར་བྱེད་པ་ལ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཞིག་དགོས་ཏེ། སྔོན་འགྲོ་བསགས་སྦྱངས་མ་བྱས་པར་སྒོམ་འདེབས་པ་དེ་སྣམ་བུ་དྲི་མ་ཅན་ཚོས་སུ་འཚེད་པ་དང་འདྲ་བས། སྒོམ་གཤའ་མ་སྐྱེ་རུ་མི་འདོད་དེ་མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་ཐོབ་མི་འགྱུར། །ཞེས་གསུངས་པས། ཚོགས་བསགས་པ་ནི། ཡར་བླ་མ་དཀོན་མཆོག་ལ་ཞབས་ཏོག་ཏུ་ཅི་འགྱུར་བྱེད་པ་དང༌། རབ་སྒྲུབ་པའི་ཞབས་ཏོག་མོས་གུས་དང་གསོལ་འདེབས་བྱ། འབྲིང་ལུས་ངག་གིས་ཡར་གོང་མའི་ཐུགས་དགོངས་ཅི་རྫོགས་དང༌། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཅི་འདག་གི་ཐབས་ལ་འབད་པར་བྱ། ཐ་མ་ཟང་ཟིང་གི་ཞབས་ཏོག་ནི་ཡོད་ན་དངོས་སུ་འབུལ། མེད་ན་ཡིད་ཀྱིས་སྤྲུལ་ནས་འབུལ། མར་སེམས་ཅན་ལ་ལུས་ངག་ཡིད་གསུམ་དང༌། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕན་ཅི་ཐོགས་བྱ། ཚོགས་མ་རྫོགས་པར་བྱིན་རླབས་མི་འབྱུང་སྟེ། རྫ་གྲང་མོ་ལ་ལ་མི་འབྱར་བ་དང་འདྲ། སྒྲིབ་པ་སྦྱོང་བ་ནི། སྤྱིར་ཚོགས་བསགས་པ་ཁོ་ནས་སྒྲིབ་པ་འདག་སྟེ། དགེ་སྡིག་གཉིས་ལྷན་ཅིག་ཏུ་མི་གནས་པ་ཡིན། དཔེར་ན་ནམ་ལངས་པ་དང་མུན་པ་སངས་བ་གཉིས་དང་འདྲ། འོན་ཀྱང་བྱེ་བྲག་ཏུ་སྒྲིབ་པ་སྦྱངས་ན་ཡར་གོང་མ་ལ་ཞབས་ཏོག །མར་འོག་མ་ལ་ཕན་པ་མ་བྱུང་ཡང་རང་གི་ལུས་ངག་ཡིད་གསུམ་ཆོས་སུ་འགྲོ་བའི་སྒོ་ནས། བཟང་ངན་བྱ་བཏང་དགོས་པ་ཡིན་པས། དཀའ་ཐུབ། དཀའ་སྤྱད། ཆུ་འཐུང༌། རྡེའུ་འཆའ་བ། གདན་གཅིག་དོན་ཞགས་བསྲུང་བ། ཕྱག་དང་སྐོར་བ་བྱས་པས་གཞན་ལ་མ་ཕན་ཡང་རང་གི་སྒྲིབ་པ་བཀྲེས་སྐོམ་དང་ངལ་དུབ་མྱོང་བས་འཛད་པ་ཡིན། དཔེར་ན་སྣམ་བུའི་དྲི་མ་མ་དག་ན་ཚོས་གང་རུང་བཙོས་ཀྱང་རང་མདོག་དང་ཁ་དོག་དང་མོ་མི་ཡོང་བ་ཡིན། དེ་བཞིན་དུ་རང་གི་རྒྱུད་ཀྱི་དྲི་མ་མ་དག་ན་ཆོས་གང་གི་སྒོར་ཞུགས་ཀྱང༌། བླ་མ་སུ་ལའང་སྒོམ་ཞུས་ནའང་གཤའ་མ་ཞིག་སྐྱེ་རུ་མི་འདོད་པས། ལུས་ངག་ཡིད་གསུམ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་བ་གཉིས་ལ་འབད་པ་གལ་ཆེའོ། །དེའི་རྒྱུའི་གཙོ་བོར་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ལུང་འབོགས་པར་བགྱི་བས། མདུན་གྱི་ནམ་མཁའ་ལ་ཡུམ་ཆེན་མོ་མན་ཆོད་ཀྱི་རྩ་བ་དང་བརྒྱུད་པའི་བླ་མ་དང༌། ཡིད་དམ་དཔའ་བོ་དང་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བཞུགས་པར་བསྒོམས་ལ་ངའི་ལད་མོ་མཛོད་ཅིག །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་དེ་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་བརླབ་ཏུ་གསོལ། ཞེས་ལན་གསུམ་བྱའོ། ། དེ་ནས་ཞག་བདུན་དུ་གསོལ་འདེབས་སྔར་གྱི་ཚིག་བཞི་པོ་བསྐྱར་གྱིན་འདེབས་པར་བྱའོ། །ཉིན་མཚན་ཀུན་ཏུ་གསོལ་འདེབས་དང་ཕྱག་དང་སྐོར་བ་ལ་འབད་ཅིང༌། སྤྱི་ལས་ཡར་ལྡན། ཀུན་ལའང་ནུས་ཚད་བྱེད་པ་གལ་ཆེ། དེ་ལྟར་བྱས་པས་སྒྲིབ་པ་ཟད་པའི་རྟགས་བློ་སྣ་ཐུང་བ། སྐྱོ་བ་སྐྱེ་བ། དད་གུས་ཆེ་བ། འཆི་བ་དྲན་པ་འབྱུང་ངོ༌། །རྨི་ལམ་དུའང་ཁྲུས་བྱས་པ་དང༌། སྐྱུགས་པ་དང༌། བཤལ་བ་དང༌། ནམ་མཁར་འཕུར་བ་དང༌། གོས་དཀར་པོ་དང༌། གསར་པ་དྲི་མ་མེད་པ་གྱོན་པ་ལ་སོགས་པ་རྨིས་པ་འབྱུང་ངོ༌། །ཨྠིྀ ༈ རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ་ནི། སྒོམ་འདེབས་པའི་སྔོན་དུ་སློབ་མས་སེམས་བཙལ་བ་གལ་ཆེ་སྟེ། སེམས་ཀྱི་ཕུ་ཐག་མ་བཅད་པར་སྒོམ་བཏབ་ཀྱང་མི་ཐེབས། ཐེབས་ཀྱང་ཡིད་ཆེས་མི་སྐྱེ་སྟེ། དཔེར་ན་ནད་པའི་རྩ་མ་བལྟས་པར་སྨན་བཏང་བའམ། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ། གཏད་ས་ཞིག་དགོས་པ་ཡིན། དེ་ལས་སེམས་ཀྱི་འཚོལ་ལུགས་འདི་ལྟར་བྱ་སྟེ། འོ་ན་སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། བདེ་སྡུག་སྣ་ཚོགས་མྱོང་བ་དེ། གང་གིས་ལན་ན། རང་སེམས་འཁྲུལ་པས་ལན་པ་ཡིན། ད་འཁྲུལ་པའི་རྩད་བཅད་དགོས་པས། བློ་ཞེས་བྱ། རིག་པ་ཞེས་བྱ། སེམས་ཞེས་བྱ། ཤེས་པ་རྣམ་རྟོག་ཅེས་མིང་དུ་མར་བཏགས་ཀྱང་དོན་སེམས་གཅིག་པུ་ཡིན། དེའི་ངོ་བོ་དང༌། གྱ་གྱུ་མང་པོ། སྤྲ་སྤྲོ། ཐལ་ཐོལ། སྤྲང་སྤྲིང༌། མི་དྲན་དགུ་དྲན། རྣམ་རྟོག་སྣ་ཚོགས་སུ་དྲན་པ་འདི་ཡིན་པས། འདི་མི་བཙལ་བའི་ཀ་མེད་སྒོམ་སེམས་ལ་བྱེད་པ་ཡིན། སེམས་རང་ལ་ཡོད་པས་འདི་རྩབ་གདར་མ་བཅད་ན་སྒོམ་སྐྱེ་རུ་མི་འདོད། དཔེར་ན་བཟོ་བོ་ཇི་ལྟར་བཟོ་མཁས་ཀྱང༌། བཟོ་རྒྱུ་མེད་པས་བཟོ་མི་ཤེས། བྱན་མོ་ཇི་ལྟར་གཡོས་མཁས་ཀྱང༌། གཡོ་རྒྱུ་མེད་ན་གཡོས་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་བླ་མ་ཆོས་མཁས་གདམས་པ་ཟབ། ངོ་སྤྲོད་པ་གཟོ་ནའང༌། སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲད་མི་ཤེས་པས། སེམས་འཚོལ་དགོས་པའི་རྒྱུ་མཚན་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ཀྱང་བཙལ་དགོས། སངས་རྒྱས་སེམས་ལ་བྱོན་པས་ཀྱང་བཙལ་དགོས། སློབ་མས་སེམས་མ་བཙལ་ན་བླ་མས་ངོ་སྤྲད་མི་ཤེས་པས་ན་བཙལ་དགོས། སེམས་དེ་ལ་འཚོལ་ལུགས་ཇི་ལྟར་དུ་བཙལ་ན། དོ་ནུབ་ནས་བཟུང་ནས། ཞག་བདུན་དུ་ཚིག་གསུམ་པོ་འདི་ཉམས་སུ་ལོངས་ཤིག །སེམས་ཀྱི་གནས་ས་གང་ན་འདུག་ལྟ་བ། གཟུགས་ཇི་ལྟར་འདུག་ལྟ་བ། ཁ་དོག་ཇི་ལྟར་འདུག་ལྟ་བའོ། །དང་པོ་སེམས་མི་འཆར་དགུ་འཆར། རིག་པ་སྣ་ཚོགས་སུ་འཕྲོ། སྣ་ཚོགས་སུ་དྲན་པ་འདི། དང་པོ་གང་ནས་བྱུང་ན་རང་ལས་བྱུང༌། བར་དུ་གང་དུ་གནས་ན་རང་ལ་གནས། ཐ་མ་གང་དུ་ཐིམས་ན་རང་ལ་ཐིམས་པས། དེས་ན་རང་གི་ལུས་གང་པོ་གཅིག་ཤ་གང་པོ་ལས་འོས་མི་འདུག་པས། ཡ་གི་སྤྱི་གཙུག་ནས། མ་གི་རྐང་པའི་མཐིལ་ཡན་ཆད་གང་ན་འདུག་ཚོལ། མགོ་དང་ཡན་ལག་ཏུ་ཕྱེ་ནས་ཚོལ། ལྷུ་དང་རྡུལ་དུ་བསིལ་ནས་ཚོལ། ལྤགས་པ་ལ་འདུག་གམ། རུས་པ་ལ་འདུག་གམ། ནང་ཁྲོལ་ལ་འདུག་གམ། དོན་སྙིང་ལ་འདུག་གམ། ཁྲག་དང་ཆུ་སེར་ལ་འདུག་གམ། ཤ་དང་རྒྱུས་པ་ལ་འདུག་གམ། དབང་པོ་ལྔ་ལ་འདུག་གམ། མལ་ས་དང་འདུག་ས་ལ་འདུག་གམ། གོས་ཀྱི་གསེབ་རྣམས་གང་ལ་འདུག་ལྟོས། སེམས་ཀྱི་གཟུགས་ཇི་ལྟར་འདུག་ལྟ་བ་ནི། དགའ་མི་དགའ་བདེ་སྡུག །སྐྱེ་རྒ་ན་འཆི་ལ་སོགས་བྱེད་མཁན་ཐམས་ཅད་སེམས་ཁོ་རང་དུ་འདུག་པ་ལ་ཁོའི་ངོ་བོ༌། གཟུགས་ཅི་འདྲ་ཞིག་འདུག་ལྟོས། གྲུ་བཞིར་འདུག་གམ། ཟླུམ་པོར་འདུག་གམ། རིལ་བུར་འདུག་གམ། སོག་ཁར་འདུག་གམ། ནས་འདྲ་བར་འདུག་གམ། ཟུར་གསུམ་དུ་འདུག་གམ། གང་དུ་འདུག་ལྟོས་ཤིག །སེམས་ཀྱི་ཁ་དོག་ཅི་འདྲ་འདུག་ལྟ་བ་ནི། རྣམ་རྟོག་སྣ་ཚོགས་སུ་འཆར། དྲན་རྟོག་དུ་མ་རུ་འཕྲོ། རྟོག་ཚོགས་ཇི་སྙེད་ཅིག་ཡོང་གི་འདུག་པ་དེས་ན་སེམས་དེ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་གཅིག་ཡིན་ན་འདི་ཚོ་མི་འཆར་བས། དངོས་པོ་ཡིན་ན་ཁ་དོག་གཅིག་ཡོང་བས། སེམས་ཁ་དོག་ཅི་འདྲར་འདུག་ལྟོས། དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། ལྗང་ཁུ་གང་དུ་འདུག ཁྲ་བོ་དང་མཐིང་ཁ་གང་དུ་འདུག་ལྟོས། སེམས་ལ་ཡར་ལྟ་མར་ལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྒྱང་འདེད་གྱིས། ལྟ་ཉུལ་དང་སློང་གཞིག་རེམ་དུ་གྱིས་ལ་ལྟོས་དང༌། སེམས་མ་རྙེད་ན། གྱུར་ཙེར་འགྱུ། ཐུར་ཙེར་དྲན། ཐོལ་ཏེ་སྐྱེས་པ་འདི་ལ་ལྟོས། འགྱུ་བ་དེ་བྱུང་ཚད་ཀྱིས་མ་ཡེངས་པར་འགྱུ་མཁན་དེ་གང་དུ་འདུག་ལྟོས་དང༌། ཇི་ལྟར་འདུག་ལྟོས། བལྟས་པས་མ་མཐོང༌། བཙལ་བས་མ་རྙེད་ན། ཆད་པ་ངལ་གསོ་བ་དང་སྟབས་གཅིག་ཏུ་ལྷོད་དེ་ཞོག་ཅིག ། ཞག་གསུམ་མམ་བདུན་དུ་གསོལ་འདེབས་ལ་སོགས་པའི་དགེ་སྦྱོར་གཞན་ཚོ་ཞོག་ལ། སེམས་འཚོལ་བ་ཉག་གཅིག་ལ་དྲིལ་ལ་ཉམས་སུ་ལོངས། ཉིན་རེ་བཞིན་ཚིག་གསུམ་པོ་དེ་གསལ་འདེབས་པས་ང་ཅན་དུ་ཤོག་ཅིག་བྱའོ། ། ནང་པར་ནས་ཀྱང་སློབ་དཔོན་གྱིས་སེམས་འགྱུ་བ་དེ་བཙལ་ལམ། རྙེད་དམ་ཅི་འདྲ་འདུག་ཅེས་དྲིས་ལ་སྔར་བཞིན་གསལ་རེ་བཏབ་བོ། །ཞག་རྡོག་གསུམ་པོ་འདི་ལ་ང་ལ་ཚིག་གསུམ་ལས་བཤད་རྒྱུ་མེད། ཁྱོད་ལའང་འཚོལ་བ་མིན་པ་བྱ་རྒྱུ་མེད། ངལ་བ་དང༌། དུབ་པ་དང༌། ཆད་པ་དང༌། ཡེངས་བ་དང༌། བརྗེད་པ་དང༌། གཉིད་བྲོ་རུ་བྱུང་ན། ཅི་ལ་བཏང་བ་ཡིན་ཅི་ལ་ཡོང་བ་ཡིན། འཁོར་འདས་རུ་ཤན་འབྱེད་དུས་འདིར་དལ་བར་བསྡད་པའི་སྐབས་མེད། སངས་རྒྱས་ཐོབ་པར་སྒོམ་སྐྱེ་དགོས་པར་འདུག །སྒོམ་སྐྱེ་བ་ལ་སེམས་བཙལ་དགོས་པར་འདུག» «།སེམས་མི་འཚོལ་ན་ཡོང་མ་ཡོང་མེད་སྙམ་ལ་རང་ལ་རང་གིས་གྲོས་བཏབ། བློ་སྐྱེད་འདོན་པ་གལ་ཆེའོ། །སེམས་འཚོལ་རབ་ལ་སྒོམ་རབ། འབྲིང་ལ་སྒོམ་འབྲིང༌། སེམས་འཚོལ་ཐ་མ་ལ་སྒོམ་ཐ་མ་སྐྱེ་བས། འཚོལ་བར་རེམས་ལ་ཡུན་གང་རིང་ཚད་སྒོམ་བཟང་ནས་ཡོང་བ་ཡིན་ནོ་བྱའོ། ། ཨྠིྀ །«དྲི་མེད་པའི་གཅོད་ཡུལ་རིག་འཛིན་པདྨ་གླིང་པ་ལས་ཐོབ་པའོ། །དགེའོ། ། བཀྲིས་སོ། །

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).