Tshig don mdzod (Longchenpa): Vajra topic 9 (1)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 9 (1)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 9 (1)
Jump to navigation Jump to search
← Vajra topic 8 (21)Tshig don mdzod: contentsVajra topic 9 (2) →

Vajra topic 9 · The Stages of Ascertaining the Signs and Measures · རྟགས་ཚད་ངེས་པའི་རིམ་པ
Pages 543–553 of the corrected base text (W22920 vol. 4), part 1 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 339] དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པ་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་

[p. 340] པའི་གདེང་། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང་། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང་། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ་། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚང་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས།

[p. 341] ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང་། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང་། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང་། བར་དོར་གྲོལ་བའི་རྟགས་ཚད་དང་རང་བཞིན་སྤྲུལ་པར་དབུག་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་

[p. 342] ནས། ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག །སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང་། མི་དང་འགྲོགས་པའི་ཏིང་མི་འབོད་པ་དང་། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང་། ཤེས་པ་མ་བྱིང་བར་གསལ་བ་དང་། ཤེས་པ་ངང་གིས་དལ་བ་དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ཁེངས་ཀྱང་རྟག་པར་མི་འཛིན་པ་དང་། གཟུགས་སྡུག་པས་ཆགས་པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་མི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་

[p. 343] ༄༅། །འགྲེང་སྟེ་སྐབས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐབས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་ བའོ༑ །སྒྲ་ལ་ཡང་གཉིས་ཏེ། བུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞིན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་བའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ ཀྱིའོ༑ །ལྗང་གུ་ནི་དོན་ཡོད་གྲུབ་པའིའོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་ འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང་། སྒྲ་ དང་། གདུང་དང་། སྐུ་དང་། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང་། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག །དེའང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་

[p. 344] དང་། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ངང་གིས་དལ་བ་དང་། ཤེས་པ་མ་ཡེངས་པ་དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་། ཤེས་པ་མ་འགག་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང་། སྒྲ་དང་། གདུང་དང་། རིང་བསྲེལ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ་། མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་

[p. 345] བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང༌། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ༌། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པའི་སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང༌། །ས་ལ་རེག་མེད་ཐོགས་མེད་དང༌། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང༌། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ནས་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང༌། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང༌། བར་དོར་གྲོལ་བའི་རྟགས་ཚད་དང༌། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། །ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང༌། ཤེས་པ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང༌། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སུ། །ཁྲོ་བའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང༌། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག དེའང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང༌། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང༌། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མི་འགག་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆར་བ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པ་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང༌། སྒྲ་དང༌། གདུང་དང༌། རིང་བསྲེལ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ༌། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ༌། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

» «དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང༌། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ༌། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་པའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། ། གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། ། གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་ གཟུང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །» «གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་» «དོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་མཚན་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང༌། །ས་ལ་རེག་མེད་ཐོགས་མེད་དང༌། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་» «པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང༌། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང༌། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང༌། བར་དོར་གྲོལ་བའི་རྟགས་ཚད་དང༌། རང་བཞིན་སྤྲུལ་པར་དབུག་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག» «སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང༌། ཤེས་པ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་«༼༡༽«གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང༌། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེ་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་«༼༡༽«ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང༌། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག» «དེའང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང༌། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང༌། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མ་«༼༡༽«འགག་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆར་བ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་» «དང༌། སྒྲ་དང༌། གདུང་དང༌། རིང་བསྲེལ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ༌། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་«༼༢༽«བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་» «ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ༌། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །» «དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 409] དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང་། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང་། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང་། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ་། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་

[p. 410] ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་ དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་ དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྦྱངས་པའི་རྒྱུད་ལས། མི་འགྱུར་རྟ་ པའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉེད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་ ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང་། རང་ ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་

[p. 411] ༄༅། །ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་ག་ལ་འདབ་མ་ལྟ་བུར་ཡང་། །འདུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང་། བར་དོར་གྲོལ་བའི་རྟགས་ཚད་དང་། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། ཀྱེ་ གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག །སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང་། མི་དང་འགྲོགས་སྙིང་མི་འདོད་པ་དང་། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང་། ཤེས་པ་མ་བྱིང་བར་གསལ་བ་དང་། ཤེས་པ་དང་གིས་དལ་བ་དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང་། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞོ་མི་སྡང་བ་དང་། ཏིང་ ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་ པར་སངས་རྒྱས་པ་དང་། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་

[p. 412] སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་ འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚད་རྒྱ་བའོ། །སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫཽགས་པར་འཚང་རྒྱ་བའོ། ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་ཚང་རྒྱ་བའོ། །གདུང་ལའང་ ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚར་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫཽགས་པར་ཚང་རྒྱ་བའོ། ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། ། དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་ བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། ། དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང་། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག །དེའང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་ལ་མངོན་ པར་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ངང་གིས་དལ་བ་དང་། ཤེས་པ་མ་ཡེངས་པ་

[p. 413] དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་། ཤེས་པ་མི་འབག་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་ བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང་། སྒྲ་ དང་། གདུང་དང་། རིང་བསྲེལ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ་། མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་ རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་པའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། ། འཇིག་རྟེན་གྱི་བྱ་བ་འཕྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ ཉམས་སུ་བླང་ངོ་། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་ པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །

[p. 414] དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་ པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 633] དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང་། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང་། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང་། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ་། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་

[p. 634] ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བ་དེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉེད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང་། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་

[p. 635] ༄༅། །ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང་། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང་། བར་དོར་གྲོལ་བའི་རྟགས་ཚད་དང་། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། ཀྱཻ་ གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག །སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང་། མི་དང་འགྲོགས་སྙིང་མི་འདོད་པ་དང་། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང་། ཤེས་པ་མ་བྱིང་བར་གསལ་བ་དང་། ཤེས་པ་དང་གིས་དལ་བ་དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང་། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་ པར་སངས་རྒྱས་པ་དང་། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་

[p. 636] སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞིན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་སུ་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འགྱུར་མི་སྲིད་དོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ཕན་རིང་བསྲེལ་ཡན་ཆད་འབྱུང་པོ་ཞེས་པ་དང་། རང་ཤ་པ་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཆད་འདི་རྣམས་ཀྱིས་ཟུང་ཞིག །དེའང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་འོད་དུ་འཆང་བ་དང་། འོད་ལ་སྐུའི་ཆོས་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་རང་གིས་དལ་བ་དང་། ཤེས་པ་མ་ཡེངས་པ་

[p. 637] ༄༅། །དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་། ཤེས་པ་མི་འབག་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་ བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་གྲོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟེན་ལའང་འོད་དང་། སྒྲ་ དང་། གདུང་དང་། རིང་བསྲེལ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་ རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། ། འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ ཉམས་སུ་བླང་ངོ། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་ པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །

[p. 638] དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 307] དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་ བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་ པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ ལའང་བག་ཚ་བ་མེད་པའི་གདེང་། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་

[p. 308] ༈ རྡོ་རྗེའི་གནས་དགུ་པ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ། མེད་པའི་གདེང་། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང་། སངས་ རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ་། །དང་པོ་ནི། ངན་སོང་གི་སྡུག་ བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ ཡེ་ནས་འཁྲུལ་མ་མྱོང་པའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་ པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་ བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་ མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་ པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་ གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་ བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་ མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་ རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་ གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ ཚད་ཀྱང་གཟུང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་ འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་ སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་ གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་

[p. 309] ། ཚིག་དོན་རིན་པོ་ཆེའི་མཛོད། གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་ དང་མཚན་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་ བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང་། རང་ཤར་ལས། རིག་པའི་རྒྱལ་པོ་ མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་ བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། ། རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང་། །འབུ་དང་སྲིན་བུ་དེངས་པའི་ཕྱིར། ། ཞེས་སོ། ། རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་ རབ་རྣམས་གྲོལ་བའི་རྟགས་ཚད་དང་། བར་དོར་གྲོལ་བའི་རྟགས་ཚད་དང་། རང་ བཞིན་སྤྲུལ་པར་དབུག་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་ གི་མེ་ལོང་ནས། ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ ལ་འདི་བཞིན་དུ་ལུང་སྟོན་ཅིག སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་ རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་ འདབ་མ་བཞིན་དུ་ཡང་བ་དང་། མི་དང་འགྲོགས་སྙིང་མི་འདོད་པ་དང་། ནམ་ མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འགགས་ན་དགའ་བའི་འདུ་ ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལའང་ཡིད་མི་

[p. 310] ། རྡོ་རྗེའི་གནས་དགུ་པ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ། འཇུག་པ་དང་། ཤེས་པ་མ་བྱིང་བར་གསལ་བ་དང་། ཤེས་པ་ངང་༧གིས་དལ་བ་ དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང་། གཟུགས་སྡུག་པ་ལ་ཆགས་ པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་གྱི་ནུས་ པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་ སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་ སངས་རྒྱས་པ་དང་། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་ རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་ པར་རྫོགས་པར་སངས་རྒྱས་པའི་སྐྱེ་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྒྲ་ལ་ཡང་ གཉིས་ཏེ། འུར་གྱིས་བྱུང་༧ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། ། ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་ པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་ འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་

[p. 311] ༈ ཚིག་དོན་རིན་པོ་ཆེའི་མཛོད། གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་ པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་ འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་ སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་ འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་ བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་ དང་། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང་། རང་ཤར་ལས། སངས་ རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག དེའང་བདེ་བ་དང་ ལྡན་པ་དང་། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་ འོད་དུ་འཆར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ ངང་གིས་དལ་བ་དང་། ཤེས་པ་མ་ཡེངས་པ་དང་། ཤེས་པ་གཞན་ལ་མི་འཇུག་པ་ དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་། ཤེས་པ་མ་འགག་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་ པ་འཛིན་པ་མེད་པར་རང་གྲོལ་བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་ འདས་པའི་རྟིང་ལའང་འོད་དང་། སྒྲ་དང་། གདུང་དང་། རིང་བསྲེལ་དང་། ས་ གཡོ་བ་ལ་སོགས་པ་འབྱུང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ། །མི་མ་ཡིན་པ་རྣམས་གྲོགས་བྱེད་

[p. 312] ༑ རྡོ་རྗེའི་གནས་དགུ་པ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ། ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་ འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་ འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་ རྟེན་གྱི་བྱ་བ་འབྲེལ་༧བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་ མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་ སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་ དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། ། དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་ གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་ དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་ གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 359] ཉམས་གོང་འཕེལ་གྱི་སྣང་བ་

[p. 360] པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག། སྐྱེས་བུ་དེ་མྱ་ངན་ལས་འདས་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ལུས་ཤིང་བལ་གྱི་འདབ་མ་ བཞིན་དུ་ཡང་བ་དང་། མི་དང་འགྲོགས་སྙིང་མི་འདོད་པ་དང་། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང་། སྣང་བ་འདི་འུག་གས་ན་དགའ་བའི་འདུ་ཤེས་དང་། ལུས་དང་སྲོག་ལ་མི་ཆགས་པ་དང་། སྣང་བ་འདི་གང་ལའང་ ཡིད་མི་འཇུག་པ་དང་། ཤེས་བྲམ་བྱིང་བར་གསལ་བ་དང་། ཤེས་བ་དང་གིས་དལ་བ་དང་། འགྲོགས་ན་བདེ་བ་དང་། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང་། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་ པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །

[p. 361] ལ་དགའ་བྲོད་མེད་པའི་གདེང་ངོ་། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་པོ་ཚབ་ལ་སོགས་པ་ཐོབ་ཅིང་ཨེ་མ་དང་གང་ཤར་མེད་པ་ནི་ཡེ་ནས་མཐུ་ལ་མ་བྱོན་པའི་ཚིག་པ་ལ་དེ་སྔག་ཤེས་བྱ་ལ་མི་སྲིད་པར་ཐག་ ཆོད་པས་འཁོར་བ་མིང་ཙམ་དུའང་རིམ་པའི་ལྟ་བ་དུ་ནི་འཇུག་པར་ཡིན་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མེད་ཙམ་དུ་མེད་པས་རང་གི་འཇོམ་པར་བུད་དེ་ལས་དང་རྣམ་སྨིན་ ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་སྒྲོལ་གྲོལ་མོ་བ་དེ་འགྲོའི་མྱང་འདས་སུ་མི་འཇུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་ གྱུར་པའི་སངས་རྒྱས་མེད་པར་ཐེག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གི་དེར་བཞི་ཡང་རང་གི་རིག་པ་དང་ཕྱི་ལ་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་བྲང་ཆེན་པོའི་དོན་མངོན་ དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནས་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་ འགྱུར་ལྟ་བའི་གདེང་ཆེན་གཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་གཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་

[p. 362] ༄༅། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་སྔར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་ རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྒྲ་ལ་ཡང་གཉིས་ཏེ། ཕུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་ བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་ སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་དེ་སྣང་བ་མཐའ་ཡས་ཀྱིའོ། །ལྔ་པ་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་ གྱུར་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་བྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྲུང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་ བྱུང་ན་དེ་ཉིད་མི་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མི་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང་།

[p. 363] ༄༅། །སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གངས་ཀྱི་རྟགས་ཚད་དེ། ཐ་དང་པོ་ལ་མདོར་བསྟན་པ་དང་། ཆེས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། ལུས་ནི་ཡང་ཞིང་ཟད་ཐལ་སྤྱད། །སུ་ལ་རིག་མེད་ཐོགས་མེད་དང་། །དག་གི་ནུས་རྫོགས་གཏམས་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། ། མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང་། རང་ཤོར་ལུས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་ པར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤང་བྲལ་འདབ་མ་ལྟ་བུར་ཡང་། །འདུ་དང་སྲིན་བུ་དངོས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་ པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང་། བར་དོར་གྲོལ་བའི་རྟགས་ཚད་དང་། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། ཀྱེ་གྲོགས་

[p. 364] ༄༅། །ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགོག་པར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པ་ཁྱེད་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་ བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྐྱོན་དུ་ལྟ་བུར་བྱུང་ན་བྱར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ། །དྲན་པ་ཉམས་པ་ལྟ་བུར་ན་སྣང་བ་སྔ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱེད་མ་ཉམས་ལྟ་བ་ཡིན་པས་ དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱེ་ན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གོང་མས་དག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་ སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གང་ལས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྟན་འགྲོས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོ་ལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །

[p. 365] སྒྲ་དང་། གདུང་དང་། སྐུ་དང་། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང་། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག །དེའང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་ལ་མངོན་ པར་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང་། འཛིན་པ་མེད་པར་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ངང་གིས་དལ་ བ་དང་། ཤེས་པ་མ་ཡེངས་པ་དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འབྱུང་བ་དང་། ཤེས་པ་མི་འགག་པར་གསལ་བ་དང་། ཤེས་པ་མི་རྟོག་པར་ འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཚགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་ རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང་། སྒྲ་དང་། གདུང་དང་། རིང་བསྲེལ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ། མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇོག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་

[p. 366] ༄༅། །དོན་མཐའ་རིག་ཙམ། མཐར་ཐུག་རིག་པ་ཉིད་དུ་བསྟན། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལྷ་གུ་རྒྱུད་དུ་གནས། །དཔེར་ན་འདབ་ཆགས་འཕྱན་སྐྱེན་བཞིན། ། སྐད་ཅིག་ཙམ་ལ་ཀུན་དུ་རྒྱུ། །དེ་ལ་རྩི་ཡིས་ཐེ་བོས་གྱུར་ནས། །རི་དྭགས་མགྱོགས་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །ཕུད་པ་བཅུད་ལ་འཁོར་བ་ཙམ། །དེ་ནས་རང་སྣང་བལྟས་གྱུར་ན། །དཔེར་ན་སྨིག་ རྩལ་བར་གནས་པ་དེ་ལ་རྩི་ཡིས་ཐེ་བོས་གྱུར། ། རྒྱུ་ལྟ་བུར་གནས། །དེ་ནས་དོན་ལ་མ་ཡེངས་ན། །འཁྲུལ་ལམ་འཁྲིག་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེང་ན། །ལྟེམ་བཞིན་པ་དང་མེར་བར་འགྱུར། །དེ་ནས་ཤིན་ཏུ་བལྟས་གྱུར་ན། །འགྲོ་འོང་མ་ཡིན འོད་སྣང་མཐོང་། །དེ་ཡི་དོན་ལ་བརྟན་གྱུར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་མཐོང་། །དེ་ལ་ཡང་དག་བརྟན་གྱུར་ན། །ཐིག་ལེ་སྐུ་དང་བཅས་པ་མཐོང་། །དེ་ཡི་དོན་ལམ་ཡེངས་ན། །འཁྲུལ་སྣང་ལོངས་སྐུར་མཐོང་བར འགྱུར། །སྐུ་ཡི་སྣང་བ་དེ་རྣམས་ཀུན། །སྒྱུ་མ་འདྲའ་ཚོན་ཇི་བཞིན་ནོ། །དེ་ལ་རབ་ཏུ་བརྟན་གྱུར་ན། །ཉན་མོ་མཚན་མོ་མེད་པ་ནི། །དཔེར་ན་ཅེ་སྤྱང་མོ་ཡི་མིག། །ཉིན་དང་མཚན་མོ་མེད་པ་ལྟར། །རང་སྣང་དཀྱིལ འཁོར་དེ་བཞིན་ནོ། །སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ

[p. 367] གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (18 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 543] དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་

[p. 544] གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང༌། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ༌། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་

འཁྲུལ་མ་མྱོང་བའི་རིག་པ ] པའི P S

[p. 545] རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་

བཞིའི་རྣལ་འབྱོར་ཉིད་ཅེས་གསུངས ] ཉེད D G · ཉམས་ལེན་ངེས་པ་སྤྱིའི་རྟགས ] པའི W

[p. 546] ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང༌། །ས་ལ་རེག་མེད་ཐོགས་མེད་དང༌། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང༌། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །

ལས་རྟགས་དང་ཚད་ནི་འདི ] མཚན P S · གཅིག་པུར་བསྡད་ན་བདེ་བ ] ནས W

[p. 547] གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང༌། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང༌། བར་དོར་གྲོལ་བའི་རྟགས་ཚད་དང༌། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། །ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་

བཞིན་སྤྲུལ་པར་དབུགས་འབྱིན་པའི ] དབུག A P S

[p. 548] བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང༌། ཤེས་པ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང༌། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་

དང་ཤེས་པ་ངང་གིས་དལ ] དང D G · དང་མངོན་པར་རྫོགས་སངས་རྒྱས ] om. W

[p. 549] པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །

སངས་རྒྱས་པའི་སྐྱེས་བུ་དེ ] སྐྱེ P S · ཏེ་འུར་གྱིས་བྱང་ན་ཞག ] བྱུང A P S · ན་ཞག་བཅུ་བཞི་ན་མངོན་པར ] བཞིན A G

[p. 550] ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའིའོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང༌། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག དེའང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང༌།

དོན་ཡོད་གྲུབ་པའིའོ་ཁ་དོག ] པའི་འོ W P D G S X · བ་དང་ཁྲོ་བོའི་སྐུའོ་ཞི ] བའི W · འབྱིན་མི་ནུས་སོ་ཁྲོ་བོའི ] སུ W · ནུས་སོ་ཁྲོ་བོའི་སྐུ་བྱུང ] བའི W

[p. 551] སྣང་བ་ཐམས་ཅད་འོད་དུ་འཆར་བ་དང༌། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མི་འགག་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆར་བ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང༌། སྒྲ་དང༌། གདུང་དང༌། རིང་བསྲེལ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །སངས་

དང་ཤེས་པ་མི་འགག་པར ] མ A P S · ཤེས་པ་མི་འགག་པར་གསལ ] འབག D G · ཐོགས་རྡུགས་མེད་པར་འགྲོའོ་རིགས ] པ W

[p. 552] རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ༌། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ༌། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་

[p. 553] དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །ཏིང་ངེ་འཛིན་སྟོབས་སུ་

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
1 Brief presentation of the essence ངོ་བོ་མདོར་བསྟན་པ [p. 543]
Presents the four confidences as the essential sign of mastery: no dread of hells, no fear of saṃsāra, no hope for nirvāṇa, and no elation over buddha qualities. All four rest on realizing that awareness is primordially undeluded. Together they constitute the irreversible measure of a tathāgata.
1.1 Confidence of having no dread even of the hells དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང [p. 543]
Since awareness has never known delusion and pleasure and pain cannot exist in it, saṃsāra is not present even as a name; one feels no terror of the lower realms and is sure of never going there again.
1.2 Confidence of having no fear of circling in saṃsāra འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང [p. 544]
Because awareness has emerged nakedly and turned back from karma and its ripening, there is no fear of falling into saṃsāra.
1.3 Confidence of having no hope for nirvāṇa མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང [p. 544]
Realizing that no separate liberated, blissful nirvāṇa exists in the essence of awareness, one is free of hope of attaining it.
1.4 Confidence of having no elation over buddha qualities སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང [p. 545]
Having settled that there is no buddha apart from awareness, one has no elation over qualities to be reached elsewhere; the four confidences are then identified as the measure of the irreversible level, with scriptural support.
2 Extensive explanation of the nature རང་བཞིན་རྒྱས་པར་བཤད་པ [p. 545]
Detailed account of the signs and measures of practice in three parts. The first gives general signs of liberation for different grades of practitioner. The second gives signs tied to the times of practice, covering the visions of expanse and awareness and the three samādhis. The third gives signs of past training, present mastery and posthumous outcome.
2.1 General signs and measures ascertaining the practice ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད [p. 546]
Presents the general signs and measures of practice from the Reverberation of Sound and Self-Arising: a light body, non-attachment and joy in solitude. It then details signs of liberation in this life, in the intermediate state and in natural emanation fields, with diagnostic signs and remedies.
2.1.1 Brief presentation མདོར་བསྟན་པ [p. 546]
Quotes the Reverberation of Sound on the signs of a light, transparent body, perfected speech, mind capable of transference and exhausted senses, and the Self-Arising on the measures of seeing awareness: joy in solitude, accord with others, non-attachment, lightness like cotton.
2.1.2 Extensive explanation རྒྱས་པར་བཤད་པ [p. 547]
Explains the signs of liberation for three grades of practitioner, drawing on the Mirror of the Heart of Vajrasattva and the Self-Arising. These are portents of nirvāṇa in this life, posthumous lights, sounds, relics and images marking awakening in the intermediate state, and signs of being one birth from awakening in natural emanation fields.
2.1.2.1 Signs of liberation in this life for the most diligent ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད [p. 547]
Lists portents of passing into nirvāṇa—joy in solitude, lightness of body, non-attachment, clear and relaxed cognition, freedom from afflictions—and distinguishes true complete buddhahood, without remainder of the aggregates, from manifest complete buddhahood.
2.1.2.2 Signs of liberation in the intermediate state བར་དོར་གྲོལ་བའི་རྟགས་ཚད [p. 549]
For manifest complete buddhahood, lights (house- or ladder-like), sounds (roar or thud), coloured bone relics indicating the buddha-field, and peaceful or wrathful images occur, each indicating the time of awakening or capacity to emanate.
2.1.2.3 Signs of finding relief in natural emanation fields རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད [p. 550]
If those signs are absent one is one birth from awakening. The Self-Arising adds measures of finding the buddhas' intent, posthumous signs, and diagnostic signs (solitude, caves, worldly involvement, madness, memory loss, ḍākinī prophecies) with remedies.
2.2 Signs and measures of the times ascertaining the instructions གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད [p. 553]
Treats signs tied to the times of practice. These include when experiences arise and how to recognize the buddhas' intent, the progressive appearances of expanse and awareness, and the experiences of the three unwavering samādhis. It closes with the Self-Arising's key points on recognition and on taking the measures of realization.
2.2.1 General signs ascertaining the time of arising ཤར་དུས་ངེས་པ་སྤྱིའི་རྟགས་ཚད [p. 553]
Distinguishing the times of arising of varied appearances and experiences protects from māras and deviations. The Self-Arising specifies what to recognize at each stage and defines the buddhas' intent as selfless insight, unstrained concentration, non-abiding samādhi and non-conceptual view.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 543] Next, the ascertainment of the signs and measures[2]Note 2 · p. 543 · nges pa in the headings is rendered "ascertainment / is ascertained" rather than the glossary's "certainty", since it is a verbal noun here. (rtags tshad) of those who have practiced[1]Note 1 · p. 543 · nyams su blangs pa dag gi: Gemini 4 Neon and GPT-6.2 Astra take this as "of the practices / of practice", Dharmamitra and Claude Fable 5.2 as "of those who have practiced". The plural dag allows either; I follow Dharmamitra/Claude Fable 5.2. has two parts: a brief presentation of the essence (ngo bo) and an extensive explanation of the nature (rang bzhin).

1 Brief presentation of the essence ངོ་བོ་མདོར་བསྟན་པ1 Brief presentation of the essence
Presents the four confidences as the essential sign of mastery: no dread of hells, no fear of saṃsāra, no hope for nirvāṇa, and no elation over buddha qualities. All four rest on realizing that awareness is primordially undeluded. Together they constitute the irreversible measure of a tathāgata.
1.1 Confidence of having no dread even of the hells དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང1.1 Confidence of having no dread even of the hells
Since awareness has never known delusion and pleasure and pain cannot exist in it, saṃsāra is not present even as a name; one feels no terror of the lower realms and is sure of never going there again.

The first: because one has come to the vast expanse (klong) of full mastery[3]Note 3 · p. 543 · klong du gyur pa is the idiom for consummate mastery. Gemini 4 Neon and Claude Fable 5.2 give only "mastery", GPT-6.2 Astra only the literal "has become one's very expanse", Dharmamitra "fully immersed". I keep the glossary's "vast expanse" together with the idiomatic sense. in that natural Great Perfection (rang bzhin rdzogs pa chen po),

[p. 544] there are the four confidences (gdeng bzhi): the confidence of having no dread even of the sufferings of the hot and cold hells; the confidence of having no fear of circling amid the pleasures and pains of saṃsāra ('khor ba); the confidence of having no hope for the level of nirvāṇa (mya ngan las 'das pa); and the confidence of having no elation over the qualities (yon tan) of buddhahood.

The first: even though one hears of the sufferings, the lifespans and so forth of the lower realms (ngan song), one feels no terror or dread of them. This is because one has settled conclusively[5]Note 5 · p. 544 · thag chod pa is rendered "settled conclusively" to keep it distinct from la bzla ba ("decisive resolution"), which occurs on p. 545; Gemini 4 Neon uses "decisively resolved" for thag chod. that, for awareness (rig pa), which has primordially (ye nas) never known delusion ('khrul pa), pleasure and pain cannot possibly exist anywhere among the knowable[4]Note 4 · p. 544 · shes bya la mi srid pa is read as the idiom "impossible anywhere among the knowable", i.e. utterly impossible, as in Gemini 4 Neon. Dharmamitra and Claude Fable 5.2 have "impossible as objects of knowledge", which narrows the sense. (shes bya). One is therefore convinced that saṃsāra is not present upon awareness even as a mere name, and one is at ease, sure that it is impossible now ever to go to the lower realms again.

1.2 Confidence of having no fear of circling in saṃsāra འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང1.2 Confidence of having no fear of circling in saṃsāra
Because awareness has emerged nakedly and turned back from karma and its ripening, there is no fear of falling into saṃsāra.

The second: because saṃsāra does not exist even as a mere name, awareness has emerged in its nakedness (rjen pa) and has turned back from karma (las) and karmic ripening (rnam smin), and so one has no fear of falling into saṃsāra.

1.3 Confidence of having no hope for nirvāṇa མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང1.3 Confidence of having no hope for nirvāṇa
Realizing that no separate liberated, blissful nirvāṇa exists in the essence of awareness, one is free of hope of attaining it.

The third: in the essence of awareness there is nothing present as a nirvāṇa that is ever so liberated, ever so blissful;[6]Note 6 · p. 544 · grol grol po bde bde po: the reduplicated forms are rendered "ever so liberated, ever so blissful", close to Claude Fable 5.2. Dharmamitra's "distinctively liberated or uniquely blissful" over-reads.[7]Note 7 · p. 544 · The [p. 545] marker falls mid-sentence in the Tibetan (before rtogs pas); the English clause order is arranged to keep it in place.

[p. 545] because one has realized this, one is free of any hope of attaining it.

1.4 Confidence of having no elation over buddha qualities སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང1.4 Confidence of having no elation over buddha qualities
Having settled that there is no buddha apart from awareness, one has no elation over qualities to be reached elsewhere; the four confidences are then identified as the measure of the irreversible level, with scriptural support.

The fourth: because one has settled conclusively that there is no buddha apart from awareness itself, one has not so much as a speck of elation over qualities to be travelled to and attained elsewhere.

These four confidences, moreover, are present in the yogin (rnal 'byor pa) for whom the meaning of one's own awareness, self-arisen primordial wisdom[11]Note 11 · p. 545 · Dharmamitra's "timeless awareness" and GPT-6.2 Astra's "primordial knowing" for ye shes, and Dharmamitra, Gemini 4 Neon, Claude Fable 5.2's "reality / nature of phenomena" for chos nyid, are replaced by the glossary terms. (rang byung gi ye shes), primordial purity (ka dag) from the very beginning, the great exhaustion of phenomena (chos zad chen po), has become manifest. When saṃsāra and nirvāṇa have been decisively resolved (la bzla ba),[8]Note 8 · p. 545 · 'khor 'das la zlos is la bzla ba, so the house rendering "decisively resolved" is used. The drafts have "surpassed / passed beyond / left behind", which loses the technical term. one has arrived at the place of exhaustion in dharmatā (chos nyid zad sa), and one's own place (rang sa) has become like space,[10]Note 10 · p. 545 · rang sa is "one's own place" ("ground" is reserved for gzhi; Gemini 4 Neon, Claude Fable 5.2, GPT-6.2 Astra have "ground", Dharmamitra "state"). nam mkha' is "space" because it is a simile (Dharmamitra and GPT-6.2 Astra have "sky"). that level of no return is called[9]Note 9 · p. 545 · phyir mi ldog pa'i sa la de bzhin gshegs pa'i tshad ces bya is the naming construction "X la Y zhes bya": the irreversible level is itself called the measure of a tathāgata, as in Gemini 4 Neon. Claude Fable 5.2 and GPT-6.2 Astra construe it as "the measure of a tathāgata on the level of no return". "the measure (tshad) of a tathāgata." As the Tantra of the Heap of Jewels (Rin chen spungs pa'i rgyud) says:

By the four great confidences of the unchanging view (lta ba),
The measure of irreversible primordial wisdom, too, is to be grasped.Rin po che spungs paQuotation (named in the text: རིན་ཆེན་སྤུངས་པའི་རྒྱུད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: དམ་ཚིག), 50 % of the words.

And the Pearl Garland (Mu tig phreng ba) says:

The measure is the very yoga of the four confidences.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2 Extensive explanation of the nature རང་བཞིན་རྒྱས་པར་བཤད་པ2 Extensive explanation of the nature
Detailed account of the signs and measures of practice in three parts. The first gives general signs of liberation for different grades of practitioner. The second gives signs tied to the times of practice, covering the visions of expanse and awareness and the three samādhis. The third gives signs of past training, present mastery and posthumous outcome.

The second has three parts: the general signs and measures,[12]Note 12 · p. 545 · The three subheadings: Dharmamitra misconstrues them ("the time of certainty", "the number of certainty"), and GPT-6.2 Astra reverses the relation in the second and third. I follow Gemini 4 Neon and Claude Fable 5.2: the signs and measures are general, of time and of number, and what they ascertain is the practice, the oral instructions and the three times. by which the practice (nyams len) is ascertained; the signs and measures of time, by which the oral instructions (gdams ngag)[13]Note 13 · p. 545 · gdams ngag is "oral instructions"; Dharmamitra and Gemini 4 Neon have "pith instructions", which is man ngag.

[p. 546] are ascertained; and the signs and measures of number, by which the three times are ascertained.

2.1 General signs and measures ascertaining the practice ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད2.1 General signs and measures ascertaining the practice
Presents the general signs and measures of practice from the Reverberation of Sound and Self-Arising: a light body, non-attachment and joy in solitude. It then details signs of liberation in this life, in the intermediate state and in natural emanation fields, with diagnostic signs and remedies.
2.1.1 Brief presentation མདོར་བསྟན་པ2.1.1 Brief presentation
Quotes the Reverberation of Sound on the signs of a light, transparent body, perfected speech, mind capable of transference and exhausted senses, and the Self-Arising on the measures of seeing awareness: joy in solitude, accord with others, non-attachment, lightness like cotton.

The first has two parts: a brief presentation and an extensive explanation. The first: the Reverberation of Sound (Thal 'gyur)[14]Note 14 · p. 546 · Thal 'gyur: Dharmamitra's "Consequence Tantra" is corrected to the fixed title "Reverberation of Sound". says:

From having practiced in that way,
The signs and measures are as follows:
The body is light and appears in unimpeded transparency (zang thal),[15]Note 15 · p. 546 · zang thal: Dharmamitra's "transparently radiant" adds radiance that is not in the Tibetan.
Not touching the earth, and unobstructed;
The power of speech is perfected, and the vigor for talk is spent;[16]Note 16 · p. 546 · gtam zungs zad: zungs is taken as "vigor, vital strength", so the vigor for (ordinary) talk is spent. The drafts vary ("ordinary chatter", "vitality", "store", "impetus"); a reading gzungs is not adopted.
The mind is capable of transference ('pho ba).
Eye and ear, nose and tongue,
And body, all the sense faculties[17]Note 17 · p. 546 · lus kyi dbang po kun zad: lus is taken as the fifth sense faculty after eye, ear, nose and tongue, as in Gemini 4 Neon, Claude Fable 5.2, GPT-6.2 Astra, not "all the bodily faculties" as in Dharmamitra. (dbang po) are exhausted:
This is the measure of having become without nature.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 93 % of the words.

And the Self-Arising (Rang shar) says:

The measure of seeing the king of awareness
Is to be rightly grasped by this:
If one stays alone, one finds happiness,
Because self-appearance (rang snang)[19]Note 19 · p. 546 · rang snang is "self-appearance" per the glossary; Dharmamitra and GPT-6.2 Astra have "one's own appearances". arises as one's companion.
One is in accord with the minds of others,
Because one is never apart from that which is one's own.[18]Note 18 · p. 546 · rang gi de: the bare demonstrative is left as "that which is one's own". Dharmamitra ("that reality") and GPT-6.2 Astra ("that awareness") supply a referent the verse does not name.
One comes to be without attachment and clinging (zhen pa),
Because one goes to one's own place.[20]Note 20 · p. 546 · The Rang shar quotation is not finished; it continues in the next part.

[p. 547] One does not come to yearn for anything,
Because one has found one's very own aim.
And one is light, like a tuft of cotton,[21]Note 21 · p. 547 · ltar bur yang: yang is read as "light" (yang ba), as the parallel prose in the Mirror of the Heart of Vajrasattva confirms (shing bal gyi 'dab ma bzhin du yang ba). Dharmamitra's "also as light" renders the syllable twice.
Because the insects and worms have dispersed.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 78 % of the words.

So it says.

2.1.2 Extensive explanation རྒྱས་པར་བཤད་པ2.1.2 Extensive explanation
Explains the signs of liberation for three grades of practitioner, drawing on the Mirror of the Heart of Vajrasattva and the Self-Arising. These are portents of nirvāṇa in this life, posthumous lights, sounds, relics and images marking awakening in the intermediate state, and signs of being one birth from awakening in natural emanation fields.

The extensive explanation has three parts: ascertaining the signs and measures of liberation[22]Note 22 · p. 547 · dbugs 'byin pa'i rtags tshad nges pa: nges pa is taken as "ascertaining" (Gemini 4 Neon, Claude Fable 5.2), governing all three headings. Dharmamitra's "definitive signs and measures" is not followed. for those of the highest diligence who have practiced in this life; the signs and measures of liberation in the intermediate state (bar do); and the signs and measures of finding relief in the natural emanation (rang bzhin sprul pa) buddha-fields.

2.1.2.1 Signs of liberation in this life for the most diligent ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད2.1.2.1 Signs of liberation in this life for the most diligent
Lists portents of passing into nirvāṇa—joy in solitude, lightness of body, non-attachment, clear and relaxed cognition, freedom from afflictions—and distinguishes true complete buddhahood, without remainder of the aggregates, from manifest complete buddhahood.

The Mirror of the Heart of Vajrasattva (rDo rje sems dpa' snying gi me long) says:

"O friends, make this prophecy, just so, to the individuals who abide in this teaching. For such a person these portents of passing into nirvāṇa will occur: being happy when staying alone; the body being light as a tuft of cotton; having no wish to keep company with people; feeling as though one were flying in the sky; having the perception ('du shes)[23]Note 23 · p. 547 · 'du shes is given its glossary rendering "perception" in both occurrences, where the drafts have "notion" or "thought". The drafts' "knowing", "consciousness" and "mind" for shes pa are corrected to the glossary's "cognition". that it would be a joy

[p. 548] if these appearances (snang ba) were to cease; having no attachment to body and life; the mind not engaging with any[24]Note 24 · p. 548 · yid mi 'jug pa: yid is rendered "mind", not "mentation", because the triad mind–mentation–consciousness is not at issue here. of these appearances; cognition (shes pa) being clear (gsal ba), without sinking; cognition being naturally at ease; being easy to be with;[25]Note 25 · p. 548 · 'grogs na bde ba: Claude Fable 5.2 and Dharmamitra read "being at ease when in company". I follow GPT-6.2 Astra and Gemini 4 Neon, "easy to be with" (the idiom 'grogs bde ba), which fits the later item on acting in accord with others' minds. no affliction (nyon mongs pa) whatsoever being able to arise; even if an affliction does arise, not holding on to it as something lasting;[26]Note 26 · p. 548 · rtag par mi 'dzin pa can mean "not grasping it as permanent" (Gemini 4 Neon, Dharmamitra) or "not holding on to it continually". "Not holding on to it as something lasting" (after GPT-6.2 Astra, Claude Fable 5.2) is meant to cover both. no attachment arising toward beautiful forms; no hatred toward ugly forms; through the power of samādhi[27]Note 27 · p. 548 · ting nge 'dzin gyi nus pas: Adzom reads ting nge 'dzin mi nus pas ("being incapable of samādhi"). This makes no sense as a sign of accomplishment and is evidently a slip; I follow gyi. (ting nge 'dzin), no perception of food and drink arising; and, even when keeping company with people, acting in accord with the minds of others. These are the portents of passing completely into nirvāṇa.

"That nirvāṇa, moreover, is twofold: true and complete buddhahood (yang dag par rdzogs par sangs rgyas pa) and manifest and complete buddhahood (mngon par rdzogs par sangs rgyas pa). Of these, true and complete buddhahood is to attain buddhahood with no remainder of the aggregates (phung po).

[p. 549]

2.1.2.2 Signs of liberation in the intermediate state བར་དོར་གྲོལ་བའི་རྟགས་ཚད2.1.2.2 Signs of liberation in the intermediate state
For manifest complete buddhahood, lights (house- or ladder-like), sounds (roar or thud), coloured bone relics indicating the buddha-field, and peaceful or wrathful images occur, each indicating the time of awakening or capacity to emanate.

For the person who attains manifest and complete buddhahood, lights, sounds, bone relics (gdung), earth tremors and so forth occur.

"The lights are of two kinds: those that occur in the manner of a house of light ('od khyim),[29]Note 29 · p. 549 · 'od khyim: the glossary's "house of light" is used. GPT-6.2 Astra took it as light shaped like a house, Gemini 4 Neon as a halo, Claude Fable 5.2 and Dharmamitra as a dome. and those in which the light stands upright, occurring in the manner of a ladder. When it occurs like a house of light, one gains stability (brtan pa) after five days and attains manifest and complete buddhahood. When the light occurs like a ladder, one attains manifest and complete buddhahood in seven days.

"The sounds, too, are of two kinds. If the sound comes as a roar,[28]Note 28 · p. 549 · 'ur gyis byang na: read byung na, as in the parallel thug gis byung na. one attains manifest and complete buddhahood in seven days. If it comes as a thud, one attains manifest and complete buddhahood in fourteen days.

"The bone relics, too, are of five kinds. Those deep blue in color mean that one attains manifest and complete buddhahood in the buddha-field (zhing khams) of Vairocana. Those white in color mean that one attains manifest and complete buddhahood in the buddha-field of Vajrasattva.

[p. 550] Those yellow in color mean that of Ratnasambhava; red, that of Amitābha; green, that of Amoghasiddhi. If they occur in a variety of colors, one has reached the level on which the five kāyas (sku lnga) are spontaneously present (lhun gyis grub pa).

"The images (sku), too, are of two kinds:[30]Note 30 · p. 550 · sku: these are the forms of deities appearing among the remains, so "images" (Claude Fable 5.2; the glossary allows "image" for sku), not "kāya". Dharmamitra's "enlightened forms" and GPT-6.2 Astra's "sacred forms" are less exact. images of peaceful and of wrathful deities. If a peaceful image occurs, one gains stability the very moment these appearances cease, and is not able to send forth a nirmāṇakāya (sprul pa'i sku). If a wrathful image occurs, one gains stability in that very state,[31]Note 31 · p. 550 · de nyid la brtan pa thob pa is ambiguous. GPT-6.2 Astra has "in that very form", Gemini 4 Neon "in that very moment", Claude Fable 5.2 "in that very state", Dharmamitra "in reality itself". I follow Claude Fable 5.2 as the most neutral; Dharmamitra's reading would need a clearer term for suchness. and in twenty-one days is able to send forth a nirmāṇakāya.

"

2.1.2.3 Signs of finding relief in natural emanation fields རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད2.1.2.3 Signs of finding relief in natural emanation fields
If those signs are absent one is one birth from awakening. The Self-Arising adds measures of finding the buddhas' intent, posthumous signs, and diagnostic signs (solitude, caves, worldly involvement, madness, memory loss, ḍākinī prophecies) with remedies.

If those signs do not occur, one is separated by only a single birth[32]Note 32 · p. 550 · skye ba gcig gis thogs te: the glossary's "separated by only a single birth" is used. Gemini 4 Neon's "bound by" misreads thogs. (skye ba gcig gis thogs pa); and then it is impossible that they should again fail to occur[33]Note 33 · p. 550 · yang de bzhin du mi 'byung mi srid: taken with Claude Fable 5.2 to mean that in the next birth the signs cannot again fail to occur. Gemini 4 Neon and Dharmamitra obscure the force of yang. in just that way. In just that way lights, sounds, bone relics, images and, at the very least, relic pearls (ring bsrel) will occur."Rdo rje sems dpa' snying gi…Quotation (named in the text: རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས)
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[34]Note 34 · p. 550 · zhes pa dang closes the whole quotation from the Mirror of the Heart of Vajrasattva. Dharmamitra ends that quotation early and makes the last sentence a separate citation. Dharmamitra also runs on into the next part; that material is excluded here.

And the Self-Arising says:

"Grasp the measure of having found the enlightened intent (dgongs pa) of the buddhas by these: being endowed with bliss; having no manifest clinging to the world;

[p. 551] all appearances arising as light ('od);[35]Note 35 · p. 551 · Dharmamitra omits the first four items of the list (appearances as light, clusters of kāyas, bodily bliss, one-pointed cognition); all are restored from the Tibetan. seeing clusters (tshom bu) of kāyas unceasingly within the light; the body being blissful, without grasping ('dzin pa); cognition having become one-pointed;[36]Note 36 · p. 551 · shes pa: "cognition" per the glossary (so Claude Fable 5.2), against "knowing" (GPT-6.2 Astra) and "consciousness" (Gemini 4 Neon, Dharmamitra); ye shes is "primordial wisdom", against "timeless awareness" (Dharmamitra) and "primordial gnosis" (Claude Fable 5.2). cognition being naturally at ease; cognition being undistracted; cognition not engaging with anything else; realizing cognition to be nothing whatsoever; cognition being unchanging; cognition being clear without ceasing; cognition arising non-conceptually (mi rtog pa); cognition being self-liberated (rang grol) without grasping; having little grasping at outer and inner phenomena (chos); and having no attachment or clinging to the body.

"If one is endowed with those preliminary signs (snga rtags), one will pass without hindrance or obstruction into the appearances of primordial wisdom (ye shes kyi snang ba). Even after that child of noble family[37]Note 37 · p. 551 · rigs kyi bu de: "that child of noble family" is the subject of the sentence (GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra wrongly makes it a vocative. has passed into nirvāṇa, lights, sounds, bone relics, relic pearls, tremors of the earth and so forth will occur.

[p. 552] Buddhas and bodhisattvas (byang chub sems dpa'), too, will pay homage to that person, and so forth. Nonhuman beings will act as companions and will never be parted from that person. To have seen the world of light, wherever it lies,[38]Note 38 · p. 552 · 'od kyi 'jig rten … 'dzin pa ma skyes pa rang gis rang yin par shes pa'o: read with Claude Fable 5.2 as an equation (the non-arising of grasping is itself the knowing that it is oneself). Dharmamitra makes it causal and reads "the universe filled with light"; the Tibetan is "the world of light, wherever it lies". with no grasping at it arising, is to know by oneself that it is oneself.

"Having no heartfelt wish to keep company with people is the sign that one's own appearances have arisen. Going off to mountain caves is the sign of having found the enlightened intent of the buddhas. Being involved in worldly activities is the sign of having seen but one side of the appearances. If things come about in this way without even that, it is the sign of dealing in mere words and not having realized the depth. If one becomes like a madman, an obstructing māra (bdud) has arisen; therefore offer a vast feast gathering (tshogs) and take up the practice. If something like an impairment of recollection (dran pa)[39]Note 39 · p. 552 · dran pa nyams pa: "recollection" per the glossary default (a failing of memory or presence of mind), where all drafts have "mindfulness". occurs, it is the sign of not having seen the appearances; therefore the three channels (rtsa gsum) should be reversed.[40]Note 40 · p. 552 · rtsa gsum bzlog par bya: "the three channels should be reversed" with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra has "averting rituals of the Three Roots"; that later abbreviation is unlikely in a Seventeen Tantras passage, but the phrase is terse and the practice is not specified, so the reading remains tentative. If ḍākinīs (mkha' 'gro ma)

[p. 553] come giving prophecies, they are putting one to the test;[41]Note 41 · p. 553 · nyams lta ba: taken as the idiom "to test" (GPT-6.2 Astra, Claude Fable 5.2); Gemini 4 Neon and Dharmamitra read nyams as "experience" being tested. therefore direct oneself to enlightened intent. If the sequence of signs comes about in just that way, it is the sign that enlightened intent has reached its full measure."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 60 % of the words.

Thus it is said.

2.2 Signs and measures of the times ascertaining the instructions གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད2.2 Signs and measures of the times ascertaining the instructions
Treats signs tied to the times of practice. These include when experiences arise and how to recognize the buddhas' intent, the progressive appearances of expanse and awareness, and the experiences of the three unwavering samādhis. It closes with the Self-Arising's key points on recognition and on taking the measures of realization.

The second topic, the signs and measures of the times, which ascertain the oral instructions, has three parts: the general signs and measures, which ascertain the time of arising; the signs and measures of the nature, which ascertain the appearances that arise; and the signs and measures of the key points (gnad), given as subsequent instruction (gdams pa).

2.2.1 General signs ascertaining the time of arising ཤར་དུས་ངེས་པ་སྤྱིའི་རྟགས་ཚད2.2.1 General signs ascertaining the time of arising
Distinguishing the times of arising of varied appearances and experiences protects from māras and deviations. The Self-Arising specifies what to recognize at each stage and defines the buddhas' intent as selfless insight, unstrained concentration, non-abiding samādhi and non-conceptual view.

As for the first: when a diligent person takes the appearances of dharmatā (chos nyid) into practice, dissimilar appearances and various experiences (nyams) of cognition arise. If one therefore does not distinguish the particulars that ascertain their times, signs and measures, one will not be delivered from the narrow defile of māras, deviations and obscurations (gol sgrib). Hence this instruction on the three, the authentic signs, measures and times,[42]Note 42 · p. 553 · yang dag pa'i rtags tshad dus gsum: GPT-6.2 Astra, Gemini 4 Neon, Dharmamitra read "the three times of authentic signs and measures". I follow Claude Fable 5.2, "the three: signs, measures and times", since the preceding clause names exactly these three (dus rtags tshad) and the citation that follows gives eight occasions, not three. is precious.

What is it? The Self-Arising says:

"When insight (shes rab) has arisen in your mindstream (rgyud), recognize the kāyas. When samādhi has become

Translation notes
  • 1. [p. 543] nyams su blangs pa dag gi: Gemini 4 Neon and GPT-6.2 Astra take this as "of the practices / of practice", Dharmamitra and Claude Fable 5.2 as "of those who have practiced". The plural dag allows either; I follow Dharmamitra/Claude Fable 5.2.
  • 2. [p. 543] nges pa in the headings is rendered "ascertainment / is ascertained" rather than the glossary's "certainty", since it is a verbal noun here.
  • 3. [p. 543] klong du gyur pa is the idiom for consummate mastery. Gemini 4 Neon and Claude Fable 5.2 give only "mastery", GPT-6.2 Astra only the literal "has become one's very expanse", Dharmamitra "fully immersed". I keep the glossary's "vast expanse" together with the idiomatic sense.
  • 4. [p. 544] shes bya la mi srid pa is read as the idiom "impossible anywhere among the knowable", i.e. utterly impossible, as in Gemini 4 Neon. Dharmamitra and Claude Fable 5.2 have "impossible as objects of knowledge", which narrows the sense.
  • 5. [p. 544] thag chod pa is rendered "settled conclusively" to keep it distinct from la bzla ba ("decisive resolution"), which occurs on p. 545; Gemini 4 Neon uses "decisively resolved" for thag chod.
  • 6. [p. 544] grol grol po bde bde po: the reduplicated forms are rendered "ever so liberated, ever so blissful", close to Claude Fable 5.2. Dharmamitra's "distinctively liberated or uniquely blissful" over-reads.
  • 7. [p. 544] The [p. 545] marker falls mid-sentence in the Tibetan (before rtogs pas); the English clause order is arranged to keep it in place.
  • 8. [p. 545] 'khor 'das la zlos is la bzla ba, so the house rendering "decisively resolved" is used. The drafts have "surpassed / passed beyond / left behind", which loses the technical term.
  • 9. [p. 545] phyir mi ldog pa'i sa la de bzhin gshegs pa'i tshad ces bya is the naming construction "X la Y zhes bya": the irreversible level is itself called the measure of a tathāgata, as in Gemini 4 Neon. Claude Fable 5.2 and GPT-6.2 Astra construe it as "the measure of a tathāgata on the level of no return".
  • 10. [p. 545] rang sa is "one's own place" ("ground" is reserved for gzhi; Gemini 4 Neon, Claude Fable 5.2, GPT-6.2 Astra have "ground", Dharmamitra "state"). nam mkha' is "space" because it is a simile (Dharmamitra and GPT-6.2 Astra have "sky").
  • 11. [p. 545] Dharmamitra's "timeless awareness" and GPT-6.2 Astra's "primordial knowing" for ye shes, and Dharmamitra, Gemini 4 Neon, Claude Fable 5.2's "reality / nature of phenomena" for chos nyid, are replaced by the glossary terms.
  • 12. [p. 545] The three subheadings: Dharmamitra misconstrues them ("the time of certainty", "the number of certainty"), and GPT-6.2 Astra reverses the relation in the second and third. I follow Gemini 4 Neon and Claude Fable 5.2: the signs and measures are general, of time and of number, and what they ascertain is the practice, the oral instructions and the three times.
  • 13. [p. 545] gdams ngag is "oral instructions"; Dharmamitra and Gemini 4 Neon have "pith instructions", which is man ngag.
  • 14. [p. 546] Thal 'gyur: Dharmamitra's "Consequence Tantra" is corrected to the fixed title "Reverberation of Sound".
  • 15. [p. 546] zang thal: Dharmamitra's "transparently radiant" adds radiance that is not in the Tibetan.
  • 16. [p. 546] gtam zungs zad: zungs is taken as "vigor, vital strength", so the vigor for (ordinary) talk is spent. The drafts vary ("ordinary chatter", "vitality", "store", "impetus"); a reading gzungs is not adopted.
  • 17. [p. 546] lus kyi dbang po kun zad: lus is taken as the fifth sense faculty after eye, ear, nose and tongue, as in Gemini 4 Neon, Claude Fable 5.2, GPT-6.2 Astra, not "all the bodily faculties" as in Dharmamitra.
  • 18. [p. 546] rang gi de: the bare demonstrative is left as "that which is one's own". Dharmamitra ("that reality") and GPT-6.2 Astra ("that awareness") supply a referent the verse does not name.
  • 19. [p. 546] rang snang is "self-appearance" per the glossary; Dharmamitra and GPT-6.2 Astra have "one's own appearances".
  • 20. [p. 546] The Rang shar quotation is not finished; it continues in the next part.
  • 21. [p. 547] ltar bur yang: yang is read as "light" (yang ba), as the parallel prose in the Mirror of the Heart of Vajrasattva confirms (shing bal gyi 'dab ma bzhin du yang ba). Dharmamitra's "also as light" renders the syllable twice.
  • 22. [p. 547] dbugs 'byin pa'i rtags tshad nges pa: nges pa is taken as "ascertaining" (Gemini 4 Neon, Claude Fable 5.2), governing all three headings. Dharmamitra's "definitive signs and measures" is not followed.
  • 23. [p. 547] 'du shes is given its glossary rendering "perception" in both occurrences, where the drafts have "notion" or "thought". The drafts' "knowing", "consciousness" and "mind" for shes pa are corrected to the glossary's "cognition".
  • 24. [p. 548] yid mi 'jug pa: yid is rendered "mind", not "mentation", because the triad mind–mentation–consciousness is not at issue here.
  • 25. [p. 548] 'grogs na bde ba: Claude Fable 5.2 and Dharmamitra read "being at ease when in company". I follow GPT-6.2 Astra and Gemini 4 Neon, "easy to be with" (the idiom 'grogs bde ba), which fits the later item on acting in accord with others' minds.
  • 26. [p. 548] rtag par mi 'dzin pa can mean "not grasping it as permanent" (Gemini 4 Neon, Dharmamitra) or "not holding on to it continually". "Not holding on to it as something lasting" (after GPT-6.2 Astra, Claude Fable 5.2) is meant to cover both.
  • 27. [p. 548] ting nge 'dzin gyi nus pas: Adzom reads ting nge 'dzin mi nus pas ("being incapable of samādhi"). This makes no sense as a sign of accomplishment and is evidently a slip; I follow gyi.
  • 28. [p. 549] 'ur gyis byang na: read byung na, as in the parallel thug gis byung na.
  • 29. [p. 549] 'od khyim: the glossary's "house of light" is used. GPT-6.2 Astra took it as light shaped like a house, Gemini 4 Neon as a halo, Claude Fable 5.2 and Dharmamitra as a dome.
  • 30. [p. 550] sku: these are the forms of deities appearing among the remains, so "images" (Claude Fable 5.2; the glossary allows "image" for sku), not "kāya". Dharmamitra's "enlightened forms" and GPT-6.2 Astra's "sacred forms" are less exact.
  • 31. [p. 550] de nyid la brtan pa thob pa is ambiguous. GPT-6.2 Astra has "in that very form", Gemini 4 Neon "in that very moment", Claude Fable 5.2 "in that very state", Dharmamitra "in reality itself". I follow Claude Fable 5.2 as the most neutral; Dharmamitra's reading would need a clearer term for suchness.
  • 32. [p. 550] skye ba gcig gis thogs te: the glossary's "separated by only a single birth" is used. Gemini 4 Neon's "bound by" misreads thogs.
  • 33. [p. 550] yang de bzhin du mi 'byung mi srid: taken with Claude Fable 5.2 to mean that in the next birth the signs cannot again fail to occur. Gemini 4 Neon and Dharmamitra obscure the force of yang.
  • 34. [p. 550] zhes pa dang closes the whole quotation from the Mirror of the Heart of Vajrasattva. Dharmamitra ends that quotation early and makes the last sentence a separate citation. Dharmamitra also runs on into the next part; that material is excluded here.
  • 35. [p. 551] Dharmamitra omits the first four items of the list (appearances as light, clusters of kāyas, bodily bliss, one-pointed cognition); all are restored from the Tibetan.
  • 36. [p. 551] shes pa: "cognition" per the glossary (so Claude Fable 5.2), against "knowing" (GPT-6.2 Astra) and "consciousness" (Gemini 4 Neon, Dharmamitra); ye shes is "primordial wisdom", against "timeless awareness" (Dharmamitra) and "primordial gnosis" (Claude Fable 5.2).
  • 37. [p. 551] rigs kyi bu de: "that child of noble family" is the subject of the sentence (GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra wrongly makes it a vocative.
  • 38. [p. 552] 'od kyi 'jig rten … 'dzin pa ma skyes pa rang gis rang yin par shes pa'o: read with Claude Fable 5.2 as an equation (the non-arising of grasping is itself the knowing that it is oneself). Dharmamitra makes it causal and reads "the universe filled with light"; the Tibetan is "the world of light, wherever it lies".
  • 39. [p. 552] dran pa nyams pa: "recollection" per the glossary default (a failing of memory or presence of mind), where all drafts have "mindfulness".
  • 40. [p. 552] rtsa gsum bzlog par bya: "the three channels should be reversed" with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra has "averting rituals of the Three Roots"; that later abbreviation is unlikely in a Seventeen Tantras passage, but the phrase is terse and the practice is not specified, so the reading remains tentative.
  • 41. [p. 553] nyams lta ba: taken as the idiom "to test" (GPT-6.2 Astra, Claude Fable 5.2); Gemini 4 Neon and Dharmamitra read nyams as "experience" being tested.
  • 42. [p. 553] yang dag pa'i rtags tshad dus gsum: GPT-6.2 Astra, Gemini 4 Neon, Dharmamitra read "the three times of authentic signs and measures". I follow Claude Fable 5.2, "the three: signs, measures and times", since the preceding clause names exactly these three (dus rtags tshad) and the citation that follows gives eight occasions, not three.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 543]
དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་

Next, the ascertainment of the signs and measures[2]Note 2 · p. 543 · nges pa in the headings is rendered "ascertainment / is ascertained" rather than the glossary's "certainty", since it is a verbal noun here. (rtags tshad) of those who have practiced[1]Note 1 · p. 543 · nyams su blangs pa dag gi: Gemini 4 Neon and GPT-6.2 Astra take this as "of the practices / of practice", Dharmamitra and Claude Fable 5.2 as "of those who have practiced". The plural dag allows either; I follow Dharmamitra/Claude Fable 5.2. has two parts: a brief presentation of the essence (ngo bo) and an extensive explanation of the nature (rang bzhin).

1 Brief presentation of the essence ངོ་བོ་མདོར་བསྟན་པ1 Brief presentation of the essence
Presents the four confidences as the essential sign of mastery: no dread of hells, no fear of saṃsāra, no hope for nirvāṇa, and no elation over buddha qualities. All four rest on realizing that awareness is primordially undeluded. Together they constitute the irreversible measure of a tathāgata.
1.1 Confidence of having no dread even of the hells དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང1.1 Confidence of having no dread even of the hells
Since awareness has never known delusion and pleasure and pain cannot exist in it, saṃsāra is not present even as a name; one feels no terror of the lower realms and is sure of never going there again.

The first: because one has come to the vast expanse (klong) of full mastery[3]Note 3 · p. 543 · klong du gyur pa is the idiom for consummate mastery. Gemini 4 Neon and Claude Fable 5.2 give only "mastery", GPT-6.2 Astra only the literal "has become one's very expanse", Dharmamitra "fully immersed". I keep the glossary's "vast expanse" together with the idiomatic sense. in that natural Great Perfection (rang bzhin rdzogs pa chen po),

[p. 544]
གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང༌། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ༌། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་བ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་

there are the four confidences (gdeng bzhi): the confidence of having no dread even of the sufferings of the hot and cold hells; the confidence of having no fear of circling amid the pleasures and pains of saṃsāra ('khor ba); the confidence of having no hope for the level of nirvāṇa (mya ngan las 'das pa); and the confidence of having no elation over the qualities (yon tan) of buddhahood.

The first: even though one hears of the sufferings, the lifespans and so forth of the lower realms (ngan song), one feels no terror or dread of them. This is because one has settled conclusively[5]Note 5 · p. 544 · thag chod pa is rendered "settled conclusively" to keep it distinct from la bzla ba ("decisive resolution"), which occurs on p. 545; Gemini 4 Neon uses "decisively resolved" for thag chod. that, for awareness (rig pa), which has primordially (ye nas) never known delusion ('khrul pa), pleasure and pain cannot possibly exist anywhere among the knowable[4]Note 4 · p. 544 · shes bya la mi srid pa is read as the idiom "impossible anywhere among the knowable", i.e. utterly impossible, as in Gemini 4 Neon. Dharmamitra and Claude Fable 5.2 have "impossible as objects of knowledge", which narrows the sense. (shes bya). One is therefore convinced that saṃsāra is not present upon awareness even as a mere name, and one is at ease, sure that it is impossible now ever to go to the lower realms again.

1.2 Confidence of having no fear of circling in saṃsāra འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང1.2 Confidence of having no fear of circling in saṃsāra
Because awareness has emerged nakedly and turned back from karma and its ripening, there is no fear of falling into saṃsāra.

The second: because saṃsāra does not exist even as a mere name, awareness has emerged in its nakedness (rjen pa) and has turned back from karma (las) and karmic ripening (rnam smin), and so one has no fear of falling into saṃsāra.

1.3 Confidence of having no hope for nirvāṇa མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང1.3 Confidence of having no hope for nirvāṇa
Realizing that no separate liberated, blissful nirvāṇa exists in the essence of awareness, one is free of hope of attaining it.

The third: in the essence of awareness there is nothing present as a nirvāṇa that is ever so liberated, ever so blissful;[6]Note 6 · p. 544 · grol grol po bde bde po: the reduplicated forms are rendered "ever so liberated, ever so blissful", close to Claude Fable 5.2. Dharmamitra's "distinctively liberated or uniquely blissful" over-reads.[7]Note 7 · p. 544 · The [p. 545] marker falls mid-sentence in the Tibetan (before rtogs pas); the English clause order is arranged to keep it in place.

[p. 545]
རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས།
།མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང༌།
།ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་

because one has realized this, one is free of any hope of attaining it.

1.4 Confidence of having no elation over buddha qualities སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང1.4 Confidence of having no elation over buddha qualities
Having settled that there is no buddha apart from awareness, one has no elation over qualities to be reached elsewhere; the four confidences are then identified as the measure of the irreversible level, with scriptural support.

The fourth: because one has settled conclusively that there is no buddha apart from awareness itself, one has not so much as a speck of elation over qualities to be travelled to and attained elsewhere.

These four confidences, moreover, are present in the yogin (rnal 'byor pa) for whom the meaning of one's own awareness, self-arisen primordial wisdom[11]Note 11 · p. 545 · Dharmamitra's "timeless awareness" and GPT-6.2 Astra's "primordial knowing" for ye shes, and Dharmamitra, Gemini 4 Neon, Claude Fable 5.2's "reality / nature of phenomena" for chos nyid, are replaced by the glossary terms. (rang byung gi ye shes), primordial purity (ka dag) from the very beginning, the great exhaustion of phenomena (chos zad chen po), has become manifest. When saṃsāra and nirvāṇa have been decisively resolved (la bzla ba),[8]Note 8 · p. 545 · 'khor 'das la zlos is la bzla ba, so the house rendering "decisively resolved" is used. The drafts have "surpassed / passed beyond / left behind", which loses the technical term. one has arrived at the place of exhaustion in dharmatā (chos nyid zad sa), and one's own place (rang sa) has become like space,[10]Note 10 · p. 545 · rang sa is "one's own place" ("ground" is reserved for gzhi; Gemini 4 Neon, Claude Fable 5.2, GPT-6.2 Astra have "ground", Dharmamitra "state"). nam mkha' is "space" because it is a simile (Dharmamitra and GPT-6.2 Astra have "sky"). that level of no return is called[9]Note 9 · p. 545 · phyir mi ldog pa'i sa la de bzhin gshegs pa'i tshad ces bya is the naming construction "X la Y zhes bya": the irreversible level is itself called the measure of a tathāgata, as in Gemini 4 Neon. Claude Fable 5.2 and GPT-6.2 Astra construe it as "the measure of a tathāgata on the level of no return". "the measure (tshad) of a tathāgata." As the Tantra of the Heap of Jewels (Rin chen spungs pa'i rgyud) says:

By the four great confidences of the unchanging view (lta ba),
The measure of irreversible primordial wisdom, too, is to be grasped.Rin po che spungs paQuotation (named in the text: རིན་ཆེན་སྤུངས་པའི་རྒྱུད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: དམ་ཚིག), 50 % of the words.

And the Pearl Garland (Mu tig phreng ba) says:

The measure is the very yoga of the four confidences.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2 Extensive explanation of the nature རང་བཞིན་རྒྱས་པར་བཤད་པ2 Extensive explanation of the nature
Detailed account of the signs and measures of practice in three parts. The first gives general signs of liberation for different grades of practitioner. The second gives signs tied to the times of practice, covering the visions of expanse and awareness and the three samādhis. The third gives signs of past training, present mastery and posthumous outcome.

The second has three parts: the general signs and measures,[12]Note 12 · p. 545 · The three subheadings: Dharmamitra misconstrues them ("the time of certainty", "the number of certainty"), and GPT-6.2 Astra reverses the relation in the second and third. I follow Gemini 4 Neon and Claude Fable 5.2: the signs and measures are general, of time and of number, and what they ascertain is the practice, the oral instructions and the three times. by which the practice (nyams len) is ascertained; the signs and measures of time, by which the oral instructions (gdams ngag)[13]Note 13 · p. 545 · gdams ngag is "oral instructions"; Dharmamitra and Gemini 4 Neon have "pith instructions", which is man ngag.

[p. 546]
ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས།
།རྟགས་དང་ཚད་ནི་འདི་ལྟ་སྟེ།
།ལུས་ནི་ཡང་ཞིང་ཟང་ཐལ་སྣང༌།
།ས་ལ་རེག་མེད་ཐོགས་མེད་དང༌།
།ངག་གི་ནུས་རྫོགས་གཏམ་ཟུངས་ཟད།
།སེམས་ནི་འཕོ་བར་ནུས་པའོ།
།མིག་དང་རྣ་བ་སྣ་དང་ལྕེ།
།ལུས་ཀྱི་དབང་པོ་ཀུན་ཟད་དེ།
།རང་བཞིན་མེད་པར་གྱུར་པའི་ཚད།
།ཅེས་པ་དང༌། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད།
།འདི་ཡིས་ཡང་དག་གཟུང་བར་བྱ།
།གཅིག་པུར་བསྡད་ན་བདེ་བ་ཐོབ།
།རང་སྣང་གྲོགས་སུ་འཆར་བའི་ཕྱིར།
།ཕ་རོལ་སེམས་དང་མཐུན་པ་ཡིན།
།རང་གི་དེ་དང་མི་འབྲལ་ཕྱིར།
།ཆགས་དང་ཞེན་པ་མེད་པར་འགྱུར།
།རང་གི་ས་ལ་འགྲོ་བའི་ཕྱིར།
།

are ascertained; and the signs and measures of number, by which the three times are ascertained.

2.1 General signs and measures ascertaining the practice ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད2.1 General signs and measures ascertaining the practice
Presents the general signs and measures of practice from the Reverberation of Sound and Self-Arising: a light body, non-attachment and joy in solitude. It then details signs of liberation in this life, in the intermediate state and in natural emanation fields, with diagnostic signs and remedies.
2.1.1 Brief presentation མདོར་བསྟན་པ2.1.1 Brief presentation
Quotes the Reverberation of Sound on the signs of a light, transparent body, perfected speech, mind capable of transference and exhausted senses, and the Self-Arising on the measures of seeing awareness: joy in solitude, accord with others, non-attachment, lightness like cotton.

The first has two parts: a brief presentation and an extensive explanation. The first: the Reverberation of Sound (Thal 'gyur)[14]Note 14 · p. 546 · Thal 'gyur: Dharmamitra's "Consequence Tantra" is corrected to the fixed title "Reverberation of Sound". says:

From having practiced in that way,
The signs and measures are as follows:
The body is light and appears in unimpeded transparency (zang thal),[15]Note 15 · p. 546 · zang thal: Dharmamitra's "transparently radiant" adds radiance that is not in the Tibetan.
Not touching the earth, and unobstructed;
The power of speech is perfected, and the vigor for talk is spent;[16]Note 16 · p. 546 · gtam zungs zad: zungs is taken as "vigor, vital strength", so the vigor for (ordinary) talk is spent. The drafts vary ("ordinary chatter", "vitality", "store", "impetus"); a reading gzungs is not adopted.
The mind is capable of transference ('pho ba).
Eye and ear, nose and tongue,
And body, all the sense faculties[17]Note 17 · p. 546 · lus kyi dbang po kun zad: lus is taken as the fifth sense faculty after eye, ear, nose and tongue, as in Gemini 4 Neon, Claude Fable 5.2, GPT-6.2 Astra, not "all the bodily faculties" as in Dharmamitra. (dbang po) are exhausted:
This is the measure of having become without nature.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 93 % of the words.

And the Self-Arising (Rang shar) says:

The measure of seeing the king of awareness
Is to be rightly grasped by this:
If one stays alone, one finds happiness,
Because self-appearance (rang snang)[19]Note 19 · p. 546 · rang snang is "self-appearance" per the glossary; Dharmamitra and GPT-6.2 Astra have "one's own appearances". arises as one's companion.
One is in accord with the minds of others,
Because one is never apart from that which is one's own.[18]Note 18 · p. 546 · rang gi de: the bare demonstrative is left as "that which is one's own". Dharmamitra ("that reality") and GPT-6.2 Astra ("that awareness") supply a referent the verse does not name.
One comes to be without attachment and clinging (zhen pa),
Because one goes to one's own place.[20]Note 20 · p. 546 · The Rang shar quotation is not finished; it continues in the next part.

[p. 547]
གང་ལ་ཞེ་འདོད་བྱེད་མི་འགྱུར།
།རང་གི་དོན་ཉིད་རྙེད་པའི་ཕྱིར།
།ཤིང་བལ་འདབ་མ་ལྟ་བུར་ཡང༌།
།འབུ་དང་སྲིན་བུ་དེངས་པའི་ཕྱིར།
།ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང༌། བར་དོར་གྲོལ་བའི་རྟགས་ཚད་དང༌། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། །ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་

One does not come to yearn for anything,
Because one has found one's very own aim.
And one is light, like a tuft of cotton,[21]Note 21 · p. 547 · ltar bur yang: yang is read as "light" (yang ba), as the parallel prose in the Mirror of the Heart of Vajrasattva confirms (shing bal gyi 'dab ma bzhin du yang ba). Dharmamitra's "also as light" renders the syllable twice.
Because the insects and worms have dispersed.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 78 % of the words.

So it says.

2.1.2 Extensive explanation རྒྱས་པར་བཤད་པ2.1.2 Extensive explanation
Explains the signs of liberation for three grades of practitioner, drawing on the Mirror of the Heart of Vajrasattva and the Self-Arising. These are portents of nirvāṇa in this life, posthumous lights, sounds, relics and images marking awakening in the intermediate state, and signs of being one birth from awakening in natural emanation fields.

The extensive explanation has three parts: ascertaining the signs and measures of liberation[22]Note 22 · p. 547 · dbugs 'byin pa'i rtags tshad nges pa: nges pa is taken as "ascertaining" (Gemini 4 Neon, Claude Fable 5.2), governing all three headings. Dharmamitra's "definitive signs and measures" is not followed. for those of the highest diligence who have practiced in this life; the signs and measures of liberation in the intermediate state (bar do); and the signs and measures of finding relief in the natural emanation (rang bzhin sprul pa) buddha-fields.

2.1.2.1 Signs of liberation in this life for the most diligent ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད2.1.2.1 Signs of liberation in this life for the most diligent
Lists portents of passing into nirvāṇa—joy in solitude, lightness of body, non-attachment, clear and relaxed cognition, freedom from afflictions—and distinguishes true complete buddhahood, without remainder of the aggregates, from manifest complete buddhahood.

The Mirror of the Heart of Vajrasattva (rDo rje sems dpa' snying gi me long) says:

"O friends, make this prophecy, just so, to the individuals who abide in this teaching. For such a person these portents of passing into nirvāṇa will occur: being happy when staying alone; the body being light as a tuft of cotton; having no wish to keep company with people; feeling as though one were flying in the sky; having the perception ('du shes)[23]Note 23 · p. 547 · 'du shes is given its glossary rendering "perception" in both occurrences, where the drafts have "notion" or "thought". The drafts' "knowing", "consciousness" and "mind" for shes pa are corrected to the glossary's "cognition". that it would be a joy

[p. 548]
བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང༌། ཤེས་པ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང༌། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་

if these appearances (snang ba) were to cease; having no attachment to body and life; the mind not engaging with any[24]Note 24 · p. 548 · yid mi 'jug pa: yid is rendered "mind", not "mentation", because the triad mind–mentation–consciousness is not at issue here. of these appearances; cognition (shes pa) being clear (gsal ba), without sinking; cognition being naturally at ease; being easy to be with;[25]Note 25 · p. 548 · 'grogs na bde ba: Claude Fable 5.2 and Dharmamitra read "being at ease when in company". I follow GPT-6.2 Astra and Gemini 4 Neon, "easy to be with" (the idiom 'grogs bde ba), which fits the later item on acting in accord with others' minds. no affliction (nyon mongs pa) whatsoever being able to arise; even if an affliction does arise, not holding on to it as something lasting;[26]Note 26 · p. 548 · rtag par mi 'dzin pa can mean "not grasping it as permanent" (Gemini 4 Neon, Dharmamitra) or "not holding on to it continually". "Not holding on to it as something lasting" (after GPT-6.2 Astra, Claude Fable 5.2) is meant to cover both. no attachment arising toward beautiful forms; no hatred toward ugly forms; through the power of samādhi[27]Note 27 · p. 548 · ting nge 'dzin gyi nus pas: Adzom reads ting nge 'dzin mi nus pas ("being incapable of samādhi"). This makes no sense as a sign of accomplishment and is evidently a slip; I follow gyi. (ting nge 'dzin), no perception of food and drink arising; and, even when keeping company with people, acting in accord with the minds of others. These are the portents of passing completely into nirvāṇa.

"That nirvāṇa, moreover, is twofold: true and complete buddhahood (yang dag par rdzogs par sangs rgyas pa) and manifest and complete buddhahood (mngon par rdzogs par sangs rgyas pa). Of these, true and complete buddhahood is to attain buddhahood with no remainder of the aggregates (phung po).

[p. 549]
པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །
2.1.2.2 Signs of liberation in the intermediate state བར་དོར་གྲོལ་བའི་རྟགས་ཚད2.1.2.2 Signs of liberation in the intermediate state
For manifest complete buddhahood, lights (house- or ladder-like), sounds (roar or thud), coloured bone relics indicating the buddha-field, and peaceful or wrathful images occur, each indicating the time of awakening or capacity to emanate.

For the person who attains manifest and complete buddhahood, lights, sounds, bone relics (gdung), earth tremors and so forth occur.

"The lights are of two kinds: those that occur in the manner of a house of light ('od khyim),[29]Note 29 · p. 549 · 'od khyim: the glossary's "house of light" is used. GPT-6.2 Astra took it as light shaped like a house, Gemini 4 Neon as a halo, Claude Fable 5.2 and Dharmamitra as a dome. and those in which the light stands upright, occurring in the manner of a ladder. When it occurs like a house of light, one gains stability (brtan pa) after five days and attains manifest and complete buddhahood. When the light occurs like a ladder, one attains manifest and complete buddhahood in seven days.

"The sounds, too, are of two kinds. If the sound comes as a roar,[28]Note 28 · p. 549 · 'ur gyis byang na: read byung na, as in the parallel thug gis byung na. one attains manifest and complete buddhahood in seven days. If it comes as a thud, one attains manifest and complete buddhahood in fourteen days.

"The bone relics, too, are of five kinds. Those deep blue in color mean that one attains manifest and complete buddhahood in the buddha-field (zhing khams) of Vairocana. Those white in color mean that one attains manifest and complete buddhahood in the buddha-field of Vajrasattva.

[p. 550]
ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའིའོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང༌། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག དེའང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་མངོན་པར་ཞེན་པ་མེད་པ་དང༌།

Those yellow in color mean that of Ratnasambhava; red, that of Amitābha; green, that of Amoghasiddhi. If they occur in a variety of colors, one has reached the level on which the five kāyas (sku lnga) are spontaneously present (lhun gyis grub pa).

"The images (sku), too, are of two kinds:[30]Note 30 · p. 550 · sku: these are the forms of deities appearing among the remains, so "images" (Claude Fable 5.2; the glossary allows "image" for sku), not "kāya". Dharmamitra's "enlightened forms" and GPT-6.2 Astra's "sacred forms" are less exact. images of peaceful and of wrathful deities. If a peaceful image occurs, one gains stability the very moment these appearances cease, and is not able to send forth a nirmāṇakāya (sprul pa'i sku). If a wrathful image occurs, one gains stability in that very state,[31]Note 31 · p. 550 · de nyid la brtan pa thob pa is ambiguous. GPT-6.2 Astra has "in that very form", Gemini 4 Neon "in that very moment", Claude Fable 5.2 "in that very state", Dharmamitra "in reality itself". I follow Claude Fable 5.2 as the most neutral; Dharmamitra's reading would need a clearer term for suchness. and in twenty-one days is able to send forth a nirmāṇakāya.

"

2.1.2.3 Signs of finding relief in natural emanation fields རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད2.1.2.3 Signs of finding relief in natural emanation fields
If those signs are absent one is one birth from awakening. The Self-Arising adds measures of finding the buddhas' intent, posthumous signs, and diagnostic signs (solitude, caves, worldly involvement, madness, memory loss, ḍākinī prophecies) with remedies.

If those signs do not occur, one is separated by only a single birth[32]Note 32 · p. 550 · skye ba gcig gis thogs te: the glossary's "separated by only a single birth" is used. Gemini 4 Neon's "bound by" misreads thogs. (skye ba gcig gis thogs pa); and then it is impossible that they should again fail to occur[33]Note 33 · p. 550 · yang de bzhin du mi 'byung mi srid: taken with Claude Fable 5.2 to mean that in the next birth the signs cannot again fail to occur. Gemini 4 Neon and Dharmamitra obscure the force of yang. in just that way. In just that way lights, sounds, bone relics, images and, at the very least, relic pearls (ring bsrel) will occur."Rdo rje sems dpa' snying gi…Quotation (named in the text: རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས)
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[34]Note 34 · p. 550 · zhes pa dang closes the whole quotation from the Mirror of the Heart of Vajrasattva. Dharmamitra ends that quotation early and makes the last sentence a separate citation. Dharmamitra also runs on into the next part; that material is excluded here.

And the Self-Arising says:

"Grasp the measure of having found the enlightened intent (dgongs pa) of the buddhas by these: being endowed with bliss; having no manifest clinging to the world;

[p. 551]
སྣང་བ་ཐམས་ཅད་འོད་དུ་འཆར་བ་དང༌། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མི་འགག་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆར་བ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང༌། སྒྲ་དང༌། གདུང་དང༌། རིང་བསྲེལ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །སངས་

all appearances arising as light ('od);[35]Note 35 · p. 551 · Dharmamitra omits the first four items of the list (appearances as light, clusters of kāyas, bodily bliss, one-pointed cognition); all are restored from the Tibetan. seeing clusters (tshom bu) of kāyas unceasingly within the light; the body being blissful, without grasping ('dzin pa); cognition having become one-pointed;[36]Note 36 · p. 551 · shes pa: "cognition" per the glossary (so Claude Fable 5.2), against "knowing" (GPT-6.2 Astra) and "consciousness" (Gemini 4 Neon, Dharmamitra); ye shes is "primordial wisdom", against "timeless awareness" (Dharmamitra) and "primordial gnosis" (Claude Fable 5.2). cognition being naturally at ease; cognition being undistracted; cognition not engaging with anything else; realizing cognition to be nothing whatsoever; cognition being unchanging; cognition being clear without ceasing; cognition arising non-conceptually (mi rtog pa); cognition being self-liberated (rang grol) without grasping; having little grasping at outer and inner phenomena (chos); and having no attachment or clinging to the body.

"If one is endowed with those preliminary signs (snga rtags), one will pass without hindrance or obstruction into the appearances of primordial wisdom (ye shes kyi snang ba). Even after that child of noble family[37]Note 37 · p. 551 · rigs kyi bu de: "that child of noble family" is the subject of the sentence (GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra wrongly makes it a vocative. has passed into nirvāṇa, lights, sounds, bone relics, relic pearls, tremors of the earth and so forth will occur.

[p. 552]
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ༌། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བར་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ༌། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་

Buddhas and bodhisattvas (byang chub sems dpa'), too, will pay homage to that person, and so forth. Nonhuman beings will act as companions and will never be parted from that person. To have seen the world of light, wherever it lies,[38]Note 38 · p. 552 · 'od kyi 'jig rten … 'dzin pa ma skyes pa rang gis rang yin par shes pa'o: read with Claude Fable 5.2 as an equation (the non-arising of grasping is itself the knowing that it is oneself). Dharmamitra makes it causal and reads "the universe filled with light"; the Tibetan is "the world of light, wherever it lies". with no grasping at it arising, is to know by oneself that it is oneself.

"Having no heartfelt wish to keep company with people is the sign that one's own appearances have arisen. Going off to mountain caves is the sign of having found the enlightened intent of the buddhas. Being involved in worldly activities is the sign of having seen but one side of the appearances. If things come about in this way without even that, it is the sign of dealing in mere words and not having realized the depth. If one becomes like a madman, an obstructing māra (bdud) has arisen; therefore offer a vast feast gathering (tshogs) and take up the practice. If something like an impairment of recollection (dran pa)[39]Note 39 · p. 552 · dran pa nyams pa: "recollection" per the glossary default (a failing of memory or presence of mind), where all drafts have "mindfulness". occurs, it is the sign of not having seen the appearances; therefore the three channels (rtsa gsum) should be reversed.[40]Note 40 · p. 552 · rtsa gsum bzlog par bya: "the three channels should be reversed" with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra has "averting rituals of the Three Roots"; that later abbreviation is unlikely in a Seventeen Tantras passage, but the phrase is terse and the practice is not specified, so the reading remains tentative. If ḍākinīs (mkha' 'gro ma)

[p. 553]
དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །ཏིང་ངེ་འཛིན་སྟོབས་སུ་

come giving prophecies, they are putting one to the test;[41]Note 41 · p. 553 · nyams lta ba: taken as the idiom "to test" (GPT-6.2 Astra, Claude Fable 5.2); Gemini 4 Neon and Dharmamitra read nyams as "experience" being tested. therefore direct oneself to enlightened intent. If the sequence of signs comes about in just that way, it is the sign that enlightened intent has reached its full measure."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 60 % of the words.

Thus it is said.

2.2 Signs and measures of the times ascertaining the instructions གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད2.2 Signs and measures of the times ascertaining the instructions
Treats signs tied to the times of practice. These include when experiences arise and how to recognize the buddhas' intent, the progressive appearances of expanse and awareness, and the experiences of the three unwavering samādhis. It closes with the Self-Arising's key points on recognition and on taking the measures of realization.

The second topic, the signs and measures of the times, which ascertain the oral instructions, has three parts: the general signs and measures, which ascertain the time of arising; the signs and measures of the nature, which ascertain the appearances that arise; and the signs and measures of the key points (gnad), given as subsequent instruction (gdams pa).

2.2.1 General signs ascertaining the time of arising ཤར་དུས་ངེས་པ་སྤྱིའི་རྟགས་ཚད2.2.1 General signs ascertaining the time of arising
Distinguishing the times of arising of varied appearances and experiences protects from māras and deviations. The Self-Arising specifies what to recognize at each stage and defines the buddhas' intent as selfless insight, unstrained concentration, non-abiding samādhi and non-conceptual view.

As for the first: when a diligent person takes the appearances of dharmatā (chos nyid) into practice, dissimilar appearances and various experiences (nyams) of cognition arise. If one therefore does not distinguish the particulars that ascertain their times, signs and measures, one will not be delivered from the narrow defile of māras, deviations and obscurations (gol sgrib). Hence this instruction on the three, the authentic signs, measures and times,[42]Note 42 · p. 553 · yang dag pa'i rtags tshad dus gsum: GPT-6.2 Astra, Gemini 4 Neon, Dharmamitra read "the three times of authentic signs and measures". I follow Claude Fable 5.2, "the three: signs, measures and times", since the preceding clause names exactly these three (dus rtags tshad) and the citation that follows gives eight occasions, not three. is precious.

What is it? The Self-Arising says:

"When insight (shes rab) has arisen in your mindstream (rgyud), recognize the kāyas. When samādhi has become

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 7 quotations, 5 found on this wiki.
# p. Tibetan English Source On this wiki
1 545 མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང༌། By the four great confidences of the unchanging view … of irreversible primordial wisdom, too, is to be grasped. named: རིན་ཆེན་སྤུངས་པའི་རྒྱུད་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: དམ་ཚིག, 50 %
2 545 ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། The measure is the very yoga of the four confidences. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
3 546 དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ … ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། From having practiced in that way, The signs and … This is the measure of having become without nature. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 93 %
4 546 རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ … བུར་ཡང༌། །འབུ་དང་སྲིན་བུ་དེངས་པའི་ཕྱིར། The measure of seeing the king of awareness Is … of cotton, Because the insects and worms have dispersed. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 78 %
5 547 ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་ … དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ O friends, make this prophecy, just so, to the … the very least, relic pearls (ring bsrel) will occur." named: རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras high
not found
6 550 སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་ … དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ Grasp the measure of having found the enlightened intent … sign that enlightened intent has reached its full measure." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 60 %
7 553 རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ … གྱུར་ན་སངས་རྒྱས་ཀྱི་དགོངས་པ་རྙེད་པའོ་ When insight (shes rab) has arisen in your mindstream … one has found the enlightened intent of the buddhas." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 72 %