Tshig don mdzod (Longchenpa): Vajra topic 3 (3)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 3 (3)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 3 (3)
Jump to navigation Jump to search
← Vajra topic 3 (2)Tshig don mdzod: contentsVajra topic 4 (1) →

Vajra topic 3 · Showing How the Heart of Buddhahood Pervades · སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ
Pages 144–153 of the corrected base text (W22920 vol. 4), part 3 of 3.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 92] ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་

[p. 93] གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ་། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ་། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ་། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང་། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རངས་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་

[p. 94] མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང་། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་དུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་

[p. 95] བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །

[p. 96] སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །འདུལ་བ་མདོ་སྡེ་མངོན་པ་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང་། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང་། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །རྩ་བ་སྡོང་བུ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང་། །རྒྱལ་མཚན་དང་ནི་བླ་བྲེ་ཡང་། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་

[p. 97] སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང་། །གཟའ་ནི་ཁལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང་། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང་། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་

[p. 98] ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང་། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཅམ་ལ་བུ་མེད་པས་བཞིན་མེད་ལ། །བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་འཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་པས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང་། །ཞེས་པ་དང་། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང༌། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་གྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ༌། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། །དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཡེ་ཤེས་རབ་ལྔ་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པར་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེད་པའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོང་སྐུ་སྤྲུལ་སྐུ་དང༌། །འདུལ་བ་མདོ་སྡེ་མངོན་པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང༌། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ཅན་ཐམས་ཅད་རྫོགས། །ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང༌། །རྩ་བ་སྡོང་བུ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་ཡང༌། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང༌། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རིག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པས་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བ་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། །ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག» «།ཐམས་ཅད་མ་ལུས་སངས་རྒྱས་ཞིང༌། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་«༼༡༽«ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །» «ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་» «ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ༌། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་» «ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །འདུལ་བ་མདོ་སྡེ་མངོན་པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང༌། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་» «དང༌། །རྩ་བ་སྡོང་བུ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག» «།རོལ་མོ་རྣམས་དང་འཕེན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་ཡང༌། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་» «རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང༌། །» «རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །» «བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག» «།རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །» «གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །» «དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། །ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་» «པའོ།། » «།།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 225] ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་ སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་ གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་ རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ་། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ་། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ་། །

[p. 226] འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང་། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། ། དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་ རླུང་ཞེས་བྱའོ། །ཡེ་ཤེས་གྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་ དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་ དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང་། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་དུ་གནས། འཁོར་འདས་གཉིས་ ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་

[p. 227] ༄༅། །དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་ གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ལེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་ གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ ཡིན༑ ༑ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་ སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །འདུལ་བ་མདོ་སྡེ་མངོན་པ་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང་། འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང་། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་ བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་དང་ནི་བུད་མེད་གཟུགས། །

[p. 228] གཟའ་དང་སྐར་མ་སྦྱིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །རྩ་བ་སྡོང་བུ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང་། །རྒྱལ་མཚན་དང་ནི་བླ་བྲེ་ཡང་། །དེ་དག་འཁོར་དེ་སྣང་བའི་ ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་ པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང་། །གཟའ་ནི་ཁ་ལ་སྐར་མ་སོ། །སྦྱིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་དུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་ པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང་། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང་། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། ། ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྦྱིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྤྱི་འཇིག་བྲལ། །རྩ་བ་ཆོས་སྐུ་ཀུན་ རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་ དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་

[p. 229] རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་ སེམས་ལ་མི་ཚང་། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། །བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་ བསྡུས་པ་འདི་ན་མེད། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང་། །ཞེས་པ་དང་། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། ། ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 447] ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ་། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ་། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ་། །

[p. 448] འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང་། ཡང་དག་པའི་ས་ལ་སྤྱོད་པར་བྱེད་པའི་ཕྱིར་ན་སྤྱོད་བྱེད་ཀྱི་རླུང་ཞེས་བྱའོ། ། དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་ རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་ དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་ དད་དུ་འབྱེད། སྣང་བའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང་། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྤྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀྲོང་

[p. 449] ༄༅། །དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་ གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་ གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང་།མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང།དགེ་འདུན་དང་། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་ སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །འདུལ་བ་མདོ་སྡེ་མངོན་པ་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང་། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང་། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་ བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་དང་ནི་བུད་མེད་གཟུགས། །

[p. 450] གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །རྩ་བ་སྡོང་བུ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང་། །རྒྱལ་མཚན་དང་ནི་བླ་བྲེ་ཡང་། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང་། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང་། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང་། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་

[p. 451] རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང་། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲེད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང་། །ཞེས་པ་དང་། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 108] མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་ མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་ རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་ རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་ གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་ སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ ༡་ཡོན་ཏན་ ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་ མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་ བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་ དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་ རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི།

[p. 109] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་ བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་ བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ་། །ཡེ་ཤེས་ཀྱི་ འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ་། །ཡང་ དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ་། །འཁོར་བ་མྱང་འདས་སུ་སྒྲོལ་བས་ སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་ རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང་། ཡང་དག་ པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་ རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། ། ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་ བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། ། དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། དེ་དག་གི་དོན་གཞི་གནས་ཀྱི་ཡེ་ ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་ བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་ བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་ པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་ པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་

[p. 110] ། རྡོ་རྗེའི་གནས་གསུམ་པ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་རྒྱ་ཆེར་བཤད་པ། ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་ སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་ བྱུང་། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་ པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་ པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་ དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་ གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་ རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་ པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་ བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་ གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་ པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་ དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། ། ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་ དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་ གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་ དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་

[p. 111] ༈ ཚིག་དོན་རིན་པོ་ཆེའི་མཛོད། རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་ གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་ དང་། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། ། འདུལ་བ་མདོ་སྡེ་མངོན་པ་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་ དང་། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་ རྫོགས། །ཞེས་དང་། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་ གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་ དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་དང་ནི་བུད་ མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་ དང་། །རྩ་བ་སྡོང་བུ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་ དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང་། །རྒྱལ་མཚན་དང་ནི་ བླ་བྲེ་ཡང་། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། ། ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། ། རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། ། ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་ འཆི་བར་སྣང་། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ག་དག་ནི་ཡན་ལག་ལ། ། མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་ པགས། །སྒྲ་ནི་སྐད་ལ་རེག་ནི་ནང་། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་

[p. 112] ༈ རྡོ་རྗེའི་གནས་གསུམ་པ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་རྒྱ་ཆེར་བཤད་པ། རྐང་པ་རྒྱལ་མཚན་མིང་། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་ རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་ རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། ། སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་ འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། ། ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་ བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་ རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་ སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་ པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་ དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། ། ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང་། དེ་ ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་ བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་ བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་ མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་ བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་

[p. 113] ༈ ཚིག་དོན་རིན་པོ་ཆེའི་མཛོད། པས་བསྡུས་པ་འདི་ན་མེད། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། དཔེར་ན་ བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང་། །ཞེས་པ་དང་། སངས་ རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་ སོ༑ ༑ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་ པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 99] ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་ རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ན་ལྟ་དབང་པོ་ལྔ་མཚོན། བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་ སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་

[p. 100] ༄༅། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མི་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་ སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། ། སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང་།མུ་ཏིག་འཕྲེང་བ་ལས། སངས་རྒྱས་ཆོས་དངདགེ་འདུན་དང་། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། ། འདུལ་བ་མདོ་སྡེ་མངོན་པ་དང་། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང་། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང་། དེ་ཉིད་རྫོགས་

[p. 101] ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་ པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་ དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང་། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་ སྐྱོད་པར་བྱེད་པའི་ཤེས་རབ་དུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་ གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། །ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། ། ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ།།

[p. 102] ༄༅། །རྣམ་པར་རྟོག་པ་བྱ་མཚན་མིང་། །བླ་མ་དག་ནི་རང་མང་འོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རིན་ལྟ་བ་འགྱུར་བ་མེད། །དྲག་ ནི་ཆོས་སྐུ་སྐྱོ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉེར། །སྡོང་པོ་སྟོང་པར་ཐོག་ཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་ སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དེ་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་ མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། ། སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་

[p. 103] ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་ དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་ཉི་ཟླ་དང་། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །རྩ་བ་སྡོང་བུ་ཡལ་ག་དང་། །འདབ་ མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རིག །རོལ་མོ་རྣམས་དང་འཕོན་གདུགས་དང་། །རྒྱལ་མཚན་དང་ནི་བླ་བྲེ་ཡང་། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། ། ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མོ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་ བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང་། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང་། །ཡལ་ ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང་། །རོལ་མོ་ནང་ཁྲོལ་འཕན་ནི་མ་ཆུ། །གདུགས་ནི་རྐང་པ་རྒྱལ་

[p. 104] ༄༅། །རང་བཞིན་གནས་དངོས་ནི་སྙིང་ག་རིན་པོ་ཆེ་དཔལ་གྱི་བེའུ་ན་གནས་ལ། དེའི་གདངས་ནི་དུང་ཁང་བྷནྡྷ་འབར་བའི་གཞལ་ཡས་དང་། ལྟ་བྱེད་མིག་གི་གཞལ་ཡས་དང་། འགྱུ་བྱེད་རྩའི་ གཞལ་ཡས་ན་གནས་ཏེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་དང་ཤེས་པའི་རྩལ་ཡང་ལྔ། །ཐམས་ཅད་ལྔ་ལྔའི་ རང་བཞིན་ནོ། །ཞེས་པ་དང་། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་དང་། །གཞལ་ཡས་ཆེན་པོ་དེ་བཞིན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་པ་དང་། རང་ཤར་ལས། སེམས་ ཅན་ཀུན་ལ་རང་རིག་ནི། །སྙིང་གི་དཀྱིལ་ན་གནས་པའོ། །ཞེས་དང་། སེང་གེ་རྩལ་རྫོགས་ལས། ཨེ་མའོ་རིག་པའི་ཡེ་ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་ དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཙིཏྟ་རིན་ཆེན་གཞལ་ཡས་དང་། །རིན་ཆེན་རྩ་ཡི་གཞལ་ཡས་དང་། །རྣམ་དག་དུང་ཁང་གཞལ་ཡས་དང་། །བྲི་གུ་ཏ་ཡི་གཞལ་ཡས་སོ། །

[p. 105] ལུས་སེམས་ལ་མི་ཚང་། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། །བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་ སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། ཇི་ལྟར་ སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང་། །ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་ དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང་། །ཞེས་པ་དང་། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (15 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 144] ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང༌། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་

དུས་ནའང་འཕོ་འགྱུར་མེད་པས ] གྱུར W

[p. 145] པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ༌། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་

[p. 146] སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། །དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་

བྱའོ་ཞེས་སོ་དྲུག་པ་ངོ ] དྲག W

[p. 147] རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་

རིག་པ་ཉིད་⁁་ཤེས་རབ ] ཡེ W · ཉིད་ཤེས་རབ་ལྔར་ཡང་གནས ] ལྔ W · དང་ཤེས་པའི་ཆོས་ཐ་དད ] om. W · པའི་ཤེས་རབ་ཏུ་གནས་འཁོར ] དུ A D X · ཤེས་སུ་གནས་པས་མཛད་པ ] པར W

[p. 148] འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །

གང་དུའང་མ་ཕྱེ་བའི་དུས་ན ] ཕྱེད་པའི W · ལ་གནས་ཞེས་པ་དང་མུ ] om. W

[p. 149] དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། །འདུལ་བ་མདོ་སྡེ་མངོན་པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང༌། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། །ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །

དུས་ཆོས་སྐུ་ལོངས་སྐུ་སྤྲུལ ] ལོང W · ལུས་དང་སེམས་ལ་ཐམས་ཅད ] ཅན W

[p. 150] སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང༌། །རྩ་བ་སྡོང་བུ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་ཡང༌། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་

མོ་རྣམས་དང་འཕེན་གདུགས་དང ] འཕན W

[p. 151] སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང༌། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་

[p. 152] མྱོང་བདེ་བའི་རོ། །རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་

བདེ་བའི་རོ་རེག་ནི་བསམ ] རིག W · རྒྱལ་མཚན་རྟོགས་པ་མངོན་སངས ] པས W · པ་ལ་ཚང་བས་བྱུང་སྟེ ] བ W

[p. 153] བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། །ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Specific explanation of the pervading attributes ཁྱབ་ཆོས་བྱེ་བྲག་ཏུ་བཤད་པ [p. 139]
2.4 The five families རིགས་ཀྱི་ཆོས་ལྔ [p. 144]
Awareness as tathāgata, vajra, jewel, lotus and karma families, explained by its qualities; hence the five sense faculties now illustrate them, per the Vajra Mirror.
2.5 The five winds of primordial wisdom ཡེ་ཤེས་ཀྱི་རླུང་ལྔ [p. 145]
The five winds, correlated with the five sense pleasures: fire-accompanying, life-sustaining, lustre-generating, propelling and the compassionless karmic wind, explained and cited from Self-Arising Awareness.
2.6 The five attributes of essence, nature and compassion ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ [p. 146]
Gathers the preceding fives into the three kāyas of the ground as essence, nature and compassion. It presents the five insights, the threefold layering of kāya, light and wisdom, and the Three Jewels within the body. It concludes that all of saṃsāra and nirvāṇa is complete in the body, and in awareness as their source.
2.6.1 Gathering into the three kāyas of the ground's primordial wisdom གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ [p. 146] topical
The fives of essence, nature and compassion correspond to the kāyas, lights and wisdoms; the five kinds of compassion at buddhahood derive from the ground of arising spontaneously present in awareness now.
2.6.2 Awareness abiding as five insights རིག་པ་ཉིད་ཤེས་རབ་ལྔར་གནས་པ [p. 147] topical
Awareness abides as differentiating, gathering, pervading, propelling and liberating insight.
2.6.3 Threefold layering of kāya, light and primordial wisdom སྐུ་དང་འོད་དང་ཡེ་ཤེས་སུམ་བརྩེགས [p. 147] topical
Essence as kāya, nature as light, compassion as wisdom; for a yogin, equipoise, the undivided state and post-meditation are the three kāyas, and the Three Jewels abide complete in one's body (Self-Arising, Six Expanses, Garland of Pearls).
2.6.4 Extensive explanation correlating abiding reality with purity གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་པ [p. 148] topical
The buddhas of three times as body, speech and mind; all phenomena of appearance and existence, saṃsāra and nirvāṇa, are complete in the yogin's body and in awareness, detailed through the Garland of Pearls' correspondences of elements, celestial bodies, plants and offerings.
2.6.5 Completeness in awareness as the source of completeness in body, mind and appearance གཞི་རིག་པ་ལ་ཚང་བས་ལུས་སེམས་དང་སྣང་བ་ལ་ཚང་བ [p. 152] topical
Reasons that phenomena appear outwardly because they are complete in body and mind, and that because complete in awareness, like face and mirror reflection; supported by the All-Creating King and Inlaid Jewels.
3 Colophon of the third vajra topic མཇུག་བྱང [p. 153] topical
Concludes the extensive explanation of the third vajra topic, how the heart of buddhahood pervades.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 144] All phenomena of the three existences, none excepted,
are all, without exception, buddha-fields;[62]Note 62 · p. 144 · sangs rgyas zhing: GPT-6.2 Astra reads "are buddha", taking zhing as a connective; after final -s the connective would be shing, so I read "buddha-fields" with Claude Fable 5.2, Dharmamitra and Gemini 4 Neon. srid gsum is rendered "three existences" to keep it apart from khams gsum, "three realms".
a phenomenon other than buddhahood itself,
though they search, the Victorious Ones do not find.Gsang snyingQuotation (named in the text: གསང་སྙིང་ལས)
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, gsang ba'i snying po de kho na nyid nges pa, The Secret Essence Tantra (Guhyagarbha) · tantra; Nyingma Gyubum; Toh 832
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 78 % of the words.

So it is said.

2.4 The five families རིགས་ཀྱི་ཆོས་ལྔ2.4 The five families
Awareness as tathāgata, vajra, jewel, lotus and karma families, explained by its qualities; hence the five sense faculties now illustrate them, per the Vajra Mirror.

Fourth, as for the five families (rigs lnga): since one goes to the level of buddhahood in just the same way as the buddhas of the past, too, awakened through seeing awareness (rig pa) itself, it is the tathāgata family (de bzhin gshegs pa'i rigs).[63]Note 63 · p. 144 · de bzhin gshegs pa'i rigs: the sentence is an etymology (de bzhin "in the same way", gshegs "goes"). GPT-6.2 Astra turns it into "it is by going in that way that one awakens"; I keep the Tibetan order of the comparison, as Claude Fable 5.2, Dharmamitra and Gemini 4 Neon do. Since awareness itself is without shift or change even when born as any kind of being whatsoever, it is the vajra family (rdo rje'i rigs). Since qualities are spontaneously present in awareness, it is the jewel family. Since, although it dwells in saṃsāra, it is unstained by faults, it is the lotus family. Since enlightened activity (phrin las) is spontaneously present in awareness, it is the karma family (las kyi rigs).

Because it is thus primordially present as the five families, at present the five sense faculties have arisen as what illustrates them. The Vajra Mirror says:

The eye is explained as the vajra family;
the ear is the unfailing karma family;[64]Note 64 · p. 144 · don yod las kyi rigs: Claude Fable 5.2 and Dharmamitra expand don yod to Amoghasiddhi; I render it literally as "unfailing" (with GPT-6.2 Astra, Gemini 4 Neon), which keeps the allusion without adding a name.
the nose is the[61]Note 61 · p. 144 · The opening syllables phyug ma complete nam mkha' dbyings kyi dbang phyug ma, already rendered as "Dhātvīśvarī" at the end of the previous part; they are not translated again (Claude Fable 5.2, GPT-6.2 Astra and Gemini 4 Neon repeat them).

[p. 145] great lotus family;
likewise, the tongue is the jewel family;
the body is explained as the sugata family.Rdo rje sems dpa' snying gi…Quotation (named in the text: རྡོ་རྗེ་མེ་ལོང་ལས)
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it is said.

2.5 The five winds of primordial wisdom ཡེ་ཤེས་ཀྱི་རླུང་ལྔ2.5 The five winds of primordial wisdom
The five winds, correlated with the five sense pleasures: fire-accompanying, life-sustaining, lustre-generating, propelling and the compassionless karmic wind, explained and cited from Self-Arising Awareness.

Fifth, as for the five winds (rlung lnga): these are correlated with the five sense pleasures, the enjoyment of objects. They were taught at length above, but to explain them a little: because it brings down the warmth of the primordial wisdom of awareness,[65]Note 65 · p. 145 · rig pa ye shes kyi drod: Dharmamitra has "awareness and primordial wisdom" and GPT-6.2 Astra makes awareness the agent; I read "the warmth of the primordial wisdom of awareness" (Claude Fable 5.2, Gemini 4 Neon), in line with rig pa'i ye shes elsewhere in the topic. it is called the wind that accompanies fire. Because it sustains the life-force (srog) of saṃsāra and nirvāṇa ('khor 'das), it is the life-sustaining wind (srog 'dzin pa'i rlung). Because the five lights of primordial wisdom are present as its natural endowment, it is the wind that generates lustre and brilliance[66]Note 66 · p. 145 · bkrag dang gzi mdangs: all drafts have "radiance"; corrected to the glossary's "lustre and brilliance". yang dag pa'i sa is "authentic level" (Claude Fable 5.2, Dharmamitra), not "ground" (Gemini 4 Neon) or "stage of reality" (GPT-6.2 Astra). (bkrag dang gzi mdangs bskyed pa'i rlung). Because it conveys one to the authentic level, it is the propelling wind. Because it liberates saṃsāra into nirvāṇa (myang 'das), it is the compassionless karmic wind[67]Note 67 · p. 145 · snying rje med pa: rendered "compassionless" for glossary consistency, where the drafts have "merciless" or "pitiless". Rang shar is given as Self-Arising Awareness (Rig pa rang shar). (las kyi rlung) of the aeon.

Accordingly, Self-Arising Awareness also says:

Thus, as the nature of the five winds,
it abides in all sentient beings.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.

And:

Because it propels one to the authentic level, it is called the propelling wind. Because it sustains the life-force of pure primordial wisdom, it is

[p. 146] called the life-sustaining wind. Because the five lights of primordial wisdom are present as its natural endowment, it is called the wind that generates lustre and brilliance. Because through insight (shes rab) it is able to liberate into the authentic expanse (dbyings), it is called the compassionless karmic wind of the aeon. Because it is without union or separation ('du 'bral med pa) from the appearances of primordial wisdom (ye shes kyi snang ba), it is called the wind that abides together with fire.Rang sharQuotation (the text says: the same source)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 76 % of the words.

So it is said.

2.6 The five attributes of essence, nature and compassion ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ2.6 The five attributes of essence, nature and compassion
Gathers the preceding fives into the three kāyas of the ground as essence, nature and compassion. It presents the five insights, the threefold layering of kāya, light and wisdom, and the Three Jewels within the body. It concludes that all of saṃsāra and nirvāṇa is complete in the body, and in awareness as their source.

Sixth, as for the five features each of essence, nature and compassion:[68]Note 68 · p. 146 · chos lnga: rendered "five features", avoiding "qualities" (yon tan, Claude Fable 5.2 and GPT-6.2 Astra) and "aspects" (rnam pa, Gemini 4 Neon). gzhi gnas kyi ye shes sku gsum may also be read appositionally: "the primordial wisdom abiding as the ground, that is, the three kāyas".

2.6.1 Gathering into the three kāyas of the ground's primordial wisdom གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ2.6.1 Gathering into the three kāyas of the ground's primordial wisdom (topical division)
The fives of essence, nature and compassion correspond to the kāyas, lights and wisdoms; the five kinds of compassion at buddhahood derive from the ground of arising spontaneously present in awareness now.

here the meaning of all the foregoing is gathered into the three kāyas (sku gsum) of the primordial wisdom abiding as the ground (gzhi gnas kyi ye shes).

The five of essence are correlated with the kāyas that are the five grounds of arising ('char gzhi); the five of nature are correlated with the appearances of the five lights; and the five of compassion are correlated with the five primordial wisdoms. Hence, that at the level of buddhahood compassion arises as five—the compassion of natural force, the compassion that meets with objects as conditions,[69]Note 69 · p. 146 · rkyen yul dang 'phrad pa'i thugs rje: Gemini 4 Neon has "conditions and objects"; I read the object as the condition met with (Claude Fable 5.2, GPT-6.2 Astra). the compassion that is exhorted and supplicated, the compassion of manifold deeds, and the compassion that is unchanging toward those to be trained (gdul bya)—comes from the fact that at present,

[p. 147] in the primordial wisdom of awareness, the facet of the ground of arising is spontaneously present.

2.6.2 Awareness abiding as five insights རིག་པ་ཉིད་ཤེས་རབ་ལྔར་གནས་པ2.6.2 Awareness abiding as five insights (topical division)
Awareness abides as differentiating, gathering, pervading, propelling and liberating insight.

Awareness itself also abides as five kinds of insight.[70]Note 70 · p. 147 · shes rab: "insight" by the glossary (Dharmamitra "wisdom", Gemini 4 Neon "discerning wisdom"). chos nyid: "dharmatā" (Claude Fable 5.2 "reality itself", Dharmamitra and GPT-6.2 Astra "nature of phenomena"). 'od gsal: "luminosity" (Dharmamitra, Gemini 4 Neon "clear light"). Since it abides as differentiating insight, it differentiates the phenomena of appearance and of cognition as distinct. Since it is present as gathering insight, everything is complete within itself. Since it pervades all appearance and cognition (snang shes), it occurs as pervading insight. Since, in dependence on the wind of primordial wisdom, awareness is propelled through space, it abides as propelling insight. Since dharmatā severs the life-force of both saṃsāra and nirvāṇa, it occurs as liberating insight.

2.6.3 Threefold layering of kāya, light and primordial wisdom སྐུ་དང་འོད་དང་ཡེ་ཤེས་སུམ་བརྩེགས2.6.3 Threefold layering of kāya, light and primordial wisdom (topical division)
Essence as kāya, nature as light, compassion as wisdom; for a yogin, equipoise, the undivided state and post-meditation are the three kāyas, and the Three Jewels abide complete in one's body (Self-Arising, Six Expanses, Garland of Pearls).

Moreover, awareness itself abides as a threefold layering of kāya, light and primordial wisdom. Since its essence abides as kāya, the knowable (shes bya) arises as self-clear (rang gsal). Since its nature abides as light, luminosity unfolds in the vast expanse (klong). Since its compassion abides as primordial wisdom, enlightened deeds arise without partiality.[71]Note 71 · p. 147 · phyogs med: GPT-6.2 Astra has "in every direction without limit"; I take it as "without partiality" (Claude Fable 5.2, Dharmamitra, Gemini 4 Neon).

At present, if this is reckoned in terms of a yogin[72]Note 72 · p. 147 · The part breaks inside rnal 'byor pa. Dharmamitra omits the fragment; I carry the English through the opening clause (… zhig la brtsi na), and the next part should continue from "at the time of meditative equipoise". (rnal 'byor pa),

[p. 148] at the time of meditative equipoise (mnyam gzhag) it is the dharmakāya (chos sku); at the time when there is no division into either equipoise or post-meditation, it is the saṃbhogakāya (longs sku); and in post-meditation it is the nirmāṇakāya (sprul sku). As the Self-Arising Awareness says:

Awareness abiding without concepts is the dharmakāya.
Awareness unceasing and clear (gsal ba) is the saṃbhogakāya.
Awareness appearing as anything whatsoever is the nirmāṇakāya.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

In such a threefold abiding reality, the Three Jewels (dkon mchog gsum) abide as the very identity of what is primordially complete in itself. As the Six Vast Expanses says:

Buddha, Dharma and Saṅgha,
Primordially perfect, abide in one's own body.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 100 % of the words.

And as the Garland of Pearls says:

In this body of delusion, with its conceptual thought,
The stainless, pure dharmakāya
Abides in the manner of something left in place, unsought.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2.6.4 Extensive explanation correlating abiding reality with purity གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་པ2.6.4 Extensive explanation correlating abiding reality with purity (topical division)
The buddhas of three times as body, speech and mind; all phenomena of appearance and existence, saṃsāra and nirvāṇa, are complete in the yogin's body and in awareness, detailed through the Garland of Pearls' correspondences of elements, celestial bodies, plants and offerings.

To explain at length just how this abiding reality is, correlating it with purity:

The Self-Arising Awareness says:

Likewise, the buddhas of the three times
Are explained as one's own great appearance.

[p. 149] These, moreover, are the three: body, speech and mind.[73]Note 73 · p. 149 · yid in lus ngag yid gsum is rendered "mind", not the glossary's "mentation", because it stands in the triad body, speech and mind.
Speech is the buddha of the past.
Mind is the buddha of the future.
Body is the buddha of the present.
The three buddhas abide in this way.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.

And the Garland of Pearls says:

Buddha, Dharma and Saṅgha;
Teacher, place, retinue and time;
Dharmakāya, saṃbhogakāya and nirmāṇakāya;
Vinaya, Sūtra and Abhidharma;
Śrāvaka, pratyekabuddha and bodhisattva.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And:

The white phenomena of transcendence[74]Note 74 · p. 149 · 'das pa dkar ba'i chos: Gemini 4 Neon and GPT-6.2 Astra have "pure dharmas/qualities of nirvāṇa", Claude Fable 5.2 and Dharmamitra "white … of transcendence". I kept "white phenomena of transcendence": 'das pa here is the nirvāṇic side of the list just quoted (Three Jewels, kāyas, piṭakas, and so on), and "white" is the literal dkar ba.
Are all perfectly complete in body and mind.Mu tig phreng baQuotation (the text says: the same source)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 005 117 (a parallel), 100 % of the words.

And:

Since these themselves are perfectly complete,[75]Note 75 · p. 149 · de nyid rdzogs phyir: Dharmamitra and GPT-6.2 Astra read "complete within that/there", supplying a locative. There is no la particle, so I take de nyid as the subject ("these themselves are complete"). there is no place
Where they could be found by seeking them elsewhere.Mu tig phreng baQuotation (the text says: the same source)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0061-vol-01-text (a parallel: མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད), 70 % of the words.

When correlated with concordant purity, all phenomena of appearance and existence (snang srid), of saṃsāra and nirvāṇa, are taught to be complete in body and mind. As that same tantra says:

Earth, water, fire and wind,
Space (nam mkha'), and the sun and moon,

[p. 150] The forms of men and of women,
Planets, stars and clouds,
Trees, mountains and rocks,
Roots, trunks and branches,
Leaves, flowers and fruits,
Smell, taste, sound and touch,
Music, streamers and parasols,[77]Note 77 · p. 150 · 'phen gdugs is read as 'phan gdugs ("streamers and parasols"), as p. 151 ('phan ni chu) confirms.
Victory banners and canopies too:
These phenomena that appear as saṃsāra and nirvāṇa[76]Note 76 · p. 150 · de dag 'khor de snang ba'i chos: 'khor de is corrupt. Claude Fable 5.2, Dharmamitra and GPT-6.2 Astra read "saṃsāra" (as if 'khor ba'i); Gemini 4 Neon reads 'khor 'das. I follow Gemini 4 Neon, because Longchenpa's own introductory sentence paraphrases the line as snang srid 'khor 'das kyi chos thams cad.
Are complete in the yogin's own body.
Earth is the flesh, substance itself.[78]Note 78 · p. 150 · dngos po nyid: rendered "substance itself" (the solidity of the earth element), not the glossary's "entity", as the context demands.
Water is the blood, cohesion itself.
Fire is the warmth, ripening the whole body.
Wind is the breath, sustaining the body's vital constituents.
Space is the mind, sustaining the body's glow.[79]Note 79 · p. 150 · lus mdangs: Claude Fable 5.2, Gemini 4 Neon and GPT-6.2 Astra have "radiance", which the glossary reserves for gdangs; I use "glow".
Sun and moon are the eyes, which make things clear.
Men are birth itself.
Women appear as death.
The planets are the mouth, the stars the teeth.
The clouds are the hair, the trees the channels (rtsa).
The mountains are the body, the rocks the bones.
The root is the heart, the trunk the marrow.[80]Note 80 · p. 150 · sdong po rkang: Claude Fable 5.2 has "legs"; Gemini 4 Neon, Dharmamitra and GPT-6.2 Astra "marrow". I chose "marrow", since rkang pa ("feet") is assigned separately to the parasol on p. 151.
The branches are the limbs.
The flowers are the five sense faculties.
The fruit is what is formed

[p. 151] As the body.
Smell is the body hair, taste the skin.
Sound is the voice, touch the interior.
Music is the entrails, the streamers the water.[81]Note 81 · p. 151 · 'phan ni chu: Dharmamitra specifies "urine", Gemini 4 Neon and GPT-6.2 Astra "fluids/bodily waters". I kept the literal "water".
The parasol is the feet, the victory banner the name.
The canopies are the vapour.
In the yogin's body these are perfectly complete.
In awareness itself it is as follows:
The five elements are the five lights.
Sun and moon are insight and skillful means.
Man is the ground (gzhi), woman the path (lam).
The planets are the signs and measures (rtags tshad), the stars the Dharma.[82]Note 82 · p. 151 · skar ma chos: Claude Fable 5.2 and Dharmamitra read "Dharma/teachings", Gemini 4 Neon and GPT-6.2 Astra "phenomena/dharmas". I chose "the Dharma", since this list equates each item with qualities of ground, path and fruition; "phenomena" remains possible.
The clouds are compassion, pervading all.
The trees are the path on which compassion unfolds.
The mountains are the view (lta ba), without change.
The rocks are the dharmakāya, free of arising and perishing.
The root is the single cause of all phenomena.
The branches are the very limbs of awakening.
The trunk is one taste (ro gcig) in emptiness (stong pa).
The leaves are the all-pervading dharmadhātu (chos kyi dbyings).
The flowers are the very lamps (sgron ma) of primordial wisdom.
The fruit is the three kāyas, perfect in themselves.
Sound is the sound of the object (yul), dharmatā.[83]Note 83 · p. 151 · chos nyid yul gyi sgra: all drafts have "the sound of the domain of dharmatā". I render yul by the glossary's "object", taking dharmatā as the object itself; "domain of dharmatā" is also possible.
Smell resounds as the enlightened speech[84]Note 84 · p. 151 · dri ni … gsung du grag: Gemini 4 Neon and Dharmamitra take grag as "famed/renowned as"; with gsung (speech), "resounds as" (Claude Fable 5.2, GPT-6.2 Astra) is preferable. (gsung) of the buddhas.
Taste is the taste of the bliss of experience[85]Note 85 · p. 151 · The final line runs onto the next page (ro ni nyams / myong bde ba'i ro). I have completed it here ("Taste is the taste of the bliss of experience"), so the next part should begin with reg ni bsam gtan chen po'i gos. (nyams).

[p. 152] Touch is the garment of great meditative concentration (bsam gtan).
Music is the maṇḍala (dkyil 'khor) of the five lights, complete.
The streamers are the brilliance of clear colours.[87]Note 87 · p. 152 · 'phan and bla re are rendered "streamers" and "canopies" for continuity with the parallel list in the previous part (the drafts have "pennant(s)", "banners", "canopy").
The parasol is protection, the radiance (gdangs) of insight.[88]Note 88 · p. 152 · gdugs ni skyob pa shes rab gdangs: Dharmamitra's "protective resonance of wisdom" breaks the glossary (shes rab = insight, gdangs = radiance). I follow Gemini 4 Neon and Claude Fable 5.2.
The canopies are the key point (gnad) of the great pith instructions.
The victory banner is realization (rtogs pa), manifest buddhahood.[89]Note 89 · p. 152 · rgyal mtshan rtogs pa mngon sangs rgyas: Dharmamitra reads "the realization of manifest buddhahood". There is no genitive, so I take it as apposition with GPT-6.2 Astra, Gemini 4 Neon, Claude Fable 5.2: "realization, manifest buddhahood".
In the face of mind itself,[90]Note 90 · p. 152 · sems nyid ngo la: GPT-6.2 Astra, Gemini 4 Neon and Dharmamitra have "nature of mind", and Dharmamitra "actual presence" for ngo. The glossary reserves "nature" for rang bzhin and gives "face" for ngo, hence "in the face of mind itself" (close to Claude Fable 5.2). phenomena
Abide primordially in the manner of spontaneous presence.
Therefore all the phenomena of intellect (blo)
And of entities are mere imputations.Mu tig phreng baQuotation (the text says: the same source: དེ་ཉིད་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it says.

2.6.5 Completeness in awareness as the source of completeness in body, mind and appearance གཞི་རིག་པ་ལ་ཚང་བས་ལུས་སེམས་དང་སྣང་བ་ལ་ཚང་བ2.6.5 Completeness in awareness as the source of completeness in body, mind and appearance (topical division)
Reasons that phenomena appear outwardly because they are complete in body and mind, and that because complete in awareness, like face and mirror reflection; supported by the All-Creating King and Inlaid Jewels.

Moreover, if these were not complete in the ground, awareness,[91]Note 91 · p. 152 · gzhi rig pa: read as apposition, "the ground, awareness" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "ground awareness" or Dharmamitra's "awareness as the ground". The argument runs in three tiers: ground, body-mind, outer objects. they would not be complete in the substantial cause (nyer len), body and mind.[92]Note 92 · p. 152 · nyer len lus sems: Claude Fable 5.2 and Dharmamitra take nyer len as "appropriated" (body and mind as the appropriated aggregates). GPT-6.2 Astra and Gemini 4 Neon take it as "material cause" or "substantial basis". I follow the glossary's "substantial cause": body and mind are the proximate source of the outer appearances, as the face is of the reflection. The "appropriated" reading remains possible. If they were not complete in that, they would not be complete in the outer objects that appear to the mind. It is just as, since a barren woman has no child, there is no face, and since there is no face, it does not appear in a mirror. Their appearing in appearances[93]Note 93 · p. 152 · snang ba la snang ba: taken as "their appearing in appearances", i.e. in the outer objects, parallel to phyi yul la tshang (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "that appearances appear" loses the locative. comes from their being complete in body and mind, and that comes from their being complete in awareness. Since Devadatta has a head, he has a face, and since he has that, a reflection arises within the mirror:[86]Note 86 · p. 152 · The opening words myong bde ba'i ro are the tail of the line "Taste is the taste of the bliss of experience", already rendered at the end of the previous part, so they are not repeated. GPT-6.2 Astra, Gemini 4 Neon and Dharmamitra retranslate the line.

[p. 153] it is just like that.[94]Note 94 · p. 153 · bzhin no falls after the page break. Dharmamitra drops it and leaves nothing under the marker at that point. I split the sentence so that "it is just like that" stands after the marker. These points, too, are stated in the All-Creating King:

However things appear, they are my essence itself (ngo bo nyid).[95]Note 95 · p. 153 · ngo bo nyid / ngo bo in the Kun byed verse: rendered "essence itself" and "essence" per the glossary. Dharmamitra's "essence … nature" wrongly introduces rang bzhin.
However they arise, they are my essence.
Phenomena other than me
Do not exist here in all that is comprised by appearance and existence.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: medium confidence (The root tantra of the Mind Class.)
The quoted words were not found among the texts on this wiki.

And in the Inlaid Jewels:

For example, it is like a face and a mirror:
Whatever appears, appears therein in just that way.Nor bu 'phra bkodQuotation (named in the text: ནོར་བུ་འཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And:

All buddha-fields (zhing khams), without exception,
Are empty and selfless, the great vastness.Nor bu 'phra bkodQuotation (the text says: the same source)

The quoted words are in Ngb-pt-0066-vol-01-text (the text itself), 100 % of the words.
[96]Note 96 · p. 153 · yangs pa che: rendered "the great vastness". Claude Fable 5.2's "great vast expanse" would collide with klong, and GPT-6.2 Astra's "immense expanse" with dbyings.

Thus it is said.

3 Colophon of the third vajra topic མཇུག་བྱང3 Colophon of the third vajra topic (topical division)
Concludes the extensive explanation of the third vajra topic, how the heart of buddhahood pervades.

From the Precious Treasury of Words and Meanings, this is the extensive explanation of the third vajra topic, the teaching on how the heart of buddhahood pervades.[97]Note 97 · p. 153 · sangs rgyas kyi snying po: "heart of buddhahood" per the glossary, against "buddha-nature" (GPT-6.2 Astra, Dharmamitra) and "buddha-essence" or "essence of buddhahood" (Gemini 4 Neon, Claude Fable 5.2), since "essence" is reserved for ngo bo.

Translation notes
  • 61. [p. 144] The opening syllables phyug ma complete nam mkha' dbyings kyi dbang phyug ma, already rendered as "Dhātvīśvarī" at the end of the previous part; they are not translated again (Claude Fable 5.2, GPT-6.2 Astra and Gemini 4 Neon repeat them).
  • 62. [p. 144] sangs rgyas zhing: GPT-6.2 Astra reads "are buddha", taking zhing as a connective; after final -s the connective would be shing, so I read "buddha-fields" with Claude Fable 5.2, Dharmamitra and Gemini 4 Neon. srid gsum is rendered "three existences" to keep it apart from khams gsum, "three realms".
  • 63. [p. 144] de bzhin gshegs pa'i rigs: the sentence is an etymology (de bzhin "in the same way", gshegs "goes"). GPT-6.2 Astra turns it into "it is by going in that way that one awakens"; I keep the Tibetan order of the comparison, as Claude Fable 5.2, Dharmamitra and Gemini 4 Neon do.
  • 64. [p. 144] don yod las kyi rigs: Claude Fable 5.2 and Dharmamitra expand don yod to Amoghasiddhi; I render it literally as "unfailing" (with GPT-6.2 Astra, Gemini 4 Neon), which keeps the allusion without adding a name.
  • 65. [p. 145] rig pa ye shes kyi drod: Dharmamitra has "awareness and primordial wisdom" and GPT-6.2 Astra makes awareness the agent; I read "the warmth of the primordial wisdom of awareness" (Claude Fable 5.2, Gemini 4 Neon), in line with rig pa'i ye shes elsewhere in the topic.
  • 66. [p. 145] bkrag dang gzi mdangs: all drafts have "radiance"; corrected to the glossary's "lustre and brilliance". yang dag pa'i sa is "authentic level" (Claude Fable 5.2, Dharmamitra), not "ground" (Gemini 4 Neon) or "stage of reality" (GPT-6.2 Astra).
  • 67. [p. 145] snying rje med pa: rendered "compassionless" for glossary consistency, where the drafts have "merciless" or "pitiless". Rang shar is given as Self-Arising Awareness (Rig pa rang shar).
  • 68. [p. 146] chos lnga: rendered "five features", avoiding "qualities" (yon tan, Claude Fable 5.2 and GPT-6.2 Astra) and "aspects" (rnam pa, Gemini 4 Neon). gzhi gnas kyi ye shes sku gsum may also be read appositionally: "the primordial wisdom abiding as the ground, that is, the three kāyas".
  • 69. [p. 146] rkyen yul dang 'phrad pa'i thugs rje: Gemini 4 Neon has "conditions and objects"; I read the object as the condition met with (Claude Fable 5.2, GPT-6.2 Astra).
  • 70. [p. 147] shes rab: "insight" by the glossary (Dharmamitra "wisdom", Gemini 4 Neon "discerning wisdom"). chos nyid: "dharmatā" (Claude Fable 5.2 "reality itself", Dharmamitra and GPT-6.2 Astra "nature of phenomena"). 'od gsal: "luminosity" (Dharmamitra, Gemini 4 Neon "clear light").
  • 71. [p. 147] phyogs med: GPT-6.2 Astra has "in every direction without limit"; I take it as "without partiality" (Claude Fable 5.2, Dharmamitra, Gemini 4 Neon).
  • 72. [p. 147] The part breaks inside rnal 'byor pa. Dharmamitra omits the fragment; I carry the English through the opening clause (… zhig la brtsi na), and the next part should continue from "at the time of meditative equipoise".
  • 73. [p. 149] yid in lus ngag yid gsum is rendered "mind", not the glossary's "mentation", because it stands in the triad body, speech and mind.
  • 74. [p. 149] 'das pa dkar ba'i chos: Gemini 4 Neon and GPT-6.2 Astra have "pure dharmas/qualities of nirvāṇa", Claude Fable 5.2 and Dharmamitra "white … of transcendence". I kept "white phenomena of transcendence": 'das pa here is the nirvāṇic side of the list just quoted (Three Jewels, kāyas, piṭakas, and so on), and "white" is the literal dkar ba.
  • 75. [p. 149] de nyid rdzogs phyir: Dharmamitra and GPT-6.2 Astra read "complete within that/there", supplying a locative. There is no la particle, so I take de nyid as the subject ("these themselves are complete").
  • 76. [p. 150] de dag 'khor de snang ba'i chos: 'khor de is corrupt. Claude Fable 5.2, Dharmamitra and GPT-6.2 Astra read "saṃsāra" (as if 'khor ba'i); Gemini 4 Neon reads 'khor 'das. I follow Gemini 4 Neon, because Longchenpa's own introductory sentence paraphrases the line as snang srid 'khor 'das kyi chos thams cad.
  • 77. [p. 150] 'phen gdugs is read as 'phan gdugs ("streamers and parasols"), as p. 151 ('phan ni chu) confirms.
  • 78. [p. 150] dngos po nyid: rendered "substance itself" (the solidity of the earth element), not the glossary's "entity", as the context demands.
  • 79. [p. 150] lus mdangs: Claude Fable 5.2, Gemini 4 Neon and GPT-6.2 Astra have "radiance", which the glossary reserves for gdangs; I use "glow".
  • 80. [p. 150] sdong po rkang: Claude Fable 5.2 has "legs"; Gemini 4 Neon, Dharmamitra and GPT-6.2 Astra "marrow". I chose "marrow", since rkang pa ("feet") is assigned separately to the parasol on p. 151.
  • 81. [p. 151] 'phan ni chu: Dharmamitra specifies "urine", Gemini 4 Neon and GPT-6.2 Astra "fluids/bodily waters". I kept the literal "water".
  • 82. [p. 151] skar ma chos: Claude Fable 5.2 and Dharmamitra read "Dharma/teachings", Gemini 4 Neon and GPT-6.2 Astra "phenomena/dharmas". I chose "the Dharma", since this list equates each item with qualities of ground, path and fruition; "phenomena" remains possible.
  • 83. [p. 151] chos nyid yul gyi sgra: all drafts have "the sound of the domain of dharmatā". I render yul by the glossary's "object", taking dharmatā as the object itself; "domain of dharmatā" is also possible.
  • 84. [p. 151] dri ni … gsung du grag: Gemini 4 Neon and Dharmamitra take grag as "famed/renowned as"; with gsung (speech), "resounds as" (Claude Fable 5.2, GPT-6.2 Astra) is preferable.
  • 85. [p. 151] The final line runs onto the next page (ro ni nyams / myong bde ba'i ro). I have completed it here ("Taste is the taste of the bliss of experience"), so the next part should begin with reg ni bsam gtan chen po'i gos.
  • 86. [p. 152] The opening words myong bde ba'i ro are the tail of the line "Taste is the taste of the bliss of experience", already rendered at the end of the previous part, so they are not repeated. GPT-6.2 Astra, Gemini 4 Neon and Dharmamitra retranslate the line.
  • 87. [p. 152] 'phan and bla re are rendered "streamers" and "canopies" for continuity with the parallel list in the previous part (the drafts have "pennant(s)", "banners", "canopy").
  • 88. [p. 152] gdugs ni skyob pa shes rab gdangs: Dharmamitra's "protective resonance of wisdom" breaks the glossary (shes rab = insight, gdangs = radiance). I follow Gemini 4 Neon and Claude Fable 5.2.
  • 89. [p. 152] rgyal mtshan rtogs pa mngon sangs rgyas: Dharmamitra reads "the realization of manifest buddhahood". There is no genitive, so I take it as apposition with GPT-6.2 Astra, Gemini 4 Neon, Claude Fable 5.2: "realization, manifest buddhahood".
  • 90. [p. 152] sems nyid ngo la: GPT-6.2 Astra, Gemini 4 Neon and Dharmamitra have "nature of mind", and Dharmamitra "actual presence" for ngo. The glossary reserves "nature" for rang bzhin and gives "face" for ngo, hence "in the face of mind itself" (close to Claude Fable 5.2).
  • 91. [p. 152] gzhi rig pa: read as apposition, "the ground, awareness" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "ground awareness" or Dharmamitra's "awareness as the ground". The argument runs in three tiers: ground, body-mind, outer objects.
  • 92. [p. 152] nyer len lus sems: Claude Fable 5.2 and Dharmamitra take nyer len as "appropriated" (body and mind as the appropriated aggregates). GPT-6.2 Astra and Gemini 4 Neon take it as "material cause" or "substantial basis". I follow the glossary's "substantial cause": body and mind are the proximate source of the outer appearances, as the face is of the reflection. The "appropriated" reading remains possible.
  • 93. [p. 152] snang ba la snang ba: taken as "their appearing in appearances", i.e. in the outer objects, parallel to phyi yul la tshang (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "that appearances appear" loses the locative.
  • 94. [p. 153] bzhin no falls after the page break. Dharmamitra drops it and leaves nothing under the marker at that point. I split the sentence so that "it is just like that" stands after the marker.
  • 95. [p. 153] ngo bo nyid / ngo bo in the Kun byed verse: rendered "essence itself" and "essence" per the glossary. Dharmamitra's "essence … nature" wrongly introduces rang bzhin.
  • 96. [p. 153] yangs pa che: rendered "the great vastness". Claude Fable 5.2's "great vast expanse" would collide with klong, and GPT-6.2 Astra's "immense expanse" with dbyings.
  • 97. [p. 153] sangs rgyas kyi snying po: "heart of buddhahood" per the glossary, against "buddha-nature" (GPT-6.2 Astra, Dharmamitra) and "buddha-essence" or "essence of buddhahood" (Gemini 4 Neon, Claude Fable 5.2), since "essence" is reserved for ngo bo.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 144]
ཕྱུག་མ།
།སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང༌།
།སངས་རྒྱས་ཉིད་ལས་གཞན་པའི་ཆོས།
།བཙལ་ཡང་རྒྱལ་བས་མི་རྙེད་དོ།
།ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད།
།རྣ་བ་དོན་ཡོད་ལས་ཀྱི་རིགས།
།སྣ་ནི་

All phenomena of the three existences, none excepted,
are all, without exception, buddha-fields;[62]Note 62 · p. 144 · sangs rgyas zhing: GPT-6.2 Astra reads "are buddha", taking zhing as a connective; after final -s the connective would be shing, so I read "buddha-fields" with Claude Fable 5.2, Dharmamitra and Gemini 4 Neon. srid gsum is rendered "three existences" to keep it apart from khams gsum, "three realms".
a phenomenon other than buddhahood itself,
though they search, the Victorious Ones do not find.Gsang snyingQuotation (named in the text: གསང་སྙིང་ལས)
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, gsang ba'i snying po de kho na nyid nges pa, The Secret Essence Tantra (Guhyagarbha) · tantra; Nyingma Gyubum; Toh 832
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 78 % of the words.

So it is said.

2.4 The five families རིགས་ཀྱི་ཆོས་ལྔ2.4 The five families
Awareness as tathāgata, vajra, jewel, lotus and karma families, explained by its qualities; hence the five sense faculties now illustrate them, per the Vajra Mirror.

Fourth, as for the five families (rigs lnga): since one goes to the level of buddhahood in just the same way as the buddhas of the past, too, awakened through seeing awareness (rig pa) itself, it is the tathāgata family (de bzhin gshegs pa'i rigs).[63]Note 63 · p. 144 · de bzhin gshegs pa'i rigs: the sentence is an etymology (de bzhin "in the same way", gshegs "goes"). GPT-6.2 Astra turns it into "it is by going in that way that one awakens"; I keep the Tibetan order of the comparison, as Claude Fable 5.2, Dharmamitra and Gemini 4 Neon do. Since awareness itself is without shift or change even when born as any kind of being whatsoever, it is the vajra family (rdo rje'i rigs). Since qualities are spontaneously present in awareness, it is the jewel family. Since, although it dwells in saṃsāra, it is unstained by faults, it is the lotus family. Since enlightened activity (phrin las) is spontaneously present in awareness, it is the karma family (las kyi rigs).

Because it is thus primordially present as the five families, at present the five sense faculties have arisen as what illustrates them. The Vajra Mirror says:

The eye is explained as the vajra family;
the ear is the unfailing karma family;[64]Note 64 · p. 144 · don yod las kyi rigs: Claude Fable 5.2 and Dharmamitra expand don yod to Amoghasiddhi; I render it literally as "unfailing" (with GPT-6.2 Astra, Gemini 4 Neon), which keeps the allusion without adding a name.
the nose is the[61]Note 61 · p. 144 · The opening syllables phyug ma complete nam mkha' dbyings kyi dbang phyug ma, already rendered as "Dhātvīśvarī" at the end of the previous part; they are not translated again (Claude Fable 5.2, GPT-6.2 Astra and Gemini 4 Neon repeat them).

[p. 145]
པདྨའི་རིགས་ཆེན་པོ།
།དེ་བཞིན་ལྕེ་ནི་རིན་ཆེན་རིགས།
།ལུས་ནི་བདེ་གཤེགས་རིགས་སུ་བཤད།
།ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ༌། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ།
།སེམས་ཅན་ཀུན་ལ་གནས་པའོ།
།ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་

great lotus family;
likewise, the tongue is the jewel family;
the body is explained as the sugata family.Rdo rje sems dpa' snying gi…Quotation (named in the text: རྡོ་རྗེ་མེ་ལོང་ལས)
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it is said.

2.5 The five winds of primordial wisdom ཡེ་ཤེས་ཀྱི་རླུང་ལྔ2.5 The five winds of primordial wisdom
The five winds, correlated with the five sense pleasures: fire-accompanying, life-sustaining, lustre-generating, propelling and the compassionless karmic wind, explained and cited from Self-Arising Awareness.

Fifth, as for the five winds (rlung lnga): these are correlated with the five sense pleasures, the enjoyment of objects. They were taught at length above, but to explain them a little: because it brings down the warmth of the primordial wisdom of awareness,[65]Note 65 · p. 145 · rig pa ye shes kyi drod: Dharmamitra has "awareness and primordial wisdom" and GPT-6.2 Astra makes awareness the agent; I read "the warmth of the primordial wisdom of awareness" (Claude Fable 5.2, Gemini 4 Neon), in line with rig pa'i ye shes elsewhere in the topic. it is called the wind that accompanies fire. Because it sustains the life-force (srog) of saṃsāra and nirvāṇa ('khor 'das), it is the life-sustaining wind (srog 'dzin pa'i rlung). Because the five lights of primordial wisdom are present as its natural endowment, it is the wind that generates lustre and brilliance[66]Note 66 · p. 145 · bkrag dang gzi mdangs: all drafts have "radiance"; corrected to the glossary's "lustre and brilliance". yang dag pa'i sa is "authentic level" (Claude Fable 5.2, Dharmamitra), not "ground" (Gemini 4 Neon) or "stage of reality" (GPT-6.2 Astra). (bkrag dang gzi mdangs bskyed pa'i rlung). Because it conveys one to the authentic level, it is the propelling wind. Because it liberates saṃsāra into nirvāṇa (myang 'das), it is the compassionless karmic wind[67]Note 67 · p. 145 · snying rje med pa: rendered "compassionless" for glossary consistency, where the drafts have "merciless" or "pitiless". Rang shar is given as Self-Arising Awareness (Rig pa rang shar). (las kyi rlung) of the aeon.

Accordingly, Self-Arising Awareness also says:

Thus, as the nature of the five winds,
it abides in all sentient beings.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.

And:

Because it propels one to the authentic level, it is called the propelling wind. Because it sustains the life-force of pure primordial wisdom, it is

[p. 146]
སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲུག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། །དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་

called the life-sustaining wind. Because the five lights of primordial wisdom are present as its natural endowment, it is called the wind that generates lustre and brilliance. Because through insight (shes rab) it is able to liberate into the authentic expanse (dbyings), it is called the compassionless karmic wind of the aeon. Because it is without union or separation ('du 'bral med pa) from the appearances of primordial wisdom (ye shes kyi snang ba), it is called the wind that abides together with fire.Rang sharQuotation (the text says: the same source)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 76 % of the words.

So it is said.

2.6 The five attributes of essence, nature and compassion ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ2.6 The five attributes of essence, nature and compassion
Gathers the preceding fives into the three kāyas of the ground as essence, nature and compassion. It presents the five insights, the threefold layering of kāya, light and wisdom, and the Three Jewels within the body. It concludes that all of saṃsāra and nirvāṇa is complete in the body, and in awareness as their source.

Sixth, as for the five features each of essence, nature and compassion:[68]Note 68 · p. 146 · chos lnga: rendered "five features", avoiding "qualities" (yon tan, Claude Fable 5.2 and GPT-6.2 Astra) and "aspects" (rnam pa, Gemini 4 Neon). gzhi gnas kyi ye shes sku gsum may also be read appositionally: "the primordial wisdom abiding as the ground, that is, the three kāyas".

2.6.1 Gathering into the three kāyas of the ground's primordial wisdom གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ2.6.1 Gathering into the three kāyas of the ground's primordial wisdom (topical division)
The fives of essence, nature and compassion correspond to the kāyas, lights and wisdoms; the five kinds of compassion at buddhahood derive from the ground of arising spontaneously present in awareness now.

here the meaning of all the foregoing is gathered into the three kāyas (sku gsum) of the primordial wisdom abiding as the ground (gzhi gnas kyi ye shes).

The five of essence are correlated with the kāyas that are the five grounds of arising ('char gzhi); the five of nature are correlated with the appearances of the five lights; and the five of compassion are correlated with the five primordial wisdoms. Hence, that at the level of buddhahood compassion arises as five—the compassion of natural force, the compassion that meets with objects as conditions,[69]Note 69 · p. 146 · rkyen yul dang 'phrad pa'i thugs rje: Gemini 4 Neon has "conditions and objects"; I read the object as the condition met with (Claude Fable 5.2, GPT-6.2 Astra). the compassion that is exhorted and supplicated, the compassion of manifold deeds, and the compassion that is unchanging toward those to be trained (gdul bya)—comes from the fact that at present,

[p. 147]
རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཆོས་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པས་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་

in the primordial wisdom of awareness, the facet of the ground of arising is spontaneously present.

2.6.2 Awareness abiding as five insights རིག་པ་ཉིད་ཤེས་རབ་ལྔར་གནས་པ2.6.2 Awareness abiding as five insights (topical division)
Awareness abides as differentiating, gathering, pervading, propelling and liberating insight.

Awareness itself also abides as five kinds of insight.[70]Note 70 · p. 147 · shes rab: "insight" by the glossary (Dharmamitra "wisdom", Gemini 4 Neon "discerning wisdom"). chos nyid: "dharmatā" (Claude Fable 5.2 "reality itself", Dharmamitra and GPT-6.2 Astra "nature of phenomena"). 'od gsal: "luminosity" (Dharmamitra, Gemini 4 Neon "clear light"). Since it abides as differentiating insight, it differentiates the phenomena of appearance and of cognition as distinct. Since it is present as gathering insight, everything is complete within itself. Since it pervades all appearance and cognition (snang shes), it occurs as pervading insight. Since, in dependence on the wind of primordial wisdom, awareness is propelled through space, it abides as propelling insight. Since dharmatā severs the life-force of both saṃsāra and nirvāṇa, it occurs as liberating insight.

2.6.3 Threefold layering of kāya, light and primordial wisdom སྐུ་དང་འོད་དང་ཡེ་ཤེས་སུམ་བརྩེགས2.6.3 Threefold layering of kāya, light and primordial wisdom (topical division)
Essence as kāya, nature as light, compassion as wisdom; for a yogin, equipoise, the undivided state and post-meditation are the three kāyas, and the Three Jewels abide complete in one's body (Self-Arising, Six Expanses, Garland of Pearls).

Moreover, awareness itself abides as a threefold layering of kāya, light and primordial wisdom. Since its essence abides as kāya, the knowable (shes bya) arises as self-clear (rang gsal). Since its nature abides as light, luminosity unfolds in the vast expanse (klong). Since its compassion abides as primordial wisdom, enlightened deeds arise without partiality.[71]Note 71 · p. 147 · phyogs med: GPT-6.2 Astra has "in every direction without limit"; I take it as "without partiality" (Claude Fable 5.2, Dharmamitra, Gemini 4 Neon).

At present, if this is reckoned in terms of a yogin[72]Note 72 · p. 147 · The part breaks inside rnal 'byor pa. Dharmamitra omits the fragment; I carry the English through the opening clause (… zhig la brtsi na), and the next part should continue from "at the time of meditative equipoise". (rnal 'byor pa),

[p. 148]
འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེ་བའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ།
།རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས།
།རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།
།ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི།
།ཡེ་རྫོགས་རང་གི་ལུས་ལ་གནས།
།ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ།
།དྲི་མེད་དག་པ་ཆོས་ཀྱི་སྐུ།
།མ་བཙལ་བཞག་པའི་ཚུལ་དུ་གནས།
།ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི།
།རང་གི་སྣང་བ་ཆེན་པོར་བཤད།
།

at the time of meditative equipoise (mnyam gzhag) it is the dharmakāya (chos sku); at the time when there is no division into either equipoise or post-meditation, it is the saṃbhogakāya (longs sku); and in post-meditation it is the nirmāṇakāya (sprul sku). As the Self-Arising Awareness says:

Awareness abiding without concepts is the dharmakāya.
Awareness unceasing and clear (gsal ba) is the saṃbhogakāya.
Awareness appearing as anything whatsoever is the nirmāṇakāya.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

In such a threefold abiding reality, the Three Jewels (dkon mchog gsum) abide as the very identity of what is primordially complete in itself. As the Six Vast Expanses says:

Buddha, Dharma and Saṅgha,
Primordially perfect, abide in one's own body.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 100 % of the words.

And as the Garland of Pearls says:

In this body of delusion, with its conceptual thought,
The stainless, pure dharmakāya
Abides in the manner of something left in place, unsought.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2.6.4 Extensive explanation correlating abiding reality with purity གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་པ2.6.4 Extensive explanation correlating abiding reality with purity (topical division)
The buddhas of three times as body, speech and mind; all phenomena of appearance and existence, saṃsāra and nirvāṇa, are complete in the yogin's body and in awareness, detailed through the Garland of Pearls' correspondences of elements, celestial bodies, plants and offerings.

To explain at length just how this abiding reality is, correlating it with purity:

The Self-Arising Awareness says:

Likewise, the buddhas of the three times
Are explained as one's own great appearance.

[p. 149]
དེ་ཡང་ལུས་ངག་ཡིད་གསུམ་མོ།
།ངག་ནི་འདས་པའི་སངས་རྒྱས་ཡིན།
།ཡིད་ནི་མ་འོངས་སངས་རྒྱས་ཡིན།
།ལུས་ནི་ད་ལྟའི་སངས་རྒྱས་སོ།
།སངས་རྒྱས་རྣམ་གསུམ་དེ་ལྟར་གནས།
།ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌།
།སྟོན་པ་གནས་དང་འཁོར་དང་དུས།
།ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌།
།འདུལ་བ་མདོ་སྡེ་མངོན་པ་དང༌།
།ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།
།ཞེས་པ་དང༌། འདས་པ་དཀར་བའི་ཆོས་རྣམས་ནི།
།ལུས་དང་སེམས་ལ་ཐམས་ཅད་རྫོགས།
།ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི།
།བཙལ་བས་རྙེད་པའི་གནས་མེད་དོ།
།ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌།
།ནམ་མཁའ་དང་ནི་ཉི་ཟླ་དང༌།
།

These, moreover, are the three: body, speech and mind.[73]Note 73 · p. 149 · yid in lus ngag yid gsum is rendered "mind", not the glossary's "mentation", because it stands in the triad body, speech and mind.
Speech is the buddha of the past.
Mind is the buddha of the future.
Body is the buddha of the present.
The three buddhas abide in this way.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.

And the Garland of Pearls says:

Buddha, Dharma and Saṅgha;
Teacher, place, retinue and time;
Dharmakāya, saṃbhogakāya and nirmāṇakāya;
Vinaya, Sūtra and Abhidharma;
Śrāvaka, pratyekabuddha and bodhisattva.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And:

The white phenomena of transcendence[74]Note 74 · p. 149 · 'das pa dkar ba'i chos: Gemini 4 Neon and GPT-6.2 Astra have "pure dharmas/qualities of nirvāṇa", Claude Fable 5.2 and Dharmamitra "white … of transcendence". I kept "white phenomena of transcendence": 'das pa here is the nirvāṇic side of the list just quoted (Three Jewels, kāyas, piṭakas, and so on), and "white" is the literal dkar ba.
Are all perfectly complete in body and mind.Mu tig phreng baQuotation (the text says: the same source)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 005 117 (a parallel), 100 % of the words.

And:

Since these themselves are perfectly complete,[75]Note 75 · p. 149 · de nyid rdzogs phyir: Dharmamitra and GPT-6.2 Astra read "complete within that/there", supplying a locative. There is no la particle, so I take de nyid as the subject ("these themselves are complete"). there is no place
Where they could be found by seeking them elsewhere.Mu tig phreng baQuotation (the text says: the same source)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0061-vol-01-text (a parallel: མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད), 70 % of the words.

When correlated with concordant purity, all phenomena of appearance and existence (snang srid), of saṃsāra and nirvāṇa, are taught to be complete in body and mind. As that same tantra says:

Earth, water, fire and wind,
Space (nam mkha'), and the sun and moon,

[p. 150]
སྐྱེས་པ་དང་ནི་བུད་མེད་གཟུགས།
།གཟའ་དང་སྐར་མ་སྤྲིན་དང་ནི།
།ཤིང་དང་རི་དང་བྲག་རྣམས་དང༌།
།རྩ་བ་སྡོང་བུ་ཡལ་ག་དང༌།
།འདབ་མ་མེ་ཏོག་འབྲས་བུ་དང༌།
།དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕེན་གདུགས་དང༌།
།རྒྱལ་མཚན་དང་ནི་བླ་བྲེ་ཡང༌།
།དེ་དག་འཁོར་དེ་སྣང་བའི་ཆོས།
།རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌།
།ས་ནི་ཤ་སྟེ་དངོས་པོ་ཉིད།
།ཆུ་ནི་ཁྲག་སྟེ་སྡུད་པ་ཉིད།
།མེ་ནི་དྲོད་དེ་ལུས་ཀུན་སྨིན།
།རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན།
།ནམ་མཁའ་སེམས་ཏེ་ལུས་མདངས་འཛིན།
།ཉི་ཟླ་མིག་སྟེ་གསལ་བར་བྱེད།
།སྐྱེས་པ་དག་ནི་སྐྱེ་བ་ཉིད།
།བུད་མེད་དག་ནི་འཆི་བར་སྣང༌།
།གཟའ་ནི་ཁ་ལ་སྐར་མ་སོ།
།སྤྲིན་ནི་སྐྲ་ལ་ཤིང་ནི་རྩ།
།རི་ནི་ལུས་ལ་བྲག་ནི་རུས།
།རྩ་བ་སྙིང་ལ་སྡོང་པོ་རྐང༌།
།ཡལ་ག་དག་ནི་ཡན་ལག་ལ།
།མེ་ཏོག་ཉིད་ནི་དབང་པོ་ལྔ།
།འབྲས་བུ་ལུས་

The forms of men and of women,
Planets, stars and clouds,
Trees, mountains and rocks,
Roots, trunks and branches,
Leaves, flowers and fruits,
Smell, taste, sound and touch,
Music, streamers and parasols,[77]Note 77 · p. 150 · 'phen gdugs is read as 'phan gdugs ("streamers and parasols"), as p. 151 ('phan ni chu) confirms.
Victory banners and canopies too:
These phenomena that appear as saṃsāra and nirvāṇa[76]Note 76 · p. 150 · de dag 'khor de snang ba'i chos: 'khor de is corrupt. Claude Fable 5.2, Dharmamitra and GPT-6.2 Astra read "saṃsāra" (as if 'khor ba'i); Gemini 4 Neon reads 'khor 'das. I follow Gemini 4 Neon, because Longchenpa's own introductory sentence paraphrases the line as snang srid 'khor 'das kyi chos thams cad.
Are complete in the yogin's own body.
Earth is the flesh, substance itself.[78]Note 78 · p. 150 · dngos po nyid: rendered "substance itself" (the solidity of the earth element), not the glossary's "entity", as the context demands.
Water is the blood, cohesion itself.
Fire is the warmth, ripening the whole body.
Wind is the breath, sustaining the body's vital constituents.
Space is the mind, sustaining the body's glow.[79]Note 79 · p. 150 · lus mdangs: Claude Fable 5.2, Gemini 4 Neon and GPT-6.2 Astra have "radiance", which the glossary reserves for gdangs; I use "glow".
Sun and moon are the eyes, which make things clear.
Men are birth itself.
Women appear as death.
The planets are the mouth, the stars the teeth.
The clouds are the hair, the trees the channels (rtsa).
The mountains are the body, the rocks the bones.
The root is the heart, the trunk the marrow.[80]Note 80 · p. 150 · sdong po rkang: Claude Fable 5.2 has "legs"; Gemini 4 Neon, Dharmamitra and GPT-6.2 Astra "marrow". I chose "marrow", since rkang pa ("feet") is assigned separately to the parasol on p. 151.
The branches are the limbs.
The flowers are the five sense faculties.
The fruit is what is formed

[p. 151]
སུ་གྲུབ་པའོ།
།དྲི་ནི་བ་སྤུ་རོ་ནི་པགས།
།སྒྲ་ནི་སྐད་ལ་རེག་ནི་ནང༌།
།རོལ་མོ་ནང་ཁྲོལ་འཕན་ནི་ཆུ།
།གདུགས་ནི་རྐང་པ་རྒྱལ་མཚན་མིང༌།
།བླ་བྲེ་དག་ནི་རླངས་པའོ།
།རྣལ་འབྱོར་ལུས་ལ་དེ་དག་རྫོགས།
།རིག་པ་ཉིད་ལ་འདི་ལྟ་སྟེ།
།འབྱུང་བ་ལྔ་ནི་འོད་ལྔ་སྟེ།
།ཉི་མ་ཟླ་བ་ཤེས་རབ་ཐབས།
།སྐྱེས་པ་གཞི་ལ་བུད་མེད་ལམ།
།གཟའ་ནི་རྟགས་ཚད་སྐར་མ་ཆོས།
།སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ།
།ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ།
།རི་ནི་ལྟ་བ་འགྱུར་བ་མེད།
།བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ།
།རྩ་བ་ཆོས་ཀུན་རྒྱུ་གཅིག་ལ།
།ཡལ་ག་བྱང་ཆུབ་ཡན་ལག་ཉིད།
།སྡོང་པོ་སྟོང་པར་རོ་གཅིག་སྟེ།
།འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས།
།མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད།
།འབྲས་བུ་སྐུ་གསུམ་རང་རྫོགས་སོ།
།སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ།
།དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་

As the body.
Smell is the body hair, taste the skin.
Sound is the voice, touch the interior.
Music is the entrails, the streamers the water.[81]Note 81 · p. 151 · 'phan ni chu: Dharmamitra specifies "urine", Gemini 4 Neon and GPT-6.2 Astra "fluids/bodily waters". I kept the literal "water".
The parasol is the feet, the victory banner the name.
The canopies are the vapour.
In the yogin's body these are perfectly complete.
In awareness itself it is as follows:
The five elements are the five lights.
Sun and moon are insight and skillful means.
Man is the ground (gzhi), woman the path (lam).
The planets are the signs and measures (rtags tshad), the stars the Dharma.[82]Note 82 · p. 151 · skar ma chos: Claude Fable 5.2 and Dharmamitra read "Dharma/teachings", Gemini 4 Neon and GPT-6.2 Astra "phenomena/dharmas". I chose "the Dharma", since this list equates each item with qualities of ground, path and fruition; "phenomena" remains possible.
The clouds are compassion, pervading all.
The trees are the path on which compassion unfolds.
The mountains are the view (lta ba), without change.
The rocks are the dharmakāya, free of arising and perishing.
The root is the single cause of all phenomena.
The branches are the very limbs of awakening.
The trunk is one taste (ro gcig) in emptiness (stong pa).
The leaves are the all-pervading dharmadhātu (chos kyi dbyings).
The flowers are the very lamps (sgron ma) of primordial wisdom.
The fruit is the three kāyas, perfect in themselves.
Sound is the sound of the object (yul), dharmatā.[83]Note 83 · p. 151 · chos nyid yul gyi sgra: all drafts have "the sound of the domain of dharmatā". I render yul by the glossary's "object", taking dharmatā as the object itself; "domain of dharmatā" is also possible.
Smell resounds as the enlightened speech[84]Note 84 · p. 151 · dri ni … gsung du grag: Gemini 4 Neon and Dharmamitra take grag as "famed/renowned as"; with gsung (speech), "resounds as" (Claude Fable 5.2, GPT-6.2 Astra) is preferable. (gsung) of the buddhas.
Taste is the taste of the bliss of experience[85]Note 85 · p. 151 · The final line runs onto the next page (ro ni nyams / myong bde ba'i ro). I have completed it here ("Taste is the taste of the bliss of experience"), so the next part should begin with reg ni bsam gtan chen po'i gos. (nyams).

[p. 152]
མྱོང་བདེ་བའི་རོ།
།རེག་ནི་བསམ་གཏན་ཆེན་པོའི་གོས།
།རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས།
།འཕན་ནི་ཁ་དོག་གསལ་བའི་མདངས།
།གདུགས་ནི་སྐྱོབ་པ་ཤེས་རབ་གདངས།
།བླ་རེ་མན་ངག་ཆེ་བའི་གནད།
།རྒྱལ་མཚན་རྟོགས་པ་མངོན་སངས་རྒྱས།
།སེམས་ཉིད་ངོ་ལ་ཆོས་རྣམས་ནི།
།ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས།
།དེ་ཕྱིར་བློ་དང་དངོས་པོ་ཡི།
།ཆོས་ནི་ཐམས་ཅད་བཏགས་པ་ཙམ།
།ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བས་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་

Touch is the garment of great meditative concentration (bsam gtan).
Music is the maṇḍala (dkyil 'khor) of the five lights, complete.
The streamers are the brilliance of clear colours.[87]Note 87 · p. 152 · 'phan and bla re are rendered "streamers" and "canopies" for continuity with the parallel list in the previous part (the drafts have "pennant(s)", "banners", "canopy").
The parasol is protection, the radiance (gdangs) of insight.[88]Note 88 · p. 152 · gdugs ni skyob pa shes rab gdangs: Dharmamitra's "protective resonance of wisdom" breaks the glossary (shes rab = insight, gdangs = radiance). I follow Gemini 4 Neon and Claude Fable 5.2.
The canopies are the key point (gnad) of the great pith instructions.
The victory banner is realization (rtogs pa), manifest buddhahood.[89]Note 89 · p. 152 · rgyal mtshan rtogs pa mngon sangs rgyas: Dharmamitra reads "the realization of manifest buddhahood". There is no genitive, so I take it as apposition with GPT-6.2 Astra, Gemini 4 Neon, Claude Fable 5.2: "realization, manifest buddhahood".
In the face of mind itself,[90]Note 90 · p. 152 · sems nyid ngo la: GPT-6.2 Astra, Gemini 4 Neon and Dharmamitra have "nature of mind", and Dharmamitra "actual presence" for ngo. The glossary reserves "nature" for rang bzhin and gives "face" for ngo, hence "in the face of mind itself" (close to Claude Fable 5.2). phenomena
Abide primordially in the manner of spontaneous presence.
Therefore all the phenomena of intellect (blo)
And of entities are mere imputations.Mu tig phreng baQuotation (the text says: the same source: དེ་ཉིད་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it says.

2.6.5 Completeness in awareness as the source of completeness in body, mind and appearance གཞི་རིག་པ་ལ་ཚང་བས་ལུས་སེམས་དང་སྣང་བ་ལ་ཚང་བ2.6.5 Completeness in awareness as the source of completeness in body, mind and appearance (topical division)
Reasons that phenomena appear outwardly because they are complete in body and mind, and that because complete in awareness, like face and mirror reflection; supported by the All-Creating King and Inlaid Jewels.

Moreover, if these were not complete in the ground, awareness,[91]Note 91 · p. 152 · gzhi rig pa: read as apposition, "the ground, awareness" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "ground awareness" or Dharmamitra's "awareness as the ground". The argument runs in three tiers: ground, body-mind, outer objects. they would not be complete in the substantial cause (nyer len), body and mind.[92]Note 92 · p. 152 · nyer len lus sems: Claude Fable 5.2 and Dharmamitra take nyer len as "appropriated" (body and mind as the appropriated aggregates). GPT-6.2 Astra and Gemini 4 Neon take it as "material cause" or "substantial basis". I follow the glossary's "substantial cause": body and mind are the proximate source of the outer appearances, as the face is of the reflection. The "appropriated" reading remains possible. If they were not complete in that, they would not be complete in the outer objects that appear to the mind. It is just as, since a barren woman has no child, there is no face, and since there is no face, it does not appear in a mirror. Their appearing in appearances[93]Note 93 · p. 152 · snang ba la snang ba: taken as "their appearing in appearances", i.e. in the outer objects, parallel to phyi yul la tshang (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "that appearances appear" loses the locative. comes from their being complete in body and mind, and that comes from their being complete in awareness. Since Devadatta has a head, he has a face, and since he has that, a reflection arises within the mirror:[86]Note 86 · p. 152 · The opening words myong bde ba'i ro are the tail of the line "Taste is the taste of the bliss of experience", already rendered at the end of the previous part, so they are not repeated. GPT-6.2 Astra, Gemini 4 Neon and Dharmamitra retranslate the line.

[p. 153]
བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད།
།ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན།
།ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི།
།སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད།
།ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན།
།གང་སྣང་དེ་ལ་དེ་ལྟར་སྣང༌།
།ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར།
།སྟོང་ཞིང་བདག་མེད་ཡངས་པ་ཆེ།
།ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།

it is just like that.[94]Note 94 · p. 153 · bzhin no falls after the page break. Dharmamitra drops it and leaves nothing under the marker at that point. I split the sentence so that "it is just like that" stands after the marker. These points, too, are stated in the All-Creating King:

However things appear, they are my essence itself (ngo bo nyid).[95]Note 95 · p. 153 · ngo bo nyid / ngo bo in the Kun byed verse: rendered "essence itself" and "essence" per the glossary. Dharmamitra's "essence … nature" wrongly introduces rang bzhin.
However they arise, they are my essence.
Phenomena other than me
Do not exist here in all that is comprised by appearance and existence.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: medium confidence (The root tantra of the Mind Class.)
The quoted words were not found among the texts on this wiki.

And in the Inlaid Jewels:

For example, it is like a face and a mirror:
Whatever appears, appears therein in just that way.Nor bu 'phra bkodQuotation (named in the text: ནོར་བུ་འཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And:

All buddha-fields (zhing khams), without exception,
Are empty and selfless, the great vastness.Nor bu 'phra bkodQuotation (the text says: the same source)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0066-vol-01-text (the text itself), 100 % of the words.
[96]Note 96 · p. 153 · yangs pa che: rendered "the great vastness". Claude Fable 5.2's "great vast expanse" would collide with klong, and GPT-6.2 Astra's "immense expanse" with dbyings.

Thus it is said.

3 Colophon of the third vajra topic མཇུག་བྱང3 Colophon of the third vajra topic (topical division)
Concludes the extensive explanation of the third vajra topic, how the heart of buddhahood pervades.

From the Precious Treasury of Words and Meanings, this is the extensive explanation of the third vajra topic, the teaching on how the heart of buddhahood pervades.[97]Note 97 · p. 153 · sangs rgyas kyi snying po: "heart of buddhahood" per the glossary, against "buddha-nature" (GPT-6.2 Astra, Dharmamitra) and "buddha-essence" or "essence of buddhahood" (Gemini 4 Neon, Claude Fable 5.2), since "essence" is reserved for ngo bo.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 14 quotations, 7 found on this wiki.
# p. Tibetan English Source On this wiki
1 144 མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་ … ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། The eye is explained as the vajra family; the … family; the body is explained as the sugata family. named: རྡོ་རྗེ་མེ་ལོང་ལས
རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད, rdo rje sems dpa' snying gi me long gi rgyud, The Mirror of the Heart of Vajrasattva · tantra; Nyingma Gyubum, one of the Seventeen Tantras high
not found
2 145 དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། Thus, as the nature of the five winds, it abides in all sentient beings. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 100 %
3 145 ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ … མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ Because it propels one to the authentic level, it … is called the wind that abides together with fire. “the same”:
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 76 %
4 148 རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། ། … རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། Awareness abiding without concepts is the dharmakāya. Awareness unceasing … saṃbhogakāya. Awareness appearing as anything whatsoever is the nirmāṇakāya. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
not found
5 148 སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། Buddha, Dharma and Saṅgha, Primordially perfect, abide in one's own body. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 100 %
6 148 རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། In this body of delusion, with its conceptual thought, … in the manner of something left in place, unsought. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
7 148 དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་ … རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། Likewise, the buddhas of the three times Are explained … the present. The three buddhas abide in this way. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 100 %
8 149 སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་ … པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། Buddha, Dharma and Saṅgha, Primordially perfect, abide in one's … nirmāṇakāya; Vinaya, Sūtra and Abhidharma; Śrāvaka, pratyekabuddha and bodhisattva. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
9 149 འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཐམས་ཅད་རྫོགས། The white phenomena of transcendence Are all perfectly complete in body and mind. “the same”:
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: Klong chen rab byams gsung 'bum/volume 005 117, 100 %
10 149 དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། Since these themselves are perfectly complete, there is no place Where they could be found by seeking them elsewhere. “the same”:
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, 70 %
11 149 ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་ … པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། Earth, water, fire and wind, Space (nam mkha'), and … of intellect (blo) And of entities are mere imputations. “the same”: དེ་ཉིད་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
12 153 ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། ། … སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། However things appear, they are my essence itself (ngo … in all that is comprised by appearance and existence. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 medium
not found
13 153 དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། For example, it is like a face and a mirror: Whatever appears, appears therein in just that way. named: ནོར་བུ་འཕྲ་བཀོད་ལས
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
not found
14 153 སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། All buddha-fields (zhing khams), without exception, Are empty and selfless, the great vastness. “the same”:
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0066-vol-01-text (the text itself), 100 %