Tshig don mdzod (Longchenpa): Vajra topic 10 (6)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 10 (6)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 10 (6)
Jump to navigation Jump to search
← Vajra topic 10 (5)Tshig don mdzod: contentsVajra topic 10 (7) →

Vajra topic 10 · Practice: The King's Mansion · ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང
Pages 659–670 of the corrected base text (W22920 vol. 4), part 6 of 11.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 409] ཞི་བའི་ཞིང་དང་རང་བཞིན་སྤྲུལ་པའི་ཞིང་དང་། འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱ་དགང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོད་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམ་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་

[p. 410] གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་པའོ། །དེའི་ཚེ་ཕྱིར་མི་ལྡོག་ པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ཡོན་ཏན་དང་། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་ རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་བའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་ འགགས་པས། །སྣ་ཚོགས་སྣང་བའི་དང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་པས་ཀྱང་། ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ ནས། །འཁོར་བར་དབྱུང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །

[p. 411] གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་སྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང་། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་པའི་ལམ་དུ་སྣང་། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་

[p. 412] དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་བར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་བ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ།

[p. 413] རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་རྒྱུ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག །ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནས་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག །མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། རྒྱན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བྲམ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་

[p. 414] རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའི་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང་། སེམས་ལས་སུ་རུང་བ་དང་། །ཤེས་རབ་ལ་དབང་བ་དང་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོངས་པའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་

[p. 415] ༄༅། །དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བ་ཙམ་མེད་པར་དངོས་པོ་ རྣམས་ཟང་ཐལ་བར་མཐོང་བ་དང་། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང་། །གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་ པར་དག་པས་གཉིས་དང་གསུམ་མཐོང་བ་དང་། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང་། རྣམ་པར་དག་པས་སྟོང་ལ་དབང་བ་དང་། ཤིན་ཏུ་རྣམ་པར་ དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང་། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་ དང༑ རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང་། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང་། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་ གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་

[p. 416] ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྡོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང་། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང་། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང་། རྣམ་པར་དག་པས་ལྷ་མིན་རྣམས་དང་། ཤིན་ཏུ་དག་པས་ལྷ་རྣམས་དང་། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང་།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

རང་བཞིན་སྤྲུལ་པའི་ཞིང་དང༌། །འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཞེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལམ་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། །ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། །འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་འགྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། །དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱི་སྐུ་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང༌། ཡོན་ཏན་དང༌། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིག་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སྣང༌། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང༌། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱད་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང༌། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང༌། །འདི་མེད་འཁོར་འདས་སྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང༌། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང༌། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང༌། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་པའི་ལམ་དུ་སྣང༌། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང༌། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང༌། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང༌། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང༌། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩར་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་བསམ་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག མངོན་པར་ཤེས་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང༌། སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང༌། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམ་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང༌། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང༌། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང༌། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང༌། རྣམ་པར་དག་པས་སྟོང་ལ་དབང་བ་དང༌། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པ་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་དང༌། ཤིན་ཏུ་དག་པས་ལྷ་རྣམས་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང༌།

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

ཞི་བའི་ཞིང་དང་རང་བཞིན་སྤྲུལ་པའི་ཞིང་དང༌། འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང༌། ཡོན་ཏན་དང༌། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ།» «འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་ངང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང༌། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང༌། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་» «ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང༌། །འཁོར་འདས་རང་འབྲེལ་ཡོན་ཏན་» «དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང༌། །འདི་མེད་འཁོར་འདས་སྟེ་ཆད་» «པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང༌། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་«༼༡༽«བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང༌། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང༌། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། །ཁྱབ་བྱེད་ཆེན་«༼༡༽«པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་བའི་ལམ་དུ་སྣང༌། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་» «དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང༌། །» «ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང༌། །» «མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །» «མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་བར་སྣང༌། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང༌། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །» «བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་བ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །» «འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག» «ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག» «མངོན་པར་ཤེས་པ་དྲུག» «མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་» «དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང༌། སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང༌། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང༌། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང༌། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང༌། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང༌། རྣམ་པར་དག་པས་སྟོང་ལ་དབང་བ་དང༌། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་དང༌། ཤིན་ཏུ་དག་པས་ལྷ་རྣམས་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང༌།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 463] རང་བཞིན་སྤྲུལ་པའི་ཞིང་དང་། འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་ རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་ སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ ཕན་ཡོན་གྱིས་སྐུ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ཡོན་ཏན་དང་། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་བ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་

[p. 464] བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། ། སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་སྡེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་ འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། ། འདི་མེད་སེམས་ཅན་རང་འོད་དང་། །རྒྱ་ཆད་གུང་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲིལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་ བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་ པ་ཡི། །སྣང་བས་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ནེན་པོའི་ཚུལ་དུ་ཤར། །འདི་མེད་རང་དོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་ དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་བའི་ལམ་དུ་སྣང་། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་

[p. 465] ༄༅། །ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། ། ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་ རྣམས་ཀྱི་རྒྱུ་སྤང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །བློ་ད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག །ཁོ་བོས་ཀྱང་འདི་ལས་སྙིང་

[p. 466] ཏི་ག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག །མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་ འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་ བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་ དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་ སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་

[p. 467] ༄༅། །རབ་ལ་དབང་བ་དང་། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོངས་པའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་ རྒྱས་པར་དབྱེད། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང་། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་ བ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང་། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང་། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་ བཅད་པ་བརྒྱ་མཐོང་བ་དང་། རྣམ་པར་དག་པས་སྟོང་ལ་དབང་བ་དང་། ཤིན་ཏུ་རྣམས་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང་། རབ་ཏུ་ག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པ་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང་། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང་། རབ་ཏུ་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་པ་དང་། རྣམ་པར་དག་པ་ས་འབུམ་ཕྲག་ལྔ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མི་དམིགས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་ གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དག །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱི་མི་ཁྱབ་པ་དུས་གཅིག་ལས་མཐོང་བ་དང་། རབ་ཏུ་སྣམ་པར་དག་པས་

[p. 468] སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང་། ཤིན་ཏུ་རྣམ་ པར་དག་པས་ལྔ་སྟོང་དང་། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང་། རྣམ་པར་དག་པས་ལྷ་མིན་རྣམས་དང་། ཤིན་ཏུ་དག་པས་ལྷ་རྣམས་དང་། རབ་ཏུ་དག་པས་ གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང་།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 687] རང་བཞིན་སྤྲུལ་པའི་ཞིང་དང་། འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོིར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམ་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱིས་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ཡོན་ཏན་དང་། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་

[p. 688] བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འཕྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་སྟེ་ཆ་དཔས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང་། །རྒྱ་ཆད་གུང་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲིལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་བའི་ལམ་དུ་སྣང་། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་

[p. 689] ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲད་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་བ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་ཀྱིས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག །ཁོ་བོས་ཀྱང་འདི་ལས་སྙིང་

[p. 690] ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག །མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གོང་མེས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེ་འགྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷ་ཡི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་

[p. 691] ༄༅། །རབ་ལ་དབང་བ་དང་། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་ རྒྱས་པར་དཔྱེད། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བ་ཙམ་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང་། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་ པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང་། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང་། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་ བཅད་པ་བརྒྱ་མཐོང་བ་དང་། རྣམ་པར་དག་པས་སྟོང་ལ་དབང་བ་དང་། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང་། རབ་ཏུ་དག་པས་ཕྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང་། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང་། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་ གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རབ་ཏུ་རྣམ་པར་དག་པས་

[p. 692] སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང་། ཤིན་ཏུ་རྣམ་ པར་དག་པས་ལྔ་སྟོང་དང་། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང་། རྣམ་པར་དག་པས་ལྷ་མིན་རྣམས་དང་། ཤིན་ཏུ་དག་པས་ལྷ་རྣམས་དང་། རབ་ཏུ་དག་པས་ གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང་།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 365] ཞི་བའི་ཞིང་དང་རང་བཞིན་སྤྲུལ་པའི་ཞིང་དང་། འོག་ན་མ་དག་པ་འགྲོ་དྲུག་གི་ ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་ པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་ རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་ གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་ བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་ གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་ འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་

[p. 366] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་ མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ཡོན་ཏན་དང་། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་ སྟེ༑ འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་ འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་ འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་ བའི་ངང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་ བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་ བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་ བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་ སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་ སྣང་། །འདི་མེད་འཁོར་འདས་སྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་ བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། ། ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང་། །རྒྱ་ཆད་གུད་དུ་བཅད་པར་ འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་

[p. 367] ༈ ཚིག་དོན་རིན་པོ་ཆེའི་མཛོད། པོར་འབྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་ པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་ གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། ། འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། །ཁྱབ་བྱེད་ཆེན་ པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་ མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་ འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། ། བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་བའི་ལམ་དུ་སྣང་། །འདི་ མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། ། དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། ། འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་ གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་ བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་ བ་ནི། །ངོ་བོ་ཉིད་དང་འབྲེལ་བར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་ འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་ པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་ མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །

[p. 368] ༈ རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་བ་མིང་མེད་པས། །མ་དག་ འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་ པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། ། ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་ གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་ སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་ སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་ རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་ གཟིགས་པར་མཛོད་ཅིག ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་ རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་ དྲུག མངོན་པར་ཤེས་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་ སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་ གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་ བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་

[p. 369] ༈ ཚིག་དོན་རིན་པོ་ཆེའི་མཛོད། པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་ སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་ སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་ རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་ སྟེ༑ ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་ དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་ བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་ པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་ སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་ བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་རབ་ལ་དབང་བ་དང་། ཡེ་ཤེས་ ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་ པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་

[p. 370] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ ཐལ་བར་མཐོང་བ་དང་། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་ དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང་། གླིང་བཞི་རི་རབ་དང་ བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་ མཐོང་བ་དང་། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང་། རྣམ་པར་དག་པས་སྟོང་ལ་དབང་བ་དང་། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང་། རབ་ཏུ་དག་པས་ བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་ པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང་། ཤིན་ཏུ་དག་པས་བྱེ་བ་ཕྲག་ དགུ་མཐོང་བ་དང་། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། ། དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ ལ་མཐོང་བ་དང་། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང་། རབ་ཏུ་རྣམ་ པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་ རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་ བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་ སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང་། རབ་ ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་ གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་

[p. 371] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང་། རྣམ་པར་དག་ པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང་། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་ དང་། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། ། ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང་། རྣམ་པར་ དག་པས་ལྷ་མིན་རྣམས་དང་། ཤིན་ཏུ་དག་པས་ལྷ་རྣམས་དང་། རབ་ཏུ་དག་པས་ གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་ པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང་། རྣམ་པར་དག་པས་བྱང་ཆུབ་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 432] ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། ། ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་ གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་ བས༑ ༑སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་པའི་ལམ་དུ་སྣང་། །འདི་མེད་བཞི་

[p. 433] སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་ དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། ། དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ཡོན་ཏན་དང་། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ ཆད་དུ་མ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་ལ་འགགས་པའི་ ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་ བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱད་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བ་ནིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་

[p. 434] ༄༅། །དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱིས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་ དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ ཞིབ་མོར་གཟིགས་པར་མཛོད་ཅིག །ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག །མངོན་པར་ཤེས་པ་དྲུག ། མི་པ་རྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་ སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་

[p. 435] ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་ མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། ། འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་བར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་ སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མེད་མེད་པས། །དེ་ཕྱིར་མ་ དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་བ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ ཀྱིས་དག་པ་མཚན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པའི་སྒོར། །ངོ་བོ་ཀ་

[p. 436] ༄༅། །སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། །དང་པོ་དབང་པོའི་མངོན་ཤེས་ ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང་། དེ་ནས་ཤའི་མིག་དག་པས་ལྐོག་ ཏུ་གྱུར་པ་རིགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང་། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང་། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང་། རབ་ཏུ་དག་ པས་བཙུམ་ཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང་། རྣམ་པར་དག་པས་སྟེང་ལ་དབང་བ་དང་། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང་། རབ་ ཏུ་དག་པ་ལ་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང་། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་ མཐོང་བ་དང་། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང་། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་

[p. 437] པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་བཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངའང་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལོ། །དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ ཞིང་དུ་དབུགས་འབྱིན་པའོ། །དུས་དོར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རངས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་ གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་ གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་ པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་རབ་ལ་དབང་བ་དང་། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་།

[p. 438] ༄༅། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (26 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 659] དང༌། །འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། །ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། །འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་

སྟེ་རང་ངོ་ཤེས་ནས་དེའི ] ཞེས W · མདའ་སོང་བ་ལས་མི་ལྡོག ] ལམ W · ངག་དྲན་པར་བྱུང་སྟེ་ཉི ] བྱ P S · བས་སྣང་བ་ཐམས་ཅད་ཟང ] ཐམ A G

[p. 660] བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། །དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང༌། ཡོན་ཏན་དང༌། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་

ཏུ་གནས་མཐའ་གྲོལ་ལྟར་ཤར ] འགྲོལ W · པའི་ཕན་ཡོན་གྱིས་སྐུ་དང ] གྱི W · སྣང་བར་མི་རིགས་པ་ལས ] རིག W

[p. 661] བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང༌། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང༌། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱད་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང༌། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང༌། །འདི་མེད་འཁོར་འདས་སྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་

ཚོགས་སྣང་བའི་རང་བཞིན་ནི ] ངང P S · ཆེན་པོ་རྣམས་སུ་སྣང་འཆར ] om. W · ནས་འཁོར་བར་དཔྱད་ཐག་ཆད ] དཔྱང P D G S

[p. 662] འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང༌། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང༌། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང༌། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །

དང་རྒྱ་ཆད་གུད་དུ་བཅད ] གུང D G · འཇུག་འཆར་བྱེད་འབྲེལ་བའི་ཕྱིར ] འབྲིལ D G · དང་ནང་ཀུན་ཏུ་ཁྱབ་བྱེད ] དུ A D G

[p. 663] ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་པའི་ལམ་དུ་སྣང༌། །འདི་མེད་བཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང༌། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང༌། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང༌། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང༌། །ཡོན་ཏན་འཆར་ཚུལ་མ་

འཁོར་འདས་འབྲེལ་པའི་ལམ་དུ ] བའི P D G S · ཉིད་དང་འབྲེལ་པར་སྣང་འདི ] བར A P S

[p. 664] འགགས་པས། །འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་

འདི་མེད་འཁྲུལ་པ་མིང་མེད ] བ A P G S · འདི་མེད་རང་རྩལ་མི་རྫོགས ] རྩར W · ཡེ་ཤེས་ཆེན་པོའི་སྒོར་ངོ ] པའི A G · དག་གི་གནད་ལ་བསམས་པས་འཁོར ] བསམ W

[p. 665] ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག མངོན་པར་ཤེས་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་

[p. 666] བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་

སྟེ་ཉི་ཟླ་ཁ་སྦྱོར་ལས ] om. W

[p. 667] ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང༌། སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང༌། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་

ཅི་མ་ལོག་པར་མཐོང་བ ] པ W

[p. 668] ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང༌། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང༌། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང༌། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང༌། རྣམ་པར་དག་པས་སྟོང་ལ་དབང་བ་དང༌། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་

མ་ལོག་པར་མཐོང་བའི་མངོན་པར ] མཐོངས་པའི A D · པར་ཤེས་པ་དྲུག་ཕྲག་དྲུག ] om. W · ལས་མིག་ཕྱེ་བཙུམས་མེད་པར ] བ་ཙམ A G · ལས་མིག་ཕྱེ་བཙུམས་མེད་པར ] བཙུམ W

[p. 669] པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་

རབ་ཏུ་རྣམ་པར་དག་པས ] པ W

[p. 670] བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་དང༌། ཤིན་ཏུ་དག་པས་ལྷ་རྣམས་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་བཀའ་བགྲོ་བའི་

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 605]
2.3 Intermediate state of dharmatā: trust in self-appearance, like meeting an old acquaintance or a child entering its mother's lap ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག [p. 644]
2.3.2 Extensive explanation of the nature of the oral instruction གདམས་ངག་གི་རང་བཞིན་རྒྱས་པར་བཤད་པ [p. 646]
2.3.2.2 Extensive explanation of the stages of arising འཆར་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ [p. 647]
2.3.2.2.4 The appearance of primordial wisdom dissolving into spontaneous presence ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྣང་བ [p. 658]
2.3.2.2.4.1 The way spontaneous presence arises ལྷུན་གྲུབ་ཀྱི་འཆར་ལུགས [p. 658]
2.3.2.2.4.1.2 The qualities of the eight agents of arising འཆར་བྱེད་བརྒྱད་ཀྱི་ཡོན་ཏན [p. 660] topical
Without the eight agents of arising, awareness would be nihilistic emptiness and compassionate activity impossible. A long Heap of Jewels passage explains each mode's necessity; Longchenpa stresses that these key points reveal how saṃsāra and nirvāṇa appear from, diverge from and revert to awareness, and the source of the Heart Essence.
2.3.2.2.4.1.3 The fourteen enumerated qualities ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི [p. 665] topical
When spontaneous presence appears, fourteen qualities arise. Six recollections of guru, instructions and view lead to liberation. Six sets of superknowledges unfold in graded purity. The dhāraṇī of non-forgetting reveals all teachings at once, and continuous samādhi prevents bad thoughts, as the Union of the Sun and Moon states.
2.3.2.2.4.1.3.1 The six recollections རྗེས་སུ་དྲན་པ་དྲུག [p. 665]
Explained first by order of arising: one sees one's guru, yidam or ḍākinī, recollects instructions, view, path and concentration, abides five days and is liberated, or the less able reach a natural nirmāṇakāya field. Like recognising an old acquaintance; confirmed by the Union of the Sun and Moon.
2.3.2.2.4.1.3.2 The six superknowledges མངོན་ཤེས་དྲུག [p. 667]
Following the Union of the Sun and Moon, six sets of superknowledges arise in graded purity. They belong to the sense faculties, the workable mind, mastery of insight, pure primordial wisdom, unerring knowledge of dharmatā, and a buddha's knowledge. In all they total 134, condensed to thirty-six and to six roots.
2.3.2.2.4.1.3.2.1 The superknowledges of the sense faculties དབང་པོའི་མངོན་ཤེས [p. 668]
The purified eye, ear, nose, tongue, body and mentation perceive ever more subtle objects up to countless buddha-fields, in sixty-eight graded superknowledges. Longchenpa answers an objection: these arise precisely because the material faculties are purified, revealing qualities already present, as clouds clearing reveal the sun.
2.3.2.2.4.1.3.2.1.1 Superknowledge of the eye མིག་གི་མངོན་པར་ཤེས་པ [p. 668]
Six eyes (water-bubble, flesh, insight, primordial wisdom, omniscience, knowledge of all aspects) see, with increasing purity, hidden objects, world-systems, verses and their meaning, and ever more buddha-fields of the three kāyas.
2.3.2.2.4.1.3.2.1.2 Superknowledge of the ear རྣ་བའི་མངོན་ཤེས [p. 670]
The divine ear, the ear of flesh and the ear of complete liberation hear, in graded purity, hidden beings, distant realms, all classes of beings, and śrāvakas, bodhisattvas and countless buddhas conferring.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 659] and, below, the reflection-like impure field-appearances of the six destinies ('gro drug) all arise at one and the same time. This, moreover, is what is meant by "because it arises as compassion, saṃsāra and nirvāṇa ('khor 'das) are not cut off from one another,"[206]Note 206 · p. 659 · rgya ma chad: Dharmamitra has "unconfined"; Gemini 4 Neon, Claude Fable 5.2, GPT-6.2 Astra have "not severed / sundered / cut off from one another". I follow the latter, since the prose gloss below ('khor 'das 'brel thag chad pa) and the verse (rgya chad gud du bcad par 'gyur) both speak of severance. and so forth. At this time, for an instant self-awareness abides on the level of primordial purity,[207]Note 207 · p. 659 · rang rig ka dag gi sa: Gemini 4 Neon reads "the level of primordially pure self-awareness"; I take rang rig as the subject abiding on the level of primordial purity, with Claude Fable 5.2 and GPT-6.2 Astra. The Tibetan allows either. and there comes to be recollected[208]Note 208 · p. 659 · dran par byung ste: translated as it stands ("comes to be recollected", so Dharmamitra and GPT-6.2 Astra). Gemini 4 Neon and Claude Fable 5.2 render it as an injunction, as though it read dran par bya, like the tantra's closing sentence. the oral instruction that, having recognized one's own face, one does not turn back from that state, like the arrow of a great archer which, once it has flown, does not turn back. The Union of the Sun and Moon says:

Then, because one's own cognition dissolves into the light above, the eight modes of arising (shar lugs brgyad) are experienced. At that time the appearances below, of the wrathful deities (khro bo) of the saṃbhogakāya[209]Note 209 · p. 659 · longs sku khro bo'i snang ba: taken with all drafts as the wrathful saṃbhogakāya deities. It could also be read "the saṃbhogakāya and the wrathful deities", matching the peaceful and wrathful fields listed just before. (longs sku), will also come to be seen. What are the eight modes of arising? Because it arises as compassion, saṃsāra and nirvāṇa are not cut off from one another. Because it arises as light, all appearances are clear within. Because it arises as kāyas, there is no straying outward toward the knowable.[210]Note 210 · p. 659 · shes bya'i kha phyir ma shor: Gemini 4 Neon makes the knowables the subject ("knowables do not stray outward"), and Dharmamitra and GPT-6.2 Astra similarly. I follow Claude Fable 5.2 ("does not stray outward toward the knowable"), taking kha phyir shor as attention slipping outward. Because it arises as primordial wisdom, all appearances are unimpededly transparent. Because it arises as nonduality,

[p. 660] one's own cognition abides one-pointedly. Because it arises as liberation from extremes, it does not abide in any extreme whatsoever. Because it arises as the door of impure saṃsāra ('khor ba), the source of existence (srid pa) is unceasing. Because it arises as the door of pure primordial wisdom, there is connection with dharmatā. At that time one should recollect as supreme the method of not turning back, which is like the arrow of a great archer.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 68 % of the words.

2.3.2.2.4.1.2 The qualities of the eight agents of arising འཆར་བྱེད་བརྒྱད་ཀྱི་ཡོན་ཏན2.3.2.2.4.1.2 The qualities of the eight agents of arising (topical division)
Without the eight agents of arising, awareness would be nihilistic emptiness and compassionate activity impossible. A long Heap of Jewels passage explains each mode's necessity; Longchenpa stresses that these key points reveal how saṃsāra and nirvāṇa appear from, diverge from and revert to awareness, and the source of the Heart Essence.

Thus, through the benefit of their being primordially present in the awareness of primordial purity as the eight agents of arising ('char byed brgyad), the kāyas, primordial wisdom, compassion, qualities and enlightened activity ('phrin las) arise, and benefit comes about naturally.[211]Note 211 · p. 660 · rang bzhin gyi don 'byung ba: Dharmamitra has "the natural aim comes to pass". I follow Claude Fable 5.2 and GPT-6.2 Astra ("benefit comes about naturally"; Gemini 4 Neon "the natural benefit"), in view of thugs rjes don mdzad pa in the next sentence. If these aspects of the manner of arising ('char tshul) did not exist, awareness would be a nihilistic emptiness, or else, the bond connecting saṃsāra and nirvāṇa being severed, the accomplishing of benefit through compassion would never occur at all. Nor would it be reasonable[213]Note 213 · p. 660 · mi rigs pa las: read as contrastive ("nor would it be reasonable …; that they do is …"), with Claude Fable 5.2 and GPT-6.2 Astra. for these aspects of saṃsāra and nirvāṇa, which appear in one's own experience,[212]Note 212 · p. 660 · rang ngor snang ba: rendered "appear in one's own experience" rather than the glossary's "own face", since rang ngor here means "from one's own perspective". to appear to anyone at present; that they do is the quality of the unceasing manner of arising of spontaneous presence. This is

[p. 661] explained in the Heap of Jewels:

Because the agents of arising of spontaneous presence are unceasing,
The nature of manifold appearance
Appears as the great qualities.
From the eight doors that bring about arising, too,
It arises in the manner of eight qualities.
Those who have themselves cut off the six classes' way of escape[214]Note 214 · p. 661 · rigs drug 'bros khung rang bcad nas: Dharmamitra, Gemini 4 Neon, Claude Fable 5.2 leave the agent vague or make it the ground ("of itself"). I follow GPT-6.2 Astra in taking the nas-clause with the following rnams, so that it is the beings who have cut off their own escape.
And whose lot in saṃsāra is settled[215]Note 215 · p. 661 · 'khor bar dpyad thag chad pa rnams: translated as it stands ("whose lot in saṃsāra is settled", so Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "whose lifeline in saṃsāra is broken" presupposes dpyang thag chad pa ("whose rope is cut"), a plausible emendation given the escape-hole and lasso imagery, but unsupported by the editions.—
In order to catch them with the lasso of compassion (snying rje),
To sentient beings, through the forms of the four modes of birth,
It appears as great compassion itself.
As the quality of saṃsāra and nirvāṇa being naturally connected,
It appears in the manner of the two aspects mingled.
Without this, saṃsāra and nirvāṇa would be severed from one another[216]Note 216 · p. 661 · 'khor 'das ste chad pas: ste chad is doubtful, probably for rgya chad (cf. rgya ma chad above and rgya chad on p. 662) or sde chad. The sense "severed from one another" is the same either way.
And the fault of there being no realization would follow;
Hence the way this quality comes about is just this.
In the own domain of all the buddhas,
Just like a body and its shadow,
Because it is pervaded by the five lights of appearance,
The inner aspect of appearance is self-clear;
In the manner of the five lights,

[p. 662] from the door of arising,
That which makes the qualities clear does not stray outward.
Without this, sentient beings and their own light
Would be sundered, cut off and set apart.
Because the agents of arising are connected in union,
Self-appearance comes forth as a great quality.
Because all bodies are gathered into one,
And since the three kāyas abide as one,
As essence, in the nature of kāya,
Self-appearance is not divided into anything whatsoever;
Hence it arises as kāya, that which makes the essence clear.
Without this, the essence would not be found;
Hence it appears as the kāya in which all bodies are complete.
All of these, not being different,
Abide equally, without duality;
Therefore, through indivisible, nondual
Appearance, everywhere outside and within,
It arises in the manner of the great pervader.
Without this, their own faces being different,
The juncture where saṃsāra and nirvāṇa mingle would not be joined;
There being no liberation from their very own place,[217]Note 217 · p. 662 · rang sa nyid las mi grol bas: Claude Fable 5.2 has "no liberation in their very own place"; Dharmamitra, Gemini 4 Neon and GPT-6.2 Astra have "not freed from" it. I keep the ablative las, which fits the fault that follows: without nonduality each would remain fixed in its own place, with no transformation or reversal.
The fault of there being no transformation or reversal would follow;
Hence it arises in the manner of the quality that makes things appear.[218]Note 218 · p. 662 · snang byed yon tan tshul du shar: GPT-6.2 Astra has "the power of manifestation arises as a quality"; I follow Claude Fable 5.2 ("the quality that makes things appear"; Dharmamitra and Gemini 4 Neon similar), parallel to gsal byed above.

[p. 663] Because it of itself pervades all that is knowable,
As the appearance of the great fourfold conjunction (bzhi sbyor chen po),
It appears as the path that connects saṃsāra and nirvāṇa.
Without this, the path of the four would not be joined;[219]Note 219 · p. 663 · bzhi lam mi 'byor: Dharmamitra reads "the four would not be united as the path". With Gemini 4 Neon, GPT-6.2 Astra and Claude Fable 5.2 I take bzhi lam as "the path of the four", glossed by the next line as the path of the four primordial wisdoms. "Joined" follows the rendering of mi 'byor in the previous part.
Hence, as the very path of the four primordial wisdoms,
As the secret path of sentient beings,
And also in the manner of the four visions,
Instantaneously and by stages,
It appears in accord with the doors of the faculties[220]Note 220 · p. 663 · cig car ba dang rim gyis su / dbang po'i sgo rnams yod bzhin snang: Gemini 4 Neon has "while the doors of the sense faculties are present", Dharmamitra "through the doors of the faculties", and GPT-6.2 Astra and Claude Fable 5.2 "according to the faculties". I take yod bzhin as "in accord with what is present" and leave "faculties" open, since the sudden/gradual contrast suggests capacity while dbang po'i sgo ordinarily means the sense doors. that are present.
Beyond the stains of the four extremes,
The qualities that are agents of arising being unceasing,
In the manner of appearing of great liberation from extremes,
From spontaneous presence, the great self-perfection,
In order to engage in determinate (nges pa) primordial purity,[221]Note 221 · p. 663 · nges pa'i ka dag / nges pa mi thob: the first is rendered "determinate" (said of primordial purity) and the second "certainty", following the glossary; the Tibetan uses the same word in both lines.
As primordial wisdom free from extremes,
This itself is self-arisen (rang byung) and self-arising;
Therefore its appearance as liberated from extremes
Appears as connected with the essence itself (ngo bo nyid).
Without this, certainty would not be attained,
And the fault of cause and result being reversed would follow;
Hence it truly appears as liberation from extremes itself.
Since the manner in which the qualities arise

[p. 664] is unceasing,
As the source that generates saṃsāra,
Like a door of arising of the impure,
It arises with its manner of emergence unceasing.
Without this, delusion ('khrul pa) would not exist even in name;
Therefore, as the door of impure saṃsāra,
As the thoroughfare of the states of existence,
Appearance arises in an unceasing manner.
Without this, delusion would not exist even in name;
Hence it is taught as "the door of impure saṃsāra."
Since the primordial wisdom of direct crossing is present,
Purity is indicated by purity itself.
The path of each of the appearances[222]Note 222 · p. 664 · 'char byed snang ba so so'i lam: Dharmamitra's "the paths of individual beings" is not in the Tibetan; so so qualifies the appearances. that are agents of arising,
The door of pure, great primordial wisdom,
Arises as the three aspects of unimpeded transparency (zang thal).
Without this, its own dynamic energy (rang rtsal) would not be perfected;
Hence, as the door of pure, great primordial wisdom,
It arises so that the essence, primordial purity, may be realized.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 64 % of the words.

Thus it is said.[223]Note 223 · p. 664 · zhes so: omitted in GPT-6.2 Astra; restored. By reflecting on the key points of these verses, one realizes how saṃsāra and nirvāṇa appear in the face of awareness, how they diverge from awareness, how they revert into awareness, and how awareness, while unconnected with saṃsāra and nirvāṇa, appears to be connected with them, as in a

[p. 665] dream. The reason why the pure and the impure appear each in its own aspect, without being mixed; how the rūpakāya (gzugs sku), together with its enlightened activity, arises from the dharmakāya; how sentient beings are engaged through compassion; how, from within the state of not moving from one's own face, the dharmakāya, there is appearance as kāyas and primordial wisdom; and so forth: the root from which these great, far-reaching frameworks can be understood is found here. Therefore, let those who have the eye of insight (shes rab kyi mig) examine it in fine detail. I too found the definite key points of the Heart Essence[224]Note 224 · p. 665 · gnad nges pa rnams: Adzom reads gnas nges pa ("the definite topics"). I follow the e-text's gnad ("key points"), which fits the opening of the paragraph ('di dag gi gnad). Claude Fable 5.2 reads "found certainty about the key points"; I take nges pa as qualifying gnad. from this.

2.3.2.2.4.1.3 The fourteen enumerated qualities ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི2.3.2.2.4.1.3 The fourteen enumerated qualities (topical division)
When spontaneous presence appears, fourteen qualities arise. Six recollections of guru, instructions and view lead to liberation. Six sets of superknowledges unfold in graded purity. The dhāraṇī of non-forgetting reveals all teachings at once, and continuous samādhi prevents bad thoughts, as the Union of the Sun and Moon states.

At this time, when the appearances of spontaneous presence arise, fourteen enumerated qualities occur for that person: the six recollections (rjes su dran pa drug), the six superknowledges (mngon par shes pa drug), the dhāraṇī of non-forgetting (mi brjed pa'i gzungs) and the samādhi of continuity[225]Note 225 · p. 665 · rgyun gyi ting nge 'dzin: Adzom reads rgyan gyi ("samādhi of ornament"). I follow rgyun ("of continuity"), the usual name of this quality. (rgyun gyi ting nge 'dzin). Of these,

2.3.2.2.4.1.3.1 The six recollections རྗེས་སུ་དྲན་པ་དྲུག2.3.2.2.4.1.3.1 The six recollections
Explained first by order of arising: one sees one's guru, yidam or ḍākinī, recollects instructions, view, path and concentration, abides five days and is liberated, or the less able reach a natural nirmāṇakāya field. Like recognising an old acquaintance; confirmed by the Union of the Sun and Moon.

although the tantra teaches these recollections after the superknowledges, here, going by the way they arise, I shall

[p. 666] explain them first. Whichever of the three, the guru, the yidam deity (yi dam gyi lha) or the ḍākinī (mkha' 'gro), one was formerly most supremely devoted to, here one sees their face as self-appearance, and they appear to grant prophecy. At that time one recollects the guru's oral instructions and so recollects the view of self-awareness; from that, by resting in meditative equipoise (mnyam par gzhag pa) in the recollection of the path of meditation, one abides for five days in the state of the recollection of naturally abiding meditative concentration (rang gnas kyi bsam gtan), and some are liberated right there. Some of lesser faculties, through the recollection of the birthplace, find relief in a buddha-field of the natural nirmāṇakāya (rang bzhin sprul sku). For those who are liberated at that time, what corresponds to the recollection of the birthplace[227]Note 227 · p. 666 · skye gnas: Dharmamitra's "place of rebirth" is replaced by the glossary's "birthplace". The cha of skye gnas rjes dran gyi cha is rendered "what corresponds to", as in GPT-6.2 Astra. is primordial purity's own place.[226]Note 226 · p. 666 · rang sa: the drafts have "native ground", "natural ground" or "original ground". Since the glossary reserves "ground" for gzhi, I render "own place", in line with rang sa zin pa. Here, just as one recognizes at once a person one formerly knew well, wherever one may meet them, so one should recollect the instruction for knowing one's own face, primordial purity's own place, at once, in a single instant. The Union of Sun and Moon says:

At that time the six recollections also arise: through the recollection of the deity, one sees right there the face of the yidam deity;[228]Note 228 · p. 666 · The quotation from the Union of Sun and Moon is prose and runs on into the next part. I have completed its first clause (zhal mthong ba dang, at the head of p. 667); the next part should resume with "through the recollection of the paths". Dharmamitra translated further into the next page; that material is not included here.

through the recollection of the paths, one gains mastery over the dharmatā of the intermediate state (bar ma do); through the recollection of the birthplace, those of lesser faculties find relief in a buddha-field of the natural nirmāṇakāya; through the recollection of the meditative concentrations, one abides in meditative concentration for five days; through the recollection of the guru's pith instructions, one acts in nonduality with one's own appearances (rang gi snang ba); and through the recollection of the view, it is like recognizing a person one formerly knew well as soon as one meets them later.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 77 % of the words.

[p. 667]

2.3.2.2.4.1.3.2 The six superknowledges མངོན་ཤེས་དྲུག2.3.2.2.4.1.3.2 The six superknowledges
Following the Union of the Sun and Moon, six sets of superknowledges arise in graded purity. They belong to the sense faculties, the workable mind, mastery of insight, pure primordial wisdom, unerring knowledge of dharmatā, and a buddha's knowledge. In all they total 134, condensed to thirty-six and to six roots.

As for the six superknowledges, the same tantra says:

When these have arisen in that way, six superknowledges arise for that child of noble family.Nyi zla kha sbyorQuotation (the text says: the same source: རྒྱུད་དེ་ཉིད་ལས)

The quoted words are in Ngb-pt-0064-vol-01-text (the text itself), 100 % of the words.

Accordingly, there arise six sets of six superknowledges: those of the sense faculties, of the workability of mind,[230]Note 230 · p. 667 · The six kinds of superknowledge: Dharmamitra fuses dbang po and sems las su rung ba into one item ("the faculties and mind becoming workable"), leaving only five. The Tibetan lists them separately with dang, and the six-by-six scheme requires six, so I follow Claude Fable 5.2, Gemini 4 Neon, GPT-6.2 Astra. of mastery over insight, of the utterly pure seeing of primordial wisdom, of seeing dharmatā unerringly, and of seeing the knowledge (mkhyen pa) of the buddhas[229]Note 229 · p. 667 · The opening words ཞལ་མཐོང་བ་དང་ ("sees the face") were already rendered at the end of the previous part and are not repeated. Dharmamitra omits the recollections of the paths and of the birthplace; they are restored here following Claude Fable 5.2, Gemini 4 Neon, GPT-6.2 Astra.

[p. 668] unerringly.

To set out their stages in detail:

2.3.2.2.4.1.3.2.1 The superknowledges of the sense faculties དབང་པོའི་མངོན་ཤེས2.3.2.2.4.1.3.2.1 The superknowledges of the sense faculties
The purified eye, ear, nose, tongue, body and mentation perceive ever more subtle objects up to countless buddha-fields, in sixty-eight graded superknowledges. Longchenpa answers an objection: these arise precisely because the material faculties are purified, revealing qualities already present, as clouds clearing reveal the sun.

first, of the six superknowledges of the sense faculties,

2.3.2.2.4.1.3.2.1.1 Superknowledge of the eye མིག་གི་མངོན་པར་ཤེས་པ2.3.2.2.4.1.3.2.1.1 Superknowledge of the eye
Six eyes (water-bubble, flesh, insight, primordial wisdom, omniscience, knowledge of all aspects) see, with increasing purity, hidden objects, world-systems, verses and their meaning, and ever more buddha-fields of the three kāyas.

the superknowledge of the eye arises at the outset. From the water-bubble eye (chu bur gyi mig) being utterly pure, one sees entities as unimpededly transparent, irrespective of whether the eyes are open or closed.[231]Note 231 · p. 668 · mig phye btsums med par: Dharmamitra and Gemini 4 Neon read "without opening or closing the eyes"; Claude Fable 5.2 and GPT-6.2 Astra read "whether the eyes are open or closed". I follow the latter: the point is that seeing no longer depends on the eyes being open or shut. Then, through the purity of the eye of flesh (sha'i mig), one sees coarse entities that are hidden from view up to five yojanas (dpag tshad) away, and one sees a single world of four continents[233]Note 233 · p. 668 · For the eye of flesh, the expected second-degree marker (rnam par dag pas) before "a single world of four continents" is absent. Likewise on p. 669 the "exceedingly pure" degree is missing for the eye of omniscience. Both are translated as the text stands. together with Mount Meru; when it is exceedingly pure, one sees two and three; and when it is supremely pure, one sees ten.

Then, with the eye of insight, one sees a hundred verses; when it is utterly pure, one has mastery over a thousand; when it is exceedingly pure, one sees the meaning of ten thousand and of a hundred thousand; and when it is supremely pure, one sees the meaning of ten million, of a million and of countless verses[232]Note 232 · p. 668 · The graded formulas vary slightly in the Tibetan (rnam par dag pa; shin tu dag pa / shin tu rnam par dag pa; rab tu dag pa / rab tu rnam par dag pa). I render them uniformly as "utterly pure", "exceedingly pure" and "supremely pure".

[p. 669] unerringly.

Then, with the eye of primordial wisdom (ye shes kyi mig), one sees a hundred buddha-fields of the nirmāṇakāya (sprul sku) at one time; when it is utterly pure, one sees eight hundred thousand buddha-fields; when it is exceedingly pure, one sees ninety million; and when it is supremely pure, one sees nine hundred and ten million.[234]Note 234 · p. 669 · bye ba phrag dgu bcu rtsa gcig is ninety-one times ten million, i.e. nine hundred and ten million (so Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "ninety-one million" is a miscalculation.

Then, with the eye of omniscience (thams cad mkhyen pa'i mig), one sees a hundred buddha-fields of the saṃbhogakāya at one time; when it is utterly pure, one sees five hundred thousand; and when it is supremely pure, one sees seventy incalculable tens of millions[235]Note 235 · p. 669 · bye ba grangs med pa bdun cu: I take grangs med as the numeral "incalculable" (asaṃkhyeya), giving "seventy incalculable tens of millions", with Dharmamitra, Claude Fable 5.2, Gemini 4 Neon. at one time.

Then, with the eye of the knowledge of all aspects (rnam pa thams cad mkhyen pa'i mig), one sees inconceivable buddha-fields of the dharmakāya at one time; when it is utterly pure, one sees inconceivable buddha-fields of the saṃbhogakāya at one time; when it is exceedingly pure, one sees buddha-fields of the nirmāṇakāya,

[p. 670] inconceivable in number, at one time; and when it is supremely pure, one sees at one time the endless buddha-fields of the play (rnam par rol pa) of the three kāyas.

2.3.2.2.4.1.3.2.1.2 Superknowledge of the ear རྣ་བའི་མངོན་ཤེས2.3.2.2.4.1.3.2.1.2 Superknowledge of the ear
The divine ear, the ear of flesh and the ear of complete liberation hear, in graded purity, hidden beings, distant realms, all classes of beings, and śrāvakas, bodhisattvas and countless buddhas conferring.

Then, as for the superknowledge of the ear: with the divine ear (lha'i rna ba), in addition to hearing what is actually present,[236]Note 236 · p. 670 · dngos por thos pa'i steng du: I read this as "in addition to hearing what is actually present" (with Claude Fable 5.2, and Dharmamitra's "manifest objects"), in contrast to the "hidden" (lkog tu gyur pa) beings that follow. one hears the sounds of beings who are hidden from view; when it is utterly pure, one hears up to a thousand yojanas away; when it is exceedingly pure, five thousand; and when it is supremely pure, one hears sounds up to two hundred thousand yojanas away.

With the ear of flesh (sha'i rna ba), one hears the sounds of the lower realms up to a hundred thousand yojanas away; when it is utterly pure, those of the demigods; when it is exceedingly pure, those of the gods; and when it is supremely pure, one hears at one time the sounds of the beings of inconceivably many continents.

With the ear of complete liberation (rnam par grol ba'i rna ba), one hears the sounds of the śrāvakas and pratyekabuddhas (nyan rang); when it is utterly pure, one hears the sounds of bodhisattvas conferring on the teachings;[237]Note 237 · p. 670 · The part breaks off mid-clause at བཀའ་བགྲོ་བའི་. English word order requires the verb, so I have completed the clause with སྒྲ་ཐོས་པ་དང་ from the next page; the next part should resume at ཤིན་ཏུ་རྣམ་པར་དག་པས་. Dharmamitra omits the whole passage on the ear of complete liberation.

Translation notes
  • 206. [p. 659] rgya ma chad: Dharmamitra has "unconfined"; Gemini 4 Neon, Claude Fable 5.2, GPT-6.2 Astra have "not severed / sundered / cut off from one another". I follow the latter, since the prose gloss below ('khor 'das 'brel thag chad pa) and the verse (rgya chad gud du bcad par 'gyur) both speak of severance.
  • 207. [p. 659] rang rig ka dag gi sa: Gemini 4 Neon reads "the level of primordially pure self-awareness"; I take rang rig as the subject abiding on the level of primordial purity, with Claude Fable 5.2 and GPT-6.2 Astra. The Tibetan allows either.
  • 208. [p. 659] dran par byung ste: translated as it stands ("comes to be recollected", so Dharmamitra and GPT-6.2 Astra). Gemini 4 Neon and Claude Fable 5.2 render it as an injunction, as though it read dran par bya, like the tantra's closing sentence.
  • 209. [p. 659] longs sku khro bo'i snang ba: taken with all drafts as the wrathful saṃbhogakāya deities. It could also be read "the saṃbhogakāya and the wrathful deities", matching the peaceful and wrathful fields listed just before.
  • 210. [p. 659] shes bya'i kha phyir ma shor: Gemini 4 Neon makes the knowables the subject ("knowables do not stray outward"), and Dharmamitra and GPT-6.2 Astra similarly. I follow Claude Fable 5.2 ("does not stray outward toward the knowable"), taking kha phyir shor as attention slipping outward.
  • 211. [p. 660] rang bzhin gyi don 'byung ba: Dharmamitra has "the natural aim comes to pass". I follow Claude Fable 5.2 and GPT-6.2 Astra ("benefit comes about naturally"; Gemini 4 Neon "the natural benefit"), in view of thugs rjes don mdzad pa in the next sentence.
  • 212. [p. 660] rang ngor snang ba: rendered "appear in one's own experience" rather than the glossary's "own face", since rang ngor here means "from one's own perspective".
  • 213. [p. 660] mi rigs pa las: read as contrastive ("nor would it be reasonable …; that they do is …"), with Claude Fable 5.2 and GPT-6.2 Astra.
  • 214. [p. 661] rigs drug 'bros khung rang bcad nas: Dharmamitra, Gemini 4 Neon, Claude Fable 5.2 leave the agent vague or make it the ground ("of itself"). I follow GPT-6.2 Astra in taking the nas-clause with the following rnams, so that it is the beings who have cut off their own escape.
  • 215. [p. 661] 'khor bar dpyad thag chad pa rnams: translated as it stands ("whose lot in saṃsāra is settled", so Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "whose lifeline in saṃsāra is broken" presupposes dpyang thag chad pa ("whose rope is cut"), a plausible emendation given the escape-hole and lasso imagery, but unsupported by the editions.
  • 216. [p. 661] 'khor 'das ste chad pas: ste chad is doubtful, probably for rgya chad (cf. rgya ma chad above and rgya chad on p. 662) or sde chad. The sense "severed from one another" is the same either way.
  • 217. [p. 662] rang sa nyid las mi grol bas: Claude Fable 5.2 has "no liberation in their very own place"; Dharmamitra, Gemini 4 Neon and GPT-6.2 Astra have "not freed from" it. I keep the ablative las, which fits the fault that follows: without nonduality each would remain fixed in its own place, with no transformation or reversal.
  • 218. [p. 662] snang byed yon tan tshul du shar: GPT-6.2 Astra has "the power of manifestation arises as a quality"; I follow Claude Fable 5.2 ("the quality that makes things appear"; Dharmamitra and Gemini 4 Neon similar), parallel to gsal byed above.
  • 219. [p. 663] bzhi lam mi 'byor: Dharmamitra reads "the four would not be united as the path". With Gemini 4 Neon, GPT-6.2 Astra and Claude Fable 5.2 I take bzhi lam as "the path of the four", glossed by the next line as the path of the four primordial wisdoms. "Joined" follows the rendering of mi 'byor in the previous part.
  • 220. [p. 663] cig car ba dang rim gyis su / dbang po'i sgo rnams yod bzhin snang: Gemini 4 Neon has "while the doors of the sense faculties are present", Dharmamitra "through the doors of the faculties", and GPT-6.2 Astra and Claude Fable 5.2 "according to the faculties". I take yod bzhin as "in accord with what is present" and leave "faculties" open, since the sudden/gradual contrast suggests capacity while dbang po'i sgo ordinarily means the sense doors.
  • 221. [p. 663] nges pa'i ka dag / nges pa mi thob: the first is rendered "determinate" (said of primordial purity) and the second "certainty", following the glossary; the Tibetan uses the same word in both lines.
  • 222. [p. 664] 'char byed snang ba so so'i lam: Dharmamitra's "the paths of individual beings" is not in the Tibetan; so so qualifies the appearances.
  • 223. [p. 664] zhes so: omitted in GPT-6.2 Astra; restored.
  • 224. [p. 665] gnad nges pa rnams: Adzom reads gnas nges pa ("the definite topics"). I follow the e-text's gnad ("key points"), which fits the opening of the paragraph ('di dag gi gnad). Claude Fable 5.2 reads "found certainty about the key points"; I take nges pa as qualifying gnad.
  • 225. [p. 665] rgyun gyi ting nge 'dzin: Adzom reads rgyan gyi ("samādhi of ornament"). I follow rgyun ("of continuity"), the usual name of this quality.
  • 226. [p. 666] rang sa: the drafts have "native ground", "natural ground" or "original ground". Since the glossary reserves "ground" for gzhi, I render "own place", in line with rang sa zin pa.
  • 227. [p. 666] skye gnas: Dharmamitra's "place of rebirth" is replaced by the glossary's "birthplace". The cha of skye gnas rjes dran gyi cha is rendered "what corresponds to", as in GPT-6.2 Astra.
  • 228. [p. 666] The quotation from the Union of Sun and Moon is prose and runs on into the next part. I have completed its first clause (zhal mthong ba dang, at the head of p. 667); the next part should resume with "through the recollection of the paths". Dharmamitra translated further into the next page; that material is not included here.
  • 229. [p. 667] The opening words ཞལ་མཐོང་བ་དང་ ("sees the face") were already rendered at the end of the previous part and are not repeated. Dharmamitra omits the recollections of the paths and of the birthplace; they are restored here following Claude Fable 5.2, Gemini 4 Neon, GPT-6.2 Astra.
  • 230. [p. 667] The six kinds of superknowledge: Dharmamitra fuses dbang po and sems las su rung ba into one item ("the faculties and mind becoming workable"), leaving only five. The Tibetan lists them separately with dang, and the six-by-six scheme requires six, so I follow Claude Fable 5.2, Gemini 4 Neon, GPT-6.2 Astra.
  • 231. [p. 668] mig phye btsums med par: Dharmamitra and Gemini 4 Neon read "without opening or closing the eyes"; Claude Fable 5.2 and GPT-6.2 Astra read "whether the eyes are open or closed". I follow the latter: the point is that seeing no longer depends on the eyes being open or shut.
  • 232. [p. 668] The graded formulas vary slightly in the Tibetan (rnam par dag pa; shin tu dag pa / shin tu rnam par dag pa; rab tu dag pa / rab tu rnam par dag pa). I render them uniformly as "utterly pure", "exceedingly pure" and "supremely pure".
  • 233. [p. 668] For the eye of flesh, the expected second-degree marker (rnam par dag pas) before "a single world of four continents" is absent. Likewise on p. 669 the "exceedingly pure" degree is missing for the eye of omniscience. Both are translated as the text stands.
  • 234. [p. 669] bye ba phrag dgu bcu rtsa gcig is ninety-one times ten million, i.e. nine hundred and ten million (so Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "ninety-one million" is a miscalculation.
  • 235. [p. 669] bye ba grangs med pa bdun cu: I take grangs med as the numeral "incalculable" (asaṃkhyeya), giving "seventy incalculable tens of millions", with Dharmamitra, Claude Fable 5.2, Gemini 4 Neon.
  • 236. [p. 670] dngos por thos pa'i steng du: I read this as "in addition to hearing what is actually present" (with Claude Fable 5.2, and Dharmamitra's "manifest objects"), in contrast to the "hidden" (lkog tu gyur pa) beings that follow.
  • 237. [p. 670] The part breaks off mid-clause at བཀའ་བགྲོ་བའི་. English word order requires the verb, so I have completed the clause with སྒྲ་ཐོས་པ་དང་ from the next page; the next part should resume at ཤིན་ཏུ་རྣམ་པར་དག་པས་. Dharmamitra omits the whole passage on the ear of complete liberation.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 659]
དང༌། །འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་བ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱུང་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། །ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། །འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་

and, below, the reflection-like impure field-appearances of the six destinies ('gro drug) all arise at one and the same time. This, moreover, is what is meant by "because it arises as compassion, saṃsāra and nirvāṇa ('khor 'das) are not cut off from one another,"[206]Note 206 · p. 659 · rgya ma chad: Dharmamitra has "unconfined"; Gemini 4 Neon, Claude Fable 5.2, GPT-6.2 Astra have "not severed / sundered / cut off from one another". I follow the latter, since the prose gloss below ('khor 'das 'brel thag chad pa) and the verse (rgya chad gud du bcad par 'gyur) both speak of severance. and so forth. At this time, for an instant self-awareness abides on the level of primordial purity,[207]Note 207 · p. 659 · rang rig ka dag gi sa: Gemini 4 Neon reads "the level of primordially pure self-awareness"; I take rang rig as the subject abiding on the level of primordial purity, with Claude Fable 5.2 and GPT-6.2 Astra. The Tibetan allows either. and there comes to be recollected[208]Note 208 · p. 659 · dran par byung ste: translated as it stands ("comes to be recollected", so Dharmamitra and GPT-6.2 Astra). Gemini 4 Neon and Claude Fable 5.2 render it as an injunction, as though it read dran par bya, like the tantra's closing sentence. the oral instruction that, having recognized one's own face, one does not turn back from that state, like the arrow of a great archer which, once it has flown, does not turn back. The Union of the Sun and Moon says:

Then, because one's own cognition dissolves into the light above, the eight modes of arising (shar lugs brgyad) are experienced. At that time the appearances below, of the wrathful deities (khro bo) of the saṃbhogakāya[209]Note 209 · p. 659 · longs sku khro bo'i snang ba: taken with all drafts as the wrathful saṃbhogakāya deities. It could also be read "the saṃbhogakāya and the wrathful deities", matching the peaceful and wrathful fields listed just before. (longs sku), will also come to be seen. What are the eight modes of arising? Because it arises as compassion, saṃsāra and nirvāṇa are not cut off from one another. Because it arises as light, all appearances are clear within. Because it arises as kāyas, there is no straying outward toward the knowable.[210]Note 210 · p. 659 · shes bya'i kha phyir ma shor: Gemini 4 Neon makes the knowables the subject ("knowables do not stray outward"), and Dharmamitra and GPT-6.2 Astra similarly. I follow Claude Fable 5.2 ("does not stray outward toward the knowable"), taking kha phyir shor as attention slipping outward. Because it arises as primordial wisdom, all appearances are unimpededly transparent. Because it arises as nonduality,

[p. 660]
བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། །དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང༌། ཡོན་ཏན་དང༌། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་

one's own cognition abides one-pointedly. Because it arises as liberation from extremes, it does not abide in any extreme whatsoever. Because it arises as the door of impure saṃsāra ('khor ba), the source of existence (srid pa) is unceasing. Because it arises as the door of pure primordial wisdom, there is connection with dharmatā. At that time one should recollect as supreme the method of not turning back, which is like the arrow of a great archer.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 68 % of the words.

2.3.2.2.4.1.2 The qualities of the eight agents of arising འཆར་བྱེད་བརྒྱད་ཀྱི་ཡོན་ཏན2.3.2.2.4.1.2 The qualities of the eight agents of arising (topical division)
Without the eight agents of arising, awareness would be nihilistic emptiness and compassionate activity impossible. A long Heap of Jewels passage explains each mode's necessity; Longchenpa stresses that these key points reveal how saṃsāra and nirvāṇa appear from, diverge from and revert to awareness, and the source of the Heart Essence.

Thus, through the benefit of their being primordially present in the awareness of primordial purity as the eight agents of arising ('char byed brgyad), the kāyas, primordial wisdom, compassion, qualities and enlightened activity ('phrin las) arise, and benefit comes about naturally.[211]Note 211 · p. 660 · rang bzhin gyi don 'byung ba: Dharmamitra has "the natural aim comes to pass". I follow Claude Fable 5.2 and GPT-6.2 Astra ("benefit comes about naturally"; Gemini 4 Neon "the natural benefit"), in view of thugs rjes don mdzad pa in the next sentence. If these aspects of the manner of arising ('char tshul) did not exist, awareness would be a nihilistic emptiness, or else, the bond connecting saṃsāra and nirvāṇa being severed, the accomplishing of benefit through compassion would never occur at all. Nor would it be reasonable[213]Note 213 · p. 660 · mi rigs pa las: read as contrastive ("nor would it be reasonable …; that they do is …"), with Claude Fable 5.2 and GPT-6.2 Astra. for these aspects of saṃsāra and nirvāṇa, which appear in one's own experience,[212]Note 212 · p. 660 · rang ngor snang ba: rendered "appear in one's own experience" rather than the glossary's "own face", since rang ngor here means "from one's own perspective". to appear to anyone at present; that they do is the quality of the unceasing manner of arising of spontaneous presence. This is

[p. 661]
བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས།
།སྣ་ཚོགས་སྣང་བའི་རང་བཞིན་ནི།
།ཡོན་ཏན་ཆེན་པོ་རྣམས་སུ་སྣང༌།
།འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང༌།
།ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར།
།རིགས་དྲུག་འབྲོས་ཁུང་རང་བཅད་ནས།
།འཁོར་བར་དཔྱད་ཐག་ཆད་པ་རྣམས།
།སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར།
།སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ།
།ཐུགས་རྗེ་ཆེན་པོ་ཉིད་དུ་སྣང༌།
།འཁོར་འདས་རང་འབྲེལ་ཡོན་ཏན་དུ།
།གཉིས་ཆ་འདྲེས་པའི་ཚུལ་དུ་སྣང༌།
།འདི་མེད་འཁོར་འདས་སྟེ་ཆད་པས།
།རྟོགས་པ་མེད་པའི་སྐྱོན་འགྱུར་བས།
།ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ།
།སངས་རྒྱས་ཀུན་གྱི་རང་ཡུལ་ལ།
།ལུས་དང་གྲིབ་མ་ཇི་བཞིན་དུ།
།སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར།
།ནང་གི་སྣང་ཆ་རང་གསལ་བར།
།འོད་ལྔའི་ཚུལ་གྱིས་

explained in the Heap of Jewels:

Because the agents of arising of spontaneous presence are unceasing,
The nature of manifold appearance
Appears as the great qualities.
From the eight doors that bring about arising, too,
It arises in the manner of eight qualities.
Those who have themselves cut off the six classes' way of escape[214]Note 214 · p. 661 · rigs drug 'bros khung rang bcad nas: Dharmamitra, Gemini 4 Neon, Claude Fable 5.2 leave the agent vague or make it the ground ("of itself"). I follow GPT-6.2 Astra in taking the nas-clause with the following rnams, so that it is the beings who have cut off their own escape.
And whose lot in saṃsāra is settled[215]Note 215 · p. 661 · 'khor bar dpyad thag chad pa rnams: translated as it stands ("whose lot in saṃsāra is settled", so Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "whose lifeline in saṃsāra is broken" presupposes dpyang thag chad pa ("whose rope is cut"), a plausible emendation given the escape-hole and lasso imagery, but unsupported by the editions.—
In order to catch them with the lasso of compassion (snying rje),
To sentient beings, through the forms of the four modes of birth,
It appears as great compassion itself.
As the quality of saṃsāra and nirvāṇa being naturally connected,
It appears in the manner of the two aspects mingled.
Without this, saṃsāra and nirvāṇa would be severed from one another[216]Note 216 · p. 661 · 'khor 'das ste chad pas: ste chad is doubtful, probably for rgya chad (cf. rgya ma chad above and rgya chad on p. 662) or sde chad. The sense "severed from one another" is the same either way.
And the fault of there being no realization would follow;
Hence the way this quality comes about is just this.
In the own domain of all the buddhas,
Just like a body and its shadow,
Because it is pervaded by the five lights of appearance,
The inner aspect of appearance is self-clear;
In the manner of the five lights,

[p. 662]
འཆར་སྒོ་ལས།
།ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར།
།འདི་མེད་སེམས་ཅན་རང་འོད་དང༌།
།རྒྱ་ཆད་གུད་དུ་བཅད་པར་འགྱུར།
།ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར།
།རང་སྣང་ཡོན་ཏན་ཆེན་པོར་འབྱུང༌།
།ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར།
།སྐུ་གསུམ་གཅིག་ཏུ་གནས་པས་ན།
།ངོ་བོ་སྐུ་ཡི་རང་བཞིན་དུ།
།རང་སྣང་གང་དུ་མི་འབྱེད་པས།
།ངོ་བོ་གསལ་བྱེད་སྐུ་ལྟར་ཤར།
།འདི་མེད་ངོ་བོ་མི་རྙེད་པས།
།ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང༌།
།དེ་ཀུན་ཐ་དད་མ་ཡིན་པར།
།གཉིས་མེད་མཉམ་པར་གནས་པས་ན།
།འབྱེད་མེད་གཉིས་སུ་མེད་པ་ཡི།
།སྣང་བས་ཕྱི་དང་ནང་ཀུན་ཏུ།
།ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར།
།འདི་མེད་རང་ངོ་ཐ་དད་པས།
།འཁོར་འདས་འདྲེས་པའི་མཚམས་མི་སྦྱོར།
།རང་ས་ཉིད་ལས་མི་གྲོལ་བས།
།སྒྱུར་ཟློག་མེད་པའི་སྐྱོན་འགྱུར་བས།
།སྣང་བྱེད་ཡོན་ཏན་ཚུལ་དུ་ཤར།
།

from the door of arising,
That which makes the qualities clear does not stray outward.
Without this, sentient beings and their own light
Would be sundered, cut off and set apart.
Because the agents of arising are connected in union,
Self-appearance comes forth as a great quality.
Because all bodies are gathered into one,
And since the three kāyas abide as one,
As essence, in the nature of kāya,
Self-appearance is not divided into anything whatsoever;
Hence it arises as kāya, that which makes the essence clear.
Without this, the essence would not be found;
Hence it appears as the kāya in which all bodies are complete.
All of these, not being different,
Abide equally, without duality;
Therefore, through indivisible, nondual
Appearance, everywhere outside and within,
It arises in the manner of the great pervader.
Without this, their own faces being different,
The juncture where saṃsāra and nirvāṇa mingle would not be joined;
There being no liberation from their very own place,[217]Note 217 · p. 662 · rang sa nyid las mi grol bas: Claude Fable 5.2 has "no liberation in their very own place"; Dharmamitra, Gemini 4 Neon and GPT-6.2 Astra have "not freed from" it. I keep the ablative las, which fits the fault that follows: without nonduality each would remain fixed in its own place, with no transformation or reversal.
The fault of there being no transformation or reversal would follow;
Hence it arises in the manner of the quality that makes things appear.[218]Note 218 · p. 662 · snang byed yon tan tshul du shar: GPT-6.2 Astra has "the power of manifestation arises as a quality"; I follow Claude Fable 5.2 ("the quality that makes things appear"; Dharmamitra and Gemini 4 Neon similar), parallel to gsal byed above.

[p. 663]
ཤེས་བྱ་ཀུན་ལ་རང་ཁྱབ་པས།
།བཞི་སྦྱོར་ཆེན་པོའི་སྣང་བར་ནི།
།འཁོར་འདས་འབྲེལ་པའི་ལམ་དུ་སྣང༌།
།འདི་མེད་བཞི་ལམ་མི་འབྱོར་བས།
།ཡེ་ཤེས་བཞི་ཡི་ལམ་ཉིད་དུ།
།སེམས་ཅན་རྣམས་ཀྱི་གསང་ལམ་དུ།
།སྣང་བ་བཞི་ཡི་ཚུལ་དུ་ཡང༌།
།ཅིག་ཅར་བ་དང་རིམ་གྱིས་སུ།
།དབང་པོའི་སྒོ་རྣམས་ཡོད་བཞིན་སྣང༌།
།མཐའ་བཞིའི་དྲི་མ་ལས་འདས་པའི།
།འཆར་བྱེད་ཡོན་ཏན་མ་འགགས་པར།
།མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ།
།ལྷུན་གྲུབ་རང་རྫོགས་ཆེན་པོ་ལས།
།ངེས་པའི་ཀ་དག་ལ་སྤྱོད་ཕྱིར།
།མཐའ་དང་བྲལ་བའི་ཡེ་ཤེས་སུ།
།འདི་ཉིད་རང་བྱུང་རང་ཤར་བས།
།མཐའ་ལས་གྲོལ་བར་སྣང་བ་ནི།
།ངོ་བོ་ཉིད་དང་འབྲེལ་པར་སྣང༌།
།འདི་མེད་ངེས་པ་མི་ཐོབ་པས།
།རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས།
།མཐའ་གྲོལ་ཉིད་དུ་ཡང་དག་སྣང༌།
།ཡོན་ཏན་འཆར་ཚུལ་མ་

Because it of itself pervades all that is knowable,
As the appearance of the great fourfold conjunction (bzhi sbyor chen po),
It appears as the path that connects saṃsāra and nirvāṇa.
Without this, the path of the four would not be joined;[219]Note 219 · p. 663 · bzhi lam mi 'byor: Dharmamitra reads "the four would not be united as the path". With Gemini 4 Neon, GPT-6.2 Astra and Claude Fable 5.2 I take bzhi lam as "the path of the four", glossed by the next line as the path of the four primordial wisdoms. "Joined" follows the rendering of mi 'byor in the previous part.
Hence, as the very path of the four primordial wisdoms,
As the secret path of sentient beings,
And also in the manner of the four visions,
Instantaneously and by stages,
It appears in accord with the doors of the faculties[220]Note 220 · p. 663 · cig car ba dang rim gyis su / dbang po'i sgo rnams yod bzhin snang: Gemini 4 Neon has "while the doors of the sense faculties are present", Dharmamitra "through the doors of the faculties", and GPT-6.2 Astra and Claude Fable 5.2 "according to the faculties". I take yod bzhin as "in accord with what is present" and leave "faculties" open, since the sudden/gradual contrast suggests capacity while dbang po'i sgo ordinarily means the sense doors. that are present.
Beyond the stains of the four extremes,
The qualities that are agents of arising being unceasing,
In the manner of appearing of great liberation from extremes,
From spontaneous presence, the great self-perfection,
In order to engage in determinate (nges pa) primordial purity,[221]Note 221 · p. 663 · nges pa'i ka dag / nges pa mi thob: the first is rendered "determinate" (said of primordial purity) and the second "certainty", following the glossary; the Tibetan uses the same word in both lines.
As primordial wisdom free from extremes,
This itself is self-arisen (rang byung) and self-arising;
Therefore its appearance as liberated from extremes
Appears as connected with the essence itself (ngo bo nyid).
Without this, certainty would not be attained,
And the fault of cause and result being reversed would follow;
Hence it truly appears as liberation from extremes itself.
Since the manner in which the qualities arise

[p. 664]
འགགས་པས།
།འཁོར་བ་བསྐྱེད་པའི་བྱུང་ཁུངས་སུ།
།མ་དག་པ་ཡི་འཆར་སྒོ་ལྟར།
།བྱུང་ཚུལ་འགག་པ་མེད་པར་ཤར།
།འདི་མེད་འཁྲུལ་པ་མིང་མེད་པས།
།དེ་ཕྱིར་མ་དག་འཁོར་བའི་སྒོ།
།སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ།
།སྣང་བ་འགག་མེད་ཚུལ་དུ་ཤར།
།འདི་མེད་འཁྲུལ་པ་མིང་མེད་པས།
།མ་དག་འཁོར་བའི་སྒོ་ཞེས་བསྟན།
།ཐོད་རྒལ་ཡེ་ཤེས་ཡོད་པས་ན།
།དག་པ་ཉིད་ཀྱིས་དག་པ་མཚོན།
།འཆར་བྱེད་སྣང་བ་སོ་སོའི་ལམ།
།དག་པ་ཡེ་ཤེས་ཆེན་པོའི་སྒོ།
།ཟང་ཐལ་རྣམ་པ་གསུམ་དུ་ཤར།
།འདི་མེད་རང་རྩལ་མི་རྫོགས་པས།
།དག་པ་ཡེ་ཤེས་ཆེན་པོའི་སྒོར།
།ངོ་བོ་ཀ་དག་རྟོགས་ཕྱིར་ཤར།
།ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ། རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འབྲེལ་ལ་འབྲེལ་བར་སྣང་བ་རྨི་

is unceasing,
As the source that generates saṃsāra,
Like a door of arising of the impure,
It arises with its manner of emergence unceasing.
Without this, delusion ('khrul pa) would not exist even in name;
Therefore, as the door of impure saṃsāra,
As the thoroughfare of the states of existence,
Appearance arises in an unceasing manner.
Without this, delusion would not exist even in name;
Hence it is taught as "the door of impure saṃsāra."
Since the primordial wisdom of direct crossing is present,
Purity is indicated by purity itself.
The path of each of the appearances[222]Note 222 · p. 664 · 'char byed snang ba so so'i lam: Dharmamitra's "the paths of individual beings" is not in the Tibetan; so so qualifies the appearances. that are agents of arising,
The door of pure, great primordial wisdom,
Arises as the three aspects of unimpeded transparency (zang thal).
Without this, its own dynamic energy (rang rtsal) would not be perfected;
Hence, as the door of pure, great primordial wisdom,
It arises so that the essence, primordial purity, may be realized.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 64 % of the words.

Thus it is said.[223]Note 223 · p. 664 · zhes so: omitted in GPT-6.2 Astra; restored. By reflecting on the key points of these verses, one realizes how saṃsāra and nirvāṇa appear in the face of awareness, how they diverge from awareness, how they revert into awareness, and how awareness, while unconnected with saṃsāra and nirvāṇa, appears to be connected with them, as in a

[p. 665]
ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག མངོན་པར་ཤེས་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་

dream. The reason why the pure and the impure appear each in its own aspect, without being mixed; how the rūpakāya (gzugs sku), together with its enlightened activity, arises from the dharmakāya; how sentient beings are engaged through compassion; how, from within the state of not moving from one's own face, the dharmakāya, there is appearance as kāyas and primordial wisdom; and so forth: the root from which these great, far-reaching frameworks can be understood is found here. Therefore, let those who have the eye of insight (shes rab kyi mig) examine it in fine detail. I too found the definite key points of the Heart Essence[224]Note 224 · p. 665 · gnad nges pa rnams: Adzom reads gnas nges pa ("the definite topics"). I follow the e-text's gnad ("key points"), which fits the opening of the paragraph ('di dag gi gnad). Claude Fable 5.2 reads "found certainty about the key points"; I take nges pa as qualifying gnad. from this.

2.3.2.2.4.1.3 The fourteen enumerated qualities ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི2.3.2.2.4.1.3 The fourteen enumerated qualities (topical division)
When spontaneous presence appears, fourteen qualities arise. Six recollections of guru, instructions and view lead to liberation. Six sets of superknowledges unfold in graded purity. The dhāraṇī of non-forgetting reveals all teachings at once, and continuous samādhi prevents bad thoughts, as the Union of the Sun and Moon states.

At this time, when the appearances of spontaneous presence arise, fourteen enumerated qualities occur for that person: the six recollections (rjes su dran pa drug), the six superknowledges (mngon par shes pa drug), the dhāraṇī of non-forgetting (mi brjed pa'i gzungs) and the samādhi of continuity[225]Note 225 · p. 665 · rgyun gyi ting nge 'dzin: Adzom reads rgyan gyi ("samādhi of ornament"). I follow rgyun ("of continuity"), the usual name of this quality. (rgyun gyi ting nge 'dzin). Of these,

2.3.2.2.4.1.3.1 The six recollections རྗེས་སུ་དྲན་པ་དྲུག2.3.2.2.4.1.3.1 The six recollections
Explained first by order of arising: one sees one's guru, yidam or ḍākinī, recollects instructions, view, path and concentration, abides five days and is liberated, or the less able reach a natural nirmāṇakāya field. Like recognising an old acquaintance; confirmed by the Union of the Sun and Moon.

although the tantra teaches these recollections after the superknowledges, here, going by the way they arise, I shall

[p. 666]
བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་

explain them first. Whichever of the three, the guru, the yidam deity (yi dam gyi lha) or the ḍākinī (mkha' 'gro), one was formerly most supremely devoted to, here one sees their face as self-appearance, and they appear to grant prophecy. At that time one recollects the guru's oral instructions and so recollects the view of self-awareness; from that, by resting in meditative equipoise (mnyam par gzhag pa) in the recollection of the path of meditation, one abides for five days in the state of the recollection of naturally abiding meditative concentration (rang gnas kyi bsam gtan), and some are liberated right there. Some of lesser faculties, through the recollection of the birthplace, find relief in a buddha-field of the natural nirmāṇakāya (rang bzhin sprul sku). For those who are liberated at that time, what corresponds to the recollection of the birthplace[227]Note 227 · p. 666 · skye gnas: Dharmamitra's "place of rebirth" is replaced by the glossary's "birthplace". The cha of skye gnas rjes dran gyi cha is rendered "what corresponds to", as in GPT-6.2 Astra. is primordial purity's own place.[226]Note 226 · p. 666 · rang sa: the drafts have "native ground", "natural ground" or "original ground". Since the glossary reserves "ground" for gzhi, I render "own place", in line with rang sa zin pa. Here, just as one recognizes at once a person one formerly knew well, wherever one may meet them, so one should recollect the instruction for knowing one's own face, primordial purity's own place, at once, in a single instant. The Union of Sun and Moon says:

At that time the six recollections also arise: through the recollection of the deity, one sees right there the face of the yidam deity;[228]Note 228 · p. 666 · The quotation from the Union of Sun and Moon is prose and runs on into the next part. I have completed its first clause (zhal mthong ba dang, at the head of p. 667); the next part should resume with "through the recollection of the paths". Dharmamitra translated further into the next page; that material is not included here.

through the recollection of the paths, one gains mastery over the dharmatā of the intermediate state (bar ma do); through the recollection of the birthplace, those of lesser faculties find relief in a buddha-field of the natural nirmāṇakāya; through the recollection of the meditative concentrations, one abides in meditative concentration for five days; through the recollection of the guru's pith instructions, one acts in nonduality with one's own appearances (rang gi snang ba); and through the recollection of the view, it is like recognizing a person one formerly knew well as soon as one meets them later.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 77 % of the words.

[p. 667]
ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང༌། སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང༌། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་
2.3.2.2.4.1.3.2 The six superknowledges མངོན་ཤེས་དྲུག2.3.2.2.4.1.3.2 The six superknowledges
Following the Union of the Sun and Moon, six sets of superknowledges arise in graded purity. They belong to the sense faculties, the workable mind, mastery of insight, pure primordial wisdom, unerring knowledge of dharmatā, and a buddha's knowledge. In all they total 134, condensed to thirty-six and to six roots.

As for the six superknowledges, the same tantra says:

When these have arisen in that way, six superknowledges arise for that child of noble family.Nyi zla kha sbyorQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 100 % of the words.

Accordingly, there arise six sets of six superknowledges: those of the sense faculties, of the workability of mind,[230]Note 230 · p. 667 · The six kinds of superknowledge: Dharmamitra fuses dbang po and sems las su rung ba into one item ("the faculties and mind becoming workable"), leaving only five. The Tibetan lists them separately with dang, and the six-by-six scheme requires six, so I follow Claude Fable 5.2, Gemini 4 Neon, GPT-6.2 Astra. of mastery over insight, of the utterly pure seeing of primordial wisdom, of seeing dharmatā unerringly, and of seeing the knowledge (mkhyen pa) of the buddhas[229]Note 229 · p. 667 · The opening words ཞལ་མཐོང་བ་དང་ ("sees the face") were already rendered at the end of the previous part and are not repeated. Dharmamitra omits the recollections of the paths and of the birthplace; they are restored here following Claude Fable 5.2, Gemini 4 Neon, GPT-6.2 Astra.

[p. 668]
ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང༌། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང༌། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང༌། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང༌། རྣམ་པར་དག་པས་སྟོང་ལ་དབང་བ་དང༌། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་

unerringly.

To set out their stages in detail:

2.3.2.2.4.1.3.2.1 The superknowledges of the sense faculties དབང་པོའི་མངོན་ཤེས2.3.2.2.4.1.3.2.1 The superknowledges of the sense faculties
The purified eye, ear, nose, tongue, body and mentation perceive ever more subtle objects up to countless buddha-fields, in sixty-eight graded superknowledges. Longchenpa answers an objection: these arise precisely because the material faculties are purified, revealing qualities already present, as clouds clearing reveal the sun.

first, of the six superknowledges of the sense faculties,

2.3.2.2.4.1.3.2.1.1 Superknowledge of the eye མིག་གི་མངོན་པར་ཤེས་པ2.3.2.2.4.1.3.2.1.1 Superknowledge of the eye
Six eyes (water-bubble, flesh, insight, primordial wisdom, omniscience, knowledge of all aspects) see, with increasing purity, hidden objects, world-systems, verses and their meaning, and ever more buddha-fields of the three kāyas.

the superknowledge of the eye arises at the outset. From the water-bubble eye (chu bur gyi mig) being utterly pure, one sees entities as unimpededly transparent, irrespective of whether the eyes are open or closed.[231]Note 231 · p. 668 · mig phye btsums med par: Dharmamitra and Gemini 4 Neon read "without opening or closing the eyes"; Claude Fable 5.2 and GPT-6.2 Astra read "whether the eyes are open or closed". I follow the latter: the point is that seeing no longer depends on the eyes being open or shut. Then, through the purity of the eye of flesh (sha'i mig), one sees coarse entities that are hidden from view up to five yojanas (dpag tshad) away, and one sees a single world of four continents[233]Note 233 · p. 668 · For the eye of flesh, the expected second-degree marker (rnam par dag pas) before "a single world of four continents" is absent. Likewise on p. 669 the "exceedingly pure" degree is missing for the eye of omniscience. Both are translated as the text stands. together with Mount Meru; when it is exceedingly pure, one sees two and three; and when it is supremely pure, one sees ten.

Then, with the eye of insight, one sees a hundred verses; when it is utterly pure, one has mastery over a thousand; when it is exceedingly pure, one sees the meaning of ten thousand and of a hundred thousand; and when it is supremely pure, one sees the meaning of ten million, of a million and of countless verses[232]Note 232 · p. 668 · The graded formulas vary slightly in the Tibetan (rnam par dag pa; shin tu dag pa / shin tu rnam par dag pa; rab tu dag pa / rab tu rnam par dag pa). I render them uniformly as "utterly pure", "exceedingly pure" and "supremely pure".

[p. 669]
པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་

unerringly.

Then, with the eye of primordial wisdom (ye shes kyi mig), one sees a hundred buddha-fields of the nirmāṇakāya (sprul sku) at one time; when it is utterly pure, one sees eight hundred thousand buddha-fields; when it is exceedingly pure, one sees ninety million; and when it is supremely pure, one sees nine hundred and ten million.[234]Note 234 · p. 669 · bye ba phrag dgu bcu rtsa gcig is ninety-one times ten million, i.e. nine hundred and ten million (so Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "ninety-one million" is a miscalculation.

Then, with the eye of omniscience (thams cad mkhyen pa'i mig), one sees a hundred buddha-fields of the saṃbhogakāya at one time; when it is utterly pure, one sees five hundred thousand; and when it is supremely pure, one sees seventy incalculable tens of millions[235]Note 235 · p. 669 · bye ba grangs med pa bdun cu: I take grangs med as the numeral "incalculable" (asaṃkhyeya), giving "seventy incalculable tens of millions", with Dharmamitra, Claude Fable 5.2, Gemini 4 Neon. at one time.

Then, with the eye of the knowledge of all aspects (rnam pa thams cad mkhyen pa'i mig), one sees inconceivable buddha-fields of the dharmakāya at one time; when it is utterly pure, one sees inconceivable buddha-fields of the saṃbhogakāya at one time; when it is exceedingly pure, one sees buddha-fields of the nirmāṇakāya,

[p. 670]
བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་དང༌། ཤིན་ཏུ་དག་པས་ལྷ་རྣམས་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་བཀའ་བགྲོ་བའི་

inconceivable in number, at one time; and when it is supremely pure, one sees at one time the endless buddha-fields of the play (rnam par rol pa) of the three kāyas.

2.3.2.2.4.1.3.2.1.2 Superknowledge of the ear རྣ་བའི་མངོན་ཤེས2.3.2.2.4.1.3.2.1.2 Superknowledge of the ear
The divine ear, the ear of flesh and the ear of complete liberation hear, in graded purity, hidden beings, distant realms, all classes of beings, and śrāvakas, bodhisattvas and countless buddhas conferring.

Then, as for the superknowledge of the ear: with the divine ear (lha'i rna ba), in addition to hearing what is actually present,[236]Note 236 · p. 670 · dngos por thos pa'i steng du: I read this as "in addition to hearing what is actually present" (with Claude Fable 5.2, and Dharmamitra's "manifest objects"), in contrast to the "hidden" (lkog tu gyur pa) beings that follow. one hears the sounds of beings who are hidden from view; when it is utterly pure, one hears up to a thousand yojanas away; when it is exceedingly pure, five thousand; and when it is supremely pure, one hears sounds up to two hundred thousand yojanas away.

With the ear of flesh (sha'i rna ba), one hears the sounds of the lower realms up to a hundred thousand yojanas away; when it is utterly pure, those of the demigods; when it is exceedingly pure, those of the gods; and when it is supremely pure, one hears at one time the sounds of the beings of inconceivably many continents.

With the ear of complete liberation (rnam par grol ba'i rna ba), one hears the sounds of the śrāvakas and pratyekabuddhas (nyan rang); when it is utterly pure, one hears the sounds of bodhisattvas conferring on the teachings;[237]Note 237 · p. 670 · The part breaks off mid-clause at བཀའ་བགྲོ་བའི་. English word order requires the verb, so I have completed the clause with སྒྲ་ཐོས་པ་དང་ from the next page; the next part should resume at ཤིན་ཏུ་རྣམ་པར་དག་པས་. Dharmamitra omits the whole passage on the ear of complete liberation.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 4 quotations, 4 found on this wiki.
# p. Tibetan English Source On this wiki
1 659 དེ་ནས་རང་གི་ཤེས་པ་སྟེང་གི་འོད་ … མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ Then, because one's own cognition dissolves into the light … which is like the arrow of a great archer. named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 68 %
2 661 ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་ … པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། Because the agents of arising of spontaneous presence are … so that the essence, primordial purity, may be realized. named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 64 %
3 666 དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ … ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ་ At that time the six recollections also arise: through … knew well as soon as one meets them later. named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 77 %
4 667 དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ When these have arisen in that way, six superknowledges arise for that child of noble family. “the same”: རྒྱུད་དེ་ཉིད་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 100 %