Tshig don mdzod (Longchenpa): Vajra topic 10 (11)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 10 (11)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 10 (11)
Jump to navigation Jump to search
← Vajra topic 10 (10)Tshig don mdzod: contentsVajra topic 11 (1) →

Vajra topic 10 · Practice: The King's Mansion · ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང
Pages 719–730 of the corrected base text (W22920 vol. 4), part 11 of 11.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 447] སྔར་མངོན་ཤེས་སྒོ་མཐོང་བ་ལས་འབྱུང་བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམས་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང་། རྟ་རྔའི་ཉག་དང་། སྐྲའི་ནང་དང་། བྲག་དང་། སྒོང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ།། །།འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ། །རྒྱུ་ནི་གོང་དུ་ཆོས་

[p. 448] ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་བ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག །ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ནི་གོང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་

[p. 449] ༄༅། །འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་ བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་ འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མི་རང་བཞིའི་ཕུང་པོ་ལ་སེམས་

[p. 450] ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་བཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མ་གལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་པོ། ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དྭགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་དྲུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང་། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་

[p. 451] འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མདོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུ་མ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་

[p. 452] བྱོལ་སོང་དེ་བཞིན་འཕྲེད། །ཡི་དགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང་། །སྲིན་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ། །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལེན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང་། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །

[p. 453] བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དག་དང་ཡིད་འོད་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་པ་ན་མ་ཚུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབའ་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

སྔར་མངོན་ཤེས་སྒོ་མཐོང་བ་ལས་འབྱུང་བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམ་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང༌། རྟ་རྔའི་ཉག་དང༌། སྐྲའི་ནང་དང༌། བྲག་དང༌། སྒོ་ང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ། །འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དྭགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དྭགས་དང་དམྱལ་བར་ཐུར་ལ་བལྟའོ། །ལས་སོག་མི་སོགས་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོགས་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ཅན་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུན་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང༌། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་བརྫུས་ཏེ་སྐྱེས། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པ་ཆོས་མཐུན་པའི་ཕྱིར་རོ། །མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མའི་མངལ་དུ་ཚུད་ནས་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་མོ། །ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པའི་ནང་ན་འདུག་པ་སྙམ་བྱེད། ཡི་དྭགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུན་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མཆེད་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང༌། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་པ་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང༌། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱིས་གཟུགས་ཅན་ནོ། །རྡོས་དང་བྲལ་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང༌། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང༌། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ།།ཡང་ན་བལ་ནག་གཡེངས་བ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེང༌། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང༌། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོགས་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་དིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང༌། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང༌། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀ་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང༌། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང༌། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་བ་ནི། །རང་ཤུགས་ཞེ་དང་སྐྱེས་པའི་རྒྱུད། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་དུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང༌། །ལྷ་ཁང་ངམ་ནི་ཡང་ཐོགས་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང༌། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། དཔེ་ནི་རྩྭས་ནི་མེ་འཛིན་དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

སྔར་མངོན་ཤེས་སྒོ་མཐོང་བ་ལས་འབྱུང་བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམ་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང༌། རྟ་རྔའི་ཉག་དང༌། སྐྲའི་ནང་དང༌། བྲག་དང༌། སྒོ་ང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་» «བའོ། །འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་པའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག» «ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ནི་གོང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །» «སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་» «པའོ། །ཐུན་མོང་གི་ལུང་ལས་ཀྱང༌། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །» «སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །» «འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་བཞིའི་«༼༡༽«ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །» «མིང་བཞིའི་«༼༢༽«ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །» «ཕྱི་མའི་ལུས་དང་འབྲེལ་བའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་པོ། ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང༌། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང༌། རྙིས་བྱ་འཛིན་པ་ལྟར་མངལ་གྱི་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །» «རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང༌། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང༌། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། །རི་བྲག་ལ་སོགས་ཐོགས་མེད་འཇུག» «།གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །» «ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་» «བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང༌། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ» «།དེ་ཚེ་ཤེས་པའི་ལྟས་འདིའོ། །» «གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང༌། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང༌། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག» «།དེ་ལྟར་བར་མའི་ལུས་ཀྱི་» «ཚད། །བྱིས་པ་ལོ་བརྒྱད་ལོན་པ་འམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང༌། །འདི་ཡི་འོད་ནི་དཔག་ཚད་གཅིག» «ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང༌། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག» «།ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་» «ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་» «ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་བའམ། །དེ་བཞིན་གྲང་པ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང༌། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །» «ཁང་བུ་དག་ནི་བརྩེགས་པར་མཐོང༌། །ངན་སོང་རྣམས་ནི་སྤྱིལ་བུའམ། །» «ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་» «རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང༌། །དེ་བཞིན་འདམ་གྱིས་རྫས་འཛིན་» «དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ།། » «།།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 490] ཡང་བར་དོར་འཇུག་པ་ལན་གྲངས་མེད་པར་འཕོ་སྟེ་སོ་སོའི་ཡིད་ཀྱི་ལུས་ཅན་རྨི་ལམ་ལྟར་བརྟེན་མི་ཐུབ་པ་ཐོགས་པ་མེད་པ་འབྱུང་བཞི་རགས་པ་དང་བྲལ་ཡང་ཡོད་

[p. 491] ༄༅། །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་ གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་ རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག །ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་ འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་ བཞིའོ། །རྒྱུ་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་ བཞི་ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང་། དམྱལ་ བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་

[p. 492] གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོ་ག་མོ་ག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་ འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། ། ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་ སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་མོ། ནམ་རྨུག་པའི་དཀྱིལ་ན་འདུག་ པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སྟོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ཚུད་ན་

[p. 493] བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེ་བ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང་། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུ་འམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཅོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་

[p. 494] དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ངག་དོང་སྐྱེ་བའི་དབང་། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་ མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ། །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་ མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་ པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨ་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་ དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱོབ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་ བ་དང་། །ཟ་ནི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་

[p. 495] ༄༅། །ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པ་ འམ། །དེ་བཞིན་གྲང་བ་ན་མ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དགྲ་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་ པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། ། དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 714] སྔར་མངོན་ཤེས་སྒོ་མཐོང་བ་ལས་འབྱུང་བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམས་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང་། རྟ་རྔའི་ཉག་དང་། སྐྲའི་ནང་དང་། བྲག་དང་། སྒོང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ།། །།འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ། །

[p. 715] ༄༅། །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་ གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་ རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག །ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་ འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་བུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་ བཞིའོ། །རྒྱུ་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་ བཞི་ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང་། དམྱལ་ བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་

[p. 716] གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོ་གཡོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་ འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། ། ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་ སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྤྱོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་མོ། ནམ་རྨུག་པའི་དཀྱིལ་ན་འདུག་ པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ཚུད་ན་

[p. 717] བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མ་ཡིན་པ་པོ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩས་མི་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང་། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུ་འམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་

[p. 718] དང་མིན་གྱི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ང་གདོད་སྐྱེ་བའི་དབང་། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ། །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །ད་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང་། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷ་ང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་

[p. 719] ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆེར་པ་འམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 395] ཤེས་སྒོ་མཐོང་བ་ལས་འབྱུང་བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམ་པ་ དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་ འགྲོ་ཞིང་ཁབ་ཀྱི་མིག་དང་། རྟ་རྔའི་ཉག་དང་། སྐྲའི་ནང་དང་། བྲག་དང་། སྒོ་ང་ ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་ མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ། །འདི་དག་ཀྱང་རྨི་ ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་ པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་ བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་ བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་

[p. 396] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་ མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་ སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ། རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་ མཐོང་བ་ལས་འབྱུང་པའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་ འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་ པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་ དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། ། མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་ མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག ཟས་སུ་དྲི་ཟ་ ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་ བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་ གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་ དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ ནི་གོང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་ བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ ལས་གོང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་ མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་

[p. 397] ༈ ཚིག་དོན་རིན་པོ་ཆེའི་མཛོད། བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་ བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། ། སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་ དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་ སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མིའི་ལུས་དང་ཉོན་ མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་ མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ ནི༑ གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་བཞིའི་ ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་བཞིའི་ ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་ བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། ། ཕྱི་མའི་ ལུས་དང་འབྲེལ་བའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་ མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་

[p. 398] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་ དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་ རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་པོ། ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་ བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་ མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་ བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་ བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ ཆེས་པ་ལས་འབྱུང་བའོ། ། དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་ མངལ་འཛིན་པ་དང་། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ ན་དག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་མངལ་གྱི་སྲིད་པ་བར་ དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་ གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་ འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་

[p. 399] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་གིས་རིག་ཅིང་ གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། ། འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་ པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག ། གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། ། ཡི་དགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་ གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་ བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་ བཞིན་འཕྲེད། །ཡི་དགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་ དབང་། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། ། རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ ཆགས་རྣམས་ནི་འདིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་ དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། ། དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་ རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་ གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། ། གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པ་འམ། །ལོ་བཅུ་ལོན་པའི་

[p. 400] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་ བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་ རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང་། །འདི་ཡི་འོད་ནི་དཔག་ཚད་གཅིག ། ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་ གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་ འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་ འཇུག །ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་ བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་ གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་ སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། ། གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ ནི་ཆར་བའམ། །དེ་བཞིན་གྲང་པ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། ། ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་ རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་ དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་ བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་ དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། ། དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་

[p. 401] ༈ ཚིག་དོན་རིན་པོ་ཆེའི་མཛོད། གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་ པའོ།། །།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 470] བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་ཁྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ ནོ། །རྒྱུ་ནི་གོང་དུ་སྤྲུལ་བའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་ དོ་ལ་ཕྲེད་ཅིང་དངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །

[p. 471] ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ ལེན༑ ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་བ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དྭགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་ འཕྲེད༑ ཡི་དྭགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེན་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ ནོ༑ ༑དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་བ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག །ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་

[p. 472] ༄༅། །པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་ བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དྭགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་ མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང་། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ ནས། སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་

[p. 473] ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་ དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་ གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། ། མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། ། ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་ དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ་མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་ བྱེད༑ ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་པོ། ། ནམ་རྨུག་པའི་དཀྱིལ་ན་འདུག་

[p. 474] ༄༅། །ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་མི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱེས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ ལུས་ཆེད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་རུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང་། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ ལྷང་པོ། །འདི་ནི་ལྷ་མོའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་པར་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་ དུ་འཇུག །ཕྱི་ནང་ལུས་དང་འབྲེལ་པ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །

[p. 475] སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་ གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། ། རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་ འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ།། ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང་། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད།། བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་

[p. 476] ༄༅། །མ་ཡིན་པ་སྟེ། གང་དུ་རིག་པ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་དུས་རང་བཞིན་རྣམ་དག་གི་ཆོས་སྐུ་མངོན་དུ་གྱུར་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ ནས་ཕྱོགས་མཐའི་གཏུགས་པའི་འཇིག་རྟེན་དུ་སྒྲོན་མ་རྣམ་པར་བཀོད་དེ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འཕྲིན་ལས་དང་བཅས་བུས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་ པ་ནི་འདིའི་མཐར་ཐུག་གི་འབྲས་བུའོ། །འདི་ལ་ཡོན་ཏན་གྱི་རྣམ་པར་གཞག་པ་མཐའ་ཡས་ཀྱང་རེ་ཞིག་རིགས་བསྡུ་བས་གཏན་ལ་དབབ་པ་ལ་གཉིས་ཏེ། དབྱེ་བ་སྤུའི་ངོ་བོ་མངོན་པར་བྱང་ཆུབ་བརྒྱ་མཚོའི་གནས་གསལ་ བར་བསྟན་པ་དང་། རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་རྒྱ་ཆེར་བཤད་པའོ། །དང་པོ་ལ་བཅུ་སྟེ། ངོ་བོ། དེས་ཚིག །མཚན་ཉིད། རང་བཞིན། བཞུགས་ཚུལ། ཞིང་ཁམས། གདུལ་བྱ། བྱེད་ལས། གདེང་ཚད། རབ་ཏུ་དབྱེ་བའོ། །ཇི་སྐད་དུ་འཕེལ་འགྱུར་ལས། སྐུ་ཡི་མཚན་ཉིད་ངོ་བོ་དང་། །དེས་ཚིག་དབྱེ་བ་རྣམས་དང་ནི། །སོ་སོའི་ཞིང་ཁམས་གདུལ་བྱ་དང་། །བྱེད་པའི་ལས་དང་གདེང་ཚད་དེ། །ཞེས་ སོ༑ ༑དང་པོ་སྐུའི་ངོ་བོ་ནི། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་ལུས་སམ་རྟེན་གཞིར་གྱུར་པ་སྟེ། ཆོས་སྐུའི་ངོ་བོ་བསམ་བརྗོད་དང་བྲལ་བས་ཀ་དག་ཆེན་པོ། ལོངས་སྐུའི་ངོ་བོ་རང་གསལ་རྟོག་མཐའ་དང་བྲལ་བས་ལྷུན་

[p. 477] ཕྱི་མ་མ་བླངས་པར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ན་མ་རྨུགས་ པ༑ ༑སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྟ་ཁང་ང་མ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕྲུགས་དྲུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་ འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྫས་ནི་མེ་འཛིན་དང་། །དེ་བཞིན་འདབ་ཀྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཉུང་བུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་ པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནང་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚེ་གདོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (51 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 719] བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམས་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང༌། རྟ་རྔའི་ཉག་དང༌། སྐྲའི་ནང་དང༌། བྲག་དང༌། སྒོ་ང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ། །འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་

ནི་གང་དུ་བསམས་པ་དེར ] བསམ W P S · དང་བྲག་དང་སྒོ་ང་ལ་སོགས ] སྒོང A G · ཡལ་ནས་དེ་ནས་སྣང་བ ] om. W

[p. 720] གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་

འགྲོ་སེར་ཡི་དགས་སྔོ་དམྱལ ] དྭགས W X · བ་ལས་འབྱུང་བའོ་མགོ་ལྟ ] པའོ P S · འགྲོ་འཕྲེད་ཡི་དགས་དང་དམྱལ ] དྭགས W X · དགས་དང་དམྱལ་བ་ཐུར་ལ ] བར W · ལས་སོག་མི་སོག་གི་ཁྱད ] སོགས W · གྱུར་པ་མི་སོག་ལ་ཕྲ ] སོགས W · ཀྱི་ཁྱད་པར་ནི་ལས་དཀར ] ཅན W

[p. 721] འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ལས་གོང་དུ་

ལྡན་དང་བཞིའོ་རྒྱུ་ནི་གང ] རྒྱུན W · བཞིའོ་རྒྱུ་ནི་གང་དུ་ཡེ ] གོང A P S

[p. 722] གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང༌། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་

མ་བརྫུས་ཏེ་སྐྱེ་ཞེས་བཤད ] སྐྱེས W

[p. 723] ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་

གཏོགས་ཏེ་མིང་གཞིའི་ཕུང་པོ ] བཞིའི P S · ཀྱི་རྒྱུད་བརྟེན་པར་ཆོས་མཐུན ] པ W · ཕྱིར་རོ་མིང་གཞིའི་ཕུང་པོ ] བཞིའི A P S

[p. 724] པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་མོ། །ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་

ལུས་དང་འབྲེལ་པའི་ལྟས་ཀྱི ] བའི P S · པ་སྙམ་བྱེད་མིའི་མངལ་དུ ] མའི W · མངལ་དུ་ཚུད་ན་རབ་ཏུ ] ནས W · མི་ལུས་ཙམ་མོ་ནམ་རྨུག ] པོ A P S · ལ་བྱོལ་སོང་གི་མངལ་དུ ] om. W · ནང་ངམ་སྤྱིལ་པོའི་ནང་ན ] པའི W D · སྙམ་བྱེད་ཡི་དགས་ཀྱི་མངལ ] དྭགས A W X

[p. 725] བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང༌། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང༌། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །

འདི་དག་གི་རྒྱུ་ནི་ཆོས ] རྒྱུན W · བ་ལ་ཡིད་མ་ཆེས་པ་ལས ] མཆེད W · ཁྱད་པར་ནི་རྩྭས་མེ་འཛིན ] རྩས A D · བུ་ལ་སོགས་⁁་འཛིན་པ ] པ W · པ་ལྟར་མངལ་གྱིས་སྲིད་པ ] གྱི P S · ཤུ་པོ་དེ་ཡང་ཉི་ཟླ ] om. W · ཤ་ཁྲག་རང་གའི་ལུས་བྲལ ] གི W · སྒྱུ་མ་ཡིད་ཀྱི་གཟུགས་ཅན ] ཀྱིས W · རྡོས་དང་བྲལ་བས་མིང་གཉིས ] om. W

[p. 726] གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང༌། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང༌། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ།།ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །

སོང་སེར་ཡི་དྭགས་འོད་ནི ] དགས A P D G S · སྡོང་དུམ་ལྟ་བུའམ་ཡང་ན ] བུ་འམ D G · བལ་ནག་གཡེངས་པ་འདྲ་བྱོལ ] བ W

[p. 727] ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད༌། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང༌། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང༌། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང༌། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །

སོང་དེ་བཞིན་འཕྲེད་ཡི་དྭགས ] འཕྲེང W · བཞིན་འཕྲེད་ཡི་དྭགས་དམྱལ་བ ] དགས A P D G S · སོག་དང་མི་སོག་ལྟས་འདིའོ ] སོགས W · ཆགས་རྣམས་ནི་འདིས་སོག་གོ ] དིས W

[p. 728] གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང༌། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང༌། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་

ལོ་བརྒྱད་ལོན་པའམ་ལོ་བཅུ ] པ་འམ P S · དེ་ཉིད་འོད་ཀྱི་ཚད་རྣམས ] ཀ W

[p. 729] དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་བ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང༌། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང༌། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་

ལུས་དང་འབྲེལ་བ་ནི་རང ] པ A P D G S · རང་ཤུགས་ཞེ་སྡང་སྐྱེས་པའི ] དང W · སྡང་སྐྱེས་པའི་རྒྱུ་དེ་བཞིན ] རྒྱུད W · སུའོ་ཕྱི་མའི་ལུས་དང་ཉེ ] དུས W · མེའམ་ནི་ཆར་པའམ་དེ་བཞིན ] བའམ P S · དེ་བཞིན་གྲང་བ་ནམ་རྨུགས ] པ P S · བཞིན་གྲང་བ་ནམ་རྨུགས་པ ] ན་མ D X · ངམ་ནི་ཡང་ཐོག་གམ་ཁང ] ཐོགས W

[p. 730] པའོ། དཔེ་ནི་རྩྭས་ནི་མེ་འཛིན་དང་དེ་བཞིན་འདམ་གྱིས་རྫས་འཛིན་དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ། །

མེ་འཛིན་དང་དེ་བཞིན་འདམ་གྱིས་རྫས་འཛིན་དང ] om. W · ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ ] རྡོའི W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 605]
2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག [p. 702]
2.4.2 Extensive explanation of the actual intermediate state of becoming སྲིད་པའི་བར་དོ་དངོས་རྒྱས་པར་བཤད་པ [p. 717]
2.4.2.5 The miraculous powers རྫུ་འཕྲུལ་གྱི་ཁྱད་པར [p. 719]
Swift as thought, one passes unimpeded through everything except the womb and Vajrāsana. This derives from having seen the saṃbhogakāya's miraculous powers, but the powers vanish like a dream.
2.4.2.6 The span of life ཚེ་ཚད་ཀྱི་ཁྱད་པར [p. 719]
One dies and is reborn in seven-day cycles. One remains in the intermediate state from one week up to forty-nine days at most.
2.4.2.7 The colour ཁ་དོག་གི་ཁྱད་པར [p. 720]
One appears in the colour of one's next destiny: white for gods and humans, yellow for demigods and animals, blue for hungry ghosts, dark maroon for hell beings. This derives from having seen the colours of dharmatā.
2.4.2.8 The way the head faces མགོ་ལྟ་བའི་ཁྱད་པར [p. 720]
Beings bound for gods and humans look upward, demigods and animals sideways, and hungry ghosts and hell beings downward.
2.4.2.9 Whether or not karma is accumulated ལས་སོག་མི་སོག་གི་ཁྱད་པར [p. 720]
Coarse, manifest karma is not accumulated. Subtle, neutral karma is accumulated subtly, as in a dream.
2.4.2.10 The portents of virtue and evil དགེ་སྡིག་གི་ལྟས་ཀྱི་ཁྱད་པར [p. 720]
Those bound for the happy destinies have clear cognition. Those bound for the lower destinies have dull, unclear cognition.
2.4.2.11 The names མིང་གི་ཁྱད་པར [p. 721]
Explains four names of the intermediate being: flesh-form of becoming, scent-eater circling nearby, linker of the aggregates, and one complete in faculties and unobstructed. These derive from the dynamic energy of the four wisdoms in union.
2.4.2.12 The size of the body ལུས་ཚད་ཀྱི་ཁྱད་པར [p. 721]
Those of pure karma have the stature of a sixteen-year-old, the impure that of about an eight-year-old. This derives from having seen the appearances of spontaneous presence.
2.4.2.13 The mode of birth སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར [p. 721]
The intermediate being is miraculously born. Like the gods it has light and powers; like hell beings it suffers birth and death every seven days. A common scripture is cited in support.
2.4.2.14 The behaviour སྤྱོད་ལམ་གྱི་ཁྱད་པར [p. 722]
As the force of dharmatā fades, former tendencies rise and one delights in one's former activities. This stems from having been terrified in the intermediate state of dharmatā.
2.4.2.15 The light འོད་ཀྱི་ཁྱད་པར [p. 722]
The light shines clearly for a yojana for those of pure karma and dimly for the impure. This derives from dharmatā's own light.
2.4.2.16 The karmic connection with the next life ཕྱི་མའི་ལས་འབྲེལ་གྱི་ཁྱད་པར [p. 722]
Those bound for happy destinies meet signs of good karma; those bound for lower ones experience unvirtuous appearances. This stems from having met dharmatā's appearances with delight or anguish.
2.4.2.17 The next body and the afflictions ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར [p. 723]
Hatred links one to the form realm, desire to the desire realm and bewilderment to the formless realm. This stems from deviating with regard to dharmatā's appearances.
2.4.2.18 The realm to which it belongs ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར [p. 723]
Lacking specifically characterized form and resting on the name aggregates, the intermediate being belongs to the formless realm. This derives from having seen dharmatā's illusion-like appearances.
2.4.2.19 The omens connected with the next body ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར [p. 723]
Describes what one seems to experience on entering the womb of each destiny, such as a temple's top storey for gods or fog or a hut for animals. Hell beings have no actual intermediate state. All this stems from distrusting mother dharmatā.
2.4.2.20 Illustration by examples དཔེས་ཉེ་བར་མཚོན་པའི་ཁྱད་པར [p. 725]
Tendencies seize a womb as grass catches fire. Pure wisdom is held in saṃsāra as mire holds a jewel. The womb holds the intermediate being as a snare holds a bird.
2.4.2.21 The account in the Union of the Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང [p. 725] topical
Quotes at length the verses of the Union of the Sun and Moon that teach the twenty characteristics of the intermediate state of becoming.
3 Conclusion and colophon མཇུག་བསྡུ་བ [p. 730] topical
States that these key points were taught in detail because of their importance. Concludes the tenth vajra topic, "Practice: The King's Mansion", of the Precious Treasury of Words and Meanings.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 719]

2.4.2.5 The miraculous powers རྫུ་འཕྲུལ་གྱི་ཁྱད་པར2.4.2.5 The miraculous powers
Swift as thought, one passes unimpeded through everything except the womb and Vajrāsana. This derives from having seen the saṃbhogakāya's miraculous powers, but the powers vanish like a dream.

As for the particulars of the miraculous powers: since one has the miraculous power of being swift as thought,[383]Note 383 · p. 719 · yid mgyogs is rendered "swift as thought", the fixed idiom, rather than with the glossary's "mentation" for yid. arriving in an instant wherever one thinks of, one travels through the sky; and into whatever interior, coarse or subtle, cognition enters — the eye of a needle, a single strand of a horse's tail, the inside of a hair, a rock, an egg and so forth — there one fits, and so one passes with unimpeded transparency through everything except the womb and Vajrāsana. This too arises from having seen the miraculous powers of the saṃbhogakāya earlier. These also vanish in an instant, like a dream, and then other appearances arise, so that they cannot last.

2.4.2.6 The span of life ཚེ་ཚད་ཀྱི་ཁྱད་པར2.4.2.6 The span of life
One dies and is reborn in seven-day cycles. One remains in the intermediate state from one week up to forty-nine days at most.

As for the particulars of the span of life: these twenty modes of arising[384]Note 384 · p. 719 · skye tshul nyi shu po 'di dag: GPT-6.2 Astra, Dharmamitra and Gemini 4 Neon have "modes of birth", Claude Fable 5.2 "modes of arising". I take it as the twenty ways in which this intermediate state arises (the particulars being listed), hence "arising"; the phrase could instead refer to twenty kinds of birth, so the reading is not certain. last seven days and so forth. When seven days have passed, from recollecting one's former death one dies at the very time of the former death, and from recollecting birth one is also born. Thus one remains in the intermediate state[385]Note 385 · p. 719 · The verb gnas, which opens p. 720 in the Tibetan, is rendered just before the page marker because of English word order. of becoming for at least seven days and at most seven weeks.[382]Note 382 · p. 719 · The opening བའོ། completes the last sentence of the previous part and is not translated again.

[p. 720] Some take a body once the first week is complete. Some remain a long time, two, three, four, five weeks and so forth, and then take a body; the longest limit is forty-nine days.

2.4.2.7 The colour ཁ་དོག་གི་ཁྱད་པར2.4.2.7 The colour
One appears in the colour of one's next destiny: white for gods and humans, yellow for demigods and animals, blue for hungry ghosts, dark maroon for hell beings. This derives from having seen the colours of dharmatā.

As for the particulars of colour: one appears in the colour of wherever one is next to be born — gods and humans, white; demigods and animals, yellow; hungry ghosts, blue; hell beings, dark maroon. As for the cause, it arises from having seen the colours of dharmatā earlier.

2.4.2.8 The way the head faces མགོ་ལྟ་བའི་ཁྱད་པར2.4.2.8 The way the head faces
Beings bound for gods and humans look upward, demigods and animals sideways, and hungry ghosts and hell beings downward.

As for the particulars of the direction in which the head faces: gods and humans look upward; demigods and animals, sideways; hungry ghosts and hell beings, downward.

2.4.2.9 Whether or not karma is accumulated ལས་སོག་མི་སོག་གི་ཁྱད་པར2.4.2.9 Whether or not karma is accumulated
Coarse, manifest karma is not accumulated. Subtle, neutral karma is accumulated subtly, as in a dream.

As for the particulars of whether or not karma is accumulated: coarse, manifest karma is not accumulated, while subtle, neutral (lung ma bstan) karma,[386]Note 386 · p. 720 · lung ma bstan: GPT-6.2 Astra, Claude Fable 5.2 and Dharmamitra have "indeterminate", which the glossary reserves for ma nges pa; "neutral" is used, as in Gemini 4 Neon. nyer len: "substantial cause" per the glossary, as in GPT-6.2 Astra; Claude Fable 5.2 and Gemini 4 Neon have "appropriation", which the glossary keeps for the ninth link. which partakes of the substantial cause of the former and the later, is accumulated subtly, as in a dream.

2.4.2.10 The portents of virtue and evil དགེ་སྡིག་གི་ལྟས་ཀྱི་ཁྱད་པར2.4.2.10 The portents of virtue and evil
Those bound for the happy destinies have clear cognition. Those bound for the lower destinies have dull, unclear cognition.

As for the particulars of the portents of virtue and evil:[387]Note 387 · p. 720 · ltas is rendered "portents", since "sign" is reserved for rtags. bde 'gro and ngan 'gro are rendered "happy/unhappy destinies" to keep them distinct from ngan song, "lower realms" (Dharmamitra and Gemini 4 Neon use "higher/lower realms"). those whose karma is white and who are going to the happy destinies have clear cognition, while those who through unvirtuous karma are going to the unhappy

[p. 721] destinies have cognition that is dull and unclear.

2.4.2.11 The names མིང་གི་ཁྱད་པར2.4.2.11 The names
Explains four names of the intermediate being: flesh-form of becoming, scent-eater circling nearby, linker of the aggregates, and one complete in faculties and unobstructed. These derive from the dynamic energy of the four wisdoms in union.

As for the particulars of the names, there are four. Since, although there is no coarse form,[388]Note 388 · p. 721 · First name: GPT-6.2 Astra reads "the form … is not gross, yet appears as though it were". With Claude Fable 5.2, Dharmamitra and Gemini 4 Neon I read "although there is no coarse form, a form of habitual tendencies appears to exist", which fits the explanation of "flesh-form" better. a form of the habitual tendencies of the subtle elements appears to exist, the first is "the one possessing a flesh-form of becoming". Since it eats scents as its food and circles close by through karma,[389]Note 389 · p. 721 · las kyi nye bar 'khor bas is read as las kyis, "circles close by through karma" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "closely accompanied by karma" follows the genitive but does not explain the name. the second is "the scent-eater that circles close by". Since it is between the former and the later body, the third is "the one who, in the intermediate state of becoming, forms the link of appropriating the aggregates". Since, although form and sense faculties do not exist in a coarse way, the sense faculties of karma and habitual tendencies are seen to be complete,[390]Note 390 · p. 721 · tshang bar mthong bas: Gemini 4 Neon has "it sees with complete sense faculties". With GPT-6.2 Astra, Claude Fable 5.2 and Dharmamitra I read "are seen to be complete", which the syntax requires. the fourth is "the one complete in all sense faculties and endowed with unobstructedness". As for the cause, it arises from the dynamic energy of the union of the four primordial wisdoms earlier.[391]Note 391 · p. 721 · rgyu ni gang du ye shes bzhi sbyor…: gang du is read as gong du ("earlier"), on the pattern of the parallel cause-statements. GPT-6.2 Astra, Claude Fable 5.2 and Gemini 4 Neon do the same; Dharmamitra leaves the word out.

2.4.2.12 The size of the body ལུས་ཚད་ཀྱི་ཁྱད་པར2.4.2.12 The size of the body
Those of pure karma have the stature of a sixteen-year-old, the impure that of about an eight-year-old. This derives from having seen the appearances of spontaneous presence.

As for the particulars of the size of the body: those of pure karma have the stature of a child who has reached sixteen years of age, and the impure that of about an eight-year-old; this arises from having seen the appearances of spontaneous presence.

2.4.2.13 The mode of birth སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར2.4.2.13 The mode of birth
The intermediate being is miraculously born. Like the gods it has light and powers; like hell beings it suffers birth and death every seven days. A common scripture is cited in support.

As for the particulars of which of the four modes of birth[392]Note 392 · p. 721 · skye gnas bzhi las gong du gtogs pa: gong du is read as gang du ("to which … it belongs"), as all the drafts do.

[p. 722] it belongs to: it belongs to miraculous birth. Being of like character with the gods, it has light and miraculous powers; being of like character with the hell beings, every seven days it undergoes the fierce suffering of birth and death. This is just as explained in the common scriptures too:

Hell beings and the gods,
And the intermediate existence,[393]Note 393 · p. 722 · srid pa bar ma in the citation (Abhidharmakośa 3.9) is kept as "intermediate existence", the Abhidharma term, distinct from srid pa bar do. are born miraculously.MdzodQuotation (named in the text: ཐུན་མོང་གི་ལུང་ལས་ཀྱང)
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ, chos mngon pa'i mdzod kyi tshig le'ur byas pa, Treasury of Abhidharma (Abhidharmakośakārikā), by Vasubandhu · shastra; Tengyur; Toh 4089
Identification: high confidence (Cited only as a 'common scripture'.)
The quoted words are in ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་་་ (a parallel: ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ), 100 % of the words.

As for the cause, it arises from having seen the appearances of emanation earlier.

2.4.2.14 The behaviour སྤྱོད་ལམ་གྱི་ཁྱད་པར2.4.2.14 The behaviour
As the force of dharmatā fades, former tendencies rise and one delights in one's former activities. This stems from having been terrified in the intermediate state of dharmatā.

As for the particulars of behaviour: the force of dharmatā has faded and, since the habitual tendencies of former clinging have risen up, one delights in whatever activities one used to perform. As for the cause, it arises from having been frightened and terrified at the intermediate state of dharmatā.

2.4.2.15 The light འོད་ཀྱི་ཁྱད་པར2.4.2.15 The light
The light shines clearly for a yojana for those of pure karma and dimly for the impure. This derives from dharmatā's own light.

As for the particulars of the light: for those of pure karma it shines clearly to the distance of one yojana, while for the impure it shines dimly; this arises from the shining of dharmatā's own light.

2.4.2.16 The karmic connection with the next life ཕྱི་མའི་ལས་འབྲེལ་གྱི་ཁྱད་པར2.4.2.16 The karmic connection with the next life
Those bound for happy destinies meet signs of good karma; those bound for lower ones experience unvirtuous appearances. This stems from having met dharmatā's appearances with delight or anguish.

As for the particulars of the karmic connection with the next life: if one is next to be born in the happy destinies, then here[394]Note 394 · p. 722 · Dharmamitra omits the final heading and clause (phyi ma'i las 'brel gyi khyad par…); it is restored here. The sentence breaks off at 'dir and continues in the next part.

[p. 723] it appears that one is meeting with aspects of good karma, while if one is to be born in the unhappy destinies, one supposes that one is engaging in unvirtuous appearances; this arises from having earlier held the appearances of dharmatā with delight or anguish.[396]Note 396 · p. 723 · dga' gdung du bzung ba: read as "held with delight or anguish" (GPT-6.2 Astra, Gemini 4 Neon, Claude Fable 5.2), matching the good and bad karmic appearances just described; Dharmamitra's "attachment and longing" loses the contrast.

2.4.2.17 The next body and the afflictions ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར2.4.2.17 The next body and the afflictions
Hatred links one to the form realm, desire to the desire realm and bewilderment to the formless realm. This stems from deviating with regard to dharmatā's appearances.

As for the particulars of the next body and the afflictions: from hatred (zhe sdang) there comes the karmic connection for birth in the form realm, from desire ('dod chags) for birth in the desire realm, and from bewilderment (gti mug)[397]Note 397 · p. 723 · gti mug: "bewilderment" by the house glossary, against "delusion" in all drafts. for birth in the formless realm; this arises from having deviated with regard to the appearances of dharmatā.

2.4.2.18 The realm to which it belongs ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར2.4.2.18 The realm to which it belongs
Lacking specifically characterized form and resting on the name aggregates, the intermediate being belongs to the formless realm. This derives from having seen dharmatā's illusion-like appearances.

As for the particulars of which of the three realms it belongs to: since it has no specifically characterized form, it belongs to the formless realm, because it is of like character in that the mindstream is supported by the four name aggregates (ming bzhi'i phung po).[398]Note 398 · p. 723 · ming gzhi'i phung po (twice): the e-text reads gzhi'i ("aggregates that are the basis of name", so GPT-6.2 Astra, Gemini 4 Neon). Adzom reads bzhi'i ("four name aggregates") at the second occurrence. I follow Adzom's bzhi'i and read the first occurrence the same way (so Claude Fable 5.2, and Dharmamitra in effect), since the four name aggregates are the standard description of formless-realm beings, which is the point of the argument. The four name aggregates, in turn, arise from the subtle elements, in their aspect as seeds, that are present upon the all-ground. As for the cause, it arises from having seen the illusion-like appearances of dharmatā.

2.4.2.19 The omens connected with the next body ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར2.4.2.19 The omens connected with the next body
Describes what one seems to experience on entering the womb of each destiny, such as a temple's top storey for gods or fog or a hut for animals. Hell beings have no actual intermediate state. All this stems from distrusting mother dharmatā.

As for the particulars of the omens connected[395]Note 395 · p. 723 · Dharmamitra re-translates the heading and opening clause already rendered at the end of the previous part; this part begins after "then here".

[p. 724] with the next body: when the lifespan of one's stay in the intermediate state (bar do) is completed and one is close to taking the next body, one is propelled by the karmic wind (las rlung) into the mother's womb. If one then enters the birthplace or womb of a god, one supposes that one is on the top storey of a temple or inside a many-storeyed mansion. If one enters the womb of a demigod, one supposes that one is at the centre of the wheel of a whirling firebrand or in the midst of falling rain. If one enters a human womb and supposes that it is extremely cold, it is a mere human body. If one supposes that one is in the midst of the murk of night,[400]Note 400 · p. 724 · nam rmug pa'i dkyil: taken as "the murk of night" (Claude Fable 5.2; cf. Dharmamitra "thick darkness"). GPT-6.2 Astra "thick haze" and Gemini 4 Neon "foggy sky" read nam as (g)nam, "sky"; the phrase is uncertain. it is a pure human body. If one supposes that one is amid the clamour of a gathered crowd, one has entered the womb of a precious human body. As for the lower realms: if one enters the womb of an animal, one supposes that one is in fog or inside a hut. If one enters the womb of a hungry ghost, one supposes that one is in a dead-end rock cave[401]Note 401 · p. 724 · brag phug rdugs pa: rdugs pa taken as "come to a dead end" (Claude Fable 5.2), not "stuffy" (GPT-6.2 Astra), "desolate" (Gemini 4 Neon) or "cramped" (Dharmamitra). or in an empty ravine. As for hell, except where it is reached indirectly,[402]Note 402 · p. 724 · dmyal ba ni brgyud pa las dngos su srid pa'i bar do mi snang: las is read as "except" ("except where hell is reached indirectly, the intermediate state of becoming does not actually appear"), with Gemini 4 Neon and in substance GPT-6.2 Astra. Dharmamitra and Claude Fable 5.2 take brgyud pa as "an intervening stage" that does not appear, which leaves las unexplained. the intermediate state of becoming[399]Note 399 · p. 724 · ltas: rendered "omens", since "sign" is reserved for rtags.

[p. 725] does not actually appear: the stopping of the breath and birth occur at the same time. As for the cause of these, they arise from not having trusted in the appearances of the mother dharmatā.

2.4.2.20 Illustration by examples དཔེས་ཉེ་བར་མཚོན་པའི་ཁྱད་པར2.4.2.20 Illustration by examples
Tendencies seize a womb as grass catches fire. Pure wisdom is held in saṃsāra as mire holds a jewel. The womb holds the intermediate being as a snare holds a bird.

As for the particulars of illustration by examples: just as grass takes hold of fire, habitual tendencies take hold of a womb; just as mire holds a jewel and the like, pure primordial wisdom is held within saṃsāra;[403]Note 403 · p. 725 · 'khor ba na dag pa'i ye shes 'dzin pa: the locative na is kept ("held within saṃsāra"), though the parallel with the other two similes suggests saṃsāra is the holder. and just as a snare holds a bird, the womb holds the sentient being of the intermediate state of becoming.

2.4.2.21 The account in the Union of the Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང2.4.2.21 The account in the Union of the Sun and Moon (topical division)
Quotes at length the verses of the Union of the Sun and Moon that teach the twenty characteristics of the intermediate state of becoming.

These twenty categories, thus, are also taught in the Union of the Sun and Moon:

What is called the intermediate state of becoming
Is the head of the road to the abodes of saṃsāra;
It turns, for example, like a water-wheel.
Parted from the ordinary body of flesh and blood,
One has an illusory mental form.
Being free of solidity, it has a second name.[404]Note 404 · p. 725 · ming gnyis pa: rendered literally, "it has a second name" (GPT-6.2 Astra, Dharmamitra, Claude Fable 5.2); the reference is not explained in the text. Gemini 4 Neon's "consists of the aggregates of name" has no basis in the Tibetan.
The former cognition and its appearances have ceased,
While the later have not yet come about;
Since the class to which one belongs is undetermined,

[p. 726] At that juncture of what has set and what appears,
It is the intermediate state that lasts an instant.
Later one takes on the guise of wherever one will be born.
Having fully taken on the guise of what is to come,
It turns into the appearances of each of the six classes of beings.
The outer world of the desire realm
And its inhabitants are known by oneself and are clear.
The world and inhabitants of where one will oneself be born
Are also clear at that very time.
The world and inhabitants of the realm of desire[405]Note 405 · p. 726 · 'dod ldan snod bcud: taken as the world and inhabitants of the realm of desire (GPT-6.2 Astra, Gemini 4 Neon); Dharmamitra reads "to those possessing desire", which is also possible. appear clearly.
Since the sense faculties and limbs are fully complete,
One is unobstructed by any entity,
And passes unobstructed into mountains, rocks and the like.
Unlike others, its life comes to seven days;[406]Note 406 · p. 726 · gzhan las tshe ni zhag bdun 'gyur: gzhan las read as "unlike others" (GPT-6.2 Astra, Dharmamitra); Claude Fable 5.2's "otherwise" and Gemini 4 Neon's "turns every seven days" are less likely.
Seven times seven days
Is the measure of its lifespan.
Gods and humans are white in colour;
Demigods and animals are yellow;
The light of hungry ghosts is like smoke;
Hell beings are like a tree stump,[407]Note 407 · p. 726 · sdong dum, khrag btsos: Dharmamitra's "charred" tree stump and "coagulated" blood are not in the Tibetan; "tree stump" and "boiled blood" are kept.
Or else like black wool strewn about;
Animals, alternatively, are like boiled blood;[408]Note 408 · p. 726 · The quotation continues on the next page, so the last line ends with a semicolon.

[p. 727] And demigods are like falling sleet.
At that time the way they face is this:
Gods and humans look upward;
Demigods and animals, likewise, look sideways;[412]Note 412 · p. 727 · 'phred: "sideways/horizontally" (Gemini 4 Neon, Claude Fable 5.2, Dharmamitra), against GPT-6.2 Astra "straight ahead".
Hungry ghosts and hell beings look downward.
All this is through the power of the birth they are only now about to take.
In the intermediate state of becoming (srid pa'i bar do),
This is the indication of whether karma is accumulated or not:
There are no habitual tendencies of karmic ripening;
Habitual tendencies concordant with their cause (rgyu mthun pa),[409]Note 409 · p. 727 · rgyu mthun pa'i bag chags: read as habitual tendencies "concordant with their cause", set against those of karmic ripening in the line before (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "habitual tendencies that are concordant causes" misconstrues the phrase.
Under the power of the intermediate state, are what this one accumulates.
This is the indication of cognition[410]Note 410 · p. 727 · shes pa: "cognition" per the glossary (Claude Fable 5.2), not "consciousness" (GPT-6.2 Astra, Gemini 4 Neon, Dharmamitra), which is kept for rnam shes. at that time:
For whoever's karma is pure,
Cognition itself is clear;
Likewise, for the impure it is unclear.
All of that arises from virtuous and evil actions.
As for the enumeration of its names,[411]Note 411 · p. 727 · The list of names: taken as six separate names with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra fuses "gandharva" with "circles nearby" and "intermediate state of becoming" with "linking the aggregates", which is possible metrically but less likely in an enumeration (rnam grangs). srid pa yi ni sha gzugs, "fleshly form of becoming", sits oddly with the later statement that no form of flesh and blood appears and may be corrupt; it is translated as it stands.
They should be known as these:
"That whose nature is the four names assembled,"
"The fleshly form of becoming,"
"Illusory body" (sgyu lus), "gandharva" (dri za), "the one that circles nearby,"
"Intermediate state of becoming" and "linker of the aggregates."

[p. 728] Being formless and endowed with all the sense faculties,
It enters everything without obstruction.
As for the size of such an intermediate body,
It is that of a child who has reached eight years,
Or the size of the body of one who has reached ten,
And it abides as a form like that in a dream.
As for its mode of birth, of the four kinds
It is miraculous birth (brdzus skyes) itself:
Gods, hell beings and intermediate beings,
All these are born miraculously.
As for its conduct, the intermediate being
Delights in the actions to which it formerly clung;
Having followed after them,
Its mentation keeps hold of those phenomena.[413]Note 413 · p. 728 · de chos yid kyi rjes su 'dzin: yid is rendered "mentation" per the glossary; the drafts have "mind" or "mentally".
As for the measures of its light:
When the habitual tendencies of former clinging are slight,
Its light is one yojana in extent,
White in colour and vividly bright.
This is the birthplace of gods and humans.
For those laden with habitual tendencies it does not appear clearly.
According to whether one's karma is good or bad,
Through the good, one meets with virtue and what is pleasing;
Through the bad, the sentient being laden with habitual tendencies

[p. 729] Enters an unpleasing womb.
As for the connection with the outer and inner body,
Hatred arising of its own force[414]Note 414 · p. 729 · zhe sdang: "hatred" per the glossary; all drafts have "aversion". is the cause,
And likewise, through the condition of desire,[415]Note 415 · p. 729 · rang shugs zhe sdang … 'dod chags rkyen gyis: the syntax is elliptical and is rendered closely (hatred as cause, desire as condition, for how the next life appears), with Gemini 4 Neon, Claude Fable 5.2, Dharmamitra. GPT-6.2 Astra expands this into a single causal statement, which is probably the sense but goes beyond the wording.
Such is the manner of appearing in the next life.
As for the realm, of the three kinds:
The aggregates of the four names have not ceased,[416]Note 416 · p. 729 · ma 'gags te / phyi ma ma blangs bar ma'i srid: two parallel negations defining intermediate existence (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "do not cease; before the next life is assumed, in the intermediate existence…" runs the definition into the next sentence.
And the next life has not been taken up; this is the intermediate existence.
Since in the aggregate of the four names assembled
No form of flesh and blood appears,
It is in the formless realm.
When it is near to its next body,
A firebrand, or rain,
Likewise cold, or a murky sky,
The clamour of a gathered crowd,
A temple, or an upper storey,
Or houses built in storeys are seen.
Those of the lower realms see a grass hut,
A dead-end hollow, or an empty ravine.[417]Note 417 · p. 729 · phugs rdugs grog po stong pa: taken as two items, "a dead-end hollow, or an empty ravine", with the drafts. With no particle between them it could also be one, "an empty dead-end ravine".
These are the signs of having entered the womb.
Though one wishes to go, one is sealed in and enveloped,[418]Note 418 · p. 729 · mngal du tshud pa'i rtags / rgyas 'thums: "signs of having entered the womb" and "sealed in and enveloped" (GPT-6.2 Astra, Claude Fable 5.2). Dharmamitra's "trapped in the womb" and "enveloped by the seal", and Gemini 4 Neon's "as by a net", are not in the Tibetan.
And is now subject to obstruction.

[p. 730] As for examples: as grass catches fire,
And likewise as mud holds fast an object,
And as a bird,[419]Note 419 · p. 730 · mkha' 'gro: here "bird" (literally "sky-goer"), as in all drafts, not the glossary's "ḍākinī"; the simile of the snare requires it. through the power of desire,
Is caught by a snare set in a pit dug in the earth,
So one is helplessly caught by the snare of attachment.

Thus it is said.

3 Conclusion and colophon མཇུག་བསྡུ་བ3 Conclusion and colophon (topical division)
States that these key points were taught in detail because of their importance. Concludes the tenth vajra topic, "Practice: The King's Mansion", of the Precious Treasury of Words and Meanings.

Since these key points are of great importance, they have been taught in detail.

From the Precious Treasury of Words and Meanings, this is the extensive explanation of the tenth vajra topic (rdo rje'i gnas), "Practice: The King's Mansion" (nyams su len pa rgyal po'i khang bzang).

Translation notes
  • 382. [p. 719] The opening བའོ། completes the last sentence of the previous part and is not translated again.
  • 383. [p. 719] yid mgyogs is rendered "swift as thought", the fixed idiom, rather than with the glossary's "mentation" for yid.
  • 384. [p. 719] skye tshul nyi shu po 'di dag: GPT-6.2 Astra, Dharmamitra and Gemini 4 Neon have "modes of birth", Claude Fable 5.2 "modes of arising". I take it as the twenty ways in which this intermediate state arises (the particulars being listed), hence "arising"; the phrase could instead refer to twenty kinds of birth, so the reading is not certain.
  • 385. [p. 719] The verb gnas, which opens p. 720 in the Tibetan, is rendered just before the page marker because of English word order.
  • 386. [p. 720] lung ma bstan: GPT-6.2 Astra, Claude Fable 5.2 and Dharmamitra have "indeterminate", which the glossary reserves for ma nges pa; "neutral" is used, as in Gemini 4 Neon. nyer len: "substantial cause" per the glossary, as in GPT-6.2 Astra; Claude Fable 5.2 and Gemini 4 Neon have "appropriation", which the glossary keeps for the ninth link.
  • 387. [p. 720] ltas is rendered "portents", since "sign" is reserved for rtags. bde 'gro and ngan 'gro are rendered "happy/unhappy destinies" to keep them distinct from ngan song, "lower realms" (Dharmamitra and Gemini 4 Neon use "higher/lower realms").
  • 388. [p. 721] First name: GPT-6.2 Astra reads "the form … is not gross, yet appears as though it were". With Claude Fable 5.2, Dharmamitra and Gemini 4 Neon I read "although there is no coarse form, a form of habitual tendencies appears to exist", which fits the explanation of "flesh-form" better.
  • 389. [p. 721] las kyi nye bar 'khor bas is read as las kyis, "circles close by through karma" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "closely accompanied by karma" follows the genitive but does not explain the name.
  • 390. [p. 721] tshang bar mthong bas: Gemini 4 Neon has "it sees with complete sense faculties". With GPT-6.2 Astra, Claude Fable 5.2 and Dharmamitra I read "are seen to be complete", which the syntax requires.
  • 391. [p. 721] rgyu ni gang du ye shes bzhi sbyor…: gang du is read as gong du ("earlier"), on the pattern of the parallel cause-statements. GPT-6.2 Astra, Claude Fable 5.2 and Gemini 4 Neon do the same; Dharmamitra leaves the word out.
  • 392. [p. 721] skye gnas bzhi las gong du gtogs pa: gong du is read as gang du ("to which … it belongs"), as all the drafts do.
  • 393. [p. 722] srid pa bar ma in the citation (Abhidharmakośa 3.9) is kept as "intermediate existence", the Abhidharma term, distinct from srid pa bar do.
  • 394. [p. 722] Dharmamitra omits the final heading and clause (phyi ma'i las 'brel gyi khyad par…); it is restored here. The sentence breaks off at 'dir and continues in the next part.
  • 395. [p. 723] Dharmamitra re-translates the heading and opening clause already rendered at the end of the previous part; this part begins after "then here".
  • 396. [p. 723] dga' gdung du bzung ba: read as "held with delight or anguish" (GPT-6.2 Astra, Gemini 4 Neon, Claude Fable 5.2), matching the good and bad karmic appearances just described; Dharmamitra's "attachment and longing" loses the contrast.
  • 397. [p. 723] gti mug: "bewilderment" by the house glossary, against "delusion" in all drafts.
  • 398. [p. 723] ming gzhi'i phung po (twice): the e-text reads gzhi'i ("aggregates that are the basis of name", so GPT-6.2 Astra, Gemini 4 Neon). Adzom reads bzhi'i ("four name aggregates") at the second occurrence. I follow Adzom's bzhi'i and read the first occurrence the same way (so Claude Fable 5.2, and Dharmamitra in effect), since the four name aggregates are the standard description of formless-realm beings, which is the point of the argument.
  • 399. [p. 724] ltas: rendered "omens", since "sign" is reserved for rtags.
  • 400. [p. 724] nam rmug pa'i dkyil: taken as "the murk of night" (Claude Fable 5.2; cf. Dharmamitra "thick darkness"). GPT-6.2 Astra "thick haze" and Gemini 4 Neon "foggy sky" read nam as (g)nam, "sky"; the phrase is uncertain.
  • 401. [p. 724] brag phug rdugs pa: rdugs pa taken as "come to a dead end" (Claude Fable 5.2), not "stuffy" (GPT-6.2 Astra), "desolate" (Gemini 4 Neon) or "cramped" (Dharmamitra).
  • 402. [p. 724] dmyal ba ni brgyud pa las dngos su srid pa'i bar do mi snang: las is read as "except" ("except where hell is reached indirectly, the intermediate state of becoming does not actually appear"), with Gemini 4 Neon and in substance GPT-6.2 Astra. Dharmamitra and Claude Fable 5.2 take brgyud pa as "an intervening stage" that does not appear, which leaves las unexplained.
  • 403. [p. 725] 'khor ba na dag pa'i ye shes 'dzin pa: the locative na is kept ("held within saṃsāra"), though the parallel with the other two similes suggests saṃsāra is the holder.
  • 404. [p. 725] ming gnyis pa: rendered literally, "it has a second name" (GPT-6.2 Astra, Dharmamitra, Claude Fable 5.2); the reference is not explained in the text. Gemini 4 Neon's "consists of the aggregates of name" has no basis in the Tibetan.
  • 405. [p. 726] 'dod ldan snod bcud: taken as the world and inhabitants of the realm of desire (GPT-6.2 Astra, Gemini 4 Neon); Dharmamitra reads "to those possessing desire", which is also possible.
  • 406. [p. 726] gzhan las tshe ni zhag bdun 'gyur: gzhan las read as "unlike others" (GPT-6.2 Astra, Dharmamitra); Claude Fable 5.2's "otherwise" and Gemini 4 Neon's "turns every seven days" are less likely.
  • 407. [p. 726] sdong dum, khrag btsos: Dharmamitra's "charred" tree stump and "coagulated" blood are not in the Tibetan; "tree stump" and "boiled blood" are kept.
  • 408. [p. 726] The quotation continues on the next page, so the last line ends with a semicolon.
  • 409. [p. 727] rgyu mthun pa'i bag chags: read as habitual tendencies "concordant with their cause", set against those of karmic ripening in the line before (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "habitual tendencies that are concordant causes" misconstrues the phrase.
  • 410. [p. 727] shes pa: "cognition" per the glossary (Claude Fable 5.2), not "consciousness" (GPT-6.2 Astra, Gemini 4 Neon, Dharmamitra), which is kept for rnam shes.
  • 411. [p. 727] The list of names: taken as six separate names with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra fuses "gandharva" with "circles nearby" and "intermediate state of becoming" with "linking the aggregates", which is possible metrically but less likely in an enumeration (rnam grangs). srid pa yi ni sha gzugs, "fleshly form of becoming", sits oddly with the later statement that no form of flesh and blood appears and may be corrupt; it is translated as it stands.
  • 412. [p. 727] 'phred: "sideways/horizontally" (Gemini 4 Neon, Claude Fable 5.2, Dharmamitra), against GPT-6.2 Astra "straight ahead".
  • 413. [p. 728] de chos yid kyi rjes su 'dzin: yid is rendered "mentation" per the glossary; the drafts have "mind" or "mentally".
  • 414. [p. 729] zhe sdang: "hatred" per the glossary; all drafts have "aversion".
  • 415. [p. 729] rang shugs zhe sdang … 'dod chags rkyen gyis: the syntax is elliptical and is rendered closely (hatred as cause, desire as condition, for how the next life appears), with Gemini 4 Neon, Claude Fable 5.2, Dharmamitra. GPT-6.2 Astra expands this into a single causal statement, which is probably the sense but goes beyond the wording.
  • 416. [p. 729] ma 'gags te / phyi ma ma blangs bar ma'i srid: two parallel negations defining intermediate existence (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "do not cease; before the next life is assumed, in the intermediate existence…" runs the definition into the next sentence.
  • 417. [p. 729] phugs rdugs grog po stong pa: taken as two items, "a dead-end hollow, or an empty ravine", with the drafts. With no particle between them it could also be one, "an empty dead-end ravine".
  • 418. [p. 729] mngal du tshud pa'i rtags / rgyas 'thums: "signs of having entered the womb" and "sealed in and enveloped" (GPT-6.2 Astra, Claude Fable 5.2). Dharmamitra's "trapped in the womb" and "enveloped by the seal", and Gemini 4 Neon's "as by a net", are not in the Tibetan.
  • 419. [p. 730] mkha' 'gro: here "bird" (literally "sky-goer"), as in all drafts, not the glossary's "ḍākinī"; the simile of the snare requires it.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 719]
བའོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམས་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང༌། རྟ་རྔའི་ཉག་དང༌། སྐྲའི་ནང་དང༌། བྲག་དང༌། སྒོ་ང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ། །འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་
2.4.2.5 The miraculous powers རྫུ་འཕྲུལ་གྱི་ཁྱད་པར2.4.2.5 The miraculous powers
Swift as thought, one passes unimpeded through everything except the womb and Vajrāsana. This derives from having seen the saṃbhogakāya's miraculous powers, but the powers vanish like a dream.

As for the particulars of the miraculous powers: since one has the miraculous power of being swift as thought,[383]Note 383 · p. 719 · yid mgyogs is rendered "swift as thought", the fixed idiom, rather than with the glossary's "mentation" for yid. arriving in an instant wherever one thinks of, one travels through the sky; and into whatever interior, coarse or subtle, cognition enters — the eye of a needle, a single strand of a horse's tail, the inside of a hair, a rock, an egg and so forth — there one fits, and so one passes with unimpeded transparency through everything except the womb and Vajrāsana. This too arises from having seen the miraculous powers of the saṃbhogakāya earlier. These also vanish in an instant, like a dream, and then other appearances arise, so that they cannot last.

2.4.2.6 The span of life ཚེ་ཚད་ཀྱི་ཁྱད་པར2.4.2.6 The span of life
One dies and is reborn in seven-day cycles. One remains in the intermediate state from one week up to forty-nine days at most.

As for the particulars of the span of life: these twenty modes of arising[384]Note 384 · p. 719 · skye tshul nyi shu po 'di dag: GPT-6.2 Astra, Dharmamitra and Gemini 4 Neon have "modes of birth", Claude Fable 5.2 "modes of arising". I take it as the twenty ways in which this intermediate state arises (the particulars being listed), hence "arising"; the phrase could instead refer to twenty kinds of birth, so the reading is not certain. last seven days and so forth. When seven days have passed, from recollecting one's former death one dies at the very time of the former death, and from recollecting birth one is also born. Thus one remains in the intermediate state[385]Note 385 · p. 719 · The verb gnas, which opens p. 720 in the Tibetan, is rendered just before the page marker because of English word order. of becoming for at least seven days and at most seven weeks.[382]Note 382 · p. 719 · The opening བའོ། completes the last sentence of the previous part and is not translated again.

[p. 720]
གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དགས་དང་དམྱལ་བ་ཐུར་ལ་བལྟའོ། །ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་

Some take a body once the first week is complete. Some remain a long time, two, three, four, five weeks and so forth, and then take a body; the longest limit is forty-nine days.

2.4.2.7 The colour ཁ་དོག་གི་ཁྱད་པར2.4.2.7 The colour
One appears in the colour of one's next destiny: white for gods and humans, yellow for demigods and animals, blue for hungry ghosts, dark maroon for hell beings. This derives from having seen the colours of dharmatā.

As for the particulars of colour: one appears in the colour of wherever one is next to be born — gods and humans, white; demigods and animals, yellow; hungry ghosts, blue; hell beings, dark maroon. As for the cause, it arises from having seen the colours of dharmatā earlier.

2.4.2.8 The way the head faces མགོ་ལྟ་བའི་ཁྱད་པར2.4.2.8 The way the head faces
Beings bound for gods and humans look upward, demigods and animals sideways, and hungry ghosts and hell beings downward.

As for the particulars of the direction in which the head faces: gods and humans look upward; demigods and animals, sideways; hungry ghosts and hell beings, downward.

2.4.2.9 Whether or not karma is accumulated ལས་སོག་མི་སོག་གི་ཁྱད་པར2.4.2.9 Whether or not karma is accumulated
Coarse, manifest karma is not accumulated. Subtle, neutral karma is accumulated subtly, as in a dream.

As for the particulars of whether or not karma is accumulated: coarse, manifest karma is not accumulated, while subtle, neutral (lung ma bstan) karma,[386]Note 386 · p. 720 · lung ma bstan: GPT-6.2 Astra, Claude Fable 5.2 and Dharmamitra have "indeterminate", which the glossary reserves for ma nges pa; "neutral" is used, as in Gemini 4 Neon. nyer len: "substantial cause" per the glossary, as in GPT-6.2 Astra; Claude Fable 5.2 and Gemini 4 Neon have "appropriation", which the glossary keeps for the ninth link. which partakes of the substantial cause of the former and the later, is accumulated subtly, as in a dream.

2.4.2.10 The portents of virtue and evil དགེ་སྡིག་གི་ལྟས་ཀྱི་ཁྱད་པར2.4.2.10 The portents of virtue and evil
Those bound for the happy destinies have clear cognition. Those bound for the lower destinies have dull, unclear cognition.

As for the particulars of the portents of virtue and evil:[387]Note 387 · p. 720 · ltas is rendered "portents", since "sign" is reserved for rtags. bde 'gro and ngan 'gro are rendered "happy/unhappy destinies" to keep them distinct from ngan song, "lower realms" (Dharmamitra and Gemini 4 Neon use "higher/lower realms"). those whose karma is white and who are going to the happy destinies have clear cognition, while those who through unvirtuous karma are going to the unhappy

[p. 721]
འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ལས་གོང་དུ་

destinies have cognition that is dull and unclear.

2.4.2.11 The names མིང་གི་ཁྱད་པར2.4.2.11 The names
Explains four names of the intermediate being: flesh-form of becoming, scent-eater circling nearby, linker of the aggregates, and one complete in faculties and unobstructed. These derive from the dynamic energy of the four wisdoms in union.

As for the particulars of the names, there are four. Since, although there is no coarse form,[388]Note 388 · p. 721 · First name: GPT-6.2 Astra reads "the form … is not gross, yet appears as though it were". With Claude Fable 5.2, Dharmamitra and Gemini 4 Neon I read "although there is no coarse form, a form of habitual tendencies appears to exist", which fits the explanation of "flesh-form" better. a form of the habitual tendencies of the subtle elements appears to exist, the first is "the one possessing a flesh-form of becoming". Since it eats scents as its food and circles close by through karma,[389]Note 389 · p. 721 · las kyi nye bar 'khor bas is read as las kyis, "circles close by through karma" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "closely accompanied by karma" follows the genitive but does not explain the name. the second is "the scent-eater that circles close by". Since it is between the former and the later body, the third is "the one who, in the intermediate state of becoming, forms the link of appropriating the aggregates". Since, although form and sense faculties do not exist in a coarse way, the sense faculties of karma and habitual tendencies are seen to be complete,[390]Note 390 · p. 721 · tshang bar mthong bas: Gemini 4 Neon has "it sees with complete sense faculties". With GPT-6.2 Astra, Claude Fable 5.2 and Dharmamitra I read "are seen to be complete", which the syntax requires. the fourth is "the one complete in all sense faculties and endowed with unobstructedness". As for the cause, it arises from the dynamic energy of the union of the four primordial wisdoms earlier.[391]Note 391 · p. 721 · rgyu ni gang du ye shes bzhi sbyor…: gang du is read as gong du ("earlier"), on the pattern of the parallel cause-statements. GPT-6.2 Astra, Claude Fable 5.2 and Gemini 4 Neon do the same; Dharmamitra leaves the word out.

2.4.2.12 The size of the body ལུས་ཚད་ཀྱི་ཁྱད་པར2.4.2.12 The size of the body
Those of pure karma have the stature of a sixteen-year-old, the impure that of about an eight-year-old. This derives from having seen the appearances of spontaneous presence.

As for the particulars of the size of the body: those of pure karma have the stature of a child who has reached sixteen years of age, and the impure that of about an eight-year-old; this arises from having seen the appearances of spontaneous presence.

2.4.2.13 The mode of birth སྐྱེ་གནས་བཞི་ལས་གོང་དུ་གཏོགས་པའི་ཁྱད་པར2.4.2.13 The mode of birth
The intermediate being is miraculously born. Like the gods it has light and powers; like hell beings it suffers birth and death every seven days. A common scripture is cited in support.

As for the particulars of which of the four modes of birth[392]Note 392 · p. 721 · skye gnas bzhi las gong du gtogs pa: gong du is read as gang du ("to which … it belongs"), as all the drafts do.

[p. 722]
གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང༌། དམྱལ་བ་རྣམས་དང་ལྷ་རྣམས་དང༌།
།སྲིད་པ་བར་མ་བརྫུས་ཏེ་སྐྱེ།
།ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་འབྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་

it belongs to: it belongs to miraculous birth. Being of like character with the gods, it has light and miraculous powers; being of like character with the hell beings, every seven days it undergoes the fierce suffering of birth and death. This is just as explained in the common scriptures too:

Hell beings and the gods,
And the intermediate existence,[393]Note 393 · p. 722 · srid pa bar ma in the citation (Abhidharmakośa 3.9) is kept as "intermediate existence", the Abhidharma term, distinct from srid pa bar do. are born miraculously.MdzodQuotation (named in the text: ཐུན་མོང་གི་ལུང་ལས་ཀྱང)
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ, chos mngon pa'i mdzod kyi tshig le'ur byas pa, Treasury of Abhidharma (Abhidharmakośakārikā), by Vasubandhu · shastra; Tengyur; Toh 4089
Identification: high confidence (Cited only as a 'common scripture'.)
The quoted words are in ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་་་ (a parallel: ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ), 100 % of the words.

As for the cause, it arises from having seen the appearances of emanation earlier.

2.4.2.14 The behaviour སྤྱོད་ལམ་གྱི་ཁྱད་པར2.4.2.14 The behaviour
As the force of dharmatā fades, former tendencies rise and one delights in one's former activities. This stems from having been terrified in the intermediate state of dharmatā.

As for the particulars of behaviour: the force of dharmatā has faded and, since the habitual tendencies of former clinging have risen up, one delights in whatever activities one used to perform. As for the cause, it arises from having been frightened and terrified at the intermediate state of dharmatā.

2.4.2.15 The light འོད་ཀྱི་ཁྱད་པར2.4.2.15 The light
The light shines clearly for a yojana for those of pure karma and dimly for the impure. This derives from dharmatā's own light.

As for the particulars of the light: for those of pure karma it shines clearly to the distance of one yojana, while for the impure it shines dimly; this arises from the shining of dharmatā's own light.

2.4.2.16 The karmic connection with the next life ཕྱི་མའི་ལས་འབྲེལ་གྱི་ཁྱད་པར2.4.2.16 The karmic connection with the next life
Those bound for happy destinies meet signs of good karma; those bound for lower ones experience unvirtuous appearances. This stems from having met dharmatā's appearances with delight or anguish.

As for the particulars of the karmic connection with the next life: if one is next to be born in the happy destinies, then here[394]Note 394 · p. 722 · Dharmamitra omits the final heading and clause (phyi ma'i las 'brel gyi khyad par…); it is restored here. The sentence breaks off at 'dir and continues in the next part.

[p. 723]
ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་གཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །ཕྱི་མའི་ལུས་དང་འབྲེལ་

it appears that one is meeting with aspects of good karma, while if one is to be born in the unhappy destinies, one supposes that one is engaging in unvirtuous appearances; this arises from having earlier held the appearances of dharmatā with delight or anguish.[396]Note 396 · p. 723 · dga' gdung du bzung ba: read as "held with delight or anguish" (GPT-6.2 Astra, Gemini 4 Neon, Claude Fable 5.2), matching the good and bad karmic appearances just described; Dharmamitra's "attachment and longing" loses the contrast.

2.4.2.17 The next body and the afflictions ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར2.4.2.17 The next body and the afflictions
Hatred links one to the form realm, desire to the desire realm and bewilderment to the formless realm. This stems from deviating with regard to dharmatā's appearances.

As for the particulars of the next body and the afflictions: from hatred (zhe sdang) there comes the karmic connection for birth in the form realm, from desire ('dod chags) for birth in the desire realm, and from bewilderment (gti mug)[397]Note 397 · p. 723 · gti mug: "bewilderment" by the house glossary, against "delusion" in all drafts. for birth in the formless realm; this arises from having deviated with regard to the appearances of dharmatā.

2.4.2.18 The realm to which it belongs ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར2.4.2.18 The realm to which it belongs
Lacking specifically characterized form and resting on the name aggregates, the intermediate being belongs to the formless realm. This derives from having seen dharmatā's illusion-like appearances.

As for the particulars of which of the three realms it belongs to: since it has no specifically characterized form, it belongs to the formless realm, because it is of like character in that the mindstream is supported by the four name aggregates (ming bzhi'i phung po).[398]Note 398 · p. 723 · ming gzhi'i phung po (twice): the e-text reads gzhi'i ("aggregates that are the basis of name", so GPT-6.2 Astra, Gemini 4 Neon). Adzom reads bzhi'i ("four name aggregates") at the second occurrence. I follow Adzom's bzhi'i and read the first occurrence the same way (so Claude Fable 5.2, and Dharmamitra in effect), since the four name aggregates are the standard description of formless-realm beings, which is the point of the argument. The four name aggregates, in turn, arise from the subtle elements, in their aspect as seeds, that are present upon the all-ground. As for the cause, it arises from having seen the illusion-like appearances of dharmatā.

2.4.2.19 The omens connected with the next body ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར2.4.2.19 The omens connected with the next body
Describes what one seems to experience on entering the womb of each destiny, such as a temple's top storey for gods or fog or a hut for animals. Hell beings have no actual intermediate state. All this stems from distrusting mother dharmatā.

As for the particulars of the omens connected[395]Note 395 · p. 723 · Dharmamitra re-translates the heading and opening clause already rendered at the end of the previous part; this part begins after "then here".

[p. 724]
པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གིས་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་མོ། །ནམ་རྨུག་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་པོའི་ནང་ན་འདུག་པ་སྙམ་བྱེད། ཡི་དགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་བ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་

with the next body: when the lifespan of one's stay in the intermediate state (bar do) is completed and one is close to taking the next body, one is propelled by the karmic wind (las rlung) into the mother's womb. If one then enters the birthplace or womb of a god, one supposes that one is on the top storey of a temple or inside a many-storeyed mansion. If one enters the womb of a demigod, one supposes that one is at the centre of the wheel of a whirling firebrand or in the midst of falling rain. If one enters a human womb and supposes that it is extremely cold, it is a mere human body. If one supposes that one is in the midst of the murk of night,[400]Note 400 · p. 724 · nam rmug pa'i dkyil: taken as "the murk of night" (Claude Fable 5.2; cf. Dharmamitra "thick darkness"). GPT-6.2 Astra "thick haze" and Gemini 4 Neon "foggy sky" read nam as (g)nam, "sky"; the phrase is uncertain. it is a pure human body. If one supposes that one is amid the clamour of a gathered crowd, one has entered the womb of a precious human body. As for the lower realms: if one enters the womb of an animal, one supposes that one is in fog or inside a hut. If one enters the womb of a hungry ghost, one supposes that one is in a dead-end rock cave[401]Note 401 · p. 724 · brag phug rdugs pa: rdugs pa taken as "come to a dead end" (Claude Fable 5.2), not "stuffy" (GPT-6.2 Astra), "desolate" (Gemini 4 Neon) or "cramped" (Dharmamitra). or in an empty ravine. As for hell, except where it is reached indirectly,[402]Note 402 · p. 724 · dmyal ba ni brgyud pa las dngos su srid pa'i bar do mi snang: las is read as "except" ("except where hell is reached indirectly, the intermediate state of becoming does not actually appear"), with Gemini 4 Neon and in substance GPT-6.2 Astra. Dharmamitra and Claude Fable 5.2 take brgyud pa as "an intervening stage" that does not appear, which leaves las unexplained. the intermediate state of becoming[399]Note 399 · p. 724 · ltas: rendered "omens", since "sign" is reserved for rtags.

[p. 725]
བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང༌། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང༌། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི།
།དཔེར་ན་ཟོ་ཆུ་བཞིན་དུ་འཁོར།
།ཤ་ཁྲག་རང་གའི་ལུས་བྲལ་ནས།
།སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ།
།རྡོས་དང་བྲལ་བས་མིང་གཉིས་པ།
།སྔ་མའི་ཤེས་པ་སྣང་བ་འགགས།
།ཕྱི་མ་ཉིད་ནི་མ་བྱུང་བར།
།རིགས་ཅན་གང་དུ་མ་ངེས་པས།
།

does not actually appear: the stopping of the breath and birth occur at the same time. As for the cause of these, they arise from not having trusted in the appearances of the mother dharmatā.

2.4.2.20 Illustration by examples དཔེས་ཉེ་བར་མཚོན་པའི་ཁྱད་པར2.4.2.20 Illustration by examples
Tendencies seize a womb as grass catches fire. Pure wisdom is held in saṃsāra as mire holds a jewel. The womb holds the intermediate being as a snare holds a bird.

As for the particulars of illustration by examples: just as grass takes hold of fire, habitual tendencies take hold of a womb; just as mire holds a jewel and the like, pure primordial wisdom is held within saṃsāra;[403]Note 403 · p. 725 · 'khor ba na dag pa'i ye shes 'dzin pa: the locative na is kept ("held within saṃsāra"), though the parallel with the other two similes suggests saṃsāra is the holder. and just as a snare holds a bird, the womb holds the sentient being of the intermediate state of becoming.

2.4.2.21 The account in the Union of the Sun and Moon ཉི་ཟླ་ཁ་སྦྱོར་གྱི་ལུང2.4.2.21 The account in the Union of the Sun and Moon (topical division)
Quotes at length the verses of the Union of the Sun and Moon that teach the twenty characteristics of the intermediate state of becoming.

These twenty categories, thus, are also taught in the Union of the Sun and Moon:

What is called the intermediate state of becoming
Is the head of the road to the abodes of saṃsāra;
It turns, for example, like a water-wheel.
Parted from the ordinary body of flesh and blood,
One has an illusory mental form.
Being free of solidity, it has a second name.[404]Note 404 · p. 725 · ming gnyis pa: rendered literally, "it has a second name" (GPT-6.2 Astra, Dharmamitra, Claude Fable 5.2); the reference is not explained in the text. Gemini 4 Neon's "consists of the aggregates of name" has no basis in the Tibetan.
The former cognition and its appearances have ceased,
While the later have not yet come about;
Since the class to which one belongs is undetermined,

[p. 726]
གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ།
།ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན།
།ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས།
།རིགས་དྲུག་སོ་སོའི་སྣང་ཆར་འགྱུར།
།འདོད་པ་ཁམས་ཀྱི་ཕྱི་སྣོད་དང༌།
།བཅུད་ནི་རང་གིས་རིག་ཅིང་གསལ།
།རང་གར་སྐྱེ་བའི་སྣོད་བཅུད་ཀྱང༌།
།དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི།
།དེ་ཡི་ཚེ་ཡི་ཚད་ཡིན་ནོ།
།ལྷ་དང་མི་ནི་ཁ་དོག་དཀར།
།ལྷ་མ་ཡིན་དང་བྱོལ་སོང་སེར།
།ཡི་དྭགས་འོད་ནི་དུ་བ་འདྲ།
།དམྱལ་བ་སྡོང་དུམ་ལྟ་བུའམ།།ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །

At that juncture of what has set and what appears,
It is the intermediate state that lasts an instant.
Later one takes on the guise of wherever one will be born.
Having fully taken on the guise of what is to come,
It turns into the appearances of each of the six classes of beings.
The outer world of the desire realm
And its inhabitants are known by oneself and are clear.
The world and inhabitants of where one will oneself be born
Are also clear at that very time.
The world and inhabitants of the realm of desire[405]Note 405 · p. 726 · 'dod ldan snod bcud: taken as the world and inhabitants of the realm of desire (GPT-6.2 Astra, Gemini 4 Neon); Dharmamitra reads "to those possessing desire", which is also possible. appear clearly.
Since the sense faculties and limbs are fully complete,
One is unobstructed by any entity,
And passes unobstructed into mountains, rocks and the like.
Unlike others, its life comes to seven days;[406]Note 406 · p. 726 · gzhan las tshe ni zhag bdun 'gyur: gzhan las read as "unlike others" (GPT-6.2 Astra, Dharmamitra); Claude Fable 5.2's "otherwise" and Gemini 4 Neon's "turns every seven days" are less likely.
Seven times seven days
Is the measure of its lifespan.
Gods and humans are white in colour;
Demigods and animals are yellow;
The light of hungry ghosts is like smoke;
Hell beings are like a tree stump,[407]Note 407 · p. 726 · sdong dum, khrag btsos: Dharmamitra's "charred" tree stump and "coagulated" blood are not in the Tibetan; "tree stump" and "boiled blood" are kept.
Or else like black wool strewn about;
Animals, alternatively, are like boiled blood;[408]Note 408 · p. 726 · The quotation continues on the next page, so the last line ends with a semicolon.

[p. 727]
ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ།
།ལྷ་དང་མི་ནི་གྱེན་ལ་བལྟ།
།ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད༌།
།ཡི་དྭགས་དམྱལ་བ་ཐུར་དུ་བལྟ།
།འདི་དག་ད་གདོད་སྐྱེ་བའི་དབང༌།
།སྲིད་པའི་བར་དོར་ལས་རྣམས་ནི།
།སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི།
།ཤེས་པ་ཉིད་ནི་གསལ་བ་ཡིན།
།དེ་བཞིན་མ་དག་རྣམས་མི་གསལ།
།དེ་ཀུན་དགེ་སྡིག་ལས་ལས་བྱུང༌།
།དེ་ཉིད་མིང་གི་རྣམ་གྲངས་ནི།
།འདི་དག་རྣམས་སུ་རིག་པར་བྱ།
།མིང་གཞི་འདུས་པའི་བདག་ཉིད་ཅན།
།སྲིད་པ་ཡི་ནི་ཤ་གཟུགས་དང༌།
།སྒྱུ་ལུས་དྲི་ཟ་ཉེ་བར་འཁོར།
།སྲིད་པའི་བར་དོ་ཕུང་མཚམས་སྦྱོར།
།

And demigods are like falling sleet.
At that time the way they face is this:
Gods and humans look upward;
Demigods and animals, likewise, look sideways;[412]Note 412 · p. 727 · 'phred: "sideways/horizontally" (Gemini 4 Neon, Claude Fable 5.2, Dharmamitra), against GPT-6.2 Astra "straight ahead".
Hungry ghosts and hell beings look downward.
All this is through the power of the birth they are only now about to take.
In the intermediate state of becoming (srid pa'i bar do),
This is the indication of whether karma is accumulated or not:
There are no habitual tendencies of karmic ripening;
Habitual tendencies concordant with their cause (rgyu mthun pa),[409]Note 409 · p. 727 · rgyu mthun pa'i bag chags: read as habitual tendencies "concordant with their cause", set against those of karmic ripening in the line before (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "habitual tendencies that are concordant causes" misconstrues the phrase.
Under the power of the intermediate state, are what this one accumulates.
This is the indication of cognition[410]Note 410 · p. 727 · shes pa: "cognition" per the glossary (Claude Fable 5.2), not "consciousness" (GPT-6.2 Astra, Gemini 4 Neon, Dharmamitra), which is kept for rnam shes. at that time:
For whoever's karma is pure,
Cognition itself is clear;
Likewise, for the impure it is unclear.
All of that arises from virtuous and evil actions.
As for the enumeration of its names,[411]Note 411 · p. 727 · The list of names: taken as six separate names with GPT-6.2 Astra, Gemini 4 Neon, Claude Fable 5.2. Dharmamitra fuses "gandharva" with "circles nearby" and "intermediate state of becoming" with "linking the aggregates", which is possible metrically but less likely in an enumeration (rnam grangs). srid pa yi ni sha gzugs, "fleshly form of becoming", sits oddly with the later statement that no form of flesh and blood appears and may be corrupt; it is translated as it stands.
They should be known as these:
"That whose nature is the four names assembled,"
"The fleshly form of becoming,"
"Illusory body" (sgyu lus), "gandharva" (dri za), "the one that circles nearby,"
"Intermediate state of becoming" and "linker of the aggregates."

[p. 728]
གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ།
།རྨི་ལམ་ལྟ་བུའི་གཟུགས་སུ་གནས།
།སྐྱེ་གནས་ཉིད་ནི་རྣམ་བཞི་ལས།
།བརྫུས་ནས་སྐྱེས་པ་ཉིད་དུ་སྟེ།
།ལྷ་དང་དམྱལ་བ་བར་མ་དོ།
།འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ།
།སྔར་ཞེན་ལས་ལ་སྤྲོ་བ་སྟེ།
།དེ་ཡི་རྗེས་སུ་ཞུགས་ནས་ནི།
།དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན།
།དེ་ཉིད་འོད་ཀྱི་ཚད་རྣམས་ནི།
།སྔར་ཞེན་བག་ཆགས་ཆུང་བ་དང༌།
།འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ།
།བག་ཆགས་ཅན་ལ་གསལ་མི་སྣང༌།
།གང་གི་ལས་ནི་བཟང་ངན་གྱིས།
།བཟང་བས་དགེ་དང་ཡིད་འོང་འཕྲད།
།ངན་པས་སེམས་ཅན་བག་ཆགས་ཅན།
།ཡིད་

Being formless and endowed with all the sense faculties,
It enters everything without obstruction.
As for the size of such an intermediate body,
It is that of a child who has reached eight years,
Or the size of the body of one who has reached ten,
And it abides as a form like that in a dream.
As for its mode of birth, of the four kinds
It is miraculous birth (brdzus skyes) itself:
Gods, hell beings and intermediate beings,
All these are born miraculously.
As for its conduct, the intermediate being
Delights in the actions to which it formerly clung;
Having followed after them,
Its mentation keeps hold of those phenomena.[413]Note 413 · p. 728 · de chos yid kyi rjes su 'dzin: yid is rendered "mentation" per the glossary; the drafts have "mind" or "mentally".
As for the measures of its light:
When the habitual tendencies of former clinging are slight,
Its light is one yojana in extent,
White in colour and vividly bright.
This is the birthplace of gods and humans.
For those laden with habitual tendencies it does not appear clearly.
According to whether one's karma is good or bad,
Through the good, one meets with virtue and what is pleasing;
Through the bad, the sentient being laden with habitual tendencies

[p. 729]
དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་བ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ།
།དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི།
།ཕྱི་མ་ལ་ནི་སྣང་བའི་ཚུལ།
།ཁམས་ནི་རྣམ་པ་གསུམ་དག་ལས།
།མིང་གཞིའི་ཕུང་པོ་མ་འགགས་ཏེ།
།ཕྱི་མ་མ་བླངས་བར་མའི་སྲིད།
།མིང་གཞི་འདུས་པའི་ཕུང་པོ་ལ།
།ཤ་ཁྲག་གཟུགས་ནི་མི་སྣང་བས།
།གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ།
།སྐྱེ་བོ་འདུས་པའི་ཅ་ཅོ་དང༌།
།ལྷ་ཁང་ངམ་ནི་ཡང་ཐོག་གམ།
།ཁང་བུ་དག་ནི་བརྩེགས་པར་མཐོང༌།
།ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་

Enters an unpleasing womb.
As for the connection with the outer and inner body,
Hatred arising of its own force[414]Note 414 · p. 729 · zhe sdang: "hatred" per the glossary; all drafts have "aversion". is the cause,
And likewise, through the condition of desire,[415]Note 415 · p. 729 · rang shugs zhe sdang … 'dod chags rkyen gyis: the syntax is elliptical and is rendered closely (hatred as cause, desire as condition, for how the next life appears), with Gemini 4 Neon, Claude Fable 5.2, Dharmamitra. GPT-6.2 Astra expands this into a single causal statement, which is probably the sense but goes beyond the wording.
Such is the manner of appearing in the next life.
As for the realm, of the three kinds:
The aggregates of the four names have not ceased,[416]Note 416 · p. 729 · ma 'gags te / phyi ma ma blangs bar ma'i srid: two parallel negations defining intermediate existence (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra's "do not cease; before the next life is assumed, in the intermediate existence…" runs the definition into the next sentence.
And the next life has not been taken up; this is the intermediate existence.
Since in the aggregate of the four names assembled
No form of flesh and blood appears,
It is in the formless realm.
When it is near to its next body,
A firebrand, or rain,
Likewise cold, or a murky sky,
The clamour of a gathered crowd,
A temple, or an upper storey,
Or houses built in storeys are seen.
Those of the lower realms see a grass hut,
A dead-end hollow, or an empty ravine.[417]Note 417 · p. 729 · phugs rdugs grog po stong pa: taken as two items, "a dead-end hollow, or an empty ravine", with the drafts. With no particle between them it could also be one, "an empty dead-end ravine".
These are the signs of having entered the womb.
Though one wishes to go, one is sealed in and enveloped,[418]Note 418 · p. 729 · mngal du tshud pa'i rtags / rgyas 'thums: "signs of having entered the womb" and "sealed in and enveloped" (GPT-6.2 Astra, Claude Fable 5.2). Dharmamitra's "trapped in the womb" and "enveloped by the seal", and Gemini 4 Neon's "as by a net", are not in the Tibetan.
And is now subject to obstruction.

[p. 730]
པའོ། དཔེ་ནི་རྩྭས་ནི་མེ་འཛིན་དང་དེ་བཞིན་འདམ་གྱིས་རྫས་འཛིན་དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ། །

As for examples: as grass catches fire,
And likewise as mud holds fast an object,
And as a bird,[419]Note 419 · p. 730 · mkha' 'gro: here "bird" (literally "sky-goer"), as in all drafts, not the glossary's "ḍākinī"; the simile of the snare requires it. through the power of desire,
Is caught by a snare set in a pit dug in the earth,
So one is helplessly caught by the snare of attachment.

Thus it is said.

3 Conclusion and colophon མཇུག་བསྡུ་བ3 Conclusion and colophon (topical division)
States that these key points were taught in detail because of their importance. Concludes the tenth vajra topic, "Practice: The King's Mansion", of the Precious Treasury of Words and Meanings.

Since these key points are of great importance, they have been taught in detail.

From the Precious Treasury of Words and Meanings, this is the extensive explanation of the tenth vajra topic (rdo rje'i gnas), "Practice: The King's Mansion" (nyams su len pa rgyal po'i khang bzang).

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 1 quotation, 1 found on this wiki.
# p. Tibetan English Source On this wiki
1 722 དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། Hell beings and the gods, And the intermediate existence, are born miraculously. named: ཐུན་མོང་གི་ལུང་ལས་ཀྱང
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ, chos mngon pa'i mdzod kyi tshig le'ur byas pa, Treasury of Abhidharma (Abhidharmakośakārikā), by Vasubandhu · shastra; Tengyur; Toh 4089 high
parallel: ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ, 100 %