Page property search

Jump to navigation Jump to search
Page property search

Either enter a page and property, or just a property to retrieve all assigned values.

Showing below up to 12 results starting with #1.

View (previous 20 | next 20) (20 | 50 | 100 | 250 | 500)


    

List of results

  • །ཀྲཱི་ཡ་ཨུ་པ་ཡོ་ག་རིགས་གསུམ་ཡང༌།།བདག་དང་ལྷ།ཀྲཱི་ཡ་ཨུ་པ་ཡོ་ག་རིགས་གསུམ་ཡང༌།།བདག་དང་ལྷ་དང་ཏིང་འཛིན་མཆོད་སྤྲིན་ལས།།སྒོ་གསུམ་རྣམ་དག་དངོས་གྲུབ་འདོད་པར་གཅིག།རྡོ་རྗེ་རྩེ་མོ་ལུང་རྒྱལ་གསང་བ་ཡང༌།།སྣང་གྲགས་རིག་པ་རྣམ་དག་ཡེ་ནས་ལྷ།།སྒོ་གསུམ་རྣམ་དག་དངོས་གྲུབ་མངོན་གྱུར་པས།།དགོངས་པ་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།།།དགོངས་པ་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།  +
  • །གཅིག་རྫོགས་ཀུན་རྫོགས་ཆོས་ཀུན་འདུས་པའི་ཀློང༌།།ཡེ་བབས་རང་གསལ་ལྷུན་གྲུབ་ཆེན་པོར་འདུས།  +
  • །གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས།།བྱར་མེད་ངང་ལ་སྒྲུབ་མེད་བཙལ་དུ་མེད།།རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས།།གང་ལས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད།  +
  • །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས།།ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།།  +
  • །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལུང༌།།བད།ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལུང༌།།བདག་དང་བདག་གི་མེད་པར་ཐག་བཅད་ནས།།སྤྲོས་བྲལ་ནམ་མཁའ་འདྲ་བར་དགོངས་དོན་གཅིག།ཨ་ཏི་མཆོག་གསང་རྣལ་འབྱོར་ཆེན་པོའི་ལུང༌།།བདག་གཞན་དབྱེར་མེད་ཡངས་པའི་ནམ་མཁའ་ལ།།རང་བྱུང་ཡེ་ཤེས་ཇི་བཞིན་རྣམ་འཇོག་པས།།དགོངས་དོན་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།དགོངས་དོན་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།  +
  • །ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར།།ཆོས་།ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར།།ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས།།སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང༌།།གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས།།གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས།།ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང༌།།འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས།ངང༌།།འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས།  +
  • །ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས།།བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག།གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས།།ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག  +
  • །ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས།།མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག།ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས།།རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས།།འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས།  +
  • །དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང༌།།ཡེ་ཤེས་སྤྲིན་ལས་ངོ་མཚར་རོལ་པ་ཡང༌།།རང་བྱུང་ངང་ལས་འདུ་འབྲལ་མེད་པར་འདུས།།སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས།།ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས།གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན།  +
  • །བཙལ་བས་ཡུལ་མེད་བསྒོམས་པས་མཐོང་བ་མེད།།བསྒྲུབ་པའི་གནས་མེད་གཞན་ནས་འོང་བ་མེད།།འགྲོ་འོང་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ།།ལྷུན་རྫོགས་ཐིག་ལེ་ཆེན་པོའི་དབྱིངས་སུ་འདུས།  +
  • །མ་ཧཱ་ཨ་ནུ་ཨ་ཏི་རྣམ་གསུམ་ཡང༌།།སྣང་སྲིད་སྣོ།མ་ཧཱ་ཨ་ནུ་ཨ་ཏི་རྣམ་གསུམ་ཡང༌།།སྣང་སྲིད་སྣོད་བཅུད་ལྷ་དང་ལྷ་མོའི་ཞིང༌།།དབྱིངས་དང་ཡེ་ཤེས་རྣམ་དག་དབྱེར་མེད་པས།།ཆོས་ཉིད་མི་གཡོ་རང་བྱུང་ཡེ་ཤེས་འདོད།།མཆོག་གསང་རབ་འདིར་ཐམས་ཅད་རྣམ་དག་པས།།མ་བྱས་གཞལ་ཡས་ཡེ་ཀློང་བདེ་བའི་ཞིང༌།།ཕྱི་དང་ནང་མེད་ཀུན་ཁྱབ་གདལ་བ་ལས།།བླང་དོར་བྱ་རྩོལ་མཚན་མའི་ཆོས་མེད་པར།།ཐམས་ཅད་ཡེ་འབྱམས་ཆོས་སྐུའི་ཀློང་དུ་གྲོལ།།དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས།ྲོལ།།དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས།  +
  • །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང༌།།རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ།།འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བའི།།བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན།།མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད།།ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས།  +