Page property search
Jump to navigation
Jump to search
This page provides a browsing interface for finding all values of a property and a given page. Other available search interfaces include the property search, and the ask query builder.
List of results
- །གཅིག་ཏུ་གྲོལ་ལོ་ཆོས་ཉིད་ཀློང་དུ་གྲོལ།།གཉིས་སུ་མེད་དོ་ཡུལ་སེམས་མཉམ་པར་གྲོལ།།རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ།།ལྷུན་གྲུབ་གྲོལ་ལོ་གཞི་དབྱིངས་དག་པར་གྲོལ། +
- །གཉེན་པོ་ཡེ་གྲོལ་སྤང་བྱ་མེད་པར་གྲོལ།།སྤང་བླང་གཉིས་མེད་མཁའ་མཉམ་ཡངས་པར་གྲོལ།།གྲོལ་བ་ཡེ་གྲོལ་བཅིངས་པ་མེད་པར་གྲོལ།།མ་གྲོལ་ཡེ་གྲོལ་བཅིང་གྲོལ་མེད་པར་གྲོལ།།གློད་པ་ཡེ་གྲོལ་གློད་རྒྱུ་མེད་པར་གྲོལ།།ཅོག་གཞག་ཡེ་གྲོལ་འཇོག་རྒྱུ་མེད་པར་གྲོལ། +
- །གདོད་ནས་གྲོལ་ལོ་སྐྱེ་མེད་ཀློང་དུ་གྲོལ།།ཕྱམ་གཅིག་གྲོལ་ལོ་ཡེ་སངས་ཀློང་དུ་གྲོལ།།ཡོངས་གྲོལ་གྲོལ་ལོ་ཡེ་རྒྱས་ཀློང་དུ་གྲོལ། +
- །ཆོས་ཀུན་བྱང་ཆུབ་སེམས་སུ་ཡེ་གྲོལ་བས།།མ་གྲོལ་བ་ཡི་ཆོས་ནི་ཡོད་མ་ཡིན། +
- །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས།།ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། +
- །ཐམས་ཅད་ཕྱམ་ལོག་གང་ལའང་ཡུལ་མེད་པས།ཁྲིགས་དང … །ཐམས་ཅད་ཕྱམ་ལོག་གང་ལའང་ཡུལ་མེད་པས།ཁྲིགས་དང་ཆོས་མེད་དམིགས་གཏད་ངོས་གཟུང་མེན།།གཞི་ལོག་ལམ་ལོག་འབྲས་བུའི་ཆོས་ལོག་པས།།ལེགས་ཉེས་ཤོར་གོང་རྡུལ་ཙམ་དམིགས་སུ་མེད།།ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད།།འཁོར་འདས་རུ་ལོག་དབྱིངས་ཀྱི་སོ་ན་མེད།།གང་ཡིན་ཅི་ཡིན་འདི་ཡིན་གཏད་སོ་མེད།ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག།སྔར་ཤུལ་ད་མེད་འདི་ལས་སུས་ཅི་བྱ།།ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ།སུས་ཅི་བྱ།།ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། +
- །དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ།།འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ།།ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། +
- །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས།།མ་བྱེད་ … །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས།།མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད།།མ་ལྟ་མ་ལྟ་ཡིད་ཀྱི་ཆོས་མ་ལྟ།།མ་བསྒོམས་མ་བསྒོམས་བློ་ཡི་ཆོས་མ་བསྒོམས།།མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད།།མ་བསྒྲུབས་མ་བསྒྲུབས་རེ་དོགས་འབྲལ་མ་བསྒྲུབ།།མ་སྤངས་མ་སྤངས་ཉོན་མོངས་ལས་མ་སྤངས།།མ་ལེན་མ་ལེན་ཡང་དག་ཆོས་མ་ལེན།།མ་འཆིངས་མ་འཆིངས་རང་གི་རྒྱུད་མ་འཆིངས།་ལེན།།མ་འཆིངས་མ་འཆིངས་རང་གི་རྒྱུད་མ་འཆིངས། +
- །ཕྱོགས་མེད་ཕྱོགས་སུ་འཛིན་པས་བཅིངས་པ་རྣམས།།རང་བཞིན་མ་ཤེས་རང་གིས་རང་བསླད་པས།།རང་ལ་རང་རྨོངས་འཁྲུལ་པ་ཨ་རེ་འཁྲུལ།།འཁྲུལ་པ་མེད་ལ་གཡང་སར་འཛིན་པས་འཁྲུལ། +
- །བདེ་བ་ཡེ་གྲོལ་ཆོས་ཉིད་ཕྱམ་དུ་གྲོལ།།སྡུག་བསྔལ་ཡེ་གྲོལ་གཞི་མཉམ་ཡངས་པར་གྲོལ།།བར་མ་ཡེ་གྲོལ་མཁའ་མཉམ་ཆོས་སྐུར་གྲོལ།།དག་པ་ཡེ་གྲོལ་དག་གཞིས་སྟོང་པར་གྲོལ།།མ་དག་ཡེ་གྲོལ་ཡོངས་གྲོལ་ཆེན་པོར་གྲོལ། +
- །མདོར་ན་སྣང་ཞིང་སྲིད་པའི་ཆོས་རྣམས་དང༌།།མི་སྣང་མི་སྲིད་ཆོས་ལས་འདས་སོ་ཅོག།ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས།།ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས། +
- །འཁོར་བ་ཡེ་གྲོལ་གདོད་ནས་དག་པར་གྲོལ།།འདས་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པར་གྲོལ།།སྣང་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།།སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོར་གྲོལ།།སྤྲོས་པ་ཡེ་གྲོལ་མུ་མཐའ་མེད་པར་གྲོལ།།སྤྲོས་མེད་ཡེ་གྲོལ་མ་སྐྱེས་དག་པར་གྲོལ། +
- །འཁྲུལ་དང་མ་འཁྲུལ་བྱང་ཆུབ་སེམས་ཀྱི་ཀློང༌།།བྱང་ཆུབ་སེམས་ལ་འཁྲུལ་གྲོལ་ཡེ་ནས་མེད།།དེ་ལས་རོལ་པར་ཤར་ལ་འཛིན་པས་བཅིངས།།དོན་ལ་འཆིང་གྲོལ་གཉིས་མེད་ཡུལ་སེམས་མེད།།མེད་ལ་ཡོད་པར་འཛིན་པས་མ་བསླུ་ཅིག +
- །འོད་གསལ་གྲོལ་ལོ་ཉི་ཟླའི་ཀློང་དུ་གྲོལ།།ཆོས་ཉིད་གྲོལ་ལོ་ནམ་མཁའི་ཀློང་དུ་གྲོལ།།ཆོས་ཅན་གྲོལ་ལོ་རྒྱ་མཚོའི་ཀློང་དུ་གྲོལ།།མི་འགྱུར་གྲོལ་ལོ་རི་རྒྱལ་ཀློང་དུ་གྲོལ། +
- །ཡེ་སངས་རྒྱས་པས་གྲོལ་བའི་རིག་པ་དེ།།གཏད་འཛིན་ཆོས་ཀྱི་གཟེབ་ཏུ་མ་འཆིངས་ཤིག།ཡེ་ནས་ཡུལ་མེད་རྣམ་ཀུན་དག་པའི་ཀློང༌།།མཁའ་མཉམ་བདེ་ཆེན་གཞི་རྩ་བྱང་ཆུབ་ཀློང༌།།དེ་ལ་འཁོར་བ་མི་སྲིད་གདོད་མའི་བབས། +
- །ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ།།རྟག་ཆ … །ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ།།རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།།ཡང་དག་ཡེ་གྲོལ་དམིགས་བསམ་འདས་པར་གྲོལ།།ཡང་དག་མིན་གྲོལ་ཕྱོགས་བསམ་འདས་པར་འགྲོ།།ལས་རྣམས་ཡེ་གྲོལ་གོས་པ་མེད་པར་གྲོལ།།ཉོན་མོངས་ཡེ་གྲོལ་འཆིང་གྲོལ་མེད་པར་འགྲོལ།།བག་ཆགས་ཡེ་གྲོལ་རྟེན་གཞི་མེད་པར་གྲོལ།།རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ།ོལ།།རྣམ་སྨིན་ཡེ་གྲོལ་མྱོང་གཞི་མེད་པར་གྲོལ། +
- །ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང༌།།རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས།།སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། +
- །ས་ལམ་ཡེ་གྲོལ་བསྐྱེད་རྫོགས་བྲལ་བར་གྲོལ།།ལྟ … །ས་ལམ་ཡེ་གྲོལ་བསྐྱེད་རྫོགས་བྲལ་བར་གྲོལ།།ལྟ་སྒོམ་ཡེ་གྲོལ་སྤང་བླང་མེད་པར་གྲོལ།།སྤྱོད་པ་ཡེ་གྲོལ་ཀུན་ཏུ་བཟང་པོར་གྲོལ།།འབྲས་བུ་ཡེ་གྲོལ་རེ་དོགས་མེད་པར་གྲོལ།།དམ་ཚིག་ཡེ་གྲོལ་ཆོས་ཉིད་ཆེན་པོར་གྲོལ།།བཟླས་བརྗོད་ཡེ་གྲོལ་གླེང་བརྗོད་བྲལ་བར་གྲོལ།།ཏིང་འཛིན་ཡེ་གྲོལ་བསམ་ཡུལ་མེད་པར་འགྲོ།ྲོལ།།ཏིང་འཛིན་ཡེ་གྲོལ་བསམ་ཡུལ་མེད་པར་འགྲོ། +
- །སྣ་ཚོགས་གྲོལ་ལོ་ཉག་ཅིག་ཀློང་དུ་གྲོལ།།ཕྱོགས་མེད་གྲོལ་ལོ་ལྷུན་གྲུབ་ཀློང་དུ་གྲོལ།།ཐམས་ཅད་གྲོལ་ལོ་སྙིང་པོའི་ཀློང་དུ་གྲོལ། +
- །སྣང་གྲགས་མཐོང་ཐོས་ཚོགས་དྲུག་ཅི་ཤར་ཡང༌།།ཐམས་ཅད་རང་གསལ་དབྱེ་བསལ་མེད་པའི་ཀློང༌།།ཡེ་གྲོལ་མཉམ་པའི་ཀློང་དུ་ལ་ཟློས་ཤིག +