Ngb-pt-0971-vol-10-text
Front
Body
པར་མཛད་པའི་འོད་ཅིར་ཡང་སྣང་སྟེ། འོག་མིན་གྱི་གནས་དབུས་དང་། མཐའ་མེད་པའི་གཞལ་ཡས་ཁང་ཡེ་ཤེས་རིན་པོ་ཆེ་དུར་ཁྲོད་རྒྱུ་ལས་བྱུང་བ། འཇིག་རྟེན་དྲུག་གི་་་ཆེ་འིང་ངཞིགི་ང་ཀེཆེ་ངངསྟེ་རྗེམེ་ཕྱགས་བཅུ་ཐམས་ཅད་ན། དུར་ཁྲད་བརྡལ་བ་ ན་པ ་དཀྱལ་འཁར་གྱ་རང་བ ན། ཁྲག་ ་སྦ་ཀླང་འསྣིག་པའ་ཀླང་ནས། ང་རུས་ ན་པ་ར་རབ་ཀྱ་ ང་དུ། རྡ་ ་ ་དཔུང་ཀླང་སྐྱིངསྟེ་་རྗེམིང་ཞི་་་ང་སེ༽་་དུ་བ ལ་བའ་ ང་ན། འག་རྡ་ ་རྒྱ་གྲམ་ ག་མངས་རས་སུ་སྤྲས་པས་གཏམས་པ། ཕྱགས་བ ་ངས་བཞ་ཐད་པ་སྐམ་རླན་རྒྱ་གྲམ་དུ་བརྩགས་པ། ་རྩ་མ་གནམ་ལྕགས་ཨུར་མ་མེ་རུ་སྣང་བ། འཁོར་ལོ་གཏམས་པའི་ཁ་བད་བཏགས་པ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཞིར་འཕྲོ་བ། འོད་དང་འོད་ཟེར་རབ་ཏུ་འཁྲུག་པ། བམ་ཆེན་པོའི་ཀ་བཱ་ལ་ཆུ་སྲིན་གྱི་གཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། ཞིང་ཆེན་བསྣོལ་མ་རིས་ཀྱི་གདུང་། རུ་ཏྲ ་ཆེན་པོ་བསྒྲལ་བའི་མཆོག་ཕྱམ་ལ། ཟུར་མོ་ཚ་ཚ་འཕྲོ་བ། དུར་ཆེན་གྱི་བུམ་པར་འཁྲིལ་བ། ཞང་ཆེན་གྱི་བླ་རེ་སྤྲིན་ལྟ་བུར་བསླུབས་པ། ཆུ་སྲིན་གྱི་མགོ་བོས་གཏམས་པ་ན། འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀ །ཧེ་རུ་ཀའི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དུ་ལྡན་པ། སྦྱོར་སྒྲོལ་གྱི་ཡུམ་དང་། གཉས་མེད་འབེལ་བའི་ཚུལ་གྱིས་བཞུགས་སོ །ཡེ་ཤེས་སྤྲུལ་པའི་གཤེད་བཞི་ལ་སོགས་ཏེ། གཤིན་རྗེའི་འཁོར་ཚོགས་ཉིད་ལས་མི་ཞན་པ་དང་། ཉིད་ལས་ཞན་པ་དང་། རིག་པ་ཁྱད་པར་ཅན་སྨོན་ལམ་གྱི་མོས་པའི་སྐལ་བ་ཅན་ལ་སོགས་སྟེ། དཔག་གི་མི་ལང་པ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་སོ། །དེ་ནས་འཇིགས་བྱེད་ཁྱག་འཐུང་གི་རྒྱལ་པོ་ཡ་མནྟ་ཀ་དེས། སྒྱུ་མ་ལ་དབང་བསྐུར་བའི་ཏིང་ངེ་འཛིན་ཆོས་ཉིད་སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱོར་བ་ཐབས་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། བྱམས་པ་ཆེན་པོའི་ཏང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དང་། རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་གཏི་ཡུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱི་ང་རྒྱལ་སྒྲོལ་བའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་བརྩོན་འགྲུས་ཕྲག་དོག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཐུབ་པས་བདུད་རྣམས་འཛོམས་པའི་ཏིང་ངེ་འཛིན་ལ་རྣམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཛིན་རྟོག་གི་དབང་གིས་ན། །འཇིག་རྟེན་གསུམ་པོ་རིམ་གྱིས་ཆགས། །འགྲོ་དྲུག་སེམས་ཅན་མ་ལུས་ལ། །དྲེགས་པར་རིམ་པར་དབང་བསྐུར་བ། །བསམ་པ་ལོག་པའི་བར་ཆོད་བདུད། །ང་རྒྱལ་དྲེགས་པའི་གཤིན་རྗེ་དང་། །ཞེ་སྡང་མོ་པའི་སྲིན་པོ་དང་། །དུག་གསུམ་རྒྱལ་བའི་རྒྱལ་པོ་དང་། །ཕྲག་དོག་འདོད་ཆགས་མ་མོ་སོགས། ཁམས་གསུམ་མ་ལུས་རིམ་གྱིས་སྡུད། །ང་རྒྱལ་དྲེགས་པའི་གཟུགས་འཆང་བ། །གཟུགས་ཕུང་ཆེ་ལ་གདོས་པ་རགས། །ང་རོ་ཆེ་ཞིང་གཏུམ་བག་ཅན། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །བྱམས་དང་སྙིང་རྗེ་འ་ལས་དང་བྲལ། །ཆེ་བཙན་རྟག་པའི་མཚོན་པའི་ཐུགས། །ལོག་པའི་ལམ་དང་གོལ་བ་འ་ས། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །ལུས་སུ་མཚན་མའི་ཆོས་ལ་སྤྱོད། །སྲིད་པའི་ས་བོན་རྩུབ་མོས་འཕངས། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །བསྒལ་པ་བཅུ་དྲུག་མྱོང་བར་འགྱུར། །གལ་ཏེ་དེ་ལས་མཐར་ནས་ཀྱང་། །ཡ་དྭགས་སྡུག་བསྔལ་མྱོང་བར་བྱེད། །བསྐལ་པ་དྲུག་ཏུ་གནས་པའོ། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །སླར་ཡང་རིན་པོར་ལུས་བླངས་ནས། ། གོང་མ་བཞིན་དུ་འཁོར་བར་སྐྱེ། །དེ་ཡི་འཁོར་ཡང་སྲིན་མོ་དང་། །མ་མོ་དང་ནི་མཁའ་འགྲོ་དང་། །གཤིན་ཏུ་ག་་པའི་འཁོར་དང་བཅས། །བསོད་པ་འབའ་ཞིག་ལས་ལ་གྲམ། ཀ་དང་ཁྲག་དང་སྲོག་ལ་གཅོད། །ངེས་པའི་ལུས་དང་མ་ལྡན་པས། །ཀུན་ཀྱང་ལོག་པའི་ལམ་དུ་འགྱུར། །སྤྲུལ་པའི་སྐུ་སོགས་སངས་རྒྱས་ཀྱི། །འདུལ་བའི་ལས་སུ་མ་གྱུར་ཏེ། །སླར་ཡང་ཁེངས་པས་བཟློག་པར་བྱེད། །དེ་ནས་འཁོར་གྱི་དང་པོ་རྣམས་ཀྱི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགེས་པ་ཆེན་པོ་རྔམ་པ་ཉིད་ལ་བརྡས་བསྐུལ་ཏེ། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་འདུས་པའི་སྤྲིན་ལས་མཆོག །ཡེ་ཤེས་སྨིན་ལས་རྨད་པོ་ཆེ། །སྤྲོས་པས་འཕེལ་བའི་ང་རྒྱལ་དྲེགས་པའི་གདུག་པ་ཅན། །གདུལ་བྱ་སྨིན་པར་མཛད་དུ་གསོལ། །ཞེས་གསུངས་སོ། །དེ་ནས་འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། བདུད་དང་སྲིན་པོ་གི་གཤིན་རྗེ་ལ་སོགས་པ། །ང་རྒྱལ་དྲེགས་པས་བཅིངས་པ་ནི། །ཤིན་ཏུ་གདུག་ཅིང་ག་་བྱེད་པས། །དེ་ལ་ཞི་བས་ཕན་མ་འགྱུར། རྒས་རབ་ཐབས་དང་ལྡན་བྱས་ནས། ཁྲོ་བོར་དེ་བཞིན་གཤེགས་པ་མཛད། །སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་ཐམས་ཅད་ཀུན། །སྐད་ཅིག་ཡུད་ལ་བརླག་འགྱུར་ན། །འཇིག་རྟེན་གསུམ་པོ་སྨོས་ཅི་དགོས། །དེ་ནས་འཇིགས་བྱེད་ཆེན་པོ་དེས། །ལས་ངན་སྲིན་པོ་ལ་སོགས་ཀུན། །ཉོན་མོངས་བག་ཆགས་སྦྱང་བ་དང་། ཁམས་གསུམ་མ་ལུས་ཐམས་ཅད་ཀུན། །བདེ་བ་ལ་ནི་བཞག་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་བསྐྱེད་བྱས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། རྔམ་པ་ཆེན་པོ་ཡེ་ཤེས་རྒྱལ་བོ་་དེ་ཉིད། འཇིགས་བྱེད་ཆེན་པོའི་རྒྱལ་པོ། རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ནས། ཉིད་ཀྱི་གསང་བའི་བདག་མོ་ཁྲོས་པའི་རྒྱལ་མོ་རོ་ལངས་མངོན་དུ་བྱུང་སྟེ། ཏི་ཏི་དགེས་པའི་གཟི་མདངས་ཀྱིས། །ཆོ་ག་གྲུ་གསུམ་རྒྱས་པར་མཛད། །གཉིས་སུ་མེད་པའི་དགེས་པ་ཆེན་པོ་ལ་ཐིམ་ནས། གསང་བའི་བྱང་ཆུབ་སེམས་ཀྱི་འཕྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ་༼བྲུཾབྷྲུཾ༽ བི་ཤྭ་བི་ཤུདྡྷེ་ཀྲོ་ཏ་བཛྲ་ཛྭ་ལ་ཡ་མནྟ་ཀ་ཕཊ་ཕཊ་ཧ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་དུ། དུར་ཁྲོད་བརྡལ་བའི་རང་བཞིན་ན། ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་པའ་ཀློང་ན། ་ཀེང་རུས་ཆེན་པོའི་རི་རབ་སྟེང་དུ། རྡོ་རྗེ་མེ་དཔུང་སློ།ང་དུ་འཁྱིལ་བའི་དབུས་ན། སྟེང་རྡོ་རྗེ་རྒྱ་གྲམ་མིག་མང་རིས་སུ་གཏམས་པ། ཕྱོགས་བཞི་ངོས་བཞི་ཐོད་པ་སྐམ་རྣན་རྒྱ་གྲམ་དུ་བརྩིགས་ལ། འོག་རྡོ་རྗེ་རྒྱ་གྲམ་རིས་སུ་གཏམས་པ། ཡེ་ཤེས་ཀྱི་རྡོ་རྗེ་རྒྱ་གྲམ་འོད་འཕྲོ་བ། འཁྲུག་པ་འབར་བ་ཁམས་གསུམ་ཐམས་ཅད་ཁྱབ་པར་བརྡལ་བ། དབུས་གྲུ་གསུམ་ཟླ་གམ་དང་ལྡན་པ། མུ་ཁྱུད་ཐོད་པ་དང་རྡོ་རྗེ་རྒྱ་གྲམ་བསྣོལ་མར་བསྒོར་བ། ཕྱི་རིམ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་པོས་བསྐོར། ཕྱི་རིམ་མུ་ཁྱུད་ཟླུམ་པོ་ཐོད་རློན་བསྐོར་བ། གྲུ་ཆད་ནི་མཚོ་ལ་རོ་སྣ་ཚོགས་འཕྱོ་བ། སྣམ་བུས་མཛེས་པ་སྒོ་བཞི་རྟ་བབས་དང་ལྡན་པ། བརྒྱན་སྣ་ཛོགས་ཀྱིས་བརྒྱན་པ། ཕྱི་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། ཁམས་གསུམ་ཐམས་ཅད་རྡོ་རྗེ་ར་བའི་རྩིག་པས་འཁོར་བ། ཚད་མེད་པའི་གཞལ་ཡས་ཁང་། ཁྲོ་བོ་དང་ཁྲོ་མོ་རོལ་པའི་བརྒྱན། སྟོང་གི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་ཐོན་པ་གྱུར་ཏེ། དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། འུར་འུར་ཆེམ་ཆེམ་ཤིག་ཤིག །གཏོར་གཏོར་རྟོགས་དང་ཆོམ་ཤིག།སོད་ཅིག་ཏོལ་ཅིག་ཕྲོད་སྦྱོངས་ཤིག །འཇིག་རྟེན་དབང་ཆེ་བ་དང་། དཔའ་རྟུལ་ཆེ་ཞིང་བརྟུལ་ཞུགས་ཅན། རྣམ་རྒྱལ་རབ་ཏུ་རྒྱལ་བར་གྱུར་ཏོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མརྙ་ཀ་དང་། དུར་ཁྲོད་ཆེན་པོར་གྱེས་ནས། ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན། རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། རྡོ་རྗེ་མེ་དཔུང་ཡེ་ཤེས་ཀྱི་འཁོར་ལོ་འབར་བའི་དབུས་ན། ཉིད་ཀྱི་གསང་བའི་ཡུམ་རོ་ལངས་དང་འདུ་འབྲལ་མེད་པ་ལས། གཉིས་སུ་མེད་པའི་དབྱིངས་ནས་ནི་འདི་ཕྱུང་ངོ་། །ཧཱུཾ༷་བཛྲ་ཡ་མ་ནན། རུ་ཏྲ་ནན། སུརུ་ཙན་ཏྲ་ཕཊ་མ་མན་དྷ་ལ་དེ་བ་ཏིསྟ་ནན། ཞེས་བརྗོད་པས་འཁོར་ལོའིཕོ་བྲང་ལྟེབ་ལ།གཤིན་རྗེ་བྱི་ཅིངས་སུ་བསྣོལ་བའི་སྟེང་དུ། སེམས་ཅན་ཆེན་པོ་ལྔ་དྲུག་དབྱིངས་སུ་འཇུག་མ་བསྣོལ་ལོ། །དེའི་སྟེང་དུ་གསལ་བྱེད་གཉིས་གོས་པ་མེད་པར་གནས་སོ། །ཞིང་བརྒྱང་བ་ཡང་དེ་བཞིན་ཤེས་དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མརྙ་ཀས། ཆོ་འཕྲུལ་ཆེན་པོ་བསགས་པ་ཚད་མེད་པ། འགག་པ་མེད་པར་འཆར་བས། ཁྲིག་སྲངད༽པ་ཐམས་ཅད་དུས་ཅིག་ཏུ་བཏུལ་བ་ནི། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། སྐུ་མཐིང་ནག་ཅིར་ཡང་མི་འགྱུར་བ། རྡོ་རྗེ་ལྗགས་ཀྱི་གསུང་འབྲུག་སྟོང་གི་སྒྲ་སྒྲོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དུས་ཅིག་ཏུ་འཇིག་པས། ཐུགས་ཡེ་ཤེས་ཀྱི་མེས་སྣང་སྲིད་བུད་ཤིང་ཚུལ་དུ་དུས་ཅིག་ཏུ་བསྲེགས་པས། སྟེང་འོག་མེད་པར་དུས་ཅིག་ཏུ་སྐྱི་བུང་བྱེད་པ། དབུ་དགུ་ཕྱག་བཅོ་བརྒྱད་པ། ཞ་ས་རྣམ་པ་བརྒྱད་གཏམས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ཤིང་། དུར་ཁྲོད་ཀྱི་བརྒྱན་ཀྱིས་བརྒྱན་པ། སྤྱན་འབར་བ་ཉི་ཤུ་རྩ་བདུན་མངའ་ཞིང་། རིགས་ལྔས་དབུ་བརྒྱན་པ། རྡོ་རྗེ་མཐིང་གའི་བ་སྐྲུས་འཇིག་རྟེན་གྱི་ཁམས་གཡོགས་པར་བཀབ་པ། ཡུམ་རོ་ལངས་ཁྲོས་པའི་རྒྱལ་མོ་དང་གཉིས་སུ་མེད་པར་བཞུགས་སོ། །ཤར་ཕྱོགས་ཟླ་གམ་ལ་སྒྲོལ་བྱེད་ཨེ་ཀ་ཛུ་ཏི་བཞུགས་སོ། །མདུན་གྱི་ཟླ་གམ་ལ་སྲས་མཆོག་ཡ་མ་ར་ཙ་བཞུགས་སོ། །འཁོར་ལོ་༼བཞི་ལྷོ་བཞངའང་ལྟ་ར༽ལྷ་བཞི་པོ་གཤེད་བཞི་སྟེ། ཤར་གྱི་འཁོར་ལོའི་རྩིབས་སུ། །གཤེད་པོ་ཡ་མ་ར་ཙ་སྟེ། །སྐུ་མདོག་སྔོ་ནག་འཇིགས་པའི་གཟུགས། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །གཡས་ན་གཤིན་རྗེའི་ཞིང་དབྱུག་ཐོགས། །གཡོན་ན་མཚོན་ཆེན་འཁོར་ལོའོ། །གསུམ་པ་ཡང་ཕྱག་མཚན་དེ་བཞིན་ཤེས། །ལྷོ་རུ་མྱོས་བྱེད་འབར་བ་སྟེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་ནག་པོ། །ནུབ་ཏུ་ཨརུ་མ་རུ་ཙེ་སྟེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག་གོ །བྱང་དུ་རལ་པ་ཚར་དགུ་སྟེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ནག་གོ །དཀྱིལ་འཁོར་ཀུན་ཀྱང་གསལ་བར་སྣང་བ་ལས། །དེ་ནས་དྲེགས་པ་ཆེན་པོ་རྣམས། །གདུག་པའི་སེམས་ཀྱིས་གཏུམ་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། མགྲིན་ཅིག་གདུང་བའི་ང་རོས་སེམས་དྲེགས་པའི་ཚུལ་དུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་བྱེད་ཟེར་ཞིང་། ཁེངས་པའི་སེམས་ཀྱི་རྔམ་མོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་སྐུ་གཟི་བརྗིད་ཆེ་བའི་གཟི་མདངས་ཕྱར་ཏེ། ཐུགས་རྗེ་ཆེན་པོས་གདུལ་བའི་ཐབས། གསང་སྔགས་རྔམ་པའི་གདངས་སྐད་འདི་ཕྱུང་ངོ་། །ཏཱ༷་ཧུ༷་ཧུ༷་ཧ་ཧ་ཧ། ཡ་མ་ཡསྒ་༼ཁའི་ཁྱངཧསྐབཱ་ཧི། ཞེས་བརྗོད་པས་གདུག་པའི་ཛོགས་དེ་དག་སྙིང་གི་དབང་པོ་ཀུན་ཕྱུང་། བ་སུ་ཏ་ཀུན་དྲངས་ནས། སྣ་ལེ་མ་ཀུན་བཅད་བཏུབས་མ༷་ས་ཟོས། རཀྟ་འཐུངས། ཀེང་རུས་འཆོས་སོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས། ཨ་བེ་ཤ་ཀ །ཧཱུཾ་ཧུ༷་ཧུ༷། ་སྨོ་་ཧ་ཨ་རསླི། ཛ་ཛ་ཞེས་བརྗོད་པས།འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གི་ངང་དུ་ཆུབ་བོ། །དེ་ནས་དྲེགས་པ་ཆེན་པོ་རྣམ་གཉིས་ཀྱིས། འཇོམས་མ་སྲིན་མོ་ཆེན་མོ་མི་སྲུན་མོ་དང་། ཚངས་མ་དང་། ཁྲོ་མོ་དང་། དབང་མོ་དང་། འཇུག་སྲིན་མ་ལ་སོགས་ཏེ། བྲན་དང་ཡང་བྲན་གཡོག་དང་ཡང་གཡོག །འཁོར་ཞིང་གི་རྡུལ་སྙེད་དག་འདུས་སོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མརྙ་ཀ་དེས། གསང་བ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་མཛད་དེ། ཡ་མ་ཡ་ཀྲ་པྲ་བ་ཏ། ཨོ་ཨ་ཧཱུཾ༷། བཛྲ་བ་ག་པྲ་བེ་ཤ་ཧུ༷། ཨོ་ཨ་ལ་ལ་ཧོ། ཞེས་བརྗོད་པས་མ་མོ་ཐམས་ཅད་ཀྱི་སེམས་མོས་པར་འདུན་ཏོ། །གསང་བའི་༼མང་མ་མ༷སགིགྱོས་པར་གྱུར་ཏོ། །དེ་ནས་འཇིགས་བྱེད་ཆེན་པོའི་སྐུ་ལ་རང་དབང་མེད་པར། དབུས་བརྒྱད་ཐ་མར་ལྔ་ལྔ་འཁྲིལ། རང་རང་གི་ངོ་བོ་ཁྲག་འཐུང་ཉིད་དང་དབང་བ་གནང་ངོ་། །དེ་ནས་མ་མོ་རྣམས་ལ་གསང་བའི་དབང་དང་། ཡེ་ཤེས་ཆེན་པོ་རང་རྒྱལ་གྱི་དབང་བསྐུར་རོ། །དེ་ནས་ཕཊ་ཕཊ་ཀྱིས་སྒྲ་བཞིས་དཀྱིལ་འཁོར་གྱི་སྒོ་བ་ཡང་ཕྱིར་བཏོན་ནས། འབར་བའི་དཀྱིལ་འཁོར་སྒོ་བཞིར་ཕྱིར་བལྟས་ནས་བགྲད་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མརྙ་ཀ་དེས། ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ཞེས་བྱ་བ་གཞིའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འདི་དག་ཕྱུང་ངོ་། །ཨོ་ཡ་མ་ཧཱུཾ༷། ཨོ༷་བཛྲ་ཙ་ཨ་ཨཱོཾན་མྲ༽ཏ་ཀྲོ་ཏ་མ་ཧྭ་ཀོ་ཏེ་ཡ་མ་ཧཱུྃ་ཕང། ཞེས་གསུངས་པས། དྲེག་པ་ཆེན་པོའི་ཚོགས་དེ་དག ཁྲག་འཐུང་ཆེན་བོའི་སྣ་ནས་འཐོན་ཏེ། དྲན་པ་སླར་རྙེད་དོ། །དེ་ནས་དེའི་དུས་སུ་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དུས་ཅིག་ཏུ་བཏུལ་བ་མཐོང་སྟེ།ཤིན་ཏུ་ཞུམ་ཞིང་བྲེད་ནས་མགྲིན་ཅིག་ཏུ་སྨྲས་པ། འབངས་སུ་མཆིས། འབངས་ལ་ནན་ཏན་མི་བགྱིད་ན། །མགོ་འགས་སྙིང་ཡང་ཚིག་པ་དང་། རུལ་ཉགས་ཚིག་ནས། དམྱལ་བར་ལྷུང་ནས་ འབོད་ པར་ཤོག །ཞེས་ཁས་བླངས་ནས་འདི་སྐད་ཅེས་གླེང་ངོ་། །འདུས་པའི་འཁོར་ཚོགས་འདི་ལྟ་སྟེ། །ཕྱོགས་བཅུ་དུས་གསུམ་འཁོར་རྣམས་དང་། །ཕྱོགས་སྐྱོང་གཤན་རྗེ་ཡབ་ཡུམ་འཁོར་རྣམས་དང་། །འཛིག་རྟེན་རླག་བྱེད་འཁོར་རྣམས་གཤེད་བཞི་དང་། །སྟོང་གསུམ་མུན་པར་བཏོང་བ་བདུད་པོ་བདུད་མོ་དང་། །འཇིག་རྟེན་མེས་བསྲེགས་བཙན་མོ་དང་། །སྙོ་འབོག་བཏང་བར་བྱེད་པའི་གིང་པོ་དང་། །དྲག་པོ་གནམ་ལྕགས་ལྷ་དང་སྨན་གྱི་འཁོར། །ཆུ་འཁྱགས་རབ་ཏུ་འབེབས་པ་ཁྱབ་འཇུག་གཟའ་ཡ་འཁོར། །མཛེ་ནད་ཛ་ལ་གཏོང་བའི་གདུག་པ་ཀླུ་ཡི་འཁོར། །སྲོག་གཅོད་སྤུ་གྲི་ཐོགས་པ་གནོད་སྦྱིན་འཁོར་སྡེ་ཚོགས་དང་། ཡམས་དང་ནད་གཏོང་བ་མ་མོའི་འཁོར་ཚོགས་དང་། གཞན་ཡང་དྲི་ཟའི་རྒྱལ་པོ་ཁ་ཐུན་རཀྴ་ལ་སོགས་པ་དྲི་ཟའི་འཁོར་སྡེ་དང་། ཤན་པ་ནག་པོའི་ཚོགས་གཤན་རྗེའི་འཁོར་སྡེ་དང་། ན་ག་ཚུ་ལའི་ཚོགས་སླུའི་འཁོར་སྡེ་དང་།ཡསྒ་མགོ་དགུའི་ཚོགས་གནོད་སྤྱིན་གྱི་འཁོར་སྡེ་ལ་སོགས་པ་དང་། སྟོང་གསུམ་ཀུན་ཉུལ་སྲིད་པ་ཁྲམ་ལ་འདེབས་ལ་སོགས་པ་མ་མོའི་ཚོགས་སྡེ་དང་། ཧ་ནུ་རསྒ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་། ཤུ་བོ་སྲོག་ལན་ལ་སོགས་པ་བཙན་གྱི་འཁོར་སྡེ་དང་། དཀར་པོ་སྙིང་འབྱིན་ལ་སོགས་པ་སྲོག་བདག་འཁོར་སྡེ་དང་། གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་ན་ཡང་། ནད་གཏོང་ཁྲམ་འདེབས་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་འདོད་པའི་བུ་མོའི་ཚོགས་ལ། རྒྱལ་མོ་དང་ཡང་རྒྱལ་མོའི་རྒྱལ་མོ་དང་། །བློན་མོ་དང་ནི་ཡང་བློན་དང་། །བློན་མོ་དང་ནི་གཡོག་མོའི་ཚོགས། །དེ་དག་ལ་སོགས་འཁོར་ན་ཡང་། །འདུ་བ་རྣམ་བཞིའི་ནད་བདག་མོ། །བཞི་རྒྱ་རྩ་བཞིའི་ནད་གཏོང་ཚོགས། །བསམ་གྱིས་མི་ཁྱབ་པ་དང་། ཐབས་ཅིག་ཏུ་བཞུགས་སོ། །པེ་ཏ་ལི་དང་རལ་གཅིག་གཉིས། །གཡས་ནས་འཁྲིལ་ཏེ་གཉིས་མེད་བཞུགས། །གཡོན་ནས་མདུན་གྱིས་བལྟས་ཏེ་བཞུགས། །གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ། ཡ་མ་ར་ཙ་འཆི་བདག་དམར་མོ་དང་། །ཀོ་ཙ་བྲག་མགོན་ཨ་བ་གླང་མགོ་དང་། །ཡ་མ་ཏི་དང་མིག་དམར་དང་། །སྨིག་བུ་རྟེལ་བ་ལྷ་མཆོག་དང་། །ཆོས་ཀྱི་རྒྱལ་པོ་རལ་པ་ཚར་དགུ་དང་། །ཐོད་དབྱུག་ལ་སོགས་ཕྱུ་སངས་དང་། །འཁོར་དང་༼རལ་་ག་ཨེ་ཀ་ཛུ་ཏི་པེ་ཏ་ལི། །མི་སྲིན་ནག་མོ་མགོ་འཕྱངས་དང་། །བྲག་སྲིན་ནག་མོ་མགོ་འཕྱངས་དང་། །ས་བདག་ནག་མོ་མགོ་འཕྱངས་དང་། །མི་ཟད་ནག་མོ་མགོ་འཕྱངས་དང་། །བཙན་མོ་ནག་མོ་མགོ་འཕྱངས་དང་། །བྱི་ལོང་ནག་མོ་མགོ་འཕྱངས་དང་། །བདུད་མོ་ནག་མོ་མགོ་འཕྱངས་དང་། །ས་སྲིན་ནག་མོ་མགོ་འཕྱངས་དང་། །ཀླུ་སྲིན་ནག་མོ་མགོ་འཕྱངས་དང་། །ལྷ་མོ་ནག་མོ་མགོ་འཕྱངས་དང་། །དེ་ལྟར་ཡུམ་དང་ཐབས་ཅིག་ཏེ། །ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ། །ཡ་མ་ར་ཙོའི་འཁོར་གང་ན། །བདུད་ཀྱི་རྒྱལ་པོ་དྲེགས་པ་ཅན་གསུམ་རྩེ་ནས། གཤིན་རྗེ་དམར་པོའི་འཁོར་དག་ན། སྲོག་བདག་མཆེད་གསུམ་གནས་པ་ནི། སྲོག་བདག་སྙིང་འབྱིན་དང་། བཙན་འགོང་དམར་པོ་དང་། བདུད་རྒྱལ་སྟག་གུ་ཅན་གྱིས་གནས། །ཀོང་ཙེ་བྲག་གོང་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་སྟག་ཐབས་གནས། །ཨ་བ་གླང་མགོའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་མུ་བི་གནས། །ལྕོགས་པ་མགོ་དགུའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གུར་བདུད་གནས། །བདུད་ཀྱི་རྒྱལ་པོ་ནག་མོ་འཛུམ་མེད་གནས། །ཡ་བ་ཏི་ཡི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་པེ་ལོག་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱི་རིང་གནས། །རྟེལ་བའི་འཁོར་ན། བདུད་ཀྱི་རྒྱལ་པོ་གློང་བཞི་ཕུང་བྱེད་གནས། །ཕྱས་པའི་འཁོར་དག་ན། བདུད་ཀྱི་རྒྱལ་པོ་སྒྱུ་བདུད་དམར་པོ་དང་། །བདུད་ཀྱི་རྒྱལ་བོ༄་ །་བདུད་ལྔང་ནག་དང་། །བདུད་ཀྱི་རྒྱལ་པོ་བྱུ་བདུད་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་སྒྱུ་བདུད་སྔོན་པོ་དང་། བདུད་ཀྱི་རྒྱལ་པོ་ཕུང་བྱེད་མགོ་ཅན་དང་། བདུ་ད་ཁ་སྟོང་མེ་འབར་དང་། བདུད་མི་ལག་༼སྤྲིའི་སྤྲེའུ༽མགོ་ཅན་དང་། བདུད་རྔམ་ཆེན་དུང་གི་རྣ་ཆ་ཅན་གནས། རལ་པ་ཚར་དགུའི་འཁོར་དག་ན།༼སའི་བསེ་ཡི༽སྐྱེས་བུ་གདུག་པ་ཅན་གནས། སྟག་མགོ་ཅན་གྱི་འཁོར་དག་ན། སླུ་བདུད་ནག་པོ་སྒྲུལ་གྱི་རྒྱུ་མ་ཅན་དང་། གྲི་ཐོགས་གིང་ཕོ་ཉ་བཅུ་ལ་སོགས་པ་གནས། མ་ལུས་འདུས་པ་ཐམས་ཅད་ཀྱི། །བདག་ཅག་རྣམས་ཀྱི་ཟིམ ་འབྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །ཡུད་ཙམ་གྱིས་ནི་འདིར་འོངས་ནས། །དཀྱིལ་འཁོར་ཆེན་པོ་བཞེས་སུ་གསོལ། །འཇིགས་བྱེད་ཆེན་པོ་བཞེས་སུ་གསོལ། །བདག་ཅག་འཁོར་སོགས་ཐམས་ཅད་ཀྱིས། །འབར་བའི་དཀྱིལ་འཁོར་ཆེན་པོ་འདི། ཐ།་ ང་ཙམ་འཛིན་པ་སུ་བགྱིད་པ། །ནོར་བུ་ངན་ཆེན་འབར་བ་ལྟར། །དེ་ཡི་དགོངས་པ་རྫོགས་པར་བགྱིའོ། །ཞེས་༼སྨོས་དམོད༽བཙུགས་སོ། །དེ་ནས་དེའི་མཆིས་འབྲང་ཐམས་ཅད་ཡུད་ཙམ་གྱིས་འོངས་ན། ལས་ཀྱི་དངོས་གྲུབ་གསོལ་བ་ལས། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས། གསང་བའི་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས། །བྲན་དང་ཕོ་ཉར་དབང་བསྐུར་རོ། །དེའི་ཚེ་མཐུ་སྟོབས་ཀྱི་བདག་པོ་ཡ་མ་ལག་ན་རྡོ་རྗེ་ཡང་བདུན་གྱིས་བལྟས་ཏེ། བཀའ་ནོད་པའི་ཚུལ་དུ་བཞུགས་སོ། །དཔལ་ཟླ་༼བཟང་གསང༽་ནག་པོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇིགས་བྱེད་རྒྱལ་པོ་ཡ་མནྟ་ཀ་དེས། །ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཁྲོམ་ཆེན་མོ་རོ་ལངས་པེ་ཏ་ནག་མོས། ཁྲག་གིས་རལ་པ་བསིགས་རང་གིས་པདྨ་ལས་ཁྲག་གིས་རྒྱ་མཚོ་བསྐྱིལ་ཏེ། འཇིགས་བྱེད་ཁྲག་འཐུང་ཉིད་ལ་མཆོད་དེ། འདི་སྐད་ཅེས་གླེང་ངོ་། །ཨེ་མ་ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །འཇིགས་བྱེད་ཆེན་པོ་རོལ་པའི་སྐུ། །ཡེ་ཤེས་འདུས་པའ་འཕྲིན་ལས་མཆོག །ཡེ་ཤེས་འབྲ་ན་ལས་རྨད་པོ་ཆེ། །ཞེས་བརྗོད་དོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀས་བཀའ་བསྩལ་ལོ། །ཡེ་ནས་མ་སྐྱེས་གཤིན་རྗེ་ནག་པོའི་ཚོགས། །གཉིས་མེད་ཡེ་ཤེས་འདུས་པའི་གཤིན་རྗེ་གཤེད། །ཀུན་གྱི་ཡེ་ཤེས་དམ་པ་འདུས་པ་སྟེ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །འཁོར་བའི་ཉེས་སྐྱོན་ཐམས་ཅད་རྩད་གཅོད་པ། །དུག་གསུམ་འདུལ་བའི་དཔལ་ལྡན་གར་གྱི་བདག །འདུས་པའི་ཚོགས་འདི་སེམས་ལ་ལྡན་པར་གྱིས། །ཞེས་བཀའ་བསྩལ་ཏོ། །དེ་ནས་གསང་བའི་བདག་པོ་ཡ་མན་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །རྣལ་འབྱོར་ཅན་ལ་གནས་ཕྱིར་དང་། །གདུལ་བྱ་གཉིས་ཀྱི་དོན་ཕྱར་དང་། །སྣ་ཚོགས་བརྒྱ་ཕྲག་བརྒྱད་ཀྱི་དོན། །དམན་པ་རྣམས་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་༼ནས་༽འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་ཁྲག་འཐུང་གི་རྒྱལ་པོས། །འདི་སྐད་ཅེས་བཀའ་བསྩལ་ཏོ། །རང་འབྱུང་ཡེ་ཤེས་བདེ་ཆེན་ལས། ཁྱད་པར་ཡེ་ཤེས་བཞི་རུ་བཤད། །ཆུ་ཟླའི་ཚུལ་དུ་ལས་རྣམས་འཆར། །བདེ་བ་ཆེན་པོའི་གསལ་བར་བགྱིས། །ཅེས་བཀའ་བསྩལ་ཏོ། །འཁོར་གྱི་དང་པོས་ཞུས་པ། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །རང་འབྱུང་ཡེ་ཤེས་བདེ་ཆེན་པོ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ། ཁྲེས་བྱའི་ཡུལ་དུ་ཇི་ལྟར་འགྱུར། །དེ་ལས་ཐབས་རྣམས་ཇི་ལྟར་འབྱུང་། །བྱུང་ནས་འགྲུབ་པར་ཇི་ལྟར་འགྱུར། །ཞེས་ཞུསླ་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །སྣང་སྲིད་དབྱིངས་སུ་མྱ་ངན་འདའ། །སྤྲོས་བྲལ་མི་འགྱུར་གདོད་ནས་དག །དག་པ་ཉིད་ནས་ཐམས་ཅད་གསལ། ཁེས་བྱ་ཤེས་བྱེད་རང་གི་སྟོང་། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་གསལ། །འདི་ནི་ཡིད་བཞིན་རིན་པོ་ཆེ། །ཐམས་ཅད་རེ་བ་རྫོགས་པའོ། །ཨེ་མ་ཧོ་རྟོགས་པར་རབ་དཀའ་བ། །སངས་རྒྱས་ཀྱིས་ཀྱང་མི་མཁྱེན་ན། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །འགྲོ་ཀུན་ཡོངས་ལ་ཨ་ཅང་ཆེས། །དེ་ནས་གསང་བའི་བདག་པོས་ངོ་མཚར་རྨད་དུ་གྱུར་ནས། ཡང་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་རྣམས། །མ་རིག་གཉིས་ཀྱིས་བསྒྲིབས་པར་འགྱུར། །རྣམ་པར་ཕྱེ་སྟེ་དོན་རྒྱས་པར། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །འདི་ནི་ཤིན་ཏུ་ཟབ་པའོ། །བརྟག་པ་དང་ཡང་བྲལ་བའོ། །ཐུན་མོང་མ་ཡིན་པར་རིག་པར་བྱའོ། །སྐལ་ལྡན་རྣམས་ལ་རྒྱས་པར་བཤད་པར་བགྱིས། །ཉོན་ཅིག་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་འདི་ནི། གཏན་ཚིགས་གསུམ་སྟེ། ཡེ་ནས་ཟུག་རྔུ་མེད་པས་འཇམ་པའི་ངང་དང་། ཡེ་ནས་ཡིན་པའི་རང་བཞིན་ཅན། གཉིས་སུ་མེད་པའི་བདག་ཉིད་ཆེན་པོའོ། །དེ་ལྟ་བུའི་དོན་དེ་ནི། རྣམ་པ་ཅིར་ཡང་གསལ་བའོ། །མཚན་ཉིད་ཐམས་ཅད་བྲལ་བའོ། །རང་བཞིན་ཀུན་གྱི་དངོས་གཞི་སྟེ། །ཡིད་བཞིན་ནོར་བུ་ལྟར་སྣང་བ། །འདི་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ། རྟོགས་པའི་ཡུལ་དང་བྲལ་བའོ། །འདི་ནི་རྒྱུ་རྐྱེན་དང་བྲལ་བ་སྟེ། རང་བྱུང་ཡེ་ཤེས་སོ། །ཐམས་ཅད་སེམས་སུ་མཉམ་པ་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འདི་ནི་མཚན་ཉིད་ཀྱི་མ་འདྲེས་པར་གསལ་བ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟ་བས་ན་གང་ཡང་བླང་དོར་མེད་པའོ། །ཡེངས་པ་མེད་པའི་དོན་དུ་གསལ་བར་བྱའོ། །ངང་གིས་གནས་པར་བྱའོ། །དེ་ལྟ་བུ་དོན་དེ་ལས་ཐམས་ཅད་འབྱུང་བར་སྨྲ་སྟེ། འདི་ནི་རིན་པོ་ཆེ་ལྟ་བུའོ། །ས་གཞི་ཆེན་པོ་ལྟ་བུའོ། །གླང་པོ་ལྷ་བུའོ། །འབྱུང་བ་རླུད་ལྷ་བུའོ། །མེ་ལྷ་བུའོ། །མཚོན་ཆེན་འཁོར་ལོ་ལྷ་བུའོ། །རལ་གྲི་ལྟ་བུའོ། །སྨན་སྡོང་དང་།༄༅ བུམ་པ་ལྟ་བུའོ། །དབང་ཕྱུག་ཆེན་པོ་ལྟ་བུའོ། །འདི་ནི་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱེད་པ་པོར་རྒྱལ་བ་ཉིད་ཀྱིས་གསུངས་སོ། །འདི་ནི་མཆོག་ཡིན་ཏེ། ལྟ་བ་འདི་ལྟར་གང་གནས་པ་སྐྱེས་བུའམ། རྣལ་འབྱོར་པ་དེ་ནི་སྐལ་པ་བཟང་བ་ཡིན་ཏེ། དེས་ནི་ལས་ཀྱི་རིམ་པ་བརྒྱ་ཕྲག་བརྒྱད། རྩ་བ་གཉིས་སུ་འདུས་པའི་དོན། སྦྱོར་བ་ཉིས་སྟོང་བཅུ་དྲུག་༼རྐ་དཀའ༽བ་མེད་པར་ལེན་པར་གསུངས་སོ ཐེ་ཚོམ་པ་ཡི་སེམས་ཀྱིས་སུ། །དེ་བས་འདི་ལ་ནན་ཐུར་བྱ། །འཁོར་འདུས་པ་ཐམས་ཅད་ཐེ་ཚོམ་ཆོད་ནས་ཡིད་ལ་བློ་ཐག་ཆོད་དེ། བློ་སེམས་སོ། །དེ་ནས་མདངས་ཕྱུང་སྟེ། ཨེ་མ་འཁོར་བ་ཉིད་ན་མྱ་ངན་འདས། །རྒྱུ་གཉིས་འབྲས་བུ་དག་པའི་དོན། །སྲིད་པ་མྱ་ངན་འདས་ཉིད་པས། །བདག་ཞེ་༽གྲོལ་བར་དེང་འགྱུར་རོ། །ཅེས་གསོལ་ནས་དང་བས་མཉན་ཏོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། གླེང་བ་དང་། གསལ་བྱེད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇིགས་བྱེད་རྒྱལ་པོ་གཤིན་རྗེ་གཤེད་ཀྱིས། འཕྲིན་ལས་སྣ་ཚོགས་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱིས་བདག་པོ། ཡ་མན་ལག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་ཏེ། གདུག་པ་ཅན་གྱི་འཁོར་ཚོགས་རྣམས་ཀྱིས། མོས་པའི་དབང་གིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །བདག་༼ཅག༽་འཁོར་ཚོགས་མ་ལུས་ཀུན། །སྣང་སྲིད་འཇིག་རྟེན་ཁམས་འདི་སྲ །སྟོང་གསུམ་མུན་པར་གཏོང་བ་དང་། །འཇིག་རྟེན་མེ་ཡིས་བསྲེག་པ་དང་། །གནམ་ལྕགས་ལྕེ་ཡང་འབེབས་པ་དང་། །སྙོ་འབོག་ཡམས་དང་སྲོག་གཅོད་གིང་ཡང་བྱེད། །འཚེ་རིམས་མི་བཟད་གཏོང་བའི་ནད་བདག་སྣ་ཚོགས་དག །དཔའ་བོའི་འཁོར་དུ་འདུས་པ་ཀུན། །ཡེ་ཤེས་ཆེན་པོ་ཁྱོད་ཀྱིས་གསལ་བར་མཛོད། །ཡེ་ཤེས་ཆེན་པོའི་སྒྲོན་མ་གསལ་བར་བྱས། །བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱིས། །བསྟན་པ་རྒྱ་མཚོ་སྲུང་བར་དམ་བཅས་པསབདག་ཅག་འཁོར་ཛོགས་ཐམས་ཅད་ཀྱི། །སྲོག་གི་རྩ་བའི་དམ་པ་འདི། །འཇིགས་བྱེད་ཆེན་པོས་བཞེས་སུ་གསོལ། །དཀྱིལ་འཁོར་ཆེན་པོས་བཤད་དུ་གསོལ། །ཅེས་གླེངས་སོ། །སྡེ་བརྒྱད་སོ་སོ་རང་རང་གི་སྙིང་པོ་ཕུལ་ཏེ། འཇིགས་བྱེད་ཆེན་པོས་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་དེ། རྔམ་པའི་མདངས་ཀྱིས་སེང་གེའི་ལྟ་སྟངས་སུ་བཞུགས་སོ། །དེའི་དང་པོ་ལས་ཀྱི་གཤེད་བཞིས། རྒྱུ་མ་ནོར་རྩ་བའི་སྔགས་ཕུལ་ཏེལྭལྭ་ཡུ་ཡུ། ས་མ་ཡ་སྟོམ་ཞེས་པའོ། །མ་མ་རག་མོ་རག་མོ། ཏྲག་རསྒ་ཁ་མུན་ཏྲ་སྙིང་ཁ། རག་མ་རག་མོ་སརྦ་རག་མོ་ཏི་ཀུམ་མ་ཛུ་ཛུ། ཁ་ལ་མ་ཏི་མ་སྨྱོ་སྨྱོ། ས་མ་ཡ་སྟོམ་མ་མ་ར་ཙ་ལ་ར༷། དྲི་ཀྲོ་ཏི་ཤོ་རི་ཛ་ལ་རམཡ་ཀྲེ་་ག་ཤ་ཛ་ལ་རམ་ཧྭ༷། ར་རག་མོ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ། ཨོ་རསྒ་ཛ་ལ་རམ་པ་ཡ་ཧུ༷། ན་ཀྲ་མོ་ཀྲོ་ཏི་ཤྭ་རི་ཛ་ལ་རམཔ་ཧཱུཾ། ཨོ་ཏྲ༷་་གཔོ་ཛ་ལ་རམ་པ་ཧཱུཾ༷། ཙིསྟ་རོ་ལ་ཛ་ལརམཔ་ཧྭ༷། ཨོ་རསྒམ་སྙིང་རྩ་ལརམ་པ་ཧུ༷། ཨོ་ན་ཙི་ར་ཙུ་རུ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧུ༷། ཨོ་་ག་ཤ་ནི་ཛ་ལ་རམ་པ་ཡ་ཧྭ༷་། ཨོ་སྒག་མོ་རསྒ་ཀྲོཏིཤྭ་རི་ཧུ༷། ཨོམཉུཤིནགཔོཏྲ་སྒག་རགཤིན་ཡཧུ༷། ཨོནག་མོ་རསྒ་ཀྲོ་ཏིཤྭ་རིནིཧཱུཾ། ཨོམསྣྲུཤིབཛྲམ་རོ་ཏྲ་་ག་ཤཛ་ལ་རམ་པ་ཡ་ཧུ༷། ནག་ཤི་ཏི་ཤི་རི་ཛ་ལ་རམ་པ་ཡ་ཧུ༷། ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས་ཕུལ་ལོ། །རུ་ཏྲ་པ་ཏྲ་མུ་ཁྲག་བཱ་རྭ་ཁྲག་ཙེ་ཏེ་པོར་པ་དུན། ཧབ་གྲྭཧྭ། སམ་ཡ་ཨ་བི་ཤུ་ར་ཙ་རསྒཚལཔཡ་ནི། ཏྲི་མ་ར་ཡུ་ཨང་ཀུ་ཤ་ཛུ་ཛུ། ཨོ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛ་ལ་ཡ་ཏ་གྲྭ་ཧྭ། ཨོ་ཏྲི་ཤ་དུ་རག་ར༷་གར་ཙིསྟཏྲ་མ་མ་ཡ༷་ཛ། གྲམ་ཧྲི་ཧྲིཡོ་ཀི་ནི་ཤ་ལཛ་ཛ། མ་མ་སྙིངཁ་རག་སྙིང་ཁ་རག་མ་མ། རསྒམ་མ་རསྒ། རག་མོ་སྙིང་ལ་ཐུན་ཐུན། སྙིང་ལ་ཐུན་ཛ་ཛ། སྙིང་ལ་ཛ། རུ་ལུ་རུ་ལུ་ཛ། རཙ་མ་ཡ་ཛ་༷ཧཱུཾ་༷ཧུ༷། ཛ་ར་ལི་པྲ་མམི་ཧུ༷ ཕཊ་ཕཊ་སྭཧྭ། ཏྲི་ཏྲི་རཙ་པ་ལ་༼ཨ་༽ཞུགམེ་གྲྭཧྭ། མཧུ༷ མགཤ་སུརི་ཙོ་ཏོརརཧུ་ར་མ་ཏྲིགཔེཙིལམ་ཁུགཡག་ཤ་ཐང་ཐང་མེ་ཡང་གྲྭཧྭ། ན་ག་རཙ་མཧྭཀ་ལཏོ་པ་ཙ་ས་ཁ་ས་ཁ་ཤུ་དུ་རྒྱུཧུཛ་ཛ། ན་ག་ར་ཙ་ཛ་ཛ། ཨོ་མཧྭ་ས་མ་ཡ་ཛ་ཛ། ཨོ་རསྒ་མ་སྙིང་ཁ་རགཛ་ཛ། ཨོ་རགམོ་རསྒ་ཁརགཛཛ། ཨོ་རག་མོ་རསྒཛཛ། དེ་དག་ལ་སོགས་ཏེ་འཇིག་རྟེན་གྱི་ཁམས་ན། དབང་བསྒྱུར་བའི་སྡེ་བརྒྱད། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་དང་། ཤ་ཟ་འབྱུང་པོ་གྲུལ་བུམ་དང་། །སྲུལ་པོ་དང་ནི་ལུས་སྲུལ་པོ། །སྐེམ་བྱེད་དང་ནི་བརྗེད་ཁྱེད་༽དང་། །སྙོ་བྱེད་དང་ནི་གྲིབ་གནོན་དང་། །གནོན་པོ་དང་ནི་ནམ་གྲུ་དང་། །དེ་དག་ལ་སོགས་ཏེ། སྲོག་བདུད་དང་། རུས་འཆའ་སྲིན་པོ་དང་། རྨུགས་པ་རྨུགས་དང་སྨྱོ་འབོག་རྒྱལ་པོ་དང་། ཁྲག་འཐུང་མོའི་ཚོགས་དང་། སྨྱོ་འབོག་རྒྱལ་པོའི་ཚོགས་དང་། གཟེར་ཐབས་བཙན་གྱི་ཛོགས་དང་། སྲོག་གཅོད་གིང་གི་ཚོགས་དང་། བསམ་མི་ཁྱབ་པ་བཀའ་ཉན་ཟེར་ཅིང་། སྲོག་སྙིང་ཕུལ་ལོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོ་གཤེད་པོ་དེས། ཞལ་འབར་བའི་ཚུལ་གྱིས་ཡེ་ཤེས་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ། ཁྲག་འཐུང་ཆེན་པོ་འཇིགས་པའི་སྐུ། །དམ་པ་རྣམས་ལ་ཕན་བྱའི་ཕྱིར། །ཞིང་བཅུ་སྲེག་པའི་ཉི་མའི་ཚུལ། །དུས་གསུམ་གཅོད་པའི་འཁོར་ལོ་འདི། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །འདུས་པའི་ཚོགས་། འཇམ་དཔལ་ཐུགས་ཀྱི་སྙིང་པོ་འདི། །སྙིང་པོའི་ཡེ་ཤེས་དབུས་ཉིད་་༷ས་ད་ངས༽། །གསལ་བས་ཡེ་ཤེས་བཞི་ལྡན་སྟེ། ཁམས་གསུམ་སྲེག་པའི་ཉི་མ་ཡིན། །དུག་གསུམ་གཅོད་པའི་འཁོར་ལོའོ། །དེ་ཉིད་དོན་དུ་རྗེས་གྲུབ་ལས། །འཇམ་དཔལ་ཐུགས་ཀྱི་འོད་ཟེར་འདི། །སྤྲུལ་པ་རང་འབྱུང་དངོས་ཤར་བ། །དུས་གསུམ་རྒྱལ་བའི་བཀའ་བརྒྱུད་པ། །སྙིང་པོ་ཐོགས་པའི་འཕྲུལ་མིག་འདི། །བརྒྱད་སྤངས་བཅུ་ཐུབ་གསུམ་རིག་ཅིང་། །སྙིང་པོ་དོན་ལྡན་མངོན་མིན་པ། །འཇམ་པས་སྤངས་པ་རྒྱ་ཆེ་ཞིང་། ཁམས་གསུམ་རྨི་ལམ་ལྟར་ཤེས་པ། །བསྟན་པའི་ཡ་བློ་འཁོར་སྲིད་ཅན། །བླ་མེད་བདུད་རྩི་རྗེས་སྒྲུབ་པའི། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་པའི། །དེ་འདིའི་བུ་ཡི་ལས་མ་རྟོགས། ཁ་བློ་མིང་ཙམ་བརྗོད་པ་མིན། །ཅེས་བཀའ་བསྩལ་ཏོ། །དེ་ནས་འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ནག་པོ་གཤེད་ཀྱི་གནས་རྣམས་ནི། །ཟུར་བརྒྱད་མུ་ཁྱུད་ཆུང་འཁོར་ཅན། །དམ་རིང་སྲིན་བྲག་རྡོ། །དགུ་འདུས་རྩེ་དང་ཆུའི་མདོ་གླིང་། །ཤིན་ཏུ་དབེན་པའི་དུར་ཁྲོད་དམ། །དེ་ལ་སོགས་ཏེ་བདེ་བའི་གནས་བཙལ་ཏེ། །གཞུང་དང་མཐུན་པའི་གནས་དག་ཏུ། །གནས་ཀྱི་འཁོར་ལོ་བརྩམ་པར་བྱ། །ས་ཆོག་ཚོགས་བཅད་སྡིག་སྦྱངས་ལ། །ཆག་ཆག་ཐིག་གདབ་འོག་མ་ཡང་། །དཀྱིལ་འཁོར་ཐིག་ཞེ་གིཀྲུ་གསུམ་ལ། །ཟླ་གམ་གསུམ་དང་ལྡན་པར་བྲི། །ཐོད་ཕྲེང་དང་ནི་མེ་རི་འབར། །ཅེས་བཀའ་བསྩལ་ཏོ། །ཡང་ཆ་མཉམ་ཐིག་བཞི་རྒྱ་གྲམ་གདབ། །ལེ་ཚེ་དགུ་ལྡན་མུ་ཁྱུད་ལྡན། །མུ་ཁྱུད་འགྲམ་བཞི་ལྡན་པ་ལ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ལྡན། །ཕྱི་རིམ་བར་ཁྱམས་སྒོ་་ད་བཅས། །བར་ཁྱམས་སྒོ་ཁྱུད་བཞི་དང་ལྡན། །ཕྱི་རིམ་ཡི་དྭགས་གཟུགས་བརྙན་བདོག །གཞན་གྱི་འདོད་པས་དེ་ཡང་བསྟན། །ཅེས་བཀའ་བསྩལ་ཏོ། །གཅོད་པ་སྔགས་ཀྱི་འཁོར་ལོ་ནི། །དབུས་ན་གྲུ་གསུམ་རྩིབས་བཞི་པ། །འཕྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རིམ་འཁོར་ལོ་བཅུ་གཉིས་ལ། །འཕྲུལ་མིག་དྲག་པོ་བཅུ་གཉིས་པ། །དེ་དག་རྗེས་སུ་དགོད་པར་བྱ། །ཕྱི་རིམ་འཁོར་ལོ་བཅུ་གཉིས་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། །དགོད་པ་གནས་མཐུན་ལྟོ་སྦྱོར་དགོད། །ཡང་ལོགས་འཁོར་ལོ་རྩིབས་བཞི་པ། །གཅོད་ཅིང་གནན་པའི་དྲག་སྔགས་དགོད། །འཁོར་ལོ་རྩིབས་ཆེན་སུམ་ཅུ་དྲུག །སྔགས་ནི་མེད་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱི། །ཞིང་བཅུ་མ་ལུས་གཏན་ནས་བསྲེགས། །ཞེས་བཀའ་བསྩལ་ཏོ། །དེ་ནས་ལྷ་དགོད་པ་བསྟན་པའི་ཕྱིར། འཇིགས་བྱེད་ཆེན་པོ་བཀའ་བསྩལ་པ། །འཇིགས་བྱེད་ཆེན་པོ་གཤིན རྗེ་གཤེད། །སྐུ་ཡི་གཟུགས་བརྙན་གཟུགས་སུ་གསོལ། །གཡས་སུ་སྒྱེད་མོ་རལ་ཅིག་མ། །གཡོན་དུ་ཟ་བྱེད་པེ་ཏ་ལི། །གཡས་གཡོན་གཉིས་ཀྱི་ཟླ་གམ་ལ། །སྐུ་ཡི་སྙིང་པོ་གཟུགས་བརྙན་དགོད་པར་བྱ། །ཡང་སྙིང་པོ་ནི་བྲི་བར་བྱ། །བྱང་གི་ཕྱོགས་ཀྱི་ཟླ་གམ་སྟེང་། །སྙིང་པོ་འཇིགས་བྱེད་ཡ་མ་ར་ཙ་ཡི། །སྐུར་བསྒོམས་མཚོན་པུར་སོར་གསུམ་གཟུགས། །ཅེས་བཀའ་བསྩལ་ཏོ། །ཡང་གསུངས་པ། མོས་པའི་དབང་གིས་དགོད་པ་ནི། །ཐར་མཛད་དབུས་སུ་ཡབ་ཡུམ་དགོད། །སྲོག་གི་སྙིང་པོ་ཀྟསྟི། །ཡབ་ཡུམ་མུ་ཁྱུད་དང་པོར་དགོད། །གཉིས་ལ་ཕྱོགས་ཤཱསྐྱོང་༽ཡབ་ཡུམ་སྟེ། །བར་གཅོད་གཤེད་ཀྱི་བདུད་རྣམས་དང་། །གོང་ནས་འདུས་པའི་ཚུལ་དུ་བྱ། །སྒོ་ཡིའཁོར་ལོར་བརྟན་མ་དགོད། །དེ་བཞིན་གནས་ཀྱི་འཁོར་ལོ་ལ། །བརྟེན་པའི་ལྷ་ཡི་འཁོར་ལོ་བསྟན། །ཡེ་ཤེས་བྱིན་བརླབ་སྟོབས་ལྡན་བྱ། །རྗེས་སུ་མཐུན་པའི་ཆོ་ག་བསྟན། །སྐད་ཅིག་སྔགས་དང་འོད་ལ་གསལ།།དེ་ནི་གནས་བཞིའི་འཁོར་ལོའོ། །ཅེས་གསུངས་སོ། །དེ་ལ་རྐྱེན་གྱི་ཡན་ལག་ནི། །གཞུང་དང་མཐུན་པའི་བདེ་གནས་སུ། །རྟེན་རྫས་གཉིས་དང་མཐུན་རྫས་དང་། །མཆོད་རྫས་ལིང་ཀའི་རྫས་ལ་སོགས། །བརྣག་པ་མཐུན་གྱི་རྫས་རྣམས་གསོལ། །ཅེས་གསུངས་སོ། །དེ་ནས་ཡང་འཁོར་དང་པོས་འདི་སྐད་ཅེས་ཞུས་སོ། །འཁོར་ལོ་མཚོན་ཆེན་འབར་བའི་རྒྱུ་དང་རྐྱེན་དང་མཚོན་དང་ནི། །སྲད་བུ་རབ་གནས་གང་ལགས་པ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །དུར་ཁྲོད་གནས་སུ་དཔའ་བོ་ཡི། །ཀ་ལིང་ཀ་བ་མ་ནི་ཏོག །གོས་སུ་བཅད་པའི་རྒྱུ་བླངས་ལ། །ཐོད་པའི་སྙིང་པོའི་བཅུད་བསྡུ་བྱ། །དེ་ལ་གཅོད་པའི་འཁོར་ལོ་བྲི། །དུར་ཁྲོད་གོས་ལ་བམ་ཆེན་ཁྲག་གིས་བྱུག །སྨེ་བ་ལྔ་ཡི་ཐང་བ་ནི། །རང་བསྡུ་བའི་ཐ་མར་བརྒྱང་ཐག་བཅད་དེ། །མཆོག་ཕྲན་རྐང་གིས་ཕྱིར་བྱས་ཏེ། །བམ་ཆེན་དོན་གྱི་ཁྲག་རྣམས་ཀྱིས། །རྗེས་སུ་མཐུན་པའི་འཁོར་ལོ་བྲི། །ཞེས་གསུངས་སོ། །བམ་ཆེན་ཤར་རོ་དུར་ཁྲོད་ཧ། །ཐག་པས་སྲད་བུ་ལེགས་བྱས་སྟེ། །སྙོམས་པའི་ཚད་ལྡན་ཐིག་གདབ་བྱ། །ནི་རང་སུ་དང་མ༷་སར་སྦྱར། །ཚོན་གསུམ་ཁ་དོག་མེད་པར་འགྱུར། །རུས་པ་དུ་བས་བསྡུ་བ་ནི། །འགྱུར་བ་མེད་པའི་མཚོན་དུ་བྱ། །འདུས་པའི་མཚོན་ནི་རཀྟ་འོང་། །ཡེ་ཤེས་བྱིན་བརླབས་ལྡན་པའི་ཕྱིར། །ངེས་པར་དང་དུ་བླང་བར་བྱ། །ཅེས་གསུངས་སོ། །དེ་ནས་ཡང་གསུངས་པ། ཕྱག་རྒྱ་གསལ་བའི་རྣལ་འབྱོར་པས། །མེ་འབར་སྔགས་ནི་འོད་ཟེར་གྱིས། །འཇོམས་བྱེད་ཡ་མའི་ཞིང་ཁམས་ནས། །འབར་དུ་གི་དུམ་བུ་བསྡུ། །མེ་འབར་ནག་པོ་འབྲུ་ལ་བསྡུ། །སྣ་ཚོགས་དག་གི་ཁུ་བ་ཡིས། །འཁོར་ལོའི་རྣམ་པ་ངར་གླུད་བྱ། །མྱོས་པའི་རྫས་ལ་དེ་བཞིན་ནོ། །ཅེས་གསུངས་སོ། །དེ་ནས་ཏིང་འཛིན་རྣམ་གསུམ་གྱིས། །སྙིང་པོ་སྔགས་ཀྱིས་ཡབ་ཡུམ་བསྐྱེད། །རང་བཞིན་གནས་ནས་སྤྱན་དྲངས་ནས། །གཉིས་སུ་མེད་པར་བསྟིམ་པར་བྱ། །བསྟོད་ཅིང་མཆོད་པ་ཕུལ་ནས་ནི། །ཇི་ལྟར་འདོད་པའི་འཕྲིན་ལས་བཅོལ། །ཉི་ཤུ་གསུམ་ནས་དྲུག་ཏུ་ནི། །བཞི་ཡི་བར་དུ་བསྙེན་པར་བྱ། །ཐོ་རངས་དགོང་ཀ་གཏོར་མ་བཏང་། །ཞེས་གསུངས་སོ། །ལྷོ་ཕྱོགས་ཁ་ལྟས་མདུན་དུ་ནི། ཁུ་གསུམ་རྩེ་མོ་ལྷོ་རུ་བསྟན། །ཞབས་དང་གྱེན་དུ་ཕྱེད་དུ་བཤད། །ཐོད་པར་བཅུག་སྟེ་སྔགས་ཀྱིས་དྲན། །ཐེ་ཚོམ་མེད་པར་ལས་རྣམས་འགྲུབ། །ཅེས་གསུངས་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི། །སྔགས་པ་ཆས་གོས་ནག་པོ་གོན། ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ། །ལྷོ་ཡི་ཕྱོགས་སུ་ཁ་ལྟས་ནས། །ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། ཁྲག་འཐུང་དཀྱིལ་འཁོར་རིམ་བཞིན་བསྐྱེད། །སྦྱན་དྲངས་མཆོད་པ་ལ་སོགས་བྱ། །གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་ལས། གནས་བཞིའི་འཁོར་ལོ་དང་། དྲག་པོ་གནད་ཀྱི་འཁོར་ལོ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལཔོགཤིན་རྗེ་གཤེད་པོ་དེས། འབར་བ་འོད་ཟེར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་དང་པོ་ལ་བོས་ཏེ། འདི་སྐད་ཅེས་བཀའ་བསྩལ་ཏོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །འདུས་པའི་འཁོར་ཚོགས་མོས་པས་ཉོན། །འོད་ཟེར་འཕྲོ་བའི་གསང་སྔགས་འདི། །ཐུན་མོང་མ་ཡིན་བསྔགས་པ་སྟེ། །འགྱུར་བ་མེད་པས་ནག་པོའོ། །གཉིས་ཀར་འགྲུབ་པས་ཚད་མར་བཤད། །ཕྲེང་བའི་སྦྱོར་བ་བསྟན་པ་ནི། །འདི་དག་ཉིད་དེ་རིམ་པ་ནི། །འདི་སྐད་ཅེས་ཞེ་༽བཀའ་བསྩལ་ཏོ། །གཉིས་འཛིན་ཐུན་མོང་མཆོ༷ག་གནས་སྟེ། ཁ་གནོན་འཕེན་༷པ་སྦྱོར་བ་གསུམ། །དམ་པར་སྦྱར་བ་འདི་དག་སྟེ། །ཨོ་ཀི་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་བརྫི་ཧུ༷་ཕཊ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏེ་ཀ་ལ་རུ་པ་༼བ་བྷ༽ག་ནི་ཧུ༷། ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཨཱོཾ་ཧྲི་སྟི་བི་ཀི་ཏ་ན་ན་ཧུ༷་ཕཊ། ཨཱོཾ་ཀམ་ས་མ་མསྡི་ཤི་མ་ར་ཡ་ཙ། ཡ་མརྙ་ཀ་སུ་སོ་སྟེ་ཡ་མ་མ་ཨེ་ཀ་ཛུ་ཏི་ཛ་ཛ་ཛམ་མ་རཀ་མོ་རག་མོ། ཏྲི་ཁེག་རསྒ་མུ་ཏྲ་ཁ་མུན་ཏྲི་སྙིང་ཁ་རག་མ། མ་མ་རག་མོ་རག་མོ། སརྦ་རག་མོ་ཏེ་ཀུན་ཛ་ཛ་ཛ། ཁ་ལ་མ་ཏི་ཡ་མ་ཡིསྨོ་བྱོ་སྦྱོགོ། ཨོ་མ་ར་ཙ། ས་ཏོ་ཡ་མེ་ཡ་ཧུ༷་ཕཊ། ཨོ་མེ་ཏོ། རུ་ན་ཡ་ཧུ༷་ཕཊ།ཨོ་ཡ་ཏ་ཡོ་ནི། ར་ཡསྟེ་ཡ་ཧུ༷་ཕཊ། ཨོ་ཡཀྟ་ཙི་ཙི་ན། ར་མ་ཡ་རྒྱུ༷་ཕཊ། དྷ་ཧྭ༷་ས་མ་ཡ་མུ་བཱ་མྱ། ཡ་ཡ་བག་ཀ་ཡ་ཙིསྟ་རཏྣ་ཀ་ར་མ། སི་ཏི་ཧུ༷་བཛྲ་ཨ༷་སྟུ་ཤ་ཛ་ཛ། ཨོ་ཧཱུཾ་ཕཊ་གྲྭ་ཧྭ། ཨོ་ཡ་ཡ་ཡ་མྱ་བཱ་མྱ་ནཱ་སྨྱོ་སྨྱོ། ཡ་ཡ་ལོ་ནི་ཙ་ན་ཏ་མ་ལ་སྨྱོ་སྨྱོ། ཨ་མུ་ཀ་སྙིང་ཁམས་སྨྱོ་སྨྱོ། ཨོ་ཡ་མ་ར་ཙ། ས་ཏོ་་མེ་ཡ། ཨོ་མ་རུ་ཙ་ས་ཏོ་མེ་ཡ་ཡུ། ཨོ་ར་ཙ་ས་ཏོ་མེ་ཡང་ཡ་མ། ཨོ་ཙ་ས་ཏོ་མེ་ཡ་མ་ར་ཡ། ཨོ་ས་ཏོ་མེ་ཡ་མ་ར་ཙ་ཡ། ཨོ་ཏོ་མ་ཡེ་མ་ར་ཙ་ས་སྭ། ཨོ་མེ་ཡ་མ་ར་ཙ་ས་ཏོ་ཡ། ཨོ་ཡ་མེ་དོ་རུ་ན། ཡོ་ཏ་ཡ་ཡུ། ཨོ་ཏོ་རུ་ན། ཡོ་ཏ་ཡ་མེ་ཡ། ཨོ་རུ་ན་ཡོ་ཏ་ཡ་མེ་ཏོ་ཡ། ཨོ་ན་ཡོ་ཏ་ཡ་མེ། ཏོ་རུ་ཡ། ཨོ་ཡོ་ཏ་ཡ་མེ་ཏོ་རུ་ན་ཡ། ཨོ་ཏ་ཡ་མེ་ཏོ་རུ་ན་ཡོ་ཡ། ཨོ་ཡ་ཏ་ཡོ་ན་ར་ཡ་སྟེ་ཡ། ཨོ་ཏ་ཡོ་ནི་ར་ཡ་སྟེ་ཡ་ཏ་ཡ། ཨཱོཾ་ནི་རང་ཡཀྟ་ཡ་ཏ་ནི་ཡ། ཨོ་ར་ཡ་སྣེ་ཡ་ཏ་ཡོ་ནི་ཡ། ཨོ༷་ཡ་སྟེ་ཡ་ཏ་ཡོ་ནི་ར་ཡུ། ཨོ་སྟེ་ཡ་ཏ་ཡོ་ནི་ར་ཡ་ཧུ༷་ཕཊ། ཨོ་ཡ་སྟེ་ཡ་ཛ་ནི་ར་མྱ། ཨོ༷་སྟེ་ཡ་ཏ་ཡོ་ནི་ར་ཡ་ཧུ༷་ཕཊ། ཨོ་ཡ་ཁྲེ་ཡ་ཛ་ནི་ར་མ་ཡ། ཨོ་སྟེ་ཡ་ཛ་ནི་མ་ར་ཡུ་ཡུ། ཨོ་ཡ་ཛ་ནི་ར་མ་ཡ་སྟེ་ཡ། ཨོ་ཛ་ནི་ར་མ་ཡ་སྟེ་ཡ་ལྭ། ཨོ་ནི་མ་ར་ཡ་སྟེ་ཡ་ཛ་ཡ། ཨོ༷་ར་མ་ཡ་ཛ་ཡ་ཛ་ཡ་ནི་ཡ། ཨོ་ཡ་ཡཀྟ་ཡ་ཛ་ནི་ར་ཡ། ཨོ༷་ཡ་མ་མེ་ཏ་སྟེ་ཡ་ཧུ༷་ཕཊ། ཨོ་མ་མེ་ཏ་སྟེ་ར་ཙ་ས་ཏོ་རུ་ན། ཡོ་ནི་ར་ཡ་ཛ་ནི་ཡ་ཧུ༷་ཕཊ། ཨོ་ཡ་མེ་ཏ་ཁྲེ་ཡ་ས་མ་ཡ་བཛྲ་ཧུ༷། ར་ཙ་ས་ཏོ། ཧུ༷་ཡ་མ་ས་མ་ཡ་ཀ་ཡ་བཛྲ་ཧུ༷། ཛ་ཛ། ཨོ་རུ་ན་ཡོ་ནི་ཧུ༷་ཡ་མ་ས་མ་ཡ་བཛྲ་ཧུ༷་ཛ་ཛ། ཨོ༷་ར་ཡ་ཛ་ནི་ཧུ༷་ཡ་མ་ས་མ་ཡ་ཀ་ཡ་བཛྲ་ཧུ༷་ཛ་ཛ། ཞེས་གསུངས་སོ། །བཀའ་བསྩལ་པ། དེ་ནི་ཚད་མའི་ཡེ་ཤེས་མཆོག །ཀུན་གྱི་བདག་པོར་གྱུར་པས་ཁ་གནོན་ཏེ། །ཐམས་ཅད་དབང་དུ་བསྡུས་པས་ཐུན་མོང་བསྙེན་པའི་མཆོག །སྒྲ་དབྱངས་སྦྱོར་བས་རབ་བསྐྱེད་ན། །སྣ་ཚོགས་དོན་ཆེན་བསྒྲུབ་པར་ཐེ་ཚོམ་མེད། །བཏུ་དང་དཀྲུག་དང་བསྡེབས་པ་ཡིས། །དོན་གཉིས་བསྟན་ཏེ་བརྗོད་ལས་འདས། །ཞེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གོང་དུ་གསུངས་པའི་དོན་གྱི་མཆོག །མཚོན་ཆེན་འཁོར་ལོ་ལྟ་བུ་འམ། །ཡིད་བཞིན་བུམ་པའི་བདུད་རྩི་ལྟ་བུ་སྲ །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །སྔགས་ཀྱི་ཕྲེང་བའི་འོད་ཟེར་ནི། །ཐམས་ཅད་གཅོད་པའི་འཁོར་ལོ་ཡིན། །ཅི་ཡང་འགྲུབ་པས་ཡིད་བཞིན་མཛོད། །འཚོ་བར་བྱེད་པས་བདུད་རྩི་སྟེ། །སྐྲུ་གྲི་ལྟ་བུ་མཚོན་ཆའི་དོན། །བཤད་ཀྱིས་འདུས་པའི་ཚོགས་༼རྣམས་༽མཉན་པར་བྱོས། །ཞེས་བཀའ་བསྩལ་ཏོ། །དམ་རི་སྲི་བྲག་ཁྲག་གི་མཆི་རིས་ཅན། །སྐྱེ་བོ་མེད་པའི་ནགས་ཚལ་དུ། །བར་ཆད་རྣམ་གསུམ་རྫས་བསགས་ལ། །སེང་གེ་ལྟ་བུའི་འདུ་ཤེས་ཀྱིས། །གཅིག་པུར་གནས་ཏེ་བརླབ་པ་ནི། །མེ་ལྕེའི་ཕྲེང་བ་ལྟ་བུའོ། །ཡ་མ་ར་ཙ་ས་ཏོ་མེ་ཡ། དགྲ་་་་ ཨ་མུ་ཀམ་པྲ་མ་ཧུ༷་ཕཊ། ༼ཡ༽་ མ་ར་ཙ་ས་ཏོ། མེ་ཡ་དགྲ་བོ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ར་ཙ་ས་ཏོ། མེ་ཡ་མ་ར་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཏཱ༷་ཕཊ། ཙ་ས་ཏོ་མེ་ཡ་མ་ར་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཏཱ༷་ཕཊ། ས་ཏོ་མེ་མ་ར་ཆེ་གེ་མོ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཏོ་མེ་ཡ་མ་ར་ཙ་ས་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཧུ༷་ཕཊ། མེ་ཡ་མ་ར་ཙ་ས་ཏོ་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཨ་མུ་ཀམ་རཀྟ་༼ཚ་ཙཀེར་ཡ་ཧཱུཾ༷་ཕཊ། ཏོ་རུ་ན་ཡོ་ཏ་ཡ་མེ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། རུ་ན་ཡོ་ཏ་ཡ་མེ་ཏོ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ན་མོ་ཏྲ་ཡ་མེ་ཏོ་རུ་ཨ་་རྩོ་མུ༽ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡོ་ཏ་ཡ་མེ་ཏོ་རུ་ན།ཨ་མུ་ཀམ་རཀྟ་ཙ་ར་ཡ་ཏ་ཡ་མེ་ཏོ་རུ་ན་ཡོ་ཨ་མུ་ཀམ་ར་ཏ་ཙ་ར་ཧུ༷་ཕཊ། ཡ་ཏོ་མི་ནི་ར་ཡ་སྙེ་ཡ་༼ཨ་༽པུ་ཀམ་མུར་ཙ་པ་ཡ་ཏཱ༷་ཕཊ། ཏ་ཡོ་ན་ར་ཡ་སྒེ་ཡ་ཨ་མུ་ཀམ་པ་ཡ་ཏཱ༷་ཕཊ། ནི་ར་ཡ་སྒེ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ར་ཡ་སྟེ་ཡ་ཏ་ཡོ་ནི་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ༷་ཕཊ། ཡ་ཀྟ་ཡ་ཏ་ཡོནི་ར་ཡ་ཨ་མུ་ཀམ་ཙ་པ་ཡ་ཧུ༷་ཕཊ། ཡ་སྟེ་ཡ་ཏ་ཡོནི་ ་ར་མ་མུ་ཀ་ཨ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། སྣེ་ཡོ་ཏི་ནི་ར་ཡ་ར་ཨ་མུ་ཀམ་མུར་ཙ་ཡ་ཧུ༷་ཕཊ། ཡ་ཁྲེ་ཡ་རྩེ་ནི་ར་མ་ཡ་ཨ་མུ་ཀམ་མུར་ཙ་ཡ་ཧུ༷་ཕཊ། སྟེ་ཡ་ཛ་ནི་ར་མ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཡཙ་ནི་ར་མ་ཡ་ཁྲེ་ཡ་སྟེ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཛ་ནི་ཡ་སྟེ་ཡ་ཨ་མུ་ཀམ་མར་ཡ་ཧུ༷་ཕཊ། ནི་མ་ར་ཡ་སྟེ་ཡ་ཛ་ཨ་མུ་ཀམ་མུར་ཙ་ཡ་ཧུ༷་ཕཊ། ར་མ་མ་སྟེ་ཡ་ཛ་ནི་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། མ་ཡ་སྟེ་ཡ་ཛ་ནི་ར་ཆེ་གེ་མོ་མ་ར་ཡ་འཏཱ༷ ཕསྐྱི། ཡ་མ་ར་ནི་ཛ་ཡ་སྣེ་ཡ་ཨ་མུ་ཀམཔྲ་མ་ཡ་ཧུ༷ ཕཊ། མ་ར་ནི་ཛ་ཡ་ཨ་མུ་ཀམ་པྲ་མའ་ཡ་ཧུ༷་ཕཊ། ར་ནི་ཛ་ཡ་སྟེ་ཡ་མ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ནི་ཛཡ་སྟེ་ར་མ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཛ་ཡ་སྟེ་ཡ་མ་རནི་ ། ཨ་མུ་ཀམ་མ་རཡ་ཧུ༷་ཕཊ། ཡ་ཁྲེ་ཡ་མ་ར་ནི་ཛ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ།སྟེཡ་མ་ར་ནི་ཛ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡསྟེ་ཡ་ར་ནི་ཡོ་ཏ་ཡ་ཨ་མུ་ཀམ་རཀྟ་ཙ་རཡ་ཧུ༷་ཕཊ། ཁྲེ་ཡ་ར་ནི་ཡོ་ཏ་ཡ་ཨ་མུ་ཀམ་རཀྟཙ་ར་ཡ་ཧཱུཾ༷་ཕཊ། ཡར་ནིཡོཏ་ཡསྟེ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧྲུ༷་ཕཊ། རི་ན་ཡོ་ཏ་ཡསྟེ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧྭ༷་ཕཊ། ནི་ཡོ་་ཏ་ཡ་སྟེ་ཡ་ར་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཡོ་ཏ་ཡ་སྟེ་ཡ་ར་ནི་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཏ་ཡ་སྟེ་ཡ་ར་ནི་ཡོ་ཆེ་གེ་མོ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ།ཡ་ཏ་ཡོ་ན་རུ་ཏོ་མེ་ཨ་མུ་ཀམ་ཙ་ར་ཡ་ཧཱུཾ་ཕཊ། ཏ་ཡོ་ནི་རུ་ཏོ་མེ་ཡ་ཨ་མུ་ཀམ་མུར་ཙ་ཡ་ཧུ༷་ཕཊ། ཡོ་ན་རུ་ཏོ་མེ་ར་ཏ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། ན་རུ་ཏོ་མུ་ཡོ་ཏ་ཡོ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། རུ་ཏོ་མེ་ཡ་ཏ་ཡོ་ན་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། ཏོ་མེ་ཡ་ཏ་ཡོ་ན་རུ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། མེ་ཡ་ཏ་ཡོ་ན་རུ་ཏོ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། ཡ་མེ་ཏོ་ས་ཙ་ར་ཨ་མུ་ཀམ་མུར་ཙ་པ་ཡ་ཧྭ༷་ཕཊ། མེ་ཏོ་ས་ཙ་ར་མ་ཡ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། ཏོ་ས་ཙ་ར་ཡ་མ་མེ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ས་ཙ་ར་ཡ་མ་མེ་ཏོ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཙ་ར་ཡ་མ་མེ་ཏོ་ས་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ར་ཡ་མ་མེ་ཏོ་ས་ཨ་མུ་ཀམ་མ་པ་ཡ་ཧུ༷་ཕཊ། ར་ཡ་མ་མེ་ཏོ་ས་ཙ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཡ་མ་མེ་ཏོ་ས་ཙ་ར་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཕྱི་ནས་དགུ་ཡང་གསུམ་གྱི་དོན། །ཡེ་ཤེས་འོད་ཟེར་དགུག་པའི་མཆོག །ཨ་ཧོ། །ཡ་མ་ར་ཙ་ས་ཏོ་མེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མ་རི་ནི་ཛ་ཡ་ཀྟ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཡ་མེ་ཏོ་ས་ཙ་ར་མ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། སྔགས་ཀྱི་འོད་ཟེར་ཕྱི་ནང་འགུག་ཡང་གསུམ་གྱི་དོན། །ཡེ་ཤེས་འོད་ཟེར་འགུག་པའི་ཚོགས། །ཡ་མར་ཙ་ས་ཏོ་མེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མ་ར་ནི་ཙ་ཡ་ས་སྟེ་ཡ་པྲ་མ་ཡ་ཧུ༷་ཕཊ། ཡ་མེ་ཏོ་ར་ན་ཡོ་ཏ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ།༼སྔའི་སྔག་ཀྱང༽འོད་ཟེར་ཕྱི་ནང་གསུམ། །གསང་བའི་་གོ་ཨུ༽ལི་དོན་ཀྱང་མཚུངས། །སྒྲུབ་པས་པ་ལས་ཀ་ཞེས་བྱ། །ཡ་མ་མེ་ཏ་སྟེ་ར་ཙ་ས་རུ་ན་ཡོ་ནི་ར་ཡ་ཛ་ནི་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མ་ཏ་སྟེ་མ་ཏོ་རུ་ན་ཡོ་ར་ཙ་ནི། ར་ས་ཙ་ཨ་མུ་ཀམ་རཀྟ་ཙ་ར་ནི་ཧུ༷་ཕཊ། ཡ་ཏ་སྟེ་མ་མེ་ཡོ་ནི། ས་ཏོ་ཡོ་རུ་ན་ཨ་མུ་ཀམ་མུ་ར་ཙ་རུ་ཡ་ཧུ༷་ཕཊ། ཡ་སྟེ་མ་མེ་ཏ་ཡ་ཙ་ནི་ར་ཙ་ས་ཏོ་ར་ནུ། ཡོ་ནི་ར་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཡ་མ་མེ་ཏ་སྟེ་ར་ནི་ཛ་ཡ་ར་ནི། ཡོ་ན་རུ་ཏོ་ས་ཙ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་སྟེ་ཏ་མེ་མ་ར་ནི་ཡོ་ན་རུ་ཏོ་ས་ར་ཙེ་ར་ན་ཛ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཡ་ཏ་མེ་སྟེ་ཡོ་ན། རུ་ཏོ་ས་ཙ་ར་ནི་ཛ་ཡ་ར་ནི་ཨ་མུ་ཀམ་མུ་ར་ཙ་པ་ཡ་ཧུ༷་ཕཊ།ཡ་མེ་སྟེ་ཏ་ས་ཙ་ར་ནི་ཛ་ཡ་ར་ནི་ན་རུ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། མེ་ལྕེ་ཕྲེང་བའི་རལ་གྲི་ཡིས། །རྒྱུད་གཅིག་ཤེས་པ་ཀ་ཤི་ཤེས་པ་ཀ་པ་ར། །རྒྱུད་གཉིས་ཤེས་པ་ཐེ་ཚོམ་མེད། །པྲ་མ་ཙ་ཤ་ཅེས་གསུངས་སོ། །ཡ་མ་མེ་ཏ་སྟེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མེ་ཏ་སྟེ་མ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཡ་ཏ་སྟེ་མ་མེ་ཡ་ཨ་མུ་ཀམ་མུར་ཙ་ར་ཡ་ཧུ༷་ཕཊ། ཡ་ཁྲེ་མ་མེ་ཏ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། ཡ་མ་སྟེ་ཏ་མེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧྭ༷་ཕཊ། ཡ་མ་སྟེ་ཏ་མེ་མ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཡ་ཏ་མེ་མ་ལྟོ་ཡ་ཨ་མུ་ཀམ་མུར་ཙ་པ་ཡ་ཧུ༷་ཕཊ། ཡ་མ་མེ་སྟེ་ཏ་ཡ་ཨ་མུ་ཀམ་མ་ར་ཡ་ཧུ༷་ཕཊ། གཤེད་བཞིའི་ཐུགས་ཀྱི་ཕྲེང་བ་ཡིས། །ཕྱག་ན་རྡོ་རྗེ་ད་སྐྲོད་ན། །སྲོག་ཆགས་གཞན་ལ་༼ལྟ་གོཅེ་སྨོས། །ཅེས་བཀའ་བསྩལ་ཏོ། །ཨ་ཧོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཨ་མུ་ཀམ་པྲ་མ་ཡ་ཧུ༷་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧུ༷་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧུ༷་ཕཊ། ར་ཡ་སྟེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཁྲེ་ཡ་ཙ་ཨ་མུ་ཀམ་ཧུ༷་ཕཊ། རི་ན་མ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ༷་ཕཊ། ན་མ་ཏ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཏེ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་སྟེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་སྟེ་ཡ་ཙ་ཨ་མུ་ཀམ་ཧུ༷་ཕཊ། ནི་ར་མ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧུ༷་ཕཊ། ས་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་སྟེ་ཡ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་ལྟོ་ཡ་ཙ་ཨ་མུ་ཀམ་ཧུ༷་ཕཊ། ནི་ར་ཡ་མ་ཨ་མུ་ཀམ་ཧྲུ༷་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧྲུ༷་ཕཊ། ས་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧུ༷་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཨ་ཀྲོ་ཏེ་ཀ་ཡརྙ་ཀ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་སྟེ་ཡ་ཙ་ཨ་མུ་ཀམ་ཧུ༷་ཕཊ། ནི་ར་ཡ་མ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧུ༷་ཕཊ། ས་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ་ཧྭ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧུ༷་ཕཊ། ར་ཡ་སྟེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཆེ་གེ་མོ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མ་ར་ནི་ཨ་མུ་ཀམ་ཧུ༷་ཕཊ། ཙ༷་ཡ་སྟེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཁྲེ་ཡ་ར་ཨ་མུ་ཀམ་ཧུ༷་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧུ༷་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་ས་ཨ་མུ་ཀམ་ཧུ༷་ཕཊ།ར་མ་ཡ་ཨ་མུ་ཀམ་ཧུ༷་ཕཊ། གོ་་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་སྟེ་ཡ་ར་ཙ་ཨ་མུ་ཀ་ཧུ༷་ཕཊ། ནི༷་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ༷་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་ས་ཨ་མུ་ཀམ་ཧུ༷་ཕཊ། ཙ་ར་མ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་ར་མ་ནི་ཨ་མུ་ཀམ་ཧུ༷་ཕཊ། ཙ་ཡ་སྟེ་ཡ་ཨ་མུ་ཀ་ཧུ༷་ཕཊ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཨ་མུ་ཀམ་ཏཱ༷་ཕཊ། ཡེ་ཧ་ཡོ་ནི་ཨ་མུ་ཀམ་ཧྭ༷་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་ཏོ་ས་ཨ་མུ་ཀམ་ཧུ༷་ཕཊ། ར་ཙ་མ་ཡ་ཨ་མུ་ཀམ་ཤཱཧཱུཾ་༽ཕཊ། ཡ་མ་ར་ནི་ཨ་མུ་ཧུ༷་ཕཊ། ཙ་ཡ་སྟེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་སྟེ་ཡ་ར་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཨོ་ཨ་ཀྲོ་ཏེ་ཀ་ཨ་མུ་ཀམ་ཧུ༷་ཕཊ།ཡ་མེ་ཏོ་ས་ཨ་མུ་ཀམ་ཧུ༷་ཕཊ། ཙ་ར་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མ་ར་ནི་ཨ་མུ་ཀམ་ཧུ༷་ཕཊ། ཛ་ཡ་སྟེ་ཡ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་སྟེ་ཡ་ར་ཨ་མུ་ཀམ་ཧུ༷་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧུ༷་ཕཊ།ར་ཏོ་མེ་ཡ་ཨ་མུ་ཀམ་ཧུ༷་ཕཊ། དེས་ནི་སྔགས་ཀྱི་རྒྱལ་པོ་ཐོབ། །ཕྱག་ན་རྡོ་རྗེའི་ཐུགས་ཀྱང་རྨོངས་པར་ནུས། །དུག་གསུམ་ཞབྲུལ་པའི་སེམས་ཅན་ལ་སྨོས་ཅི་དགོས། །ཞེས་བཀའ་བསྩལ་པ། ཡ་མེ་ཏ་སྟེ་ཡ་ཏོ་ཡོ་ར་ནི། ཙ་ར་མ་རུ་ནི་ན་ས་མ་ཡ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མེ་སྟེ་མ་ཏ་ར་མ་ཡོ་ཡ་ཏོ། ཙ་རུ་ནི་ས་ར་ས་མ་ཡ་ཆེ་གེ་མོ་ཨ་མུ་ཀམ་ཙ་ཡ་ཧུ༷་ཕཊ། ཡ་ཏ་མ་མེ་སྟེ་ཏོ་ཡ་ར་ཡོ་ཙ་ནི་ས་མ་ཡ་ཆེ་གེ་མོ་ཨ་མུ་རཀྟ་ར་ཡ་ཧུ༷་ཕཊ། ཡ་སྟེ་མེ་ཏ་ཡོ་ར་ཏོ་ཡ་ས་ར་རུ་ཙ་ན་ནི། ཙ་ནི་ས་མ་ཡ་ཆེ་གེ་མོ་ཨ་མུ་ཀམ་ཧུ༷་ཕཊ། ཡ་མ་ཏ་མེ་སྟེ་ཏོ་ཡ་ཡོ་ནི་ན་ས་མ་ཆེ་གེ་མོ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་མེ་སྟེ་མ་ཏ་ར་ཡོ་ཡ་ཏོ་ཙ་རུ་ནི་ས་མ་ཡ༷་ཆེ་གེ་ཨ་མུ་ཀམ་མུ་ར་ཙ་པ་ཡ་ཧཱུཾ༷་ཕཊ། ཡ་ཏ་མ་མེ་སྣེ་ཏ་ཡ་ར་ཡ་ནི། ན་ཙ་ས་རུ་ནི་ཙ་སམ་ཡ་ཆེ་གེ་ཨ་མུ་ཀམ་ཧཱུཾ༷་ཕཊ། ཡ་སྟེ་མ་མེ་ཏ་མ་ཡོ་ཡ་ཏོ་ཡ་ས་ར་ཙ་ནི་རུ་ཙ་ན་ས་ཡ་ཆེ་གེ་ཨ་མུ་ཀམ་མ་ར་ཡ་ཧཱུཾ༷་ཕཊ། ཨཱོཾ་ཧྲི་སྟི་ཝི་ཀྲི་ཏ་ན་ན་ཧྭ༷་ཕཊ་ཕཊ།ཐུགས་ཀྱི་སྙིང་པོ་ཧྲི་ནི་བསྡུས་པའི་མཆོག །སྟི་ནི་མིལྡག་མཆོག་ཡིན་ཏེ། །ཀུན་གྱི་ནང་དུ་ང་ཡིས་རབ་ཏུ་བསྔགས། །བསྡུས་ཤིང་མི་ལྡོག་པས་ནི་ཀི་ལ་སྟེ། །འབིགས་ཤིང་གཅོད་པས་འཁོར་ལོ་ཡིན། །རྨྱུས་བཀའ་བསྩལ་ཏོ། །ཡེ་ཤེས་འབར་བ་གསལ་ཞིང་ལས་ཀྱི་མཐུ་ཡིས་འགྲུབ། །དྲག་པོ་དགོད་དུ་གྱུར་པའི་དྲག་སྔགས་བདུན། །བཏུ་ཞིང་བསྡེབས་པས་ལས་ཀུན་བྱེད། །དགུག་ཅིང་སྐྲུ་གྲི་བཏགས་པས་བསྣན་པ་ཡིན། །གང་ལ་ཐོགས་རྡུགས་མེད་པས་ཐོག་དང་མཚུངས། །རྣོ་བའི་མཆོག་ཏུ་གྱུར་པས་སྐྲུ་གྲིའོ། །དྲག་པོ་གཙོ་བོར་གྱུར་པས་ལས་ཀྱི་རྒྱལ་པོར་བཤད། །འདི་ནི་ང་ཡི་དུས་སུ་རབ་ཏུ་རྒྱས་པར་བཤད། །གསོ་དང་བསད་དང་འཕམ་དང་རྒྱལ། །དགུག་དང་བཏང་དང་བཅིང་དང་དགྲོལ། །དབབ་དང་བཅད་དང་བསྲུང་དང་བསྐྱིལ། །སྣ་ཚོགས་དོན་ཆེན་འབྱིན་པར་བྱེད། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་། །ཆོས་ནི་ཡུན་དུ་གནས་པར་བྱ། །ཞེས་བཀའ་བསྩལ་ཏོ། །ཟླ་གསང་ནག་པོའི་རྒྱུད་ལས། དྲག་སྔགས་འཇིག་རྟེན་རླག་བྱེད་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད་པོ་དེས།གསལ་བྱེད་ཟླ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཁོར་རྣམས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཡེ་ཤེས་རྡོ་རྗེ་གསོར་བ་ཡིས། །ལག་ན་རྡོ་རྗེ་ཁྱོད་མི་འགྱུར། །ལས་སུ་འགྲུབ་པ་ཡིན། ༼མངའ་འདའ༽མེད་འཆད་དང་ལྷག་པ་མེད་པའི་དོན། །བདག་གཞན་དགེ་སྡིག་དུ་མར་བྱེད། །དམ་པར་བཤད་པར་བྱས་པ་ཡིས། །མ་ལུས་འདུས་པ་མཉན་པར་བྱོས། །མཚན་མ་སྔགས་ཀྱི་རིམ་པ་ནི། །སྐུ་གསུང་༼ཐུགས་༽ཀྱི་ཕྲེང་བ་སྟེ། །དོན་དམ་ཇི་ལྟར་གསལ་བྱ་ན། །སྒྲ་ནི་འཇུག་པའི་རྒྱུ་ཡིན་ཏེ། །དབྱངས་ནི་སྦྱོར་བའི་རྐྱེན་ཡིན་ནོ། །ཉེ་བར་བསྟན་པ་འདི་ལྟ་སྟེ། །ཡེ་ཤེས་ལྔ་ཡི་བདག་ཉིད་སྟེ། །ཡོན་ཏན་རྫོགས་པའི་ཡེ་ཤེས་བཞག །དེ་འོག་དབྱངས་ཀྱི་དང་པོ་བཞག །དེ་འོག་སྒྲ་ཡི་དང་པོ་ལ། །སྒྲ་ཡི་དྲུག་པའི་གཉིས་པ་ཡིས། །འོག་ནས་འཁྲིགས་ཉིད་དུ་མ་བྱ། །དབྱངས་ཀྱི་བཅུ་གསུམ་པའི་སྟེང་ནས་བརྒྱན། །སྒྲ་ཡི་བཞི་པའི་དང་པོ་བཞག །དབྱངས།།་ཡིག་བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་རྗེས་སྒྲ་ཡི་དང་པོ་བཞག །དེ་འོག་སྒྲ་ཡི་དྲུག་པའ་དང་པོའོ། །དེ་རྗེས་སྒྲ་ཡི་ལྔ་པའི་ཐ་མ་བཞག །དེ་འོག་སྒྲའི་བཞི་པའི་དང་པོ་སྟེ། །སྒྲ་ཡི་དང་པོའི་འོག །དེ་འོག་སྒྲ་ཡི་འདུས་བིའ་བཞི་པ་སྟེ། །དེ་རྗེས་སྒྲ་ཡི་བཞི་པའི་ཐ་མའོ། །སྒྲ་ཡི་ལྔ་པའི་ཐ་མའོ། །དེ་འོག་སྒྲ་ཡི་བཞི་པའི་དང་པོ་བཞག །དེ་རྗེས་སྒྲ་ཡི་ལྔ་པའི་གསུམ་པ་བཞག །རྡོ་རྗེ་བཞི་པའི་ཐ་མས་བརྟེན། །དེ་འོག་སྒྲ་ཡི་ལྔ་པའི་གསུམ་པ་བཞག །དེ་འོག་སྒྲ་ཡི་གསུམ་པའི་ཐ་མ་བཞག །དེ་འོག་སྒྲ་ཡི་གཉིས་པའི་བཞི་པ་བཞག །དེ་རྗེས་སྒྲ་ཡི་བདུན་པའི་བཞི་པ་ལ། །དབྱངས་ཀྱི་གཉིས་པས་འོག་ནས་བརྟེན། །དབྱངས་ཀྱ་ལྔ་པས་འོག་ནས་ ་༼ཧུགས་ཞུགས༽། །སྒྲའི་ལྔ་པའི་མཐའ་མས་སྟེང་ནས་སྟེ། །དེ་རྗེས་སྒྲ་ཡི་ལྔ་པའི་གཉིས་པའོ། །བཞི་པའི་དང་པོས་ཉེ་བར་བརྟེན། །དེ་ནི་སྐུ་ཡི་འཁོར་ལོ་བཅུད། །ཕྲེང་བ་སྟོབས་ཀྱི་སྦྱོར་བའི་ཕྲེང་བ་ནི། །བདུད་འཇོམས་བདེན་པ་དབུ་རུ་བཞག །དྲུག་པའི་གསུམ་པས་ཀླད་ནས་སྟེ། །ཨ་ཤའི་ཐ་མའི་འོག་ནས་སྦྱར། །དབྱངས་ཀྱི་དང་པོའི་འོག་ནས་༼ཧུག་ཞུགས༽། །དེ་འོག་ཨ་ཤའི་དང་པོ་ལ། །གསུམ་པའི་དང་པོར་སྦྱར་བྱས་སྟེ། །དེ་ལ་དྲུག་པའི་གསུམ་པས་བརྒྱན། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་བཞི་པ་ལ། །དབྱངས་ཡིག་བཞི་པས་སྟེང་ནས་བརྒྱན། །དེ་འོག་སྒྲ་ཡི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་བརྒྱན། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །སྒྲ་ཡི་བཞི་པོའི་དང་པོས་བརྟེན། །དེ་འོག་གསུམ་པའི་ཐ་མ་དང་། །བཞི་པའི་ཐ་མས་མེ་བར་སྦྱར། །དེ་རྗེས་བསྡུ་བའི་སྙིང་པོ་གསུམ། །དེ་རྗེས་སྐད་པའི་སྙིང་པོ་གསུམ། །འདི་ནི་ཐུགས་ཀྱི་འཁོར་ལོའི་བཅུད། །བསྡུ་བའི་ཡི་གེའི་ཕྲེང་བའོ། །གཞན་ཡང་གསུམ་གྱི་ཕྲེང་བ་ཅན། །ཕྲེང་བ་བསྡུས་ནས་བརྗོད་པ་ཉིད། །འཁོར་ལོ་གསུམ་མཆོག་ཕྲེང་བ་སྟེ། །དེ་ནི་ང་ཡིས་བཤད་པ་ཡིས། །འབྲུ་དགུ་སྐུ་ཡི་བཤད་པ་བཞིན། །རྡོ་རྗེའི་སྒྲ་ཡི་དང་པོ་སྟེ། །དྲུག་པའི་ཐ་མ་ཉེ་བར་བསྟན། །དེ་རྗེས་དྲུག་པའི་དང་འོག་དང་། །དེ་རྗེས་ལྔ་པའི་གསུམ་པ་དང་། །དེ་རྗེས་སྒྲའི་གསུམ་པ་འོག་དང་པོ་སྟེ། །དེ་སྟེང་སྒྲ་ཡི་དྲུག་པའི་གསུམ་པ་ལྔ། །སྒྲ་ཡི་དང་པོར་གསུམ་པར་སྦྱར། །སྒྲ་ཡི་དྲུག་པའི་གསུམ་པ་ལ། །དབྱངས་ཀྱ་ལྔ་པས་འོག་ནས་བརྒྱན། །སྒྲ་ཡི་ལྔ་པའི་དང་པོ་བཞག །དེ་འོག་བཞི་པ་ཐ་མ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་བསྡུས་པའི་སྙིང་པོ་གསུམ། །སྐྲོད་པའི་ཡི་གེ་ནག་པོ་གསུམ། །གསུམ་པའི་ཡེ་གེ་ཕྲེང་བའོ། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་འདི། །བདུད་ཀྱི་འཁོར་ལོའི་ཐིག་ལེ་སྟེ། །དེ་ཡི་དངོས་གཞི་བཞི་ཅིག་སྟེ། །ཡོན་ཏན་བསྡུད་ཅིང་དཔའ་འཇོམས་པ། །བྱ་བ་རྣམས་ཀྱི་སྔོན་འགྲོ་བའོ། །ཐུན་མོང་བསྙེན་པའི་མཆོག་ཡིན་ནོ། །རྟགས་དང་མཚན་མ་བདེ་ལྡན་བྱའོ། །ཞེས་གསུངས་སོ། །དེ་ནས་ཉེ་བའི་བསྙེན་པ་ལ་བསྟེན་པའི་ཕྱིར། འདི་སྐད་ཅེས་འཁོར་རྣམས་ལ་གསུངས་སོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །འདུས་པའི་ཚོགས་དང་བཅས་པ་ཉོན། །ཉེ་བར་བསྙེན་པའི་བཟླས་པའི་ཚུལ། །ལྕེ་ཡི་དྲན་པ་བསྡོག་ཅིང་འདྲིལ། །སེམས་ཀྱི་དབང་པོ་བསྐུལ་ཞིང་དབབ། །དམིགས་པའི་དོན་ཀུན་ཕྱག་རྒྱ་རྫོགས། །ཡོན་ཏན་ཀུན་འདུས་དེ་ཡིས་ཤེས་གསུངས་སོ། །དེ་ཉིད་བརྗོད་པ་འདི་ཡིན་ཏེ། །ཡོན་ཏན་ལྔ་ལྡན་སྙིང་པོ་བཞག །དེ་རྗེས་ལྔ་པའི་ཐ་མ་སྟེ། །དེ་འོག་དབྱངས་ཡིག་བདུན་པའོ། །དེ་འོག་གཉིས་པའི་དང་པོ་བཞག །དེ་ནས་བདུན་པའི་བཞི་པ་སྟེ། །དེ་འོག་བཞི་པའི་དང་པོ་བཞག །བཅུ་གསུམ་པ་ཡི་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་ཐ་མ་བཞག །བཅུ་གཅིག་པ་ཡི་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་བཞག །དེ་ནས་བསྲུང་བའི་ཡི་གེ་སྟེ། །ཕན་པའི་ཡི་གེ་རྗེས་ལ་འོང་། །དེ་ནས་གཉིས་པའི་ཕྲེང་བ་བརྟན་པ་ནི། སྒྲ་ཡི་དྲུག་པའི་དང་པོ་བཞག །དེ་རྗེས་ལྔ་པའི་ཐ་མ་སྟེ། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་ཡིན། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་གསུམ་པ་བཞག །དབྱངས་ཡིག་བཞི་པས་འོག་ནས་༼ཧུགས་ལས༽། །དེ་ལ་བཞི་པའི་ཐ་མ་བཞག །དྲུག་པའི་དང་པོ་དེ་ཡི་འོག །བཅུ་གསུམ་པ་ཡིས་སྟེང་ནས་སོ། །དེ་ནས་ལྔ་པའི་དང་པོ་བཞག །དེ་རྗེས་དྲུག་པའི་དང་པོའོ། །བསྡུ་བའི་ཕྲེང་བ་འོག་ནས་ཤེས། །དེ་བཞིན་གསུམ་པའི་ཕྲེང་བ་ནི། །རྫོགས་རྗེས་དྲུག་པའི་དང་པོའོ། །དེ་རྗེས་ལྔ་པའི་དང་པོ་བཞག །དེ་རྗེས་དྲུག་པའི་དང་པོ་ལ། །བཅུ་གསུམ་པ་ཡི་སྟེང་ནས་སོ། །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཡིག་བཞི་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་བཞག །བདུན་པའི་དང་པོ་འོག་ནས་བརྟེན། །བཅུ་གཅིག་པ་ཡི་སྟེང་ནས་བརྒྱན། །དེ་འོག་་པའི་དང་པོ་བཞག །བསྡུ་ཞིང་ཕྲེང་བ་གོང་དང་མཐུན། །འཕྲུལ་གྱི་ཕྲེང་བ་བཞི་པ་ནི། །སྒྲ་ཡི་དྲུག་པའི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་བཞག །བདུན་པའི་དང་པོ་འོག་ནས་བརྟེན། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་བཞག །དེ་རྗེས་གཉིས་པའི་དང་པོའོ། །དེ་རྗེས་བཞི་པའི་ཐ་མ་བཞག །དབྱངས་ཡིག་དགུ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་བཞག །དེ་རྗེས་་པའི་ཐ་མ་བཞག །དེ་རྗེས་དྲུག་པའི་དང་པོའོ། །དེ་རྗེས་བསྡུ་བའི་ཡི་གེ་དང་། །ཀྭ་ལི་བསྐྲད་པའི་ཡི་གེ་ནི། །གོང་དུ་བསྟན་པ་བཞིན་དུ་ཤེས། །ཞེས་གསུངས་སོ། །དེ་ནས་ཡོན་ཏན་དོན་བསྟན་པ། །སྔགས་ཀྱི་ཕྲེང་བ་བཅུ་གསུམ་གཉིས། །བཏུ་དང་བཀྲུག་དང་བསྡེབས་དང་བརྟེན། །སྐད་དང་སྦྱར་ཞིང་སྟོན་པས་གྲུབ། །ལས་ཀྱི་སྦྱོར་བས་དུ་མ་བཤད། །སུམ་ཅུ་གཉིས་ཀྱི་ཕྲེང་བ་འདི། །རྩ་བ་ཡིན་ཏེ་ཐམས་ཅད་བསྐྱེད། །སྙིང་པོར་གྱུར་པས་ཐམས་ཅད་འདུས། །ཨུར་མོ་ལྟ་བུར་གདུག་པ་མེད། །ཅེས་གསུངས་སོ། །མཚན་མ་གསུམ་གྱི་དགུག་པ་དང་། །ཞེས་སོ་སོར་ཞུགས་ཏུ་སྦྱོར། །དྲིལ་གཏོར་ཉིན་མཚན་གཉིས་ཀྱི་དབྱེ། །ཐོག་མར་བསྡུ་བའི་སྙིང་པོ་ཧུ༷། །དེ་འོག་ཨུ་ཤའི་གསུམ་པ་སྟེ། །དེ་རྗེས་ལྔ་པའི་ཐ་༼མའི་མར༽བཞག །དྲུག་པའི་དང་པོ་ཉེ་བར་གསུངས། །དེ་འོག་ལྔ་པའི་ཐ་མ་བཞག །དེ་རྗེས་དྲུག་པའི་དང་པོ་སྤྱིན། །དེར་ཡང་དྲུག་པའི་དང་པོ་སྟེ། །དེ་འོག་་པའི་ཐ་མ་སྤྱིན། །དེ་རྗེས་གཉིས་པའི་དང་པོ་ལས། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་སྤྱིན། །དེ་རྗེས་་པའི་གསུམ་པ་སྟེ། །གཉིས་པའི་གསུམ་པ་ཉེར་སྦྱར་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་རྗེས་བདུན་པའི་གཉིས་པ་སྟེ། །དེ་འོག་གཉིས་པའི་བཞི་པ་ཡིས། །དེ་ཡི་ཉེ་བར་བསྟན་པ་ནི། །མཚན་མ་གསུམ་གྱི་འགུགས་པའི་མཆོག །ཧུ༷་དང་ཕཊ་དང་གྲྭཧྭ་རྣམས། །སྐབས་ཀྱི་ཡང་དག་ལས་སུ་བཤད། །ཐུན་མོང་མཆོག་གི་དངོས་གྲུབ་འབྱུང་། །དགུག་པ་ཀུན་གྱི་རྗེས་སུ་འཇུག །ཅེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རྩ་བའི་དོན་ལ་ལོ་མའི་མཚོན། །རིན་ཆེན་མེ་དང་འདྲ་བ་ཡི། །བཅུ་བདུན་སྔགས་ཀྱི་ཕྲེང་བ་དང་། །འཁོར་ལོ་རལ་གྲི་ལྟ་བུ་ཡི། །སྤུ་གྲི་མཚོན་ཆེན་བཤད་དུ་གསོལ། །ཅེས་གསུངས་སོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོས་གསུངས་པ། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །འདུས་པའི་ཚོགས་དང་བཅས་པའོ། །ཐམས་ཅད་བསྐྱེད་པའི་རྩ་བ་སྟེ། །ཡོན་ཏན་འདུས་པའི་སྙིང་པོ་མཆོག །ལས་བྱེད་གཅོད་པས་སྤུ་གྲིའོ། །ཡ་མ་མེ་ཏ་སྟེ། ར་ཙ་ས་ཏོ་རུ་ན་ཡོ་ནི། ར་ཡ་ཙ་ནི། ཨ་མུ་ཀམ་པྲ་མ་ཡ་ནི་ཤ་ཀུ་རུ་ནི། རཀྟ་ཙ་ར་ཡ་མུ་ར་ཙ་ཡ། །མ་ར་ཡ་ཅེས་གསུངས་པས། འཇིག་རྟེན་དྲུག་གཡོས་རབ་རུ་གཡོས། ཀུན་ཏུ་གཡོས། འདར་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར་བར་གྱུར་ཏོ། །འཁོར་རྣམས་ཀྱིས་ལས་ཀྱི་རིམ་པ། མཐའ་དག་བཅས་པ་དེ་ཉིད་དུ་སོན་པར་གྱུར་ཏོ། །ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་བསྩལ་ཏོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །འཇིགས་བྱེད་ཆེན་པོས་དགོངས་སུ་གསོལ། །གདུལ་བྱ་སྨིན་པར་མཛད་སླད་དུ། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །རྩ་བའི་ཕྲེང་བ་བསྟན་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ༷་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །རྒྱལ་བ་ཀུན་གྱིས་བྱིན་གྱིས་བརླབས། །དབང་བསྐུར་གནང་བ་ཐོབ་པ་སྤྲོ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཏ་བརྫི་ཧུ༷་ཕཊ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཀ་ལ་རུ་པ་ནི། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཨོ་ཧྲི་སྟི་ཝི་ཀྲི་ཏ་ན་ན་ཡ་ཧུ༷་ཧུ༷་ཕཊ་ཕཊ་ས་མ་ཡ ས་མ་ཡ་མ༷་ ་ཡ་མརྙ་ཀ་ཡ་མ་ར་ཙ་མ་མ་ཨེ་ཀ་ཛུ་ཏི་ཛ་ཏྲག་ཤད་སྙིང་ཁ་རག་མ་སྨྱོ་སྨྱོ། རག་མོ་ཏི་ཀི་མ་ཙ་ཙ་ཁ་ལ་མ་ཏི་སྨྱོ་ཡ་ཡ་ལོ་ན་ཙི་ན་དྷ་མ་ལ་སྨྱོ་སྤྱོ་ས་མ་ཡ་སྟོམ་ཛ་ཛ། ཨོ་ས་མ་ཡ་མསྣྲུ་ཤི་ཡ་མརྙ་ཀ་ཡ་མ་ར་ཙ་རུ་ཡོ་ ་ཡ་མ་མ་ཨེ་ཀ་ཛུ་ཏི་ཛ་ཛ་ཛ། མ་མ་རག་མོ་རག་མོ་ཏྲག་རསྒ་མུ་ཏྲ་ཁ་མུན་སྙིང་ཁ་རག་མ། རག་མོ་རག་མོ་སརྦ་རག་མོ་ཏི་ཀུན་ཛ་ཛ། ཁ་ལ་མ་ཏི་ཡ་སྦྱོ། མ་ལུས་པ་ཡི་སྙིང་རྗེ་ཞེ༽། །རྩ་བའི་དོན་དུ་ཤེས་པར་བྱ། །ཞེས་བཀའ་བསྩལ་པས། དེ་ནས་འཁོར་རྣམས་དང་བའི་སེམས་ཀྱིས་འདུན་ཏོ། །ཟླ་གསང་ནག་པོའི་རྒྱུད་ལས་གསང་སྔགས་མདོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་དེས། དབང་བསྐུར་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འཁོར་རྣམས་ལ་འདི་སྐད་བཀའ་བསྩལ་ཏོ། །འཁོར་བ་དང་ནི་མྱ་ངན་འདས། །ཡོན་ཏན་ཕུན་སུམ་ཚོགས་པ་ང་ལ་རྫོགས། །གསང་བ་ཡེ་ཤེས་ཚོགས་དང་རྫོགས། །དྲག་པོ་འདུལ་བའི་ཆོས་ཀུན་ང་ལ་རྫོགས། །ཅེས་བཀའ་བསྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ཀྱིས་དབང་གིས་དོན་གནང་བར་རིགས་ནས། འཁོར་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་མོས་པའི་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །ཡེ་ནས་ཐོབ་པའི་དོན་མ་རིག །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཞེས་གླེང་ངོ་། །ཉོན་ཅིག་ཟུངས་ཤིག་འདུས་པའི་ཚོགས། །འདི་ནི་ཤེས་པར་དཀའོ་ཞེས་བཀའ་བསྩལ་ཏོ། །འཁོར་ལོ་སྒར་བའི་སུམ་ཅུ་རྩ་གཉིས་མཚན་ལྟ་བུའོ། །རང་ལ་གནས་པའི་དོན་བསྟན་ན། །སྐྱོན་ཡོན་སྣོད་དང་སློབ་དཔོན་དང་། །རྣམ་གྲངས་རིམ་པའི་དོན་བསྟན་པའོ། །དབང་བསྐུར་གནང་བ་༼མ་༽ཐོབ་པར། །གང་ཞིག་ཧཱུཾགས་ལ་འཇུག་བྱེད་པ། །ཉོན་ཅིག་བསྒྲུབ་༼པ་༽བྱེད་པ་རྣམས། །འབྲས་བུ་མེད་ཅིང་རླག་བྱེད་འགྱུར། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་ལ་ཡོན་ཏན་གང་མང་ཡང་། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །དེ་བས་དབང་རྣམས་རིམ་པར་ནོས། །འཇམ་དཔལ་ང་ཡིས་བཀའ་བསྩལ་ཉོན། །ཅེས་གསུངས་སོ། །དེ་ནས་ཡང་གསུངས་པ། དབང་༼བསྐུར་༽བ་ནི་ཐོབ་གྱུར་ཅིང་། །དབང་རིམ་ཡན་ལག་རྫོགས་པ་ཡིས། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཇི་ལྟ་བུ་ལ་ཞུ་བ་བསྟན་པ་ནི། ཤེས་རབ་ཡངས་ལ་ཆོས་རྣམས་སྟོན། །ལྷ་བ་ཡངས་ལ་ཕྱོགས་དང་བྲལ། །སྤྱོད་པ་མ་འགག་ཐབས་སུ་སྦྱོར། །སྒོམ་པ་སྲན་ཆེན་འགྱུར་བ་མེད། །དམ་ཚིག་གང་ཡང་ཉམས་པ། །དེ་ནི་དབང་སྣོད་སློབ་དཔོན་ནོ། །སློབ་མའི་མཚན་ཉིད་བསྟན་པ་ནི། །རང་བཞིན་བཟང་བ་ནམ་མཁའ་འདྲ། །སྤྱོད་པ་བཟང་བ་ས་གཞི་འདྲ། །དམ་ཚིག་འཇིཊ་པའི་མཁར་ལྟར་སྐྲུན། །ལྟ་བ་བཅོས་པ་མེད་པ་འཆང་། །སྐུ་གསུང་ཐུགས་ཀྱི་སྲས་བྱེད་པ། །སེར་སྣ་མེད་པའི་ཡོན་གྱིས་བླུ། །འཁྲུལ་ལྡོག་པ་ཡི་རྣལ་འབྱོར་པ། །དེ་ལ་དབང་རྣམས་རྫོགས་པར་བསྐུར། །ཞེས་གསུངས་སོ། །དེ་ལ་རྣམ་གྲངས་རིམ་པ་ནི། །གནས་དང་དཀྱིལ་འཁོར་བསྟན་པ་དང་། །ལས་ཀྱི་རིམ་པ་དབང་གི་གྲངས། །དེ་ལ་གནས་ཀྱི་ཚུལ་བསྟན་པ། །ཟླ་གམ་འཁྱིལ་བ་ཁྲག་གི་མཆི་རིས་ཅན། །བཞི་མདོ་ཁང་སྟོང་སྡུད་པའི་མཆོག །དེ་རུ་དཀྱིལ་འཁོར་བསྟན་པ་ནི། །དང་པོ་ས་གཞི་སྦྱངས་བྱས་ནས། །དོན་མཐུན་པའི་མཎྜལ་ཆག་ཆག་གདབ། །དང་པོའི་ཚོགས་འདི་བརྗོད་པར་བྱ། །ཧུ༷་མ་ཆགས་སྐྱེ་བ་མེད་པ་ཡི། །ཆགས་མེད་ཡུམ་གྱི་གཞལ་ཡས་ནས། །ཐབས་ཀྱི་འཕྲོ་འདུ་ཡེ་ཤེས་རོལ། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས། །བྱང་ཆུབ་སེམས་སུ་དབང་བསྐུར་ཕྱིར། །དབང་གི་མཎྜལ་བརྩིག་པར་བྱའོ། །ལན་གསུམ་དག་ཏུ་བརྗོད་པར་བྱའོ། །ཨོ༷་བཛྲ་ཨ་མྲི་ཏ་མ་དྷ་ལ་ཧུ༷་ཕཊ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བ་སུ་ཏ་ཡི་ཐིག་གིས་གདབ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །ཟླ་གམ་དབང་གིས་མཛེས་པར་བྱ། །སྒོ་ལྡན་བརྒྱན་རྣམས་ཀུན་གྱི་བརྒྱན། །དེ་ལ་གནས་པའི་རིམ་པ་ནི། །གཤེད་པོ་ཡབ་ཡུམ་རིམ་གྱིས་ཚུལ་བཞིན་དགོད། །སྐུ་མདོག་སྨུག་ནག་བརྒྱན་རྣམས་རྫོགས། །ཞེས་གསུངས་སོ། །དེ་ལ་ལས་ཀྱི་རིམ་པ་ནི། །དཀྱིལ་འཁོར་ལྷ་རྣམས་མ་ལུས་བསྐྱེད། །སྙན་གསན་དབབ་དང་སྤྱན་འདྲེན་བརྟན་པར་བཞུགས། །ཕྱག་འཚལ་མཆོད་ཅིང་བསྟོད་པ་དང་། །འཛབ་བཟླ་བསྙེན་བསྒྲུབ་རྫོགས་པར་ལྡན། །དེ་ནས་བུ་རྣམས་ཁྲུས་བྱ་སྟེ། །ཕྱག་འཚལ་གསོལ་གདབ་རིམ་པར་རྫོགས། །དབང་གི་རིམ་གྲངས་རིམ་པ་ལྔ་ཡིས་རྫོགས་པར་བཤད། །རྡོ་རྗེ་སློབ་དཔོན་འབར་བ་གིང་། །རྒྱན་ཆས་རྟགས་དང་བྱང་ཆུབ་སེམས། །དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །སྔོན་དུ་བྱ་བའི་ལས་ཟིན་ནས། །རིམ་པ་རྫོགས་པར་བསྐུར་བར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ནི། བདེ་གཤེགས་མ་ལུས་མཁའ་ལ་འདྲེན། །ཤེས་པ་མཐོང་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །སྡུག་བསྔལ་སྐྱབས་མཛད་མ་རིག་འདྲེན་བྱེད་ཅིང་། །ཆོས་ཉིད་དོན་སྟོན་ཁ་ལོ་སྒར་བྱེད་ཅིང་། །༼འབུ་ཏིའི་་འང༽གདུང་འཚོབ་རྡོ་རྗེ་སློབ་དཔོན་མཆོག །གང་གིས་མངོན་དུ་ལྷུན་གྱིས་གྲུབ་པའི་དབང་། །དབང་མཆོག་མ་ལུས་ཁྱོད་ཀྱིས་ཐོབ་པར་་།ག །ཨཱོཾ༷་སབོ་ཏ་མ་ཧྭ་མ་གུ་རུ་ཤ་ར་བཛྲ་སྭ་བྷ་སྐྱུ་ཨཏྣ་ཀོ྅ཧ༷། དེ་ནས་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། ཧུ༷། ཐུགས་རྗེ་ཐབས་མཁས་རང་བྱུང་ཧེ་རུ་ཀ ཁམས་གསུམ་དབང་ཕྱུག་རང་བྱུང་བཅོམ་ལྡན་འདས། ཁམས་གསུམ་གདུག་པས་སྲེག་མཛད་འབར་བ་གིང་གི་ལྷ། །ཆེ་བའི་ཆེ་མཆོག་དབང་ཕྱུག་ཆེན་པོའི་སྐུ། །རྟོགས་པ་ཐུགས་རྗེ་འབར་བའི་དཀྱིལ་འཁོར་ལ། །ཡེ་ཤེས་མེ་འབར་བསིལ་བའི་འོད་འབར་སྟེ། ཁྲོ་ཚོགས་འབར་བའི་དབང་ཚོགས་རྣམས་འབར་བ། །ཡེ་ཤེས་མེ་འབར་བ་ཡི་ཆེན་པོའི་དབང་། །གདུག་པ་ཟིལ་གནོན་མ་རིག་སྲེག་མཛད་ཅིང་། །ཀུན་ལ་མེད་པའི་འབར་བ་ཆེན་པོའི་དབང་། །རིགས་ཀྱི་བུ་མཆོག་དབང་མཆོག་ཐོབ་པར་ཤོག །ཨོ་སརྦ་ཏ་ཐུ་ག་ཏ་ཛ་ལ་མ་དྷ་ལ་མ་ཧྭ་ཤ་ས་ཛྲ་གྲྭ་བྷ་བ་ཨཏྣ་ཀོ྅ཧ༷། ཁམས་གསུམ་སྒྲོལ་བའི་གིང་གི་དབང་བསྐུར་ཏེ། །ཡེ་ཤེས་དྲེགས་པས་ཐམས་ཅད་སྒྲོལ་བའི་གིང་། །ཆེ་བ་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་ཏུ་དཔའ་བའི་མཚན། །ཡེ་ཤེས་གཤེད་བཞིས་ཐམས་ཅད་སྒྲོལ་བའི་གིང་། །ཞིང་བཅུ་སྲེག་པའི་ཉི་མ་སྟེ། །དབང་མཆོག་འདི་ཡི་དབང་བསྐུར་བས། ཁམས་གསུམ་མ་ལུས་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །ཨོ༷་མཧྭ་བ་དྷ་བ་ཡ་ཧུ༷་ཨ་སྟི་ཁེ྅་ཡ། དེ་ནས་རྒྱན་ཆ་རྟགས་ཀྱི་དབང་བསྐུར་ཏེ། དེ་ནས་ཐོད་རློན་གྱི་ཕྲེང་བ་ཐོགས་ལ་འདི་སྐད་དོ། །ཧུ༷་དུང་ཆེན་ཁོང་གསེང་དབང་པོ་ལྔ་དང་ལྡན། །སྐུ་གསུང་ཐུགས་སུ་ཚུལ་འཆང་སྐམ་རློན་ར་རིའི་ཚུལ། །འཁོར་བ་གནས་བསྡུད་ཐབས་ཀྱི་ཕྲེང་བས་བརྒྱན། ཁམས་གསུམ་དབང་ཕྱུག་ཐོད་རློན་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཨོ་པདྨ་བནྟྲ་ཀ་བཱ་ལ་མ་ཧྭ་ཤ་ཧུ༷་ཨ་་་ཤི་ཛ་ངབྷང་༽ཧུ༷། །དེ་ནས་སྦྲུལ་གྱི་ཆུན་པོས་དབང་བསྐུར་བ་འདི་སྐད་དོ། །ཐོད་རློན་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམ་བརྗིད་དང་། །སྐུ་མཆོག་ཕྱིར་ཡང་སྐུ་ཡི་གནས་ལྔ་འཁྲིལ། །དུག་ལྔ་མ་སྤངས་དབང་གི་རྟགས་སུ་བསྟན། །མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་རྒྱལ་དབང་དུ་བསྡུད། །གཏི་མུག་འདུལ་བའི་དབང་ཆེན་ཡིན་པའི་ཕྱིར། །སྦྲུལ་ནག་སྟོང་གི་ཆུན་པོས་དབང་བསྐུར་བས། །ཞེ་སྡང་དྲག་པོ་འབར་བའི་གནས་དག་ན། །ཐབས་མཁས་རྒྱལ་པོ་མཉེས་པའི་དབང་ཐོབ་ཤོག །ཨོ་བཛྲ་ན་ཀ་ར་ཙ་ཧུ༷། རུ་ལུ་རུ་ལུ་ཧཱུཾ། ཨ་སྟི་ཁི་་ ། དེ་ནས་ཞིང་གི་གཡང་གཞིས་དབང་བསྐུར་བ། །ཧུ༷། ཞིང་ལྤགས་རྟག་ཏུ་གསོལ་བས་དུར་ཁྲོད་བདག །གཡང་གཞི་ཚེ་༼སུག་སྐུལ་གྲོགསྐུདཀེཔ་སྐུ་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡིས། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཁྱོད་ལ་དབང་བསྐུར་བས། །ཞིང་ཆེན་རློན་པའི་ཐབས་ལ་མཁས་པ་ཡིས། །འཁོར་བའི་གནས་ལས་ཡོངས་སུ་རྒྱལ་བར་ཤོག །བམ་སྨིན་ཏ་ཁའི་ཨ་སྟི་ཁི྅་ཧྭ༷། དེ་ནས་སྟག་ལྤགས་ཀྱི་དབང་བསྐུར་བ། །ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་ཅན། །སྟག་ལྤགས་ཤམ་ཐབས་དཔལ་བར་ལྡན་པ་ཡིས། །སྡིགས་མཛུབ་འདོམས་སུ་བསྣོལ་བས་ཕྱི་ནང་གསང་བར་གཅིག །ཕྲེང་ཐོགས་གནས་འཇོམས་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་ཀུན་རྒྱལ་བའི། །དབང་མཆོག་དམ་པ་གནས་འདིར་ཐོབ་པར་ཤོག །ཨོ་བཛྲ་བྱ་ཀྲི་ས་མུ་ཏྲ་ཧུ༷་ཨ་སྟི་ཁི྅་ཧུ༷། དེ་ནས་གླང་ཆེན་ཀོ་རློན་གྱི་དབང་བསྐུར་བས། ཧུ༷་གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་། །གཏི་མུག་མ་ལུས་གནས་ནས་དག་པའི་ཕྱིར། །ན་བཟའ་བརྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་། །ཐབས་ཀྱི་ཀོ་རློན་བརྒྱན་གྱི་དམ་པ་འདི། །གསལ་བར་དམིགས་པའི་དབང་མཆོག་འདི་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ཨོ༷་མུ་ཧ་དར་པ་ཤ་ཏ་ཧུ༷། དེ་ནས་བསྐལ་པའི་མེ་རིས་དབང་བསྐུར་བས། ཧུ༷་འབར་བའི་ཕྲེང་བ་ཡེ་ཤེས་ཐུགས་རྗེར་ལྡན། །གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་སྲེག་པ། །བསྐལ་པ་མེ་དཔུང་འབར་བའི་སྟེང་ལ་གནས། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ། །བསྐལ་པའི་མེ་རི་འབར་བས་དབང་བསྐུར་བས། །བར་ཆོད་བགེགས་ཀྱི་རྟོགས་པས་མི་ཚུགས་ཤིང་། །མཚན་མ་འཇོམས་པའི་དབང་མཆོག་ཐོབ་པར་ཤོག །ཨོ་ཛ་ལ་ར༷་ཧུ༷་ཨ་སྟི་ཁི྅་ཨ། དེ་ནས་འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྱིས་དབང་བསྐུར་བས། ཧུ༷། བདུད་ཡུལ་གཡུལ་ལས་༼བརྒྱན་པའི་སྟགས་་བངའརྟག་༽ཀྱི་ཕྱག་མཚན་སྟེ། །གདུག་པ་གདུལ་ཕྱིར་མཚོན་ཆ་སྣ་ཚོགས་བསྣམས། །འཁོར་ལོ་རལ་གྲི་ཐོ་བ་དང་། །ཐོད་པ་སྡིགས་མཛུབ་ཕུར་པ་ལ་སོགས་པ། །གདུག་པའི་མཚོན་ཆ་སྣ་ཚོགས་ཀྱིས། །དཔའ་བོ་བདུད་ལས༷་ཀུན་ཏུ་རྒྱལ་བ་དང་། །ཚམས་རྔམ་རྟགས་ཀྱི་དྲག་པོ་འདུལ་བ་དང་། །ཉོན་མོངས་ཚར་གཅོད་གདུག་པ་འདུལ་བ་ཡི། ཁམས་གསུམ་དྲག་པོ་ཀུན་ལས་རྒྱལ་བ་ཡི། །དབང་མཆོག་དམ་པ་ཉེ་བར་ཐོབ་པར་ཤོག །ཨོ་བཛྲ་ཙཀྲ་ཁད་ག་ཀ་ལ་རུ་པ་ག་ཙེ་རུ་ཀི་ལ་ཡ་ཧུ༷་ཨ་སྟི་ཁི྅་ཨ། ཞག་གིས་ཚོམ་བུས་དབང་བསྐུར་བས། །ཧེ་རུ་་སྐྱེ་ཀཡང༽གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨསྙེ༷་རྒྱ་མཚོ་སྐྱིལ། །ཞག་གི་ཚོམ་བུས་མཚོན་པ་ནི། །འདི་ཡང་སྟོན་གྱི་དམ་ཚིག་ལ། །འདིར་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །ཆོས་ཉིད་ཞག་གིས་བརྒྱན་པ་ཡིས། །ཞག་གི་ཚོམ་བུས་དབང་བསྐུར་བས། །ཆོས་ཉིད་དབྱིངས་སུ་བརྒྱན་པ་དང་། །གདུག་པ་ཐམས་ཅད་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱས་པ་ཡིས། །ཆོས་ཉིད་ཞག་གི་དབང་ཐོབ་ཤོག །ཨོ་མརྟ་སྟ་མ་བྷ་ག་བནྟྲ་ཨ་ལ་ལ་ཧོ། །དེ་ནས་ཁྲག་གི་ཐིག་ལེས་དབང་བསྐུར་བ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་སྤྱན་འདྲེན་ཏེ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨསྙེ༷་རྒྱ་མཚོ་སྐྱིལ། ཁྲག་གི་ཐིག་ལེས་མཚོན་པ་འདི། །འདི་ཡང་སྔོན་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །འདོད་ཆགས་གནས་སུ་དག་པའོ། ཁྲག་གི་ཐིག་ལེས་དབང་བསྐུར་བས། །དུག་གསུམ་ཁྲོ་དྲག་འཇོམས་པ་དང་། །ང་རྒྱལ་དྲག་པོ་འདུལ་མཛད་པའི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨཱོཾ་རག་ཏི་ལ་ཀ་ཧུ༷། །དེ་ནས་ཐལ་ཆེན་གྱི་མཚལ་མས་དབང་བསྐུར་བས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨསྙེ༷་རྒྱ་མཚོ་བསྐྱིལ། །ཐལ་བའི་མཚན་མས་བརྒྱན་པ་འདི། །འདི་ཡང་སྔོན་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །གདུག་པ་མ་ལུས་རབ་བ་་བས། །སྣང་བ་ཉིད་ལ་ཐིག་ལེ་ངང་དུ་འདུས། །ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱལ་བ་ཡི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨོ་བཛྲ་ཙྭ་ན་བཛྲ་སྲུ་༼ཧྭ་བ་བྷཝ༽ཨདྨ་ཀོ྅ཧ༷། །དཔལ་ཟླ་གསང་ནག་པོས་རྒྱུད་ལས། འབྲས་བུ་མངོན་འགྱུར་དབང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་གཤེད་པོས་གདུལ་བྱའི་དོན་དུ་སྤྱན་དྲངས་པ་འདི་གསུངས་སོ། །དབུས་ཀྱི་ཁྲོ་བོ་བདག་ཆེན་ནི། །རྒྱལ་བའི་རིགས་ལྔས་དབུ་བརྒྱན་ཅིང་། །ཡེ་ཤེས་སེམས་དང་སྐུ༷ ་གསུང་ཐུགས། །དཀྱིལ་འཁོར་ལྷ་ཀུན་བྱིན་གྱིས་རློབས། །ཆོས་སྐུའི་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་། །མ་གཏོགས་ཐུགས་རྗེ་བསྒྲལ་བའི་ཕྱིར། །མཉམ་པའི་ངང་ལས་མགུར་བཞེངས་གཤེགས་སུ་གསོལ། །ཨོ་ཤི་མསྐྲུ་ས་མ་ཡ་སྟ༷། ཧུ༷་གཏི་མུག་མུན་ལྟར་འཐིབས་པའི་དཀྱིལ་འཁོར་ནས། །བཅོམ་ལྡན་གཤིན་རྗེ་གཤེད་པོ་སྤྱན་འདྲེན་ན། །འཁོར་གྱི་གཤིན་རྗེས་ལུས་་མས༽་ གདུག་པ་དང་། །འགྲོ་དྲུག་མ་ལུས་འཇོམས་ཕྱིར་གནས་འདིར་སྤྱོན། །འདོད་ཆགས་ཆུ་ལྟར་འབྲུབ་བའི་དཀྱིལ་འཁོར་ནས། །རོ་ལངས་ཐལ་མདོག་འཁོར་བཅས་སྤྱན་འདྲེན་ན། །འཁོར་གྱི་དུར་ཁྲོད་མ་མོ་འདུལ་བ་དང་། །འགྲོ་བའི་འདོད་ཆགས་འཇོམས་ཕྱིར་གནས་འདིར་སྤྱོན། །ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།།ཁྲོ་མོ་ཨེ་ཀ་ཛུ་ཏི་སྤྱན་འདྲེན་ན། །འཁོར་གྱི་སྲིད་གསུམ་མ་མོ་གདུལ་བ་དང་། །འགྲོ་བའི་ཞེ་སྡང་འཇོམས་ཕྱིར་གནས་འདིར་སྤྱོན། །ང་རྒྱལ་རི་ལྟར་བསྙིལ་བའི་དཀྱིལ་འཁོར་ནས། །སྲས་་རྟོགས་མཆོག༽ཡ་མ་ར་ཙ་སྦྱན་འདྲེན་ན། །འཁོར་གྱི་གིང་འདུས་མ་མོ་འདུལ་བ་དང་། །འགྲོ་བའི་ང་རྒྱལ་འཇོམས་ཕྱིར་གནས་འདིར་སྤྱོན། །ཕྲག་དོག་རླུང་ལྟར་ཚུབ་པའི་དཀྱི༷ ལ་འཁོར་ནས། ཁྲོ་བོ་མཐར་བྱེད་གཤེད་ཆེན་གཤིན་རྗེའི་ཚོགས།།གིང་འདུས་མ་མོ་མཁའ་འགྲོ་ཕོ་མོའི་ཚོགས། །གདུག་པའི་དགྲ་བགེགས་མ་ལུས་འདུལ། ཁྲོ་བའི་ཕྲག་དོག་འཇོམས་ཕྱིར་གནས་འདིར་སྤྱོན། །ཨོ་ཧ་ཧ་ཧི་བྷ་ག་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཡ་ཀ་ཨ་གསྣྲོ་ཡ་ཡ་མ་ཡེ་ཛ༷༷ཧུ༷་བ༷་ཧོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་སྤྱན་འདྲེན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས། གདུལ་བྱའི་ཆེད་དུ་ཆེད་ཅིང་བསྟན་པར་བྱ་བའི་ཕྱིར་འདི་གསུངས་སོ།།ཨོ་ན་མོ་སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་དེ་བ་མ་དྷ་ལ་སརྦ་༼ཕུ་ཚ་པུཙ༽མེ་བྷ་༼ཁའི་ཁྱངཧ༽། ཨོ་ན་མོ་སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་ཏེ་བ་མན་དྷ་ལ། སརྦ་མ་དེ་བཛྲ་༼དུ་པེ་པཛི༽སརྦ་པུ་ཙ་མེ་ཁུ་ཧི། བཛྲ་རྙུ་པེ་སརྦ་པུ་ཙ་མེ་ཁུ་ཧི།བཛྲ་དི་པ་ས་པྲུ་ཙ་མེ་ཁུ་ཧི། བཛྲ་ན་ག་དྷི་སརྦ་པྱུ་ཙ་མེ་ཁུ་ཧི། བཛྲ་ནེ་པི་ཏ་སརྦ་༼པྲུ་༽ཙ་ཁུ་ཧི། བཛྲ་གི་ཏ་པྲུ་ཙ་མེ་ཀྟ་ཁུ་ཧི། བཛྲ་ག་ད་ག་སརྦ་པྱུ་༼ཙ་༽མ་མེ་ཁུ་ཧི། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་ཆེན་པོ་གཤིན་རྗེ་གཤེད་པོའི་སྐུ། །བདེར་གཤོགས་རྒྱལ་བའི་སྐུ་རྣམས་འདུས་པའི་བདག །འགྲོ་བ་ཀུན་གྱི་བག་ཆགས་རྒྱུད་སྦྱོར་ཞིང་། །མི་རྟོག་ཆོས་དབྱིངས་ཡེ་ཤེས་སྐུར་སྣང་བ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པས། །འདོད་ཆགས་ཆེན་པོ་རོ་ལངས་ཁྲོ་མོའི་སྐུ། །བདེ་བར་གཤེགས་པ་རྒྱལ་བའི་གསུང་རྣམས་འདུམ། །བདག་ཅག་ཡིད་ཀྱི་རྣམ་ཤེས་བག་ཆགས་རྒྱུད་སྦྱངས་ནས། །མེ་ལོང་ལྟ་བུའི་ཡེ་ཤེས་སྐུ་སྣང་བ། །ཨེ་ཀ་ཛུ་ཏིའི་སྐུ་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་ཆེན་པོ་ཡ་མ་ར་་འི་སྐུ། །བདེ་བར་གཤེགས་པའི་ཡོན་ཏན་འདས་པའི་བདག །ཉོན་མོངས་ཉིད་ཀྱི་བག་ཆགས་ཀུན་སྦྱོང་ཞིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུར་སྣང་བ། །ཐུགས་ཀྱི་སྲས་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ཚུལགྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་ཆེན་པོ་དམ་ཅན་རྒྱ་མཚོའི་ཚོགས། །བདེ་གཤེགས་རྒྱལ་བའི་འཕྲིན་ལས་རྫོགས་མཛད་ཅིང་། །སྒོ་ངའི་ཡིས་བག་ཆགས་རྒྱུད་དུ་ཡོངས་བྱང་ཞིང་། །བྱ་བ་གྲུབ་པའི་ཡེ་ཤེས་སྐུར་སྣང་བ། །ཐར་བྱེད་གཤིན་རྗེ་ཁྲོ་བའི་ཚོགས་རྣམས་དང་། །གིང་བདུད་མ་མོ་སྲིན་མོ་ཕོ་ཉ་དང་། །འཕྲིན་ལས་བཅོལ་ཞིང་དམ་ཚིག་བསྐང་ཕྱིར་བསྟོད། །ཨེ་ཧ་ཧི་བྷ་ག་ཝན་ཨ་ལ་ལ་ཧོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཆོད་བསྟོད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཆེན་པོ་དེས། བརྟན་པར་བཞུགས་ཤིང་ཕྱག་འཚལ་འདི་དགོས་ཆེད་ཀྱི་ཕྱིར་གསུངས་སོ། །ཧུ༷ གཤིན རྗེགཤེད་པོ་ཡབ་ཡུམ་སྲས་དང་འཁོར་དུ་བཅས། །ཐུགས་རྗེ་ཡེ་ཁྱབ་གཤེགས་བཞུགས་མི་མངའ་ཡང་། །ལོག་རྟོག་སེམས་ཅན་སྲིད་སྒྲོལ་བ། །རྣལ་འབྱོར་བསྒྲུབ་པའི་འབྲས་བུ་མཐུ་འབྱུང་ཕྱིར། །གཟུགས་བརྙན་བསྐྱེད་པའི་དཀྱིལ་འཁོར་འདི། །འཁོར་བཅས་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཤི་ཡ་མརྙ་ཀ་མ་ཧྭ་མ་དྷ་སརྦ་དེ་བ། །མ་དྷ་ལ་ཏིཛི་ལྷན། །ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འཇིགས་བྱེད་སྐུ་ལ་མཉེས་པའི་མཆོད་ཕུལ་ནས། །རོ་ལངས་ཁྲོ་མོ་ཐམས་ཅད་བསྐྱེད་པའི་ཡུམ། །འགྲོ་བའི་འདོད་ཆགས་འཇོམས་ལ་ཕྱག་འཚལ་ལོ། །གདུག་པའི་དགྲ་བའི་བགེགས་མ་ལུས་འདུལ་མཛད་མ། །སྒེག་མོ་རལ་ཅིག་༼འགུ་ཡ་གུརྒྱ༽གསང་བའི་ཡུམ། །འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་ལོ། །ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །ཡ་མ་ར་ཙ་ཁྱེ་གང༽བདུད་ཀུན་གྱི་གཙོ། །འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །གིང་བདུད་གཤིན་རྗེ་མ་མོ་མཁའ་འགྲོ་ལ། །རྣལ་འབྱོར་བདག་ཅག་རེ་བའི་སེམས་ཀྱིས་འདུད། །ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བརྟན་པར་བཞུགས་པ་དང་། ཕྱག་འཚལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འཇིགས་བྱེད་རྒྱལ་པོ་ཁྲག་འཐུང་གཤེད་པོ་དེས། རྣལ་འབྱོར་པ་དམ་པ་རྣམས་ཀྱི་ཆེད་དུ་ཚོགས་ཀྱི་མཆོད་པ་འདི་གསུངས་སོ། །སྔོན་དུ་བྱ་བའི་ལས་བྱས་ནས། །ཚོགས་གཉིས་རྒྱུན་དུ་བསགས་པ་དང་། །དངོས་གྲུབ་བླང་དང་ལས་བཅོལ་ཕྱིར། །ཚོགས་ཀྱི་མཆོད་པའི་དུས་བཞིས་མཆོད། །བཀའ་བསྩལ་ཏེ། བྱིན་བརླབས་ཧུ༷་ཕཊ་ལྡན་བྱས་ནས། །རྣལ་འབྱོར་བརྟན་པས་ཚོགས་གཉིས་བསགས། །ཞེས་ཀྱང་གསུངས་སོ། །ཧུ༷་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །རྣལ་འབྱོར་མཆོད་ན་མ་ཏང་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར།།༄༅། ཁྲོ་མོ་ཡུམ་རྣམས་ཕོརྐྱོ་༽ཕྱག་རྒྱ་ནི། །སྐུ་མདོག་སོ་སོའི་གཙོ་དང་མཐུན། །གཡས་པ་རྣམས་ནི་གཙོ་ལ་འཁྱུད། །གཡོན་པ་རཀྟ་སྟོབས་པར་བྱེད། །ཡབ་ཡུམ་གཉིས་སུ་མེད་པར་ནི། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་བ་འདི་གསུངས་ཏེ།ཕྱག་རྒྱ་ཆེན་པོས་གསོལ་བ་འདིས། །ང་རྒྱལ་དབང་དུ་འདུས་པར་མཛོད། །ཧུ༷་བཅོམ་ལྡན་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་སྟབས། །རྣམ་ཐར་གསུམ་ལྡན་ཞལ་གྱིས་སྲིད་གསུམ་གསོལ། །ཡེ་ཤེས་མཆེ་བ་གཙིགས་པས་དགྲ་བགེགས་སྒྲོལ། །སྨ་ར་ཨག་ཚོམ་སེར་ནག་གྱེན་དུ་འཕྱར། །སྙན་ནས་འབྲུག་སྒྲོགས་ཤངས་ནས་རླུད་༼མ་དམར༽ལྡང་། །བདུད་ཀྱི་ཚོགས་རྣམས་དབང་བསྡུད་ལས་ལ་འགྱེད། །ཡེ་ཤེས་དགུ་ལྡན་སྤྱན་དགུས་ས་དགུ་གནོན། །ཧུ༷་རུ་ལུ་དྲེགས་པ་གདངས་དར་གྱི། །མ་མོ་ཁྲག་འཐུང་ཁྲོ་བོ་དབང་བསྡུད་ལས་ལ་འགྱེད། །ཕ་རོལ་ཕྱིན་དྲུག་རྫོགས་མཛད་ཕྱག་ཆེན་དྲུག །རྒྱུ་དྲུག་གནས་ཀྱི་དགྲ་བགེགས་ལོག་ལྟ་སྒྲོལ། །ཚད་མེད་བཞི་ལྡན་ཞབས་ཀྱིས་དྲེགས་པ་གནོན། །སྲིདཔའིགཤིནརྗེདབང་བསྡུད་ཡུམ་ལ་བདུད་ཀྱི་ལྕམ། །སྐུ་མདོག་མཐིང་ནག་འབར་བ་ལ རལ་བའི་ཟར་བུས་༼དབུས་༽ནས་གཡོན་དུ་འཁྱིལ། །གསེར་གཡུ་མུ་ཏིག་རིན་ཆེན་བྱེ་རུར་བརྒྱ། །བྱད་མདངས་པ་ཡི་དགྱེས་པས་ཐིམ། །ཧུ༷་ནམ་མཁའ་མཐའ་༼གླགས་ཀླ་༽འཇིག་རྟེན་ན། །གཟུགས་སུ་སྣང་བ་ཇི་སྙེད་ཀུན། །སྐུ་མཆོག་ཕྱག་རྒྱ་ཆེན་པོ་སྟེ། །གཤིནརྗེགཤེད་པོ་འཁོར་བཅས་ལ། །འཚལ་བྱེད་གཟུགས་ཀྱི་མཆོད་པ་འབུལ། །སྐུ་མཆོག་ཕྱག་རྒྱས་མཉེས་གྱུར་ཅིག །ཧུ༷་ནམ་མཁའ་མཐས་༼གླགས་ཀླསསྐའཇིག་རྟེན་ན། །སྒྲ་རུ་སྣང་བ་ཇི་སྙེད་ཀུན། །གསུངས་མཆོག་ཕྱག་རྒྱ་ཆེན་པོ་སྟེ། །རོ་ལངས་ཁྲོ་མོའི་འཁོར་བཅས་ལ། །སྔགས་ཚིག་སྒྲ་ཡི་མཆོད་པར་འབུལ། །གསུང་མཆོག་དམ་པ་མཉེས་གྱུར་ཅིག །ཧུ༷་ནམ་མཁའ་མཐས་ཀླས་འཇིག་རྟེན་ཀུན། །སེམས་ཅན་ཀུན་གྱི་རྣམ་རྟོག་ཀུན། །ཏིང་འཛིན་འབུམ་ཕྲག་མཐའ་ཡས་ཏེ། །སྒེག་མོ་རལ་གཅིག་འཁོར་བཅས་ལ། །བརྩེ་གཅིག་ཐུགས་ཀྱིས་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཧཱུཾ་ནམ་མཁའ་མཐར་༼གླགས་ཀླས༽འཇིག་རྟེན་ན། །ཕན་གནོད་ལས་དམིགས་འགྲོ་བ་ཀུན། །དེ་བཞིན་གཤེགས་པའི་བྱིན་བརླབས་ཏེ། །ཡ་མ་ར་ཙ་འཁོར་བཅས་ལ། །ཡོན་ཏན་ཕུལ་གྱི་མཆོད་པར་འབུལ། །ཡོན་ཏན་མཆོད་པས་མཉེས་གྱུར་ཅིག །ནམ་མཁའི་མཐར་ཀླས་འཇིག་རྟེན་ན། །དགེ་དང་མི་དགེ་ལས་རྣམས་ཀུན། །དེ་བཞིན་གཤེགས་པའི་མཛད་སྤྱོད་དེ། །སྤྲུལ་པའི་དམ་བཅའ་ཚོགས་བཅས་ལ། །སྐྱོན་བྲལ་ཚོགས་ཀྱི་མཆོད་པར་འབུལ། །ཚོགས་ཀྱི་མཆོད་པར་མཉེས་གྱུར་ཅིག །གཞན་ཡང་ཧྭ༷་ཕཊ་སྦྱོར་བའི་བྱིན་བརླབས་ཀྱིས། །འདོད་ཡོན་ལྔ་དང་མཆོད་པར་བྱ། །གཞན་ཡང་གདུལ་བྱ་དགུགཅིང་བསྟིམས། །ལས་རྣམས་རྫོཊ་ནས། ཕུང་པོ་དུག་གསུམ་མཆོད་པར་འབུལ། །སྦྱོར་སྒྲོལ་མཆོད་པ་ཀུན་ཀྱང་ཐེམ། །དཔལ་ཟླ་གསང་ནག་པོ་ལས། མཆོད་པ་ཚོགས་བསགས་པ་དང་། གདུལ་བྱ་དུག་གསུམ་ལས་ཀྱི་ལེའུ་སྟེ་བཅུ་༼གཅིག༽་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་ཡ་མརྙ་ཀ་དེས། ཕྱག་རྒྱའི་དཀྱིལ་འཁོར་༼འདི་༽བཀའ་བསྩལ་ཏོ། །འཇིགས་བྱེད་ཆེན་པོ་ཀུན་གྱི་མཐོ། །དབུས་ཀྱི་ཁྲོ་རྒྱལ་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་བསྣམས་པ་ནི། །འཁོར་ལོ་རལ་གྲི་ཐོ་བ་བསྣམས། །གཡོན་པ་གསུམ་ན་བསྣམས་པ་ནི། །ཐོད་པ་སྡིགས་མཛུབ་ཕུར་པ་བསྣམས། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །གཡས་ན་ཨེ་ཀ་ཛུ་ཏི་མ། །གཡོན་ན་ནག་པོ་ཏ་ལི་མ། །གཡས་གཡོན་གཉིས་ནི་གཙོ་ལ་འཁྱུད། །གཉིས་ནི་རཀྟ་སྟོབས་པར་བྱེད། །ཡབ་ཡུམ་གཉིས་སུ་མེད་པ་རྣམས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཡ་མ་ར་ཙའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་མ་ཏང་རོ་དབྱུག་འཕྱར། །གཡོན་པ་སྲིད་པའི་འཁོར་ལོ་བསྐོར། །མྱོས་བྱས་འབར་བའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས་ན་མ་ཏང་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །ཨརྱ་མ་རུ་ཙི་ཡི་ཕྱག་རྒྱ་ན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་ན་མ་ཏང་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །རལ་པ་ཚར་དགུའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྔང་། །གཡས་ན་སྦུ་གྲི་གཡོན་ན་ཁྲམ་བམ་བསྣམས། །སྲིད་པ་གསུམ་གྱི་བློ་རླུག་ཁྱེད་ཀྱིས་མཛད། །སྤྱན་ནས་མེ་འབར་ཞལ་ནས་ཁྲག་ཀྱང་འཛག །ཐལ་ཆེན་ཁྲག་ཞག་གི་ཚོམ་བུ་ཐྲས། །གསང་མཚན་དམར་གྱི་ཐིག་ལེས་བརྒྱན་པ་སྟེ། ཁྱོད་ནི་མི་ནད་ཕྱུགས་ནད་ཀུན་གྱི་བདག །ཆིབས་སུ་དྲེལ་རྟ་རྐང་གསུམ་ཐོན་ནས་ནི། །དུར་ཁྲོད་ཀུན་ཏུ་རྒྱུ་བའི་མཐུ་མོ་ཆེ། །མ་མོའི་གཅོ་མོ་དཔག་༼ཙམ་ཚད༽བརྒྱད་ཁྲར་རྒྱུག །སྔགས་འཆང་རྣལ་འབྱོར་ཆེན་མོ་དམ་ཅན་མ། །བདག་གིས་༼དགེགས་དགྲ་བགེགས༽ཁུག་ལ་མྱུར་དུ་སྒྲོལ། །ང་རྒྱལ་ཁྲོ་མོ་བྱང་ཆུབ་སེམས་ཀྱི་བདག །ཡབ་ཡུམ་གཉིས་ཀྱི་ཐུགས་ལས་སྤྲུལ་པའི་བདག །ཡ་མ་ར་ཙ་ཁྱེའུ་ཆུང་སྔོན་པོའི་སྐུ། །མཐིང་ནག་མེ་དཔུང་འབར་བ་རློབས་ནས་བཞུགས། །ཐོད་ཕྲེང་ལ་སོགས་དུར་ཁྲོད་བརྒྱན་གྱི་བརྒྱན། །དུར་ཁྲོད་གནས་ཀྱིས་མ་སྲིང་དབང་དུ་བསྡུད། །སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་བ་འདྲ། །ཆུ་ནག་བརླབས་ཞིང་འོད་ཕུང་ནག་པོ་འཕྲོ། །མ་ཧེ་གླང་རྒོད་ཆིབས་ཤིང་འོད་ཕུང་འབར། །ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཁ་ལོ་སྒྱུར། །འཁོར་ལོ་རལ་གྲི་བེར་ཆེན་སྡིགས་མཛུབ་ཞགས། །ཕྱག་ན་བསྣམས་ཤིང་བདུད་ལ་གཏོང་བར་བྱེད་། །མཆེ་བ་དཀར་པོ་གཙིགས་༼ནས་༽དགྲ་བགེགས་སྒྲོལ། །ཧུ༷་ཕཊ་སྒྲ་སྒྲོག་མ་མོ་འབངས་སུ་ཁོལ། །མི་ཤ་རྟ་ཤ་མ་ཡིན་གཞན་གྱི་ཤ་མི་ཟ། །མི་ཁྲག་རྟ་ཁྲག་མ་ཡིན་གཞན་གྱི་ཁྲག་མི་འཐུང་། །ཐུགས་ཀྱི་སྲས་མཆོག་ཡ་མ་ར་ཙ་ཁྱོད། །འགྲོ་བ་མིའི་བདུད་དུ་ཁྱོད་བབས་པ། །ཤ་ཁྲག་རྨད་དུ་བྱུང་བའི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་པའི་ལས་འདི་འགྲུབ་པར་མཛོད། །ཧུ༷་ཤར་ལྷོ་མཚམས་ན་དགྲ་དང་བགེགས་འགུགས་མ། །གཤེད་ཆེན་ཡ་ར་ཙ་གཤིན་རྗེ་ཁྱོད། །སྐུ་མདོག་མཐིང་ནག་དབུ་དགུ་སྤྱི་བོར་བཅིངས། །གཅེར་བུ་སྐྲུལ་དང་ཐོད་པས་བརྒྱན། །དྲེད་མོ་ལག་པ་བཅིངས་ནས་བཅོལ་བའི་འཕྲིན་ལས་མཛོད། །ཕྱག་གཉིས་བེ་ཅོན་འཁོར་ལོ་དགྲ་བགེགས་སྒྲོལ། །མཐིང་ནག་ཚོགས་ཀྱི་མ་མོ་མཁའ་འགྲོ་བྲན་དུ་འཁོལ། །ཉི་མ་དང་པོའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣག་པའི་དགྲ་བོ་འདི། །ཚངས་པ་རྩ་གཅོད་མགོ་བོ་འཁོར་དུ་བཅུག །ལྷོ་ནུབ་མཚམས་༼ནས་༽དགྲ་བོ་འགུགས་མཛད་པ། །གཤེད་ཅེས་མྱོས་བྱས་འབར་བ་གཤིན་རྗེ་ཁྱོད། །སྐུ་མདོག་སེར་ནག་རལ་པ་སྨུག་ལྟར་འཐིབས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དུམ་བུ་སྙིང་ཁར་ཆིབས་ནས་བཅོལ་པའི་འཕྲིན་ལས་མཇོད། །ཕྱག་གཉིས་འཁོར་ལོ་བེ་ཅོན་བསྣམས། །སེར་ནག་ཚོགས་ཀྱིས་མ་མོ་བྲན་དུ་འཁོལ། །ཉི་མ་གཉིས་པའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣག་པའི་དམ་ཉམས་དགྲ་བོ་འདིས། །ལྟེ་བའི་རྩ་གཅོད་ལྔས་སེམས་བརྒྱལ་དུ་ཆུག །ནུབ་བྱང་མཚམས་ནས་དགྲ་དང་བགེགས་འགུགས་མ། །ཨརུ་མ་རུ་དགྲ་དང་བགེགས་ཀྱི་གཤེད། །སྐུ་མདོག་དམར་ནག་རལ་པའི་ཐོར་ཚུགས་བཅིངས། །གཅེར་བུ་སྦྲུལ་ནག་ཐོད་པའི་ཕྲེང་བས་བརྒྱན། །དྲེའུ་རྟ་ཆིབས་ནས་བཅོལ་བའི་འཕྲིན་ལས་མཛོདཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །དམར་ནག་ཚོགས་ཀྱི་དགྲ་བགེགས་མ་མོ་བྲན་དུ་འཁོལ། །ཉི་མ་གསུམ་གྱི་གཤེདམཛད་གཤིན་རྗེ་གཤེད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣག་པའི་སྒྲ་བགེགས་བསྒྲལ་བར་མརྫོད། །མགྲིན་པའི་རྩ་ཆེན་ཆོད་ལ་ཁྲག་ཏུ་སྒྱུག་ཏུ་ཆུག །ཧཱུཾ་བྱང་ཤར་མཚམས་ནས་དགྲ་དང་བགེགས་འགུག་མ། །རལ་པ་ཚར་དགུ་དགྲ་དང་བགེགས་ཀྱི་གཤེད། །སྐུ་མདོག་ལྗང་ནག་རལ་པ་༼ཚར༽་ དགུར་གཡེངས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །རྔ་མོ་གདོང་སེར་ཆིབས་ནས་འཕྲིན་ལས་མཛད། །ཕྱག་གཉིས་བེར་ཅོན་སྲིད་པའི་འཁོར་ལོ་བསྣམས། །ལྗང་ནག་ཚོགས་ཀྱིས་མ་མོ་བྲན་དུའཁོལ། །ཉི་མ་བཞི་པའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣག་པའི་དགྲ་བགེགས་བསྒྲལ་བར་མཛོད། །སྙིང་གི་རྩ་ཆོད་སྲོག་དབུགས་ཕྲོག་ལ་སྒྲོལ། །ཡ་མ་ར་ཙ་དུན་ཏིང་དགྲ་བོའི་སྙིང་ལ་སྦྱོ་སྨྱོ། མྱོས་བྱས་འབར་བ་དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་སྨྱོ་སྦྱོ། ཨརུ་མ་རུ་ཙེ་དུན་ཏི་ཁ་ལ་ཡ། དགྲ་བོའི་སྙིང་ལ་སྨྱོ་སྨྱོ། རལ་པ་ཙ་དགུ་༼འདུན་ཏི་དུནངཏང༽ཁ་ལ་ཡ།དགྲ་བོའི་སྙིང་ལ་སྨྱོ་སྨྱོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་འཕྲིན་ལས་བཅོལ་བའི་ལེའུ་བཅུ་གཉེས་པའོ།། །།དེ་ནས་ཡང་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཡ་མརྙ་ཀས། འདི་སྐད་ཅེས་བཀའ་བསྩལ་ཏོ། །རྣལ་འབྱོར་ཅན་ལ་ཕན་བྱའི་ཕྱིར། །ལས་ཀྱི་རིམ་པར་བྱ་བ་སྣ་ཚོགས་གསུངས། །གླང་པོ་དག་གིས་རྒྱབ་ལ་ནི། །ཕྱི་གན་གན་རྐྱལ་ཡུ་མུ་ཁ༷། །དེ་སྟེང་ཡ་མ་ར་ཙའི་གཟུགས། །གཟིར་བའི་ཆུལ་ཅན་སྐྱོན་པར་བྱ་། །སྔགས་ཀྱི་བཟླས་པ་བྱ་བ་ནི། །རི་རབ་ལྦ་བ་ལྟར་དྲག་སྔགས་བཟླ། །ལས་ཀུན་དེ་ཡིས་ཤེས་པར་བྱ། །ཨོ་བཛྲ་ན་མ་བརྙ་ཧ་སེ་དང་པྲ་བརྙ་རི་ཧུ༷་ཧུ༷་ཕཊ་ཕཊ། ཡ་མརྙ་ཀ་བཛྲ་ཡ་མ་ར་་ཙ་ཆེ་གེ་མོའི་ཙིསྟ་སྨྱོ། དུན་སྨྱོ་སྟུ་རུ་མ་ལ་དུན་སྨྱོ། མ་ས་མ་ལ་དུན་སྨྱོ། ཁྲག་ཤམ་རྦད་ཨ་མུ་ཁང་མ་ར་ཡ་ཕཊ། རྩེ་གཅིག་པའི་སེམས་ཀྱི་བྱའོ། །རྫུ་འཕྲུལ་རྟ་ཡི་ཐོག་ཏུ་བྱ་བ་ནི། །ལིང་ག་གོང་དུ་བསྟན་པ་བཞིན། །དེ་ཡི་སྟེང་དུ་དགོད་པ་ནི། །ཡུམ་གྱི་༩གྲོ་ཏ་འགྲོ་ཀྲ་༽ཏ་མགྲིན་སྔོན་ནོ། །བདུད་རྣམས་དགུ་རུ་བཟླས་པ་ནི། །ཨོ་ཡ་མརྙ་ཀ་ཀྲོ་ཏི་བ་ར་ག་སུ་ཡ་ཏྲ༷་ཏྲ༷་ཆེ་གེ་མོ་བེ་ཏ་ལི་དུན་སྨྱོ། ཧུ༷་སྙོ་ར་ཏ་སྨྱོ། ནཱ་བཱ་མུ་ཏི་མ་སྨྱོ། སྲོག་རྩ་ལསྦྱོ་སྨྱོ།ལྐུགས་པ་ར་དང་ལུག་གི་རྒྱབ་ཏུ་བྱ་བ་ནི། ལོག་འདྲེན་མཐར་བྱེད་ཡབ་ཡུམ་གཉིས། །གཟིར་བ་ར་དང་ལུག་གི་སྟེ། །དྲག་སྔགས་འགྱུར་མེད་བཟླས་པ་ནི། །ཨོ་བཛྲ་༼འབུ་ཏ་་༽ཧུ༷་ཏ་མ་ག་ལ་༼འབི་ཏ་་༽། །ཕྱི་སྲི་བ་ར་ན་ཧ་དུན་སྨྱོ། ཡ་མ་རསྒ་༼ཁའི་ཁུཧི༽། ཆེ་གེ་མོ་ཐུམ་རིལ་རྦད་རྦད། སྲིན་མོ་ཟི་ལ་རྒྱབ་ཏུ་བྱ་བ་ནི། །དམྱལ་བ་མཐར་བྱེད་ཡབ་ཡུམ་གཉིས། །ལིང་ག་བཟླས་པ་སྔ་མ་བཞིན། །ཨོ་བཛྲ་ན་རག་མ་ཨ་མུ་ལ་སྨྱོ་སྨྱོ། མ་ཏི་པ་ཙ་ཙུ་རུསྨྱོ། ནར་ཁ་མ་ཏི་དྲག་པོའི་སྙིང་ལ་སྦྱོ་སྨྱོ། རྔ་མོ་མ་ཧེའི་རྒྱབ་ཏུ་བྱ་བ་ནི། །བྱོལ་སོང་མཐར་བྱེད་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །ཨོ་བཛྲ་སྲ་ཏྲ་སྭ་ད་ན་ཀརྨ་ཏ་ཏ་སྲ་ཆེ་གེ་མོ་སྨྱོ་སྨྱོ།གཡག་དང་སྤྱང་ཁུའི་རྒྱབ་ཏུ་བྱ་བ་ནི། །གནོད་སྦྱིན་མཐར་བྱེད་ཡབ་ཡུམ་གཉི༷ས། །གཟུགས་དང་བཟླས་པ་གོང་མ་བཞིན། །ཨཱོཾ་བཛྲ་ཡ་ཁྭ་ན་མ་ད་ས་ཁྲ་བཛྲ་ཆེ་གེ་མོ་ལ་སྨྱོ་སྨྱོ། ཁྲ་དང་འུག་པའི་རྒྱབ་ཏུ་བྱ་བ་ནི། །ཀླུ་རྣམས་མཐར་བྱེད་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །ཨཱོཾ་བཛྲ་ན་ག་ཏ་ཧྲི་ཡ་མ་ཐ་ར་དུ་སྨྱོ་སྨྱོ། ཆེ་གེ་མོ་མྱགས་མྱགས་ཐུམ་རིལ་རྦད་རྦད། རི་བོང་བྱན་ལག་རྒྱབ་ཏུ་བྱ་བ་ནི། སྲིན་པོ་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ༷་སྔ་མ་བཞིན། །ཨོ་བཛྲ་མ་ཧྭ་ར་ཀྲ། ཧུ༷་ཧྭ༷་ཧྭ༷། ཛ་ཛ། མ་ཏྲི་པ་ཙ་ཧུ༷་སྨྱོ་སྨྱོ། ཆེ་གེ་མོ་ལ་སྨྱོ། སྦྲུལ་དང་བྱའི་རྒྱབ་ཏུ་བྱ་བ་ནི། དམ་སྲི་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན་། །ཨཱོཾ་བཛྲ་ཨ་ནི་པ་ཏྲ་པི་མ་རུ་ཏྲ་ཧུ༷་ཧུ༷་ཛ་ཛ། ཆི་གེ་མོ་ལ་སྟི་ཧ་ཧི་རྦད། མཐར་བྱེད་ཆེན་པོའི་ལས་དེ་ནི། །བསླུ་མེད་ནད་ཟིན་ལྟ་བུའོ། །བདག་ཉིད་ཕྱག་རྒྱར་གསལ་བ་ཡིས། །བརྟེན་རྫས་མཐུན་རྫས་མཆོད་པའི་རྫས། །བརྣག་པ་ཐུགས་ཀྱི་རྫས་ལ་སོགས། །ལེགས་པར་སོགས་ཏེ་ལས་རྣམས་བྱ། །ཐེ་ཚོམ་མེད་པའི་སེམས་ཀྱིས་སུ། །མ་ལུས་གྲུབ་པའི་དོན་དུ་བཤད། །ཅེས་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཐར་བྱེད་ཀྱི་ལས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཐམས་ཅད་ཞི་བར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཐམས་ཅད་ལ་ཞི་བའི་བསྒྲུབ་པ་འདི་གསུངས་སོ། །རབ་ཏུ་དགའ་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱ་སྟེ། །དང་བས་མགུ་བའི་ལསབྱསྟེ། །གཤིན་རྗེ་གཤེད་པོ་ཉིད་ལ་ཕུལ། །གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །ཉོན་ ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ཐམས་ཅད་ཞི་བར་བྱ་བའི་ཕྱིར། །ས་གཞི་གནས་དང་རི་བྲག་དཀར། །ཟླུམ་ལ་ཉམས་དགའ་བཀྲ་ཤིས་གནས། །ཞི་བའི་ལས་ཀྱི་དཀྱིལ་འཁོར་འདི། །ཟླུམ་པོ་དཀར་པོའི་དཀྱིལ་འཁོར་བྲི། །ལྟེ་བར་བཅས་པའི་རྩིབས་བརྒྱད་པ། །མཁས་པས་བསྒྲིམས་ཏེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་བ་ལ། །གཅིག་དང་གསུམ་ནས་མགོ་བཙུགས་ནས། ཁམས་གསུམ་རབ་ཏུ་མགུ་བའི་ཕྱིར། །ཉམས་སུ་མྱོང་བ་བྱས་པ་བསྒྲུབས། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་དུ་དྲག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་སྨིགས་པ་ལ། །བྱང་དུ་བདུད་་རཇོམས་དགོད་པར་བྱ། །ལྷོ་ཤར་ལྷོ་ནུབ་བྱང་དང་ནི། །བྱང་ཤར་མཚམས་སུ་དགོད་པ་ནི། །གླང་མགོ་ཀོ་ཙེ་གསོད་སྦྱོང་རྗེ། །ལས་གྲུབ་རྗེས་ཏེ་གོ་རིམ་བཞིན། །སྟེང་མགོ་དམར་པོ་ནག་པོ་གཉིས། །ཡབ་ཡུམ་གཉིས་གཉིས་བསྒྲིལ་ཏེ་དགོད། །ཟླ་གམ་གསུམ་ལ་མ་མོ་གསུམ། །སྒོ་བཞིར་སྒོ་སྲུང་༼བ་༽རྣམས་བྲི། །དེ་ཡི་ཡུམ་དང་བཅས་པ་རྣམས། ཁྲོ་མོ་ཡབ་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་ལ་གནས་བྱ། །སྒེག་མོ་གཡོན་དུ་བསྟེན་བྱས་ལ། །སྔགས་གཡོག་མཛས་པས་འཚོགས་བྱ་ལ། །མགུ་བའི་འཕྲིན་ལས་བརྩམ་པར་བྱ། །སྐྱེ་ཚ་ཐལ་བ་རུས་པ་ལ། །འཕགས་པ་འཇམ་དཔལ་གཟུགས་ལྟ་བུར། །བྱས་པའི་སྙིང་ཁར་བྲི་མ་ནི། །ཨ་མ་པ་ལ་སི་ཏི་འམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་གྲྭཧྭ་མཐའ་ལྟར་བྱ། །མིང་བྱང་གོང་ལྟར་བྲིས་བྱས་ལ། །གང་ལྟར་བརྩམས་པ་བཞིན་དུ་བཞག །དེ་ལ་འདི་ཡང་རབ་ཏུ་བརྗོད། །ཨོ་ཨ་ཀྲོ་ཤརྙི༷་ན་ག་བཛྲ་གྲྭཧྭ། ཨོ་ཨ་ཀྲོ་ཏེ་ཀ་ཤསྟི༷་བ་ལ་༼བྲུ༷་ཧཱུཾ༽ཞེས་བརྗོད་ནས། སྙིང་ཁར་བརྒྱབ་པས་ཐམས་མགུ་ན། དང་བའི་སེམས་ཀྱིས་ཞི་བར་འགྱུར། དེ་ནས་ཞི་བའི་ལས་ཟིན་ནས། ཕྱོགས་བཅུ་གདུག་པ་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ་མེད་ཅིང་། དགའ་ན་མགུ་བ་ཡིན་ནོ། །དཔལ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཐམས་ཅད་ཞི་བར་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས།འཕྲིན་ལས་རྒྱས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལས། འཕྲིན་ལས་རྒྱས་པའི་བསྒྲུབ་པ་ཐམས་ཅད་ཕུལ། རབ་ཏུ་སེར་ཞིང་གསེར་ལས་གྲུབ། །་ཏོ་་ནམ་འདྲ་བའི་དབྱིབས་ཅན་ལ། །དཔལ་རྒྱས་སེམས་དང་ལྡན་བྱ་སྟེ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །རྒྱས་པའི་སྒྲུབ་ཐབས་་ཤད་པར་མཛོད། །ཅེས་གཤིན་རྗེ་གཤེད་ལ་ཕུལབས། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། །ས་གཞི་གནས་དང་རི་བྲག་གནས། །གྲུ་གཞི་འཁོད་སྙོམས་བཙོ་མ་འདྲ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ། །ལྡོང་རོས་ཆག་ཆག་གདབ་བྱ་སྟེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་གི་ཐག་པ་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་སྐུད་ལ། །དཔལ་དང་གཟི་མདངས་བསོད་ནམས་སོགས། །འཕེལ་ཞིང་རྒྱས་པའི་སེམས་དང་༄༅ ༼ཆས་་ས༽། །སློབ་མ་དམ་པ་ལས་གྲུབ་པ། །བསམ་པས་ཐིག་གི་གདབ་པར་བྱ། །ཕོ་བྲང་གསེར་ལ་ཟེ་མོ་གཡུ། །རྡོ་རྗེའི་བརྩིགས་པ་གསེར་ལས་གྲུབ། །གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་ཐིག་ཆ་བརྒྱད་དུ་འགྱུར། །མཐའ་ནས་ཐིག་གདབ་མན་ངག་ཅན། །དེ་ལ་སོགས་པ་བསམ་པར་བྱ། །རེ་ནི་དཀྱིལ་ཀྲུང་འདུག་བྱས་ལ། །རིན་ཆེན་རིགས་ཀྱི་ངོས་སུ་ལྟ། །དབུས་སུ་གསང་སྔགས་བདག་པོ་སྟེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། །རང་སྔགས་སྐྱེས་བུ་དེ་བསྐྱེད་བྱ། །ཨོ་ཨ་ཀྲོ་ཏེ་ཀ་པུཁོ་བ་ལ་ན་ཧུ༷། ཨོ་ཨ་ཀྲོ་ཏི་ཀ་བྲེཁོ་ཏིསྟ་ན་ན་སྟམ།ཞེས་པས་བདག་པོ་ཡབ་ཡུམ་ལ། །འཁོར་བཅས་འབྲུ་རེ་བ་ལས་བསམ རང་རང་བསྐྱེད་པ་དམ་པ་སྟེ། །སྔགས་དང་ལྡན་པར་ཏིང་འཛིན་བསམ། །བཞུགས་པ་སྟན་དང་མཆོད་པ་དང་། །ཕྱག་བྱས་ལ་སོགས་པ་ཡི་ནི། །ལུས་ཀྱི་བྱ་བ་མ་ལུས་པ ཐམས་ཅད་མ་ལུས་ཚང་བར་བྱ། །བསྐྱེད་དང་བསྒྲུབ་པའི་འབྲས་བུ་ནི། །རྒྱས་པ་བསྙེན་དེ་ཐག་མི་རིང་། །རང་གྲུབ་འབྲས་བུ་དེ་ལ་སོགས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།དངོས་གྲུབ་དམ་པ་རབ་སྟེར་ཞེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །ས་གཞི་གསེར་ལས་གྲུབ་པ་ལས། །གཟུགས་ནི་དམ་པར་རབ་ཏུ་བྱ། །ཕྱིས་ནི་གན་རྐྱལ་གནན་བྱས་ན། །སྙིང་ཁར་བྲིས་ནས་བརྗོད་བྱས་ནས། །སྙིང་པོ་སྔགས་ཀྱི་ཕྲེང་བ་སྟེ། །བླ་མེད་དམ་པར་རབ་ཏུ་བཤད། །ཨོ་བཛྲ་པུཁོ་ཨ་ཡུ་བས་ཤང་བྲེསྒྱེ་གྲྭཧྭ། ཞེས་བརྗོད་ནས་མཐའ་རྒྱས་པར་འཀྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི གཤིན་རྗེརྣམས་ཀྱིས། འཕྲིན་ལས་དབང་བསྒྲུབ་ཐབས་འདི་གསུངས་སོ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕུལ། །རབ་ཏུ་དམར་ཞིང་ཟངས་ལས་གྲུབ། །ཟངས་ལས་༼འཕྲེལ་་ངལ༽བའི་ཡུམ་དག་ལ། །རང་དབང་མེད་པར་དབང་བསྐུར་ནས། །འདུ་བའི་སེམས་དང་ལྡན་བྱས་ཏེ། །དབང་གི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །ཟངས་མ་མང་པོའི་ས་བདག་ལ། །དཀྱིལ་འཁོར་སྔ་མ་དག་དང་འདྲ། །ལེགས་པར་ཁོད་སྙོམས་ཟིན་པ་དང་། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་པ། །ཀུན་ཏུ་ཟླ་གམ་དབང་གིས་མཛེས། །ལྟེ་དབུས་གཞུ་བདུངས་བྲི་བྱས་ནས། །དེ་སྟེང་བདག་པོ་དམ་པ་བཞག །ཐམས་ཅད་མ་ལས་མཆོག་ཏུ་འགུག །ཅི་ལ་བྱ་ཡང་ཐོགས་པ་མེད། །ཞེས་ནི་བདག་བཤད་པར་བྱ་སྟེ་རབ་ཏུ་བསྟན། །གཞན་ཡང་རབ་ཏུ་བཤད་བྱ་བ། །སེམས་ཀྱི་དཀྱིལ་འཁོར་དམ་པ་ནི། །བླ་མེད་ཡང་དག་ངེས་པའི་ལམ། །སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་བྱུང་བའི་ཚིག་དོན་རྣམས། །མ་ནོར་བཟུང་བའི་བཀའ་བཞིན་དུ། །བསྒྲུབས་ན་འགྲུབ་པར་བཤད་པའོ། །དེ་དག་དགུག་པར་གྱུར་པ་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །བསྡུ་དང་འདྲེན་དང་བྱང་ཆུབ་ལམ། །འདི་དག་གོ་འཕང་ཐོབ་བྱའི་ཕྱིར། །ཉུངས་དཀར་རྐང་རྗེས་སའམ་གཞན། ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །གའུའི་ནང་དུ་བསྲེས་བྱས་ལ། །གའུ་གཉིས་ནི་ཁ་སྦྱར་ལ། །སྐུད་པ་དམར་པོས་ཟངས་ལ་སོགས། །བཅིངས་ནས་བསྡམས་ཏེ་དམ་བཅིང་ནས། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་བཞག།ཉུངས་དཀར་ཟངས་གཉིས་བསྲེས་བྱས་ཏེ། །དུད་པས་གའུ་དེ་ལ་བདུག །དེ་ལ་བདུགས་པར་གྱུར་པ་དང་། །བཟླས་པའི་སྙིང་པོ་བརྗོད་བྱས་ཞིང་། །ལན་གྲངས་ཁྲི་ཚོ་དྲུག་ཏུ་ནི། །བརྗོད་ནས་སངས་རྒྱས་ལ་སོགས་རྣམས། །འགུག་པར་གྱུར་ན་ཕན་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འགུགས། ཧུ༷་བཛྲ་ཨཏོ་ ་མརྩི་ཤི་བ་ཤང་མ་ཧོ་སརྦ་ཏི་ལ་༼བྲུ༷་སྒྱུ༷༽། ལན་གྲངས་མང་དུ་བརྗོད་བྱས་ནས། །ཇི་ལྟར་བསམ་པ་བཞིན་དུ་འགུགས།།རྒྱ་ཤུག་བཀས་པའི་ཁུ་བ་དང་། །མི་ཡི་ལག་པའི་ཁུ་བ་དང་། །སྔ་མ་བཞིན་དུ་འགུགས་བྱས་ན། །འགུག་པར་འགྱུར་ཞེས་དཔའ་བོས་བཤད། །ཡང་ན་རང་གི་ལག་རྐྱང་དུ། །ཞེས་གསུངས་སོ། །ཐམས་ཅད་ལུས་དབང་འདུས་པས། །དཔེར་ན་ཕྱོགས་ཕྱོགས་ཐམས་ཅད་ནས། །མཚོ་ལ་སྦྲང་བུ་འདུ་ལྟར་ཏེ། །བདག་གི་དབང་དུ་དེ་འགྱུརརོ། །ཞེསགཤིན་རྗེ་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་དབང་དུ་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས། འཕྲིན་ལས་དྲག་པོའི་བསྒྲུབ་ཐབས་འདི། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕུལ། །རབ་ཏུ་གནང་ཞིང་གནམ་གས་འདྲ། །མོན་ནག་སོག་པོ་ཁྲོས་པ་འདྲ། །སྲིན་མོའི་མདུང་སོ་གཤིབས་པ་འདྲ། ཁྲོ་བོ་ཆེན་པོའི་ཚུལ་ཅན་གྱིས། །གདུག་པའི་སེམས་དང་ལྡན་བྱས་ཏེ། །དྲག་པོའི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་བརྗོད་ཅིང་གཤིན་རྗེ་གཤེད་ལ་ཕུལ། གཤིན་རྗེ་གཤེད་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། ཁྲོ་བོའི་ཚོགས་སུ་འདུས་བྱས་ཏེ། །རང་བཞིན་མཐུན་ཅན་འདི་བརྗོད་དོ། །འབྱུང་བྱེད་ཡེ་ཤེས་དཀྱིལ་འཁོར་འདི། །དཀྱིལ་འཁོར་གོང་མ་བཞིན་དུ་བྱ། །བདག་ཉིད་ཁྲོ་བོ་ཆེན་པོ་ལ། །ཡུམ་དང་དེ་བཞིན་དེ་འདྲའོ། །ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས། །ཐབས་དང་ཤེས་རབ་འཕྲོ་འདུ་འབྱུང་། །ཐབས་དང་ཤེས་རབ་འཕྲོ་འདུ་ལས། །ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས། །དེ་ནི་ལས་ཀྱི་ཐིག་ཅེས་བྱ། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཀུན་ཏུ་གྲུ་བཞི་གྲུ་ཆད་ཅན། །གྲུ་ཆད་བརྒྱད་ལྡན་དུད་ཁྲོད་བརྒྱད། །མཛེས་པར་བྲིས་ཏེ་བཞག་ཏུ་མིན། །བརྟེན་པ་ལྷ་སྟེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། །བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོ་ཨ་ཀྲོ་ཏ་ཨ་སྨི༷་ཨ། བཛྲ་པ་ཏ་ལི་རག་ཤམ། སྨྱོསྨྱོསྨྱོ།༷༷སྨྱུཧུ༷ཧུ༷ཧུ༷ཧུ༷ཧུ༷་ཧུ༷་ཧུ༷ཧུ༷ཧུ༷། ༑་།་།༑་།༑་།་།་་།༧།་།༧།། ཧུ༷་ཧུ༷་ཧུ༷། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྤྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ། ཛ༷༷ཧུ༷་བ༷་ཧོ། ཞེས་བརྗོད་པ་ཙམ་གྱིས།འཇེག་རྟེན་ཁམས་འད་དག་གཡོས་སོ། །རབ་ཏུ་ཀུན་ཏུ་བརྡེག་ག །རབ་ཏུ་ཀུན་ཏུ་ཟེམ་མོ། །དབུས་མཐོ་ན་མཐའ་དམའ། མཐའ་དམའ་ན་དབུས་མཐོ། འཛག་རྟེན་གྱི་ཁམས་འདི་དག་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་བའི་སྔགས། །གསུང་པ་བདག་ཅག་འཚལ་ལགས་སོ། །འཇིག་རྟེན་དུ་མཐུ་ཆེ་བ་འདི་ལྟ་བུ་ལ་བདག་ཞུ་ལགས་སོ། །བཅོམ་ལྡན་འདས་རང་བཞིན་ཁྲོ་བོ་དེ་ལ། བདག་སྔོན་སེམས་ཅན་ཐམས་ཅད་ལ། རབ་ཏུ་ཡང་ཞུསླ་པར་འཚལ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་འདུ་བར་མཛད། དེ་ནི་འདི་སྐད་གསུངས་སོ། །ཨོ་ཤི་པ་ར་ཡ་༼ཁྲ་ཋགོཡ་སརྦ། ཏ་ཀའི་བཛྲ་ཀ་ལ་རུ་པ་མ་ར་ན་ཕཊ། ཞེས་གསུངས་པས་འཇིག་རྟེན་ན་དབང་ཆེ་བ་རྣམས་དང་། མཐུ་སྟོབས་ཆེ་བ་ལ་སོགས་པ་བཏུལ་ནས། འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུ་འཇིག་རྟེན་གང་ནས་ཀྱང་། །གསུངས་མེད་པ་ཡི་ཆོས་ཉིད་ལ། །རང་སེམས་འཕྲོ་འདུ་རུ་གྱུར་པ་ལས། །ཕྱོགས་བཅུར་གསུངས་པ་དེ་དག་ཡིན། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྒྲུབ་ཐབས་ཏེ། ཐམས་ཅད་བཏུལ་བ་དང་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་༼ནས༽་ནན་ཏན་བསྐྱེད་བྱ་སྟེ། །འཇིག་རྟེན་གཤེད་པོ་དྲག་པོའོ། །ཚམས་རྔམ་དག་ནི་བཤད་པར་བྱ། །འཇིག་རྟེན་བཅུད་ཀྱི་གདུག་པ་ཅན། །ཚམས་རྔམ་གློག་ལྟར་འཀྱུར་བ་ལས ངོ་མཚར་མཚན་༼མ༽་བསྒྲག་པར་བྱའོ། །ཨེ་མ་ཧོ། །ཡབ་ཡུམ་གཉིས་མེད་རོལ་བའི་མཁའ་དབྱིངས་ནས། །ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས། །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། །རྟག་པར་བསྒོམ་ཏེ་དེ་བཞིན་གཤེགས་པར་བྱ། །རྫས་དང་སྔགས་དང་ཕྱག་རྒྱར་བཅས་རྣམས་ནི། །གཟུགས་དང་འདོད་པའི་འབྲས་བུ་གང་འདོད་གྲུབ་པའོ།།མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེས་བྱའོ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །གའུ་པདྨ་འདབ་མ་དང་། ཁམ་སའི་རྫིའུ་འཛི་བ་ནི། ཁྲག་སྣ་གསུམ་དང་གི་ཝང་དང་། །དེ་དག་འཕྲིན་ལས་མཆོག་ཡིན་ཏེ། །འགྲུབ་པར་འགྱུར་ཏེ་༼གནོད་མི་བཟའ་ག་དནམངཟ༽། །བླ་མེད་དཔའ་བོས་ཡང་དག་བཤད། །ཕྱོགས་བཅུ་གདུག་པ་མ་ལུས་ཀུན། །འདུལ་བར་གྱུར་ཏེ་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་འབེབས་འདོད་ན། །དུར་ཁྲོད་ལུང་དང་ལྡན་པ་ཡི། །དགོན་པ་ལྷ་བུ་སོང་ནས་ནི། །ཐོག་མར་བསོད་ནམས་ཚོགས་དག་བསགས། །ཕྱི་བཤད་འབུལ་ལ་སོཊ་པ་གདོན། །ཚྭ་ཚྭ་ཉེ་ཐོན་ལ་སོཊ་བྱ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཝ་གི་ཤྭ་རི་དྲུག་འབུམ་གདོན། །འཇམ་དཔལ་མཚན་ནི་ཡང་དག་པ། །རྟག་ཏུ་གདོན་པར་དམ་ཡང་བཅའ། །གྲུབ་པའི་ཉི་མ་གང་ཡིན་ལ། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །དེ་ནས་དྲག་པོ་བྱེད་འདོད་ན། །ཐ་ཆུངས་བཞི་ཡི་མར་ངོ་ལ། །མཎྜལ་༼རྩད་གཙང༽མ་དྲིས་བྱུག་ལ། །དཀའ་ཐུབ་དྲག་པོའི་སྡོམ་པ་བྱ། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མགོ་ནི་རྨ་བྱ་བཞིན་བཀུག་ལ། །རག་ཤའི་ཕྲེང་བ་བཤད་པར་བྱ། །མགོན་པོ་ཉིད་ལ་གུས་བྱས་ཏེ། །སྔོན་དུ་འགྲོ་བའི་སྙིང་པོ་ནི། །ཡི་གེ་བཅུ་བདུན་ནུས་ཐང་གིས། །དྲུག་འབུམ་དག་ཏུ་བཟླ་བར་བྱ། །དེ་ནི་བསྙེན་པ་དང་པོ་ཡིན། །ཕྱིས་ནི་རི་རབརྩེ་མོ་ལ། །སུམ་འབུམ་དག་ཏུ་བཟླས་པར་བྱའོ། །དེ་ནི་བསྙེན་པ་གཉིས་པ་ཡིན། །དེ་ནས་དཀྱིལ་འཁོར་གཙང་མའི་སྟེང་། ཁྲིའམ་དཀྱིལ་འཁོར་སྟེང་དུ་ནི། །འཇམ་དཔལ་སྐུ་གཟུགས་རི་མོ་འམ། །བཞུགས་པའི་སྤྱན་སྔར་ཉིས་འབུམ་བཟླ། །དེ་ནི་བསྙེན་པ་གསུམ་པ་སྟེ། །དབྱེ་བ་ཆིག་འབུམ་ཐོད་པ་དང་། །མེ་ཏོག་ལ་སོགས་མཆོད་པ་དང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ནི་བཞད་འཛུམ་འམ། །རྟགས་ནི་བཟང་པོ་བྱུང་བ་དང་། །དངོས་གྲུབ་ལ་སོགས་བླང་བར་བྱའོ། །དེ་ནས་དྲག་པོའི་སྦྱོར་བར་འཇུག །དུར་ཁྲོད་མ་ལ་ཡ་སོགས་ལ། །མི་སྨྲ་རོ་ཙས་ངག་བླངས་ལ། ཁྲག་ཆེན་དག་ཏུ་སྤད་པར་བྱ། ཁྲག་སྣ་ཚོགས་ཀྱི་ཁུ་བས་བཀུ། །བཙིར་ལ་ཐལ་ཆེན་ས་དཀར་གྱིས། །མདོག་སྒྱུར་ཕུར་བཞིས་བརྒྱངས་ལ་བསྐམ། །ཟླ་བ་ནག་པོའི་ཚེས་དྲུག་ནས། །བརྩམས་ཏེ་ཕྱི་གཏོར་ལ་སོགས་བཏང་། །མཐོང་གཟུགས་དཔང་གཟུགས་གསེར་་སྙོམས་སྐྱེམས༽གཏང་། །སྲིད་པའི་ལྷ་སྲིན་སྡེ་བརྒྱད་ལ། །བདེན་བདར་རྒྱབ་རྟེན་མ་བྱས་བསྒོ། ཁྲམ་དམར་བཏབ་ལ་ཁྲམ་བཞག་ལ། །གཤིན་རྗེའི་དྲག་སྔགས་དག་དང་བསྒྲག ཁྲ་རྡེའུ་དཀར་ནག་རྟོག་པར་བྱའོ། །བསྙེན་པའི་སྙིང་པོ་ཧྲི་སྟི་ཟློས། །ཟླ་བ་ནག་པོའི་ཚེས་དྲུག་ནི། །ཉི་ཤུ་གཅིག་ནས་དབུ་བཙུགས་ལ། །ཉི་ཤུ་དྲུག་ནི་ཚུན་ཆད་དུ། །ནུས་ཚད་དུ་བཟླས་པ་བྱ། །ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧུ༷་ཧུ༷་ཕཊ་ཕཊ། ཆེ་གེ་མོ་ར༷་ཡཧུ༷་ཕཊ།ཉིན་ཕྱེད་ཚུན་ཆད་བཟླས་པར་བྱ། །མཆོད་དང་བསྟོད་པ་ལ་སོགས་བྱ། །བརྒྱངས་པའི་རས་དེ་བླངས་ནས་སུ། །གཞན་མེད་ཐལ་བ་ལ་སོགས་གཉིས། །ཀ་ན་ཀ་ཡི་ཁུ་བ་དང་། །སྦྲང་རྩི་ཕོག་དང་དུག་སྣ་ཚོགས། །ཏིལ་དང་ཉུངས་ཀར་མར་ཁུ་དང་། །རང་གི་སྲིན་ལག་ཁྲག་དང་ནི། །རྙེད་ན་ཕྱི་ས་ར་ཁྲག་དང་། །སྐྱེ་ཚེ་བཙན་དུག་ས་དཀར་དང་། །རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲི། །མ་ར་གཤིན་རྗེའི་ལྟོ་བར་བཞུགས། །དབང་ནི་བཙུན་མོའི་རྟིང་པར་བྱ། །ཞི་༼བའི་བ༽ཟླ་བའི་དཀྱིལ་དུ་བྱ། །རྒྱས་པར་འདོད་ན་གླང་པོའིརྒྱབ། །དབྱེ་བ་རྟ་དང་མ་ཧེའི་འཕོངས། །སྐྲད་པ་དོམ་དང་རྔ་མོའི་འཕོངས་སུ་བྱ། །ལྐུགས་པ་ལུག་གི་ཁོང་དུ་བྱ། །གནན་པ་རི་རབ་འོག་ཏུ་བྱ། །སོ་སོའི་ལས་དང་རྫས་རྣམས་ནི། །རིག་པ་ཅན་གྱིས་ཤེས་པར་བྱ། །གཤིན་རྗེ་ཟླ་གསང་ནག་པོ་འདི། །ཟླ་གསང་༼གསང་༽བར་སྔགས་པ་འདི། །འཕྲིན་ལས་བྱ་བའི་རིམ་པ་ནི། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བཅུ་པའི་རིམ་པ་ནི། །བརྒྱངས་པའི་རས་དག་དུག་བྱུགས་ལ། །མ་དོལ་ལུམ་བུ་ཐང་ཕྲོམ་དང་། ཁ་དོག་དུག་རྣམས་ཚོགས་རྣམས་ལ། །རང་གི་སྲིན་ལག་ཁྲག་དང་སྦྱར། །སྣག་ཚ་བྱས་པས་བྲི་བར་བྱ། །སྒྱུག་གུ་བྱ་རོག་འུག་པའི་སྒྲོ། །མི་དྲིར་ཤི་བའི་རྐང་ལ་ཡང་། །པིར་ལ་སོགས་པ་བྱ་བར་གསུངས། །སྒྲོ་རྩར་སྐུད་པ་སྔོན་དམར་བཅིངས། །འཁོར་ལོ་བྲི་བའི་རིམ་པ་ཡང་། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བྲིས་ནས་སྨོན་ལམ་གདབ། །རང་གི་ཨ་མྲི་ཏ་ལ་སོགས། །མཆོད་ཅིང་བསྟོད་པ་ལ་སོགས་བྱ། །བདག་ཉིད་ཡ་མརྙ་ཀ་ལ་སོགས་སྒོམ། སྐུ་མདོག་སྟང་ཟིལ་ནག་པོའམ། །ཆུ་༼རླབས་གླང༽ནག་པོའི་སྤྲིན་དང་འདྲ། ཁམ་ནག་རལ་པ་གྱེན་དུ་རྗེས། །སྨ་ར་ཁམ་པ་སྨིན་མ་སེར། །གློག་འགྱུ་སྨིན་མ་ཞལ་བགྲད་པ། །ལྗགས་དྲིལ་ཚེམས་གཙིགས་གསུས་ཁྱིམ་ཆེ། །ལུས་དང་ཡན་ལག་ན་གས་དཀྲིས། །ང་རོ་ཁ་ནས་འཛབ་ཀྱང་ཟློས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །དེ་ལྟ་བུ་རུ་བདག་ཉིད་སྒོམ། །མཁས་པས་རང་གི་རིག་པ་ཡིས། །ཐོད་པའི་འོག་མ་ཁྲི་སྟེང་ངམ། །ཟ་མ་ཏོག་གི་སྟེང་དུ་བཞག །སྟེང་གི་ཐོད་པ་སྨྱུག་མ་ལས། །སྔོན་མར་བརྒྱངས་ལ་ཡས་མར་༼བདག་གདགས༽། །ཉི་ཤུ་བདུན་གྱི་སྔ་དྲོ་ལ། །ཉི་མ་རི་རབ་རྩེ་ཤར་ལ། །སྟག་ལྤཊ་གོན་ལ་བགྲོད་དཀར་འགྲོ། །རུ་རུ་༼རག་༽ཤའི་ཕྲེང་བ་བགྲང་། །དབྱུག་ཏོ་ཐོགས་ཤིང་སྡིགས་མཛུབ་སྒྲེང་། །ཕྱག་ཀྱང་འཚལ་ཞིང་ལམ་མི་བཟུར། །འཕྲད་ན་གང་ཡིན་བརླག་པར་བྱེད། ཁྲི་ཁྲི་རྣ་བ་ཅན་ན་ཟླ། །རྣལ་འབྱོར་ནང་ལ་གཏམ་ཟེར་ན། །ལག་པའི་བདེ་ཡིས་གདའ་བར་བྱ། །སྐོམ་དང་བཟའ་བ་འདོད་པའི་ཚེ། །ལག་པའི་བརྡའ་ཡིས་བླང་བར་བྱ། །སྨྲ་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་༼ན༽་ལག་བརྡའ་བྱ། །དེ་ཡི་ཚ་ན་འདི་ཡང་གནོད། །ཡ་མན་ར་ཙ་ཏོ་མེ་ཆེ་གེ་མོ་པྲ་མ་ཡ་ཧུ༷་ཕཊ། དེ་ནས་དམར་ཐག་ཆད་པར་བྱ། ཁྲི་ཁྲི་བཟླས་པར་བྱ་བ་ཡིན། །དམར་ཐག་ཆད་ནས་སྔགས་གཞུག་བཅད། །ཕུར་བུས་གདབ་དང་ཉུངས་དཀར་རྡེག །ཕོ་ཉ་བཅོལ་བསྐུལ་དྲག་ཏུ་བྱ། །མ་ངེས་དཔང་གཟུགས་ཆོ་ངེས་གདབ། །ཉི་མ་གཉིས་པ་ལ་འདི་ཡང་གདོན། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ན་ཆེ་གེ་མོ་རཀྟ་ཙ་ར་ཡ་ཏཱ༷་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་བཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །གསུམ་པ་ལ་ནི་འདི་ཡང་གདོན། །ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ་མུར་ཙ་ཡ་ཧྲུ༷་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་བཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉི་མ་བཞི་པ་གོང་དང་འདྲ། །ཉི་མ་བཞི་པ་འདི་ཡང་གདོན། །ཡཀྟ་ཡ་ཛ་ནི་ར་མ་ཆེ་གེ་མོ་ཞིག་མ་ར་ཡ་ཧྭ༷་ཕཊ།དུམ་ནི་འབྲུག་སྒྲའི་ཚུལ་དུ་གདབ། །གདབ་ཀར་ཡི་གེ་ཉི་ཤུ་རྩ་ལྔ་ཡང་། །གནན་པའི་འཁོར་ལོར་གཞུག་པར་བྱ། །གནན་པའི་གཟུགས་ནི་རབ་ཏུ་བྲི། །ཐོད་པར་རབས་ཆད་ནག་པོའམ། །གུ་དིག་གླེན་པ་བཀྲ་མི་ཤིས།།ནང་དུ་བཅུག་ལ་རེ་བས་དྲིལ། །ལྷ་ཁང་ཐེམ་པའི་འོག་དག་གམ། །རོ་ཁུང་དུར་ཁྲོད་དག་ཏུ་གནན། །གཏད པ གཤིན རྗེཉིདལ་སྟེ། །དངོས་སུ་རལ་པ་ཚར་དགུ་ལ། །རྒྱ་མཚོ་ཆེན་པོའི་འོག་ཏུ་གནན། །གནན་པའི་ལྷ་ནི་ཚར་དགུ་སྟེ། །ཚུབ་ནག་འདྲ་བའི་གཟུཊ་ཆེན་ལ། །མ་ཧེའི་ནག་པོའི་གདན་ལ་སྐྱོན། །གཤིན་རྗེ་དབྱུག་པ་སྔོན་པོ་ཐོགས། །དེ་ལྟ་བུ་ཡི་དངོས་པོ་ལ། །བདག་གི་རལ་གྲི་ཕྱག་རྒྱ་བཅས། །ས་གཞི་རིན་ཆེན་ བཤགས་ནས་ནི། །གཤིན་རྗེ་ཡི་ནི་ལག་ཏུ་གཏད། །རི་རབ་ཆེན་པོ་ཉིད་ཀྱི་གནན། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་བཅའ་གཞིའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་མེ་ཏ་སྣེ་ཞེས་པ། །ཕྱོགས་བཞི་དབུས་ཀྱི་ལེ་ཚེ་ལ། །དྲག་པོ་སྔགས་ཀྱི་ཡི་གེ་དགོད། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །ར་ཙ་ས་ཏོ་བཞི་ཡང་དགོད། །རུ་ན་ཡོ་ནི་དག་དང་ཡང་། །ར་མ་ཙ་ནི་ཞེས་པ་ཡི། །འཁོར་ལོའི་རྩིབས་ལ་དགོད་པར་བྱ། །ཐིག་སྐོར་གསུམ་པ་དག་ལ་ནི། །བཅུ་དྲུག་རྩིབས་དང་ལྡན་ལ། །ཧྲི་སྟི་སྔགས་ཀྱི་ཡི་གེ་དགོད། །བསྒྲུབ་བྱའི་མིང་དང་སྤེལ་ལ་གདབ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ། །སྒོ་དང་སྒོ་ཁྱུདལྡན་པར་བྱ། །དབུས་ནི་དྲག་པོ་གྲུ་གསུམ་ནག །ལེ་ཚེ་བཞི་ནི་ཕྱོགས་དང་སྦྱར། །ས་སྟེང་མཛེས་པའི་མཚོན་དུ་བཏང་། །བཅུ་གཉིས་དྲག་པོ་དྲུག་ཅུ་རྒྱས། །རྡོ་རྗེ་ལྕགས་ལ་གྲུ་ཆད་ལྗང་། །མཐའ་ནི་ལྕགས་རི་ཕྱོགས་དང་སྟུར། །གཤིན་རྗེལྷ་ནི་ལྷོ་ཤར་བྱང་། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཤ་ཁྲག་རྫས་དང་མེ་ཏོག་སྔོ། །ལྷ་ཡི་ཕྱོགས་ནས་དབུལ་བར་བྱ། །དྲག་པོ་རྫས་ཀྱི་གའུ་དེ། །མངའ་གསོལ་དབང་བསྐུར་བྱས་ནས་ཀྱང་།།དཀྱེལ་འཁོར་སྟེང་དུ་བཞུགས་སུ་གསོལ། །འཁོར་ལོ་བཅུ་བདུན་རྩེ་ལ་ཡང་། །ཕུར་བུ་བཅུ་བདུན་རིམ་གྱིས་སོ། །འཁོར་ལོ་བཅུ་དྲུག་རྩེ་མོ་ལ། །ཕོཀྱེ་སེ་སྐྱེཚེ༽བཅུ་དྲུག་ཕུར་བུ་དགོད། །སྒོ་བཞི་བསེ་མོའི་ཕུར་པ་བཞ། །ཉི་ཤུ་རྩ་བརྒྱད་ལྔ་ལ་ཡང་། །དབང་ཕྱུག་མངའ་གསོལ་བར་ཁྱམས་ལའོ། །བསྒྲུབ་པའི་དམ་རྫས་གཏོར་མ་བཏང་། །བསྒྲུབ་བྱ་ལྷ་སྡེ་སྤྲུལ་ཤིག །ལས་སུ་གཉེར་བའི་ལྷ་སྟེ། །ཉི་མ་བཞིལ་ཅིག །འཕྲིན་ལས་སུ་གཉེར་བའི་ལྷ་སྟེ། གྲི་ཐོགས་གསོལ་ཤིག ཁྲམ་ཐོགས་བདུད་ལ་ཅིག །མ་མོའི་ཚོགས་ལ་ཅིག་ཀྱང་དབུལ། །ཞི་ཁྲོ་ལྷ་ཡི་ལས་གཞུང་བསྲང་། །དེ་ནས་འཆི་བདག་ལས་གཞུང་བསྲང་། །ཞེས་གཤིན་རྗེ་གཤེད་པོས་བཤད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་གཞིའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་འཇམ་པའི་མགོན། །ཕྱོགས་སྐྱོང་འདུལ་བའི་གཤེད་པོ་སྟེ། །དཔའ་བོའི་འཁོར་དུ་འདུག་པ་རྣམས། །ཚུལ་བཞིན་སྒྲུབ་པའི་དོན་བཤད་ཀྱང་། །འཕྲིན་ལས་གཞུང་སྲོང་ཇི་ལྟར་སྲོང་། །ཏིང་འཛིན་རྣམ་གསུམ་ཇི་ལྟར་བསྐྱེད།།སྤྱན་དྲངས་གཞུག་ས་ཇི་ལྟར་བགྱི། །འཇམ་དཔལ་མགོན་ལ་བདག་ཉན་འཚལ། །དབང་པོ་ཆེན་པོས་བཀའ་སྩོལ་ཞིག །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འཕྲིན་ལས་ཀྱི་ལེའུ་འདི་ཆེད་དུ་བརྗོད་དོ། །དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ། །མི་རོ་མང་པོ་ཡོད་དམ་རྐང་ཅིག་ཤིང་གི་རྩ། །གཅན་གཟན་མང་པོ་འདུ་ཞིང་འདབ་ཆགས་མང་པོ་འདུས། །ལྷ་འདྲེ་མང་པོ་ཚོགས་སར་དྲག་པོའི་གནས་བཙལ་ཏེ། །མཆོད་བསྟོད་བཤགས་ལ་དཀོན་མཆོག་གསུམ་པོ་སྤྱན་ཡང་དྲངས། །མཉེས་པར་བྱ་ཕྱིར་མཆོད་པ་ལྔ་ཡང་དབུལ། །ས་བདག་ས་སྲིན་ལྷ་མོ་སྤྱན་དྲངས་ལ། །གཏོར་མ་ཆང་ཕུད་མཆོད་པ་རྫས་བྱིན་བརླབ། །སྔོ་ནི་ལང་བསླང་ཆིག་བཤད་བརྗོད། །ང་རྒྱལ་རྡོ་རྗེ་ཁྲོ་བོ་ཡིས། །རྡོ་རྗེའི་འགྲོས་ཀྱིས་བསྐོར་བྱས་ལ། །ས་བླངས་ས་གཞི་སྦྱང་བ་ནི། །བདག་ཉིད་ཁྲོ་བོར་གྱུར་པའི་ཐུགས་ཀ་ནས། །ར༷་ལས་ཡེ་ཤེས་་སྤྲོས་མེཡངས༽དངོས་མཚན་ཀུན་བསྲེགས་ལ། །ཡ༷་ལས་རླུང་གིས་ཀུན་་རྟོར་ག་ཏར༽ཏེ། ཁ༷་ལས་ཆུ་ཡིས་བཀྲུ་བར་བྱ། །དོན་དམ་སྟོང་པའི་ངང་དུ་བསྒོམ། །དེ་ནས་ཀུན་རྫོབ་མཚམས་བཅད་དེ། །དཀྱིལ་འཁོར་བརྒྱད་ཆ་དབུས་སུ་བསྐོར་བར་བྱའོ། །རིན་ཆེན་སྣ་ལྔ་ལྡན་པའི་ཆང་ཕུད་གཙང་། །ཕུང་ཤུལ་ས་བླངས་མི་རྟག་ཁྲག་གིས་བརྩིག །ས་སྦྱངས་གྲུབ་ནས་དུར་ཁྲོད་ཆག་ཆག་གདབ། །དྲི་ཆེན་དྲི་ཆུ་རིན་ཆེན་རཀྟ་དང་། །དུག་ལ་སོགས་པས་ཆག་ཆག་རབ་ཏུ་གདབ། །དེ་ནས་ཐིག་གདབ་ཐིག་གི་རྒྱུ་བསྟན་པ། །ཞིང་གི་རྒྱུས་པ་ཡུགས་མོའི་སྐྲ། །དྲི་བོའི་ལོག་ནོན་རོ་ཤ་ཁ་རལ་སྐྲ། །ཐིག་སྐུད་བྱས་ལ་བྱིན་བརླབས་ཐིག་ཀྱང་གདབ། །ཤར་དང་ནུབ་དང་དེ་བཞིན་བྱང་། ཁྲར་ལྷོ་ནུབ་བྱང་ལྷོ་ནུབ་དང་། །དེ་བཞིན་བྱང་ཤར་མཚམས་སུ་ཡང་། །དབུས་ཀྱི་ཤར་ནུབ་དབུས་ཀྱི་ལྷོ་དང་བྱང་། །སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད། །མཐའ་ཐིག་ལ་སོགས་བྲི་བ་ལས་སུ་ཤེས། །དང་པོ་དུར་ཁྲོད་རས་བརྒྱངས་ལ། །འཁོར་ལོ་བྲི་བ་མན་ངག་ལས་སུ་ཤེས། །མ་ར་ཡའི་གཟུགས་བཅས་ལ། །་ན་ངདྲ༽ཆེན་དྲི་ཆུ་རྐང་རྗེས་དང་། །ངར་བསྣབས་དག་གི་དུམ་བུ་དང་། །ནང་དུ་ཚེར་མ་རུས་པས་དགང་། །མིང་རུས་གོང་དང་མིང་བྱང་དག །ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུགས། །སྐུད་པ་སྔོན་དམར་བྱད་བཅུག་བྱ། །སྔགས་བཟླས་སྐུད་པ་ནག་པོ་དག་གིས་སྐྱེ་གནས་༼བདག་གདགས༽། །དེ་ནས་ཐོད་པ་མཚན་ངན་ཞིག་བཤམས་ཏེ། །ལུས་ཀྱི་ངོས་ལ་ཡབ་བྲིས། སྤྱི་བོའི་ངོས་ལ་ཡུམ་བྲིས། དེ་བཞིན་གཤེགས་ཏེ་འཁོར་ལོ་རབ་ཏུ་གཞུག །འཁོར་ལོ་ཐོད་པའི་ནང་དུ་གཞུག །མི་ལྤགས་ཕྲེང་བས་རྒྱ་གྲམ་བཅིང་། །དེ་ནས་ཕུར་པ་བཅུ་གཅིག་ལ། །གུ་གུལ་དུད་པས་རབ་ཏུ་བདུག །ཉུངས་ཀར་རྒྱལ་པོ་དག་གིས་བརྡེག །གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོ་བསྐྱེད། །སྤྱན་དྲངས་བཞུགས་གསོལ་གདན་རང་རང་་ལ་དགོད། །ཤར་དུ་ཀོང་ཙེ་བྲག་མགོན་དྲི་ཟ་འདུལ། །ལྷོ་ཕྱོགས་འཆི་བདག་ཡ་བ་ཏི། །ནུབ་ཏུ་སྨིག་བུ་ཀླུ་བདུད་འདུལ། །བྱང་དུ་ལྷ་མཆོག་གནོད་སྤྱིན་འདུལ། །ཤར་ལྷོར་ཨ་བ་གླང་མགོ་མེ་ལྷ་འདུལ། །ལྷོ་ནུབ་མིག་དམར་སྲིན་པོ་འདུལ། །ནུབ་བྱང་རྟེལ་པ་རླུད་ལྷ་འདུལ། །བྱང་ཤར་ལས་གྲུབ་དབང་ལྡན་འདུལ། །སྟེང་དུ་དྲག་འཇོམས་ཚངས་པ་འདུལ། །འོག་ཏུ་དམར་པོ་ས་བདག་འདུལ། །དེ་དག་གཤིན་རྗེ་ཡུམ་རྣམས་དང་།།ཕུར་པ་རང་རང་དྲིལ་བྱས་ནས། །ཀུ་མ་༼འདའ་དྷ༽རི་བདུད་འདུལ་ཤར། ཁྲ་རི་༼འདའ་དྷསྐརི་བཙན་འདུལ་ལྷོ། །ཀང་ཀ་༼འདའ་དྷ༽རི་བཀའ་འདུལ་ནུབ། །ཙ་མུན་༼འདའ་དྷ༽རི་ཀླུ་འདུལ་བྱང་། །ཕུར་པ་བཞི་ཡང་སྒོ་བཞི་ལའོ། །གཤིན་རྗེའི་བྲིས་སྐུ་ལྷོ་རུ་བཀྲམ། །ཐོད་པ་འཁོར་ལོ་བཅས་པ་དེ། །གྲུ་གསུམ་ཕུར་གསུམ་སྟེང་དུ་བཞག །གཡང་གཞི་ལྤགས་འཕེན་ལ་སོགས་པ་ཡི་རྒྱན། །ཤ་ཆེན་ཚིལ་ཆེན་ཀེང་རུས་དང་།།ཁྲག་ཆེན་ལ་སོགས་ཅི་མང་སྦྱར། །སྐྱེ་ཐག་གཤིན་རྗེའི་ཕུར་ལ་གདགས། །གཏོར་མ་ལ་སོགས་གོང་བཞིན་བཞག །ཉུངས་ཀར་སྐྱེ་ཚེ་དུག་ཁྲག་རྣམས། །གཡས་གཡོན་དག་ཏུ་བཞག་པར་བྱ། །མཆོད་པ་ལྷ་དང་གཏོར་མ་གསུམ། །ཆང་ཕུད་ལ་སོགས་བཤམས་ནས་ཀྱང་། །དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ། །མཆོད་དང་སྡིག་པ་བཤགས་པར་བྱ། །དེ་ནས་ཆོས་ཀྱི་སྲུང་མ། །ཀླུ་མགོན་ལྷ་མགོན་ལ་སོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །འགྲོ་བ་དྲུག་ལ་སོགས་པ་ལ། །གཏོར་མ་བསྔོས་ལ་བདེན་པ་བདར། །དེ་ཡི་གྲོགས་མ་བྱེད་ཅེས་བསྒོ། །དཀྱིལ་འཁོར་བསྐོར་ཞིང་དཔང་ཡང་གཟུགས། །ཐ་མ་རྡོ་རྗེའི་འགྲོས་ཀྱིས་བསྐོར། །བགེགས་རྣམས་བསྐྲད་ལ་མཚམས་ཀྱང་བཅད། །དེ་ནས་ལྷོ་ཡི་ངོས་སུ་ཁ་ཡང་བལྟ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་དང་ཏིང་འཛིན་རྣམ་གསུམ་སྒོམ། །ཨེ་ཡ༷་ར༷་སུ༷་་ཀྱེ་ཀེ༽ར༷་སྒྱུ༷་ལས། །གཞལ་ཡས་གདན་དང་བཅས་པ་སྒོམ། །དབུས་ཀྱི་མ་ཧེའི་གདན་ཐོག་ཏུ། །མཐིང་ནག་འབར་བའི་ཧུ༷་གཅིག་བསྒོམ། །དེ་ལས་འོད་ཟེར་འཕྲོས་འདུས་པས། །ཕྱག་མཚན་རྡོ་རྗེ་ཞིག་ཏུ་གྱུར། །ཨོ་ཨ་ཀྲོ་ཏེ༄ཡ་མརྙ་ཀ །ཀ་ལ་རུ་པ་བཛྲ་ཀྲོ་ཏ་ཧུ༷་ཕཊ། ཅེས་བརྗོད་པས། འོད་ལས་ཡ་མརྙ་ཀར་གྱུར། །གཡས་དཀར་གཡོན་དམར་དབུས་མཐིང་༼ནག༽། །རལ་པའི་རྩེ་ལས་མེ་འབར་བ། །རལ་པའི་སྐོསྐྱོད་སྐེདཀེནས་ཞག་འཛག་པ། །རལ་པའི་རྩ་ནས་རྒྱ་མཚོ་འཁྲུགས། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་བསྣམས། །དུང་དམར་མདུང༷་ཐུང་གསལ་ཤིང་གཡོན། །ཞབས་བཞི་བརྐྱང་བསྐུམ་མ་ཧེ་འཛིན། །དུར་ཁྲོད་རྒྱན་གྱིས་བརྒྱན་པར་བསམ། །ཀླད་པར་ཨོ་བསམ་མགྲིན་པར་ཨ༷། །ཙིསྟའི་ནང་དུ་ཧཱུཾ༷་ཞིག་བསམ། །ཡེ་ཤེས་ལྔ་རུ༷་བྱིན་གྱིས་བརླབ། །ཨོ་སརྦ་ཏ་ཐུ་ག་ཏ་ཀ་ཡ་ཝ་ཀ་ཙིལྟི་བཛྲ་སྭ་བྷ་བ་ཨཏྣ་ཀོ྅ཧ༷། སྐུ་གསུམ་ཐུགས་བྱིན་གྱིས་བརླབས། ཨོ་སརྦ་ཏ་ཐུ་ག་ཏ་ཀ་ཡ་ཝ་ཀ་ཙིཀྟ་བཛྲ་སྭ་བྷ་བ་ཨཏྣ་ཀོ྅ཧ༷། ཁྲོ་བོ་རང་རྒྱལ་བསྐྱེད་པ་ལ། ཨོ་སརྦ་ཏ་ཐུ་ག་ཏ་ཡ་མརྙ་ཀ་མ་ཧྭ་ཀྲོ་ཏ་ཧུ༷། དེ་ནས་ཧུ༷་ཞེས་རབ་བརྗོད་པས། ཁྲོ་བོའི་ཐུགས་ཀར་ཧུ༷་བཏོན་ཏེ། །གཡོན་ཕྱོགས་ཞིང་གི་གདན་སྟེང་དུ། །ཧྭ༷་དེའི་འཕྲོས་ཞིང་འདུས་པ་ལས། ཨོ་ཨུ༷༷ཧྭ༷། པེ་ཏ་ལི་རསྒ་མིན། བརྗོད་པར་༼ཡབ་གོཐུམ་ཉིད་དུ་གྱུར། ཁྲམ་བམ་གཡས་ལ་བརྙ་གཡོན། །སྐུ་མདོག་ནག་པོ་གསལ་བྱེད་བསྐྱེད། །ཡབ་ཀྱི་གསང་བའི་རྡོ་རྗེ་དང་། །མི་་ལས་ནོར་བུ་བུ་གར་ཕཊ། །དེ་ནས་ཡུམ་གྱི་གསང་གནས་སུ། །ཕ་ལས་པདྨ་འདབ་མ་བརྒྱད། །ཡེ་ནས་གྲུ་གསུམ་བྱ་བ་དེ། །འདི་སྐད་བརྗོད་ལ་གསང་སྒོ་དབྱེ། །པདྨ་༼དགུ་ཏ་གུརྒྱ༽པྲ་བེ་ཤ་ཕཊ། །ཞེས་བརྗོད་༼ལ་༽གསང་སྒོ་དབྱེ། ཡབ་ཡུམ་རོལ་པར་མཛད་པ་དང་། །ལྷག་པ་བྱང་ཆུབ་སེམས་ཉིད་དེ། །སྙིང་རྗེའི་ལམ་ནས་རབ་བྱུང་སྟེ། །ཡུམ་གྱི་༼བ་ཁའི་བྷགའང༽མཁའ་འཕྲོས་དང་། །དེ་ལས་ཧུ༷་ཞེས་བ༷རྗོད་པ་ཡིན། །བྱང་སེམས་ཧུ༷་སྒྲིལ་མ་བཅུར་གྱུར་ཏེ། མཁའ་ལས་བཏོན་ནས་འཁོར་ལོའི་རྩིབས་དང་གདན་ཐོག་ཏུ། ཧུ༷་ཧུ༷་སྒྲིལ་མ་རེ་རེ་བསམ། །འཁོར་ལོ་ཤར་གྱི་རྩིབས་གནས་པ། །ཧུ༷་ཧུ༷་སྒྲིལ་མ་དེ་ཉིད་ལས། །ཨཱོཾ་ཡ་མན་བཛྲ་ཀྲོ་ཏ་ཧུ༷། ཨོ་བཛྲ་ཡ་མན་ཀྲོ་ཏི་ཧུ༷་༷། བརྗོད་པས་ཧུ༷་ལས་ཁྲོ་བོའི་སྐྲུ། །ཀོང་ཙེ་བྲག་མགོན་ཁམ་བརྒྱ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །དུར་ཁྲོད་བརྒྱན་དང་ལྡནཔསྟེ། །གྭ་ཡོནཔ་བྷན་དམར་ཡུམ་ལ་འཁྱུད། །གཡས་པས་གདུག་པའི་མརྨོན་ཆ་འཛིན། །ཡུམ་ཡང་གཡས་ཀྱེ་ཡུམ་ལ་འཁྱུད། །གཡོན་པ་དུང་དམར་ཡབ་ལ་སྟོབ། །དུར་ཁྲོད་བརྒྱན་རྣམས་ཡབ་དང་མཐུན། །རྩ་བའི་སྔགས་ན་བརྗོད་ནས་སུ། །ཕྱོགས་ཕྱོགས་ཡབ་ཡུམ་ཀུན་ཀྱང་བསྐྱེད། །རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །གོང་བཞིན་ཐམས་ཅད་གསལ་བར་བསྐྱེད། །གཡས་ཀྱི་ཧུ༷་ལས་ཡབ་ཏུ་བསྐྱེད། །ཡབ་རྣམས་ཀུན་ནི་ནག་པོའོ། །ཡུམ་རྣམས་ཀུན་ནི་དམར་པོའོ། །ཡང་ན་ཁ་དོག་རིགས་དང་མཐུན། །ཡུམ་ནི་ཡབ་དང་སྐུ་མཐུན་པའོ། །རོ་ག་མ་དུན་ཡིསྨོ་་། ཙ་མུན་ཏི་དུན་སྨྱོ། ནམ་གྲུ་མ་དུན་སྨྱོ། སྨྱོ་ལས་དུར་ཁྲོད་མ་མོ་གསུམ། །ཟླ་བ་གསུམ་ལས་བསྐྱེད་པར་བྱ། །སྒོ་བཞིར་རྡོ་རྗེ་སེ་མོ་བཞི། །ཀུ་མ་ཏ་རི་ཤར་དུ་བསྐྱེད། ཁུ་ལ་༼མངའ་དྷ༽་རི་ལྷོ་རུ་བསྐྱེད། །ཀང་ཀ་ད་རི་ནུབ་ཏུ་བསྐྱེད། །རྩ་མུན་ད་རི་བྱང་དུ་བསྐྱེད། །ཀེའུ་སེང་དབང་ཕྱུག་མན་ངག་ལས་ཤེས་བཤད། །སྤྱན་དྲངས་ཕྱག་འཚལ་བཞུགས་མཆོད་འབུལ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་འཕྲིན་ལས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། དྲག་པོའི་འཁོར་ལོ་སྐབས་འདིར་བརྗོད། །དུར་ཁྲོད་ཀྱི་རས་རྙིང་པ་དང་། །དྲི་བོ་ཤི་བའི་རོ་ཤུན་ནམ། །མི་ཚིག་་ཕོ་རྩགས་ལ་སོག་༽པ་སྨྲ་བར། །སྐྱེ་ཚེ་ཉུངས་ནག་༼ལག་ཚ་ལན་ཚྭ༽་ མང་། །དུག་ནི་ནིམ་པའི་ལོ་ཤིང་དང་། །ཀ་ན་ཀ་ཡི་ཁུ་བ་དང་། །རོ་བསྲེག་པ་ཡི་སོལ་བ་དང་། །རང་ངམ་བམ་གྱི་མཛུབ་མོའི་ཁྲག །དེ་རྣམས་སྦྱར་ལ་སྣག་ཚ་བྱ། །བྱ་རོག་འུག་པའི་སྒྲོ་༼རྩལ་་ལ༽་ལ། །འཁོར་ལོ་བྲི་བའི་སྐྲུ་གུ་བྱ། །འཁོར་ལོ་རྩིབས་ཅན་གཉིས་བྲིས་ཏེ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཤིན་རྗེ་ལྟོ་ན་ཡོད་རྟཊ་སུ། །འཁོར་ལོ་རྣམ་པ་གསུམ་དུ་བྲི། །དབུས་སུ་རེའུ་མིག་དགུ་རུ་བྱ། །ཕྱི་རིམ་རྩིབས་ནི་བཅུ་གཉིས་བྱ། །ཐ་མ་དག་ལ་བཅུ་དྲུག་བྱ། །ཡབ་ཡུམ་འཁོར་ལོ་དག་ལ་བསྐོར།།འཁོར་ལོའི་ནང་དུ་སྔགས་བྲིས་ལ། །རི་བུ་བཅུ་བཞི་དང་བཅུ་གཉིས་དང་། །ཉི་མ་བཞི་པའི་གཤེད་བཞི་བྲི། །བཅུ་དྲུག་ཧྲི་སྟི་དམ་ཚིག་སྔགས། །ཕྱི་རིམ་ཀ་ཀ་བཞི་བཅུ་གཉིས། །ཡང་རིམ་དབྱངས་ཡིག་བཅུ་དྲུག་བྲི། །དེ་ཡི་ཕྱི་རིམ་ཡང་རིམ་ལ། །ཛ༷༷ཧུ༷་བ༷་ཧོ་བྲི་བར་བཤད། །ཡི་གེ་རེག་མི་རུང་། དེ་ཡང་ཕོ་ཡི་འཁོར་ལོ་ནི། །ཡི་གེ་ཁརྣམས་ཕྱི་རུ་བསྟན། །མོ་ཡིག་རྣམས་ནི་ནང་དུ་སྟོན། །ཡ་དང་ཡ་མཉམ་མ་དང་མ། །ར་དང་ར་མཉམ་ཙ་དང་ཙ། །ས་དང་ས་མཉམ་ཏོ་དང་ཏོ། །མེ་དང་མེ་མཉམ་ཡ་དང་ཡ། །ཡ་དང་ཡ་མཉམ་མེ་དང་མེ། །ན་དང་ན་མཉམ་ཡོ་དང་ཡོ། །ཏ་དང་ཏ་མཉམ་ཡང་དང་ཡང་། །ཡ་དང་ཡ་མཉམ་ཏ་དང་ཏ། །ཡོ་དང་ཡོ་མཉམ་ནི་དང་ནི། །ར་དང་ར་མཉམ་ཡ་དང་ཡ། །སྒེ་དང་སྒེ་མཉམ་ཡ་དང་ཡ། །ཡ་དང་ཡ་མཉམ་སྟེ་དང་སྟེ། །ཡ་དང་ཡ་མཉམ་ཙ་དང་ཙ། །ནི་དང་ནི་མཉམ་ར་དང་ར། །མ་དང་མ་མཉམ་ཡ་དང་ཡ། །མདོརན་ཡི་གེ་གོང་མ་དང་། །འོག་མ་མཉམ་ཞེས་བྱ་བའི་ཐ་ཚིག་གོ །གཡས་བསྐོར་གཡོན་བསྐོར་ཕོ་མོ་གཉིས། །མ་ནོར་མ་ལོག་བྲི་བ་གཅེས། །དམ་ཚིག་ཡི་གེ་དགོད་པ་ཡང་། །ཨོ་དང་ཨོ་མཉམ་ཧྲི་དང་ཧྲི། །སྟི་དང་སྟི་མཉམ་ཐི་དང་བི། །ཀྲི་དང་ཀྲི་མཉམ་ཏ་དང་ཏ། །ན་དང་ན་མཉམ་ན་དང་ན། །ཚེ་དང་ཚེ་མཉམ་གེ་དང་གེ །མོ་དང་མོ་མཉམ་ཧུ༷་དང་ཧུ༷། །ཧུ༷་དང་ཧུ༷་མཉམ་ཕཊ་དང་ཕཊ། །སྭ་དང་སྭ་མཉམ་ཧོ་དང་ཧོ། །དམ་ཚིག་ཡི་གེ་མ་ནོར་དགོད་པ་གཅེས། །ཀ་ཁ་དབྱངས་ཡིག་ལ་སོགས་ཏེ། །ཡི་གེ་རྣམས་ཀྱི་དགོས་ཕྱོགས་སོ། །གཉིས་ཀ་རྣལ་མར་བྲིས་འགྱུར་ན། །ཡབ་ཡུམ་ཆོ་རོལ་སོང་འགྱུར་ཏེ། །འཁོར་ལོ་ལོག་ན་རྣལ་འབྱོར་ཕུང་། །དེ་རྡོ་རྗེའི་གུར་༼གདངས་དངས༽གཞིར་བསྒོམས། །ཧུ༷་འཇིག་རྟེན་ཁམས་གསུམ་མ་ལུས་ཀུན། །ར༷་ཡ༷་ཁ༷་གིས་བསྲེགས་སྦྱངས་ལ། །ཡེ་ཤེས་འབྱུང་བ་རིམ་བཞིན་བསྒོམ། །ཨེ་ཡ༷་ར༷་བ༷་སུ༷་ཀེང་༼རུས༽་ ། །ནམ་མཁའ་སྟོང་པའི་རང་བཞིན་ལས། །རྟེན་པ་རླུད་གི་མཎྜལ་བསྒོམ། །དེ་སྟེང་ར༷་ལས་གྲུ་གསུམ་མེ། །བ༷་ལས་བདུད་རྩི་ངོ་བོ་ཡི་ཆུ་ལས། །སྨིན་པ་ས་ཡི་དཀྱིལ་འཁོར་བསྒོམ། །ཀེང་རུས་རི་རབ་སྟེང་དག་ཏུ། །ཡེ་ཤེས་འབར་བའི་གཞལ་ཡས་བསྒོམ། །སྒྲོ༷་ལས་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་དང་། །དཀྱིལ་འཁོར་ཚུལ་དུ་གཞལ་ཡས་༼ཁང༽་ ། །ཧཱུཾ༷་ཙྭ་ན་ཙཀྲ་སྒྲོ༷། །ཧུ༷་གཞལ་ཡས་དབུས་སུ་ཉི་ཟླ་སྟེ།།ཆུ་སྐྱེས་སྟེང་དུ་བདག་ཉིད་ནི། །འཕྲོས་འདུས་རལ་གྲི་རྡོ་རྗེ་མཚན། །འོད་འགྱུར་འཇམ་པའི་རྡོ་རྗེ་བསྒོམ། །ཨོ་ཨ་ར་པ་ཙ་དེ་ནདྷི༷༷༽། ཧུ༷་འཇམ་པའི་རྡོ་རྗེའི་ཚུལ་དུ་ཟུར་ཕུདེ་ཅན། །སྐུ་ནི་གསེར་མདོག་ཞི་བའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་གཉིས་རལ་གྲི་འཆང་། །གཞོན་ནུར་སྐུ་སྤྲུལ་ཕྱག་གཡོན་ཁུལ་ཏེ། །མི་འགྱུར་ཤེས་རབ་པོ་ཏི་མཚན་མ་བསྒོམ། །སྙིང་དཀྱིལ་ཉི་མའི་དཀྱིལ་འཁོར་དང་། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་འོད་ཀྱི་གོང་བུ་བསམ། །འོད་ཕུང་ཁ་དོག་ནག་པོ་ཧུ༷། །འཕྲོས་འདུས་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་གནག །ཤིན་ཏུ་བརྟན་ཞིང་བརྟན་པ་ཉིད་དུ་བསྒོམ། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་ཕྲ་མོའི་འཕྲོ་འདུས་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུཊ། །གྱད་ཀྱི་དོར་ཐབས་ཡི་དྭགས་གནོན། །ཏྲི་ཤུལ་རལ་གྲི་དབྱུག་དགྲ་སྟ། །སྤྱིན་པའི་ཕྱིར་ན་ཕྱག་རྒྱ་བརྒྱད། །ལྕགས་ཀྱུའི་མཚོན་ཆ་གཡོན་ན་བསྣམས། །ཐོ་བ་ཤག་ཏི་ཐོ་མ་ར། །སྡིགས་དང་ཞགས་པ་གཡོན་པ་སྟེ། །ལས་ལ་གསང་བའི་ཡུམ་གཉིས་དང་། །གཡས་གཡོན་གཉིས་སུ་བསམ་པ་དང་། །ལུས་༷དང་གྲིབ་མའི་ཚུལ་དུ་བསྒོམ། །ཨོ་ཨ་ཀྲོ་ཏེ་ཡ་མརྙ་ཀ་ཧྭ༷། པེ་ཏ་ལི་རསྒ་རསྒ་ཧུ༷་ཧུ༷། རྡོ་རྗེ་པདྨ་བྱིན་བརླབས་ལས། །པ༷་ལས་པཟློར་བྱིན་བརླབས་ནས། །འདི་ཡིས་བསྐུལ་བའི་ཚུལ་བཞིན་བྱ། །ས་མ་ཡ་ཧོ། ས་མ་ཡ་སྟོ། ར་ཧོ་ཧ༷། ར་ག་ཡ་མི། ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷་ཧཱུཾ། ཡབ་ཡུམ་མཁའ་ལ་ཧུ༷་བཅུ་གཉིས། །གཤིན་རྗེ་བཅུ་གཉིས་གསལ་བ་སྟེ། ཁྲོ་བོ་འབར་བར་དབང་གིས་བསྐྱེད། །སྡུན་དྲངས་བཞུགས་གསོལ་མཆོད་པ་ཚུལ་བཞིན་བྱ། །གཤིནརྗེ་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསྒོམ་ཁོག་རྩ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱེ་བདག་པོས་འདི་སྐད་ཅེས་གསུངས་སོ། །གཤིན་རྗེགཤེད་པོས་གསུངས་པའི་དོན། །བདག་སྡུག་འདི་ཡི་དོན་ཤོད་ཅིག །བསོད་ནམས་ཚོགས་ཀྱི་ཡན་ལག་བཤད་པ་དང་། །བསྙེན་པ་དང་ཞི༽་ཉེ་བའི་བསྙེན་པའོ། །དངོས་གྲུབ་ལེན་དང་བསྒྲུབ་པ་དང་། །འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པ་དང་། །གསད་པ་ལས་ཀྱི་བསྙེན་པ་གང་། །གཤིན་རྗེ་གཤེད་པོས་བཀའ་སྩོལ་ཅིག །གཤིན་རྗེ་གཤེད་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །འཆི་བདག་རྣམས་ཀྱི་བཤད་བྱ་བ། །ངས་གསུངས་པ་ལས་སེམས་ཐུད་ཅིག །དང་པོ་ཡིད་འཐད་གནས་བཙལ་ལ། །ཚ་ཚ་ཉེ་ཐོན་འབུམ་ལ་སོགས། །བསོད་ནམས་དག་པའི་ཚོགས་བསགས་ལ། །ཚད་མེད་བཞི་དང་ཡན་ལག་ལྔ། །བདུན་གྱི་ཀུན་རྫོབ་སེམས་བསྐྱེད་ལ། །དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྣམ་པར་མི་རྟོག་ངང་དུ་ཡུན་རིང་བསྒོམ། །དེ་ལྟར་རྟོགས་ན་སྙིང་རྗེ་བསྐྱེད། །ཏིང་འཛིན་གཉིས་ཀྱི་རང་རྒྱུད་དོན་སྦྱངས་ནས། །རིག་པའི་ཡེ་ཤེས་ཡི་གེ་གསུམ་དུ་གསལ། །སྤྲོས་བསྡུས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་རུ་གསལ། །གོང་མ་ལྟ་བུའི་ལས་དག་བྱ་བ་ནི། །བསོད་ནམས་ཀྱི་ལས་དག་ནི། །རྡོ་རྗེ་འཛིན་པས་རབ་ཏུ་སེམས་ལ་ཞོག །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསོད་ནམས་ཚོགས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བརྗོད་དོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གི་བསོད་ནམས་ཚོགས་ལ་གནས་ནས་ཀྱང་། །ཕྱི་ནང་གསང་བ་དག་གིས་མཚམས་བཅད་ནས། །ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་འདུ་ཡིས། །བདག་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་བསྐྱེད་ལ། །གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད། །གཡས་སུ་ཡབ་བསྐྱེད་ལ་སོགས་རབ་བྱ་སྟེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྦྱན་དྲངས་ནས། །མཆོད་བསྟོད་ལ་སོགས་པ་དང་། བདག་ཐུགས་ཕྱག་རྒྱ་བཞི་ལས་མཆོད་པའིལྷ་མོ་བཞི། །སྤྲོས་ཏེ་སྤྱན་དྲངས་ཕྱག་འཚལ་བཞུགས་པ་དང་། །མཆོད་པ་ལ་སོགས་ལྷ་མོ་བཞི་བྱས་ཏེ། །བཟླས་བརྗོད་བསྙེན་པའི་འཛིན་གྲངས་དབུལ་བ་ནི། །རང་རང་ཡེ་ཤེས་གནས་སུ་དག་པའི་རྟགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་འཁོར། །དབྱིངས་ཉིད་གཏིང་མཐའ་མེད་པ་ན། །སྐྱེ་འགྲོ་གཟུགས་སུ་སྣང་བ་རྣམས། །གཤེད་པོ་ཡབ་ཡུམ་སྐུ་རུ་མ་གྱུར་གང་ཡང་མེད། །དཔེར་ན་ཏིལ་འབྲུ་མར་གྱིས་གང་བ་བཞིན། །བདག་ཉིད་ཙིཀྟའི་གཞལ་ཡས་ཁང་། །རིན་ཆེན་གུར་ཕུབ་འདྲ་བ་སྲ །བདག་ཉིད་ཟླ་བའི་མཎྜལ་ལ། །རིག་པ་ཡོངས་སུ་གྲུབ་པའི་རྟགས། །ཡེ་ཤེས་སེམས་དཔའ་མཚོན་གང་གསལ་བར་བསྒོམ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསམ། །དེ་ཡི་བུམ་པ་དག་ལའང་། །སྔགས་ཀྱིས་ས་བོན་ཡི་གེ་ཧུ༷། །དེ་ཡི་མཐའ་རུ་བཅུ་གསུམ་བསྐོར་བར་བསྒོམ། །ལྷ་རྣམས་ཐུགས་ཀར་དེ་བཞིན་ཅི་འདྲ་བསྒོམ། །དེ་ནས་བདག་ཉིད་ཐུགས་ཀ་ནས། །སྔགས་བཟླས་ལྗགས་སྟེང་སྔགས་འཕྲོས་པས། །འདོམ་གང་ཕ་རོལ་ཕྱིན་ཆད་དུ། །སྐུ་རྣམས་ཁྲོ་མོར་གྱུར་ནས་ཀྱང་། །དེ་དག་ཞལ་ནས་སྔགས་རྣམས་ཟློས་པ་ལས། །འོད་ཟེར་མཆོད་དང་མཆོད་པའི་ལྷ་མོར་གྱུར། །ཕར་འཕྲོས་འཕགས་པ་རྣམས་ལ་འོད་ཕོགས་པས། །སྐུ་གསུང་ཐུགས་ཉིད་མཉེས་པའི་མཆོད་པ་ཕུལ། །འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ། །དེ་འདྲ་བསྙེན་པ་དྲུག་འབུམ་བྱ་བ་ནི། །སྔོན་དུ་འགྲོ་བའི་རིམ་པ་སྟེ། །ལག་ན་རྡོ་རྗེ་རབ་ཏུ་ཟུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལྷའི་བསྙེན་པ་བྱ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །མཎྜལ་ཆག་ཆག་ལེགས་པར་གདབ། །མེ་ཏོག་བྲིས་སྐུ་ལ་སོགས་བཀོད། །གོང་མ་ལྟ་བུའི་བསྙེན་པ་སུམ་འབུམ་བཟླས་པ་ནི། །ཉེ་བའི་བསྙེན་པ་ཡིན་ཞེས་དཔའ་བོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉེ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤེད་པོས། །འདི་སྐད་ཅེས་གསུངས་སོ། །ཡིད་མཐུན་མཚན་ལྡན་གནས་དག་ཏུ། །གོང་མའི་ལས་རྣམས་མཐར་ཕྱུང་སྟེ། །ཉེ་བསྙེན་ལས་ལ་གནས་ནས་ཀྱང་། །དེས་ནི་རྟགས་བཟང་ཐོབ་པར་འགྱུར། །གྲུབ་པའི་རྟགས་རྣམས་བྱུང་བ་དང་། ཁྱབ་པར་དངོས་གྲུབ་རྫས་བསགས་ཏེ། །དམར་སེར་བ་ཡི་འོ་མ་དང་། །མར་དང་སྤྲང་རྩི་སྦྱར་བ་དང་། །དངོས་གྲུབ་རྫས་རྣམས་བཀོད་ནས་ཀྱང་། །བདག་གི་ཐུགས་ལས་འོད་ཟེར་རྣམས་འཕྲོས་པས། །བདེ་བར་གཤེགས་པ་རྣམས་ཀྱིས་ཐུགས་དམ་གྱི་རྒྱུད་བསྐུལ་་ང་ནས༽བྲིས་སྐུ་དངོས་གྲུབ་རྫས་བསགས་ཅིང་། །འབུམ་ཕྲག་གཉིས་ཀྱི་ཟླས་པ་དང་། །གཡལ་དང་སྤྲིད་དང་བརྐྱང་བསྐུམ་གཉིས་དང་ཡང་། །དེ་བཞིན་བྱས་ན་ཅི་བསམས་བཞིན་དུ་འགྲུབ། །ཅེས་བཤད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསྒྲུབ་པ་ཆེན་པོའི་ལེའུ་སྟེ་ཉེར་བདུན་པའོ།། །།དེནསཡང་གཤིནརྗེགཤེད་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ངས་གསུངས་པ་ལསེམས་ཐུད་ཅིག །ཡིད་འཐད་མཚན་ལྡན་གནས་དག་ཏུ། །འབུམ་ཕྲག་གཅིག་གི་བསྙེན་པ་ཡང་། །སྔ་མའི་གནས་སུ་བྱ་བར་གསུངས། །བདག་ཉིད་གཉན་པོའི་མཐུ་ལྡན་པས། །མཐུན་གྱི་རི་རབ་མཐུ་ལྡན་པའི། །དེ་བཞིན་གཤེགས་པའང་བསྒོམ་བྱ་སྟེ། །བདག་གིས་ཐུགས་ཀའི་ཡི་གེ་ཡ། །ནག་པོ་མེ་འབར་འོད་འདྲ་བསམ། །དེའི་མཐར་བཟླས་པ་ཡིག་འབྲུས་བསྐོར་བར་བསམ་ལ། དེ་བཞིན་བདག་གི་ཐུགས་ཀ་ནས། །སྔགས་ནི་རབ་ཏུ་བཟླས་བསམ་ལ། །འོད་འཕྲོས་ལས་ཀྱི་གཤིན་རྗེ་གཤེད། །དེ་ཡི་འོད་ཟེར་ཕོག་གྱུར་པས། །ཐུགས་དམ་བསྐུལ་ནས་དར་ཅིག་ཀྱང་། །འདུག་པའི་དབང་མེད་འོངས་པར་འགྱུར། །གཤེད་པོས་བཀའ་ཉན་གསུང་སྡོད་བསམ། །ལས་ལ་བྱ་བའི་བསྙེན་པ་ཡང་། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གནས་སུ་གཏོར་བར་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པ་སྟེ་ལེའུ་ཉེར་བརྒྱད་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གསང་སྔགས་ཀྱི་བསྙེན་པ་ནི། ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གིས་ལས་ལ་གནས་བྱས་ཏེ། །དེ་ཡང་འཆི་བདག་བསྙེན་པ་ནི། །སུམ་ཅུ་རྩ་གཉིས་དྲིལ་ལ་བཟླས་ཞེས་བཤད། །ལས་ལ་སྒྲོར་བའི་དུས་དེ་སྲ །སྣ་ལྔ་རོ་ཙས་དར་ནི་བླངས་བྱས་ཏེ།།མས་ཞར་བླངས་པའི་ཚེས་བརྒྱུད་ནས། །ཉི་ཤུ་གཉིས་ཀྱི་ནུབ་མོ་ནི། །དུར་ཁྲོད་གླིང་ནས་རས་བླངས་ལ། །མེ་ཁྲག་གསུམ་དུ་བཅུག་བྱས་ལ། །འཆི་བདག་གཤིན་རྗེ་དེ་ལ་བསྟིམ། །ཡབ་ཡུམ་ལས་ལ་སྦྱར་ཀའི་སྔགས་འདི་ཉིད་ཀྱང་རབ་ཏུ་བཟླ། ཨཱོཾ་༼དུ་མན་ད་རྙུམསྡོ༽ཀ་ར་ཧུ༷་ཧུ༷་ཕཊ་ཕཊ། ཞེས་བརྗོད་དོ། །ཨོ་ས་མ་ཡ་ཤི་མཉུ་ཨ་ཀྲོ་ཏི་ཀ་ཀ་ལ་རུ་པ་ཧུ༷་ཕཊ། ཞེས་ཉི་ཤུ་དྲུག་གི་སྔ་དྲོ་ལ། རོ་རས་བཀྲུ་དང་བརྒྱང་བ་དང་། །ཉིན་ཕྱེད་མན་ཆད་སྣག་ཚ་མཉེ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །ཨོ་༼དུ་མན་ཏ་རྙུམསྡོ༽ཏ་ཀ་ར་ཧུ༷་ཕཊ། ཞེས་བརྗོད། སྣག་ཚ་མཉེ་བའི་ལས་ཟིན་ནས། །དེ་བཞིན་༼དགོངས་དགོང་འཁོར་ལོ་བྲི། །བྲི་བ་ཟིན་ནས་ལྷ་ཕྱག་འཚལ། །བཀའ་བདེན་པ་གྲུབ་པ་གྱུར་ཅིག །ཞེས་བྱ། ཡང་ན་དུར་ཁྲོད་རས་མེད་ན། །ཐོད་པ་དག་ལ་འཁོར་ལོ་བྲི། །ཨག་ཙའི་ངོས་སུ་འཆི་བདག་གཟུགས། །གཟུགས་ཀྱི་སྙིང་ཁར་མིང་བྱང་བྲིས། །དགྲ་ཡི་མིང་རུས་ཐོད་པར་གཞུག །འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་། །འཆི་བདག་གཤེད་པོའི་སྐུ་རུ་གཤེད། །ཕྱོགས་ཀྱི་ཡ་ལས་མེ་ཏ་སྟེ་བཞི། །བཞི་ལས་གཤེད་བཞིའི་སྐུ་བསྐྱེད་པས། །བདག་གིས་མདུན་དུ་རི་རབ་ལས །གསེར་གྱི་རི་བདུན་བཅས་པ་བསམ། །བདག་ཉིད་གཤིན་རྗེ་གཤེད་པོ་ཡི། །རྣལ་འབྱོར་ཆ་དང་ལྡན་བྱས་ལ། །ལག་པ་གཡས་ཀྱི་མཐེ་བོང་ལས ཆངས་པར་བཅུག་ལ་རྡོ་རྗེ་བསམ། །རི་རབ་བདག་གི་སྤྱིར་བརྡེག་སྟེ། །རི་རབ་བརྒྱ་གྲམ་གསལ་བར་བསྒོམ། །དེ་བཞིན་སྔགས་འདིར་རབ་ཏུ་བརྗོད། །ཨོ་ན་མོ་བུརྙ་ཡ་དྷརྨུ་སསྐོ་ཡ་གི་བྱ། ཨསྣི་ཛ་ལ་བཛྲ་ཏ་ཕྲེ་ར་ཤི་ཡ་ཧུ༷་ཧཱུཾ་ཕཊ། ཅེས་བརྗོད་པས་རི་རབ་རྒྱ་གྲམ་བཤགས་པར་བསམ་ཤིང་། ཐུགས་ཀ་ཡི་གེ་ཡ་ནག་པོ། །ཐ་མ་དབང་སྡུད་སྔགས་ཀྱི་བསྐོར། །འོད་ཟེར་འཕྲོས་པས་འོག་ཕྱོགས་སུ། །འཚི་བདག་གཤིན་རྗེཡིགཙོ་བོར། །འབུམ་ཕྲག་བཅས་པ་འོད་ཕོགས་པས། །རང་དབང་མེད་པ་དེས་བཀུག་ནས། །དེ་ལ་ཤ་ཁྲག་སྣ་ཚོགས་ཀྱི། །གཏོར་མ་༼འབྷས་ཀྱིས་བསྟོས༽མཆོད་པར་བྱ། །བརྙ་འབྲུབ་ཁུང་ནང་བཅུག་ལ། །དབང་དང་བསྡུ་བའི་སྔགས་བཟླས་ལ། །བདག་ལས་འཕྲོས་པས་གཤེད་པོ་དག །གྲངས་མེད་འཕྲོས་པས་འཆི་བདག་ཚོཊ། །རང་དབང་མེད་པར་བཀུག་བྱས་ལ། །ཐོད་པའི་ནང་དུ་བཅུག་བསྟིམས་ནས། །ཞབས་གཡས་རྡོ་རྗེ་ཕུར་པ་ཡིས། །གཟིར་བས་སྐད་ངན་འོ་དོད་འབོད། །རང་དབང་མེད་པ་དབང་དུ་བསྡུ། །བཀའ་ཉན་གསུང་སྡོད་འབོབ་པར་བསྒོམ། །སྐྱ་རེངས་དང་པོ་ཤར་བ་ལ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །གཏོར་མ་སྤྱིན་ཏེ་གཤིན་རྗེ་ཉིད། །ཕོ་ཉར་བསྐྱེད་པ་དགྲ་བོ་དགུག།ལྷ་བདར་ལ་སོགས་བྱས་ནས་ནི། །ཉ་ལ་ཤར་བ་དང་། བནྟྲའི་དཀྱིལ་འཁོར་གྲུ་གསུམ་སྟེང་དུ་བཞག །དེ་བཞིན་གསང་བའི་སྔགས་བཟླས་ཏེ། །བདག་ཉིད་ཐུགས་ཀའི་ཡི་གེ་ཡ༷། །སྔོ་ནག་གསལ་ལ་འཚེར་བར་བསམ། །ཐ་མ་དྲག་སྔགས་འབྲུ་བདུན་པོ། །མེ་ལྕེ་འབར་དང་འདྲ་བར་བསམ། །གསད་པ་ལས་ཀྱི་སྔགས་བཟླས་པ། ཨོ་ཧྲི་སྟི་བི་སྟི་བྲི་ཏྲི་ཏ་ན་ན། ཆེ་གེ་མོ་ཤ་ཏྲུ༷་ན་ཤ་ཧུ༷་ཕཊ། ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ། ཨ་མུ་ཀ༷་པྲ་ཡ་ཧྭ༷་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་གྱུར་ནས། །གཤེད་པོ་ཡ་མ་ར་ཙ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མ་་མཁའ་འགྲོ་དང་། །རྡོ་རྗེ་གིང་མོ་དང་། བདུད་ལ་སོགས་པ་དབང་མེད་བསྐུལ། དེ་ནས་གཟས་པ་དངོས་གྲུབ་ནས། །ཐོད་པར་བཅུག་སྟེ་གནན་པ་ལ། །གསང་བ་ལས་ཀྱི་སྔགས་བཟླས་པས། །གཏང་ཚན་རྩི་སྦུར་མ་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོང་ཀ་དམར་ཐག་ཆད་པ་དང་། །གཤེད་ཆེན་ཡ་མ་ར་ཙ་དང་། ཁྲ་ཁྲག་ལ་སོགས་གཏོར་མ་གཏང་། །བེར་ཆེན་ཕྱག་རྒྱ་བཅས་ནས་ཀྱང་། །བརྣག་པའི་སྤྱི་བོར་དེ་བརྒྱབ་པས། །ཚངས་པའི་རྩ་འགོ་འཁོར་བར་བསམ། །ཉི་ཤར་རྩེ་ནས་ལས་བརྩམསཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ཡ། །འབྲུ་བདུན་མེ་འབར་འདྲ་བས་བསྐོར། །གསང་བ་ལས་ཀྱི་སྔགས་ཀྱང་བཟླས། །ཡིཧྲི་ ་སྟི་བི་ཀྲི་ཏ་ན་ན་ཆེ་གེ་མོ། ཤད་ཧུ༷་ཧུ༷་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཨ་མུར་ཀ༷་མུ་ཙ་ཡ་ཧུ༷་ཕཊ། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པས་བསྐུལ་ནས་ཀྱང་། །དེ་ཡིས་མྱོས་བྱེད་འབར་བ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེབསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །གིང་བདུད་འདུ་བ་དབང་མེད་བསྐུལ། །དེ་ཡིས་དམིགས་པ་དངོས་བསྐུལ་ནས། །གདུག་པའི་དབང་མེད་ཐོད་པར་བཅུག །བསད་པ་ལས་ཀྱི་སྔགས་བཟླས་པ། །གཏོར་མཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པར་བསྒོམ། །གཤེད་པོས་མྱོས་བྱེད་འབར་བ་ལ། །མཉེས་པའི་ཤ་ཁྲག་གཏོར་མ་སྤྱིན། །གཤེད་པོས་བཅོམ་བསྐུལ་དྲག་ཏུ་བྱ། །ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་། །བེར་ཅོན་ལྟེ་བར་བརྒྱབ་པས་ནི། །ལུས་རྒྱལ་ཡིད་འཁྲུལ་འཆི་བར་བསམ། །བདག་གི་ཐུགས་ཀར་ཡ་ནག་པོ། །དྲག་པོ་སྔགས་ཀྱི་བདུད་ཀྱིས་བསྐོར། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨཱོཾ་ཧྲི་སྟི་བི་ཏྲི་ཏ་ན་ན། ཆེ་གེ་མོ་ཧྭ༷་ཧུ༷་ན་ཤ་ཡ་ཧུ༷་ཕཊ། ཡ་ཏ་ཡོ་ནི་ར་ཁྲེ་ཡ་ཆེ་གེ་མོ་ཨ་མུ་ཀ༷་༼རག་རཀྟ༽ཙ་ར་ཡ་ཧུ༷་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོགས་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །གཤེད་ཆེན་ཨརུ་༼དམར་མནརུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །གིང་དང་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་འདུག་པར་བསམ། །དེ་ཡིས་གཟས་པ་པོ་བཀུག་ནས། །དབང་མེད་ཐོད་པར་བཅུག་པར་བསམ། །གསང་བ་ལས་ཀྱི་སྔགས་བཟླས་པས། །གཏར་མཚན་རྩི་སྦྲུར་མི་འཆགས་བཞིན། །གང་ལ་བྱས་༼པ༽་ བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་པོ་ཨབྱ་མ་རུ་ལ། ཁྲ་ཁྲག་མཉེས་༷པའི་མཆོད་པ་འབུལ། །བེར་ཅོན་མགྲིན་པར་བརྒྱབ་པ་ཡིས། ་་ཁྲག་ཁར་བླུག་འོང་བར་བསམ། །བདག་ཉིད་ཐུགས་ཀའི་ཡི་གེ་ཡ། །དྲག་སྔགས་འབུམ་བདུན་སྐོར་བ་ལ། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། ཨཱོཾ་ཧྲི་སྟི་བི་ཏྲི་ཏ་ན་ན་ཆེ་གེ་མོ་བ་ཤང་ཧུ༷་ཧུ༷་ཤ་ཡ་ཕཊ། ཡ་ཁྲེ་ཡ་ཛ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཀ༷་མ་ར་ཡ་ཧུ༷་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་རལ་པ་ཚར་དགུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །གིང་དང་གིང་མོ་༄༅། ཁེག་རྡོ་རྗེ་འཛིན། །དྲག་པོའི་འཁོར་ལོ་གསང་བ་ལ། །བསྐྱོན་པའི་རྟ་དང་མ་ལྡན་ན། །རླུད་ནག་འཅོ་མ་འཕྱོ་བ་འདྲ། །འདེགས་པའི་རྫས་དང་མ་ལྡན་ན། །ནམ་མཁའ་སྤྲིན་གྱི་བཀབ་པ་འདྲ། །བརྡེག་པའི་གྲོགས་དང་མ་ལྡན་ན། །དཔའ་བོ་རྟིང་ནོན་མེད་པ་འདྲ། །དེ་བཞིན་གྲོགས་རྣམས་ངས་བཤད་ཀྱིས། །ཕྱག་ན་རྡོ་རྗེ་རབ་ཏུ་ཟུངས། །བཀའ་དང་གཞུང་བཞིན་མ་ནོར་བར། །བསྲུང་པའི་དམ་ཚིག་མཉམ་པ་དང་།།རྫས་དང་ལག་ཆར་ལྡན་པ་དང་། །བསམ་གཏན་འཛབ་ཟློས་སྲན་ཚུགས་ཤིག །དམ་ཚིག་སྲུང་ཞིང་དྲག་ཤུལ་སྤྱོད། །ལྟ་སྤྱོད་གྲུབ་པར་ལྡན་པ་ཡིས། །དཔའ་བརྟུལ་ཅན་གྱི་རྣལ་འབྱོར་པས། །བསྟན་པ་གཉན་པོ་བསྲུང་དོན་དུ། །དགོན་པ་ཆེན་པོའི་གནས་མལ་དུ། །བྱ་བྱེད་ཟང་ཟིང་འདུ་འཛིན་སྤངས། །འཚོ་བའི་ཡོ་བྱད་སྤངས་ཏེ་བསྟར། །བྱ་བ་ཐམས་ཅད་ཟིན་ནས་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །བསྐྱེད་དང་རྫོགས་པའི་རིམ་པ་སྟེ། །ཏིང་འཛིན་གསལ་བ་བརྟནཔ་ཡིས། །ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ། །ཐུན་མོང་དམ་ཚིག་སྲུང་ཞིང་བསྒྲུབ། ཁྱད་པར་དམ་ཚིག་སྤྱོད་ཅིང་རོལ། །བསྙེན་བསྒྲུབ་འཕྲིན་ལས་གཞུད་བཞིན་བྱ། །ཚངས་ཞིང་རྫོགས་པའི་གྲངས་བསྙེན་ལ། །འཁོར་ཞིང་ཕྱིན་པས་དུས་བསྙེན་ཡིན། །མཐོང་ངམ་ཐོས་སམ་ཉམས་ལེན་ན། །མཚན་མ་བསྙེན་པ་རྫོགས་པ་དང་། །ཞི་རྒྱས་གཉིས་ཀྱི་འཁོར་ལོ་མཆོད། །དབང་དྲག་གཉིས་ཀྱི་འཁོར་ལོ་གནན། །ཞི་རྒྱས་གཉིས་ཀྱི་གསུང་ཕན་གདགས། །དབང་དྲག་གཉིས་ཀྱིས་བསྒྲུབ་པར་བྱ། །འཁོར་ལོ་གཞན་ཡང་ཅི་རིགས་པར། །སྦྱོར་སྒྲོལ་བཀུག་པ་ལ་སོགས་གཞུང་བཞིན་བྱའོ། །གང་འདོད་ལས་དེ་བསྒྲུབ་བྱས་ན། །འཁོར་ལོ་རྒྱུ་དང་སྣག་ཚ་དང། །ཕྱོགས་དང་བསམ་སྦྱོར་རིམ་པ་དང། ཁ་དོག་སོ་སོའི་མཐུན་རྫས་ནི། །རིག་པ་ཅན་གྱིས་ཤེས་པར་བྱ། །དེ་ལ་འཁོར་ལོ་ཞེས་གྲགས་པ། །ངོ་བོ་ངེས་ཚིག་རྣམ་གྲངས་སོ། །ངོ་བོ་ཕྱི་ཡི་ངེས་ཚིག་ནི། །རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། །སོ་སོ་རང་རིག་མཚན་ཉིད་ནི། །གང་ལ་བརྟགས་པ་དེ་ལྟར་སྣང་། །ངེས་པའི་ཚིག་ཀྱང་དེ་བཞིན་ཏེ། །རྣམ་པར་འགྱུར་ཞིང་འགྲོ་བ་དང་། །མི་ལ་འཁོར་ཞིང་འགྲོ་བ་དང་། །ལྟེ་བ་འཁོར་ཞིང་རྩེ་མོ་གཅོད། །དེ་ལ་གྲངས་ནི་མཐའ་ཡས་ཏེ། །མདོར་ན་རྣམ་པ་གསུམ་དུ་ཤེས། །ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང་། །ལས་དང་སྲིད་པ་ཡི་འཁོར་ལོ། །འཇིག་རྟེན་ཕན་གནོད་ཀྱི་འཁོར་ལོ། །བྱ་བ་འགྲུབ་པར་བསྒྲུབ་པའི་འཁོར་ལོའོ། །དཔེ་ནི་མེ་འཕང་མགལ་མེ་དང་། །གློག་དང་སྒྲ་ལྡན་འཁོར་ལོ་དང་། ཁེང་རྟ་ཟོ་ཆུན་འཁོར་ལོ་སྔགས། །ལས་དང་འབྲས་བུའི་མཚན་ཉིད་ནི། །ཉོན་མོངས་གཅོད་ཅིང་སྡུག་བསྔལ་འཇོམས། །སྒྲུབ་དང་གྲུབ་པར་བྱེད་པ་ཡི། །སེམས་བསྐྱེད་པ་དང་རྒྱུད་གྲོལ་ཞིང་། །ཡེ་ཤེས་སེམས་མཚོན་རྣམ་གྲོལ་བྱེད། །དེ་ལས་རྣམ་པ་གཞན་དུའང་། །ཞི་དང་རྒྱས་དང་བསྲུང་བ་དང་། །གྲུབ་དང་དབང་དུ་བྱ་བ་དང་། །དབྱེ་བསྐྲད་དགུག་དང་སྨྱོ་འབོག་དང་། །གསད་དང་གཞན་པ་ལ་སོགས་བྱེད། །དེ་ཡི་རྐྱེན་དང་རྩོལ་བ་དང་། །དུས་དང་ལས་ཐབས་བྱེད་པ་ཡི། །འཕེན་ཅིང་བསྐང་པར་ནུས་པ་ཡིས། །འཁོར་ཞིང་གཅོད་ཅིང་འབེབས་པར་བྱེད་པ་དང་། །གཅུང་ཞིང་འཁྲུལ་ཞིང་སུད་པ་དང་། །གཟེར་ཞིང་གནན་ཅིང་འབེབས་པ་དང་། །བརྡེག་ཅིང་རྣམ་པར་འཇོམས་པར་བྱེད། །ལས་དང་སྲིད་པའི་འཁོར་ལོ་ནི། །ལས་ཀྱི་སྲིད་པར་འཕེན་པས་འཁོར། །ཕྱི་ནང་རྟེན་འབྲེལ་འཇིག་རྟེན་བསྐྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །རྣམ་པ་གསུམ་དུ་འཁོར་ཞིང་འགྲོ། །འདས་དང་ད་ལྟར་གནས་པ་དང་། །བྱུང་དང་མ་བྱུང་ཕྱིར་བྱུང་དང་། །སྐད་ཅིག་མ་ཡི་རྒྱུན་གྱིས་འཁོར། །དེ་བཞིན་ཕྱི་རོལ་དོན་རྣམས་དང་། །དབྱར་དགུན་སྟོན་དཔྱིད་ཟླ་བ་ལོས། །བསྐལ་བ་མང་པོར་འཁོར་ཞིང་འགྲོ། །ངོ་བོ་ངེས་ཚིག་རྣམ་གྲངས་སུ། །འཁོར་ལོའི་རང་བཞིན་བསྟན་པ་ཡིན། །བདེར་གཤེགས་བཀའ་ལས་གནོན་པ་ལ། །འཆི་བདག་འཁོར་ལོ་ནག་པོས་བྱ། །ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ནས། །རྣེལ་རྡེ་མུ་སྲུང་གི་ཐོད་པ་བླང་། །ཡི་དྭགས་གོས་ལ་ཁྲམ་བྲིས་ཏེ། །དབྱིབས་ནི་ཟླ་བ་ལྟ་བུ་སྟེ། །རིམ་པ་གསུམ་ལ་ལེ་ཚེ་དགུ། །བཅུ་གཉིས་བཅུ་དྲུག་རྩིབས་ཅན་ཏེ། །ལེ་ཚེ་དགུ་དང་བཅུ་གཉིས་དང་། །བཅུ་བདུན་ལ་སོགས་སྔགས་ཀྱིས་མཛེས། །འདི་ལྟ་བུ་ཡི་འཁོར་ལོ་ནི། །ཕྱིན་ཅི་ལོག་གིས་བཅིངས་པ་ཡི། །ལོག་པའི་ཤེས་པ་ལྡན་པ་དེ། །རྒྱུ་མཐུན་མཚོན་པའི་འཁོར་ལོའོ། །མན་ངག་གཅིག་པའི་རྣལ་འབྱོར་པས། ཁ་ནས་དྲག་པོའི་སྔགས་བཟླས་བསྙེན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ལས་ཀྱི་ཤན་པ་གྲོ་བཀྲམ་སྟེ། །ལྕགས་ཀྱུ་ཤག་ཏི་ཐོ་མ་ར། ཁ་ཏོང་བེར་ཀ་ལ་སོགས་པ། །བརྡེག་ཅིང་འཇོམས་པར་བྱེད་པ་ནི། །འཛིན་ཅིང་བསད་པར་བསམས་པ་ཡིནགང་ལ་བྱ་བའི་རྣམ་ཤེས་དེས། །ལོག་པའི་སྟོབས་ཀྱིས་གནས་སུ་མཐོང་། ཁྲོ་བདག་གཤིན་རྗེ་གཤེད་པོ་སྲ །བདག་ཉིད་བསམ་པའི་རྣལ་འབྱོར་གྱིས། །མཚན་མའི་མིང་དང་བཅས་པ་ལ། །སྐྱེ་ཚེ་དུག་དང་ཉུངས་ནག་དང་། ཁྲག་ཆེན་དུག་དང་ཉུངས་དཀར་གྱིས། །བྲབ་དང་གཟིར་དང་དབབ་པ་དང་། །དགུག་ཅིང་རྡོ་རྗེ་ཚོན་གྱིས་གདབ། །སྔོན་དམར་བྱད་དུ་གཞུག་བྱས་ལ། །གའུ་ཁ་སྦྱར་ནང་དུ་གཞུག །སྨྲ་གཙང་ཁྲི་ཁྲི་སྔགས་བཟླས་པས། །དྲག་པོའི་སྔགས་ཀྱིས་ཕྱོགས་གྱུར་ནང་། །གང་ལ་དམིགས་པ་བསྒྲུབ་བྱ་སྟེ། །འགོ་འཁོར་བ་དང་ཁྲག་སྒྱུག་དང་། །མྱོས་པ་མ་ར་གདོན་མི་ཟ། །དྲག་པོའི་ལས་དེ་རྫོགས་པ་དང་། །མཚན་མ་མིང་རུས་དང་བཅས་ཏེ། །ཐོད་པ་ནག་པོས་རྒྱས་བཏབ་པ། །སྨེ་བས་བདུགས་ལ་འཆལ་ཆུས་བྱུག །མུ་ལ་ཡ་ཡིས་གཡོགས་ཤིང་བཏུམ། ཁ་ར་མ་ཡི་ཞབས་མས་དྲིལ། །ཡི་དྭགས་གྲོང་ཁྱེར་སྨྲེ་བརྩེགས་ཁྱིམ། །མཆོད་རྟེན་འོག་གམ་ལྷ་ཁང་སྒོ། །རྒྱ་མཚོའི་འགྲམ་མམ་ལུང་མདོ་མྲ །རྡོ་ལ་རི་རབ་གཟུགས་བྲིས་ལ། །སྟེང་དུ་ལ༷་དང་ཧྲི་ཡིས་གནན། །གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ། །ཐུན་ཁ་བརྒྱད་ཀྱང་༼རྡད་བརྡེག༽པར་བྱ། །ལྕོག་པ་དྲུག་ཐུན་ལྐུགས་པ་ཁ། །ཉི་མ་དང་པོའི་ཐུན་གྱིས་གནན། །གཟིར་བ་མདའ་ཐུན་བརླབས་པ་གཏོར། །ཉི་མ་གཉིས་པའི་ཐུན་གྱིས་བྲབ། །སྒྱུག་པ་ཁྲག་ཐུན་མྱོས་པར་ཕུར། །ཉི་མ་གསུམ་པའི་ཐུན་གྱི་བྲབ། །གསད་པའི་ཉུངས་ནག་ས་ཡི་ཐུན། །ཉི་མ་བཞི་པའི་སྔགས་ཀྱིས་བྲབ། །མཚན་ངན་ཐོད་པ་ཁྲག་གིས་བྱུག ཁྲག་སྣ་དུག་སྣ་སྦྱར་བྱས་ནས། །ཤན་དམར་ཁར་ཁྲག་དུག་ཐུན་བཟླས། །གླེན་ལྐུགས་ཐོད་པ་ཐུན་སྟེང་དུ།།ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས། །དྲི་བོའི་ཐོད་པར་མཚོན་གདབ་པོ། །མཁྲིས་ནད་ཐོད་པར་སེར་ཟེར་ཐན། །བརླབས་པ་གཏེར་ཐུན་སྔགས་ཀྱིས་སོ། །སྟོ་བའི་ཐོད་པར་ཁྲག་ཐུན་དང་། །མྱོས་པ་ཕུར་ཐུན་བཟླས་པར་བྱ། །རབས་ཆད་ཐོད་པར་ཉུངས་ཐུན་དང་། །ས་ཚོན་ཐུན་དུ་ཤེས་པར་བྱ། །ཆུ་ཤེལ་སྒྲོན་མ་བཟླས་པའི་ཚེ། །ཡུགས་ས་མོ་ཡི་ལག་པ་ཡིས། །སྲིད་པའི་དམག་དཔུང་ར་མདའ་བཟློག །ཙ་ར་མ་ཡི་གཡབ་ཀྱིས་གཡབ། །གཟུར་དང་སྨེ་བའི་དུད་པས་བདུག །གཅེར་བུ་སྤྱི་ཚུགས་ངུ་འབོད་བྱ། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །གཟིར་གནན་དྲག་པོའི་མངོན་སྤྱོད་བྱ། །དྲག་པོའི་ཐུན་སྔགས་ཁ་ནས་བཟླས།།ཞང་ཐུན་ཡ་རྦད། ཁ་ཐུན་ཡ་རྦད། གུང་ཐུན་ཡ་རྦད། ཁྲག་ཐུན་ཡ་རྦད། དང་པོ་ལས་ཀྱིས་བགྱེ། ཕྲོག་ལ་ཡོ་ཡོ། སྙིང་ལ་ཐུན་ཡའ། ཁ་བརྒྱད་ཐུན་ཡང་བརྡེག་པར་བྱ། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པ། །སྲིད་པའི་དམག་དཔུང་ཕབ་ནས་ནི། །དྲག་སྲོང་དམོད་པའི་སྔགས་ཟོར་དང་། །སྣ་ཚོགས་སྔགས་ཀྱི་སྦྱོར་བ་དང་། །ལྷཡི་རྣལ་འབྱོར་ལྡན་པར་བྱ། ཁྲུ་གང་ཁྲུ་བཞི་ཟབ་ཡོད་པ། །གའུ་རྫས་ཀྱི་སྦྱོར་བ་དེ། །འབྱུང་པོ་གཏོར་མ་གཤིན་རྗེ་ལ། །བྱིན་པ་ལག་ཏུ་གཏད་ཁྲམ་བྱ། །རང་གི་ཡི་དམ་བསྒོམ་བྱ་དང་། །བྱིན་གྱིས་བརླབས་པའི་གཏོར་མ་འདི། །ས་སྲོག་ཚེ་ན་ལྷོ་ཕྱོགས་གཏད། །སྒྲོལ་བའི་དྲག་སྔགས་བརྣགས་པའི་ལུང་། །བསྟན་པ་བསྲུང་བའི་མན་ངག་གཏེར། །འཕྲིན་ལས་དྲག་པོའི་སྔགས་ཀྱིས་མཚོན། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ཕྱིར། །རྡོ་རྗེ་འཛིན་པས་བཟུང་ཞིང་ཆོས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཐུན་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེནསགཤིན་རྗེ་གཤེད་པོས་འདི་སྐད་ཅེས་བརྗོད་དོ། །བསྟན་པ་བསྲུང་བ་རྣམས་བརྣགས་པའི་ལུང་། །ཐུགས་ཀྱི་བརྣགས་པ་སྔགས་ཟོར་མཆོག །སྒྲོལ་བའི་འཕྲིན་ལས་སྦྱོར་ཐབས་དྲུག །འཁོར་ལོ་ཐུན་བསྡེབས་མན་ངག་ཐོང་། །བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །རང་སེམས་དང་བའི་རྣལ་འབྱོར་པས། །སྙིང་རྗེ་རྟག་ཏུ་སྲོག་ལྟར་བསྟེན། །བྱམས་དང་སྙོམས་པ་དེ་བཞིན་དུ། །མདོ་སྲོག་འདོན་ཞིང་བསམ་གཏན་བྱ། །རྒྱུན་གྱི་ཡི་དམ་རྩེ་གཅིག་པས། །བླ་མ་དག་ལ་རྟག་ཏུ་བཀུར། །དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་གཞུག །ཐེག་ཆེན་དམ་ཚིག་སྡོམ་པ་བཤད། །རང་གི་སྔགས་དང་ཕྱག་རྒྱ་བརྒྱན། །བསྒྲུབ་ཐབས་མན་ངག་ལེགས་པར་བྱ། །དེ་ཡི་མཆོད་པ་་ཆོ་ག་བཞིན། །ཉིན་རེ་རྟག་ཏུ་བྱས་ནས་ཀྱང་། །སྐུ་གཟུགས་མེ་དང་འབད་དེ་བྱ། །བདེ་བའི་སྟན་ལ་ལུས་སེམས་གཞག །སུམ་འབུམ་མི་སྐྱོར་རབ་ཏུ་བཟླས། །དེ་འོག་རི་རྩེར་གནས་བཅས་ལ། །རླུང་ཟ་ཡི་ནི་བཟླས་པར་བྱ། །འབུམ་བཅུའི་མཐའ་རུ་འཕྲིན་ལས་བརྩམ། །ནམ་མཁའ་སྒྲོན་མ་མར་དུས་རྩེ། །ཡི་དྭགས་གང་བཅོམ་ཤི་གོས་ལ། །ཡི་དྭགས་འཁོར་ལོ་གདུག་པ་ཡི། །འཁོར་ལོ་གདུག་པའི་ལྟེ་བ་ལ། །རེའུ་མིག་དགུ་མཚན་ས་བོན་ནོ། །བཅུ་གཉིས་འཁོར་ལོ་གདུག་པའི་ནང་། །བཅུ་བདུན་ཡ་ཚོགས་གསང་སྔགས་དང་། །ཟླུམ་པོར་བསྐོར་བའི་ཕྱི་རོལ་ན། །ཧྲེ་སྟི་མིང་ཡིག་དབྱངས་ཡིག་རྣམས། །དུར་ཁྲོད་སོལ་བ་དུག་སོགས་ཀྱིས། །སྲིན་མཐེབ་གོང་མཛུབ་སྦྱར་བ་ཡིས། ཁྲུ་གང་གོས་གཉིས་རབ་མཆོག་ལ། །གདུག་པའི་ཡི་གེ་གཡས་གཡོན་ཟློག །དེས་ནང་ཆུད་པའི་ཡི་གེ་གཉིས། །ཞལ་བགྲད་སྤྱན་ཟློག་འཁོར་ལོ་འཛིན། །ཕྱག་ཞབས་མགུལ་ཆུ་རོ་ཉས་རྒྱན། །མི་སྨྲ་དབང་པོ་བསྡམས་ཏེ་བྲི། །གཉིས་སྦྱར་བརྒྱབ་ལ་རོ་ཉེ་ཡིས། །བསྡམས་པའི་ཚུལ་དུ་མཁས་པས་བྲི། །གདུག་པས་བཟུང་ཞིང་ཐོད་ནང་དུ། །དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས། །གདུག་པའི་ཐོད་ནང་ལྟོ་འགྲོ་བྲིས། །མངར་དང་རླུང་སྨན་རྩི་མཆོག་གིས། །མཆོད་ཅིང་སྦད་ལམ་གྲུབ་པར་བྱ། །གདུག་པས་གཟུང་ཞིང་ཐོད་པར་གཞུག །སྔོན་དམར་བྱད་ཐག་བཞི་ཡིས་བཏགས། །༼བཟུང་སྟེ་གཟུང་དེཀེཉིན་མཚན་མ་ནོར་བཟླས། ཁ་ནས་དྲག་པོའི་སྔགས་བཟླས་ལ། །རྡོ་རྗེ་རླུད་རྩེའི་སྦྱོར་བ་ལས། །སྔོན་དམར་གདུག་པའི་རོ་ཉེའི་ཚོགས། །དུར་ཁྲོད་སོལ་བ་དུག་སོགས་སྦྱར། །ལྕགས་སམ་འུག་པའི་སྒྲོ་རྩ་ཡིས། །གསད་པའི་སྔགས་དང་མིང་རུས་བྲི། །དུག་ཅན་ནང་གི་བསྒྲུབ་བྱ་ལ། །དུག་ལྕེ་ནག་པོ་ལྟག་པར་བསམ། །འཆི་བདག་ཤན་པ་ཡི་དྭགས་སོགས། །གཏུམ་པོ་དྲུག་གི་ཁ་རླངས་ཅན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པས། །འཛིན་ཅིང་བསྒྲུབ་པ་བཟུངནས་ནི། །གཤིན རྗེགདུག་པའི་ཁང་པ་སྲ །དབང་མེད་ལས་ཀྱི་འཇུག་པར་བསམ། །ཧྲི་སྟི་གདུག་པའི་བེ་སྔགས་མཐའ་སྲ །ཧུ༷་དང་མིང་སྤེལ་ཨ་ཀསྒོ། །ཛ་ཛ་བཞིས་དགུག་པའི་སྔགས་བཟླས་ལ། །སྐྱེ་ཚེ་དུག་ཉུངས་སྔགས་ཀྱིས་བྲབ། །ཟླ་བ་ནག་པོའི་མར་དུས་ཚེ། །འཁོར་ལོའི་རྩིབས་བཞི་བཅུ་གསུམ་པ། །ལྕགས་ཁྲ་ནག་པོའི་སྟེང་དག་ཏུ། །ཡི་དྭགས་གདུག་པའི་ཕ་གུ་གཞུག །ཡ་ཚོགས་གདུག་པའི་གསང་སྔགས་རྣམས། །ཞི་ཁྲོ་རྫོགས་ནས་བ་སྤུ་དེ། །རྫ་མཁན་ས་ལག་བུ་ཡི་རྒྱབ། །གདུག་པ་འི་ག་བུ་ཤོང་བའི་ཚད། །གཉིས་ཀྱི་ནང་དུ་རོ་ཉེ་གཉིས། །ཕྱི་ནང་གཉིས་སུ་འབུར་དུ་བྱ། །གའུ་དག་ལའང་འཁྲིལ་བའི་ཚུལ། །མི་ཡི་སྨན་མ་གའུ་གནས། །གདུག་པའི་ཐོད་ནག་གའུར་བཞུག །སྔོན་དམར་གཉིས་ཀྱིས་ཐག་གུས་བསྡམས་པ་དེ། ་ར་ལྷོ་ནུབ་བྱང་ཕྱོགས་མཚམས་བྲི། །གདུག་པ་གནས་པ་ཡུལ་ཕྱིན་ལ། །སྒོ་ལྟར་ཕྱིན་ནས་འདམ་ཁང་དུ། །རྡོ་ལེབ་འཇིག་རྟེན་གཟུགས་བྲིས་ལ། །ས་སྒོ་ཕྱེ་ལ་ཁྲིམས་བདག་པོ། །མཐུན་པའི་རྫས་སྤྱིན་འགུགས་པར་བྱགའུ་དུག་གི་སྦྱོར་བ་དང་། །ལེགས་པར་སྦས་ནས་བཞག་བྱ་སྟེ། །འཇིག་རྟེན་གཞག་ལ་བྱ་བའི་རུས་དང་ལོ། །གཉེན་པོ་གང་གིས་མཁས་པས་སྤྱད། །ཟླ་བ་ནག་པོའི་མར་དུས་ཚེ། །དྲང་སྲོང་རྒྱུ་བའི་ས་ཕྱོགས་སུ། །བྱད་བསྡེབས་འཁོར་བའི་བཙན་དུག་སྤྱོད། ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་སྦད། །གཅེར་བུ་སྦྱི་བཅིངས་ས་འོག་འོ་དོད་འབོད། །མ་ཉེས་དཔང་གཟུགས་རུ་དུང་འབུད། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །བོས་ཤིང་མཆོད་པའི་གཏད་ཁྲམ་བྱ། ཁྱབ་འཇུག་པ་ཡི་དམོད་པ་བོར། །ཡི་དྭགས་འདུལ་བའི་སྨོན་ལམ་གདབ། །ན་ག་འདུལ་བའི་དམོད་བཅོལ་བྱ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀར་པོ་རྡོ་རྗེའི་རྒྱ་བསམ་ལ། །ས་སྒོ་བརྒྱད་ལ་རྒྱ་ཡིས་གནན། །སྡོམ་ལ་གནས་པའི་རྣལ་འབྱོར་པས། །གཡེང་བ་མེད་པའི་ཏིང་འཛིན་གྱིས། །འཕྲིན་ལས་རྫོགས་དང་གསང་སྔགས་བཟླས། །བསྒྲུབ་བྱའི་གཟུགས་ཕུང་མ་ཞིག་པར། །གདུག་པ་སྦྲུལ་གྱི་སེམས་འདྲ་བས། །མ་ཞིག་བར་དུ་གཏང་མི་བྱ། །ཞིག་ནས་སྦས་པའི་ཆོ་ག་བྱ། །བསྐྱེད་དང་སྤྱན་དྲངས་མཆོད་བསྐུལ་རྣམས། །བསྒོམ་རྒྱུད་མཛད་ཐུན་ནང་དུའོ། །བླ་མའི་གདམ་ངག་དམ་པ་ཡང་སེམས་ནི་བརྟན་པ་ཉིད་དུ་བྱ། །དམ་ཚིག་སྡོམ་པ་མ་ཉམས་བསྲུང་། །བཀའ་བའི་ཚད་མ་རྗེས་མཐུན་པར། །རྫས་དང་ལག་ཆ་མཐུན་བསྡེབས་ཤིང་། །རྟག་ཏུ་དུར་ཁྲོད་དགོན་པར་དགའ། །དུས་ལས་མི་འདའ་གཞུང་ལྟར་བྱེ། །མཚན་མ་མཐོང་དང་བསྙེན་པ་རྫོགས། །དེ་ལྟ་བུ་ཡི་རྣལ་འབྱོར་ལ། །བདེ་བ་གྲུབ་པའི་ནུསཔ་ཡོད། །གཤིན་རྗེ་གཤེད་པོ་ཉིད་ཀྱིས་ཀྱང་། །ཐུགས་ཀྱི་སྒོམ་ས་བཏོན་པ་འདི། །འཁོར་ལོ་བྱད་སྟེམས་བརྣག་པའི་ལུང་། །མན་ངག་ཅན་གྱིས་དེ་ཤེས་བྱ། །ལས་ཀྱི་བྱ་བའི་ཐུན་མཚམས་རྣམས། །མན་ངག་དོན་གྱི་ཤེས་པར་བྱ། །འཁོར་ལོ་བྱད་སྟེམས་བསད་པ་འདི། །དཀོན་མཆོག་སྨོད་ཅིང་བསྟན་པ་འཇིག །མངོན་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར། །མིང་ཚིག་ཐ་སྙད་ཙམ་དུ་བརྗོད་མི་བྱ། །ཆུ་སྲིན་གྲེ་བར་རིན་ཆེན་ཆུད་པ་ལྟར། ཁོག་ཏུ་སྦས་ཏེ་ཡོངས་སུ་བསྒྲལ་བ་མིན། །གཤིན་རྗེ་གཤེད་པོའི་ཐུགས་ཀྱི་བཅུད་འདི་ལག་ན་རྡོ་རྗེ་ཟུངས་ཤིག་གོ །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཚོན་དུ་སྔོན་དམར་གྱི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་༼སྐད་༽ཙེས་བརྗོད་དོ། །ལས་ཀྱི་བྱ་བ་གཞན་ཟིན་ནས། །དྲག་པོའི་འཁོར་ལོའི་གནན་པ་འདི། །ལག་ན་རྡོ་རྗེ་རབ་ཏུ་ཟུངས། །ཤིན་ཏུ་དགོན་པའི་གནས་ཉིད་དུ། །དུར་ཁྲོད་གླེང་ནས་རས་བླང་ལ། །འཁོར་ལོ་རིམ་པ་ཚུལ་བཞིན་བྲིས། །མ་ར་ཡ་ཡི་ལིང་ག་ཉིད། །ཇི་བཞིན་འདོད་པའི་དབྱིབས་སུ་བྱ། །གོང་མའི་བསྙེན་པ་རྫོགས་པ་དང་། །འཁོར་ལོ་བཅས་ཀྱི་དམ་རྫས་དེ། །མཆོད་རྟེན་འོག་ཏུ་གནན་པར་བྱ། །བདག་ཉིད་གཤེད་པོར་བསྒོམ་བྱས་ལ། །མཆོད་རྟེན་དེ་ཉིད་ངོ་བོ་ཡང་། །རི་རབ་གླིང་བཞིར་བཅས་པར་བསྐྲུན། །རི་རབ་ལྷོ་ན་བཞུགས་པ་སྟེ། །སྒྲོལ་བའི་ཡུམ་དང་སྦྱོར་བའི་ཡུམ། །ཤར་དང་བྱང་དུ་བཞུགས་པར་བསམ། །བྱང་ན་སྲས་མཆོག་གནས་པར་བསྒོམ། །དེ་བཞིན་རབ་ཏུ་གནས་ཤིང་གཟིར། །རི་རབ་ཟུར་བཞིར་ལ༷་སེར་བཞི། །དེ་ལས་གླིང་ཕྲན་བཅུ་གཉིས་བསམ། །རི་རབ་འོག་ཏུ་གཟས་པ་པོ། །གཤིནརྗེརལ་པ་ཚར་དགུ་ཡིས། །ལྕགས་ཐག་སྔོན་པོར་རབ་བཅིངས་ཏེ། །བ༷་རིམ་གནས་ནས་ལྕགས་ཕུར་ལ། །དཔག་བསམ་ཙམ་ཞིག་བཏགས་པ་སྟེ། །སྒྲ་སྒྲོགས་ཁ་ནས་ཁྲག་སྐྱུག་གན་འབུབ་ཅིང་། །མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །ཅི་མཛད་འོན་ཐོང་ཟེར་ཞིང་གནན་པར་བསམ། །འཁོར་ལོ་འབྲི་བའི་དུས་སུ་ཡང་། །དམིགས་པའི་མིང་དག་གཞུག་པ་ན། །འཁོར་ལོ་འདི་ལ་མིང་བྲི་ཞིང་། །མི་བཏུབ་པ་རྣམས་གུད་དུ་བྲི། །དེ་དག་བྲིས་ཏེ་གདགས་པར་བྱ། །གནས་དང་ཐབས་ནི་འདི་ཡིན་ཏེ། །ཡ་ལ་སོགས་པའི་ཡི་གེ་ལྔ། ཁུ།་བཞི་ཧུ༷་ཕཊ་བར་མཚམས་བཞི། །རྩིབས་ཀྱི་རེའུ་མིག་བཅུ་གཉིས་དང་། །མཐའ་བསྐོར་མིང་བྲིས་ལེ་ཚེ་བརྒྱད། །དེ་དག་ཉི་ཤུ་རྩ་དགུ་ལ། །གུད་དུ་མིང་གི་མཇུག་ཏུ་ཡང་། །མ་ར་ཡ་ཞེས་བྲིས་པའི་འཁོར་ལོ་གཉིས། ཁ་སྦྱར་བ་ཡིནང་དུ་གཞུག །ངན་སྔགས་བཟླས་པའི་དུས་སུ་ཡང་། །ཞི་བའི་སྔགས་ནི་ཁྲི་ཕྲག་བཏོན། །དེ་དག་ཐོན་པའི་རྗེས་ལ་ཡང་། །ཡི་གེ་བཅུ་པ་ནུས་ཚད་ཟླས། །དེ་ཚེ་མཆོད་པ་འབུལ་བ་དང། །དེ་ཡི་མཆོད་གཏོར་གཏོང་བ་ཡང་། །ཡེ་ཤེས་ལྷ་ལ་ཐུགས་དམ་བསྐུལ། །ལསཀྱིགཤིན་རྗེམམོ་རྣམས། །རབ་ཏུ་གསལ་ཞིང་དགུག་པའི་འཕྲིན་ལས་བྱ། །རྫས་ཀྱི་མཆོད་པ་བཤམས་པ་དང་། །བདག་ཉིད་གཤེད་པོ་བསྒོམ་པ་དང་། །འཆི་བདག་གོང་དུ་གསོལ་བ་དང་། །རང་གིས་ལས་ཀྱི་ལྷ་རྫིང་ཞིང་། །བསྒྲུབ་བྱའི་བར་ཆད་བརྩམས་པདང། །གཤིན་རྗེ་རྒྱལ་པོ་སྤྱན་དྲངས་ནས། །དམ་ཚིག་ཕྱག་རྒྱ་རབ་བསྟན་ཅིང་། །དམ་ཚིག་སྙིང་པོ་རབ་ཏུ་བཟླས། །དེ་བཞིན་དམ་ལས་མི་འདའ་དང་། །དམ་རྫས་མཆོད་པས་མཉེས་བྱས་ནས། །ལས་ཀྱི་ཕྱག་རྒྱ་བཅའ་བ་དང་། །དམ་ཚིག་བསྐུལ་ཏེ་ལས་ཀྱི་གཉེར་ལྟ་དང་། །མནའ་སྒག་གཏད་པའི་ལས་རྫོགས་ཏེ། །འཁོར་ལོ་སྦ་བའི་དུས་སུ་ཡང་། །གཤིན་རྗེ་རྣམས་ལ་གཏད་པ་ནི། །དྲང་སྲོང་དམོད་པའི་སྨོན་ལམ་གདབ། །དེ་ལ་གནས་རྫས་གསག་པ་ནི། ཁྱི་ཕག་ར་དང་དུག་ལ་སོགས། །ཕུག་རོན་རྟུག་པ་༼ཕུག་གཞུད་པུཤུད༽སྒྲོ། །སྲིན་བྱའི་སྙིང་དང་འུག་པའི་མིག །བཙོང་དང་ལ་ཕུག་སྐྱེ་ཚེ་དང་། །གཡེར་མ་བྲ་བོ་སྒ་དང་ནས། །དེ་ལ་སྔགས་དེ་གནན་པའོ། །སྤྱི་ཉིད་གནན་པའི་ལས་བྱ་ན། །གཤེད་པོའི་རྐང་པས་གནན་པ་དང། །ཕྱག་རྒྱའི་སྟོབས་ཀྱིས་གནན་པ་དང། །གཏད་ཁྲམ་བཅུ་གཉིས་སྟོབས་ཀྱིས་གནན་པ་དང་། །ཡས་སྟགས་གདུག་པས་གནན་པ་དང་། །དེ་དག་རྫས་ཀྱིས་མནན་པ་དང་། །སྨོན་ལམ་གདབ་ཅིང་གནན་པ་དང་། །དྲང་སྲོང་དམོད་པས་གནན་པ་ཞེ༽། །འདི་ནས་ཉི་མ་ལྷོ་ཕྱོགས་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དང། །ཡི་དྭགས་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་མོ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་ན། །གསོན་པོ་སྐོམ་ལ་འདེབས་པ་མོ། ཤེ་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་ལྟང་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་གཅོད་པ་པོ། །ཆོསརྒྱལགཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་ཁྱེད་ལ་གཏད་པར་བྱ། །དེ་དག་རབ་ཏུ་གནན་གྱུར་ན། །དེ་ཡི་ཆོ་ག་འདིར་མ་བཤད། །ལག་ན་རྡོ་རྗེ་ལས་སུ་ཟུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་གནན་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གཤེད་པོས་འདི་སྐད་ཅེས་བརྗོད་དོ། །བདག་དོན་མ་ཡིན་གཞན་དོན་ནམ། །དཀོན་མཆོག་བླ་མའི་དོན་ཆེད་དུ། །རུ་དྲ་གདུག་པ་ཚར་བཅད་ནས། །སྔགས་ཀྱི་དངོས་གྲུབ་ཐོབ་ནས་གྲུབ། །དཔེར་ན་དཔའ་བོ་སྐྱེས་པ་ཡི། །གཡུལ་ངོ་བཟློག་པར་འདོད་པ་ཡིས།གོ་དང་མཚོན་ལ་ནན་ཏན་བསྐྱེད། །དེ་ནས་གཡུལ་རྣམས་བཟློག་པར་འགྱུར། །གོ་མཚོན་དགྲ་ལ་རག་ལས་ཕྱིར། །དཔའ་བོས་འཁར་བ་བསྟེན་པར་བྱ། །འགར་གིས་རྡོ་ལས་ལྕགས་སུ་བཞུ་ཡི། །ལྕགས་ལས་གོས་དང་མཚོན་དུ་བསྡུས། །དེ་ནས་ཐར་ལ་ནན་ཏན་བསྐྱེད། །ཏིལ་དང་མར་དང་ཡིད་མཐར་བླུད། །དེ་ནས་རྡེག་ཐབས་ཤེས་པར་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོས་ཀྱང། །ཐོག་མར་བླ་མ་མཉེས་བྱའི་ཕྱིར། །རབ་ཏུ་གཅེས་པའི་ཡིད་འཐད་དབུལ། །གནང་བ་བཀའ་ཡི་དབང་ཡིད་ནོན། །མན་ངག་གནང་ནས་ཉུང་ལ་བསྒྲུབ། །སྙིང་པོའི་གདོན་ཐབས་ལྔར་ཤེས་བྱ། །དྲུག་འབུམ་སུམ་འབུམ་ཆིག་འབུམ་དང་། །གཞན་ཡང་འབུམ་གཅིག་ཤེས་པར་བྱ། །དེ་ནས་མཁས་པས་འཕྲིན་ལས་བྱ། །རྫས་དང་དུས་ཕྱོགས་མཁས་པས་བརྟག ཁྲི་ཁྲིའི་བར་དུ་ཕྱི་རྒྱུགས་བྱ། །འཕྲིན་ལས་དག་ལ་རྣམ་གསུམ་སྟེ། །འཁོར་ལོ་སྤྱིན་བསྲེགས་གནན་པའོ། །དང་པོ་འཁོར་ལོའི་ལས་བྱས་ནས། །དེ་ནས་གནན་པའི་ལས་བྱས་ཞེས། །ཐ་མ་མེ་ཡི་ལས་བྱ་སྟེ། །མེ་ལྷ་བསྟེན་པས་ལས་རྣམས་འགྲུབ། །དང་པོར་བསྙེན་པ་རྫོགས་ནས་ཀྱང། །འཁོར་ལོ་སྐོར་བའི་ལས་དག་བྱ། །གཞུང་ལས་རྒྱུང་བའི་ལས་ལ་ཡང་། །གནན་པའི་འཁོར་ལོ་བྲིས་པ་དང་། །གནན་པའི་ལས་དག་བྱས་ནས་ནི། །ཧོམ་ནས་བསྲེག་པའི་ལས་བཤད་བྱ། །ཐབ་ཁུང་གྲུ་གསུམ་བརྩེགས་མ་ལ། །རྡོ་རྗེ་རྒྱ་གྲམ་ནག་པོར་བྱ། །གཟས་པའི་ལིང་ག་བཞུགས་པར་བྲིས། །དེ་ནས་ཧོམ་ཤིང་ཚེར་མ་ཅན། །བ༷་པོར་བསྒྲེང་དང་གྲུ་གསུམ་རྩིག །དུག་ཆུ་ཁྲག་གིས་བྱུག་པར་བྱས། །གཞན་ཡང་རཀྟའི་ཨརྦ་དང་། །སྨན་ཕུད་ཏིལ་མར་དགྲ་དགོས་དང་། །ཚེར་ཕུར་ཟངས་ཕྱེ་ལྕགས་ཕྱེ་དང་། །རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ། །ཤ་ཆེན་རུས་པ་གཏུ་ས་པ་དང་། །དེ་དག་ལས་པ་མདུན་དུ་གཞུག །གོས་ནག་གོན་ཞིང་ཐོད་ནག་བཅིང་། །རག་ཤའི་རུས་པས་སེ་རལ་ཁ། །དཔྲལ་བར་མེ་ལོང་ཞིང་གི་གདན། །རུས་སྦལ་འདུག་སྟངས་ལྷོ་ཕྱོགས་ལྟ། །ལྕགས་སམ་མེ་རྐང་གཟར་བུ་ཐོགས། །དྲིན་ཆེན་དྲི་ཆུ་གོས་དུམ་གིས། །ང་ལ་དམིགས་པའི་གཟུགས་བྱས་ལ། །སྙིང་ཁར་མིང་དང་རུས་བཅས་བཞག །གཞན་ཡང་མིང་ཡིག་མང་པོ་དང་། །མི་གསད་མཚོན་གྱི་ལིང་ག་གཏུབ། །དུམ་བུ༷་རེ་དང་མིང་བྱང་དང་། ཁྲ་ཆེན་བདུགས་པས་རེ་དང་སྤག །དྲག་པོ་སྔགས་ཀྱིས་ཁྲོས་པ་བསྲེག །ཏིང་ངེ་འཛིན་གྱི་རིམ་པ་ནི། །ཏིང་འཛིན་རྣམ་གསུམ་ཚིག་བཤད་དང། །བཅས་པའི་འཕྲིན་ལས་གཞུང་བསྲུང་བྱ། །ཨོ་སྭ་བྷ་ཝ་ཤུརྙོ་སརྦ་༼དར་མ་་ནསྭ་བྷ་ཝ་ཤུརྙོ་ཧ༷། ཆོས་རྣམས་སྟོང་པའི་ང་རྒྱལ་ལོ། །དེ་ཡི་ང་རྒྱལ་ལས་ང་རྒྱལ་ལྷག །ཡ་མརྙ་ཀ་གསལ་བསྒོམས་ཏེ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ཐབ་ཁུང་ཨེ་ལས་འབར་བའི་ཞལ། །དྲག་པོ་འབར་བའི་གནས་སུ་གསལ་བར་བསྒོམ།།ཡུགས་ས་རྡོ་ནག་རྩུབས་པའི་མེ། །རླུང་གཡབ་ནག་པོའི་སྦར་བའམ། །དྲག་པོའི་སྔགས་ཀྱིས་རབ་ཏུ་སྦྱར། །མེ་ཡི་ནང་དུ་མར་ནག་ལས། །མེ་ལྷ་ཨསྣེ་བསྐྱེད་པར་བྱ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ཏིང་ངེ་འཛིན་གྱིས་སྤྲོས་པའི་གནས་ནས་ཀྱང་། །འོད་ཟེར་ལྕགས་ཀྱུའི་ཡེ་ཤེས་མེ་ལྷ་དེ། །སྤྱན་དྲངས་གཉིས་སུ་མེད་པར་བཞུགས་པར་བསམ། །མེ་ལྷ་ཉིད་སྔགས་འདིས་སྤྱན་དྲངས་ཏེ། །ཨོ༷་ཨསྣེ་ཡེ་ག་བྱ་ཛ། ཛ༷༷ཧུ༷་བ༷་ཧོ། སྐུ་མདོག་ནག་པོ་ར་སྐྱེས་ཁམ་པ་ཞོན། །ར་ལ་གཞའ་མཚོན་སྣ་ལྔ་འཁྲིལ། །ཞིང་གི་ཡ་མགལ་༼ལྔ་སྔ༷༽རུ་ལ། །མ་མགལ་ཕྱི་རུ་སྒ་ལྤགས་གཡོགས། །སྦྲུལ་ནག་གོང་སྨེད་ཕྱག་ན་དྲིལ་བུ་བསྣམས། །དབུ་ལ་མེ་ཐོད་བཅིངས་ཤིང་མེ་དཔུང་ནང་ན་འདུག །ཤར་ལྷོ་མཚམས་ན་གཉིས་སུ་མེད་པར་བཞུགས། །དེ་ནས་ཡང་ཨོ་་པྲ་མོ་ཧྭ་ཅེས་པས། །མེ་ལྷ་མདུན་རྒྱབ་སྟ་ཟུར་བཞིར། །པྲ་མོ་ཧ་སྤྱན་གསུམ་ཕྱག་བཞི་པ། །གཡས་ཀྱི་དང་པོ་ཆུ་སྲིན་རྒྱལ་མཚན་བསྣམས། །གཡས་ཀྱི་བར་མ་ཡེ་ཤེས་མེ་མགལ་བསྣམས། །གཡོན་གྱི་དང་པོ་མེ་དར་བསྣམས། །ཐ་མ་གཉིས་ན་དྲིལ་བུ་བསྣམས། །བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི། །སྲེག་རྫས་གཟར་བུས་བླུག་ནས་ནི། །ཨསྣེ་དམར་སེར་མེ་ཡི་ལྷ། །ར་སྐྱེས་ཁམ་པ་ཆིབས་སུ་ཆིབས། །ར་ལ་གཞའ་ཚོན་བློན་གྱིས་འཁྲིལ། །ཞིང་གིས་ཡ་མགལ་སྔ་རུ་ལ། །ཞིང་གི་ལྤགས་པས་སྒ་གཡོཊ་ཅན། །སྦྲུལ་ནག་ཁྲོ་བོའི་གོང་རྨེད་ཅན། །ཨསྣེ་ར་སྐྱེས་ཆིབས་སུ་ཆིབས། །མེ་དཔུང་འབར་བ་རབ་ཏུ་འཛིན། །མེ་ལྕེ་དགྲ་ཕྲེང་དབུ་ལ་བརྒྱན། །དབུ་ལ་ལྭ་བའི་ཐོད་ཆེན་བཅིངས། །ཕྱག་ན་མེ་ཡི་དྲིལ་བུ་བསྣམས། །བྲམ་ཟེའི་བུ་མོ་ལྔ་བརྒྱ་ཡང་།ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། ཁྲོ་འབར་ཆོས་ཀྱིས་འདུད་པར་གྱིས། །ཨསྣེ་ར་ཙ་ཁར་བབས་ལ། །རཀྟ་དམར་གྱི་ཨརྒ་དང་། །འཆི་མེད་བདུད་རྩིའི་དཔལ་གྱི་བཤོས། །སྤོས་དང་མེ་ཆེན་དུད་སོཊ་པས། །དྲག་པོའི་རྫས་རྣམས་འདི་ཕུལ་བས། །བསྟན་པ་གཤིགས་པའི་རུ་ཏྲ་འདི། །དུས་མཐའ་བསྟུངས་ལ་ཚེ་འདིའདུ་བྱེད་བསྐུལ། །ཤ་ཁྲག་སྐོམས་ལ་ཐལ་པར་རློགས། །ཆེ་གེ་མོ་མ་ར་ཡ་ཕཊ་ཕཊ་ཕཊ་གྲྭཧྭ། །བདུད་འདུལ་དམར་ནག་འཁྲིལ་བའི་པྲ་མོ་ཧ། །རླུང་ནག་འཚུབ་མར་འཁྲིལ་བའི་པྲ་མོ་ཧ། །བསྐལ་པའི་མེ་ལྟར་འབར་བའི་པྲ་མོ་ཧ། ཁམས་གསུམ་སྡར་བར་བྱེད་པའི་པྲ་མོ་ཧ། །རྡོ་རྗེ་མཆོག་འཛིན་གློག་འདུལ་པྲ་མོ་ཧ། །བསྐལ་པའི་དུས་ལྟར་པྲ་མོ་ཧ། །རལ་པས་སྟོང་ཁམས་བྱེད་པའི་པྲ་མོ་ཧ། །ཤ་ཁྲག་དམར་ལ་དགྱེས་ཤིང་རབ་ཏུ་ཁྲོས། །བསྐལ་པའི་མེ་ལྷར་འབར་བའི་ཀློང་དཀྱིལ་ནས། །གདུག་རྩུབ་དམར་ནག་འཁྱིལ་བའི་ཧོམ་ཁུང་དུ།།གཤེད་ནས་བཞུཊ་ཤིང་དྲག་པོ་མཆོད་པའི་དམ་རྫས་བཞེས། །བསྟན་པ་གཤིགས་པའི་དམ་ཉམས་རུ་ཏྲ་འདི། །དུས་མཐའ་ལྟུང་ལ་ཚེ་འདི་འདུ་བྱེད་བསྐུལ། ཁྲ་ཁྲག་སྐོམས་ལ་ཐལ་བ་རྡུལ་དུ་རློགས། །པྲ་མོ་ཧ། པྲ་མོ་ཧ་དགྲ་བོ་མ་ར་ཡ་ཕཊ་ཕཊ་སྣཧྭ། །མེ་ལྷའི་མཆོད་པ་དེ་བཞིན་དབུལ། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས། །མེ་ལྷའི་ལྟོ་བར་རྫོགས་པར་བྱ། །བསྐྱེད་དང་སྤྱན་དྲངས་བཞུགས་པ་ལ། །མཆོད་པ་ཕྱག་འཚལ་བ་རྣམས་བྱ། །འཕྲིན་ལས་སོ་སོའི་གཞུང་བཞིན་བྱ། །ཞེས་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། །འཁོར་ལོ་ཧོ་སྦེལ་གྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་དུ་བརྗོད་དོ། །ཨེ་མའོ་ཕྱག་ན་རྡོ་རྗེ་འཛིན་པ་ཁྱོད། །དུས་ངན་ཐ་མ་བྱུང་བའི་ཚེ། །དཀོན་མཆོག་དབུ་འཕང་སྨོད་པའི་དུས། །རྩ་བའི་སྙིང་པོ་ལྔར་འདུས་ཏེ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། །ཡོན་ཏན་འཕྲིན་ལས་ལྔ་རུ་འདུས། །བཞི་ནི་ཉེ་བར་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱོར་བས་འཇུག །རྒྱུན་དུ་དྲོངས་ཤིང་ལས་ལ་སྦྱོར། །ལས་ལ་སྦྱོར་ཁར་འབུམ་ཕྲག་རེ། །དྲོངས་ཏེ་རྩ་གཉིས་པ་རུ་བཤད། །ཐ་མ་འཕྲིན་ལས་སྙིང་པོ་ནི། །ལས་ལ་སྦྱོར་བའི་སྔགས་དག་གདགས། །ཐུགས་ཀྱི་ཡང་ཐུགས་ཉི་མ་བཞི་པ་ནི། །ཕྱི་ནང་གསང་བ་གསུམ་དུ་གསུངས། །དེ་ལས་གསུམ་གསུམ་དགུ་རུ་བཤད། །ཕྱི་ཡི་ཉི་མ་བཞི་པ་ལ། །ཡི་གེ་འབྲུ་བརྒྱད་གཡོན་དུ་བསྐོར། །ཕྱི་ཡི་གསང་བར་བསྐོར་བ་ནི། །བཞི་སྙིང་དྲིལ་བས་གཡས་སུ་བསྐོར། །ནང་ལ་གསུམ་དུ་ཕྱེ་བ་ནི། །ཕྱི་ཡི་དུས་སུ་བསྐོར་བ་ནི། །ཨ་ཀྲོ་ཏེ་ཀ་བཅུ་བདུན་པའོ། །ནང་གི་དུས་སུ་བསྐོར་བ་ནི། །ཡ་མ་མེ་ཏ་བཅུ་བདུན་པའོ། །ནང་གི་གསང་བར་བསྐོར་བ་ནི། །ཡ་མ་མ་ཏ་སྣེ་ལ་སོགས། །ཡིག་འབྲུ་བཅུ་བདུན་པ་ཡང་གཡས་སུ་བསྐོར། །གསང་བ་གསུམ་དུ་དབྱེ་བ་ནི། །བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ། །གཡོན་དུ་དྲངས་ཏེ་བསྐོར་བའོ། །གསང་བའི་ནང་དུ་དྲངས་པ་ནི། །གསང་༷བའི་དྲག་སྔགས་འབྲུ་བདུན་པ། །གཡས་སུ་བདུན་བསྐོར་དྲངས་པའོ། །གསང་བའི་གསང་བར་དྲངས་པ་ནི། །རྩ་བ་དམ་ཚིག་ཡང་སྙིང་དང་། །ལས་ལ་སྦྱོར་བའི་དུས་སུ་ཡང་། །བཞི་སྙིང་དྲིལ་ལ་ནུབ་མོ་བཟླས། །ཨོ་ཨ་ཀྲོ་ཏེ་ཡ་མརྙ་ཀ་ཨ་མུན་ཀ །ཡ་མ་ར་ཙ་ཨ་མུ་ཀ །ས་ཏོ་མེ་ཡ་ཨ་མུ་ཀ །ཡ་མེ་ཏོ་རུ༷་ཨ་ཀ །ན་ཡོ་ཏ་ཡ་ཨ་མུ༷་ཀ །ཡ་ཏ་ཡོ་ནི་ཨ་མུ་ཀ །ར་ཡ་སྟེ་ཡ་ཨ་མུ་ཀ །ཡ་སྟེ་ཡ་ཙ་ཨ་མུ་ཀ །ནི་ར་ཡ་མ་ཨ་མུ་ཀ །ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧུ༷་ཧུ༷་ཕཊ་ཕཊ་ས་མ་ཡ། ཧྲི་སྟི་ས་མ་ཡ། རག་ཀྲ་བཛྲ་ས་མ་ཡ ས་མ་ཡ ཨོ་མ་ཡ་ཧྲིང་། མ་ཧེ་ཏི། ཨཱོཾ་བ་གི་ཤཱ་རི་མུ༷། རྩ་བ་ཉི་མ་ཤར་བར་ལྟར་དྲངས་པ་སྟེ། བྱ་རྒོད་གཟན་ལ་འཛུམ་པ་ལྟར་དྲངས། བཙོན་ལྕགས་སུ་བཅུག་པ་ལྟར་དྲངས། །དམ་ཚིག་ཡི་གེ་འབྲུ་དྲུག་པ། །ཧྲི་སྟེ་ལ་སོགས་དམ་ཚིག་གཤེད་པོས་གསུངས་པའི་དོན། །མ་ཁུགས་པ་རུ་གཡས་བསྐོར་ནས། །སྐྲགས་ནས་དམ་བྲེད་ལས་མི་འགྲུབ། ཁུགས་ནས་གཡོན་བསྐོར་བྱེད་དུས་སུ། །གཡོན་ནས་བསྐོར་ནས་སྔགས་ལོག་ནས། །རྣལ་འབྱོར་འཁོར་དུ་རྐྱེན་རྣམས་འགྱུར། །ལས་འདི་དག་གི་སྔགས་སྔགས་ན། །སྔགས་པ་ཡང་ཡང་འཆི་བར་འགྱུར། །ས་མ་ཡ་དག་མ་བསྲུངས་ན། །ཚེ་སྲོག་བར་དུ་ཆད་པར་འགྱུར། །དབང་དུ་མ་འདུས་ཚེ་ལོག་ཚེ། །དབྱངས་ཀྱི་ཡི་གེ་བཟླས་པར་བྱ། །ཏིང་འཛིན་ཞན་ན་ཚུར་ལ་གནོན། །ཆོས་ཉིད་དག་ལ་བརྒྱད་ཀྱང་གཏན། །མ་ཁུགས་པ་ལ་གཏུགས་དྲགས་ན། །བྲེད་ནས་འགྲོ་བར་རབ་ཏུ་བཤད། །ལྡོག་པ་འདྲ་ན་དམ་ཚིག་སྔགས་བཟླས། ཁུངས་ཆུང་ན་རུ་ཁུགས་ཆེན་པོ་གཏད། །གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །བདུན་འཀྱུར་སྔགས་ཀྱི་ཚད་མ་དང་། །དེ་ནི་སྔགས་ཀྱི་ཚད་མའོ། །བདག་གི་ཚད་མ་ནི། ཏིང་འཛིན་ཡེང་ཡེང་བྱེད་པ་དང་།།སེང་སེང་བྱེད་ན་མི་འགྲུབ་རྟགས། །མྱོས་ཤིང་གཉིད་ཆེ་འཐིབས་པ་ནི། །སྒྲིབ་པས་འཕྲོག་པས་བཤགས་པ་བྱ། །སྙིང་འཕྱོ་མི་དགའ་སྔགས་ནོར་དང་། །འབྲུ་ཆད་མ་ཚང་བ་རུ་བཤད། །ཚིག་ཚིག་གསལ་ན་ཐེབས་པ་ཡིན། །༼རྒ་དགའ༽ཞིང་འཐིབས་པར་བྱེད་པ་ན། །དུས་དེར་སྔགས་མཆོག་གྲུབ་པ་ཡིན། །དགྲ་ཡི་མཚན་མ་བཀའ་བསྩལ་པ། །མི་འགོ་ལ་གསལ་བྱིང་བ་ནི། །རྒྱབ་རྟེན་ཡོད་པས་མྱུར་མི་འགྲུབ། །བདག་པས་ཁོ་ཁ་དྲག་མི་བ་ནི། །རྒྱབ་རྟེན་ཡོད་པས་བསྐང་བཟློག་བྱ། །གཡབ་ཏུ་བྱུང་ནས་གསང་འགྱུར་ན། །དེ་ཉིད་ཉེས་པ་ལོ་རུ་འཁོར། །ཏིང་འཛིན་གསལ་ཞིང་ངོས་བྱུང་ན། །ལོ་ཕྱེད་ཚུན་ཆད་འཁོར་བར་བཤད། །ཏིང་འཛིན་གསལ་ཞིང་ཚིག་བྱེད་ན། །ཟླ་བ་ཚུན་ཆད་འཆི་བར་བཤད། །དེ་ནི་མི་འགྱུར་བ་ཡི་རྟགས། །ཕྱི་མ་སྣ་ཚོགས་རྟགས་བྱུང་ཡང་། །འགྱུར་བས་བརྟན་པར་མི་འགྱུར་རོ། །གཡོན་གྱི་དྲིལ་སྔགས་དམ་ཚིག་ལས། །སྔགས་འདི་དྲིལ་ལ་བཟླས་པར་བཤད། །རྩ་བ་ཡང་སྙིང་འབྲུ་དྲུག་པོ། །འབྲུ་དགུ་པོ་སྐུ་བསྐྱེད་པ་དང་། །དེ་དག་ཉེ་བར་བསྙེན་པའོ། །སྲོག་གི་རྩ་བ་འཇུག་སྡུད་དོ། །ཡང་སྙིང་བསྒྲུབ་དང་ལས་སྒྲུབ་པའོ། །དབྱངས་དང་དམ་ཚིག་དོན་གོང་མཐུན། །ལས་དེ་གང་བྱེད་མཇུག་ལ་གདགས། །སྨྱོ་འབོག་ལྐུགས་དང་ལྷོག་པ་དང་། །ཕོ་ལོག་གླང་ཐབས་གཟེར་བ་དང་། ཁྲག་སྒྱུག་རིམས་ནད་མཛེ་ཤུ་དང་། །ལྟས་ངན་ཐོབ་ཟེར་ཆོ་འཕྲུལ་དང་། །གསད་གསོ་དབབ་གཅད་གང་བྱེད་ཀྱང་། །རྩ་བ་དམ་ཚིག་ཡང་སྙིང་དང་། །དབྱངས་ཀྱི་ཡང་སྙིང་འཇུག་ལ་གདགས། །སོ་སོའི་སྲོག་གི་སྙིང་པ་་དང་། །ལས་གང་བྱེད་པའི་སྔགས་དག་གིས། །འབྲུ་རེ་བཏགས་པས་འགྲུབ་པར་འགྱུར། །ཕྱི་ངན་བསྙེན་པ་རྫོགས་པ་དང་། །ཉམས་སུ་ལོན་ནས་སངས་རྒྱས་ན། །སུ་ཡང་རུང་སྟེ་ཐེ་ཚོམ་མེད། །བཟླས་པ་ལས་སུ་རུང་ཙ་ན། །བརྡབས་ཤིང་སྤྲུགས་པས་འགྲུབ་པར་བཤད། །ཞེས་གཤེད་པོས་རབ་ཏུ་གསུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་གྱི་སྐབས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་གསད་པ་ལས་ཀྱི་ཡང་སྙིང་འདི་གསུངས་སོ། །བསྒྲུབ་པའི་དཀྱིལ་འཁོར་བྲི་བ་དང་། །འཁོར་ལོ་བཞི་ལ་བེར་ཅོན་བཞི། །འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད། །གོང་རས་རྡོ་རྗེ་བེར་ཅོན་དང། །རལ་གྲི་ལ་སོགས་དགོད་པར་བྱ། །རྡོ་རྗེ་དག་གི་རྩེ་མོ་ལ། །མ་ར་ཡ་ཡི་མིང་དང་རུས། །གྲུ་གསུམ་ནང་དུ་ལིང་ག་གཞུག །ཟླ་གམ་གསུམ་ལ་རྫས་བཞག་པ། །ནག་པོ་དག་ལ་དུག་ཐུན་བཞག །དམར་པོ་དག་ལ་ཁྲག་ཐུན བཞགྭ་།སེརཔོདགྭ་ལཉུངས་ཐུན་བཞག །འཁོར་ལོ་དེ་དག་ཁ་དོག་ཀྱང་། །དྲིར་ཤའི་ཁྲག་གིས་དམར་པོར་བྱུག །མི་དང་རྟ་དཀར་རྟ་ནག་གི ཁྲག་གིས་དམར་པོ་བྱུག་པ་དང་། །ཡང་ན་ར་རོག་གླང་རོག་གམ། ཁྱི་དག་སྙང་ཁར་ཁྲག་གས་བྱ། །གསད་པའི་ལས་ཀྱི་སྔགས་དག་བཟླས།།ཨོ་ཤི་ཡ་མརྙ་ཀ་ཛ། ཡ་མ་ར་ཙ་ས་ཏོ་ཡེ་ཡ་ཡ་མེ་རུ་ན་ཏོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཙ་ཡ་ཀྟ་ཡ། ཡ་ཀྟ་ཡ་ཙི་ར་མ་ཡ། དགྲ་བོའི་ཙིསྟ་ལ་མ་ར་ཡ༷་ཧུ༷་ཕཊ་གྲྭཧྭ། ཨོ་ཤི་མསྐྲུ་ཡ་མ་ར་ཙ། ཡ་མརྙ་ཀ །ཨེ་ཀ་ཛུ་ཏི། ཙིལྟི་ཁབ་རྦད་རྦད། ག་ན་མ་དུ་ཙིལྟི་གུད་རིལ་རྦད་རྦད། དགྲ་བོ་ནི་ཛ། ཨོ༷་ཤི་མསྐྲུ་ཡ་མ་ར་ཙ། ཡ་བེ་ཏེ་ལི་ཀྲོ་ཏི་ཤོ་རི། སྙིང་ཁ་རག་ས་མ་ཡ་ཐུན་རིལ་རྦད། ཡ་མ་ར་ཙ་ས་ཏོ་མེ་ཡ་ཁྲག་ལ་ཏོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཡ ཧ་རེ་ཧོ་རེ་བེ་རེ་རྦད་མ་ར་ཡ་ཙ་ས་ཏོ་མེ་ཡ། ཡ་མན་ཏོ་རུ་སྟེ་ཡ། སྙིང་འགོ་ཆོད་ཤ་ཆེ་གེ་མོའི་གློ་སྙིང་སྤྲོད། མ་ར་ཡ་རྦད་ཡོ་ཏོ་རུ་མེ་ཡ། ཞེས་བརྡེག་གོ །གསང་བ་ལས་གྱི་ཡང་སྙིང་འདི། །ཡང་དང་མེ་ཡིས་གསད་པར་བྱའོ། །གཤིན་རྗེ་བྱ་ཙ་ཡེ་མ། སིང་ཧ་ཡེ་སྟི་ཏ་ཡེ། བི་ཙ་ཡེ། ཧ་ཡ་ཡེ། ཡིག་དགུ་ལས་སྔགས་གསད་པའི་སྔགས་འདི། ཡང་སྙིང་གིས་གསད་པ་ནམ་མཁའི་ཐོག་དང་འདྲ། །ཅེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡང་སྙིང་གསང་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བརྗོད་དོ། །ཨ་ཨུ་ཨི་ཞི་ཨུ་ཨུ་༼ཨེ་ཞི༽་ཨོ་ཨཱོཾ་རི་རྡི་ལི་སྙི་ཨ༷་ཨ། ཀ་ཁ་ག་བྷ་ང་།ཙ་ཚ་ཛ་རྙོ་ན། ཏ་ཐུ་ད་དྷ་ན། ཊ་ཋ་ཌ་རྟེ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧྭ་ཀྟ༷༷ སྔགས་ཀྱི་འཁོར་ལོ་མན་ངག་ལ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ལ་གསུམ་གསུམདགུ་རུ་བཤད། །ཕྱི་ལྟར་དྲངས་པ་ནི། ཉི་མ་དང་པོ་དག་ལའང་། །ཡ་མ་ར་ཙ་ས་ཏོ་མེ་ཡ་ཨ་མུ་ཀ༷ །པྲ་མ་ཡ་ནི་ཤ་ཀ་རུ་ནི་ཧྭ༷་ཕཊ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་ས་ཏོ་རུ་ན་ཡོ་ཏ་ཡ་ཨ་མུ་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཉི་མ་གསུམ་པ་དག་ལ་ཡང་ ཡ་ཏ་ཡོ་ནི་ར་ཙ་སྟེ་ཡ་ཨ་མུ་ཀ༷་མུརྫ་ཡ་ཡ་ཧུ༷་ཕཊ། ཉི་མ་བཞི་པ་དག་ལ་ཡང་། །ཡ་སྟེ་ཡ་ཙ་ནི་མ་ར་ཡ་ཧུ༷་ཕཊ། དེ་དག་ལས་ཀྱི་མཐའ་སྡུད་ནི། ཨོ་ཤི་མཉུ་ཨ་ཀྲོ་ཏེ་ཀ་ཀ་ལ་རུ་པ་ནི་ཤ་ཀུ་རུ་ནི་ཧུ༷་ཕཊ། ཅེས་བཟླས་ཏེ་ལས་ཀྱི་མཐའ་སྡུད་ཀྱི་ཉི་མ་བཞི་པའི་ཁ་སྐོངས་སོ། །ཕྱི་ཡི་ནང་དུ་དྲངས་པ་ནི། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཙ་སྟེ་ཡ། ཡསྟེ་ཨ་ཙ་ནི་ར་མ་ཡ། བཞི་སྙིང་དྲིལ་ལ་གཡོན་དུ་དྲངས། ཕྱི་མའི་གསང་བར་དྲངས་པ་ནི། ཡ་མ༷་ར་ནི་ཡ་སྟེ་ཡ། ཡ་སྟེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། བཞི་སྙིང་དྲིལ་ལ་གཡས་སུ་དྲིལ། །ནང་གི་ཕྱི་ལྟར་དྲངས་པ་ནི། །རྩ་བ་མི་འགྱུར་སྙིང་པོ་སྟེ། །སྔོན་དུ་འགྲོ་བའི་བསྙེན་པ་ནི། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་༼བན་ཙ་བྷ྅༽ཧྭ༷་ཕཊ། ནང་གི་ནང་དུ་དྲངས་པ་ནི། །ཉེ་བར་བསྒྲུབ་པ་ཞེས་ཀྱང་བྱ། །ལས་ལ་སྦྱར་བའི་སྙིང་པོ་ཁྲི་ཡང་བཟླས། །ཡ་མ་ཏེ་ཀ་ཁྲེ་ར་ཙ་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ནི། ནང་གི་གསང་བ་དྲངས་པ་ནི། །འཕྱེ་བོ་འགྲོས་་རྣེ༽་ཞེས་ཀྱང་བྱ། །གསང་བའི་འཕྲིན་ལས་གསད་པ་ལས། །ཡ་མེ་སྟེ་ཏ་མེ་ར་ནི་ཛ་ཡ་ར་ནི་ཡོ་ན་རུ་ཏོ་ས་ཡ། ཅེས་གཡས་བསྐོར་དུ་དྲངས་སོ། །གསང་བའི་ཕྱི་ལྷར་དྲངས་པ་ནི། །བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ། །གཡོན་དུ་བདུན་བསྐོར་དྲངས་པར་བྱ། །ཉི་མ་དང་པོ་དག་ལ་འང་ ཡ་མ་ར་ཙ་ས་ཏོ་མེ་ཡ། མ་ར་ཙ་ས་ཏོ་མེ་ཡ། ར་ཙ་ས་ཏོ་མེ་ཡ་མ་ར། ས་ཏོ་མེ་ཡ་མ་ར་ཡ་ཙ། ཏོ་མེ་ཡ་མ་ར་ཛ་ས་ཏོ། ཉི་མ་དང་པོ་ཁྲི་ཁྲི་བཟླས། །ཉི་མ་གཉིས་པ་མན་ཆད་ལ། །གཡོན་དུ་འགོ་ཆོད་གོང་བཞིན་བསྐོར། །དང་པོའི་ནུབ་མོ་དྲངས་པ་ནི། །ཡ་མ་མེ་ཏ་སྟེ་འགྲུབ། །རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ། །སྟག་མོ་མཆོངས་པ་ཞེས་ཀྱང་བྱ། །བྱ་རོག་ཁུ་འཕྲིག་ཞེས་ཀྱང་བྱ། །ཉི་མ་བཞི་པའི་ལས་ལ་འཇུག །ཉི་མ་དང་པོ་དག་ལའང་། །ཚངས་པ་རྩ་འགོང་འགོ་འཁོར་ཕྱིར། །སྔགས་དང་བེར་ཅོན་ཕྱག་རྒྱ་བཅས། །ཉི་མ་གཉིས་པ་དག་ལ་ཡང་། ཁ་ནས་ཁྲག་སྒྱུག་གཞུག་པའི་ཕྱིར། །སྔགས་དང་ལུས་དྲིལ་བའི་ཕྱག་རྒྱས་བཅས། །ཉི་མ་གསུམ་པ་དག་ལའང་། །ཙིསྟ་གཟེར་དུ་གཞུག་པའི་ཕྱིར། །སྔགས་དང་སྙིང་གཤག་ཕྱག་རྒྱ་བཅས། །ཉི་མ་བཞི་པ་དག་ལའང་། །གཟུགས་ཕུང་བརླག་པར་བྱ་བའི་ཕྱིར། །མ་ར་ཉིད་ནི་གདོན་མི་ཟ། །སྔགས་དང་འཁོར་ལོའི་ཕྱག་རྒྱ་བཅས། །རང་རང་དྲག་པོའི་སྔགས་དགོད་གཡུའི་སྤྱད་མོ། །དང་པོ་བདག་ལྷ་བསྙེན་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྙེན། ཁུག་པའི་རྟགས་རྣམས་བྱུང་བ་དང་། །གཟས་པ་དགུག་པའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་ཡང་ ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་དྲི་ཨ་ཀར་ཁྲེ་ཡ་ཧུ༷་ཛ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་ཏོ་རུ་ན་ཡོ་ག་ཡ་ཆེ་གེ་མོ་ཨ་ཡུ་རྙོ་ན་ཨ་རསྒ་ཡ་ཧུ༷་ཛ། ཉི་མ་གསུམ་པས་དགུག་པ་ནི། །ཡ་ཏ་ཡོ་ནིར་ཡ་ལྟོ་ཡ་ཆེ་གེ་མོ་ཏི་ཡ་ན་ཨ་ཀཁེ་ཡ་ཧུ༷་ཛ། ཉི་མ་བཞི་པས་དགུག་པ་ནི། ཨ་སྟེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་རུ་བ་སྐན་དྷ་ཨ་རསྒ་ཡ་ཧུ༷་ཛ། དེ་ནས་དབྱེ་བའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་ཡང་། །སྲོག་ལྷ་དག་དང་དབྱེ་བར་བྱ། །བྱ་རོག་འུག་པའི་གུང་རུ་ལ མ་ར་ཡའི་མིང་རུས་སྐྱོན། །གུ་གུལ་དུད་པས་བདུག་བྱ་ཞིང་། །ཡ་མ་ར་ཙ་ས་ཏོ་མེ་ཡ་དེ་བཤད། །སྲོག་གི་ལྷ་དང་ཕྱེ་ཞིག་བྱ། །གཉིས་པ་དག་ལ་ཕོ་ལྷ་དང་། །གསུམ་པ་དག་ལ་ཡུལ་ལྷ་དང་། །བཞི༷ ་པ་དག་ལ་དགྲ་ལྷ་དང་། །ལྷ་རྣམས་དག་དང་ཕྱེ་ཞེས་བྱ། །ཕྱི་ནང་གསང་བའི་སྔགས་ཀྱིས་ཀྱང་། །ཉུངས་དཀར་དག་ལ་བཟླས་ཤིང་བརྡེག །ཡ་མརྙ་ཀ་གསལ་བསྒོམས་ལ། །ཕུར་བུ་དག་གིས་བརྡེག་པར་བྱ། །ཨཱོཾ་ནི་མ་ར་ཡཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག །ཡ་མ་དུ་ཡ་མ་རྦད། ཚལ་པ་བ༷་རིལ་དུམ་བུ་དུམ་བུ། གཤིན་རྗེ་ནག་པོའི་ཀུན་ཁུག་དགྲ་བོ་མ་ར་ཡ་ཛ། ཨོ་དྲི་མ་ར་དྲི་ཧྲི་ད་ཡ་མརྙ་ཀ །པེ་ཏ་ལི་ཀྲོ་ཏི་ཤ་རི། སྙིང་འགོ་ཆོད་རྩེ་ལ་ཞོན་ཁྲག་འགོ་ཆོད། ཁྲག་ལ་ཀི་ལི་༼ཀ་ཀུང༽ལ་ཡ་བ༷་རིལ་རྦད། ཡ་མ་ར་ཙ་ས་ཏོ་དུན་སྨྱོ། ཡ་ཏེ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི། སྙིང་ལ་ཤག །མ་མེ་བ༷་རིལ་རྦད། རབ་ཏུ་ཁྲོས་ཏེ་ཕུར་བུས་བརྡེག །གང་ལ་བྱ་བ་ཐོགས་མེད་ཀྱིས། །མཐུ་སྟོབས་བདག་པོས་རབ་ཏུ་ཟུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁྲུལ་གྱི་ལྡེ་མིག་འཁོར་ལོ་མན་ངག་གསང་བའི་སྐབས་ཏེ་ལེའུ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བརྗོད་དོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ཐུགས་ཀྱི་སྙིང་པོ་བཀའ་བཞི་གདུང་བརྒྱད་འདི། །མ་ནོར་བཟླས་ན་ཅི་ཡང་གྲུབ་པར་ངེས། །ཡ་ཟུངས། །དཀོན་མཆོག་རྒྱལ་མཚན་ལྟ་བུར་ཚུགས། །ཞེས་གསུངས་ཏེ། མེ་ལྕེ་ཕྲེང་བ་ལྟ་བུར་བཀའ་སྩོལ། ཨོ་དྲི་མ་ར་ཡ་དུ་མ་ར་ཡ། ཡ་མ་དུ་ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་དུ་ཡ་མ་རྦད། ཚལ་པ་བ༷་རིལདུམ་བུ་དུམ་བུ་ཧཱུཾ་ཕཊ། ཡ་མ་ར་ཙ་ས་ཏོ་མེ་ཡ། བཙས་སོ་ཤ་སྙིང་བཅས། ཡ་མ་ར་ཙ་སྙིང་ལ་ཁྲག །ཐུམ་རིལ་རྦད། མ་མ་ར་ཙ་ས་ཏོ་མེ་ཡ། མ་ར་ཡ་ཙ་སྙིང་ཏོ་མེ་ཡ། ཡ་མ་ར་ཙ་སྙིང་ཏོ་མེ་ཡ། ཡ་མ་ར་ཙ་སྙིང་ཏོ་རུ་མེ་བ༷་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཁུག་རོ་ཤ་སྙིང་བ༷་རིལ་རྦད། ཡ་མ་ར་ཙ་ཁྲག་རྦད། ཡ་མ་ར་ཙ་རྨུགས་འཐིབས་རྦད། ཡ་མ་ར་ཙ་སུབས་རིལ་རྦད། ཡ་མ་ར་ཙ་མིང་དུ་ཡ་རྦད། ཡ་མ་ར་ཙ་མྱགས་བྱིང་མ་ཡ་འུབྲས་ཐུམ་སྙིང་འགོ་ཆོད། ཁ་ལ་ཟོང་ཚལ་པ་སྙིང་རྩ་རོ་བ༷་རིལ་རྦད། ཡ་མ་ར་བློ་ཙ་ར་བ༷་རིལ་རྦད། ཡ་མ་ར་ཙ་བློ་ཙ་མཚོན་ཆེ་རུས་རྒུ་རྩ་ཁ་སྙིང་རྩ་པྲ་མ་ཡ་ཨོ༷་ཙིཀྟ་བི་ན་གླུ༷། སྟི་ར་ཧུ༷་ཕཊ། ཧྲི་ཀྲི་ཀ༷་ཧྭ༷་ཕཊ། ཨོ་ཀ་ཀ་ཏ་ཡ་དྷ་བྷན་ཀྲོ་མན་ཙ་ཏེ་དམ་ཧྲུ༷་ཕཊ། ཨོ༷་ཧྲི་སྟི་པྲ་མ་མུར་ཙ་ར་ག་ཏ་ཙ་རི་ནི་མ་ར་ཡ་ཤ་ཀུ་ནི་ཨ་མུ་ཀ་རྦད། ཡ་ཧུ༷་ཕཊ། ཨོ༷་པྲ་མ་ར་རག་ཙ་ཏ་ར་ཡ་ནི་ཤ་ཀུ་རུ་ཧུ༷་ཕཊ། ཨོ་ཆུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོ༷་་པྲ་ཙ་ཙ་རུ་མུ་ཏ་མ་མ་རག་ཤིན་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧུ༷་ཕཊ། ཨོ་ཧྲི་སྟི་ཨ་མུ་ཀ་མུར་ཙ་ར་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧུ༷་ཕཊ། ཨོ་ཧྲི་སྟི་ཨ་མུ་ཀ་ཙ་ར་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧུ༷་ཕཊ། ཨ་ཧྲི་སྟི་ཨ་མུ་ཀ་མ་ར་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧུ༷་ཕཊ། ཨཱོཾ་ཧྲི་སྟི་ཨ་མུ་ཀ་མ་ཙ་རག་མ་ཏ་ཡ་ཧྲུ༷་ཕཊ། ར་ཙ་ས་ཏོ་མེ་ཡ། ཏོ་རུ་ན་ཡ་ད་ཡ། ཡ་ནི་རི་ཡ་སྟེ་ཡ། ཛ་ནི་ར་མ་ཡ། ཙ་ས་ཏོ་མེ་ཡ། རུ་ན་ཡོ་ཏ་ན། ནི་ར་ཡཀྟ་ཡ། ཙ་ན་མ་ཡེ། ར་མ་ཡ།ཏོ་ཡེ་མ། མོ་ཏ་ཡ། ཡ་སྟེ་ཡ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསང་བ་ཐུན་སྔགས་ཀྱི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་འཇིགས་བྱེད་རྒྱལ་པོ་གཤེད་པོ་དེས། མཚོན་ཆ་འབར་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། ཡུམ་རོ་ལངས་ཐལ་མདོག་མས། ཐུགས་ཀྱི་ཡི་གེ་ར་མ་སྟི་གསུམ་བཏོན་ནས། སྲོག་བསྡུར་བའི་བྱེ་བྲག་ལས་རག་ཏའི་རྦ་ཀློང་དང་། ཀེང་རུས་ཀྱི་རི་རབ་དང་། ཞིང་གི་སྣམ་རྒྱུ་བས། སྟོང་གསུམ་སྟོང་གང་བར་སྤྲུལ་ཏེ། བསྐོར་བ་ལན་གསུམ་བྱས་ནས་ཕུལ་ལོ། །བསྟན་པ་ཡུན་དུ་གནས་པར་དམིགས་ཏེ། རལ་པ་བསིགས་རྡོ་རྗེ་གསོར་ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་འཇིགས་བྱེད་ཆེན་པོ་ལགས། །བསྟན་པ་ཡུན་དུ་གནས་པ་དང་། །རྣལ་འབྱོར་ཀུན་ལ་ཕན་བྱའི་ཕྱིར། །དགོད་ཀྱི་དྲག་སྔགས་བཤད་དུ་གསོལ། །ཞེས་ཞུས་སོ། །དཀོན་མཆོག་རྒྱལ་མཚན་ལྟར་བྱའི་ཕྱིར།།དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །ཐུགས་ལ་དྲིལ་བ་དགོད་ཀྱི་སྔགས། །བཤད་པར་བྱ་ཡིས་མཉན་པར་བྱོས། །ཨ་ཧོ། ཨོ་ནི་མ་ར་ནི་མ་དུ་རུ་ཙ་ལ་ཕྲ༷་ན་མ། མ་ར་ཡ་ཛ་ཛ། ཆེ་གེ་མོ་རྩ་ལ་ཁུག་སྙིང་རྩ་ནན་གློ་རྩ་ལ་ཁུག །གློ་རྩ་རྦད། ཐུམ་རི་ལི་ལི་རྦད། ཨོ་ནི་མ་ར་ནི། རྩ་ལ་ཙན་ཏ་ནག་པོ་ཏེ་ཀུམ་བ༷་རིལ་རྦད། ཨོ་ནི་མ་ར་ནི་མ་ར་དུ། རྒྱུ་རྩ་སྙིང་ནན། ཁུ༷་བ༷་རིལ་རྦད། རྩ་ནན། རྩ་ལ་ཁུག ཁྲགརྩ་རྦད། ཏར་ཕན་ནན། ཐུམ་རིལ་རྦད། ནག་པོ་ཏེ་ཀུན་ཙ་ཐུན་སྨྱོ། རུ་ལུ་རུ་ལུ་ཙ་པ་ལ། ཏྲག་མ་ཏྲག་ཤ་ཀྲོ་ཏི་ཤྭ་རི་སྙིང་ལ་དུང་ན་སྨྱོ། རྩ་ལ་ཕྲ༷་ནན། དགྲ་མོ་མ་ར་ཡ་ཛ་ཛ། འདི་ནི་ཞེ་སྡང་ཀུན་གྱི་བཅུད། །ཕྱག་རྒྱ་ཏིང་འཛིན་གསལ་བསྒོམ་ཞིང་། །ལིང་ག་ཚུལ་དང་ལྡན་བྱས་ལ། །ནག་པོའི་དྲོགས་ཀྱི་ཐེབས་པར་གདབ། །འདི་ནི་ལྕགས་ཤིང་ཐེབས་པའི་མཆོག་ཅེས་གསུངས་སོ། །འཇིགས་བྱེད་ཆེན་པོས་ཡང་གསུངས་པ། །རོལ་པ་རྒོད་ཀྱི་ཁྲག་གཟེར་ནག་པོ་འདི། །མཚན་མར་བཅས་པའི་ལིང་ག་གསལ་བྱས་ནས། །ཕྱག་རྒྱ་བརྟན་པའི་སེམས་ཀྱིས་སྨྱོ་ཡི་མཚན་མ་གདབ། །ཨོ་ནི་མ་ར་ནི་མ་ར་ཡ་དུ། ཁྲག་ལ་ཁུག་གི་སྙིང་རྩ་་རྟོགས་ག་ས༽། སྙིང་ཁྲག་ཚལ་པ་བ༷་རིལ་རྦད། ཁྲག་ཉག་ཉག་ཤ་སྙིང་ལ་ཁུག་ཐུམ་རིལ་རྦད། ཁྲག་ཐིགས་རསྒ། བ༷་རི་ལ་རྦད། ཁྲག་འགོ་མྱོགས། ཐུམ་རིལ་རྦད། ཁྲག་མུགས་ཤིག །ཐུམ་རིལ་རྦད། ཁྲག་སྙིང་ལ་བེ་ར་སྟ༷། མུགས་ནན། ཐུམ་རིལ་རྦད། ཨོ་ནི་མ་ར་ནི། ཁྲག་ཤ་རོ་ལ་ཁུག །ཐུམ་རིལ་རྦད། ཨོ་ནི་མ་ར་ནི་དགྲ་བོ་མ་ར་ཛ་ཛ། ཨོ་ནི་མ་ར་ནི། མ་ར་དུ་ཁྲག་ཙ་བག ཁྲག་ལ་ཁུག ཁྲག་ལ་དུ་ན་ཡ། མེ་བ༷་རིལ་རྦད། ཁྲག་འགོ་ལྷོབ་ཐུམ་རིལ་རྦད། ནག་པོའི་སྙིངལ་ཡསྒ་བ༷་རིལ་རྦད། མཚོན་ཆ་རྨྱོགས། རྩ་ལ་རྣུ་རྣུ་ཐུམ་རིལ་རྦད། རྩ་རྩ་ནན། རྩ་ལ་མ་ཁྲམ་པྲ་ས་ནན། བ༷་རིལ་བོད། ནག་པོ་བ༷་རིལ་སྙིང་བ༷་ཡསྒ་བ༷་རིལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁྲ༷་ཁས། ནག་པོ་ཤ་པ་ནི་རྩ་བེ་རིལ་རྦད། ནག་པོ་ར་ཧ་ལ་བ༷་རིལ་རྦད། ན་ག་སྙིང་འགོ་ཆོད། ཁ་ལ་ཟོ་སྙིང་འགོ །རྩ་ལ་ད་རོལ་མོ་དགྲ་བོའི་སྙིང་ལ་ཛུ་ཛུ། དགྲ་བོའི་སྙིང་ལ་ཧ་རེ་ཧུ་ར་བ༷་རིལ་རྦ༷ད། ཧུ་ཡ་ཧུ་ཡ སྙིང་ལ་དུ་ར་དུ་ར། བློ་རྩ་རིལ་རྦད། ཡང་ན་སྙོ་ལྐུགས་སུ་ཆུད། ཡང་ན་མྱོས་ཤིང་འབོག་ཏུ་ཆུག །ཡངན་རྩ་བ་དགུ་རྒྱུད་ཆོད། ཡང་ན་དོན་སྙིང་ཐལ་བར་རློགས། ཡང་ན་མཛ་ནད་འབྲུམ་བུ་ཐོང་། ཨོ་ཤི་མསྒྲུ་ཀྲི་སྣ་ཡ་མ། དགྲ་བོའི་སྙིང་ལ་བ༷་རིལ་རྦད། གུར་གུམ་བ༷་རིལ་རྦད། ཧར་ཐུམ་ཧུར་ཐུ༷་བ༷་རིལ་རྦད། ཏྲ་ཧ་ར་ཏྲ་ཧ་ར་བ༷་རིལ་རྦད་རྦད། རྨེ་དུམ་རྨེ་དུམ་བ༷་རིལ་རྦད། ཧུར་ཤ་ཧུར་ཤ་བ༷་རིལརྦད། ཏྲག་ཀ་རི་ཁ་བ༷་ཀ་རྦད། ཧ་ར་ཙ་ན་ནན། པྲ་རུ་ར་བེ་རིལ་རྦད། ཀྲི་ཡ་ཧ་ཀྲི་ཡ་ཧ། སྣ་ཕུ་ལུ་སྣེ་བུ་ཙུར་ཏི་བ༷་རིལ་རྦད། སྨེ་ཤ་སྨེ་ཤ་ཀྲ། ཤུ་སྨེ་ཤ་ཀྲ་ཤུ་ཚུ་ར། ཧོ་ཚུ་ར་ཧ༷། གུ་ར་གུ་ར་བ༷་རིལ་རྦད། ཙ་དུ་ཙ་དུ་སླེ་ཤ་སླེ་ཤ་བ༷་རིལ་རྦད། ཨོ་ཡསྟེ་ཡ་ཧུ༷་ཕཊ། ཨོ་བ་ར་མ་ཡ་ར་ཧུ༷་ཕཊ། ཨོ་ཙ་མ་ར་ཡ་ཙ་ཧུ༷་ཕཊ། ཨོ་ཡ་མ་ར་ཡ་ཧུ༷་ཕཊ། ཨོ་མ་ར་ཡ་ཧུ༷་ཕཊ། ཨོ་མ་ར་ཡ་ཧུ༷་ཕཊ། ཨོ་ར་ནི་ཙསྟེ་ཡར་ནི་ཏ་ཡ་ཡོ་ན་རུ་མེ་ས་ཏ་ཙ་ཡ་ཧུ༷་ཕཊ། ཡ་མ་མེ་དསྟེ་ཙ་ནི་ཡ་ཧུ༷་ཕཊ། ཡ་མ་མེ་ཏ་མེ་ར་ཡ་ཧུ༷་ཕཊ།༄༅ ཨོ་ཡ་མ་སྟེ་ཡ་མ་རུ་ན་ཧུ༷་ཕཊ། ཨོ༷་ཡ་མ་ཁྲེ་མེ་ད་ན་ར་ཡ་ཧྭ༷་ཕཊ། ཨོ་ཡསྟེ་ཡ་ཙ་ནི་ར་ཙ་ས་ཏོ་མེ་ཧུ༷་ཕཊ། ཨོ་ཡ་མེ་ཏོ་རུ་ན་ཡོ་ན་རུ་ཡསྟེ་ཡ་ཧུ༷་ཕཊ། ཨོ་མ་མ་ར་ཙ་ས་ཏོ་རུ་ཡོ་ད་ཧྭ༷་ཕཊ། ཨོ་ཡ་ཏ་ཡོ་ནི་ར་ཙ་ནི་མ་ཡ་ཧུ༷་ཕཊ། ཨོ་མཧྭ་ཀྲོ་ཏེ་ཏ་མ་ཀ་དྲུ་ཡ་བན་མཉུ་ཀ་ཧྭ༷་ཕཊ། ཨོ་་དེ་མ་ཧ་ཧ། ཧུ༷་ཀྲོ་ཡ་ཀ་མ་ཙ་ཡ་ཀ་ཏ་ཀ་ན་བྷརྫི་ཧུ༷་ཕཊ། ཨོ་ཏེ་ཏེ་ལ་བ་ཧུ༷་ཕཊ། ཀ་ཡ་བག་ནི་ཧུ༷་ཕཊ། ཀ་ཡ་བག་ནི་ཧུ༷་ཕཊ། སྲོག་ལ་ལྟེ་བར་སྙིང་རྩ་རྦད། ཆེ གེ་མོ་ཙ་་།་་།་ཁུག །སྙིང་རོལ་ཚལ་པ་བ༷་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཏོ་ད་པ། རསྒ་བ༷་རིལ་རྦད། ཨ་གུ་ཤ་སྙིང་ཁུག །མཆིན་རྩ་རྦད། ཀར་ཀས་རྩ་ལ་་།ག །རྩ་མོ་མ་ལ་གཡོ་མས། རོ་ལ་ཙེ་མ་བ༷་རིལ་རྦད། ཁྲག་ལ་རྩ་སྙིང་ལ་་།ས་བེ་རིལ་རྦད། དགྲ་བོ་མ་ར་ཡ་བ༷་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི་སྙིང་ལ་མན་ཏོ་སྲ མེ་ཡ་བ༷་རིལ་རྦད། ཡ་ཀ༷་ཡ། ཡ་ཀ༷་ཀ་ཨ་ཀ༷་སྙིང་ལ་རོ་བ༷་རིལ་རྦད། ཡ་མ་ར་ཙ་ཙ་རོད་པ་ཁུག་ཐུམ་རིལ་རྦད། སྙིང་ལ་ཤམ་བ༷་རིལ་རྦད། ཡ་མ་ར་ཙ་དགྲ་བོའི་སྙིང་ལ་རྩ་རྩ་ནན་ནན། ཕྲོགས་ཕྲོགས་རྨུགས་རྨུགས། དགྲ་བོ་ཁུག་དུམ་རིལ་རྦད། ཨོཧྲི་ ་ཡ་ཡ་མརྙ་ཀ་ཤི་མརྙ་ཀ་ཤི་མན་ཨ་ཀྲོ་ཏ་མཉུ་ཡེ། པེ་ཏ་ལི་ཆེ་གེ་མོ་རོ་ལ་ཙིཀྟ་རོལ་ཤན་ཏི་སྙིང་ལ་རོག་པ་རྩ་ལ་རོག་པ། ཀྲོ་ཏ་རི་ཤི་པེ་ཏ་ལི་ཁྲག་ཁུག་བེ་རིལ་རྦད། ཡ་མ་ར་ཙ་སྲོག་རྩ་ལ་བ༷་ཨེ་མསྐྲུ་སྙིང་ལ་ཁུག་སྲོག་ལ་རྦད། ལ་བེ་ཏ་བ༷་རིལ་རྦད། དྲི་མ་ར་ཡ་འདོད་པ་མ་ར་ཡ། འདོད་པ་མ་ར་ཡ་ཏ་ཧུ༷་ཕཊ་ཛ། ཨོ་ཤི་མཉུ་ཡ་མ་ར་ཙ་བེ་ཏ་ལི། ཀྲོ་ཏི་ཤྭ་རི། སྙིང་ཁ་རག་ཡམ་ཡ་ཐུམ་རིལ་རྦད། ཡ་མ་ར་ཙ་ས་ཏོ་མེ་ཡ་ཁྲག་ལ་ཏོ་རུ་མེ་ཡ། ཀླད་པ་ལ་ཧེ་རེ། ཧེ་བ༷་རིལ་རྦད།ཨོ་ཀི་ལི་ཀེ་ལ་ཡ། ཁྲག་འཐིབས་རིལ་རྦད། ཁུ་ཚུབས་འཐིབས་རྦད། སུབས་རིལ་རྦད། ལིང་དུ་ཡ་རྦད། གཤན་དུ་ཡ་རྦད། ཁྲག་ཤ༷་དུ་རྦད། ཁྲད་དགྲ་ཁྲད་དགྲ། བ༷་རིལ་རྦད། ཙི་ཏི་རོ་ལ་ཤན་ཏི་སྙིང་ལ་རྩ་རྩ་རྦདགཤིནརྗེའིཕོ་ཉ་སྙིང་རག་བློ་སྙིང་ལ་ཁུག་དགྲ་བོ་མ་ར་ཡ་བ༷་རིལ་རྦད། བདུད་པྲ་ཡ་མ། བདུད་པྲ་མ་ཡ། བདུད་སྙིང་འགོ་ཆོད། དུ་རུ་ཧར་ཧི་ཧར་ཧི་དགྲ་བོའི་སྙིང་ལ་ཛ་ཛ། ནག་པོ་ཏི་པ་དགྲ་སྙིང་ལ་རྩ་བ༷་རིལ་རྦད།ན་ག་ཀྲོ་ཏི་ཤཱ་རི་སྙིང་རྩ་ལ་ཡ། ཏྲག་ཏྲག་མ་ཏྲག་དགྲ་བོ་ལ་ཐུམ་རིལ་ཡིསྨོ་་། ན་ག་ཀྱེ་ཀུན་ཀྲོ་ཏི་ཤྭ་རི་སྙིང་ལ་ཁྲག་ཐུམ་རིལ་ཕོརྟོ་་། ཀྲག་ཏྲ་མོ་རུ་ལུ་འདུ་རྩ་བ་ལ། ཏྲ་ཤ་ཏྲ་ཏི་ཤི་རི་ཐུམ་རིལ་རྦད། ཨོ་ནི་མ་ར་མ་ར་ནི། རསྒ་མྱོ་ཁྲག་ལ་ཁ་ལོང་ཁ། ཁྲག་ལ་དུར་བ་ཤིག །ཐུམ་རིལ་རྦད། སྙིང་ཁྲག་ཞོས་མཆིན་རྩ་ཆོད། རྒྱུ་ཁྲག་རྙོགས། སྙིང་ལ་མེ་བ༷་རིལ་རྦད། ཁྲག་འགོ་ཆོད། ཁྲག་ལ་ཤིག་ཐུམ་རིལ་རྦད། མ་ར་ཡ་ཛ་ཛ། འཇིགས་བྱེད་ཆེན་པོས་ཡང་གསུངས་པ། །ཀུན་གྱི་ནུས་པ་དྲིལ་བའི་མཆོག །འབ་ས་ཏ་ཀ་བསྐོང་པ་བཞིན། །ཐེ་ཚོམ་མེད་པར་བཟླས་པར་བྱ། །བདག་ཉིད་ཕྱག་རྒྱར་གསལ་བ་ལས། །ལག་མཐིལ་དུག་གི་འཁོར་ལོ་བྲི། །ལིང་ག་གོང་བཤད་ཤེས། བྱ་ཕུར་སྔོན་པོས་གདབ་པར་བྱ། །ནི་མ་ར་དུ་ནི་མ་ར་དུན། ཡ་མ་སྙིང་འགོ་ཆོད། ཁྲག་བྲམ་སྙིང་ལ་རུག་པ་ཤག །དགྲ་བོ་མ་ར་ཡ་ཛ་བཛྲ་ཀི་ལི་ཀི་ལ་ཡ། སྙིང་ལ་ཕྲལ་ནན་སོད།སརྦ་དུ་རུ་ཀ་བ༷་རིལ་སོད་རྦད། བཛྲ་ཀི་ལི་ཀི་ལ་ཡ་ཁྲག་རྦད། ཁྲག་འགོ་ཤག་ཤམ་བ༷་རིལ་རྦད། རྩ་ལ་ཏ་ར་ནན། ཁྲག་ཐུམ་རིལ་རྦད། ཤ་ཁྲག་ཤམ་་།ས་ཐུམ་རིལ་རྦད། རྨུགས་པ་རྩ་ཐུམ་རིལ་རྦད། སུ་ར་བེ་སྙིང་ལ་ཁུག་ཐུམ་རིལ་རྦད། རློང་ཤ་མ་ཐུམ་རིལ་རྦད་རྦད། བི་མ་ཡ་བ་ཤམ་ཐུམ་རིལ་རྦད། ཨོ་དྲི་མ་ར་ནི་མ་ར་དུ། ཡ་མ་སྲ ཡ་མ་སྙིང་། གློ་ལ་བམ། དགྲ་བོ་མ་ར་ཡ་ཛ་ཛ། ཨོ་ནི་མ་ར་ནི་མ་ར་དུ། དགྲ་རྩ་ཆོད། སྙིང་རྩ་ཕྲལ་ལ་ནན། དགྲ་བོ་མ་ར་ཐུམ་རིལ་རྦད། འཇིགས་བྱེད་ཆེན་པོས་གསུངས་པའི་དོན། །བདག་ཉིད་ཕྱག་རྒྱ་གསལ་བ་ཡི། །ལག་པ་གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་བསྒོམ། །ཚེར་དུག་ཤིང་གི་ཕུར་པས་བྱལིང་ག་གོང་དུ་བསྟན་པར་ཤེས། །རི་རབ་རྦབ་བཞིན་བཟླས་པར་བྱ། །ཨོ་ནི་མ་ར་ནི་མ་ར་དུ། ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་དུམ་བུ་དུམ་བུ། བམ་རིལ་ཀི་ལི་ཀི་ལ་ཡ་སརྦ་བིད་ནན། དགྲ་བོ་མ་ར་ཡ་སྙིང་ཚལ་པ། །༼སྡུ་རུ་སྡུ་རུ་རྙུ་རུ༽དགྲ་་་་ མ་ར་ཡ་ཛ་ཛ། དགྲ་བོ་མ་ར་ཡ་ཛ་ཐུམ་རིལ་རྦད། གཤིན་རྗེ་ནག་པོའི་སྙིང་ལ་ཛ་ཛ་ནན། སྲོག་རྩ་ལ་བམ་རིལ་རྦད།ནག་པོ་དེ་ཀུན་སྲོག་རྩ་ལ་ནན་ནན། ཁུག་ཁུག་ཐུམ་རིལ་མ་ར་ཡ་ཛ་ཛ། བཛྲ་ཀི་ལི་ཀི་ལ་ཡ། གཤིན་རྗེ་ནག་པོ་དེ་ཀུན་རྩ་རོལ། བམ་རིལ་རྦད། རྩ་ལ་དར་རོག་བམ་རིལ་རྦད། ཨོ་བཛྲ་ཀི་ལི་ཀི་ལ་ཡ། སྙིང་ལ་ནག་པོ་རསྒ་ནག་པོ་དེ་ཀུན་སྙིང་ལ་འབོབས་འབོབས། ཤིག་ཤིག །ཆུམ་ཆུམ་ཐུམ་རི་ལི་ལི། མ་ར་ཡ་ཛ་ཛ། ནག་པོ་རསྒ་འུམ་ཤ་འུམ་ཤ །ཐུམ་རི་ལི་ལི་མ་ར་ཡ་རྦད། དྲག་མ་ར་ཤམ་ཀུན་ལྡན། དགྲ་སྙིང་ལ་པདྨ་ཧྲ༷། ནག་མོ་རེ་མ་ཏི་ཛ་ཛ། ཡེད་དེ་ཡེད་དེ། སུབ་སུབ། སུ་རུ་སུ་མྲ ཀྲོ་ཏི་་༑་རི་སྙིང་ཁ་རག་སྔོན་མོ་རསྒ་སྙིང་ལ་ཁ་ས་ཁ། ཏྲ་ནག་མོ་པེ་ཏ་ལི། ཨེ་ནན་བཛྲ་ཀྲོ་ཏི་་།་རི། སྙིང་ལ་རོད་མ་རྩ་བམ་རིལ་རྦད། དགྲ་བོ་མ་ར་ཡ་ཛ་ཛ། ཨ་ཧོ། འཇིགས་བྱེད་ཆེན་པོས་དེ་སྐད་ཅེས་གསུངས་ཏེ། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་རྩེ་གཅིག་ཉོན། །མར་ལྷར་དྲིལ་པར་བགྲོད་ཀྱི་སྔགས། །འདི་ནི་མ་ར་སྨོན་པའི་མཆོག །བདག་ཉིད་ཕྱག་རྒྱ་ཆེན་པོ་གསལ་བ་ལས། །གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ཤེས། །ནག་པོའི་གདུག་པ་ཕུར་པ་ལ། །རཀྟས་བྱུག་ལ་ལིང་ག་ལ། །གདབ་པ་གསུ༷མ་དུ་ཤེས་པར་བྱ། །ཨོ་ནི་མ་ར་ནི། མ་ར་དུ་ཡ་མ་སྙིང་ཡ་མ་ཁྲག །ཚལ་པ་བམ་རིལ། དུམ་བུ་དུ༷ མ་བུ། བམ་རིལ་ཧུ༷་ཕཊ།བཛྲ་ཀི་ལི་ཀི་ལ་ཡ། ནག་པོ་ཏི་པར་ཤ་ནན། ཁུག་རོལ་བམ་རིལ་དགྲ་བོ་མ་ར་ཡ་ཛ་ཛ ཨོ་བཛྲ་ཀི་ལི་ཀི་ལ་ཡ་ནག་པོ་རྩི་བ་སྙིང་ལ་ཐོད་པ། བཛྲ་ཤག་ཤག་ནན། ཁུག་ཐུམ་རིལ་རྦད། ཨོ་ཤི་མཉུ་ཙན་ཏྲ་རསྒ་རོ་ལ་༄༅། ཁུག་ཐུམ་རལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁུག །ཐུམ་རིལ་རྦད། ཨོ་ཤི་མསྣྲུ་ནག་པོ་ཏྲག་ཤ་རོལ་བམ། དགྲ་བོ་མ་ར་ཡ་ཛ་ཛ། ནག་པོ་དེ་ཀུན་སྙིང་ལ་རྩ་བ་ལ་དུན་སྨྱོ། ཨོ་མལྗ་ནག་པ་ཏྲག་རསྒ་ཧ་ར་བ༷་རིལ་བ་རྦད། ཨོ་ཤི་རི་ཨ་ཀྲོ་ཏེ་ཀ །ཨབྱ་ཡ་མརྙ་ཀ་སྙིང་ལ་རསྒ་༼དག་རག༽མོ་རོ་ལ་ཁྲག་ཐུམ། དགྲ་བོ་མ་ར་ཡ་ཐུམ་རིལ་རྦད། ཨོ་ན་ག་རསྒ་ཀྲོ་ཏི་ཤྭ་རི། སྙིང་ཁུག་ཐུམ་རིལ་རྦད། ནག་པོ་ཀུན་ཏུ་སྙིང་ལ་ཐུམ་རིལ་རྦད། རོ་ལ་ཁྲག་ཐུམ་སྙིང་འགོ་ཆོད། སྤ་ལ་བ༷། དགྲ་བོ་མ་ར་ཡ་ཐུམ་རིལ་རྦད། གོང་དུ་བྱ་བའི་ལས་ཟིན་ནས། །གདུག་པའི་སེམས་ཀྱིས་ལས་བྱའོ། །དེ་ནི་མི་ལྡོག་ཨུར་མོའི་ལས། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསང་སྔགས་དགོད་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོས་འདའ་བ་མེད་པའི་དམ་ཚིག་འདི་བཀའ་བསྩལ་ཏོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །སྙིང་པོའི་དོན་དེ་མི་གསུངས་ཤིང་། །རྡོ་རྗེ་ཡི་དམ་ལྷ་ལྟར་བཀུར། །སྔགས་དང་ཕྱག་རྒྱ་དཔེ་བརྒྱད་ལ་སོགས་ཤེས། །རྣལ་འབྱོར་ཕོགྱོ་ཆེ༽ལ་མོས་པ་བསྐྱེད། །ཐུགས་ལས་བརྣག་པ་གནོད་བྱེད་འབྱུང་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་སོ། ཁྱད་པར་རིམ་པ་བསྟན་པ་ནི། །བདག་ཉིད་ཕྱག་རྒྱ་བརྟན་བྱ་ཞིང་། །ལམ་མི་བཟུར་ཞིང་ཕྱག་མི་བྱ། །གཏམ་མི་སྨྲ་བར་སྡིགས་མཛུབ་ཕྱིར། །ཆས་བརྒྱད་རྒྱན་གོས་བགྲོད་པར་འགྲོ། །དེ་ལ་སོགས་ཏེ་དུ་མར་བཤད། །མི་འདའ་བསྲང་བས་དམ་ཚིག་སྟེ། །འད་ན་མཆག་ ་དན་དུ་བཤད། །དཔའ་བ་ ན་པས་བཤད་པའ་དན། །འདུས་པའ་ ག་འད་འདའ་མ་ ད། ། ས་བཀའ་བསྩལ་ཏ། །དཔལ་ཟླ་གསང་ནག་པོའི་རྒྱད་ལས། དམ་ཚིག་མརྡོར་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞཀེ་ གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ངས་རྒེཟླུངས་པ་ལ་སེམས་ཐུད་ཅིག་།ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བསྟན་པ་འཛིན་སྐྱོང་སྲུང་བ་དང་། །བསྟན་པ་བཤིག་པའི་དགྲ་དེ་ལ། །དྲག་པོའི་ལས་ཀྱི་ནན་ཏུར་བྱ། །དུས་འདིར་རང་འབྱུང་དགྲ་ལ་བྱ། །དུས་དང་ཁམས་དང་འཀྱུར་བ་དང་། །རང་འབྱུང་དོན་དེ་བཞི་རུ་འདོད། །དེ་ལ་བསྐུལ་པ་རྣམ་བཞི་བྱ། །རྫས་དང་སྔགས་དང་ཏིང་འཛིན་གྱིས། །བསྐུལ་བའི་དོན་དེ་བཞི་རུ་འདོད། །དེ་ཡི་དོན་དུ་བསྙེན་བསྒྲུབ་བྱ། །བསྣེན་བསྒྲབ་སོང་ནས་བསྐུལ་བ་ནི། །འཁོར་ལོ་དང་ནི་་་མང༽འགལ་དང་། །ཉི་མ་དང་ནི་གཤིན་རྗེ་དང་། །གསང་སྔགས་ཏིང་འཛིན་དག་དང་དྲུག །འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །ཕྱི་ནང་གསང་བ་གསུམ་དུ་འིདུས།༄།འཁོར་ལོ་དེ་དག་རེ་རེ་ལས། །བྲི་དང་བསྐྲད་དང་ལས་དང་ནི། །རང་གི་ངོ་བོ་དང་ལྡན་པས། །དེ་བཞིན་ལིང་ག་དག་དང་གསུམ། །ཕྱི་ནང་གསང་བ་གསུམ་དུ་འདུས། །རྒྱུ་དང་བཅའ་དང་སྒྲ་དང་ལས། །རང་གི་ངོ་བོ་དག་དང་ལྔ། །དེ་བཞིན་སྔགས་ནི་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །དེ་བཞིན་དྲག་སྔགས་རེ་རེ་ལས། །རྒྱུ་དང་བཏུང་དང་ལས་སྔགས་དག །ལས་དང་ངོ་བོ་སྒྲ་དང་ལས།།ཉི་མ་ལ་ཡང་གསུམ་དུ་འདུས། །ཉི་མ་དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་གནས། །སྒྲ་དང་ལས་ཏེ་རྣམ་པལྔ། །གཤིནརྗེལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གཤིན་རྗེ་དེ་དག་རེ་རེ་ལརང་གི་ངོ་བོ་རྒྱུ་དང་སྒྲས། །གནས་དང་ལས་དང་དེ་ལྟར་བསྟན། །གཤིན་རྗེ་དེ་དག་གནས་པ་ནི། །གཤིན་རྗེའི་གྲོང་ཁྱེར་ཞེས་༼དང་ཀྱང༽བྱ། །གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། ཁྲི་དང་འགུགས་དང་གནས་པ་ནི། །སྲིད་པ་གསུམ་གྱི་འཇུག་ས་ཡིན། །ཏིང་ངེ་འཛིན་ལ་ཡང་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གསུམ་པོ་དེ་དག་རེ་རེ་ལ། །བྱིན་བརླབས་འདས་པའི་ཏིང་ངེ་འཛིན་དང་། །ངོ་བོ་རྒྱུ་དང་ལས་དང་སྒྲ། །དེ་ནི་རྣམ་པ་དྲུག་ཏུ་འདོད། །ཕོ་མོ་དག་གི་མཚན་ཉིད་ནི། །གཡས་དང་གཡོན་གྱི་བྱེ་བྲག་གིས། །འགྲོ་བའི་དོན་ལ་ཆོས་བཞིན་མཆོད པརབྱེད། །གཤིན་རྗེ་གཤེད་པོས་རབ་ཏུ་བསྔགས། །རྡོ་རྗེ་འཛིན་པས་རབ་ཏུ་ཟུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནག་པོ་གསང་བྱེད་སྒྲོན་མའི་ལེའུ་སྟེ་ཞེ་གཉིས་པའོ།། །།གཤིན་རྗེ་གཤེད་ནག་པོས་གསུངས་པའི་དོན། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །གསང་བའི་རྒྱུད་དེའ་བརྣགས་པའ་ལུང་། །དོན་གཉས་དག་ཏུ་ཤེས་པར་བྱ། །བསྙེན་བསྒྲུབ་དང་ན་འཕྲན་ལས་ལ། །བསྙེན་པ་ལ་ཡང་རྣམ་གཉས་སོ། །སྔོན་དུ་འགྲོ་བའ་ཆོ་ག་སྟེ། །བསོད་ནམས་བསགས་པར་བསྟན་པ་དང་། །བསྟན་པ་དངོས་གཉིས་བསྟན་པའོ། །ཐབས་དང་དགོངས་པ་རྣམ་གཉིས་ཀྱིས། །བསོད་ནམས་བསགས་པའི་ཆོ་གར་འདོད། །ངོ་བོ་བྱེད་པའི་ངེས་ཚིག་དང་། །དགོས་ཆེད་རྣམ་པ་བཞི་ཡིན་ནོ། །བསྙེན་པའི་བྱེད་པ་བསྟན་པ་ཡིན། །བསྒྲུབ་པ་༼ལ༽་ ཡང་བཅུ་གཉིས་སྟེ། །གནས་དང་བརྟུལ་ཞུགས་མཚན་མ་བཞག །མཆོད་རྫས་བཞག་དང་དངོས་གྲུབ་བརྙེད། །དམ་ཚིག་འཕྲོ་འདུ་ཏིང་འཛིན་འཕྲོ་འདུ་དང་། །བསྒྲུབ་པའི་བླང་བའི་ཐབས་དང་་དེ༽། །བར་དུ་གཅོད་པའི་བགེགས་དང་ནི། །བསྒྲུབ་པའི་ཐབས་དང་་སྐྲོགས་རྫ་གས༽པ་ཆེན་པོའི་ཆོ་ག་སྟེ། །དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཏེ། །དངོས་གྲུབ་བླ་མ་ཆོ་གར་འདོད། །འཕྲིན་ལས་དག་ལས་རྣམ་གསུམ་སྟེ། །འཁོར་ལོ་བསྐོར་དང་གནས་སྲེག་པའོ། །དུས་དང་གང་ཟག་བསྐོར་བའི་གནས། །ངོ་བོ་༼བདེ་དབྱ༽བ་ངེས་ཚིག་དང་། །འཁོར་ལོ་རྒྱུ་རྐྱེན་མཐུན་པའི་དཔེ། །སྒྲུབ་བྱེད་གྲོགས་དང་མ་གྲུབ་སྐྱོན། །བསྒྲུབ་པའི་ཐབས་ལ་སོགས་པའི་ཐབས། །བདེ་བ་བཅུ་གསུམ་པ་ཡི་ངག །ཅེས་གཤིན་རྗེ་གཤེད་པོས་རབ་ཏུ་བརྗོད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལས་ཀྱི་འབོད་བྱང་གི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །དུས་ཚོདམཚོན་ཆ་རྣོན་པོ་ལ། །རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས། །ཐེ་ཚོམ་མེད་པར་བསྒྲལ་བས་གྲུབ། །ཕག་སྦྲུལ་སྟོན་དཔྱིད་ར་བ་ལ པི་བ་རྟ་ནི་སྟོན་དཔྱིད་འབྲིང་། །སྟོན་དཔྱིད་ཐ་ཆུངས་གླང་ལུག་པའོ། །སྟག་སྤྲེལ་དབྱར་དགུན་ར་བ་ཤིས། །དབྱར་དགུན་འབྲིང་པོ་བྱ་ཡོས་ལ། ཁྱི་འབྲུག་དབྱར་དགུན་ཐ་མར་འགྲུབ། །དེ་ནི་ལོ་གཤེད་ཟླ་བའི་ཀེག ཁྱད་པར་ཉི་མའི་གཤེད་ཉེ་སྟེ། །དབྱར་སླུང་འཇུག་ཅིང་དགུན་སླུངས་འབྱུང་། །དེ་ཡི་དུས་སུ་གསད་པར་ཤིས། །ཞག་གི་གཤེད་དུ་གྱུར་པ་ཡང་། །ར་བ་བཞིའི་བཅུ་བཞི་ཤིས། །འབྲིང་པོ་ལ་ནི་བཅོ་ལྔའོ། །ཐ་ཆུངས་བཞི་ལ་དྲུག་ཅུའོ། །ཚེས་བཞི་བརྒྱད་དང་བཅུ་དྲུག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་ཤིས། །ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དུས་ནི་སྲོད་དང་སྔ་དྲོའི་དང་པོ་ཡི། །འཇིང་དང་ནམ་པྱེད་གུང་དང་ཆུང་། །ཉི་༼སྙུར་མྱུར༽སྐྱ་རེངས་ཤར་བ་དང་། །ཉིན་མཚན་ཞག་གི་གོ་རིམ་བཞིན། །དེ་ཕྱིར་མ་གཤིན་འཚོལ་ཞིང་རྒྱུ། །བརྩམས་ནས་གསོད་པའི་དུས་བསྟན་པ། །དཔྱིད་ཟླ་ར་བའི་ཚེས་བདུན་དག་ལ་ཤིས། །ཐ་ཆུངས་ཉི་ཤུ་བདུན་ལ་ཤིས། །དབྱར་ཟླ་ཚེས་བརྒྱད་འབྲིང་པོ་ནི། །བཅོ་བརྒྱད་ཐ་ཆུངས་ཉི་ཤུ་བརྒྱད། །སྟོན་ཟླ་ཚེས་དགུའི་འབྲིང་པོ་ནི། །བཅུ་དགུ་ཐ་ཆུངས་ཉི་ཤུ་དགུ། །དགུན་ཟླ་གསུམ་ཡང་དེ་བཞིན་ཏེ། །དུས་སུ་གསད་པའི་ལས་ལ་འཇུག །ས་ཡི་ཁམས་ལ་དཔྱིད་ལ་གསུམ། །ཤིང་གི་དབྱར་ཟླ་སྟོན་ཟླ་ཕྱེད། །དགུན་ནི་ལྕགས་ཁམས་མཆིས་པའི་དུས། །དེ་དུས་ཞག་གཤེད་བསྡུ་བར་བྱའོ། །ར་བ་བཞི་ཡིས་༼མཐའ༽་ ལ་གཅོད། །༼སྟ་ཅུདཐཆུངསགོཅས་སུ་འབྲིངབཞི་སྟེ། །ཐ་ཆུངས་བཞི་ལ་ཁྲམ་ལ་འདེགས་པར་བྱ། །དགུན་གསུམ་སྐར་མ་གསུམ་འཆར་སྟེ། །སྐར་མའི་གཤེད་ཀྱི་དུས་སུ་ནི། །སྦྱོར་བ་ཐམས་ཅད་རབ་ན་ཡང་། ཁྲག་འཐུང་ལ་སོགས་ཟོར་རྣམས་ཤིས། །ལོ་ཟླ་ཞག་གི་དུས་བསྟན་ནས། །དུས་ཚོད་རྣོན་པོ་བསྟན་པར་བྱ། །སེམས་དང་ཡིད་ནི་གཉིད་ལོགས་པས། །དེ་དུས་རྒུ་ཞིང་འཁྱམ་བྱ་ཡི། །ཀུན་ཀྱང་རྣམ་ཤེས་ལས་བྱུང་བས། །སྦྱོར་བའི་རྟོགས་བསྐྱེད་གསད་པར་ཤིས། །རྩ་བ་སྲོག་དམ་ནམ་ཕྱེད་ན། །ལུག་དང་སྙན་གྱི་ཡང་རྒྱུ། །ཕག་པ་ཐོ་རངས་བྱ་ཉིད་ནི། །ཉི་མའི་ཟེར་ལ་རྒྱུ་བར་བཤད། །ར་ལ་ཉི་མ་ནུབ་ཀར་ཏེ། །གཡག་དང་གླང་བླ་གློག་ལ་རྒྱུ། །རྟ་ལ་ཉི་མ་གུང་ལ་རྒྱུ། །དེ་དུས་དགུག་ཅིང་གཟིར་བར་ཤིས། །ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས། །དངོས་པོ་ཅི་ཡང་འབྱུང་བའི་ཚེ། །འགྱུར་བའི་བླ་དང་སྦྱར་ལ་བྱའོ། ཁམས་ཀྱི་དུས་ཚོད་བསྟན་པ་ནི། །བསྒྲུབ་པའི་ལོ་དང་ཟླ་དང་ནི། །དུས་ཚོད་ཀྱིས་ནི་གསོད་པར་བྱེད། །ཀག་གི་གཤིན་པོ་ལུག་དང་གླང་། །ལོ་དགྲ་བྱ་དང་སྤྲེའུ་གཉིས། །དགུན་ཟླ་དབྱར་ཟླ་ཐ་ཆུངས་གཉེས། །དུས་ཚོད་ཉིན་མཚན་ཕྱེད་ཡོལ་ལ། །ཧ་ལ་སྨན་གྱིས་གསོད་འགྱུར་ན། །གྲུབ་པའི་སྦྱོར་བ་སྨོས་ཅི་དགོས། ཁྱི་འབྲུག་ཇི་ཡི་གཤེད་པོ་སྟེ། །ཕག་དང་བྱི་བ་ལོ་དགྲ་གཉིས། །མི་མཐུན་བདུན་ཟུར་ཐེ་ཚོམ་མེད། །ཟླ་གཤེད་སྟོན་དཔྱིད་ཐ་ཆུངས་ཏེ། །ཟླ་བའི་བདུན་ཟུར་རྡོ་རྗེ་གཅོད། །ཐོ་རངས་གསོད་ལ་གསད་པར་བྱེད། །བསམ་ངན་ཙམ་གྱིས་འགྲུབ་འགྱུར་ན། །སྦྱོར་བས་བདུན་རྒྱུད་ཐེ་ཚོམ་མེད། །ཀུང་ལ་ཁྱི་འབྲུག་ཀུང་ཁམས་པ། །ཤིང་དང་ཁ་དོག་འདྲ་བ་སྟེ། །གསད་པའི་ལས་ལ་ཐེ་ཚོམ་མེད། །སྟག་དང་ཡོས་བུ་འདྲ་བར་དགྲ། །བདུན་ཟུར་གཤེད་དུ་གྱུར་པ་སྟེ། །ཚ་བ་མེ་བཞེན་གསོད་པར་བྱེད། །ཟླ་གཤེད་སྲོག་དང་མི་མཐུན་པའི། །བདུན་ཟུར་གསོད་བྱེད་ཐེ་ཚོམ་མེད། །དུས་ཚོད་ནམ་ཕྱེད་དུས་ལ་ཤིས། །ཀུན་གྱི་ཁམས་ཀྱི་གཤོད་པོ་ནི། །ལུས་པོ་ས་ཡི་ཁམས་ལ་གསོད་པར་བྱེད། །ལོ་བརྒྱ་གླང་ལུག་གཉིས་ཀྱི་སྟེའོ། །མི་མཐུན་བདུན་ཟུར་གཤེད་དུ་འཇོམས། །དུས་ཚོད་མཚན་མོ་ཐོ་རངས་ཤིས། །དེ་ནས་མི་མཐུན་སྤྱོད་བཤད་བྱ། །བཟང་ཞིང་འགྲུབ་པར་བྱ་བ་ནི། །བདུད་ཀྱི་ཉི་མ་བདུན་པོ་ལ། །དྲག་སྔགས་ཚོགས་ཀྱི་ཆམ་ལ་དབབ། །ཉི་མ་གྲུ་སོགས་བྱེ་རུ་སྦྱོར། །བེ་ཛི་བྱ་གཞུག་ཟླ་བར་སྦྱོར། །མིག་དམར་ཁྲུམས་སྨད་ལ་རོ་སྨན། །གཟའ་྅ག་སྒྲོག་དང་སྨིན་དྲུག་མཐུན། །ཕུར་བུ་རྒྱལ་སྟོད་རྒྱལ་སྨད་འཇིགས། །པ་བ་སངས་དང་བྱ་གཞུག་སྟག་ཆུང་མཐུན། །སྤེན་པ་ས་ག་ས་རི་སྟེ། །དེ་ལྟར་མཐུན་སྦྱོར་དུས་སུ་ནི། །ངན་པའི་ལས་རྣམས་བྱེད་པ་ལས། །དེ་ཕྱར་བཟང་པོའི་ལས་ལ་འཇུག །བདུད་ཀྱི་ཉི་མ་བཤད་པ་ནི། །ཉི་མ་ལག་སོར་ཕྱེ་སྒྱེན་གསུམ། །ཟླ་བ་རྒྱལ་སྨད་བེའུ་རུ་སོད། །མིག་དམར་བྲེ་དང་སྲོག་གིས་ཏེ། །ཟླ་ལྷག་དབྱུག་པ་ཉིད་ཀྱིས་འཇིག །ཕུར་བུ་ཤིང་དུ་སྦྱོར་བས་འཇིག །པ་སངས་རྦ་དང་ལ་རོ་གསུམ། །སྤེན་པ་བྱ་མ་བདུད་ཀྱི་ཉི། །བཟང་པོའི་ལས་ཀྱིས་གསོད་འགྱུར་ན། །ངན་པའི་ལས་ཀྱིས་སྨོས་ཅི་དགོས། །མི་འཕྲོད་བདུན་དུ་བཤད་པ་ནི། །ཉི་མ་ཁྲུམས་སྨད་ཟླ་བ་དང་། །ས་ག་མི་འཕྲོད་མིག་དམར་དང་། །ལག་པ་མི་འཕྲོད་ཟླ་དམག་དང་། །གྲུ་སོགས་མི་འཕྲོད་ཕུར་བུ་སྒྲོག །པ་བ་སངས་དང་བྲེ་མི་འཕྲོད། །དེ་ལྟར་མི་འཕྲོད་བདུན་པོ་ལ། །ཕན་གདགས་པ་ནི་ཅི་མི་འགྲུབ། །ཉི་མ་དང་ནི་ས་ལ་འཇིག །ཟླ་བ་དང་ནི་བི་རྫི་འཐིབ། །མིག་དམར་སྒྲོག་ཏུ་འཇིག་པར་བསྟན། །ཟླ་ལྷག་ལྔ་རུ་འཇིག་པ་སྟེ། །ཕུར་བུ་ལ་མང་བེ་རྫི་འཇིག །པ་བ་སངས་དང་ཁྲ་རུ་འཇིག །མི་འཕྲོད་བདུན་དང་འཇིག་པ་བདུན། །བདུད་ཀྱི་ཉི་མ་བསོད་པར་ཤིས། །འཚོ་བྱེད་ཡུལ་ལྷས་སྐྱོབ་པ་ནི། །གཡག་དཀར་མི་དམར་ཚུལ་གྱིས་འབེབས། །བུད་མེད་རྟུག་པ་བསྲེགས་ནས་དང་། །འཆི་བདག་རྣམས་ཀྱི་བླ་རྐུན་བཟླས། །ཞང་བློན་བཟང་པོ་ལྟ་བུ་ནི། །ཕོ་ལྷས་བགེགས་པས་དེ་དུས་སུ། །གླང་རོག་རྭ་བསྲེག་དེ་བཞིན་བྱ། ཁྲ་འམ་སྤྱང་ཀི་ལྟ་བུས་སྐྱོབ། །དགྲ་ལྷ་ཡིན་ཏེ་གསུར་ཆེན་བཏང་། ཁྱི་ལུད་བསྲེགས་པ་ཟོས་པར་བྱེད། །བུད་མེད་ཤ་མ་ལྟ་བུ་ནི། །མོ་ལྷ་མ་སྨན་འགོ་བ་སྟེ། །རྭ་དང་ལྕགས་དང་ཏིལ་ནག་བསྲེགས། །ཏིང་འཛིན་མི་གསལ་བྱིང་རྨུགས་ན། །འབོག་དང་གླང་ཁྲག་ལ་སོགས་པ། །སྨེ་བའ་དུད་པས་གསུམ་དུ་བདུག །འད་ན་དབྱ་བའི་མཆོག་ཏུ་གསུངས། །ནག་པོ་གསལ་བྱེད་སྒྲོན་མ་ལས། །བྱ་ཐབས་ཉམས་ལེན་ཉིང་ཁུ་འདི། །རང་འབྱུང་དགྲ་ལ་བྱ་བའི་དུས་སུ་གསུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བྱ་ཐབས་ཉམས་ལེན་གྱི་ལེའུ་སྟེ་བཞི་བཅུ་ཞ༽་བཞི་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །མཚན་ནི་གཤིན་རྗེ་གཤེད་པོས་བྱ། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་དྲག་འཇོམས་ནི། །ནག་པོ་གཡས་ན་དགྲ་སྟ་བསྣམས། །ཆིབས་སུ་ལྐུགས་པའི་ལུག་ལ་ཆིབས། ཁྲོ་མོ་སྲིན་མོ་འགོ་འཕྱངས་མ། །ནག་མོ་ཆེན་པོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དམར་ཆེན་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལི་བཀའ་འབྱུང་གིས། །དམ་རྫས་གཏོར་མ་འདེ་དབུལ་གྱིས། །བསྟན་པ་གཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡི་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ཕྱུ་སངས་ནི། །དཀར་པོ་ལག་ཏུ་བུམ་པ་ཐོགས། །ཆབས་སུ་ཉ་ཟླའ་འཁོར་ལ་ཆབས། ཁྲ་མ་ཁམ་བརྒྱ་མཐུ་མ་ཆེ། །ནག་པ་འག་འཕྱངས་རལ་ཅན་མ། །གཡས་པ་ཐབས་ཀྱས་ག ་ལ་འཁྱུད། །གཡོན་པ་དུར་ཁྲོད་གཙོ་ལ་སྟོབ། །ཡ།བ་གཅིག་འཇམ་དཔལ་བཀའ་འབྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདས་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ཕྱོགས་ཀོང་ཙ་བྲག་མགོན་ནི། །དཀར་པོ་ཚེ་སྲོག་བུམ་པ་བསྣམས། །ཆིབས་སུ་དྲི་ཟ་བསྐྱེད་པ་ཆིབས། །ཕག་སྲིན་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་ཆེན་མོ་དཀར་ནག་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ལྷོ་ཨ་བ་གླང་མགོ་ཅན། །ཕྱག་ན་སྨུག་ནག་རྩེ་གསུམ་བསྣམས། །ཆིབས་སུ་འགུགས་བྱེད་དྲེད་ལ་ཆིབས། །མི་བཟད་བདུད་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པས་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡདམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ཕྱོགས་གཤིན་རྗེཡབ་ནི། །སྔོ་ནག་གསོད་བྱེད་དགྲ་སྟ་བསྣམས། །ཆིབས་སུ་གཤིན་རྗེ་བསྐྱེད་གསལ་ཆིབས། །བཙུན་མོ་ནག་མོ་འགོ་འཕྱངས་མ། ཁྲོ་མོ་དྲེད་ཀྱི་ཨ་གཤམ་ཅན། །གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་དབུལ་གྱིས། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་ཕོ་མོས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཇོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱིས་སྲས། །ལྷོ་ནུབ་གཤིན་རྗེ་མིག་དམར་ནི། །དམར་པོ་གཅོད་བྱེད་རལ་གྲི་བསྣམས། །ཆིབས་སུ་བསྙོ་བྱེད་ཤ་བ་ཆིབས། །བྱི་ལ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་ཆེན་མོ་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་གྱིས། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་་རྟོག་ག་ཏད༽། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་ཕྱོགས་གཤིན་རྗེ་སྨིགས་པ་ནི། །སྨུག་ནག་དབང་སྡུད་ཞགས་པ་ཐོགས། །ཆིབས་སུ་ཀླུ་རྒྱལ་བསྒྱེགས་པ་ཆིབས། །བདུད་མོ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འ་ད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ལ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་བྱངགཤིན་རྗེ་ལེ་བ་ནི། །ནག་པོ་འབྱེད་པའི་དབྱུག་པ་ཐོགས། །ཆིབས་སུ་རྟ་དང་མ་ཧེ་ཆིབས། །གཟའ་སྲིན་ནག་པོ་འགོ་འཕྱངས་མ། ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་གཤིན་རྗེའ་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་༼མཆོག་ཕྱོགས༽གཤིན་རྗེ་ལྷ་མཆོག་དུད་ཀ་ནི། །སེར་པོ་བུམ་པ་རྒྱ་གྲམ་བསྣམས། །ཆིབས་སུ་རྒྱས་པའི་རྟ་ལ་ཆིབས། །ཀླུ་སྲིན་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་སེར་ནག་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་མར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །བསྟན་པ་གཤིཊ་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་པོའི་ལག་ལ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་རོལ་པའི་སྲས། །བྱང་ཤར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི། །དམར་པོ་ཐོད་པའི་མདའ་གཞུ་ཐོགས། །ཆིབས་སུ་བསྐོར་བྱེད་རྔ་མོ་ཆིབས། །ནམ་གྲུ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་༼བསྟོད་སྟོབ༽། །ཡབ་ཆེན་འཇམ་དཔལ་བཀའ་བྱུང་གིས། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འགོ་འཕྱངས་རལ་པ་ཚར་དགུ་ནི། །སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས། །ཆིབས་སུ་མ་ཧེ་སྔོན་ནག་ཆིབས། །ལྷ་མོ་ནག་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པས་༼ཞབས་ཀྱིས་ཐབསཀྱ༽གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་གཤིན་རྗེ་ཐོད་དབྱུག་ནི། །ནག་པོ་ལག་ན་ཐོད་པ་ཐོགས། །ཆིབས་སུ་ས་བདག་བསྒྱེགས་པ་ཆིབས། །ས་བདག་སྟོང་ཁྱབ་འགོ་འཕྱངས་མ། ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་བཤིགས་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་བའི་ལག་ཏུ་གཏོད། །དུས་ལ་བབ་བོ་ས་མ་ཡ། །དམ་ལས་མི་འདའ་འཕྲིན་ལས་མཛོད། །ཅེས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་འཁོར་རྣམས་ལ་བསྐུལ་ཏེ། སོ་སོའི་གཤེད་བསྐོས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱོགས་སྐྱོང་གཤིན་རྗེ་བསྐུལ་བྱེད་ཀྱི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཉིན་བཞིན་ལྷ་ཡི་གིང་བཞི་ལ། །འཕྲིན་ལས་བཅོལ་བ་འདི་གསུངས་སོ། །ར་ཙ་ཀ་ལ་འཁོར་ལའི་ལྷ། །འཁོར་ལོ་ནག་པོའི་མ་རའི་བདུད། །དུག་གི་མཚོན་ཆ་སྔགས་ཀྱིས་བསྡེབས། །རྫས་ཀྱི་སྦྱོར་བ་ཐབས་ཀྱི་ངང་། །བསྙེན་པ་བྱེད་པ་གསང་བའི་ཐབས། །ཧྲི་སྟི་སྦྱོར་མ་མའི་ངག །འཁོར་ལོ་སྐོར་བ་མན་ངག་གཏེར། །ཟླ་གསང་ནག་པོ་ཅེས་པའི་གྲགས། །བར་བར་སྤྱི་རྒྱུག་ཐབས་ཀྱིས་ཐུལ། །དམར་ནག་ཁྲམ་གདབ་མན་ངག་ཐབས། །གཤེད་བདུད་གིང་སྤད་མན་ངག་གཏེར། །ལས་གྲུབ་གནན་པ་ལས་ཀྱི་སྙིང་། །དྲང་སྲོང་དམོད་པ་ཕྱོགས་མེད་གྲོགས། །དེ་བཞིན་སྦྱི་རྒྱུགས་ཐབས་ཅིག་ནི། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ཉིན་བཞིན་ལྷ་ཡི་གིང་བཞི་བསྐུལ། །ཧུ༷་ཉི་མ་དང་པོ་རྩིས་བདེ་གིང་། །པྲ་མ་ར་ཙ་སྲིན་པོ་སྟེ། །བར་སྣང་ཁམས་ན་ཡིད་ཀྱི་རྒྱུ། །གསང་བའི་དབང་བསྐུར་གིང་གི་བདག །སྟག་ཞུ་སྟག་རལ་དབུ་ལ་བསྣམས། །ཕྱག་ན་ཤོ་རྡེའི་ལས་བྱེད་གིང་། །བདག་གིས་མ་་ས་ཉས༽འདི་ཡིས་ཉེས། །ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྙོ་འབོག་ཐོང་། །༼རྟག་རྗོ་ག་་ད༽མ་བཏང་ཤོ་ར་རེ། །ཉི་མ་གཉིས་པའི་རྩིས་བྱེད་གིང་། །ཞལ་བགྲད་མཆེ་གཙིགས་ཁ་དོག་ནག །ཐོད་སྐྲུལ་གཡང་གཞི་སྐུ་ལ་གསོལ། །ཆུ་གླང་ནག་པོ་ཆིབས་སུ་ཞོན། །ཕྱག་ན་་།་རྡོའི་རྩིས་བྱེད་གིང་། །བདག་གིས་མ་་ཛིས་ཉས༽འདི་ཡིས་ཉེས། །ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྙོ་འབོག་ཐོང་། །གཏད་དོ་མ་བཏང་་།ར་རེ། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །ནག་པོ་ཤ་ཟ་ཤུ་བ་ཅན། །ནག་པོ་སྙིང་དཀར་ཆིབས་སུ་ཆིབས། །མི་ཤ་ཟ་ཞིང་མི་ཁྲག་འཐུང་། །དུག་མདའ་འཕེན་ཅིང་མི་ཤ་ཟ། །རྟ་ནག་ཞོན་པ་འབུམ་ཁྲིར་བཅས། །སྲོག་ཆོད་སྙིང་ཕྱུང་དགྲ་ལ་ཕྱུང་། །ཤ་ཟ་ཁྲག་འཐུང་དགྲ་ལ་རོལ། ཁྲམ་ཁྲམ་དུམ་དུམ་དགྲ་ལ་དུམ། །འུར་འུར་ཆེམ་ཆེམ་དགྲ་ལ་ཆེམ། །ལག་པ་དཀར་ནག་རྩིས་བྱེད་ཅིང་། །བདག་གིས་མ་་ཛིས་ཉས༽འདི་ཡིས་ཉེས། །་།་རྡེའུ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་དགྲ་ལ་ཕྱུང་། །གཏད་དོ་མ་བཏང་ཤོ་ར་རེ། །ཉི་མ་བཞི་པའི་རྩིས་བྱེད་གིང་། །ཡསྒ་ར་ཙ་གནོད་བྱེད་ཅིང་། །ཞོན་པ་གཟའ་རྟ་ནག་པོ་ཞོན། །བདུད་ཞགས་ནག་པོ་དགྲ་ལ་འདེབས། །དབུ་ལ་དོམ་ཞུ་ནག་པོ་གསོལ། །ལག་ན་དཀར་ནག་རྩིས་བྱེད་ཅིང་། །བདག་གིས་མ་་ཛིས་ཉས༽འདི་ཡིས་ཉེས། ཁོ༑་རྡེའུ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཆུང་བསྙོ་འབོག་ཐོངས། །གཏད་་རྩོ་་ད མ་བཏང་ཤོར་ར་རེ། །བདུད་དྲི་བོད་མུ་མ་ཤ་རོལ་རོལ། །ཏི་ཡི་རྦད་ཐུམ་རིལ་རིལ། །༼འདའ་དྭ༽ཤ་གྲོ་བ་རྦད་ཐུམ་རིལ་རིལ། །ཡསྒ་གྲོ་བ་རྦད་ཐུམ་རིལ་རིལ། །ཅེས་རབ་ཏུ་བགྲང་་༑ད་དེ་ཤོརྡེའུ༽བགྲང་ངོ་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉིན་བཞིན་ལྷའི་གིང་བཞི་བསྐུལ་བའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འདུས་པའི་འཁོར་རྣམས་ཀྱིས། ཤིན་ཏུ་དགྱེས་པའི་ཡི་རངས་ནས། མགྲིན་གཅིག་ཏུ་འདུག་ནས་འདི་སྐད་དོ། །ཧུ༷་གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོས་བསྐལ་པའི་མེ་ལྟར་འབར། །རབ་འཇིགས་གཤིན་རྗེ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟའ་གསོལ། །མི་མགོ་ཐོད་རློན་ཕྲེང་བས་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན། །མི་བཟད་ཁྲོ་བོའི་རྒྱལ་པོ་ཧུ༷་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྡང་མཛད་ཞལ་དྲུག་གདངས། ཁྲ་ཟའི་མགོ་ཅན་དབུ་ཡི་ཐོད་དུ་བཅིངས། །སྤྱན་གཡོགས་པ་ཡིས་དྲག་པོའི་སེར་ཆེན་འབེབས། །ལྗགས་དྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་ཆེན་འབེབས། །འཁོར་གྱི་མ་མོ་རྣམས་ཀྱང་འདར་ཞིང་འདུག །དེ་བས་ལྷ་ཀླུ་གཞན་ལྟ་སྨོས་ཅི་དགོས། །ཡབ་གཅིག་རྐན་སྒྲ་བརྡབས་པས་ལྷ་ཆེན་ཁྱབ་འཇུག་ཀྱང་། །འབུབ་འགྱེལ་བཅས་པས་ཁྲག་སྒྱུག་ཉིད་ལ་འདུད། །སྟོང་ཁམས་མེད་པར་མཛད་པའི་ཞལ་གདངས་ཤིང་། ཁྲོ་གཏུམ་ཚམས་རྔམ་ཆེན་པོ་བསྟན་༼པས་པཡངས༽། །ཚངས་པ་འཁོར་བཅས་རྔུལ་གྱི་ཐིགས་ནག་འཛག །ནད་གཏོང་སྲིན་མོའི་ཚོགས་ནི་འདུད་ཤིག་འདུད། །རྒྱུ་ཕྲེང་ཁྲག་དང་བཅས་པའི་ཞགས་ཐོགས་ནས། །ཕྱག་ན་ཏྲི་ཤུལ་མི་འགོ་རབ་བསྣམས་ཤིང་། །དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། ཁྱུང་དང་འུག་པ་ལྟ་བུའི་ཁྲག་བསྣམས་ཤིང་། །དམ་ལས་ལྡོག་པ་རྣམས་ལས་གཏོང་བར་བྱེད། །གནོད་སྤྱིན་མི་འགྲུབ་ཕྲེང་བས་སྐུ་ལ་བརྒྱན། །རྡོ་རྗེ་འཛིན་སྟངས་བལྟ་བས་གར་བྱས་པས། །དུར་ཁྲོད་ཆེན་པོར་མཚན་མོར་རྒྱུག་པའོ། །རོལ་པ་མགོ་གཅོད་སོ་ཡིས་ཆེམ་ཆེམ་ཟ་བ་ཡང་ ང་མཐོང་ཙམ་གྱིས་སྨ་ཕབ་ཞབས་ལ་འདུད། །ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ། །དེ་བས་བཟོད་པར་དཀའ་ཡང་བདག་འདུད་ན། །གདུག་པའི་སེམས་ཀྱིས་བདག་གིས་འཁོར་དུ་གཏོགས་པ་ལ། །གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་པོའི་ཚོགས། །ཟུངས་ཤིག་ནན་ཏན་སྒྲོལ་མཛད་གཤིནརྗེགཤེད། །ཡུན་གྱི་ལྷ་དང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ཐམས་ཅད་ཁྱོད་ཀྱི་སྐུར་ཡང་རབ་བསྒོམས་པས། །བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ། །ལྷ་མཆོག་ཁྱེད་ལ་ཡི་དམ་དུ་བརྟེན་པ། །མི་ཡི་ཐ་མ་རྣམས་༼དང་ཀྱང༽མཆོག་ཏུ་གྱུར། །དེ་བས་འདི་དང་ཕྱི་མ་གཉིས་ཀ་མྲ །སྲོག་གི་ཕྱིར་ཡང་ལྷ་མཆོག་ཁྱོད་མི་གཏོང་། །བྱམས་་པའི་ཞལ་རས་བདག་ལ་བསྟན་པ་དང་། །ཐུགས་རྗེའི་སྤྱན་གྱིས་བདག་ལ་རྟག་ཏུ་གཟིགས། ཁྱོད་ལྟར་བདག་གྱུར་ཕྱིར་ན་སྟོང་ཕྲག་འཚལ། །ཡུན་རིང་གོང་ནས་ལྷ་ཁྱོད་བདག་བསྒྲུབས་ན། ཁྱེད་ཀྱི་དངོས་གྲུབ་དམ་པ་བདག་ལ་གསོལ། །ཀ་ཀ་ལ་རུ་ཆེ་གེ་མོ་བ་ག་ཧྲི་སྟི་ན་ཧུ༷་ཕཊ། །གང་དག་གཤིན་རྗེ་གཤེད་པོ་ཡིས། །དེ་ལ་བེར་ཅོན་ཕྱག་རྒྱར་གསལ། །འདི་ནི་ཕྱག་རྒྱ་ཡི་མཆོག་པས། །ཡང་དག་བསྟན་པས་ཡང་དག་གསལ། །ཕྱག་རྒྱ་བཅིངས་པར་གྱུར་པ་འདིས། ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད། །མཚོན་ཆ་མ་ལུས་པ་ཡི་གཙོ། །བདུད་དང་དགྲ་བགེགས་ཞི་བར་བྱེད། །ཨོ་ན་མོ་བུདྷ་དྷརྨུ་སདྨ་ཡ། ཨོ་སརྦ་ཏ་ཐུ་ག་ཏ་ཀྲོ་ཏི་བྱི་ཙ་ཡ།ཛ་ནི་ཤི་ཧྭ༷་ཕཊ་འཁོར་རྣམས་ཀྱིས་རབ་ཏུ་བསྟོད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་འཇིགས་བྱེད་ཡ་མརྙ་ཀ་ཁྲག་འཐུང་གི་རྒྱལ་པོ་ལ། གས༄ང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །འཇིགས་བྱེད་ཆེན་པོ་གཤིན་རྗེགཤེད། །རང་དབང་མ་ཐོབ་རྣལ་འབྱོར་པས། །བསྟན་པ་ཚེ་ཡི་དངོས་གྲུབ་ནི། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་གསུངས་སོ། །དེ་ནས་འཇིཊ་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །བྱང་ཆུབ་སེམས་དཔའ་སྐྱེ་འཆི་མི་མངའ་ཡང་། །རྒྱུད་ཀྱི་སེམས་ལ་བར་ཆད་འབྱུང་།།གཞུང་དང་མཐུན་པའི་གནས་ཉིད་དུ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ། །དབུས་སུ་ཟླ་གམ་ཁ་སྤྲོད་བྲ། །གྲུ་ཆད་སྒོ་ཁྱུད་ལྡན་པར་བྱ། །སྔགས་མཁན་བློ་ལྡན་རབ་བརྟན་པས། །བསྙེན་བསྒྲུབ་བཞི་ཡིས་ཡན་ལག་རྫོགས། །ཡིད་བཞིན་རིན་ཆེན་བུམ་པ་ལ། ཁ་རྒྱན་གསུམ་བཅིངས་རབ་ཏུ་བརྒྱན། །རིན་ཆེན་ལྔ་དང་འབྲུ་ལྔ་སྤོས། །སྨན་སྣ་ལྔ་ཡི་སྙིང་པོ་སོགས། །༼བྲུ༷་བྱུ༷༽བི་ཤ་བི་ཤུཁྱེ། ཐོད་པ་རྡོ་རྗེས་རབ་བསྐོར་ཏེ། །ཡ་མ་ཡ་ཡི་ལྷ་རྣམས་བསྒོམ། །སྐུ་མདོག་དཀར་པོ་གངས་རི་ལྟར། །འོད་ཟེར་འཕྲོ་བར་རབ་ཏུ་བསྒོམ། །ཐམས་ཅད་ཤེས་རབ་གཉིས་སུ་མེད། །བྱང་སེམས་བསྒྲུབས་པ་གཉིས་མེད་འཁྲུལ། །བཟླས་པ་བྱ་བའི་སྔགས་འདིའོ། །ཨོ་ཨ་ཀྲོ་ཨ་ཡུ་བ་ལ་ཡ་མརྙ་ཀ་ཨ་ཡུ་སིརྙི་ཧུ༷་ཧུ༷་ཛ་ཛ། ལས་ཀྱི་རིམ་པ་རྫོགས་བྱས་ནས། །གནས་གསུམ་སྐུ་གསུང་ཐུགས་སུ་བསྟན། །ཨོ་ཨ་ཀྲོ་ཏ་ཨ་ཡུ་རྙོ་ན་སིརྙི། ཨ་ཨ་ཨ། ཡང་ན་སྤོབས་པའི་རིམ་པ་ནིཨ་རྣམས་སྐུ་མདོག་ནག་པོ་སྟེ། །འོད་ཟེར་ནག་པོ་འབར་བ་འ་ག །འཇིག་རྟེན་ཁམས་རྣམས་འ་གས་བྱས་ཏེ། །ཡ༷་ལས་རླུང་གིས་གཏོར་བ་བཞིན། །གཏོར་ཏེ་རྩེ་བཀུག་གནས་སུ་ཐིམ། །སྐུ་གསུང་ཐུགས་སུ་བསྟན་པར་བྱ། །དེ་ཉིད་མི་རྟོག་ཡེ་ཤེས་གསལ། ཁྲོ་བོས་གསུངས་ཤིང་དབྱིངས་སུ་སྦ། །འདི་ནི་ཚེ་འདི་དངོས་གྲུབ་མཆོག །ཞེས་བཀའ་བསྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འགྱུར་ཚེ་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་ཁྲོ་བོ་གཏུམ་པོ་དེས། འཁོར་རྣམས་རྒྱས་ཤིང་གདུལ་བྱ་སྨིན་པ་དང་། །རྣལ་འབྱོར་པ་ལ་ཕན་པའི་ཕྱིར། །ཡོན་ཏན་མཆོག་གི་སྦྱོར་བ་ལས། །གདུལ་བྱ་སྨན་པའི་ཆེད་དུ་བཀའ་བསྩལ་ཏོ། །མཆོག་ལ་མོས་པའི་རྣལ་འབྱོར་པས། །བསྟན་པའི་སེམས་དང་གང་ལྡན་ལ། །ཐུན་མོང་མཆོག་གི་ལས་རྣམས་བཤད། །ཅེས་གསུངས་སོ། །ཙནྟྲ་དང་སུ་་དབང་དུ་འདོད་པས།གཟུགས་བརྙན་བྱས་ཏེ། ཉི་མ་སྲང་དུ་ཞུགས་པའི་དུས་སུ། བདེ་བ་ཐམས་ཅད་མཆོད་དེ། །ཨོ་ཨརྒ་ཡ་མ་ཙ་ལ་ཏིཁྱི་ཏིཁྱི། ཧེ་བཛྲ་ཨ་ཧུ༷་ཧུ༷་ཧུ༷་བཛྲ་ཡ་ཧུ༷་ཧུ༷་ཧཱུཾ་ཕཊ་ཕཊ་ཕཊ་སྲུཧྭ། ཕྲག་བདུན་བྱེ་བ་༼འདས་བཟླས༽ཏེ། སུརུ་ཙནྟྲ་ཉིན་མཚན་གཉིས་ཀ་གནས་པར་འགྱུར་རོ། །སྣ་ཚོགས་རང་༼དབང༽་ཐོབ་པ་དང་། །ཐོགས་པ་མེད་པ་བརྟུལ་ཞུགས་ཀྱི་ལུས་ཐོབ་པར་འདོད་ན། བ་ལང་རྫི་མོས་འདུ་ས། །རྡོ་ཡི་འོ་མ་རྡོ་ཡི་ཆུ། །འཛམ་བུའི་ཤིང་དང་བཅས་པ་ལ། །བཟང་དྲུག་འོ་མའི་ཆུ་བླུགས་ཁྱེམ་བུ་རེ། ཁེམ་བུས་བསྲུངས་ལ་བཏང་ཞིང་། །སྔ་ཟས་ཕྱི་ཟས་དུས་ཟ་ལྔ། །ཆ་བཞི་ཆ་གསུམ་ཆ་གཉིས་འགྱུར། །བྱེད་དང་དངོས་གང་ཡིད་རིམ་གྱིས། །ཟླ་བ་དྲུག་ཟོས་ན། དེ་ནས་སྔགས་ཟས་མེད་ཅིང་ཀུན་ལ་ཐོགས་པ་མེད་པར་ཟོས་ན། ལུས་ཀྱི་བཅུད་ཚེའི་རྟེན་དུ་འགྱུར་ཏེ། ཀུན་ལ་གང་ཟོས་དེ་རྟེན་དུ་འོང་སྟེ། ཚེའི་ལུས་སུ་གྲུབ་བོ། །འོ་མ་ཞོ་གཅིག་མར་བྲེ་དོ། །བཟང་དྲུག་ཐུན་བཞི་མར་བྲེ་གང་། །གསེར་མདོག་འཁྱིལ་བ་སྟོང་དང་བཅུ། །ཞོ་གཉིས་ཆུ་དང་བསྒྲགས་༼བྱས༽་ཏེ། །རིམ་གྱིས་བུལ་བུར་རངས་ཀྱི་བར་དུ་བཙོས། །གྲིབ་མ་ལ་བསྐམས་ནས། མར་གྱི་ནང་དུ་བཏུམས་ལ། ཟླ་བ་གཅིག་ཏུ་ཤ་དང་ཆང་བཅད་ནས། འབྲས་ཀྱི་ཟས་དང་སྒོང་ཐུག་འོ་མས་བཅུས་ཤིང་གདུང་སྟེ། དེ་ནས་ཟླ་བ་གཅིག་དང་། ཟླ་བ་ལྔ་དང་བཅུ་སྲ ༼འབྲི་སྒྲོ༽ཀུ་༼ཏ༽་སྟེ་སྒོ་ང་རེས། །ལུས་ནི་སྨིན་ཅིང་བརྟས་པར་བྱེད། །དེ་ནི་ཕྱིར་ཞིང་དེ་བཞིན་དུ་བྱའོ། །འབྱུང་བ་བཞིའི་ངེས་པས། མི་ཕོག་པར་བྱས་པ་ལ། སེམས་རང་དབང་ཐོབ་ནས། རང་དབང་བསྒྱུར་བ་དང་། སྨན་དང་སྔགས་ཀྱི་སྦྱོར་བས་དབང་བསྒྱུར་བས། སྨན་སྦྱོར་བྱ་བ་སྟེ།བདག་ཉིད་ཕྱག་རྒྱའི་གོ་གོན་ཏེ། ཙ་ཀྲུ་དར་གྱི་སྦུབས་སུ་བྱས་ནས། ས་རྫས་ར་ས་སྲ་ཙ་ཕོག་རྐང་མར་གྱིས་བསྐོས་ནས་ལུས་ལ་བྱུགས་ན་འབྱུང་བས་མི་ཉེན། ས་རྫས་སངས་རྩེ་ལྕེ་ཕོག་དཀར་པོ་སྟེ། །གུ་གུལ་དཀར་པོ་སྲང་བཞི། མུ་ལོ་དྷི་ལོ་མར་སྲང་གཉིས། ཕྱེ་མར་བྱས་ཏེ། རྐང་པའི་མཐིལ་འོད་མའི་རྒྱལ་བསེ་ཙམ་དུ་བྱས་ཏེ། བསྐུས་ན་ཆུ་ལ་མི་༼འཆིང་བྱངང༽བར་འགྲོ་བའོ། །ཆུ་ལ་རྡོ་རྗེའི་ཤིང་གིས་འོ་མ་གྲིབ་བསྐམས་བྱས་ནས་བཏབ་ན། འོ་མར་འགྱུར་རོ། །པྲི་ཡང་ཀུ་ཏོ་རྡོ་རྗེའི་ཤིང་གིས་འོ་མ་དང་། རྩའི་ཉིང་ཁུ་བཏགས་པ་བཏབ་ན། ཞོར་འགྱུར་རོ། །ནུ་རའི་ཤིང་འབྲས་དཀར་པོ་བཏབ་ན་སྦྲང་རྩིར་འགྱུར་རོ། །ཅོང་ཟེའི་ཆུ་དང་རྡོ་དྲེག་བསྐུས་པ་བཏབ་ན། ཉིས་འགྱུར་དུ་འགྱུར་རོ། །ཤིང་རྣམས་ཀུན་གྱིས་མི་བསྐྱེད་དེ། བཅོམ་ཞེས་དེ་ཀུན་ཀོ་ཀོ་སྟེ། དེ་ལོ་བ་ཤིང་ཅེས་༼དང་ཀྱང༽བྱ་སྟེ། དེའི་ཐ་ཆུ་དང་ཉུངས་དཀར་བསྲེགས་པའི་ཐལ་བ་གཉིས་སྦྱར་ནས་བྱུགས་ན། མེས་མི་ཚིག་གོ །སྦྱར་བའི་རྔུལ་ཆུ་སྙུག་མ་ཚིགས་དུ་མ་ཡོད་པའི་ནང་དུ། བུ་ག་ཆུང་ངུ་བཏོད་ནས། ཞུགས་སུ་བླུགས་༼ནས་ཏ༽མེ་བཏང་ན། མེའི་ཕྲེང་བ་བསྲེགས་པས་འབྱུང་ངོ་། །དེ་ཉིད་རྡོ་རྗེའི་ར་བ་ལྔ་ལ་བྱུགས་ནས། མ་མའ་ཀིས་སྦྱངས་བདག་ཉིད་ཀྱི་བྱུགས་ན་མེ་འབར་བར་མཐོང་ངོ་། །ཅི་མ་མའི་སྨན་ཐིག་ལེ་ལེན་པའི་ས་བོན་གིས་ནི་ཉི་མའི་འོད་ཕོགས་པས། རྒྱང་རིང་པོ་ནས་མེ་འབར་བར་མཐོང་ངོ་། །རྡོ་རྗེ་མ་བྱུང་བ་གང་ཡང་འདོད་པའི། རིན་ཆེན་ལ་སོགས་པའི་འགྱུར་རོ། །མ་ཀི་ཏ་དང་རྩིའི་རྒུན་མས་གང་འདོད་པའི་རིན་པོ་ཆེར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐུན་མོང་་རྐེ༽་ ཡོན་ཏན་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ། འཁོར་རྣམས་ཀྱིས་རང་རང་གིས་མཉེས་པའི་བསྟོད་པ་ཕུལ་ནས། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེས། སྟོང་གསུམ་མུན་པར་གཏིབས་པ་དང་། བདུད་ཀྱི་འཁོར་རྣམས་ཀྱིས། མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཡབ་གཅིག་ཆེ་དམ་མཆོག །འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད། །པ་བྱ་ཕྱིར་ཐུན་རྫས་འབད་དེ་བསག །ལུང་གི་གནས་སུ་ས་ཡི་དཀྱིལ་འཁོར་བྱ། །འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ། །འཁོརལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ། །གྲུ་ཆད་སྒོ་བཞི་ལྕགས་རི་ལུགས་བཞིན་བྱ། །ཐོད་པའི་ཕྲེང་བས་ར་བ་བྲི། །བསྐལ་པའི་མེ་རི་སྨུག་ནག་རླུད་ལྟར་འབར། །གྲུ་གསུམ་དབུས་སུ་གཤིན་རྗེགཤེད་པོ་སྟེ། །ཟླ་གམ་གསུམ་ལ་རྫས་དང་གསུམ། །སེང་ལྡེང་ལ་སོགས་མཆོག་གི་ཕུར་པ་དགོད། །ཡབ་ཡུམ་ལ་སོགས་དབང་བསྐུར་བྱིན་བརླབས་པའི། །ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ། ཁྲམ་ཐོགས་བདུད་པོ་བཅུ་རུ་མངའ་གསོལ་བ། །འཁོར་ལོ་རྩིབས་བརྒྱད་པ་ལ་དགོད་པར་བྱ། །དར་ནག་ཅོད་པན་རིམ་གྱིས་དབང་བསྐུར་ལ། །སྟེང་དུ་འབར་བ་ལ་སོགས་ཏེ། ཁྲར་དུ་རོལ་པོ་རལ་པ་ཅན། །ལྷོ་རུ་ཁྲམ་བདག་སྲོག་བདུད་དེ། །ཟླ་བདུད་ཡོར་པོ་ཞགས་ཅན་ནུབ། །བྱང་དུ་སྲོག་བདག་སྟ་རེ་ཅན། །ཤར་ལྷོར་ཁྲམ་བདག་ཐོགས་པ་སྟེ། །ལྷོ་ནུབ་བར་བཙན་རི་བོ་སྟེ། །བྱང་ཤར་རོ་ལངས་ནག་མོ་རྗེ། །འོག་ཏུ་འབར་བ་ནག་མོ་རྗེ། །སྒོ་བཞི་བཀའ་ཉན་གིང་ཆེན་བཞི། །རྩང་བཞི་དག་ལ་དབང་བསྐུར་དགོད། །མཐུན་པའི་རྫས་དང་མཆོད་པའི་རྫས། །མི་ཤ་རྟ་ཤའི་མཆོག་པ་ལས། །རུས་པ་སྣ་ཚོགས་རྒྱན་བྱས་ལ། །གཤེད་པོ་ཡབ་ཡུམ་སྲས་ལ་བཞག །བྱ་ནག་རྟ་ནག་ལུག་གི་སྙིང་། ཁྱི་ནག་ཕག་པ་རོག་པོའི་སྙིང་།།གཡག་དང་གླང་དང་ར་རོག་སྙིང་། །ཤ་དང་ཁྲག་དང་རུས་པ་དང་། །མི་ཤས་རྒྱུན་པ་ཟངས་བུ་གང་། །བདུད་པོ་བཅུ་ལ་དགོད་པར་བྱ། །ཤ་སྣ་ཁྲག་སྣའི་གཏོར་མ་ལ། །སྤྱན་གཟིགས་དཀར་ཆབ་བརྒྱན་པ་བཞི། །སྒོ་བཞི་གིང་ཆེན་བཞི་ལ་བཞག །སྨན་དང་རཀྟ་སྦྱར་བ་ཡིས། །སྣང་སྲིད་སྲོག་ལ་དབང་ཡང་བསྒྱུར། །མི་གསུར་རྟ་གསུར་རྒྱན་དུ་གསང་། །རྒྱལ་མཚན་ཆེན་པོ་བཞི་ལ་གཟུགས། །དར་ནག་གུར་དབུབ་་རྐྱོ་ཁྱང༽ནག་གཡང་བཞི་བསྡམ། །ལུག་ནག་འབེན་བཅར་ར་རོག་དམིགས་པའི་རྟེན། །སྐྱེར་པ་དག་སོགས་སྟག་ཚེར་དག་ལའང་། །འགོ་མཇུག་མ་ནོར་བཞོགས་ལ་ཁྲམ་ཤིང་བྱ། །རོག་པོའི་སྔགས་བཟླས་རིམ་པས་ཁྲག་ལ་གདབ། །ཡི་དྭགས་གོས་ལ་འཁོར་ལོ་བྲིས་བྱས་ཏེ། །དུག་དང་ཐོད་པ་ཁྲག་གིས་བྲི་བར་བྱ། །གཟི་བརྗིད་འཕགས་པ་ཡབ་ཡུམ་དང་། །བཀའ་ཉན་ཉིན་བཞིན་ལྟ་སྒྲུབ་མཆོད། ཁྲག་ཐོགས་བདུད་རྣམ༷ས་ལས་ལ་མྱུར་དུ་སྦད། །ཐོད་པ་མཚན་མ་ངན་པ་ར་རོག་ཁྲག་བླུག་ལ། །ར་སོགས་མིང་བྲིས་ཐོད་པའི་ནང་དུའོ། །བྲལ་མདོངས་བཞག་དར་ནག་བྲིས་བྱས་ལ། ཁྲམ་གིས་བཀུག་ཅིང་ཁྲམ་སྔགས་བཟླས་པར་བྱ། །ཨོ་དགྲ་བོ་དྲི་ཙིཏི་དྲུམ་མུན་ཁྲམ་ཐོར་ཆེ་གེ་མོ་མ་ར་གུག་ལི་སྭཧྭ། བཟླས་ཤིང་ཁྲམ་གྱི་སྐབས་སུ་བཀུག །ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ། །དབང་ཆེན་འབྱུང་བ་རིམ་བརྩེགས་རེ། །༼བྲུམ་སྒྱུ༷༽ལས་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །དབུས་སུ་ཡ་མ་མཆེད་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་ལྡན། ཁྲར་ཕྱོགས་རུས་པའི་གཞལ་ཡས་ཁང་། །ལྷོ་ཕྱོགས་ཤ་ཡི་གཞལ་ཡས་ཁང་། །ནུབ་ཕྱོགས་ཁྲག་གི་གཞལ་ཡས་ཁང་། །བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་། །དབུས་སུ་ཡ་མཆེན་པོ་སྟེ། །གཤིན་རྗེ་མ་ཧེ་བསྣོལ་བ་སྟེ། །ཧུ༷་ལས་གཤེད་པོའི་སྐུར་གྱུར་ཏེ། །སྟག་ལྤགས་གླང་ཆེན་སྦྲུལ་ནག་ཆུན་པོ་དང་། །ཐོད་པ་ལ་སོགས་དུར་ཁྲོད་བརྒྱན་གྱིས་བརྒྱན། །ཞལ་དྲུག་ཕྱག་དྲུག་བཅུ་གཉིས་ཕྱག་ཆ་ལྡན་པར་བསྒོམ། །གཡས་གཡོན་ཡུམ་དང་སྲས་མཆོག་སྟེ། །བརྒྱན་༼དང༽་ཆ་ལུགས་ཕྱག་མཚན་ལྡན་པར་བསྒོམ། །འཁོར་ལོ་རྩིབས་བརྒྱད་སྟོང་དུ་བྲིས་བསམས་ཏེ། །དྲི་ལས་དགྲ་བགེགས་བསྣོལ་བའི་གདན་དུ་བསམ། །དེ་སྟེང་ཡ་བཅུ་འོད་དང་ཟེར་འཕྲོས་པས། །འཕྲོས་འདུས་པ་ལས་ཁྲམ་ཐོག་མ་བཅུ་སྟེ། །སྟེང་གི་བདུད་པོ་འབར་བ་ཡང་ཆེན་ནི། །གཡུ་འབྲུག་ཞོན་པ་གློག་གི་ཞགས་པ་ཐོགས། ཁྲག་གི་བདུད་པོ་ཞགས་པ་ཅན། །རྔ་མོ་ཞོན་ནས་རལ་གྲི་ཐོགས་པར་བསྐྱེད། །ལྷོ་ཕྱོགས་ཁྲམ་བདག་སྲོད་བདུད་མཆེ་བ་ཅན། །བདུད་ཤ་ཤོན་ནས་ཞགས་པ་ཐོགས་པར་བསྐྱེད། །ནུབ་ཏུ་ཟླ་བདུད་ཡོལ་པོ་ཞགས་པ་ཐོགས། །འབྲོང་བུ་ཞོན་ནས་གནམ་ལྕགས་ཐོགས་པར་བསྐྱེད། །བྱང་དུ་སྲོག་བདུད་གསེར་གྱི་སྟ་རེ་ཅན། ཁྱུང་ཆེན་ཞོན་ནས་སྟ་རེ་ཐོགས་པར་བསྐྱེད། །ཤརལྷོར་ཁྲམ་བདག་གནམ་བཙན་ཐོགས་པ་རྗེ། །རྟ་ལ་ཞོན་ནས་གནམ་ལྕགས་ཐོག་ཕོགྱོན་འཕེནཀེབསྐྱེད། །ལྷོ་ནུབ་བར་བཙན་རི་བོ་རྗེ། །རླུད་ལ་ཞོན་ནས་རླུད་ལ་གཡབ་འདེབས་བསྐྱེད། །ནུབ་བྱང་ཁྲམ་བདག་སེ་འཛིན་སྟོང་དང་རྗེ། །ཕག་པ་དྷ་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད། །བྱང་ཤར་ཁྲམ་བདག་རོ་ལངས་ནག་མོ་རྗེ། །ཆུ་ཀླུང་ཞོན་ནས་སྟ་རེ་ཐོགས་པར་བསྐྱེད། །འོག་ཕྱོགས་ནག་པོ་ཁྲམ་བདུད་ཁྲམ་རྗེ་ནི། །སྟག་དམར་ཞོན་ནས་སྒྲུལ་དམར་ཞགས་ཐོགས་བསྐྱེད། །དེ་རེ་རེའི་འཁོར་ན་བདུད་༼དང་ཀྱང༄བསམ་ཡས་ཏེ། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་ཏེ། །གྲུབ་པའི་གནས་སུ་དེ་འདྲ་འབྱོན་པར་བསམ། །སྒོ་བཞི་ཉིད་བཞི་ལྷ་ཡི་གིང་བཞི་ཡང་། །བཀའ་ཉན་བྱེད་ཅིང་འགུགས་བྱེད་ཚ་ལས་བསྐྱེད། །དེ་ལྟར་བསྐྱེད་པའི་བདུད་པོ་དེ་རྣམས་ཀྱིས། །བསྟན་པ་བཤིགས་ཤིང་སྐུ་ལ་སྨོད་པ་རྣམས། །ཞགས་པས་བཅིངས་ཤིང་ལ་ལས་ཁྲམ་རྨེ་འདེབས། །ལ་ལས་ཐུན་འདེབས་ལ་ལས་ཐུན་དུ་འཇུག །གན་རྐྱལ་ཁ་སྦུབ་རྔུལ་ནག་འཐིབ་ཅིང་ཁྲག་ཏུ་སྒྱུག །མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །ཅི་༼མཚད་མཛད༽འོན་ཐོང་ཟེར་ཞིང་སོང་བར་བསྒོམ། །ཏིང་ངེ་འཛིན་གྱི་དེ་ལྟར་གསལ་བསྐྱེད་ལ། །དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་བསྒྲུབ། །རུ་ཏྲ་མ་མུ་ཏྲ་ཁྲག་ཙ་ར་ཙམ་ཁྲག་ཙ་ར་དེ་བེ་ར་བ་དུན་ཧ་བ་གྲྭཧྭ། ཁྲི་འམ་འབུམ་ནི་བཟླས་ན་བདུད་ནི་མངོན་དུ་བྱོན། །སྨོན་དང་བཙུན་པ་སྐད་རིགས་མི་མཐུན་པའོ། །ལྡང་ལྡིང་སྨྲ་ཞིང་ལས་ལ་མངོན་དུ་བྱོན། །གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ། །ཧུ༷་བསྐལ་པའི་སྙིགས་མ་ལྔ་བརྒྱ་ལ། ཁྲམ་བདག་གཤིན་རྗེའི་སྤྱན་སྔར་དམ་བཅས་པ། །མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་བྱེད། །འཇམ་དཔལ་གཤིན་རྗེ་དམར་གྱི་ཨ་རྒ་དང་། །བདུད་རྩི་སྨན་མཆོག་དམ་རྫས་དམ་པ་འདི། ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར་བས། །བདུད་འཁོར་ཡོངས་ཀྱིས་བདེ་གཤེགས་བསྟན་པ་བསྲུང་། །ལས་ཀྱི་དམ་ཚིག་མ་ར་ཡ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །སྟེང་ཕྱོགས་བདུད་ཀྱི་ཞིང་ཁམས་ནས། །འབར་བ་ཡངས་ཆེན་བླ་མེད་ནི། །གཡུ་འབྲུག་ སྔོན་པོའི་རྟ་ལ་ཞོན། །ལག་ན་གློག་དམར་ཐོད་ཞགས་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །༼སྐྱེསབུ་༽བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོ་སྙིང་ཁྲག་གི་ཙིསྟ་རྦད་ཆེ་གེ་མོ་མ་ར་ཡ་གུག་ལིང་གྲྭཧྭ། ཅེས་བརྗོད་ཅིང་། དགྲ་བོ་ཁྲམ་ལ་རིམ་གྱིས་གདབ་བོ། རཀྟ་སྒྲེང་ཞིང་བདུད་རྣམས་ལས་ལ་རྦད། །མུན་ནག་འཁྱིལ་པའི་ཞིང་ཁམས་ན། །ནག་པོ་ཡབ་རྗེ་ཁྲག་འཐུང་ནི། ཁྲག་ཆེན་དམར་པོའི་རྟ་ལ་ཞོན། །ལག་ན་སྦྲུལ་དམར་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ ལ་ཤོག །སྐྱེས་བུ་དར་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོ་སྙིང་ཁྲག་ཙིསྟ་རྦད།དུམ་རྨུགས་ཁྲག་གཏོར་རྦད། ཆེ་གེ་མོ་༼མ༽་ ར་ཡ་གུག་ལིང་གྲྭཧྭ། །ཤར་ཕྱོགས་རུས་པའི་གཞལ་ཡས་ན། །ཤར་བདུད་རོལ་པ་རལ་པ་ཅན། །ཕུང་སྲི་རྔ་མོ་གློག་འགྱུ་ན། །ལག་ན་གནམ་ལྕགས་རལ་གྲི་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་་།ག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཡི་་སྙིང་ཁྲག་ཙིརྟི་རྦད། །དུན་རྨུགས་ཁྲམ་གཏོར་རྦད། །ཆེ་གེ་མོ་ཡ་གུག་ལིང་་། །ལྷོ་ཕྱོགས་མེ་ཡི་གཞལ་ཡས་ནས། ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ནག་པོ་རྭ་བཅུ་4ཉིབས་ཆངབས༽། །ལག་ན་འཛིན་བྱེད་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་་།ག །སྐྱེས་པ་མིའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་ཟློས་ཤིང་རཀྟ་སྒྲེང་། །ཨོ་སྙིང་ཁྲག་ཙིསྟ་རྦད། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་གྲྭཧྭ། །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །ཟླ་བདུན་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ནག་པོའི་རྟ་ལ་ཞོན། །ལག་ན་འཛིན་ལྕགས་ཕུར་པ་འདེབས། །སྣང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་་།ག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། །ཨོ་སྙིང་ཁྲག་ཙིསྟ་རྦད། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་གུག་ལིང་སྲུཧྭ། །བྱང་ཕྱོགས་དབུགས་ཀྱི་ཞིང་ཁམས་ན། །སྲོ་ག་བདུད་གསེར་གྱི་སྟ་རེ་ཅན། །ཆིབས་སུ་ཁྱུང་ཆེན་རྟ་ལ་ཤོན། །ལག་ན་གསེར་གྱི་སྟ་རེ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོ་སྙིང་ཁྲག་ཙིརྟི་རྦད། །དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་ལིང་སྲུཧྭ། ཁྲམ་བདག་གནམ་ལྕགས་ཐོགས་པ་རྗེ། །ཆིབས་སུ་བདུད་ཀྱི་རྟ་ལ་ཆི་ས། །སྐལ་ལྡན་གནམ་ལྕགས་ཐོགས་འཕེན་མ། །སྐལ་ལྡན་འོད་ཟེར་འཕྲོ་བ་ཡི། །སྤྲུལ་པའི་འབྲུག་སེར་ཆེམས་སེ་ཆེམས། །གློག་དམར་དེ་ནི་ལྡིབས་སེ་ལྡིབས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ།བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་གོང་བཞིན་བཟླས། ཁྲམ་བདག་དམར་བཙན་རི་བོ་རྗེ། །ཆིབས་སུ་རླུད་གི་རྟ་ལ་ཆིབས། །ཕྱག་ན་རླུང་ནག་གཡབ་ཀྱིས་འདེབས། །སྟོང་ཁམས་མ་ལུས་རླུད་ལ་བསྐུར། །་ན་ཀ་རེསའགའ༄དྲག་ཏུ་བསྐུལ་བའི་ཚེ། ཁྲམ་སྔགས་བུ་ཡུག་རྟ་རུ་ཞོན། །སྐྱེམས་གསེར་དེ་ནི་བན་ནེ་བུན། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་བུ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། ཁྲམ་བདག་ སེ་འཛིན་སྟོབས་དང་རྗེ། །ཆིབས་སུ་དུར་ཕག་རྟ་ལ་ཆིབས། །འཁོར་དུ་བསེ་རིག་ས་འཁོར་བཅས། །ལག་ན་ཁྲམ་ནག་ཁྲམ་ཤིང་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་་།ག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། ཁྲམ་བདག་ནག་མོ་རོ་ལངས་རྗེ། །ཆུ་གླང་ནག་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་སྟ་རེ་ཐོགས། །སྡང་བར་བྱེད་བའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་་།ག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོ་སྙིང་ལ་ཁྲག་ཙིརྟི་རྦད། །དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་རྦད་། །གཤིནརྗེནག་པོའི་དུས་ལ་བབ། །ཤ་ལ་ནག་པོའི་དུས་ལ་བབ། །འབར་བ་ནག་པོའི་དུས་ལ་བབ། །ནག་པོ་སྐྱ་གསུམ་དུས་ལ་བབ། །རོལ་པ་རྐྱ་བདུན་དུས་ལ་བབ། །སྤང་སྔོན་འབར་བའི་དུས་ལ་བབ། །༼རྒྱའི་རྒྱ་མིག་བཞིའི་དུས་ལ་བབ ཅེས་པས་རྦད་ཅིང་ཁྲམ་ལ་གདབ། །རཀྟ་སྦྲེང་ཞིང་འཕྲིན་ལས་བཅོལ། །ཉུངས་ཀར་ཉུངས་ནག་དུག་ཁྲག་ལ། །དྲག་སྔགས་འདི་ ཡི་བརྡེག་པར་བྱེད། །རུ་་་ཙ་བ་དུམ་ཁྲག་ཤི་ཁྲི་མ་མ་ཐོན་དུན་ཁྲག་མི་ཤབ་་།ལ་ཐུན་ཁྲག ཁྲམ་གཏོར་ཙ་ར་ཙ་ཁྲག་སྟོབ་ཀུ་ལ་ཐུན་ཁྲག །ཆེ་གེ་མོ་མ་ར་ཡ་ཐུན་ཁྲག །ཅེས་པས་རབ་ཏུ་ཁྲོས་པས་བརྡེག །གཏང་བའི་ལས་སུ་བྱ་བ་ནི། ཁྲག་བདག་འཁོར་ལོ་ཐོད་པས་གྲུབ། །ཆུ་མིག་ནུབ་ཏུ་བལྟས་པར་གཏད། །གཏོར་མ་བཏང་ཞིང་སྨོན་ལམ་གདབ། །གསང་བ་ཉེན་ཞིང་གིང་བཞི་སྟེ། །འཕངས་བ་བདུན་དུ་འཕང་བར་བྱ། །བསྲེག་པ་ཁྲམ་ཤིང་ཐོགས་པ་སྟེ། །ཚེར་མ་ཅན་གྱི་ཤིང་གཏུབ་ལ། །གྲོག་པོ་ཕུགས་རྡུགས་སུ་ཕྱིན་ལ་བརྡེག །གནན་པ་འཁོར་ལོ་ཆུ་མིག་འཁོར། །ནག་པོ་ཀླུ་ཡི་གནས་སུ་གཏད། །གདབ་པ་རང་རང་ཕུར་པས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྟོང་གསུམ་མུན་པར་གཏོང་བའི་བདུད་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། སྟོང་གསུམ་མུན་ལྟར་གཏོང་བའི་བདུད་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །དང་པོར་དད་པའི་དཔའ་བར་རབ་ཏུ་བསྐྱེད། །དཀའ་ཡི་གནས་སམ་༼རྒ་དགའ༽བའི་གནས་དག་ཏུ། ས་བདག་ལྷ་ཀླུ་ཞི་བར་བྱ་སྟེ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ་གྱི་བསྐོར། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་བཞི་དང་ལྡན། །མཐིང་ནག་དབུས་སུ་ཡ མ གཤིན རྗེ སྟེ། །ཟླ་གམ་ཡུམ་དང་བཅས་པ་གཉིས་སྲས་དངགསུམ། །འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད། །བར་ཁྱམས་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད། །སྒོ་བཞི་བདུད་ཀྱི་ཡང་ཁོལ་བཞི། །ལྷོ་ནུབ་མཚམས་ནས་དྲིར་ཤི་གཡང་བཞི་གཟུགས། །བྱང་ཤར་མཚམས་སུ་བྱ་རྒོད་གཡང་བཞིའི་གཟུགས། །ལྷོ་ཤར་མཚམས་སུ་ལུག་ནག་གཡང་ གཞི་ གཟུགས། །དབུས་སུ་དམར་ནག་ཞིང་གིས་གུར། །ཕྱི་རོལ་བོང་རྒྱ་ནག་པོ་དག་གིས་བསྐོར། །ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་དགོད། །དབུས་སུ་ཡབ་ཡུམ་གཏོར་མ་བཞག །བསེ་ཁབ་མོན་ཐོད་འཁར་གཞོང་ལ་སོགས་སུ། །མ་ཤ་རྟ་ཤའ་གཏོར་མ་བཞ། །ལྷོ་ནུབ་མཚམས་སུ་རྗེ་རགས་ཐོད་པ་སྲ །མི་ཡི་སྙིང་ཁྲག་སྦྲུས་པའི་གཏོར་མ་བཞག །ནུབ་བྱང་མཚམས་སུ་རྟ་ཡི་སྙིང་ཁྲག་སྦྱར་ལ་གཞག ཁྲར་དུ་སྤྲེའུའི་སྙིང་དང་ཕག་ཁྲག་བསྲེས་ལ་བཞག །བདག་ཉིད་ཐོད་ནག་བེར་ཆེན་སྟེ། །སྲོག་གི་སྙིང་པོ་རྒྱུན་དུ་དྲངས། །ཨོ་ཤ་རན རཤཏྲིག གརརྦ་ན་ཤ་དུ་དུ། མ་རེ་ཤེ་རེ་ན། རྟ༷་པུ་ཤ་ཏྲེ་ན། མི་ར་ཏན་དུ་ཏ་ར། ཨ་པ་ཙ་ཀ་ར་ཙུ་ར་ཤ །མུ་ར་ཏྲི་ཤི །ཨ་ཨ་བ་དྲུག་སུ་རུ་ན་ས། ཧ་ཧེ་སེ་ནི་ཛ་ཡ་དུ་བ་ཡ་བི་ཡ་ཧུ༷། ཨ་བ་ཡ་ཏྲེ་པ་ལ་པ་ཏྲ་ཏ། བདུད་ཀྱི་སྣྲོང་པོ་དེ་རྣམས་དང་། །ལྕམ་དྲལ་འཁོར་བཅས་དྲོལ་བ་ནི། །ཨོ་ན་མོ་ཏི་པ་ལི་ལི། མ་ཁུ་རི་ཐུམ་རུ་ནུ་ནུ་ཏྲ་ཏྲ་རུ་དུ་རུ་དུ་རུ་ཛ་ཛ་ཧུ༷་བཛྲ། སྟོང་ངམ་བྱེ་བས་ཡ་བཟླས། །སྟོང་གསུམ་མུན་པར་གཏོད་བྱེད་ན། །མུན་པའ་དུམ་བུ་དུག་ཁྲག་ཁོལ། །ཉི་མ་གསད་པའི་སྙིང་བོ་བཟླས། །རང་སྔགས་མཇུག་ཏུ་མུན་འཐིབས་བརྗོད། །སྟོང་གསུམ་བདུད་ཀྱི་ལྕམ་དྲལ་གྱིས། །སྐད་ཅིག་ཙམ་ལ་གཡོ་འགུལ་གཏོང་། །ལས་ལ་སྦྱར་ཏེ་བསོད་བྱེད་ན། །རབས་ཆད་ནག་མོའི་ཐོད་པ་མྲ །དུག་དང་ཀླད་ཁྲག་སྦྱར་བ་ཡིས། །གཏུམ་ཆེན་བསྟོད་པ་བདུད་རྣམས་སྤོང་། །ཧུ༷་ནམ་མཁའ་མཐའ་ཡས་ཀློང་དཀྱིལ་ནས། །ཡབ་རྗེ་ཤན་པ་དབུ་གསུམ་ཕྱག་དྲུག་པ། །གནས་འདིར་མུན་འཐིབས་དམ་ལ་ཤོག །མུན་པ་འཐིབས་པའི་ཀློང་དཀྱིལ་ནས། །ཡབ་བཞེར་ནག་པོ་ཐོག་འབྲུག་སྐུ། །གནས་འདིར་མུན་འཐིབས་དམ་ལ་ཤོག ཁྲར་ཕྱོགས་རུས་པའི་གཞལ་ཡས་ནས། ཁྲར་བདུད་རིལ་པོ་རལ་པ་ཅན། །ཞེ་སྡང་ཐུན་འཐིབས་དམ་ལ་ཤོག །ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ན། །སྲོག་བདུད་སྔོན་པོ་རལ་པ་ཅན། །སྲོག་ལ་མུན་འཐིབས་དམ་ལ་ཤོག །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །ཀླུ་བདུད་ཡོར་པོ་ཞགས་པ་ཅན། །ཟླ་བདུད་ཟླ་བ་མུན་འཐིབས་དམ་ལ་ཤོག །བྱང་ཕྱོགས་རླུང་གི་ཞིང་ཁམས་ནས། །སྲོག་བདུད་སེར་པོ་རལ་པ་ཅན། །སྲོག་ལ་མུན་འཐིབས་དམ་ལ་ཤོག །ཚེ་བདུད་སྐྱོན་གྱི་རལ་པ་ཅན། །ཚེ་ལ་བར་ཆོད་དམ་ལ་ཤོག །སྲིད་པ་འཁྲིགས་པ་སེམས་ཀྱི་བདུད། །ཡི་མ་མུན་འཐིབས་དམ་ལ་ཤོག །དཀར་པོ་འབར་བའི་སྤྱན་མངའ་བ། །སྔོན་པོ་སྟི་ར་སྲིན་པོའི་འཁོར། །དམར་པོ་གཡུ་འབྲུག་ཀླུ་བཙན་འཁོར། །སེར་པོ་ཀླུ་ཤམ་དབང་ལྡན་འཁོར། །དཀར་ལྗང་ཁུག་མགོ་དྲི་ཟའི་འཁོར། །སྔོ་ནག་སྲེག་བྱེད་ཡ་མའིའཁོར། །དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ནག་གཏིབས། །ཨོ་ཧ་ན་ཧ་ན། ཏིཇི་ཏིམོ རུ་་་མ་མ་པྲ་མ་མ་ཧུ༷། ཁ་ཏྲི་ཛ་མུན་ཏྲི་ཛ།ཤ་་ན་ཏི་ཛ། ཡསྒ་ཛ་ཛ། མ་ཏྲི་ཛ། ཁ་ཏོར་ཛ། ཛ་ཧུ༷་རྦུད་རྦུད། ཁ་ནི་རྦུད། པོ་ལ་ཀུན་དན་རྦུད། དུ་རུ་ཐུད། ཁལ་བུ་རྦད། ཤེད་ཅི་འགི་བོ་ཅིག ཁ་ལ་དྲུག་ཏི་མུག་ཧ་རྦུད་སྭཧྭ། ཛ་ཛ་ནག་གུམ་ཐུམ་རི་ལི་རི་ལི། ཁ་ལེ་ཁ་ཤག་ཐུམ་ཁ་ནན་ཧ་ར་རྦད། ཆུ་བ་གུག་རིལ། ཀུན་རྨམ་ཁྲག་རིལ་སྲོག་རྦུད་རིལ། དེ་ནས་གསད་ཅིང་གཟིར་བ་དང་། །གནན་ཅིང་སྤར་དང་བསྲེགས་ཅིང་གཏད། །འཁོར་ལོ་བྲི་བྱའི་ཡི་གེ་དགོད། །དབྱེ་དང་དགུག་དང་སྟིམ་པའི་ལས། །མན་ངག་བཞིན་དུ་འགྱུར་ན་ནི། །ཐེ་ཚོམ་མེད་པར་བརླག་པར་བྱེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། གདུང་གསང་བའི་ཚུལ་དུ་བསྒྲུབ་པ་འདི་གསུངས་སོ། །ཐོག་མར་དད་པ་རབ་ཏུ་བསྐྱེད། །བསོད་ནམས་ཚོགས་ཀྱི་ཡན་ལག་བསག །ནག་པོ་བག་གི་རྩར་ཕྱིན་ལ། །ལྟར་ལུས་ཙ་ན་འབབ་རྩ་ཆུས། །གུར་གྱིས་དོང་དུ་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་རྩིག །མི་ཁྲག་རྟ་ཁྲག་ཁྱི་ཁྲག་དང་། །རྒྱལ་པོ་བསྒྲེས་པས་ཆག་ཆག་བཏབ། །དབུས་སུ་མཁྱིད་གང་གྲུ་གསུམ་བྲུད། །ཟླ་གམ་དམར་པོ་ཐོད་ཕྲེང་དཀར། །གྲུ་ཆད་ལྗང་གུ་སྒོ་བཞི་སེར། །མདུད་པ་ཧུ་ནུ་ཚག་ཤ་ཁ། །དོང་ལ་གཟུགས་ནི་དབུས་སུ་དགོད། །ལྕགས་སམ་མཆོག་གི་ཕུར་པ་ལ། །གཤེད་པོར་བྱིན་བརླབས་དབུས་སུ་དགོད། །བ་དན་ནག་པོའི་རྩེ་བཞི་ལ། །ཕྱོགས་བཞི་བདུད་ཀྱི་གཟུགས་བྲིས་ལ། ་།ར་དུ་ཁ་ལེ་ཁྱབ་པར་དགོད། །ལྷོ་རུ་ནག་པོ་བཀྲག་མེད་དགོད། །ནུབ་ཏུ་སོ་འདར་འཁྲིགས་པ་དགོད། །དྲི་ཟ་ཁྱུང་བཙུན་ཤར་དུ་དགོད། །ཕག་དཀར་ཉི་རིང་ལྷོ་རུ་དགོད། །ངང་ཟན་འབྲུག་སྐད་ནུབ་ཏུ་དགོད། །ན་བུན་སྨུག་པོ་བྱང་དུ་དགོད། །བཀའ་འཁོར་སྐྱོང་བའི་གནོད་སྤྱིན་བདུན། །ཕྱག་བརྙན་བཅུ་གསུམ་ཁྲག་གི་གདང་རལ་ཅན། །སྤྲུལ་པ་བཅུ་གསུམ་སྟག་དང་གཟིག་ཆས་ཅན། །ན་བུན་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན། །ཕོ་ཉ་བཅུ་གསུམ་སྟག་སྤྲེའུ་ཐོད་པ་ཅན། །ཕྱག་བརྙན་མོ་རྣམས་རེ་བའི་གོ་ཆོག་ཅན། །སྤྲུལ་པ་མང་པོ་སོལ་བའི་ལན་ཚྭ་ཅན། །མོན་མོ་བཅུ་གསུམ་ཞ་ཉེའི་རྒྱལ་ལོ་ཅན། །ཕོ་ཉ་མོ་རྣམས་མགྲོན་བུའི་ཐོད་ཀ་ཅན། །གྲུ་ཆད་ཁྱམས་དང་སྒོ་ལ་དགོད། །དེ་ལ་དམ་རྫས་བཤམ་པ་ནི། །རབས་ཆད་མོན་གྱི་ཐོད་པ་མྲ །བྲ་སྲན་གཏོར་མ་ཆ་གཅིག་དང་།།ལུག་ནག་སྤྱི་དཀར་བྱ་རོག་དང་། །རྟ་ནག་སྙིང་དཀར་གསུམ་གྱི་སྙིང་། །སྲོག་པ་རྩ་དང་མ་བྲལ་བ། །དགྲ་བོའི་མིང་རུས་དུ་ཡོད་རྣམས། །གྲོ་ག་འམ་ཤིང་ཤུན་བྲིས་ལ་གཞུག །བྱ་རོག་གསོབ་དང་སྒྱུང་ཀའི་གསོབ། །བརྒྱངས་ཏེ་ཤར་ནུབ་ཁ་བསྟན་བཞག །ཆང་ཕུད་ནང་དུ་གསེར་བདར་ལ། །དངུལ་སྐྱོགས་གང་ཡང་བཞག་པར་བྱ། །གཡབ་དར་ནག་པོས་གཡབ་ཚུལ་བྱ། །ལུག་ནག་ལྕགས་རུ་གསེར་མིག་ལ། །རེ་བའི་སྒྱེ་ནི་ཁལ་དུ་བཀལ། །གཡས་སུ་ཕོ་རྣམས་མིང་རུས་གཞུག །གཡོན་དུ་མོ་རྣམས་མིང་རུས་གཞུག །སྔོན་དམར་སྐུད་པས་གོང་རྨེད་བྱ། །རྭ་ལ་དར་ལྕེ་མཐིང་ནག་གསུམ། །མིག་གཉིས་ནང་དུ་རིན་ཆེན་བདར། །དར་དཀར་ཡུག་གིས་མིག་གཉིས་དགབ། །དཀྱིལ་འཁོར་བྱང་ཤར་གྲ་རུ་གདགས། །དུར་ཁྲོད་རས་ལ་འཁོར་ལོ་བཅོས། །ཐོད་པར་དུག་ཁྲག་བསྲེས་ཏེ་དགང་། །གོས་ནག་གོན་ལ་ཐོད་ནག་བཅིངས། །བདུད་ཀྱི་གཡབ་དང་ལག་ཏུ་ཐོགས། །གཏུམ་ཆེན་བསྟོད་ལ་བདུད་རྣམས་སྦད། །དྲག་སྔགས་འདི་བཟླས་མངོན་དུ་འགྱུར། །ཧྲུ༷་ཕཊ་༼འབའུ་ལིམ་བཱལི༽ས་མ་པྲ་མ་མ་ཤ་ར་ཡ་ཧུ༷་ཧེ་ས་་ད་འགའ་མེབྷ༽ཡ་ཧུ༷་ཕཊ། འབུམ་ཕྲག་བཟླས་ནས་གང་ཡང་འགྲུབ། །དེ་བཞིན་བསྒྲུབས་ན་མངོན་སུམ་འགྱུར། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་གསང་བ་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འཇིག་རྟེན་གྱི་ཁམས་མེས་བསྲེགས་པར་བྱེད་པའེ་ཇི་ལྟར་བསྒྲུབ་པ། འདི་གསུངས་སོ། །བྲག་དམར་རྩ་འམ་དུར་ཁྲོད་དུ། །ས་བདག་དག་ལ་ཀླུ་གཏོར་གཏང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ར་དམར་ཁྲག་གིས་ཆག་ཆག་བཏབ། །དབུས་ཀྱི་ལྟེ་བ་དམར་མོ་ལ། །ཟླ་གམ་དམར་པོ་བརྒྱད་ཀྱིས་བསྐོར། །ཟླ་གམ་རེ་ལ་མ་ར་ལྭ། །ལྕགས་རི་དམར་པོ་འབར་བ། །ས་དམར་བསྲེགས་འགྲམ་ཕྱི་རྟེན་བཅའ། །དབུས་སུ་བཤོས་བུ་ཁྲུ་གང་བཞག །ར་དམར་ཁྲག་གི་དམར་པོ་བྱུག །ཟ་མགོ་མདའ་གང་བ་ཡང་གདགས། །ར་ལྕགས་དམར་པོམདའ་གང་གདགས། །ཟེར་མོ་ལྡེམ་པའི་ཕོད་ཀྱིས་བརྒྱན། །དབུས་ཀྱི་ཟླ་གམ་སྟེང་དུ་བཞག །དུར་ཁྲོད་རས་ལ་འཁོར་ལོ་བྲི། །རྩིབས་བརྒྱད་པ་རུ་བྱ་བར་བཤད། །ཨོ་ལ་ལི་པྲ་མ་ནི་ཙ་རིལ་དགྲ་བོ་དྲི་ཛ། སྲོག་རྩ་ཐལ་བ་ནི་བམ་རིལ་དགྲའོ་དྲི་ཛ། ཀྲོ་ཏི་་ཀོ་ཀྭང༽ལ་ཡ་ཤ་ལ་བམ། རོ་ལི་རོ་ལི་དགྲ་བོ་དྲི་ཛ། ཡི་ཏྲི་གམ་ཤམ་མ་ར་ཡ་བམ་རིལ་རིལ་དགྲ་བོ་ནི་ཛ། མུ་ཏྲི་མ་ར་ཡ་བམ་དགྲ་བོ་ནི་ཛ། རེ་ཏྲི་མ་ར་ཡ་བམ་རིལ་རིལ་དགྲ་བོ་མ་ར་ཡ་དྲི་ཛ། ཧྭ༷་ཤ༩གིཏྲུ༷༄ནུ་མ་ར་ཡ་དགྲ་བོ་རི་རིལ་རིལ་དགྲ་བོ་དྲི་ཛ། རབ་གསང་དཔོན་གཡོན་བརྒྱུད་པའོ། །སྙིང་པོ་དྲན་ཞིང་བརྗོད་པར་བྱའོ། །སྲོག་ལ་ལི་པྲ་མ་ནི་དམ་ཉམས་དགྲ་བོ་ལ་ཛུ་ཛུ། སྲོག་དམར་དམ་ཉམས་དགྲ་རྦེའི་སྲོག་ལ་ཛུ་ཛུ་ཛུ། ཀྲི་ཏ་ཀི་ལི་མ་ར་ཡ་དགྲ་བོའི་སྙིང་ལ་ཛུ་ཛུ་ཛུ།སྲོག་ལ་མ་ར་ཡ་ནི་དམ་ཉམས་དགྲ་བོའི་སྙིང་ལ་ཛུ་ཛུ་ཛུ། སྲོག་གྭ་ཏི་ཀྱ་ཤ༷་མ་ར་ཡ། དམ་ཉམས་དགྲ་བོ་ལ་ཛུཛུ་ཛུ། སྲོག་ནི་ཤམ་ཏྲི་མ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛུ་ཛུ་ཛུ། སྲོག་མུ་ཏྲི་དེ་ཏྲི་དམ་ཉམས་དགྲ་བོའི་སྙིང་ལ་ཛུ་ཛུ་ཛུ། དམིགས་པའི་གཟུགས་ལ་སྔགས་ཤིང་རྡེག །གཤིན་རྗེ་བསྟོད་པ་བཙན་རྣམས་སྦད། །ཧུ༷་འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས། །མེ་འོད་འབར་བའི་ཞིང་ཁམས་ནས། །མི་རེང་དམར་པོ་མདུང་ཙམ་ཞིག །དབུ་ལ་བསྐལ་པའི་མེ་དཔུང་འབར། །འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག །སྨིན་མ་བསྐལ་པའི་ལྕགས་ཀྱུ་འཁོར་བ་འདྲ། །སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་ཟློག །སྐུ་ལ་ལེབ་རྒན་དམར་པོའི་འཇོལ་བེར་གསོལ། །གཡས་ན་བཙན་གྱི་ཞགས་པ་དམར་པོ་དགྲ་ལ་འདེབས། །གཡོན་པ་འུག་པའི་ལྟས་ངན་འབེབས། །ཞབས་ལ་ལྕགས་ལྷམ་ཐུལ་བུ་གསོལ། །སྦྲུལ་ནག་སྟོང་གི་ཚུན་འཁོར་ཅན། །སྐར་ཆེན་དམར་པོའི་ཚར་ཚར་ཅན། །བཞུགས་ནི་གླིང་བཞི་ཁྱབ་པར་བཞུགས། །ནམ་གྱི་གུང་ལ་རྒྱུ་ཙ་ན། །བྲག་གི་ཝ་མོ་ཁ་ནས་ཆིབས། །ཉི་མའི་ཟེར་ལ་རྒྱུ་ཙ་ན། །ཆིབས་སུ་ལྟས་ངན་གླ་བ་ཆིབས། །ཉི་མའི་གུང་ལ་རྒྱུ་ཙ་ན།།ཆིབས་སུ་༼བླ་བོ་གཏིང་གླཕངརྟང༽ཀར་ཆིབས། །དམ་རྫས་གཏོར་མ་འདི་འོ།ངས་ལ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །འཁོར་གྱི་བཙན་རྣམས་ལས་ལ་བསྐུལ། །འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཐོང་། །དགྲ་བོའི་རྣམ་ཤེས་བརྒྱད་པོ་ཐལ་བར་རློགས། །སྐྱེས་བུ་ཆེན་པོ་དགྲ་ལ་ཡ། །རབ་སྔགས་མཆེད་དགུ་དགྲ་ལ་ཡ། །བཙན་གྱི་ཞགས་པ་ད་སྡོགས་ལ། ཁ་ར༷་དགྲ་ལ་ད་ཐོངས་ཤིག ཁྲག་སྒྱུགས་གཟེར་ཐབས་ཕུར་གྱིས་ཐོབ། །ཅེས་འཕྲིན་ལས་བཅོལ་ནས། ལོ་དང་ཟླ་བར་བརླག་པར་འགྱུར་རོ། །ཙ་ར་ཁམ་རོག་རྟེན་དུ་བཅའ། །བྱེ་ཡི་འཛིན་དང་སྟག་ཆུང་དང་། །ལག་སོར་རྣམས་གོང་བཞིན་དུ་སྒར། །ཆང་ཕུད་གཏོར་ཞིང་ལས་གཉེར་གཏད། །རྟགས་ཕྱིན་པ་དང་གཏང་རག་གཏང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་བསྲེགས་པ་བཙན་ཟླ་གསང་བ་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །གོང་གསུམ་ཁའམ་བྲག་དམར་རྩར། །དུར་ཁྲོད་ནགས་ཁྲོད་འཐུག་པོ་མྲ །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།།དུག་དང་ཆང་གིས་ཆག་ཆག་བཏབ། །དབུས་སུ་གྲུ་གསུམ་མཐའ་རུ་བསྐོར། །མུ་སུ་ར་ཡི་ཐོད་པ་སྲ །རྡོ་སྤར་པ་ར་ས་ལ་ཐོགས། །ཏིལ་དམར་བསྲེས་ཏེ་བཞག་པར་བྱ། །དེ་ལ་ཟླ་གམ་གསུམ་གྱིས་བསྐོར། །ཕྱི་རིམ་འཛམ་བུ་གླིང་བཞི་བསྐོར། །ལྕགས་རི་ལ་སོགས་མེ་རི་བྲི། །དབུས་སུ་ཡ་མ་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡུམ་དང་སྲས། །ཟླ་གམ་སྟེང་དུ་བཙན་གྱི་རྒྱལ། །རྡོ་རྗེ་རིགས་བྱ་གསེར་མིག་མདོག །ལྷོ་རུ་རྡོ་རྗེ་གྲགས་མཆོག་འགོད། །ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་དགོད། །ཡབ་ཡུམ་སྲས་བཅས་ཤམ་པ་ཡང་། །མི་ཤ་རྟ་ཤ་གཏོར་མར་གཏང་། །སྙིང་ཆེན་ཞིག་ལ་བསྟན་ཏེ་བསྒྲུབ། །ཕྱོགས་བཞིར་གཏོར་མ་བཞི་བྱས་ལ། །གཤུ་བོ་མཆེད་བཞིའི་སྲས་སུ་དགོད། །ར་དམར་སྙིང་དང་བྱ་སེ་དང་། །རྟ་མཚལ་སྙིང་ལ་བཙན་རྣམས་བསྟེན། །བྱང་རྒོད་མདའ་ལས་ལེབ་རྒན་དང་། །ལག་ཏུ་ཐོགས་ལ་རྟག་ཏུ་དབབ། །དྲི་བོའི་ཐོད་པར་ར་མ་བཙའ། །རྟག་ཏུ་ར་བཙན་རྒྱུན་དུ་བཏང་། །གསེར་སྐྱེམས་ལ་སོགས་གསེར་བསྐྱངས་བས། །རྟག་ཏུ་བཙན་རྣམས་མཆོད་པར་བྱ། ཁུག་པ་བླ་ཞིང་གླིང་བུ་བུར། །རྟག་ཏུ་ཉུངས་དཀར་ཉུངས་ནག་ལ། །སྔགས་བཟླས་གྲུ་གསུམ་ཐོད་པར་བསིལ། །རྣམ་གསུམ་ཏིང་འཛིན་བསྐྱེད། ཨ་བ་ཤུ་མ་ར་ཡ་ཙ་བེ་ནི་མ་ནན་ཏི། དྲི་ཤམ་རྦད་ཛུ་ཏི་ག་ཏི་ག་ཏི། སན་ཧ་ར་ཤུན། ཙིལྟི་༼འབའ་མི་བྷསྨང༽ཀུ་རུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་འགྱུར་ན། །སྐུ་ཡང་མངོན་སུམ་སྟོན་པར་འགྱུར། །གཞན་ཡང་རྟེན་སྲབ་སྒྲ་དང་བཅས། །མི་མེད་གཤུགས་པ་དི་རི་རི། །དེ་དུས་ལས་༼ལ༽་ སྦྱར་བར་བྱ། །གཤེད་པོ་བསྐུལ་བ་བཙན་རྣམས་སྦད། །འཇིག་རྟེན་མེ་ཡིས་བསྲེགས་འདོད་ན། །རྡོ་སོལ་རྫས་སྦྱར་དམ་རྫས་ལ། །རྩ་བའི་སྔགས་ལ་རམ་རམ་སྦྱར། །དེ་ཡི་རྫས་སྦྱོར་རབ་ཏུ་གཅེས། །མན་ངག་ལས་སུ་ཤེས་པར་བྱ། །གསད་པའི་ལས་དང་འདྲ། གཙོ་རུ་རང་གི་དམ་ཚིག་བསྲུང་། །ཏིང་ངེ་འཛིན་གྱིས་སྤྱོད་ལམ་བྱ། །ཡེངས་ན་གང་ཡང་མི་འགྲུབ་སྟེ། །རྟག་ཏུ་མི་དང་མིར་མི་བྱ། །ཐ་མར་བཅས་པའི་ཐོད་པ་དེ། །གོམ་གསུམ་བཙལ་གྱི་འདྲུལ་སའམ། །བྲག་བཙུན་ཡོད་སར་སྦ། གང་ལ་བྱ་བ་འཇོམས་པར་འགྱུར། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་མེས་བསྲེགས་བཙན་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས། བཙན་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །མགོན་པོ་དུར་ཁྲོད་ལྟ་བུ་སྲ །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིགས། །དབུས་སུ་རབས་ཆད་ཐོད་པ་སྲ ཁྲག་བསོགས་དུག་བསོགས་རྡོ་སོལ་དང་། །དུར་ཁྲོད་རས་དང་ཏིལ་མར་དང་། །ར་དམར་སྙིང་དང་ཏིལ་དམར་བླུགས། །མིང་དང་རུས་བྲིས་ཐོད་པར་གཞུག །བསེ་ཕོར་ཟངས་ཕོར་ཐོད་པ་དག །བདུད་ཞགས་སྲོག་སྙིང་ཐོད་པ་སྲ །ཨོ་དེ་ཏྲི་མ་ནན་ཛ། མུ་ས་མུ་ས་མ་ར་ཡན་ཡ། དགྲ་བོ་ཆེ་གེ་མོ་སྲོག་བྲེང་བྲེང་། ཐུམས་སྨྱོ་ཛ་ཛ། འདི་ནི་རབ་ཏུ་མི་བསྒྲུབས་སྔགས། །ཐོད་པའི་ནང་དུ་འབུམ་དང་བཟླས། །ཐོད་པ་ནག་ལྗོངས་འཐུག་པོའམ། །རི་ལས་སྦས་ན་རི་མེས་ཚིག ཁྱད་པར་རྒྱ་མཚོ་ལྟ་བུ་འམ།ཆུ་མིག་སྦས་ན་ཆུ་ཡང་ཁོལ། །དགྲ་ཡི་གདུང་གསེབ་སྦས་འགྱུར་ན། །༼འརྫའི་ཛུ་ང༽འབྲས་ལ་སྔགས་ནས་ཕྱོགས་སུ་ས་གཏོར་ན། སྦྲུལ་ཆེན་པོ་ཁང་པའི་ནང་དུ་འོང་བར་འགྱུར། རྡོ་སོལ་དང་སྦྱར་ནས་བརྙའི་ནང་ཆང་དང་ཙྭ་གསེབ་བམ་ཤིང་གསེབ་ཏུ་སྦས་ན་ཐམས་ཅད་འཚིག་པར་འགྱུར་རོ། །རྡོ་སོལ་ལ་བཟླས་ལ་ཆང་གྲལ་དུ་གྲོགས་པོའི་ཆང་ལ་བཏབ་ན། མེ་རིང་གིང་འོང་བར་འཀྱུར་རོ། །བསེ་ཞོ་དང་བཙན་དུག་སྦྱར་མ་ལ་བཏབ་ནས། དགྲ་བོའི་ལུས་སེམས་ལ་རེག་པས་གོང་ལ་བསྐུས་ན། ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་མེས་བསྲེགས་པའི་བཙན་གསང་བ་ལྟར་བསྒྲུབ་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱམས་ཁྲག་ཏུ་དབབ་པ་འདི། ཁྱབ་འཇུག་གཟི་གསུངས་འདི་གསུངས་སོ། །གཟའ་ཕྱི་ལྟར་བསྒྲུབ་པ་འདི་བཤད། ཐོག་མར་དད་པ་རབ་ཏུ་གཅེས། །རི་གསུམ་རྩེ་འམ་དུར་ཁྲོད་དུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱས་ཤིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་གྲུབ་ཕྱིར་མན་ངག་བསྒྲུབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཕྱིར་མཐུན་རྫས་འབད་དེ་གསག ཁྱབ་འཇུག་ལས་ཀྱི་གོ་རིམ་ནི། །གཞན་ཡང་མཐུན་པའི་ཆོ་ག་དག །མཆོད་གཟུང་དབང་དང་གསོལ་བ་བཏབ། །གཏོར་མ་ལ་སོགས་ཆོ་ག་བྱ། །བརྒྱད་ལ་ལྷོ་ཤར་མཚམས་རྣམས་སུ། །དབབ་གསད་ལས་ཀྱི་གོ་རིམ་ནི། །ཚས་གྲངས་ཕྱོགས་མཐུན་པ་དང་། །སྤྲུལ་པའི་ཡན་ལག་འཇུག་པའོ། །གོ་རིམ་སོ་སོར་སྦྱོར་བ་ལ། །བཞི་ལ་སྲུལ་ནས་ཤར་དུ་སྲོད། །མ་མོར་སྲུབ་ཏེ་རྐང་པ་གཡས། །བརྒྱད་པ་ཤར་ལྷོ་མཚམས་ནས་སུ། །ཉི་མ་དྲོས་ནས་ནུབ་བྱང་དུ། །དགྲ་བླའི་རྒྱལ་པོར་སྤྲུལ། །བཅུ་གཅིག་འཇིགས་པ་བྱང་ནས་ལྷོར། །བདུད་དུ་སྤྲུལ་ཏེ་ལག་པ་གཡས། །བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས། །བྱང་ཤར་མཚམས་སུ་རྒྱུ་བ་སྟེ། །སྲིན་པོར་སྤྲུལ་ཏེ་མགྲོན་པོ་འགྲོ། །བཅོ་བརྒྱད་ནམ་ཕྱེད་ཤར་ནས་ནུབ། །དམུ་རུ་སྤྲུལ་པའི་དཔུང་མགོ་གཡོན། །ཉི་ཤུ་གཉིས་ལ་ཉི་མ་ནུབ། །ནུབ་བྱང་མཚམས་ནས་ཤརལྷོརརྒྱུ། །གཤིནརྗེརསྤྲུལ་ནས་ལག་པ་གཡོན། །ཉི་ཤུ་ལྔ་ལ་ལྷོ་ནས་བྱང་། །སྐྱ་རེངས་ཤར་དེ་དཔུང་མགོ་མིག །ཀླུ་བཙན་དག་ཏུ་སྤྲུལ་པའ་འགྲོ། །ཉི་ཤུ་དགུ་སྟེ་བསྙུར་ཆུང་ནས། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ། །བཟའ་བདུད་ཆེན་པོར་སྤྲུལ་ཏེ་འགྲོ། །དེ་ཡི་དབང་གསང་སྦྱོར་བ་ནི། །ཕྱོགས་ཀྱི་གནོད་སྤྲུལ་རེ་རེ་ལས། །གསང་བའི་སྦྱོར་བ་སོ་སོར་བྱ། །གནོད་སྤྲུལ་སོ་སོར་རྒྱུ་བ་སྟེ། །མ་མོར་སྒྲུལ་པའི་གཟུགས་བརྙན་ནི། །ནག་མོ་ཆེན་མོ་རལ་པ་ཅན། །འཇིགས་པའི་རྒྱན་ཆ་མང་པོ་དང་། །ལག་ན་ཐོད་ཁྲག་འཐོར་ཞིང་རྒྱུ། །རླུད་ནག་ཐོད་ན་རྫི་བ་རྒྱུ། །རྒྱལ་མོ་སྔོ་སྐྱ་བཀའ་དར་ཐོགས། །སྔོ་སྐྱ་ཞོན་ཏེ་འཇིགས་པའི་གཟུགས། །སྒྲ་དང་སེར་བས་མཚན་པའོ། །སྤྲུལ་པ་བདུད་ཀྱི་ཐབས་ནག་པོ། །ལག་ན་གྲི་ནག་ཞགས་པ་ཐོགས། །རྟ་ནག་ཤོན་ཏེ་གདོན་དང་ཆས། །བཙན་ཐབས་དྲག་པོའི་ནད་རྣམས་དང་། །དུས་མེད་མཚན་མ་མང་པོ་འབྱུང་། །འཇིགས་པ་སྲིན་པོ་སྔོ་ནག་ལ། །མིག་རྩ་དམར་ལ་བགྲད་པའི་མིག །མཆེ་བ་གཙིགས་ཏེ་ཟ་བ་ཡིས། །མདའ་གཞུ་ཐོགས་ཏེ་གདོན་དང་སྤྲུལ། །རླུད་ནག་འཚུབ་མར་ཆས་ཏེ་འོང་། །སྤྲུལ་རླུང་ཐོག་སེར་བ་འབེབས། །དམར་པོ་ཁྲག་གི་ཐིག་ལེ་ཅན། །བ་ལང་ཞོན་ཏེ་འཇིགས་པའི་གཟུགས། །མཚན་མ་ཐོག་སྣ་སྲིན་དང་འཁྲུག །ཀླུ་གདོན་དྲག་པོའི་སྤྲུལ་པ་ནི། །སྦྲུལ་ནག་ཆེན་པོ་སྤྲུལ་པའི་གཟུགས། ཁྲོས་པའི་ཚུལ་གྱིས་རྒྱུད་ཅིང་འགྲོ། །ཆུ་དྲག་གློག་དང་བཅས་པ་ཡི། །ནག་པོ་ཆེན་པོ་འཁོར་ལོ་ཐོགས། །གདན་གྱི་གཙོ་བོ་སྤྲུལ་ཏེ་འོང་། །རྒྱུད་པའི་ངང་མཚུངས་དེས་ན། །མཚན་མོ་མྱུར་དུ་འབྱུང་བར་འགྱུར། །དེ་ལ་དབབ་གསད་སྦྱོར་བ་བརྒྱད། །དེས་བརྒྱུད་པའི་དུས་སུ་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གྲུ་བཞིའི་དཀྱིལ་འཁོར་དབུས་སུ་ནི། །ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་དགོད། །ཨཱོཾ་དགུ་ནག་པོ་འཁོར་ལ་བསྒྲལ། །འཁོར་ལོའི་རྩིབས་ལ་སྤྲུལ་པ་བརྒྱད། །དབབ་གསོད་སྦྱོར་བ་བྱ། དབུས་སུ་གཤེད་པོ་ཡབ་ཡུམ་ལ། ཁུ་ཧི་བཅས་པའི་གཏོར་མ་སྤྱིན། །ཕྱོགས་མཚམས་བརྒྱད་ཀྱི་སྤྲུལ་པ་ལ། །སོ་སོར་ལས་ཀྱི་བྱ་བ་བརྩམ། །དགུག་དང་འདེག་དང་སྟིམ་པའི་ལས། །གྲོགས་པོའི་ཚུལ་དུ་གོང་ན་མེད། །བསྲེག་དང་མཆོད་པ་ལ་སོགས་པ། །ཕྱོགས་ནས་དྲངས་ཏེ་ཞལ་དུ་དབུལ། །ཕྱོགས་མཚམས་བརྒྱད་དུ་གསོད་པ་སྟེ། །དབུས་ཀྱི་ཨེ་ལས་བསྲེགས་པའོ། །རྒྱུད་པའི་དུས་དང་མཚུངས་ངེས་ན། །ཕུང་བར་འགྱུར་ཏེ་གདོན་མི་ཟའོ། །གདོན་དང་དབྱེ་བ་རྣམ་པ་གཉིས། །གདོན་གྱི་རྫས་ལ་ནུས་པ་ཡོད། །ཕྱེ་མ་གདོན་གྱིས་བྱ་བ་བྱེད།།གཟའ་བདུད་རྒྱུ་བའི་དུས་ངེས་ན། །རྗེས་དང་འདྲི་བའི་མདའ་ས་དང་། །གོས་དུམ་ལོ་མའི་སྙིང་པོ་ལ། །གདུག་པའི་གཟུགས་བརྙན་བཞི་བྱས་ཏེ། །རྣམ་གྲངས་ནང་དུ་བྱས་པ་ཡི། །གོང་གི་རྗེས་སུ་ཚང་པ་གསུམ།།བསྲེས་ཏེ་གཟུགས་བརྙན་བྱ་བར་གསུངས། །མྱུར་དུ་གསད་པའི་སྦྱོར་བ་ནི། །གོང་མའི་སྟེང་དུ་ལྟ་བས་བྱ། །གོང་མ་བཞི་༼ལ་༽ལྕགས་ཕྱེ་དང་། ཁྲག་གི་སྦྱོར་བས་དྲི་ཉིད་དུ། །ཏིལ་དང་ཉུངས་ནག་སྐྱེ་ཚེ་དང་། ཁྲག་སྣ་མུ་ཟིས་གུ་གུལ་དང་། །གོང་གི་རྫས་ཀྱི་མ་ངེས་གསད། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །རྒྱལ་ལུ་བྱས་ཏེ་སྨུག་ནག་བཞག །ཡང་ན་སྔོན་ནག་དམར་པོར་བྱ། །དེ་ལ་བརྣག་པའི་སྦྱོར་བ་བྱ། །དེ་བརྣག་པའི་མྱུར་དུ་དབབ་པའེ་ལས་ནི། དམ་ཚིག་ཡུལ་གྱི་ཆུ་སོགས་བསག །ཡུགས་ས་མོ་འམ་རབས་ཆད་ཐོད། །ཡང་ན་མཛེ་ཅན་ཐོད་པ་སྲ །ར་ཁྲག་ཁྱི་ཁྲག་མི་ཁྲག་དང་། །མངལ་ཁྲག་ལ་སོགས་སྨེ་ཁྲག་ཅན། །ཆུ་ཁམས་ཁྲག་ཏུ་འོང་བར་ངེས། །རྡོ་སྣ་དུག་སྣ་གུ་གུལ་སྦྱར། །གང་འབེབས་ཆུ་མིག་ཀླུ་ཡོད་སར། །བསྲེགས་མ་མ་བསྐོལ་ཀླུ་རྣམས་དང་། །དུས་ཚོད་གཟའ་གདོང་ཐུགས་གང་ན། །ཆུ་ཁམས་ཁྲག་ཏུ་འོང་བར་ངེས། །མ་ཧྭ་ཙན་དྷ་རསྒ་ཏི་ཏ་ནི་ཁ་ཡ་རུ་ཧྲ་མ་ར་ཡ་ཆེ་གེ་མོ་ལ་དྲི་ཤཱསྨོ་གོ། ཞེས་བྱ་བ་ནི། སྤྲུལ་པའི་སྲིན་པོའི་གདོན་གྱིས་གཅད་ཅིང་དབབ་པ་ཡི། ན་ག་ར་ཙ་བེ་ནི་ས་ནན་ཤུ། ན་ག་ཛ་ར་ཤམ་ཏི་སྲན་ཏྲ་ཤ་རུ་ན། ཙིསྟ་༼འབར་མི་འགུ་བྷསྨངཀུ༽མྲ ཀླུའི་གདོན་གྱིས་དབབ་གསད་པའི། རྨུ་ཏི་ཙན་དྷ་དུ༷་དུ༷་འབུམ་འབུམ་ཁ་ལ་རསྒ་ཐུམ་རིལ་ལི། དམུ་བདུད་སྤྲུལ་པས་དབབ་པའོ། །མ་མ་ས་མ་ཡ་ཏྲག་རསྒ་ལ་རསྒ་ཏ་གན་ཁ་ལ་ཡ་ཀུ་མྲ ཏེ་ཙེ་པ་ལ་ཡཨ་ཡུ་ཤ་པ་ལ་དྷ་ར། ཨ་ན་མ་མ་དམ་དྲི། ཤ་ཡ་ནི་ཛ་ཛ། མ་མོའི་གདོན་གྱིས་བསོད་པའོ། །ཏྲི་ཀ་ལ་ཡ་ཏི་དུལ་དུལ། སྙིང་ཁ་རག་ལ་རི་ལ་རི་ལི་རི་ལི། ཆོམ་ཆོམ་རྩ་ལ་ཐུན་ཤིག་མ་ན་ཛ་ཛ། རྒྱལ་པོ་སྔོ་སྐྱ་དབབ་གསད་པའི། ཡ་མ་ཙནྟྲ་ཙི་ར་ཏེ་ཙིསྟ་ཙཀྲ་དར་ན་ཤ་ཡ་དགྲ་བོ་རྣམས་རན་སོད་སོད་ཆོམ་ཆོམ་ཤིག་ཤིག །གཤིན་རྗེའི་གདོན་གྱིས་དབབ་གསད་དོ། །རེ་ཏྲ་དེ་པོ་དེ་བ་ཏྲ་བྱི་སྣུ་ཙན་ཏྲ་རུ་བ་ནི། རུ་རུ་ལ་དགྲ་བོ་ཙིསྟ་ལ།༼འབུན་སྟུ༽ཛ་ཏི་ག་ཧི། ཧེ་ན་ལས་ཧ་ཙན་དྷ་མ་ནི་ཁུག་ཛ་ཛ། གཟའ་བདུད་ཆེན་པོས་དབབ་གསད་པའོ། །བདུད་ཏྲི་ནི་ར་ཏྲི། སྣ་ཏྲི་ནི་མ་ར་ཡ་མ་ཏྲི་ཏྲི་ཡ་་སྨོ་ཁྱི། ཁམ་ཁམ་སོ་རྦད་རྦད། སྲོག་རྩ་དུན་ཆེ་གེ་མོ་ཛ་ཛ། དྲི་ཐུམ་ཆེ་གེ་མོ་ཛ་དྲི་ཛ། ཅེས་བཟླས་གར་དམིཊ་ཐོགས་པ་མེད། །གཏུམ་ཆེན་ཉིད་ལ་དཔངས་བསྟོད་ཅིང་། །གཟའ་བདུད་ཆེན་པོ་རབ་ཏུ་སྦད། །ཧུ༷་རི་རབ་ཕྱོགས་བཞི་མཚམས་བརྒྱད་ནས། །ལྷ་སྲིན་སྡེ་བརྒྱད་བསྐུལ་རེ་རན། ཁྱབ་འཇུག་ཆེན་པོ་བསྐུལ་བཞེས་ཤིག །གཏུམ་མོ་ཆེན་མོ་བསྐྱོད་ཙ་ན། །གཟའ་བདུད་ཁྱབ་འཇུག་གང་གསང་འབེབས། །དེས་ནི་ཀྱིས་ཀྱང་འབེབས་བྱེད་པ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་རཀྟའི་སྤྲུལ་པའི་ལུས། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལུས་ནི་བརྗིད་པ་དུད་པ་ཁ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཕ་ནི་སྲིན་ལ་མ་ནི་ཀླུ།།ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས། །ཟླ་བའི་རྫས་བཅད་ཤར་དུ་བཅུག །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུ་ཞིང་མཚན་མོ་འཇིགས། །བར་སྣང་ཁམས་ནས་རྒྱུགས་ཙ་འབེབས། །ཤར་གྱི་ཕྱོགས་ནས་བསྐྱོད་ཙ་ན། །དམུ་བདུད་ཆེན་པོ་ཧ་ལི་ག །ཙ་ནུ་ར་ཙ་ཀི་ཀང་འབེབས། །དམུ་ཡི་ཀི་ཀང་འབེབས་བྱེད་པ། །བྱང་གི་ཕྱོགས་ནས་བསྐྱོད་ཙ་ན། །བདུད་པོ་རཀྟ་འབེབས་པའི་གཟུཊ། །བདུད་ཀྱི་ཀི་ཀང་འབར་བ་འབེབས། །ཀི་ཀང་འབར་བ་ར་ཙ་ཀ །ནུབ་ཀྱི་ཕྱོགས་ནས་བསྐྱོད་ཙ་ན། །སྲིད་པའི་མ་མོ་རྣམས་དང་རོལ། །མ་མོ་ཀི་ཀང་ངག་གི་བདག །ལྗང་ལྗོན་ཆེན་པོ་ཀི་ཀང་འབེབསལྷོ་ནུབ་མཚམས་ནས་བསྐྱོད་ཙ་ན། །རོག་ཏི་བྱ་རོག་མགོ་བརྩེགས་ཏེ། །སྐར་ཆེན་འབེབས་པའི་འོད་པོ་ཆེ། །སྔུན་དུ་སུ་ཕྲད་ཁྱུར་མིད་ཟ། ཁྱོད་ནི་ཁྲག་ཆེན་སྤྲུལ་པ་སྟེ། །ལྷོ་ནུབ་མཚམས་ན་བསྐྱོད་ཙ་ན། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །ན་རག་ཀི་ཀང་འབེབས་པའི་དུས་ལ་བབ། །ཤར་ལྷོའི་མཚམས་ནས་བསྐྱོད་ཙ་ན། །དགྲ་བླའི་རྒྱལ་མོ་དམག་དཔོན་བྱ། །ཐོག་དང་བུ་ཡུག་ཀི་ཀང་འབེབས། །བྱང་ནས་ལྷོ་རུ་བསྐྱོད་ཙ་ན། །བདུད་ཀྱི་དེ་ནི་དམག་དཔོན་བྱེད། །བདུད་ཀྱི་ཀི་ཀང་ཧུར་ཐུགས་འབེབས། །བྱང་ཤར་མཚམས་ནས་བསྐྱོད་ཙ་ན། །སྲིན་མོ་འབུམ་གྱི་དམག་དཔོན་བྱེད། །སྲིན་པོ་ཀི་ཀང་དགྲ་ལ་ཡ། །དྲི་ཐབས་སྣ་ཚོགས་ཀི་ཀང་བྱ། །ཤར་ནས་ནུབ་ཏུ་བསྐྱོད་ཙ་ན། །དམུ་དང་བདུད་ཀྱི་དམག་དཔོན་བྱ། །དམུ་རྡོ་འབེབས་པའི་ལས་བྱེད་ཅིང་། །གར་ཙ་དགུ་པའི་ཀི་ཀང་འབེབས། །ནུབ་བྱང་མཚམས་སུ་བསྐྱོདཙན། །གཤིནརྗེཡོངས་ཀྱིས་དམག་དཔོན་བྱེད། །སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད། །གཤིན་རྗེའི་ཀི་ཀང་དབང་བྱེད་འབེབས། །ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ། །ཀླུ་བཙན་ཀུན་གྱི་དམག་དཔོན་བྱེད། །ཐོག་དང་སེར་བའི་སྣ་འདྲེན་མ། །གཏིབས་དྲིར་གསོད་ཀྱི་ཀི་ཀང་འབེབས། །མདུན་དུ་གང་བྱུང་ཁྱུར་མིར་མཛད། །ཀི་ཀང་སྣ་ཚོགས་འབེབས་པའི་བདག །ཀི་ཀང་སྣ་ཚོགས་དག་ལ་ཡ། །ཅེས་པས་སྦད། རཀྟ་སྦྲེང་ངོ་། །གསད་ན་གླ་ཕུར་གཟུགས་གདབ། །ཨོ་བཛྲ་ཀི་ལི་ཀི་ལི་ལ་ཡ། ཤ་ཏྲི་ཤ་ཏྲི་ཀི་ལི་ཀི་ལ་ཡ། ཆེ་གེ་མོ༷་མ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ་ཀུ་རུ་གུ་རུ་ཐུ༷་བུ་ཐུ༷་བུ། བར་ཏམ་ཐུ༷་རུ་ཐུ༷་རུ་པ་རུ་ཤུ། ད་ན་པ་ར་ཏ་ཡ། རོ་ཧྲི་རོ་ཧྲི། ཕོ།་པ་ར་ཡ། ཤ་ཏྲི་གུ་ལ་ཏྲི། ཛ་ཅེས་གསད་པའི་སྩོར་བ་བྱ། །ཆུ་འཁྱག་དྲག་ཏུ་འབེབས་འདོད་ན། །ཨོ་མེ་ཁ༷་མེ་ཁེ་ཐུན་ར༷་ཡ་ར༷་ཡ༷། ན་སུ་ཏ་ག་ན་ག་སེར་ཐུན་ར་ཐུན་ར། ཅེས་བྱབ་ནས། སྔགས་ཁྲོ་ཚུལ་བསྟན། དམིགས་བཟློག་ཁ་བགྲད་མིག་སྲིན་ལས། ཁྲག་སྦྱིན་དམར་པོ་འཁྱིལ་ཅིང་འདྲིལ་བར་བསམ། །རྫས་རྣམས་གཏོར་ཅིང་ལུས་སྤྲུགས་པས། །སེར་བ་དྲག་ཏུ་འོང་བར་འགྱུར། །གནམ་རི་ས་བྲག་དྲུག་ཏུ་འང་། །པ་རི་ཤ་ལ་གནོད་མི་བྱ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་ཟླ་གསང་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཕྱིར། །རོག་ཏི་གཟའ་ཡི་ནང་བསྒྲུབ་གསུངས། །དུར་ཁྲོད་དགོན་པ་ལ་སོགས་སུ། །དཀྱིལ་འཁོར་གྲུ་གསུམ་བརྩེག་མ་བྱ། །གྲུ་གསུམ་བརྩེགས་པའི་ནང་རོལ་དུ། །རྣེལ་གྲི་ཐོད་པའི་ནང་དུ་གཞུག །མངལ་ཁྲག་ལ་སོགས་ཁྲག་སྣ་ཚོགས། །དུག་དང་སྔ་སྔོ་དཀར་གསུམ་བླུགས། །རབས་ཆད་ཐོད་པས་སྟེང་ནས་དབབ། །གྲུ་གསུམ་ནང་དུ་གཞུག་པར་བྱ། །བསྙེན་པ་བྱ་བའི་ཐབས་དག་ལ། །ལྷ་སྲིན་འབུམ་སྟོང་བྱས་ནས་ནི། །ཚེས་བཞི་བཅོ་ལྔ་བརྒྱད་དུས་ལ། །གཟའ་གཅན་ཉིད་ཀྱི་སྙིང་པོ་བཟླས། །སྟོང་རྫོགས་ཉུངས་དཀར་ཐུན་གྱིས་བྲབ། །ཨོ་བ་ཤི་མུ་གེ་རུ་རུ་བ་ཤི་རི་ཁྲ་ཛ་ཧ་ཨད་གྲྭ་ཧྭ། སྟོང་རྫོགས་ཐུན་རྫོགས་དག་ལ་བསྟིམ། །ཨོ་ཛི་བ་ཏི་ར་ཧུ་ལ་མཧྭ་ཀྲོ་ཏ་ཀ་བ༷་ཤ་ར་ཧུ༷་ཕཊ། སྔགས་ལ་ཁྲི་སྟོང་ཁྲི་རུ་བསྟིམ། །བཟླས་པ་རྫོགས་ནས་ཉུང་དཀར་བྲབ། །ཉི་ཤུ་དགུ་འམ་ཚེས་གཅིག་ལ། །བསྙེན་པ་རྫོགས་ནས་ས་ལ་རྩང་། །ཐུན་གཅིག་གནས་ཀྱི་རྟེན་དུ་བཅས། །མིས་མ་འཕྲོགས་པར་གསང་སྔགས་བཟླས། །ཨོ་ཀྲི་ཏྲི་ཏྲ་ལོ་གློ་ཡུ་སྐྱིན་དང་ཕོབ། སྒག་རསྒ་སྙིང་ཁ་རག་སྨྱོ། རག་ལ་མུ་ཤ་མ་སྨྱོ། དགུས་དོན་ལ་བྱའོ། །ཙན་དྷ་རག་མ་སྨྱོ། བཙན་དུག་ཕྲོམ་ཕོལ་་གྱོ་མི། གནམ་མཐོངས་ ཕྱེ་ལྕགས་སྒྲོག་ཁྲོལ་མི་རང་སོད། རྐྱང་རྗེ་རྐྱང་པོ། ཙུ་རུ་ཙུ་རུ་ཧུ༷་ཕཊ། དེ་ནས་ཟེར་སྔགས་འཛུམ་བསྟན་པ། །ཡུལ་གྱི་ཕྱོག་སུ་བཟླས་པར་བྱ། །རི་བོའི་རྩེ་མོར་ཐབས་བཅའོ། །ཆུ་སྐྱེས་ཟླ་ཚེས་བཞི་བྱས་ནས། །ཉི་ཤུ་དགུ་མཐར་བསྙེན་པ་རབ་རྫོགས་ནས། །༼ཆུ་འཁྲུག་ཆོའཕྲུལ༽ཟླ་བ་ཀུན་ཏུ་གདབ། །དེ་ལྟར་ལས་རྣམས་བྱས་གྱུར་ནས། །ཆུ་འཁྱག་ཁྲག་ཏུ་དབབ་པར་འགྱུར། །སྐྱིན་དང་རིན་ནས་སྙིལ་བར་བྱེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱག་ཁྲག་ཏུ་དབབ་པ་གཟའི་ཟླ་གསང་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །འགལ་བྱེད་ཆམ་ལ་དབབ་སླད་དུ། ཁྱབ་འཇུག་ཟླ་གསང་གསང་བསྒྲུབ་དེ། །སྒྲ་གཅན་ཆེན་པོ་ཉི་ཟླའི་བརྟེན། །དྲག་པོ་ཆེན་པོ་ར་ཧུ་ལ། ཁྲག་ཏུ་འབབ་པའི་ལས་འདི་ཡིན། །དུར་ཁྲོད་ལ་སོགས་གནས་དག་ཏུ། །ས་ཚད་ལ་ཆག་ཐིག་གདབ་བྲི། །དབུས་སུ་གྲུ་གསུམ་རྩེག་མ་སྟེ། །མུ་ཁྱུད་ཟླུམ་པོའི་ཐོད་ཕྲེང་ཅན། །སྒོ་བཞི་རིགས་དང་མཐུན་པར་བགྱི། །སྒྲུལ་སྔོན་དག་གི་ཆུན་གདགས་ལ། །རྫས་རླུང་བུད་མིང་དུས་འཇུག །གྲུ་གསུམ་གསུམ་དབུས་སུ་བཞག་ལ་བསྒྲུབ། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གྲུ་གསུམ་རྒྱ་གྲམ་དག་ལ་གཞུག །ཤ་རུལ་ཁྲག་རུལ་བཙོས་དང་རྗེན། །རི་མཚན་གྲུབ་སྨན་གུ་གུལ་ནས། །ལ་ཕུག་གོང་་གྱོ་བུ༄རྣོལ་དྲིའི་ཐོད་པར་བླུག་ལ། གྲུ་གསུམ་དབུས་སུ་བཞག་ལ་བསྒྲུབ། །དཀར་གསུམ་ཀླུ་སྨན་དམར་གསུམ་དང་། །གུ་གུལ་དཀར་པོ་འབྲས་ཆེན་དང་། །མ་ལྟར་སྨོས་པ་མཁར་གཞོང་བཞག །ཐུན་རྫས་བསྡུས་ལ་ཐོད་པར་བསམ། །ཙ་ར་རོག་པོའི་ར་ཁ་ནི་ན། །སྔགས་བྲིས་མིང་བྱང་སྐེ་རུ་གདགས། །ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ། །ཐུན་རྫས་ཐོད་ཕྲེང་སྟེང་དུ་གཞག །རང་ཉིད་གཤིན་རྗེ་གཤེད་པོ་སྟེ། །ཡི་དམ་བྱས་ལ་རྫོགས་པ་དང་། །སྲོག་སྙིང་འདི་ཉིད་ནུས་ཚད་བགྲངས། །ཨོ་བི་ཤ་མ་ལ་དུའུ་མ་ཤི་གརྫ་མ་ཧྭ་སྭ་ཧྭ། སྟོང་རྫོགས་ཐུན་ན་མཆོད་པ་བྱ། །ཧྭ༷་འཇིགས་བྱེད་ཆེན་པོ་ར་ཧུ་ལ། །སྐུ་མདོག་དུད་ཁ་མིག་གིས་ཁེངས། །གཤིནརྗེགཤེད་པོའི་ཞབས་དྲུང་དུ། །རྒྱལ་བའི་བསྟན་བསྲུང་ཁས་བླངས་པ། །དུས་འདིར་ཁས་བླངས་འདའ་མ་བྱེད། །དམ་རྫས་མཆོད་པ་འདི་ལོངས་ལ། །དམ་ཉམས་སྲོག་རྩ་གཅོད་པ་དང་། །ཡུལ་དུ་ལོ་ནད་སེར་བ་ཕོབ། །ཧབ་པ་ཤ་དམིགས་གི་དུ་རུ་མ་ཤོ་གི་དུ་རུ་མ་ཤི་གི་ཛ་ལ་ནི་ཨ་ཙི་ཏེ་སྲུ་ཧྭ། དུས་ཚོད་བརྒྱད་ལ་གཏོར་མ་སྤྱིན། །བསྙེན་ཅིང་བསྒྲུབ་པའི་མཚན་མ་རྣམས། །གཞུང་མཐུན་ཉམས་སུ་ལེན་པ་རྣམས། །དྲག་པོའི་རྫས་སུ་ཀྱང་བྱ་བ། །གའུའི་ནང་དུ་སྔགས་བྲིས་བྲབ། །ཨོ་མ་ཡེ་ཀ་པ་ཡེ་ཨ་པ་ཡེ། །དྷི་ཉི་ཝ་ཀྲོ་ཏེ། ཡུལ་འདིའི་ལོ་ཏོག་ལ་ཛ་པི་ཏ་ར་ཧུ་ལ་མ་ཧྭ་ཀྲོ་ཏ་ཀ་བ་བ་ཏ་ཤ་ར་ཏ་ཤལ་ཏེ་ཧུ༷་ཕཊ། ཐིག་ནག་གཅིག་མེད། གཉིས་ཏག་བརྒྱད་བཅད། དུད་ཕྲན་ནམ་ཐོངས་ཕྱེ་ལྕགས་སྒྲོལ་ཁྲོལ། མི་རང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧུ༷་ཕཊ། སྟོང་ངམ་ཁྲི་ཐོན་ནས་བྲིས་ཀྱིས། །དེ་ནས་ལྷ་སྲིན་སྤྲུལ་པ་བརྒྱད། །སྔགས་འདི་གོང་མའི་ཚད་དུ་བྲི་བ། ཏྲག་རསྒ་མོ་ཧྲིལ་རྦད། སེར་ཧྲིལ་ཤར་རྦད། དེ་ནི་མ་མོའི་སྔགས་སོ། །ཨོ་ཨ་ས༷་མེ་བྷ། རུ་ལུ་རུ་ལུ་མ་མ་སྒག་རསྒ་ཧྲིལ་ཧྲིལ། ཤ་སྦྱོ། རྒ་བླའི་རྒྱལ་མོའི་སྔགས་སོ། །ཨོ་བ་ཤ་དམིགས་གི་ར་ཧྭ༷་ལ། ཧུ༷་ཤག་ཤག་ཤར་ཤར་ཧྲིལ་སྨྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ། །ཨོ་སེར་ཁྲག་ལ་མུ་ཤ་གུ་དུ་བས་གྲྭ་ཧྭ། འདི་ནི་སྲིན་པོའིའོ། །ཨོ་རམ་ཏྲ༷་དུ་ར༷་ཤག་རིལ་ར༷་ཤག་སྨྱོ། དེ་ནི་དམུའི་དྲག་སྔགས་སོ། །ཨོ་ཡ་ར་ཙ་ཐེ་རིལ་ཤར་རམ་ར༷། དེ་ནི་གཤིན་རྗེའི་སྔགས་སོ། །ཨོ་ན་ག་ཏྲིལ་སེ་ན་ཤགས་ས་དུན་ས་མ་ཡ་ཧྲིལ་་སྨོ་ཡི། །དེ་ནི་ཀླུ་བཙན་གྱི་དྲག་སྔགས་སོ། །ཡ་མ་སྙིང་ཡ་མ་ཁྲག་རུ་ལུ་ལ་ཤག་ཤག་སེན་སེན་ཡ་ཡ། དེ་ནི་བགེགས་ཀྱི་དྲག་སྔགས་སོ། །ཟླ་གཅིག་བརྒྱད་ཕྱོགས་ནས་བརྡེགས། །ལི་དག་སྒྱུར་ཞིང་ཐུན་སྔགས་བརྡེག །གཏུམ་ཆེན་བསྟོད་ལ་གཟའ་མཆོག་སྦད། །གླང་ཕུར་ལིང་ག་དག་ལ་བརྡེག །ཚེས་གྲངས་ཐེབས་ནས་གྲུབ་རྟགས་འབྱུང་། །རྫས་དང་ཐུན་གཟིར་སྔགས་དང་མིང་། །དབུས་ཀྱི་རབས་ཆད་ཐོད་པར་བླུགས། །སད་སེར་ཡུལ་དབུས་ལ་སོགས་སུ། །སྐྱ་རིམས་གཟེར་བུ་བཏབ་ལ་བཞག །དེ་ནས་ཐུན་གྱི་ཟོར་བྱ་སྟེ། །དམ་དྲངས་མཎྜལ་གོང་བཞིན་བྱའོ། །དམ་སྲི་ཡུལ་གྱི་ཆུ་བསོགས་བསགས། །ལྷ་བསྙེན་བསྒྲུབ་སྔགས་ཕྱེད་དུ་སྟེ། །ཕྱེད་པའི་མན་ངག་སྔགས་འདི་བཟླས། །ཨོ་མ་ཁ་ཡེ། ཀ་པ་ཡེ། ཧྲི་ལྟོ་ཝ་ཏི་ན་ཏེ། ཡུལ་འདི་ལོ་ལ་བདུད་ཕྲོམ། ཀར་ཕྲོམ་ཤུ་ཏི་ཕྲོམ། ཡུག་ཏི་སྨིན། ཤར་ཤར་དྲག་ཏུ་ཕོབ། ཙ་བ་ཏིར་ཧུ༷་མང་། ཨ་ཀྲོ་ཏེ་ཀ་ཕོབ། ཏ་ཤ་ར་ཤལ་ཏ་ཧྭ༷་ཕཊ། ཙ་ར་རུ་ལེ། ཨསྣ་རག་མོ་ཀ་རེ་ཏེ་གྲྭ་ཧྭ། རྐྱང་རྗེ་རྐྱང་མོ་ཙུ་རུ་ཧུ༷་ཕཊ། ཧོ་ཧོ་ཕྲོམ། མུ་ར་མུ་ར་ཤ་རུ་རུ་་༷། གོ་གིས་ཐིག་ནག་གདགས་ནས་ནི། །དེ་ལ་གཤམ་བུ་འདི་ཡང་གདགས། །མོ་མོ་སེ་ག་ཡེ། མ་མོ་་སྲོག་ཙ་ཡེ། དགྲ་བོའི་ལོ་ཏོག་སྣར་མོ་མ་ར་ཡ་ཧུ༷་ཕཊ། སྙིང་པོ་སྔགས་ཀྱི་བར་བར་དུ། །མཆོད་དང་གཏོར་མ་དབུལ་བར་བྱའོ། །ར་བསྒྲལ་ཐབས་ཀྱིས་ཐུགས་དམ་སྐོངས། །ཐོན་ནས་གནམ་གཟེར་རིལ་བྱའོ། །དཀར་དམར་ཐབ་སྔོ་ཐབ་གསུམ་ནི། །གཅིག་ཏུ་དྲིལ་བས་བཞི་རུ་འགྱུར། །དམར་རིང་བོར་ནི་ཕྱོགས་སུ་འཕང་། །གོང་གི་སྔགས་བཟླས་མཛུབ་རིས་བྱས། །ཉི་ཤུ་དགུ་ལ་འཇོམ་པར་འགྱུར། །ཡང་ན་ཆུ་སྐྱེས་རྫོགས་པ་ལ། ཁྱབ་འཁེག་གཏོར་མ་རབ་ཏུ་གཏང་། །བླ་ཕུར་བཏབ་ལ་བསད་ལ་བྱ། །བར་བར་ལྷ་ལྔ་དབྱེ་བར་བྱ། །དེ་ལྟར་བྱས་༼ན༽་ རབ་འབྲིང་དབྱེ་བ་ཡིན། །གནམ་ལྕེ་དང་་༽་ནངདམུ༄རྡོ་དང་། །ཆུ་འཁྱག་ཁྲག་ཏུ་དབབ་པར་བྱའོ། །དེ་ལ་ལས་འདི་གང་ཡང་རུང་། ཁྲག་དང་གུ་གུལ་ལྕགས་ཟངས་ཕྱེ་མ་རྣམས་ལ་སྔགས། ཡུལ་གང་ཡང་རུང་བའི་ལྷ་རྟེན་ནམ། ཆུ་མིག་ཏུ་སྦས་ན་ཡུལ་དེའི་ཀླུས་ཁྱེར་དེ་འགྲོ་བར་འགྱུར་རོ། །ཡང་རྫས་དེ་རྣམས་ལ་ཟླས་ན། རི་ལུ་བྱས་ཏེ་དགྲ་བོའི་ཁང་ཐོག་ཏུ་བསྐུངས་ན། ཁང་པ་འཇིགས་པར་འགྱུར་རོ། །ཡང་དེ་རྣམས་ལ་བརྗོད་ནས། ཆུ་མིག་ཁ་བྱང་དུ་བལྟས་པར་སྦས་ན། གང་ལྟར་བགྲངས་ན་ཤ་སེར་འོང་ངོ་། །སྲིན་རྡོ་དང་འཁོར་བ་ཆགས་པ་ལབཟླས་ན། ཁྱབ་འཇུག་རྒྱུ་བའི་དུས་བྲག་ཁ་བྱང་དུ་བལྟས་པར་སྦས་ན། ཐོབ་དྲག་པོ་ཕེབས་པར་འགྱུར་རོ། །འབྲུག་སྣ་ཚོགས་པ་དང་། འབྲུག་གིས་རུས་པ་དང་། ཆུ་སྲིན་གྱི་སྡེར་མོ་ལ་བཟླས་ན། གོང་དུ་སྦས་ན་ཕྱོགས་བཅུར་གཏོར་ནས། སེར་བ་ཁྲག་དུ་འབབ་པར་འགྱུར་རོ། །ཀང་ཀང་ནསེ་དང་།ཁྱི་ནག་པོའི་མཆེ་བ་ལ་བཟླས་ནས་དགྲ་ཕྱོགས་སུ་གཏོར་ན། སྐྲངས་ནད་དུ་འགྱུར་རོ། །དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སེར་བ་བཟློག་པ་དང་ཤ་ཟློག་དེ་དང་འདྲའོ། །ཉུངས་དཀར་ལ་བཟླས་ཏེ་གཏོར་ན་བཟློག་པར་འགྱུར་རོ། །དཔལ་ཟླ་གསང་ནག་པོས་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་གཟའིཟླ་གསངགསང་བ་ལྟར་བསྒྲུབ་པའི་ལེའུསྟེ་ང་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཡ་མརྙ་ཀ་ལ། སྔགས་ཀྱི་བདག་མོ་ཕྱི་ནང་གསང་གསུམ་གྱི་མཆོད་པས་མཆོད་དེ། སྐོར་བ་ལན་གསུམ་དུ་བྱས་ནས། རྐྱང་ཕྱག་ལན་གསུམ་དུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱི་ཁས་བླངས་པའི། །གཡས་ཐོགས་དྲག་པོའི་ལས་འདི་དག །སྙིང་པོ་མཆོག་ཏུ་འགྱུར་བ་དང་། །ཡང་ཤུནལྟ་བུ་དྲིལ་བའི་དོན། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཞེསཞུས་སོ།།དེ་ནས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་༼པ༽། ཉོན་ཅིག་རྡོ་རྗེ་འཛིན་པ་དང་། །མཁའ་འགྲོ་རཀྟ་གདོང་བཞི་ཉོན། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་། །རྣལ་འབྱོར་ཅན་ལ་ཕན་པའི་ཕྱིར། །དགྲ་བོའི་སྔགས་ཀྱི་རིམ་པ་འདི། །བཤད་ནས་བསྟན་པ་ཡུན་དུ་བསྲུངས། །ཞེས་བཀའ་བསྩལ་ཏེ། དེ་ནས་འཁོར་རྣམས་འདུམ་པར་འགྱུར། །མ་མ་རག་མོ་སྙིང་རྫ་རྩ་ཤ་མ་སྨྱོ། མ་མ་རག་མོ་རུ་རུ་རོ་དུ་ཙ་བ་དགྲ་བོའི་སྙིང་ཁ་ར་ལ་མ་སྨྱོ། མ་མ་རག་མོ་ཏྲག་མོ་སྙིང་ཤིག་ཤིག་སྙིང་ཁར་རག་ལ་མ་སྨྱོ། མ་མ་རག་མོ་ཙ་བ་མོ་ཁྲག་ལ་མུ་ཤ་མོ་སྨྱོ། རསྒ་སྙིང་རྩ་རུ་རུ་ཙ་མ་སྙིང་ཁ་ར་འགུ་སི་ནད་མ་ཤ་ག་མུ་ཤ་ག་མ་མ་སྟོཐིག་ནི་ཙུ་རུ་ཙུ་རུ་ཧུ༷་ཕཊ། ཧ་ཕྲ༷་མ་ཤ་ར་ཕྲུ༷། དཀར་ཕྲ༷། ཡ་མ་སྙིང་། ཡ་མ་ཁྲག །རག་མོ་ཡག་མོ། རུ་རུ་རོ་རུ་ཙ་བ་ཏྲག་མོ༷་ས་མ་ཡ་ཏིཁྱི་ལྷན། ཡ་མ་སྙིང་ཡ་མ་ཁྲག །ར་ཧུ་ལ་བ། ཤ་མུ་གེ་དེ་ར་མ་ར་ཡ་ཤི་ན་ཛ་ཡ་ཤི་ན་ཛ་ཡ་དི་ཨ་ཙི་ཏེ་སྲུ་ཧྭ། ཧུ༷་ཛ་ཛ། ཡ་མ་སྙིང་ཡ་མ་ཁྲག་ར་ཧུ་ལ་ཧྲིལ་རིལ་ཤག་ཤག །སེན་སེན་ས་མ་ཡ་སྨྱོ་ཧྲིལ་ཕྲོ་ཕཊ། ས་མ་ཡ་སྙིང་ཡ་མ་ཁྲག་གེ་ཏ་དྲག་ཕོབ། རག་མོ་རག་མོ་མ་ཨོ་ཀེ་ཏ་ཀི་ཀང་ན་གནང་ཙེ་དུས་དྲིལ་ཕྲོམ། ཤར་བྱང་ཕྲམ་ཙེ་མ་རག་ཧྲིལ་སྨྱོ། མ་མ་ཧྲིལ་ཤ་ཧ་ཏྲག་ཏུང་ཤུ་ཏོ་ཕྲ༷། དེ་ནས་སྡེ་བརྒྱད་ཀྱིས་ཉེ་བའི་གྲོགས་བྱ་བའི་ཕྱིར། བསྟན་པའི་ཕྱིར་ཡང་གསུངས་པ། ན་ག་ཀླུའི་ཤེན་ན་ག་ལེ་དུམ་པ་ལ། དུམ་པ་ལེ། སུ་བཛྲ་མ་ཡ༷ ་ག་ཤ་དེ་བཛྲ་ཡསྒ་ཕྲམ། ཡ་མ་ཏ་ཕྲ༷་རུ་ཧྲི་ཏྲ༷་སྨྱོ། ན་ར་སི་ཡ་ཕྲོ། རུ་ཏྲི་ཏྲ༷་སྨྱོ། མརྟ་དེ་བ། རཀྟ་ཕྲ༷། རི་ཏྲི་ཏྲ༷་སྨྱོ། བཛྲ་ས་དུ་ཨ་ཧྲི་སེམས་པ་ཕྲོ། རུ་ཏྲི་ཏྲ༷་སྨྱོ། རསྒ་རསྒ་ཁུ་མུག་ཏྲ། ཕྲོ་རུ་ཏྲི་ཏྲ༷་སྨྱོ། སུ་བཛྲ་ཡག་ཤ་ག་ཏེ་ཕྲོ། རི་ཏྲི་ཕྲ༷་སྨྱོ། ༼འགུ་ལྷུ༽ས་དན་མ་ཨུ་ཙུས་སྨ་ཤ་མ་མ་རག་མ་ཁ༷་ཁས། རསྒ་ཕྲ༷་ཕྲ༷་ཕྲ༷། རསྒ་རག་ཙག་ཤུ་དམ་ཉམས་ལོ་ལ་འུར་འུར་ཆེམ། ཡ༷་ཡ༷། རྦད་རྦད། ཆེ་གེ་མོའི་ལོ་ལ་སྨྱོ། ཨོ་ཏྲག་རག་མོ་ཧྲེང་ཤག་རྦད། སེན་ཧྲིལ་ཤག་ཤག །སེན་ཧྲིལ་ཤག་ཤག །ཨ་བེ་ལེ་མ་སྨྱོ། རུ་ལུ་རུ་ལུ་མ་མ་མ་སྒག་རསྒ་ཧྲིལ་ཧྲིལ་ཤར་ཤར་སྨྱོ། ཕ་ཤ་མིག་གི་ཧ་ཧུ་ལ། ཧྭ༷་ཤག་ཤག་ཧྲིལ་ཧྲིལ་སྨྱོ། ཨོ༷་སེན་མ་སེན་ཁྲག་ལམ་ཤ་རྔུབས་རྔུབས། ཨོ་ར༷་ཨོ༷་ཤག་ཧྲིལ་རེ་ཤག་ཤར་སྨྱོ། ཨོ་ཡ་མ་ར་ཙ་ཨོ་ར༷་ཧྲིལ་ཧྲིལ་ཤག་ཤག་ར༷་ཤར་རེ། ན་ཧྲིལ་ཧྲིལ་སེན་ཤག་ས་དུ་ས་མ་ཡ་ཧྲིལ་སྨྱོ། ཨོ་མ་མ་སྙིང་མ་མ་རག་མོ་ཡག་མོ། ཧྲིག་རསྒ་རག་མོ་ཁྲག་ལ་མུ་ཤམ་སྨྱོ། རུ་ལུ་རུ་ལུ་རྔུབས་རྔུབས་ཨ་སེ་ལེ་པྲ་བེ་ཤ་ཡ། པྲ་ཤ་མེ་ཁ་དུང་མ་མ་ར་མ་ཤི་ཛ་ལི་ཏི། ཨ་ཏི་ཏ་ར་ཧུ༷་ཛ་ཛ། ཨོ༷ ་འགུལ་བའི་ཙ་མུན་ཧྲིལ་ཡག་མ་ཀེ་ཕྲོ༷་ཙ་དུ་ད་དི་ཏཱ༷་ཕཊ། བི་རྒྱ་མ་རག་གང་གམ་གག་མི་ཨ་པ་ནུད་པ་རད་སྲུཧྭ། ཧ་ཕྲ༷་ཧྲི་བ་ཤར་ཐུམ་ཧྲིལ་ཕྲ༷་ཆེ་གེ་མོའི་ལོ་ཏོག་ལ། འུར་འུར་ཆེམ་ཆེམ་རྦད་རྦད་ཡམ་ཡམ། རིན་ཕྲོ་ཕོབ་དྲག་པོར་ཕོབ་སྨྱོ། ཧྲུ༷་ཡསྒ་དེ་བ་ར་ཙ་གྲྭཧྭ། ཧཱུཾ་ཀྲ་ཤྭ་ན་ག་གུང་གྲྭཧྭ། མ་ར་ཙ་ཤ་ཨོ། ཨོ༷་ཨ་ཀྲོ་ཏེ་ཀ་ཡ་མརྙ་༼ཀ་༽ཧ་ན་མ་ཏ་བརྫི་ཧུ༷་ཕཊ། ཨོ་བེ་ད་ལི་རསྒ་མན་གྲྭ་ཧྭ། རིན་ཆེན་སྔགས་ཀྱི་ཕྲེང་བ་འདི། །རྩ་བ་བསྐྱེད་དང་བཟླས་པའི་དོན། །བཏུ་དང་དཀྲུགས་དང་འདེབས་པ་ཡིས། །གསོད་གསོལ་དབབ་སྲུང་དོན་རྣམས་ནི། །ཐེ་ཚོམ་མེད་པར་ལེན་པར་གསུངས། །བཀའ་བསྩལ་འཁོར་ལོ་ཡིག་འབྲུ་ལས། །བསྙེན་པའི་ལས་ཀྱིས་བཅའ་གཞི་ཉིད། །ཡན་ལག་རྫོགས་ནས་འདོད་པའི་དཀྱིལ་དུ་གཞུག །རྫས་བསྟན་པའི་ཕྱིར་བཀའ་བསྩལ་པ། ཏིང་འཛིན་སྟོབས་སུ་འགྱུར་བ་ཡིས། །སྐུ་ཡི་གཟུགས་ནི་ལེགས་པར་བཤམ། །སྙིང་པོ་སྔགས་དང་མཚན་མ་བཞག །མཐུན་པའི་རྫས་ཀྱིས་བསྐོར་ཏེ་བཞག །རྟགས་དང་ལྡན་པས་བསྙེན་པ་བྱ། །ཞེས་བཀའ་བསྩལ་ཏེ། མོན་ནམ་གཅན་གཟན་ཐོད་པ་སྲ །སྟག་དོམ་བ་གླང་ཉ་ཡི་སྙིང་། །སེང་གེ་ཁྲ་དང་བྱ་རོག་ཕ་ཝང་དང་། །ན་བའི་ལི་༽རྣམས་ཀུན་གྱི་དྭངས་ལྔ། །ཐོད་པའི་ནང་༼དུ་༽ཐུན་རྫས་བསགས། །ཞེས་གསུངས་སོ། །དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལྷོ་དག་གི་གྲུ་བུམ་དོན་མ་ཡིན་པ། །འབྲུ་སྣ་ཁྲག་སྣ་ཚོགས་པ་ལ། །གཏོར་མ་སྨན་དང་ཚད་ཀྱིས་སྦྱར་ཏེ་རྒྱས་པར་བཤམས། །ཞེས་གསུངས་སོ། །ཀ་རོ་ཏ་བཤོས་ཟུར་གསུམ་ལ། །གྲོ་ནི་རྒྱས་པའི་རིམ་པར་ཤེས། །དམ་འབྲས་དམར་་་་ ཟླ་གམ་ཏིལ། །དཀར་གསུམ་མཆོད་པའི་རྫས་རྣམས་དགྲམ་པར་བྱའོ། །ཞེས་གསུངས་སོ། །སྟག་དང་གླང་དང་སེང་གེ་དོམ། །པགས་ཕོགྱོ་བྱེའུ༽ལ་སོགས་ལ། །རང་རེ་ཤ་ཁྲག་རྫོགས་ཞེས་གསུངས་སོ། །གཞན་ཡང་གཡབ་ཐོག་ཆུ་ལ་དགྲ་ཡུལ་རྡོ་རྗེ་གསུམ་རྫོང་། ཡུལ་ལྟ་གཉེན་པོའི་བརྟེན་བྱས་ཏེ། །ཅི་ལྟར་འདོད་པའི་དབྱིབས་ཅན་ཁ་དོག་སྒར། །དེ་ནི་ཐུན་གྱི་ཐོད་པར་གཞུག །སྟིམ་ཕྲམ་གང་ཡལ་སྦྱོར་བ་ནི། །དེ་ནས་ཡང་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རྫས་དང་ལས་དང་ར་འཕྱེད་པའམ། །ཏིང་འཛིན་རྣ་ལ་འབྱོར་གྱི་དོན་དུ་བཤད། །ཅེས་གསུངས་སོ། །དམ་རི་སྲིན་བྲག་ཁྲག་གི་མཆི་རིས་ཅན། །ཡང་ན་སེང་གེའི་མཆེ་བ་ལྟ་བུའི་འུ། །ཡང་གསུངས་པ། མེ་ལྟ་བུའི་རིམ་པ་སྟེ། དབྱིབས་དང་ཁ་དོག་ནི། འདོད་པའི་ཁ་དོག་ཇི་ལྟ་བར་ནི། །ནི་རང་༼བུའི་སུ ཡ༽ཐལ་བརའགྱུར། །ནག་པོའི་ཁ་དོག་རྗེས་སུ་བྱ། །མཐུན་པའི་ག་བུ་གློ་རྒྱས་གདགས། །ཞེས་གསུངས་སོ། །དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རིམ་པ་ལས་ཀྱི་གཞུང་བསྒྲུབ་པ། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞུས་སོ། །བཀའ་བསྩལ་པ། དང་པོ་རྒྱུད་ལས་གཉིས་པ་སྤྱར། །གསུམ་པ་དྲི་ལ་བཞི་པ་ཡུལ་དུ་སྐྱེལ། །སྐུ་གསུང་ཐུགས་ཀྱི་བསྙེན་པ་ནི། །རིམ་པ་བཞིན་དུ་༼མ་༽ནོར་བཟླས། །སོ་སོའི་རྟགས་ལྡན་ལས་ལ་སྦྱར་བར་བྱ། །རྟགས་གསུམ་ལྡན་ནས་ཡུལ་དུ་སྐྱེལ། །དེ་ལས་ལས་ཀྱི་བྱ་བ་ནི། ཁྱབ་འཇུག་རྒྱུ་བའི་་ས་སུ་སྟེ། །རྟག་ཏུ་རྒྱུ་དང་དུས་སུ་རྒྱུ། ཁྱབ་པ་རྣམ་པ་གཉིས་སུ་བསྟན། །དུས་སུ་རྒྱུ་བ་རྣམ་པ་བརྒྱད། །རྟག་ཏུ་རྒྱུ་བའི་རྣམ་པ་ནི། །ཡར་ལ་ཚ་དང་མ་རལ་བྲི། །ཚས་གཅིག་ལ་སྔ་དྲོ་བྱང་ནས་ལྷོ། །གཉིས་པའི་ནུབ་མོ་བྱང་ནུབ་ནས་ཤར་ལྷོ། གསུམ་པའི་ཉི་མ་ཕྱེད་ན་ནུབ་ནས་ཤར། བཞི་པའི་ལྷོ་ནས་ནུབ་བྱང་། ལྔ་པའི་ཕྱེད་ཡོལ་ནས་ལྷོ་ནས་བྱང་། དྲུག་པའི་ཐོ་རངས་ལྷོ་ཤར་ནས་ནུབ་བྱང་། བདུན་པའི་ནམ་ཕྱེད་ན་ཤར་ནས་ནུབ། བརྒྱད་པའི་ཉི་མ་ཕྱེད་བྱང་ཤར་ནས་ལྷོ་ནུབ་ཏུ། དགུ་པའི་སྐྱ་རེངས་ཤར་ནས་ལྷོ་རུ། བཅུ་པའི་ཉི་མ་ཕྱེད་ནས་ལྷོ་ནས་བྱང་དུ། བཅུ་གཅིག་ཉི་མ་ནུབ་ནས་བྱང་ཤར་དུ། བཅུ་གཉིས་པའི་ཐོ་རངས་ནུབ་ནས་བྱང་གོ་ར་དུ། བཅུ་གསུམ་ནམ་གྱི་འཇིང་ལ་ལྷོ་ནས་བྱང་དུ། བཅུ་བཞི་པ་ནམ་ཕྱེད་ལྷོ་ཤར་ནས་བྱང་ནུབ་ཏུ། བཅོ་ལྔ་ཉི་མ་པྱེད་ཤར་ནས་ནུབ་ཏུ། །མར་གྱི་གཅིག་ནས་བསྟན་པ་ནི། ཉི་མ་དྲོས་ནས་བྱང་ཤར་ནས་ཤར་ལྷོ། ཉ་མ་གཉིས་པ་ཤར་ནས་བྱང་ནས་ལྷོ། གསུམ་པ་སྐྱ་རེངས་ཤར་ནས་ནུབ་བྱང་ནས་ཤར་ལྷོ། བཞི་པ་ནམ་ཕྱེད་ནུབ་ནས་ཤར། ལྔ་པ་ཉི་མ་དྲོས་ནས་བྱང་ཤར་དུ། དྲུག་པ་ནམ་ཕྱེད་ན་ལྷོ་ནས་བྱང་དུའོ། །བདུན་པ་ཉི་མ་བསྙུར་ན་ལྷོར་ཤར་ནས་ནུབ་བྱང་དུ། བརྒྱད་པ་ཐོ་རངས་ཤར་ནས་ནུབ་ཏུ། དགུ་པ་ཉི་མ་ཕྱེད་བྱང་ཤར་ནས་ལྷོ་ནུབ་ཏུའོ། །བཅུ་པ་ཉི་མ་ཕྱེད་བྱང་ནས་ནུབ་ཏུ་རྒྱུའོ། །བཅུ་གཅིག་ཉི་མ་ནུབ་ནས་ཤར་ལྷོ། བཅུ་གཉིས་སྲོད་ལ་ནུབ་ནས་ཤར་དུ་རྒྱུའོ། །བཅུ་གསུམ་ཉི་མ་ཕྱེད་ནས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །བཅུ་བཞི་སྐྱ་རེངས་ཤར་ནས་ལྷོ་ནས་བྱང་དུ་རྒྱུའོ། །བཅོ་ལྔ་ནི་ཕྱེད་ཡོལ་ནས་ལྷོ་ཤར་ནས་ནུབ་བྱང་དུ་རྒྱུ། རྟག་ཏུ་རྒྱུ་བའི་རིམ་པ་སྟེ། །འདི་ནི་ཕུར་ཕྱེད་གཟའ་ཡི་ལས། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོས་རྒྱུད་ལས། གནམ་ལྕགས་ཐོག་འབེབས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཡ་མ་ལག་ན་རྡོ་རྗེས། འཇིགས་བྱེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །དུས་གསུམ་ཁྱེད་ཀྱི་བསྟན་པ་ལ། །ཨུར་མོ་དགོད་ཀྱི་དྲག་སྔགས་མ། །གསད་གསོ་དབབ་གཅད་རྒོད་ཀྱི་དོན། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་གླེངས་སོ། །འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ། །ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དུར་ཁྲོད་གསར་སྙིང་རི་ཡི་གནས། །རྒྱ་མཚོའི་གླིང་དང་བྲག་ནག་ཁྲག་གི་་བྱོ་རིངས་མཆངརངས༽ཅན། །སྲིན་མོའི་རལ་པ་བསིགས་པ་འདྲ། །མཁའ་འགྲོ་ཁྱབ་འཇུག་གནས་ཡིན་ཏེ། །སྔོན་དུ་བྱ་བའི་ལས་ཟིན་ནས། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ལ། །ཟླ་གམ་གསུམ་ལ་ལྷ་གསུམ་སྟེ། །དབུས་སུ་འཇིགས་བྱེད་ཆེན་པོའོ། །གཡས་སུ་སྒྲོལ་བྱེད་གཡོན་དུ་སྦྱོར་བའི་ཡུམ། །མདུན་དུ་ཡ་མ་ར་ཙའོ། །མདུན་དུ་ཡུམ་ཆེན་རྫས་དགོད་ཏེ། ཁྲ་ཁྲག་གཏོར་མ་སྣ་ཚོགས་ལ། །རཀྟ་སྣ་གསུམ་བྷན་དྷར་སྐྱིལ། །མོན་ནམ་རབས་ཆད་ཐོད་པར་མྲ །ར་རོག་སྙིང་དང་བདུད་རྩི་ལྔ། །ཤ་རུལ་ཉ་རུལ་མི་ཡི་སྙིང་། ཁྲག་སྣ་ཚོགས་པའི་མཆོད་པ་བཤམ། །མཐིང་ནག་དར་གྱི་ཁ་ཆོད་དོ། །རྣལ་དྲི་ཐོད་པ་ལྕང་ལོ་ཅན། །གྲུ་གསུམ་རྩིས་འཁོར་རྩ་ལྔ་ལོན་པའི་ཁྲག །ལུག་ནག་སྙིང་དང་ནེ་ལེ་བུ་ཏྲིའི་སྙིང་། །བྱད་ནག་སྙིང་དང་མ་ཀུན་གཞུག །གཞན་ཡང་ཤ་ཁྲག་སྣ་ཚོགས་སྦྱར། །ཞིང་ལྕགས་ཁ་ཆོད་མཆོད་པའི་རྫས་སུ་བཞག །ནག་མོ་དཔོན་གཡོག་གི་ཐོད་པ་མྲ །ར་དམར་ཤ་ཁྲག་དྭངས་མ་ལྔ། །སྣ་ཚོགས་ཤ་ཁྲག་མཆོད་པ་བཤམ། །རྒྱ་ཕོར་དམར་པོརྩ་ལྡན་དུ། །འོ་མ་སྦྲང་རྩི་མངར་གསུམ་དང་། །བདུད་རྩི་ལྔ་དང་སྨན་ལྔ་དང་། །ཞུན་མར་བསྲེས་ལ་མཆོད་པའོ། །གསོད་པ་ཐུན་གྱི་རྫས་རྣམས་ནི། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཕྲེང་བ་ཐུན་གྱི་རྫས། །སྐྱེ་ཚེ་ཁྲག་བསྐམས་ཉུངས་དཀར་གསོད་པའི་རྫས། །རྩ་དང་ཉུངས་ནག་ཁྲག་སྐམ་དྲག་པོའི་ཁྲག །སྐུ་བསྐྱེད་དྲག་པོའི་ཕུར་པ་ནི། །སྐྱེར་སྡོང་མོན་པའི་ཕུར་པ་བྱ། །སེང་ལྡེང་བལ་མོའི་སྐུ་རུ་བསྐྱེད། །མཆོག་གི་ཕུར་པ་མོན་མོ་ལོ། །རབ་གནས་གུས་པར་ལྡན་པར་བྱ། །ལིང་ག་བཅས་པའི་རིམ་པ་ནི། །དྲི་མ་དྲུག་དང་ས་གསུམ་དང་། །ཆུ་གསུམ་དྲི་མ་བསྒྲུབ་པར་བྱ། །མཚན་ཉད་ལྡན་པའི་གཟུགས་བྱས་ལ། །འབྲུབ་ཁུང་ནང་དུ་གན་རྐྱལ་བཞག །ཡུགས་ས་མོའམ་བམ་གྱི་སྐྲ་ཡིས་བཀལ། །སྔོན་དམར་གསུམ་ལ་ཕྱིན་ཀ་བཀལ་བ་ཡི། །ཞིང་རྒྱུས་པ་ཡི་སྐུད་པ་གསུམ། །ལྟེ་བ་སྙིང་ཁ་སྐེ་ནས་གདགས། །ཕུར་པ་གསུམ་ལ་བཏང་ལ་གཞག །དམིགས་པའི་རྟེན་དུ་ར་རོག་བཅའ། །སྐྱེ་རུ་གཟས་པའི་མཚན་བྱང་གདགས། །རྟགས་བྱུང་ལས་རྣམས་རྫོ་གས་པར་བྱ། །གནས་ས་དྲུག་ཏུ་ངེས་པར་གནས། །རི་རབ་རྒྱ་གྲམ་སྟེང་གནས་ཏེ། །དོན་ཡོད་གྲུབ་པའི་ཕོ་བྲང་བཅས། །ཞེས་གསུངས་སོ། །དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །བསྟན་པ་ཡུན་དུ་གནས་པའི་ཕྱིར། །དྲག་པོའི་གཡལ་ཐོག་བཤད་དུ་གསོལ། །ཞེས་༼གསུངས་ཞུས་༽སོ། །དེ་ནས་བཀའ་གསོལ་བ་དང་། དྲག་པོ་གདན་གྱི་ལས་བྱས་ན། །མོན་ནམ་རབས་ཆད་ཐོད་པ་རུ། །མཆོད་པའི་རྫས་རྣམས་ཀུན་བསྡུས་ཏེ། །སྔགས་རྣམས་རྗེ་གས་པར་ཐོད་པར་བྲི། །ཐོད་པའི་དཀྱིལ་དུ་ཕོ་བྲང་བཅའ། །ཐོད་པའི་ནང་དུ་གསལ་ཐོགས་གཟུགས། །ཇི་ལྟར་འདོད་པ་བཞིན་དུ་བྱ། །མོས་པ་ཕུང་པ་ཕོ་བྲང་གཟུགས། །སྐྱེར་པའི་ཕུར་པས་ཡུལ་ལྷ་གཟིར། །སེང་ལྡེང་ཕུར་པས་གཟིར་་བར་བྱ། །ཟེར་དང་མེ་ཆུའི་འབེབས་པའི་དུས་སུ་གཅེས། །ཞེས་གསུངས་སོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །ངས་གསུངས་པ་ལ་སེམས་ཐུད་ཅིག །དྲག་པོའི་སྔགས་ཀྱི་ཕྲེང་བ་ནི། །མེ་ལྕེ་ལྟ་བུར་རབ་བསྟན་ཏེ། །སྟི་སྣི་མ་པུ་རྩི་ད་ར་ར་འུ་རུ་མ་ཏྲིག་ཙི་ཤུ་ཚོལ་མ་ཁྲག་ཤ་ག་ར་ཏི་ཐུ་ཐུ་ཧུ༷། ཨོ་ཨ་ཏེ་ཀ་ཏི། ཧ་ཤ་རུ་མ་མ་ཟང་ཀ་ལ་ཀ་ལ་ཕཊ་བྷ་ཛེ་ཛ། ཨོ༷་ཨ་ཀོ་ནི་བ་ལ་པ་ཤ་དུ་པུ་ཀ་ལ་ཤག་སུལ་ཏི་རྦད་ཕཊ། ནན་ཟློག་སྨྱོ་སྨྱོ། ད་ཤ་ཀ་བཱ་ལ་ཨ་ཀྲོ་རུ་ལུ་བུ་ཐུམ་རིལ། ཏ་ཏ་མ་ཀྲ་ཀྲོང་དུང་ཕྲ༷་རྦད་ཚ་བ་ནི་རུ་ཧུ་མ་ཕོབ་ཕོབ། ཀྲོ་ཏི་ཀྲོ་ལ་ཐལ་མ་ནི། དུ་མ་རེ་རིལ་རིལ་ཕོབ། གཤེར་ར་ཤེས་ལྟ་ན་ག་ཕྲམ། དུལ་ནས་དུལ། ཆེམ་ཆེམ་ཕོབ། ཏ་གྱིན་ཙ་ཏི་ཕོབ་ཕོབ། བི་ཀྱི་ནི་ཁུ་མི་ར་ཡ་རྦད་ཐུམ་རིལ། ཡ་བ་སྨི་རྒྱུ་བ་ཤེས་རྦད་གུག་རིལ་ཐུ༷་རྦད་བུ་ཤག །བུས་སྟིན་བེ་ཚལ་པ་སུ་ཏྲི་རྦད། དམིགས་ཐུམ་རིལ་རྦད། ཏེ་པ་ཏི་སརྒ་ཧི་ཧི་ཟ་སོ་མ་ལ་ཐུ༷་རྦད། ད་ཤ་དུས་རག་འདི་ཀེ་ཏྲ༷་མ་མ་ཡམ་ཟ་འགྲམ་ཧ་ཧི། ཡོ་གྱི་ཤེ་ལ་ཛ་ཛ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །རྡོ་རྗེ་ཕ་ལམ་ལྟ་བུར་རྡུགས་པ་མེད། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་གཟུང་བར་བྱོས། །ཞེས་བཀའ་བསྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་སྔགས་དགོད་ཀྱི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེ་གཤེད་ཀྱིས། འཇིག་རྟེན་གྱི་ཁམས་སུ་ཐོག་དབབ་པའི་ཕྱིར། ལྷ་ཆེན་པོ་དབང་ཕྱུག་ཆེན་པོའི་ཕྱིར་ལྟ་བུར་གྲུབ་པ་འདི་གསུངས་སོ། །ལྷ་ལུང་བྲག་ཆེན་པོ་སེང་གེ་༼འཕྱོངས་མཆོངས༽་ པ་འདྲ། །ཡང་ན་གཡའ་དམར་པོ་ལོ་མ་འདྲ་བའམ། དུར་ཁྲོད་ལ་སོགས་དགོན་པའི་གནས་དག་ཏུ། །རྣལ་འབྱོར་གོམས་པས་ཡོ་བྱད་ལྡན་བྱས་ཏེ། །འཕགས་པ་ལ་སོགས་མཆོད་པ་གཏོར་མ་གཏང་། །གྲ་ཕྱི་གཙང་མ་མདའ་གང་གྲུ་བཞི་ལ། །མཚལ་ལམ་ལྡོང་རོས་དག་གིས་ཐིག་བཏབ་སྟེ། །ལེའུ་དགུ་པ་དག་གི་ཚད་དུ་བྱ། །དབུས་སུ་ག་བུར་དག་གིས་ཆུས་བསྐུས་ལ། །དར་རམ་རས་སམ་ངག་གིས་འཛམ་པ་ལ། །ལྷ་ཆེན་དབང་ཕྱུག་དག་གི་གཟུཊ་བྲིས་ཏེ། །སྙུག་མ་དག་ལ་མཚན་མར་དགོད་པར་བྱ། །སྟེང་ནས་དམར་པོ་དར་གྱི་གདུགས་ཀྱིས་དགབ། །དེ་ཡི་མཚམས་བཞིར་ལྗང་གུའི་འཕན་བཞི་གཟུགས། །ཕྱོགས་བཞིའི་ལེ་ཚེ་བཞི་པོ་དག་ལ་ཡང་། །ལྷ་ཡི་བློན་པོ་བཞི་ཡི་གཟུགས་བཞིན་དགོད། ཁྲར་དུ་དྲི་ཟའི་ལྷ་ཉིད་དགོད་པར་བྱ། །ལྷོརུགཤིནརྗེའི་ནུབ་ཏུ་ཀླུ་གདོན་ལྷ། །བྱང་དུ་གནོད་སྤྱིན་ལྷ་ཏེ་བཞི་པ་དགོད། །དེའི་ཕྱིར་མེ་ཏོག་སྣ་ཚོགས་བསྐོར། །གཏོར་མ་གཅིག་དང་མཆོད་པ་ལྔ། །རྟག་ཏུ་ཚིལ་དང་ཁྲག་དང་སྙིང་མར་སྦྱར། །སྙིང་ཁའི་ཁྲག་རྩ་དམིགས་པའི་མིང་རུས་བྲིས། ཁྲེའུ་ཛུ་ཅེས་དག་ལ་དགྲ་གཟུགས་བྱ། །སྙིང་ཁར་ཐིག་ལེའི་དཀྱིལ་དུ་མིང་རུས་གཟུགས། །སྐྱེས་ནས་དར་དམར་སྐུད་པས་གདགས་པར་བྱ། །ལག་པ་གཡས་ཀྱི་སྲིན་ལག་རྩེ་ལ་གདགས། །ཆོས་གོས་ལྗང་ནག་མགོ་ལ་ཐོད་ནག་ཅིང་། །དུར་ཁྲོདརས་སམ་༼མཚའི་ཕགས་མཚོཡངཕག༽པ་ལ། །ལྡོང་རོས་ཆུ་རྩས་ཁ་དོག་སེར་པོར་སྒྱུར། །དུག་དང་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་བྲི། །འཁོར་ལོའི་རྩིབས་ལ་གཤིན་རྗེ་གཤེད་པོ་དགོད། །དབུས་ཀྱི་ལྟེ་བར་ལྷ་ཆེན་འགོད་པར་བྱ། །ཕྱི་རིམ་ཐོག་གིས་དབབ་སྔགས་དག་གིས་བསྐོར། །འཁོར་ལོ་དབང་པོ་བསྐུར་གསལ་གདབ། །བྲམ་ཟེ་ལ་སོགས་མཛེས་ཅན་ཐོད་པར་གཞུག །དེ་ཡི་ནང་དུ་གསེར་དང་ལྕགས་དང་ཟངས། །རྡུལ་དང་སྙིང་སྣ་ཁྲག་སྣ་མང་དུ་བླུག །ལེ་ཚེའི་དབུས་སུ་མལྗོརེ་ཁ་ལ་བཞག །ཏིང་འཛིན་རྣམ་གསུམ་རིམ་གྱིས་ཚུལ་དུ་བསྐྱེད། །དབང་ཆེན་རིམ་བརྩེགས་སྟེང་དུ་༼བྲུམ་སྒྱུ༷༽ཅེག་བསྒོམ། །སྒྲུ༷་ལས་འབར་བའི་ལྟ་ཡི་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བར་བྱེད། །དབུས་སུ་མ་ཧེ་བྲམ་ཆེན་བསྣོལ་བ་ལ། །ཉི་ཟླ་འཁོར་ལོ་འབར་བའི་སྟེང་། །ཡ་མ་འཇམ་དཔལ་གཤེད་པོ་འབར་བའི་སྐུ། །ཞལ་དྲུག་ཕྱག་བཅུ་གཉིས་ལ་གསལ་བར་བསྐྱེད། །དེ་ཡི་འཁོར་ནི་ལྷ་ཡི་ཚོགས་རྣམས་སྟེ། །མ་ཧེ་དེ་ལ་ཧུ༷་ཞེས་བརྗོད་པ་ཡིས། །དབུས་སུ་ལྷ་ཆེན་མ་ཧྭ་དེ་བ་ཡང་། །སྐུ་མདོག་དམར་པོ་སྤྱན་གསུམ་མཆེ་བ་ཅན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པ་བེ་ཅོན་རྡོ་རྗེ་གཡོན་པ་གདགས། །སྨིན་མཚམས་ཐོག་འབེབས་བསྐལ་བའི་གློག་འགྱུ་བསྒོམ། །འཁོར་གྱི་ལྷ་ཡང་ལྟ་ཞིང་ཐོག་འབེབས་པའོ། །དེ་བཞིན་ཏིང་འཛིན་གསལསྒོམལ། །གཤིནརྗེགཤེད་པོས་ཡུལ་བསྲུང་དབང་དུ་བསྡུས། །ལྷ་རྣམས་རིམ་གྱིས་དགོས་པ་ཡང་ཚེ་ན། །སྨོན་ལམ་དབང་གིས་བསྟན་ལ་འཕེལ་མཛད་ཅིང་། །མཧྭ་དེ་བ་སེར་བ་དང་། །གློག་དམར་ཤ་དང་ཐོག་འུར་དང་། །རྣམ་པའི་གྲངས་འབྱུང་ཐོག་རྟ་ཞོན། །འཁར་དང་ལྡན་དབེན་ཆུ་སྨིག་གམ། །ལྷག་པར་དགྲ་བོའི་གོ་གང་འམ། །ཉམས་པའི་སྔས་སམ་སྟན་འོག་ཏུ། །འཁོར་ལོ་བཙས་པའི་ཐོད་པ་སྦ། །དྲག་སྔགས་འདི་བཟླས་ཐོད་པར་བྲབ། །ཨོ་ཙི་ཏུར་མུ་ཁ་རསྒ་པྲ་མ་ན་མ་ཧྭ་དེ་བ་དགྲ་བོའི་ཡུལ་ཁམས་སུ། རོ་ཁ་འོད་དུ་ཁ་བ་ཧུ༷་པྲ་མ་གྲྭ་ཧྭ། ཞེས་པ་ནི་ཐོད་པའི་ནང་དུ་བཟླས། །གཏོར་མ་བཏང་ཞིང་སྨོན་ལམ་བཏབ། །དྲིས་སྐུ་དག་ལ་རྟེན་བཅས་ལ། །དྲ་ཕྲེང་དག་ལ་མཎྜལ་བྲི། །རྟག་ཏུ་ལྷ་ཆེན་མཆོད་བྱ་སྟེ། །ཡིད་ཀྱི་ཅི་བསམ་འགྲུབ་པར་འགྱུར། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། །ཐོག་དབབ་པ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་༼ལ༽་དབབ་སླད་དུ། །ཐོག་འབེབས་ལྷ་ཡི་ནང་བསྒྲུབ་གསུངས། །སྲིད་པས་མ་སྲིད་མགར་བས་མ་བརྡུངས་མཚོན་ཡེ་སྲིད། །བྱང་ཆུབ་སེམས་ཀྱི་དཔལ་རང་ཅན། །དེ་ཉིད་སྒྲུབ་པའི་དུར་ཁྲོད་ལ་སོགས་སུ། །དཀྱིལ་འཁོར་གྲུ་བཞི་དབུས་སུ་ཨེ་བརྩེགས་ཏེ། །འཁོར་ལོ་བཞི་དང་རོལ་མཚོ་བདུན། །གསེར་རི་དབུས་སུ་ཡ་མརྙ་ཀ་སྟེ། །སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད་པར་བྱ། །འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། ཁྲག་ཞག་མར་ཁུ་སྦྲང་རྩི་འོ་མ་དང་། །རྒྱ་མཚོའི་ཆུ་ལ་སོགས་པའི་མཚོ་བདུན་པའོ། །ལྷ་ཆེན་ལྔ་ལ་ཕུར་པ་ལྔ་དགོད་དོ། །དངུལ་གྱི་ཕུར་པ་སོར་བརྒྱད་ཤར་དུ་དགོད། །དྲི་ཟའི་ལྷ་ནི་ནམ་མཁའི་དཀྱིལ་འདྲ་ཞིང་། །འོད་ཟེར་ཆ་ལས་འགྲོ་བའི་དོན་མཛད་པ། །ཐོགས་མེད་ངང་རྐས་པངའ༽གདན་སྟེང་དུ། །བསྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་གསོལ། །འཁོར་གྱི་ལྷ་ཆེན་མི་ཟད་ཐོག་འབེབས་ཤིང་། ཁུགས་ཀྱི་ཐོགས་མེད་རྟ་ཡི་གདན་ལ་བཞུགས། །མ་ཧྭ་དེ་བ་མ་ཧེ་ར་ཙ་བ་ཞི། །ས་མ་ཡ་ཏིཁྱི་ལྷན། །ལྷ་ཡུལ་རྩ་ངམ་དག་ནས་རབ་གཤེགས་ཏེ། ཁྲལ་ཐེ་མཚན་ལྡན་ཆས་པས་རབ་ཏུ་མཆོད། །འབྲས་དང་ཀུ་ཤ་བཅས་པའི་ཡོན་ཆབ་འདི། །ག་བུར་གུར་གུམ་གླ་རྩི་ལྕི་པོག་སོགས། །ཏིལ་མར་གསུར་ཆེན་རབ་གསལ་མར་མེས་མཆོད། །དུ་རུ་སྐ་ལ་སོགས་པའི་ཆུས། །ལག་པ་མར་དང་བཅས་པའི་བུ་རམ་བཤོས། །དུང་དང་ཟངས་དང་བཀྲ་ཤིས་དང་། །རྔ་རིང་རྫ་རྔ་མུ་ཟི་ལྕང་ལོ་དང་། །ཆ་ལང་ལི༷་བང་ཏམ་བུ་རྒྱུད་གཅིག་པའོ། །གླུ་གར་རྩེད་འཇོ་རོལ་མོ་གར་ལ་སོགས། །བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན། །མཆོད་པར་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཨོ་སརྦ་པྲསྐྲོ་ཨ་ལོ་ཀེ །བྷན་དྷི་བ་ལི་པྲུ་ཙ་ཧོ། །སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་གཙིགས། །དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བ་ཅན། །ཞལ་བཞི་གླིང་བཞི་ཡོངས་ལ་གཟིགས། །བསྟན་པ་དྲིལ་སྒྲ་གསུམ་གྱི་སྒྲ་སྐད་ཅན། །དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་གྱི་ལྷ་ཡི་བློན་པོ་བཞི། །རྟ་ལ་བཞོན་ནས་རལ་གྲི་བསྐོར། །ཐོག་སེར་འབེབས་པའི་ལས་ལ་བརྩོན། ཁྱོད་ལ་བདག་ཅག་བསྟོད་ཕྱག་འཚལ། །སྔགས་འདིས་ལྷ་རྣམས་རབ་ཏུ་བསྟན། །ཨོ༷་མ་ཧྭ་དེ་བ་ཏི་ཛ་ལམ། པྲ་མ་ན་རསྒ་ཀ་མ་ཡ་ཧུ༷། རྡེ་པདྨ་པ་ཏ་ཙ་མ་ཧྭ་དྲི་ཛ། དགྲ་བོ་ཆེ་གེ་མོ་དྲི་ཏྲི་ཐུ༷་ཐུ༷་རྦད་རྦད། ཤག་སེན་ཤག་སེན་ཛ་ཛ་ཧུ༷་ཧུ༷། ཁྲི་ཁྲི་སྟོང་སྟོང་བར་བར་བསྟོད། འདི་བརྗོད་ལ་བསྙེན་པ་བྱ། རང་གིས་མ་ཉེས་དཔང་ཡང་གཟུགས། །ཉེས་བྱས་བྲིས་སྐུའི་དྲུང་དུ་ཀླག །འོ་དོད་འབོད་ཅིང་གཡབ་སྐོར་བྱ། །གཤེད་པོ་སྟོང་ལ་ལྷ་རྣམས་བསྐུལ། །གཡས་ནས་བསྐོར་ཞང་ཐུགས་དམ་བསྐུལ། །གཡས་འདོད་ཁམས་ཉི་ཤུའི་ཡང་རྩེ་ན། །གཟུགས་ཁམས་ལྟ་ཡི་དགའ་ལྡན་གནས། །ཕོ་བྲང་བདེ་བའི་གཞལ་ཡས་ཁང་། །ཆོས་ཀྱི་རྒྱལ་མཚན་དབང་བསྐུར་བའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །སྐུ་ནི་དམར་སེར་འབར་བ་ལ ཚངས་པའི་དབུ་བཞིན་གླིང་བཞི་འཇོམས། །གཡས་ཀྱི་དང་པོ་སྐྱོན་དང་བྲལ། །ཐ་མ་དགྲ་ཕྲེང་རིགས་པ་སེལ། །གཡོན་གྱིས་འགུན་འདེ་དགོས་འདོད་སྐོང་། །ཐ་མ་གྲུགས་སྡེར་དགྲ་ལ་སྐྱོང་། །དད་པའི་བསམ་པས་ཡུལ་ཀྱིས་ཕྱིན། །པདྨ་སེར་པོས་བརྒྱན་བྱས་ལ། །རས་ཀྱི་ཁ་ཚར་མགུལ་རྒྱན་ཅན། །ཐུགས་དམ་དྲག་ཏུ་བསྐུལ་བྱས་པ། །རལ་གྲི་ཁ་ཚར་མགུལ་རྒྱན་ཅན། །ལོག་པའི་དགྲ་བགེགས་འཇོམས་པའི་ཚེ། །སྐུ་ནི་སྔོ་ནག་ཆེན་པོ་ལ། །ཞལ་གྱི་མཆེ་བ་གདངས་པ་ཡིས། །དགྲ་བོ་བདུན་བརྒྱུད་རྩ་ནས་གཅོད། །སྨིན་མཚམས་ཀྱི་ཞེ་༽བར་འདིར་ན། །མི་མཐུན་བློན་པོར་དབང་༼ཡང་༽བསྐུར། །གསེར་གྱི་ཕུར་བུར་་རྟོ་མཚམས་ལྷ་ཡངརྩངབས༽ལ་འགོད། །གཤིན་རྗེས་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་འགོད། །ཀླུ་གདོན་ལྷ་ཡི་བློན་པོར་མངའ་ཡང་གསོལ། །བྱང་གི་ལྕགས་ཕུར་བྱང་གི་རྩིབས་ལ་དགོད། །གནོད་སྤྱིན་ལྷ་ཡི་བློན་པོར་མངའ་གསོལ་ལོ། །འཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་དགོད། །དབང་ཕྱུག་ཆེན་པོར་མངའ་ཡང་གསོལ། །གྲོ་ག་ཤིང་ཤུན་རས་གཡབ་དར་བཀྲམ་ལ། །ལྷ་རྣམས་རྩ་བར་རང་རང་སྙིང་པོ་དང་། །དབབ་པའི་སྔགས་དང་དམིགས་པའི་ཡུལ་ལ་བྲི། །སྔོན་དམར་སྐུད་པས་ཕུར་པའི་མགུལ་ནས་གདགས། །རབས་ཆད་ནག་པོའི་ཐོད་པ་ཁ་སྦྱར་དུ། །ཐོད་པའི་ཕྱི་ནང་མེད་པ་ཁྲག་གིས་བྱུག །སྟེང་གི་ཐོད་པ་ཡབ་ཏུ་མངའ་ཡང་གསོལ། །འོག་གི་ཐོད་པ་ཡུམ་དུ་མངའ་ཡང་གསོལ། །ཐོད་པ་སྟེང་མང་ཡབ་ཀྱི་སྐུ་ཡང་སྲིད། །ཐོད་པའི་རྩིབས་རིང་དམིགས་པའི་མིང་རུས་བྲིས། །དཔྲལ་བར་རུས་བྲི་ཁ་རུ་མིང་ཡང་བྲི། །མདོམས་སུ་བླ་དྭགས་་ང༽བྲིས་སྟེ། །དེ་ཡི་ཐ་མ་ལྟོ་སྦྱར་ཛ་ཡིས་བསྐོར། །གྲོ་ག་ཤིང་ཤུན་གྱི་པགས་པ་ལ། །སྒྲ་ཡི་གཟུགས་བྲིས་དབང་ཕྱུག་ཡུམ་ལ་བླན། །འཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞུག །གྲོ་ག་ཤིང་་།ག་ཤིང་གི་ལོ་མ་ལ། །ལྷ་ཆེན་ཚོགས་བདག་དབང་ཕྱུག་ཆེན་པོ་བྲི། ཁྱོད་ཀྱི་བཙུན་མོ་མར་ཡ་ཏི་ས་སྦྱད། །འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛད་ལ། །འདི་ལ་དྲག་པོའི་ཐོག་ཆེན་ཕོབ་ཅེས་བྲི། །ཕུར་བུ་དེ་ཡིས་མགུལ་དུ་གདགས་པར་བྱ། །ཐོད་པའི་ནང་དུ་དམེ་ཁྲག་སྐམ་པོ་དང་། །གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་དང་། །དངུལ་དང་ཐོག་བཙལ་ཐོག་དྲིལ་ཤི་བ་ཡི། །སྙིང་དང་རུས་པའི་ཤ་ཡང་གསལ། །ཐོད་པ་ཁ་སྦྱར་བ་ཡི་རྒྱུད་པས་བཅིངས། །སྒྱེད་གསུམ་གྲུ་གསུམ་ཁ་ལ་བཞག །ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །རིན་ཆེན་སྣ་ལྔ་སྨན་རྣམས་དང་། །དད་པའི་ལོངས་སྤྱོད་ཞལ་ཟས་རྣམས། །དགུན་ཆང་འབྲས་དང་འབྲས་ཆེན་དང་། །འབྲུ་ཆེན་དང་ནི་ཨ་བི་ཤ །དེ་དག་མཆོད་པའི་རྗེས་སུ་དགྲམ། །སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར། །བུ་རམ་འབྲས་ཀྱི་གཏོར་མ་བཞི། །ལྷ་ཡི་བློན་པོ་བཞི་ལ་དགོད། །ལིང་གའི་ཇི་ལྟར་འདོད་པའི་དབྱིབས། །གཟུགས་མི་བྱས་པ་ཐུན་དུ་གཞུག །སྔགས་ཀྱིས་བྲབ་ཅིང་གསང་བའི་ལས་༼སུ༽་ བྱ། །ཏིང་འཛིན་གཞལ་ཡས་བཅས་པ་བསྐྱེད། །ཡ་མརྙ་ཀ་ཁུགས་པར་བསྒོམ། །གདན་དུ་ཡིདྭགས་བཏིང་བར་བྱ། །དབང་ཕྱུག་བདག་པོ་གསལ་བསྒོམས་ཏེ། །འཁོར་གྱི་ལྷ་བཞི་བསྐོར་བར་བསམ། །ཨོ་དེ་མ་དེ་བ་ཀ་ལ་ཧུ༷། །ཞེས་བརྗོད་དབང་ཕྱུག་ཆེན་པོ་འང་། །ནག་པོ་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །ཕྱག་མཚན་ཁྱུང་ཆེན་རྒྱལ་མཚན་གཡས། །ཞགས་པ་འདྲ་ཚུལ་བེར་ཅན་རྡེག་ཚུལ་ཡིན། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །གསེར་གྱི་རལ་གྲི་འབར་བ་ཀླད་ལ་སྐོར། །གནམ་ལྕགས་འབར་བའི་ཤངས་༼ལ་ལྡོ་ལང་ལ་བཏགས། །དེ་འདྲ་རབ་ཏུ་གསལ་༼བར༽་བསྒོམ་པར་བྱ། །ཤར་ཕྱོགས་ལྷ་ཡི་ཕྱག་ན་ནི། །དངུལ་གྱི་གཞུ་༼ཞངས་དང༽དངུལ་གྱི་མདའ་ལྷོང་དངུལ་གྱིས་འཁོར་ལོ་སྒྱུར། །དཔའ་བོ་འབྲུག་རྟ་ཞོན་ནས་ཀྱིས་ཀྱང་དགྲ་ལ་འགྱེད། །དངུལ་གྱི་ཐོག་འབེབས་གསེར་གྱི་སྐྱིན་མདངས་གཏོང་། །ལྷོ་ནས་གསེར་གྱི་ཐོག་ཆེན་འགྱིང་ཞིང་འབབས། །ནུབ་ནས་ཟངས་ཐོགས་བྱང་ནས་ལྕགས་ཐོགས་འབེབས། །དེ་ལྟར་གསལ་བསྒོམ་ཡེངས་པར་མི་བྱའོ། །ཧུ༷་རྣམ་སྣང་མཚན་ཉིད་མི་གཡོ་གཙུག་ཏོར་ཅན། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི། །འདུད་འདུལ་ཆེན་པོའི་སྐུ་རུ་སྤྲུལ་པའི་རྒྱང་། །བྱང་ཤར་མཚམས་ནས་ཤིན་ཏུ་སྐུ་དེ་བསྟན། །མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས། །སྐུ་སྟོད་སྔོ་ནག་མིག་བཟང་འབར་བའི་འོད་ཕུང་ཅནཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་པས་ཆེ། །ཐུགས་རྗེ་སྤྱིན་ལྟར་གཏིབས་ཤིང་ནམ་མཁའ་གང་བར་ཁྱབ། །གཟིར་ནོན་སྟོབས་ཀྱིསགཟིར་ཅིང་ནན། །བདུད་པོ་ནག་པོ་སྤྱན་གསུམ་མཆེ་བ་ཅན། །བསྟན་པ་བཤིགས་པའི་སྲོག་ལ་སྤྱན་དྲངས་ནས། །དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་གནས་ནས་བསྐྱོད་ཙ་ན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་ཕྱར་ཏེ་གཤེགས། །ཞགས་པ་འཛིན་ཅིང་བེར་ཅོན་སྙིང་ལ་རྡེག །ནག་པོ་སྤྱན་གསུམ་སྡང་མིག་བཟློག་པའི་དུས། །དབུས་སྐྲ་འབར་བའི་འོད་ཟེར་རལ་པ་ཅན། །སྐུ་ལུས་མེ་ལས་སྐྲུ་གསུམ་ཟེ་བ་འདྲིལ། །རྣོ་དབལ་མཆེ་བ་ཟློག་་དྲོས་ཅངང༽གྱེན་དུ་འཁྱིལ། །སྤྱན་གསུམ་ཟློག་པས་སྐྱེན་དང་མ་མཐའ་འབེབས། །ཤངས་ནས་རླུད་གི་འཁོར་ལོ་ཟོར་དུ་འབུད། །བུ་ཡུ༷ག་འཁྲུག་ཅིང་བདུད་ཀྱི་ཀི་ཀང་རྟེན་དུ་བྱས། །སྤྱན་མི་མཐུན་ཟླ་བ་འཁྱིལ་བ་ལྟར། །འོད་ཟེར་མེ་ལྕེ་འབར་ཞིང་གཤེགསསུགསོལ། །ཨེ་རྒྱ་ཧི་མ་ཧྭ་ཀ་ལི་ཏྲི་ཤིང་། ཀ་ཏུ་ནི་ཀ་ཤ་ཏྲ་ཤོ་དང་། ས་མ་ཡ་ཧུ༷། ས་མ་ཡ་སྟོ། །ཛ༷༷ཧུ༷་བ༷་ཧོ། །ཧུ༷་ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་བའི་གཡུལ་བཟློག་པ། །སྤྲུལ་པའི་ལྷ་ཆེན་རབ་ཆེན་ལྷ་ཡི་མིག་དབུ་བསྡུད། །དབང་ཕྱུག་ལེགས་ལྡན་ནག་པོའི་འཁོར་གྱིས་བསྐོར། །དབང་ཕྱུག་ལྷ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དབང་ཕྱུག་བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ། །སྟོན་པ་ལུང་བསྟན་འཕགས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཉི་ཟླའི་འོད་གསལ་ཞིང་། །མ་རིག་སྒྲིབ་པ་མ་ལུས་སེལ་མཛད་ཅིང་། །འཁོར་བཅས་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ། །མེ་ཏོག་ཕྲེང་བ་ལ་སོགས་པ་ཡིས། །རིན་ཆེན་མིག་དང་སྒོག་བཙོང་དང་། །དབང་ཕྱུག་ལ་སོགས་ཀུ་ད་རི། །འབྲས་བུ་ཡིད་བཞིན་སྣ་ཚོགས་དང་། །ཕྱོགས་བཅུའི་ཆུ་སྐྱེས་དང་ནི་ལོངས་སྤྱོད་རྒྱན། །རིགས་སུ་མ་བཅད་པ་ཡི་ལོངས་སྤྱོད་དབུལ། །དཀྱིལ་འཁོར་དགྱེས་པའི་རྒྱན་གྱིས་བརྒྱན། །ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད། །ཨེ་རྒྱ་ཧི་མ་ཧྭ་ཀ་རུ་ནི་པ་ཏི་མ་ཧྭ་རསྒ་རུ་པ་ཁ་༼ཁའི་ཁྱངཧ༽པྲ་ཏི་ཛ་མ་པེ་ཏ་ལི་ཁ་ཁ་༼ཁའི་ཁྱངཧ༽། ཧྭ༷་དབང་ཕྱུག་ཆེན་པོ་འཁོར་བཅས་ལ། །མཆོད་པའི་སྤྲིན་ལ་སོགས་པ་ཡི། །རྫས་དང་ཡོ་བྱད་མི་ལང་། །བླ་མེད་དད་པས་མཆོད་དབུལ་བསྟོད། །འོད་ཕུང་འབར་བ་སྐུ་ལ་མེ་དཔུང་འབར་བའི་འོད། །གདུག་པ་རིལ་མིག་མཛད་པའི་ཁྲོ་གཉེར་ཅན། །དུག་གསུམ་རྩད་ནས་གཅོད་པའི་མཆེ་བ་གཙིགས་པ་ཡིས། །ཡེ་ཤེས་སྤྱན་གསུམ་ཉི་ཟླའི་གའུར་འབར། །སྟོན་པའི་བཀའ་བརྒྱུད་བླ་མེད་ལུང་བསྟན་དཔལ། །དམ་ཚིག་ཆོས་ཀྱི་འཁོར་ལོ་རྣམ་སྣང་མཛད། །བླ་ནི་མཆོད་པར་བརྗོད་པས་བཅིངས་པ་ནས། །ངེས་པར་བསྟོད་པ་ས་བཅུའི་བདག་པོར་འཕགས། །རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས། །དུར་ཁྲོད་མ་མོའི་ཚོགས་ཀྱིས་བསྐོར། །ནད་དོ་ཤོ་རི་ཚོགས་རྣམས་ཀུན་མཆོད་ནས། །བསྟན་པ་བཤིགས་པའི་དགྲ་བོ་མདས་འཕྲོགས་ཐལ་བ་རྡུལ་དུ་ལྷོགས། །སྟོབས་ཆེན་གླང་པོའི་ཀོ་བ་གོས་སུ་གོན། །ལྷ་ཀླུ་གཉན་གྱི་གྲོང་ཁྱེར་ཐམས་ཅད་དུ། །ལྷ་ཆེན་བདུད་དཔུང་ཆེ་བཙན་གསུམ། །ལོག་འདྲེན་དགྲ་སྲི་གཟིར་འདུག་པའོ། །དཔའ་་་་ ཆེན་པོ་སྟག་གི་པགས་པས་མཚོན། །འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར། །ཕྱོགས་རྣམས་ཀུན་ཏུ་རྣམ་གྲངས་ལ། །སྨོན་ལམ་ཁྱད་པར་མངའ་བའི་མཐའ་སྦྱངས་ལ། །སྒྱུ་མ་ལྟ་བུའི་རྣམ་པར་ཐར་པའི་བློ། །ཕན་མཛད་དམག་དཔོན་ཁྱེད་ལ་མངའ། །སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལ། །དྲག་པོ་ཐེག་ཆེན་ལུ་གུ་རྒྱུད་༼དུ་༽འབྲེལ། །ལྷ་ཆེན་དབང་ཕྱུག་ཁྱོད་བདག་བདུད་ལ་སྐྱབས་སུ་མཆི། །སྔགས་འདིས་ལྷ་རྣམས་སྲོག་དང་གཟུང་། །ཨོ་མ་ཧྭ་དེ་བ་ཀ་བ་ཀས་སྟི་ར་རྩེས་ནི་ཨི་ནན་ཧུ༷་སེ་ཛེ་ན་ཀ་རུ་རུ་སེ་ཀན་ཕུ། སེ་ན་སེ་མུ་གེ་ན་དེ་བུ་ཡེ་ན། དེ་བ་དེ་ན་མ་ར་ཡ་རམཁྲི་ཚོ་རེ་ཞིང་སྐུ་བསྐྱེད་བསྟོད། །འོད་དང་སྒྲ་དང་དྲི་དང་རོ་ཞིམ་དང་། །འབྲུག་དང་གློག་དང་ཤྭ། །དེ་རྣམས་གྲུབ་པའི་རྟགས་སུ་སྟེ། །དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ། །ཐུགས་རྗེ་ཐོག་བདག་བསྐུལ་ཞིང་རྦད། །གནམ་ལྕགས་ཐོགས་ཆེན་འབེབས་པའི་ལྷ། །ཆིབས་སུ་འབྲུག་རྟ་སྔོན་པོ་ཚི་ས། །རོལ་དུ་ཁྱུང་དང་སེང་གེ་ཁྲིད། ཁ་རླངས་སྤྲིན་དང་ན་བུན་གཏིབས། །ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ། །ལྕགས་ཀྱི་སེར་ཆེན་ཕྲོམས་སེ་ཕྲོམས། །ཤེལ་གྱི་ཁུ་འཕང་རི་ལི་ལི། །སེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམས། །གནམ་ལྕགས་རལ་གྲི་ཀླད་ལ་བསྐོར། །གསེར་གྱི་ཤངས་ལས་གློག་ཆེན་འཀྱུ། །འཁོར་གྱི་ལྷ་ཡང་ཐོག་འཕེན་ཏེ། །ཤར་ཕྱོགས་དྲི་ཟའི་ཞིང་ཁམས་ནས། །དྲི་ཟ་ལྷ་ཡི་བློན་པོ་ཡང་། །༼རྡུལ་དངུལ༽གྱི་གཞུ་བདུངས་མདའ་ལྟོང་སྟེ། །ལག་ན་དངུལ་གྱི་ཐོག་ཆེན་འབེབས། །དངུལ་གྱི་ཐོག་འབེབས་འུར་རུ་མྲ །༩རྐྱོ་ཁང་ཀིཀངཀེཕོ་མོ་འཕྲལ་ལ་འཇུག །ཐོག་སེར་སྐྱིན་མདངས་བློ་བཅུད་འབེབས། །དེ་བཞིན་ཕྱོགས་ཀྱི་༷བློན་བཞི་བསྐུལ། །ཐོག་གིསདབབ་སྔགས་ཐོད་པར་ཐིམ། །པུར་ཚོ་རྦད་ནས་ཤངཤང་སྨྱོ་ཛ་ཛ་ག་ཤ་ཙ་ཏ། མར་སྙིང་ལི་རྦུད། ཙིསྟ་ཐམས་ཁ་རག་ཚལ་པ་རྦད། རསྒཡསྒ་རྦད། རསྒ་ཡ་ར་ཙི་ཏེ་ཁ་ལ་རྦད་བུ་ཛ་ཧུ༷་ཆོ་རྦད་ནལ་དམ་ཤང་རསྒ་ནག་པོ་བསྲེག་ལ་ཆུམ་ཆུམ་ཅོགས་ཅོགས། དེ་ནས་ལྕགས་ཐོག་དབབ་པ་ཡི། ཤུར་ཆོམ་རྦད་ནལ། ར༷་རེ་ཤང་ཤང།དེ་བ་ཡསྒ་སྲོག་ལ་ཆུམ་ཆུམ་རྦད། དུ་ར་ལ་འུར་འུར་རྦད། ནལཤིག་མ་ར་ཡ། དེ་ནས་གསེར་ཐོག་དབབ་༼པའོ་ནང༽། འུར་འུར་ཆོམ་ཆོམ་ཤིག་ཤིག་མ་ར་ཡ། ནི་ས་ཤིས་ཁ་ལ་རྦད་པུ་ཙནཤདེ་བ་ཧ་ར་ལརསྒ་ཙན་ཙན་ཙིག་ཧུ༷་ལ། ཕོབས་ཡ་དེ་ནས་ཟངས་ཐོག་དབབ་༼པའོ་ན༽། དེ་བཞིན་ཐོདཔ་ལ་སྦྱར་དམིགས་པའི་ཡུལ་དུསྦ། ལྕགས་ཕུརམཁར་གྱི་རྨང་དུ་གདབ། །ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ། །༼རྡུལ་བུ་དངུལཕུར༽ཏ་ཕྲེང་ཕུར་སྦ། །དེ་བཞིན་སྦས་ནས་ཕབ་འཀྱུར་ན། །བཙས་པའིརྟེན་པར་དུསསུཕེབས། །དེ་ལ་ཐེ་ཚོམཔ་མི་བྱ། །དཔལ་ཟླ་གསངནག་པོའི་རྒྱུད་ལས། ཐོག་དབབ་པ་ལྷའི་ཟླ་གསངགི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་བསྟནཔ་གཉན་པོ་བསྲུང་བའིཐོགདབབ་པའི་ལྷའིཟླ་གསང་འདི་གསུངས་སོ། །རྨ་བྱ་དག་གི་རྒྱལ་མཚན་ལ། །རྨོངསཔའི་མིང་རུས་མགོ་རུ་གཞུག །སྣུག་རྒོད་གཙང་མ་སོར་བཞི་པ། །ལིང་ག་དག་གིས་སྐེ་རུ་གདགས། །ཕྱིང་དཀར་གཙང་མ་གྲུ་བཞི་ཞིག །སྟེགས་བུའི་སྟེང་དུ་བཏིང་ནས་དང་། །ནས་སྔོན་ཕུལ་གང་ཤར་དུ་ཡང་། །ནུབ་དུ་ཏིལ་ནག་ཕུལ་གང་སྦུངས། །དཀྱིལ་དུ་རྒྱལ་མཚན་གཟུགས་པར་བྱ། །ཉིན་མོ་གསང་སྔགས་བཟླས་ཀྱིན་བྲབ། །སྔགས་རྫོགས་རི་གསུམ་རྩེར་སོང་ལ། །ཨེ་བརྐོས་ནང་དུ་མིང་ནི་བཞུགས། །རྩང་དང་མཉམ་པའི་ཁྲུག་བསྒོལ་ལ། །དགྲ་ལ་རྩང་བཙན་རེས་མོས་གཞུག །དབང་ཕྱུག་ཆེན་པོར་ལས་བཅོལ་བ། །འོ་དོད་འབོད་ཅིང་གསད་ཅིང་གནན། །མྱུར་དུ་ཐོག་ཆེན་འབེབས་འདོད་ན། །རྣམ་པར་སྨིན་པ་ཤི་བའི་གོས། །ཧ་ལ་ཧ་ལ་ད་ཀ་དང་ཚོགས་ཉུངས་དཀར་གནན། །ཤེས་ཆེན་འཕགས་ལ་མཚན་ངན་ལ། །ཡུལ་གྱི་མིང་དང་བརྣག་པའི་མིང་། །དེ་བཞིན་བྲིས་ཏེ་དེར་བཅུག་ལ། །སྤྱན་དྲངས་བཞུགས་མཆོད་བསྟིམ་པར་བྱ། །དེ་བཞིན་སྣ་དྲག་སྔགས་འདི་དག་རབ་ཏུ་ཟླས། །མ་ཧྭ་ཙནྟྲ་རསྒ་བེ་ཤ་ཨ་ན་ཡ་བ་ཕོབ། རསྒ་མ་ཏ་ཕོབ་རག་སྦྱོའོ། ་།ར་ཤེལ་ཧ་ལ་ཧ་ལ་ཙན་ད་ཕྲ་ཙ་ཕོམ། པྲ་ཙ་ཕྲ་ཧ་རི་ཛ་རུ་སྟི་སྨྱོ། ར་ག་ར་ག་ཏ་ཙན་ཏུ་མ་ཧྭ་ཤ་ཏི་ནན། ད་ར་ཙ་ན་ད་པ་ཙ་ན་པ་ཙ་ལ་ཙ་ཧ་ལ་ཧ་ལ་ད་ར་ད་ར་ཕཊ། རསྒ་ཙ་དྷི་མ་ཧྭ་ཙ་ན། བཛྲ་ཙི་དུ་བཛྲ་ཙི་དུ་དེ་བ་ཧ་ན་ཧ་ན་སྨྱོ། གང་འདོད་གང་གནས་ཀྱི་ཡུལ་གྱི་རྟེན། །བདུན་འབུམ་བཟླས་ཏེ་ཁྲ་བདམ་གནས། །དུས་མིན་ཐོག་ཆེན་ཕེབས་པར་འབེབས། །དུས་དང་ཡ་ཀར་རི་དག་ལིང་ཀར་དུང་རྣམས་ལ་སྔགས་ཏེ། དགྲ་བོའི་ཕྱོགས་སུ་གཏོར་ན་མཛེ་རུ་འགྱུར། བག་ཟན་ལ་སན་གྱི་ཁྲག་གིས་བྱུགས་པ། ཁང་པའི་ཐོག་དུ་བཞག་ན། སེམས་ཅན་དེ་ཉིད་མར་པོར་བྱས་ནས། ཁང་པའམ་ཞིང་གསེབ་ཏུ་སྦས་ན། སྐད་ངན་འདོན་ཅིང་འོང་། སྨན་འབྲི་ཏ་ས་འཛིན་དང་། འིག་ཏ་ལ་སྔགས་བཏབ་ནས་རྫ་མར་བླུགས་ན། འབུ་དང་སྲིན་བུར་འགྱུར་རོ། །ཐོད་པར་བླུགས་༼ན་༽ཐོད་པ་གར་འདའ་འགྲོའོ། །མཚོན་རྩི་སྣ་ལྔ་ལ་བསྔགས་ནས་རྟག་ཏུ་བཅངས་ན། བྱི་བས་ཁྱིམ་དང་ཞིང་དང་ལྡུམ་ར་ཟ་མི་ནུས་སོ། །མུ་ཏིག་ལ་བསྔགས་ནས་བྱིན་ན་བུད་མེད་མང་པོ་དབང་དུ་འགྱུར་རོ། །སྨག་ཤང་ལ་སྔགས་བཏབ་དབང་ཕྱུག་ཆེན་པོ་མཆོད་ནས། ཕྱུགས་འགའ་ཉུང་ངུར་འོང་བའི་སར་གདགས་ན། འགབ་འཕེལ་བར་འགྱུར་རོ། །རྨ་བྱའི་རྒྱལ་མཚན་དབབ་སླད་དུ། །མ་མོ་སྟོང་གིས་ལས་མཁན་མོ། །མ་མོ་མི་འཕམ་སྲིད་གསུམ་མགོན། །དཔལ་ནག་མོ་རེ་མ་ཏི། །ནད་བདག་མོ་ཞེ༽ཟླ་གསང་གསུངས། །དང་པོ་མཆོད་དང་སྡིག་བཤགས་གསུངས། །རིམ་པ་ཇི་བཞིན་སྟོང་བར་བསྒོམས། །འབྱུང་བ་རིམ་ལྔ་གཞལ་ཡས་བསྐྱེད། །སེམས་ཀྱི་རང་བཞིན་གཤེད་པོ་དང་། །སྙིང་ལས་འཕྲོས་པས་སྤྱན་དྲངས་ཏེ། །སྦྱོར་བར་རྟོགས་པས་རྟོག་དམར་རླབས། །སྲོག་གི་སྙིང་པོར་དབུལ་བར་བྱ། །རཀྟ་རྒྱ་མཚོ་དེ་ཡིས་རླབས། །བར་དུ་བསྐུལ་ཚིག་འགའ་ཡང་བསྐུལ། །དེ་ནས་གྲུབ་པར་བྱ་བ་ནི། །ནལ་བུའི་སྙིང་ལ་རྟག་ཏུ་བོད། །རྨ་བྱའི་མདོངས་དར་ནག་ཕུར་ལྕེ་བཏགས་ཏེ་གཟུགས། །གཏོར་མ་སྤྱན་གཟིགས་ལྡན་པས་སྐོང་། །བོད་པ་སྦད་པ་གསད་པའི་སྔགས། །ཉུངས་དཀར་དང་ནི་ཉུངས་ནག་རྫས། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྒོར། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་ཡོསྐོར་བཞངར༽ལྡན། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཙིསྟ་དང་ནི་རཀྟ་དང་། །བཙན་དུག་རྣམས་ནི་བླུག་པར་བྱ། །ནལ་བུའི་ཤ་དང་ཤེས་རབ་མཚལ། །བརྙ་ན་ད་ཤི་བླུགས་ལ། །བྱ་ནག་ལུག་ནག་རྟེན་དུ་གཟུགས། །ནལ་བུའི་གོས་ལ་རྨ་བྱའི་མདོངས། །དར་ནག་འཕུར་ལྕེ་བཏགས་ཏེ་གཟུགས། །གཏོར་མ་སྤྱན་གཟིགས་ལྡན་པས་བསྐོར། །བོད་པ་སྦད་པ་གསད་པའི་སྔགས། །ཉུངས་དཀར་ཉུངས་ནག་རྫས་རྣམས་ལ། །བདུན་འབུམ་གྲངས་ནི་ཚང་གྱུར་ན། །རིམས་ནད་སྣ་ཚོགས་ཆར་བཞིན་འབེབ། །ལྷ་མོ་སྲོག་གི་ཡང་སྙིང་འདི། །སྙིང་ནས་འདྲེན་པའི་ཁ་ཡི་མ། །མ་མ་ཏྲག་རསྒ་སྙིང་ཁ་རག་ཙིལྟི་སྲོག་གཏུམ་དུང་ཛ་ཛ་ཧུ༷། མ་མོ་སྦད་པའི་ཡང་ཏིག་འདི། །སྙིང་ནས་གཅོད་པའི་མཆོག་ཡིན་ནོ། །མ་རག་མོ་ཧཱུཾ་ལིང་སྙིང་རྩ་འདུས། སྲོག་ཕྲིག་སྡིག་ཕྲག་ཤམ་ཤམ་ཁྱེར་སྨྱོ། སྙིང་ཁྲག་ཙི་ཏང་ཙ་སྲོག་བྲེང་བྲེང་། རྦད་རྦད། ཨོ་ཛ་ལ་ཧུ༷་ཕཊ། མ་མོ་སྲོག་དུན་དུན། ཁྲག་ལ་སྙིང་རྦུད། མ་མོ་སྲོག་ཐུན་སྙིང་ལ་མ་སྨྱོ། མ་ར་ཡ་ཕཊ། ཁ་ཐུན་དྲི་ཛ་ཛ། མ་མོ་གསང་ཏིག་ནག་མོ་འདི། །རིམས་ནད་ཁྲག་སྒྱུག་ནད་ཀྱིས་གསོད། །མ་མ་རང་གི་སྙིང་ཁྲག་གིས་ཐུན་རྦུད། ཐང་མུ་ལེ་ཐང་མུ་ལེ་ཆེ་གེ་མོ་རྩ་རྩི་རྦད་རྦད། རྩ་ཐངརྩ་ཐང་ཆེ་གེ་མོ་ཙིསྟ་རྦད་རྦད། མུགས་དྲི་མུགས་སྣ་ཆེ་གེ་མོ་ཙིརྟི་ནན། རག་མོ་ནི་རག་མོ་ནི་ཁ་ལོ་ཙིསྟ་རྦད་རྦད། དུག་སྣི་དུག་སྣི་ཁ་ལོང་ཙིསྟ་རྦད། །ཀྱི་ཁ་ལོང་ཀྱི་ཁ་ལོང་རྦད་རྦད། རྩ་སྟི་རྩ་སྟི་ཏ་རྦད། ནིར་སྟི་ནི་སྟི་རྦད། རྩི་ཏ་རྨུགས་རྨུགས། ཐུམས་ཐུམས་པུ་པ་ཐུ༷། སྟིསྟ་བོད་རྦད། ཁ་ལྟར་ཧེད་ཧེད། ཐུམ་ཐུམ་རྦད་རྦད། སེ་ཁ་ལོ་མུ་ཁ་ལོང་མ་བོད་རྦད། བདག་ཉིད་གཤིན་རྗེ་གཤེད་པོར་རབ་བསྒོམས་ཏེ། །བདག་ཉིད་ཐུགས་ལས་མ་འཕྲོས་པས། །ཡི་གེ་མཐིང་ནག་སྟོང་གི་སྟོང་གསུམ་གང་། །ཕར་འཕྲོས་བདེར་གཤེགས་ཐུགས་དམ་བསྐུལ། །སླར་འདུས་སེམས་དཔའི་མ་ལ་ཐིམ་པར་བསམ། །ཡིག་འབྲུ་གསུམ་གྱིས་དབང་བསྐུར་བྱིན་བརླབས་ནས། །མ་ལས་མོ་ཉིད་བསྐུལ་སྐུ་མདོག་ནག་མོའི་ཤིན་ཏུ་གཏུམ་པ་ལ། ཁེན་ཏུ་ལེགས་པའི་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་བརྙ་དམར་བསྐྱིལ་གཡས། །རིམ་བཞིན་ཤག་ཏི་བམ། །ཏྲི་ཤུལ་དར་དཔྱངས་གཡོན།རལ་གྲི་སྒྲེང་བའི་བན་པ་གཡོན་དུ་འཁྱིལ། །སྒྲ་བསྐྱེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་མེ་ཏོག་དར་དཔྱངས་ཅོད་པན་འཕྱར། །སྙན་ནས་སྦྲུལ་གྱི་གདེངས་ཀ་འཔྱོ། །མགུལ་ན་སིལ་སིལ་འཁོར་བ་ལ། །སྙན་གཡོན་སེང་གེ་མཚུངས་མེད་ན། །བོང་བུ་གྭ་པ་ལ་ཞོན་པ། །གཞན་ཡང་ཆེ་བའི་རྒྱན་དང་པའི་བརྒྱན། །སྟོང་གིས་སྐུ་བརྒྱན་གསལ་བར་སྒོམ། །ཏིང་འཛིན་སེམས་དཔའ་ཏཱ༷་ལས་འོད་ཟེར་ནི། །ལྕགས་ཀྱུ་འབར་བའི་འོད་ཟེར་ཕར་འཕྲོས་ཏེ། །བདག་ཉིད་ཆེན་པོའི་སྲོག་ནས་རབ་བསྐུལ་ཏེ། །སྲིད་པའི་མ་མོ་སྟོང་གསུམ་འགེངས་པར་བྱེད། །ཡེངས་པར་གྱུར་ན་ཅིག་ཀྱང་མི་འགྲུབ་བོ། །རྩེ་མོ་ལ་སོགས་སྲིད་པའི་མ་མོ་ཡིས། །གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ། །སྐྲ་བསྐྲོལ་མིག་རྩ་རིག་རིག་འོ་དོད་རྩེར། །གན་བུབ་རྔུལ་༷་ཁ་ནས་ཁྲག་དག་རྒྱུག །ཅི་མཛད་འོན་ཐོང་ཟེར་ཞིང་དབུགས་དང་བྲལ་ལ་ཁད། །ཐུན་གྱི་ནང་དུ་རབ་༼ཏུ་༽འཇུག་པར་དམིགས། །དེ་ལྟར་བསྒོམས་ལ་གཤེད་པོ་དབང་དུ་བསྡུ། །མཉེས་པའི་ཚུལ་གྱི་བསྟོད་པ་འད་དབུལ་ལོ། །དཔལ་ལྡན་ནག་མོ་མི་འཕམ་སྲིད་གསུམ་མགོན། །བདག་དོན་སྒྲུབ་ཕྱིར་རྣམ་ཐར་ཡོ་ལ་ཡང་། །སྙིང་རྗེའི་དབང་གི་རྗེ་ལ་ཐོབ་པའི། ཁེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པ་མོ། ་༑ན་ཏུ་སྐེམ་ཞིང་རུས་པའི་ལུས་འཆང་མ། །ཞལ་གཅིག་མཚན་ལྔ་ལ་བསྔགས་ནས། །རྟག་ཏུ་བཅངས་ན། ནད་མཛེ་འོང་བ་འཚེ་བར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད། འཇིག་རྟེན་ཁམས་སུ་ཐོག་དབབ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་བཞི་སྙིང་བཞི་བཞག །རྩིབས་མཆན་བཞི་ཡི་ཤན་པ་མ་བཞི་ལ། །མཛེ་མོའི་ཐོད་པའི་ནང་དུ་གདུག་སྙིང་དང་། ཁྲག་གི་གཏོར་མ་ཐོད་པར་བཞག །གྲུ་ཆད་བཞི་ལ་དོང་མོའི་བཞི་ཡི་དམ་རྫས་སུ། །ཡུགས་མོ་ཡི་ཀླད་ཕོར་དུ། །སྟག་དོམ་༼བན་ལྡ་བསྡེ༽མི་་སྐུ༽སྙིང་། །ར་ཁྲག་དུག་ཏུ་སྦྱར་ལ་བཞག །བར་ཁྱམས་བསེ་མོ་བཞི་ལ་ཡང་། །བ་མན་རའམ་དུང་ཕོར་དུ། །མར་ཁུ་སྦྲང་རྩི་འོ་མ་དང་། ཁྲག་སྣ་མང་པོ་སྦྱར་ལ་བཞག །དེ་ནི་སྒྲུབ་རྫས་དམ་པའོ། །དེ་ནས་སྒྲུབ་གསང་དྲུག་སྔགས་བཟླས་སོ། །དེ་ནས་དཀྱིལ་འཁོར་བྱང་ཤར་དུ། །སྨན་ཕུད་རཀྟས་བསྒྲུབ་པ་ལ། །མཆོད་རྟེན་མཐོ་གང་གྲུ་བཞི་ལ། །དུར་སོལ་ནག་པོས་བསྐུས་ལ་བཞག །དེ་བཞིན་ལས་རྣམས་ཀུན་ཟིན་ནས། །དུག་ཁྲག་མི་རུས་བཅས་པ་རྣམས། །མཆོད་རྟེན་བུམ་ང།འི་ནང་དུ་གསལ། །ཕྱག་རྒྱ་བཅའ་ཞིང་སྔགས་ཀྱང་བཟླས། །མཆོད་རྟེན་ནང་དུ་བརྣག་པ་རྣམས། །ཆུ་མིག་ཉ་ལྕིབས་ཅན་ཉེད་༽དུ། །མ་ངེས་དཔང་གཟུགས་མཁྱེན་པ་གསོལ། །གཏོར་མ་བཏང་བའི་དུས་ཚོད་ནི། །དང་པོ་སྐྱ་རེངས་ཤར་བ་དང་། །དགོང་གི་དམར་ཐག་ཆད་པ་ལ། །མ་མོའི་གཏོར་མ་རིམ་གྱིས་གཏང་། །དེ་བཞིན་ཉིད་དང་ཀུན་སྣང་དང་། །སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ཟླའི་འཁོར་བཞིན་སྒྱུ་མའི་ཏིང་ངེ་འཛིན། །མཐིང་ནག་ཧུ༷་གཅིག་གསལ་བར་བསྒོམ། །འཕྲོ་འདུས་བདེར་གཤེགས་ཐུགས་དམ་བསྐུལ། །འགྲོ་བའི་དོན་བྱས་སླར་འདུས་པས། །གསེར་གྱི་རྡོ་རྗེ་ཙན་དན་གྱུར། །ཡ་མརྙ་༼ཀ༽་ ཀྲོ་ཏ་ཞེས་བརྗོད་པས། །གཏུམ་ཆེན་ཡ་མརྙ་ཀར་གྱུར། །དབུ་དྲུག་ཕྱག་དང་བཅུ་གཉིས་ལ། །བརྒྱན་དང་ཆ་ལུགས་གསལ་བར་བསྒོམ། །གཡས་སུ་ཤཀ་ལས་སྒྲོལ་བ་མོ། །ཨེ་ཀ་ཛུ་ཏི་གསལ་བར་བསྒོམ། །གཡོན་དུ་མ་ལས་སྦྱོར་དམ་མོ། །ནག་མོ་རུ་ཏྲི་ཀུ་རུ་སྒོམ། །ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས། །ལྷག་པའི་ཡེ་ཤེས་མ་གསུམ་འཕྲོས། །སྟོང་གསུམ་མས་ཁྱབ་འགྲོ་དོན་བྱས། །སླར་འདུས་ཟླ་གམ་གསུམ་ལ་བབས། །ཡིག་དྲུག་གསུམ་གྱིས་བྱིན་བརླབས་ཏེ། །ནག་མོ་ཕུང་གསུམ་གསལ་བར་བསྒོམ། །འཁོར་ལོ་བཞི་ལ་ཕུང་བྱེད་བཞི། །རྩིབས་མཆན་བཞི་ལ་ཤན་པ་བཞི། །གྲུ་ཆད་བཞི་ལ་གདོང་མོ་བཞི། །བར་ཁྱམས་བཞི་ལ་བསེ་མོ་བཞི། །ལྕགས་རི་ལ་ནི་དབང་ཕྱུག་མ། །སྐུ་མདོག་མ་ལུས་གསལ་བར་བསྒོམ། །ཀུ་ཤུ་ཤ་རྩེ་ཀྲ་མ། དེ་བཞིན་སྒོམ་པའི་མ་རྣམས་ལ། །སྤྱན་དྲངས་ཕྱག་འཚལ་བཞུགས་མཆོད་དབུལ། །དགྱེས་སྟོང་བཅོལ་ལ་འཕྲིན་ལས་བཅོལ མ་མོ་ལས་ཀྱི་སྦྱོར་སྔགས་དང་། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ལ་རུ་ཧུ༷་ཕཊ། །ཨོ་ས་མ་ཡ་མལྗ་ཤི་ཡ་མརྙ་ཀ །ཡ་མ་ར་ཙ་མ་མ་ཨེ་ཀ་ཛུ་ཏི་ཛ། །ཏྲག་རསྒ་རུ་ཀྲ་རུ་ལུ་རུ་ལུ་ཧུ༷། རག་མོ་ཏེ་ཀྱེ་མ་ཛ། ཁ་ཁ་ལ་མ་ཏིསྨྱོ། རུ་རུ་ཙ་བ་ལ་ལ་ཨ་ཤུག་མེ། ཛ་ཛ། དུ་དུན་ཏི་དུ་ལ་ཡ་ཛ། དུ་རུ་ཛ་ལ་ཧ་ན་ཛ་ཛ། དུམ་ར་ཧ་རེ་ཙ་ཛ། རུས་སྙིང་ཁྲག་ལ་རསྒ་རྦད། ཐུམ་རིལ་མི་ལི་ནི་ཤ་ཀུ་རུ་རཀྟ་མ་ནིང་། ཀུ་ནི་ཀུ་རུ་ཁ་ར༷། རྦད་ཐུམ་རི་ལི་ལི། སྙིང་ལ་ཁྲག་ཤ་ནི་ཤི་ཏིསྟ། རྦད་ཐུམ་རི་རིལ་ལི། ཏྲག་ཤ་མུ་ཏུ་སྙིང་རག་མོ་སྨྱོ། ཨོ་རུ་རུ་ཙ་པ་ལ་ཨ་ཤུག་མེ་སྨྱོ། རག་རག་མོ་རག་མོ་སྙིང་རྩ་མ་སྨྱོ། མོ་དགྲ་སྙིང་ཁ་རག་མོ་སྨྱོ། ཙ་མ་མོ་ཙ་བ་མོ་སྨྱོ། ཁྲག་ལ་མུ་ཤ་སྨྱོ། ཀུ་མ་ད་རི། ཤུ་ལ་ད་ར། ཙ་མུན་ད་རི་ཀ་རྐ་དྷ་རི། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ། དེ་རྣམས་སྲོག་གི་སྙིང་པོ་སྟེ། །ཉུངས་དཀར་ཉུངས་ནག་སྐྱེ་ཚ་དང་། །རྡོ་ཕྱེ་ལྕགས་ཕྱེ་རྫས་རྣམས་ཀྱི། །སྟོང་སྟོང་བཟླས་ཤིང་ཐུན་ལ་སྟིམ། །དེ་བཞིན་གྲུབ་པའི་རྟགས་འོང་ངོ་། །མེ་དང་སྒྲ་དང་དུ་བ་དང་། །རྫས་འོད་དང་མགོ་འོད་༼སྐད་རྐང༽འོད་དང་། །རྨི་ལམ་རྟགས་དང་ཉམས་ལ་སྟོན། །གང་ཉེ་རྟགས་ཀྱིས་དུས་ཚད་བཟུང་། །གང་ཉེ་དག་ལ་གཏོར་མ་བཏང་། །ལས་ལ་སྦྱར་ལ་སྲོག་སོགས་སྤྱིན། །ཡ་མརྙ་ཀ །ཡ་མ་ར་ཙ་མ་མ་ཨེ་ཀ་ཏ་ནི་ཛི་སྨྱོ། རུ་རུ་ཙ་པ་ལ་ཨ་ཤུག་མེ་སྨྱོ་སྨྱོ། དུ་ནི་དུན་ཏིང་དུ་མ་མ་སྦྱོ། མེ་རུ་རག་མོ་རག་མོ་སྨྱོ། མ༷་རུ་རུ་རག་མོ། སྙིང་ཁ་རསྒ་ཏི་སྟ་མོ་སྨྱོ། རག་མོ་མམ་ཁོང་སྙིང་ལ་སྨྱོ། རག་མོ་ཙ་བ་ཁྲག་མུ་ཤ་སྙིང་ཙ་རུ་རུ་ཙ་པ་ལ་མ་མ་སྨྱོ། སྙིང་ཤིག་དུན་སྨྱོ། སྙིང་རྩ་ལ་དམར་པོ་དུན་སྨྱོ། སྙིང་ཁྲག་ལ་དམར་མོ་དུན་སྨྱོ། །ཙིལྟི་ཕྱུང་དམར་མོ་དུན་སྨྱོ། དེ་ནི་མ་མོ་སྦད་པའི་སྔགས་ཏེ། རང་རང་གྲུབ་པའི་རྟགས་དང་སྦྱར། །དེ་ནས་གནན། །སྙིང་ལ་བརྟེན་བཅས་གཏོར་མ་བཏང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་དབབ་པའི་མ་མོའི་ཟླ་གསང་ལྷི་གི༽ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ། འགལ་བ་ཆམ་ལ་དབབ་པའི་ལས། །ཕྱག་གཉིས་ཞབས་གཉིས་རབ་ཏུ་བརྗིད། །རལ་པ་གཅིག་སྦྲེང་ལན་བུ་གཡོན་དུ་འཁྱིལ། །སྒྲ་བསྐྱེད་སྦྲུལ་དང་ཐོད་པའི་ཕྲེང་ཐོད་བཅིངས། །རྣ་ལྟག་མེ་ཏོག་ནག་པོའི་ཅོད་པན་འཕྱང་། ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པ་གཅིག་ཏུ་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་། །གདུག་པ་འདུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་པ་སེང་གེའི་རལ་པ་ཅན། །དཔའ་བོ་ཁམས་གསུམ་སྟེང་གི་སྒྲ་སྒྲོགས་མ། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་བསྣམས། །འོག་མ་ཐོད་པ་དམར་གྱིས་བསྐྱིལ་བ་འཛིན། །གཡོན་གྱི་དང་པོ་མཚོན་ཆ་ཤག་ཏི་བསྣམས། །འོག་མ་ཏྲི་ཤུལ་མགུལ་ན་དར་འཕྱངས་འཕྱར། ཁྲག་ཏི་རལ་གྲི་མཚོན་ཆས་བཅད་པ་ཡིས། །ལྷ་མ་ཡིན་སོགས་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་མཛད། །སྨད་ནི་བ་ལང་ཀོ་བས་དཀྲིས་པ་ལས། །ཕྱེད་ནི་རེ་ལྡེ་སེར་པོས་ཤམ་བུ་བྱས། །ཀླུ་ཡི་དབང་པོའི་སྐེད་བཅིངས་ནས། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པས་བརྒྱན། ཁྲག་དང་ཞག་གིས་ཐིག་ལེས་ཚིགས་སུ་བརྒྱན། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་འཆང་མ། ཁམས་གསུམ་སྐད་ཅིག་ཙམ་གྱིས་འཁོར་བར་བྱེད། །སྐད་ནི་དུང་དུང་འབྲུག་གི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ཤ་ཟ་དམ་ལ་འདུ། །ལྷོཕྱོགས གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་ས་ནས་གཟུགས་སྐུ་ཉི་མ་ལྡན། །ཏིང་འཛིན་དབང་པོ་ཐོབ་སྟེ་གཟུགས་ཁམས་ཡང་མཐར་བྱོན། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམས་ནུས། །ལྷ་མགོན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་མཁའ་འགྲོ་ཤ་ཟ་རྔམ་ཞིང་རྒོད། །ཙིཀྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས། །ཉི་ཟླ་བརྩེགས་པའི་དཀྱིལ་འཁོར་ག་བུར་འབབ། །ཕྱོགས་བཅུ་འཇིག་རྟེན་དྲུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །དུག་རླངས་ནག་པོ་ཕྱོགས་བཅུར་རབ་འཕྲོས་པས། །བཞི་བརྒྱ་རྩ་བཞིའི་ནད་ནི་ཁོང་ནས་སློང་། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུ་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་བདག་ལ་ཐིམ་མཛད་མ། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་ཀུན་གྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་རྩད་ནས་གཅོད། །བདུད་རྩི་སྨན་གྱི་རྒྱལ་པོ་དམ་ལ་འདུརྒྱ་མཚོའི་ཚོགས་ཀྱིས་ལྟས་ངན་ཕོབ། །དམ་བཅས་བཞིན་དུ་འཕྲིན་ལས་མྱུར་དུ་མཛོད། །ཅེས་བསྟོད་ཅིང་འཕྲིན་ལས་བཅོལ་གྱུར་ན། །གང་འདོད་རིམས་ནད་ཕྱོགས་བཅུར་འབེབས། །མ་སྲོག་བསྲུང་སྟེ་གསད་པར་བྱའོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡམས་ཀྱི་བདག་མོའི་ཟླ་གསང་གི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་འབེབ་འདོད་ན། །ནད་ངན་སྣ་ཚོགས་དབབ་པ་ལ། །མ་མོ་ཟླ་བསྒྲུབ་ཟླ་གསང་གསུངས། །ཟླ་གསང་ནག་པོའི་རྒྱུད་དག་ལས། །བསྡུ་བ་རྣམ་པ་བཞི་རུ་འདུས། །བླ་མེད་བསྒྲུབ་མཐུ་རང་བྱུང་སྟེ། །འཇིག་རྟེན་འགྲུབ་པ་གནོན་གྱི་མཐུ། །རྟེན་འབྲེལ་སྒྱུ་མའི་སྦྱར་བ་ནི། །རྫས་ཀྱི་ནུས་པ་དག་ལས་བྱུང་། །དོན་དང་རྫས་སུ་བཅས་པ་ལ། །རྣམ་གྲངས་མ་ཤེས་ཁྱད་པར་མང་། །རྣམ་པ་གཉིས་ནི་གསལ་བས་དབྱེ། །རྫས་དང་དོན་དུ་བཅས་པ་བསྟན། །མྱུར་དུ་གསད་པའི་སྦྱོར་བ་ནི། །གང་དག་འདི་ལས་ཡོད་མ་ཡིན། །མ་མོ་སྨུག་ནག་མར་མོ་དང་། །སྨུག་མོ་ཚོགས་ནི་ནང་ངག་ནས། །རིམས་ནད་གཏོང་བ་མང་ཡོད་དང་། །ཀུན་གྱི་ཕྱག་རྟེན་རེ་མ་ཏི། །འདི་དག་བསྒྲུབ་ཏེ་རབ་སྦྱར་ནས། །རིམས་ནད་གང་འདོད་སྟོང་ཁམས་ཁེངས། །འདི་ཡི་ལས་ནི་འདི་ལྟར་བྱ། །རྒྱུ་གཟེར་དག་གིས་ཤི་བའི་ཁྲག །བཙན་དུག་ཐར་ནུབ་བསྲེགས་ནས་དང་།།བསེ་ཞོ་དག་དང་མྱུར་དུ་སྦྱར། །སྔགས་ནི་བཏབ་སྟེ་ལྟོར་ཡང་བཏང་། །རུ་རུ་ཤིང་ཏི་ཀྲི་མ་རུ་སྲོད་སྲོག་ཐམས་ཐུམས། མ་ར་ཡ་རྦད་ཡ་སོད། ཁ་དུ་ཤ་ཤམ་སོད། སྲོག་ཐུམ་ན་མ་སོད། ནི་ཡ་ནི་ཡ་བི་དུན་སོད། ཤ་རྒྱུད་སྙིང་ཕྱུང་། སྙིང་རྒྱུ་སྲོག་ཆོད་ཆོད། མ་མ་ཐུམ་ཐུམ་སོད། ཅེས་འབུམ་བཟླས་ཏེ། རྒྱུ་གཟེར་ཁྲག་ཏུ་འཆོངས་ཏེའོ། །དེ་ནས་ཡང་བསེ་དང་བཙན་དུག་ལ་སོགས་ལ་འདི་བཟླས་སོ། །རུ་རུ་ཏོ་རྦད་ཡ། མ་ཡེ་དུ་དུ་རྦད་ཡ། ཆུ་མ་ནི་མ་ཙ་རྦད་ཡ། ཤམ་པ་དུ་དུ་རྦད་ཡ། ཆེམ་ཆོམ་རྦད་ཡ། རྦད་བུ་རྦད་པུ་ཤག་བོད་ཡང་། རག་ཐུམ་རྦད་ཡ། དུ་རུ་རག་ཏི་མ་ཏི་རྦད་ཡ། ཞེས་འབུམ་བཟླས་ཏེ། ལུས་ལ་རེག་པའི་གོས་ལ་བསྐུས་ན།ལྷོག་པ་དཀར་པོར་འཆི་བར་འགྱུར་རོ། །དེ་ནས་བསེ་ཞོ་བཙན་དུག་བྱང་པ་ཚ་ཚོང་མཚོ་ཁྲག་མཛེ་ཤུ་ཀུན་སྦྱར་ན་དམར་དང་དྲིར་མི་བསྲེས་ཏེ། དུ་མ་མ་ཤ་ཁྲག་དུ་ཤམ་མ་པ༷་གྲོལ་ཏུ་ཏི་མ་མ་སྙིང་ཕྱུང་། ས་མ་ཡ་ས་མ་ཡ། སྲོག་ གཅོད་དུ་ཤག་དུ་མ་མ་ཡ་ཏི་རུམ་རུམ་པ་ཤ་ཤ་རྦད་ཐུམ་མ་ཡ། ནི་ནི་སྨྱོསྨྱོ་སོད་སོད། མ་རུ་ཡ་མ་རུ་ཡ། ཚལ་པ་རྦད། ཡེད་ཡེད་ཤ་ཐུམ་ཤ་ཐུམ་རྦད། ཙ་དུར་མ་ཙ་རྦད། ཤ་ཐུམ་མ་ཡ་སྨྱོ། །ཞེས་ཁྲིའམ་འབུམ་དུ་བཟླས་ནས། ཤ་ལ་རེག་པའི་གོས་ལ་བསྐུས་ན། མཛེ་དང་ཕོལ་འབྲས་ཀྱིས་འཆི་བར་འགྱུར་རོ། །མཛེ་ཁྲག་ཆང་དུ་སྦྱར་ནས་ལྷོར་བཏང་ན། སྙིང་ལ་བབས་ནས་རུས་མཛེ་དང་། མཛེ་འཁོར་བས་འཆི་བར་འཀྱུར་རོ། །དེ་ནས་ཡང་དུག་རྫས་དང་། རིམས་ཁྲག་ཚོགས་དང་སྦྱར་ནས་བཏང་ན། གོང་གི་སྔགས་དྲག་བཟླས་ཏེ། ཡུལ་ཁམས་ཀྱི་ལྷ་རྟེན། གནས་ཀླུ་བཙན་ཡོད་དེས་བར་རམ། བྲག་ཀླུ་བཙན་ཡོད་པའི་སར་གཏོར་ན། རིམས་ནད་སྣ་ཚོགས་ན་བུན་བཞིན་འཐིབས་ཏེ་འོང་བ་དང་། སེར་བ་ཁྲག་ཏུ་འོང་བར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་སྣ་ཚོགས་བཏང་བ་མ་མོའི་ཟླ་གསང་གི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བྱེད་ཆམ་ལ་འབེབ་པའི་ཕྱིར། །སྙོ་འབོག་ཟླ་གསང་འདི་གསུངས་སོ། །དབང་དང་མ་ཚིག་ལྡན་པ་ཡིས། །བླ་མ་མཉེས་པའི་རིམ་གྲོ་བྱས། །ལྟ་བ་ཡངས་ཤིང་སྤྱོད་ལམ་གོམས། །སློབ་དཔོན་མཉེས་པའི་ཐུགས་གཟུགས་ནས། །མན་ངག་ཐུགས་ལས་ཕྱུངས་ཏེ་བསྒྲུབ། །རི་གསུམ་རྩེའམ་བྲག་དཀར་དང་། །ཡང་ན་བུ་ག་ཤར་ལྟ་བུ། །རྩ་བྲལ་ཡོད་ཤིང་ཙྭ་སྐྱེས་པ། །ཤར་དུ་ཁ་བལྟས་ཟུར་གསུམ་འདྲ། །རྒྱབ་རི་མན་ཆད་སེང་གེ་སྐྲུངས་པ་འདྲ། །དེ་རུ་གནས་བཅས་ཆོ་ག་བྱ། །ས་བདག་ལྷ་ཀླུ་ཞི་བར་བྱ་བའི་ཕྱིར། །གསེར་སྐྱེམས་བཏང་ལ་བདེན་པ་བདར། ་ ་སྐད་བརྗད་ལ་བསྒོམ་པར་བྱ། །བདག་མིང་འདི་ཞེས་རྣལ་འབྱོར་པ། །ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ། །སྲོག་བདག་དཀར་པོ་སྙིང་སྒྱིན་ཅེས་བྱ་བ། །རྣལ་འབྱོར་རྣམས་ཀྱི་དགྲ་བླའོ། །རིག་འཇིན་སྲོག་སྙིང་་་་བསྒྲུབས་པས། །དེ་བཞིན་ས་བདག་ལྷ་ཀླུ་རྣམས། །དེ་བཞིན་གཞན་དུ་འཕོ་བར་གྱིས། །ས་གཞི་འདི་ཡང་བཀྲ་ཤིས་མཛོད། །མ་ངེས་དཔང་གཟུགས་ཡུས་ཀ་བཟློག །དེ་ནས་སྟེགས་བུ་བརྩིགས་པའམ། །ཕྱི་རས་སམ་དར་བཏིང་ལ། །ནས་འབྲས་བཅུའི་གཅལ་ཡང་བཀྲམ། །ག་པུར་ཛུ་ཏི་ཕ་ལ་དང་། །རྒྱ་སྤོས་ལ་སོགས་བཀྲམ་པར་བྱ། །ཡོལ་དང་འཕན་གདུགས་བླ་རེ་བྲི། །སྲོག་བདག་དཀར་པོའི་སྙིང་འབྱིན་གྱིས། །རས་བྲིས་སམ་ནི་སྐུ་གཅིག་གམ། །ཤར་ནས་ནུབ་ཏུ་གཟིགས་པར་གདགས། །འབྲས་ལ་སོགས་པའི་བཤོས་དག་ལ། །ལྷ་བཤོས་རི་རབ་ཚུལ་འདྲ་བྱ། །དེ་ཡི་ཕྱོགས་བཞིར་མར་གྱིས་བྱུག །དབུས་སུ་སྙུག་༼མ་༽ཚིགས་གསུམ་ལ། །བྱ་རྒོད་ལྡེམ་པོར་ཟ་འོག་དང་། །བསེ་དང་གསེར་དང་བྱི་རུ་དང་། །པགས་པུ་དཀར་པོས་༷བརྒྱན་པ་གཟུགས། །གཞན་ཡང་ཤ་རྒོད་ཉ་རྒོད་དང་། །ཐུང་ཕྲུ༷་ལ་སོགས་སྤྱན༷་གཟིགས་ཀྱིས། །དེ་བཞིན་མཐའ་མ་བསྐོར་ཏེ་དགྲམ། །གཤིནརྗེགཤེད་པོའི་སྐུར་བསྒོམས་ལ། །སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་དོ། །ཨོ་ཨུ་ཀྲོ་ཏེ་ཀ་ཡ་མན་ཏེ་ཁ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། ཨོ་ཀ་ལ་རུ་པ་ཧུ༷་ཕཊ། ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧུ༷་སྨུ༷་ཕཊ། བདག་ལ་བྱིན་རླབས་ལུས་བསྲུང་བྱ། །དེ་ནས་དབང་དུ་བསྡུ་བ་དང་།།རྒྱལ་པོ་བཅུག་པའི་ལས་དང་བྱ། །སྤྱན་དྲངས་བཞུགས་སུ་གསོལ་བ་དང་། །ཕྱག་ཆབ་གསལ་དང་བདེན་སྐྱེམས་དྲངས། །མཆོད་པ་འབུལ་ཞེང་བསྟོད་པ་བགྱི། །འཛབ་བཟླས་དམ་ཚིག་དྲུག་ཏུ་བསྲེ། །རྒྱལ་པོའི་སྲོག་སྙིང་འདི་ལྟར་བརྗོད། །ཨོ།་ཤི་མཉུ་ཡ་མ་ར་ཙ་མ་མ། ཨཱོཾ་ཀ་ཛི་ཏི་ཛ་ཛ། ཏྲི་ཛ་ལ༷་ལ་ཨ་ཤུག་མེ་གྲྭ་ཧྭ། །ཞེས་ཁྲི་འབུམ་གྲངས་མང་དུ་བསྙེན་པར་བྱ།རྫས་ཀྱི་མཆོད་ལ་རྟག་ཏུ་བཟླས། །གྲུབ་ནས་སྔགས་འདིས་རབ་ཏུ་སྦད། །ཧ་ལི་དུ་ལི། རིལ་ནི་ཛ། ལ་ལ་པྲ་མ་ནི། ཀྲོ་ཀྲོ་ལ་ཡ། ཀྲོ་ཏི་ཀོ་ལ་ཤ། ཅོ།་ཧྲི་ཀམ་ཀམ་ཏྲི། མུ་ཏྲི་མུ་ཏྲི་ཧྲི་རམ་ཏྲི། ཧེ་ཤན་ཧེ་ཤག་ཏུ། ཆེ་གེ་མོ་ཙིཉི་ལ་ཛ། དེ་བཞིན་སྙིང་པོ་དྲག་ཏུ་སྦད། །གལ་ཏེ་ལས་བྱེད་དུ་མ་བཏུབ་ན། །རྒྱལ་པོ་ཤི་ས་བསྟན་པ་ནི། །མ་ར་ན་པྲ་མ་ནི། ཙ་ཁི་ཏ་ལ་པ་ལོ་ས་མ་ས་མ་ཡ པ་ས་མ་ཡ་ཨུ་ཤུ་ཤ་ཛ་ཛ། ཕྱག་རྒྱ་བཞི་ཡིས་གཟུགས་བཅིངས་ཏེ། །སྔགས་ནི་བརྒྱ་རྩ་བརྒྱད་བརྗོད་དོ། །རྒྱལ་པོ་རང་ལ་དབང་མེད་པར། །རྔུལ་ནག་ཁྲག་ཏུ་དབབ་པར་མཆི། །དེ་བཞིན་གསང་བའི་ལས་རྣམས་ཀྱང་། །སྙོ་འབོག་ཤི་བའི་ལྡན་བི་རུ། །དེ་ཉིད་ར་སྙིང་ར་ཁྲག་དང་། །དུག་སྣ་དགུ་དང་སྨེ་ཁྲག་སྦྱར། །བརྣག་པའི་མིང་རུས་བྲིས་ལ་གཞུག །དུར་ཁྲོད་རོ་རས་རྙིང་པ་ལ། །གསང་བའི་འཁོར་ལོ་བཅས་པར་གསུངས། །དང་པོ་ཉི་མ་བཞི་པའི་སྔགས། ༷།ཕྱི་རིམ་རྒྱལ་པོའི་དྲག་སྔགས་བྲི། །ཡང་རིམ་ཀླུ་ཡི་དྲག་སྔགས་བྲི། །ཐོད་པར་དྲིལ་ལ་རྒྱ་གྲམ་བཅིང་། །ཉིན་བཞིན་ལྷ་བཞི་གིང་བཞི་བསྐུལ། །སྐབས་སུ་གིང་ཆེན་བཅྭ་བརྒྱད་དང་། །ཉི་མ་བཞི་ཡི་ལས་ཀྱང་བྱ། །ཅོ།་མ་ཧྭ་ར་ཙ་ཐུན་སྨྱོ་སྨྱོ། །དགྲ་བོའི་སྲོག་རྩ་ལ་ཐིབས། མུ་ག་ར་ན་ཐུན་ས་ར་ན་དགྲ་བོའི་སྙིང་མྱགས། ཚལ་པ་དུན་དགྲ་བོའི་ཁྲག་ལ་སེན། རྭ་ག་ཛ་དུ་ཐིབས་ཆུམས། བྱི་བའི་བྱི་བ་དུན་ཛ། མ་ཤ་ལ་ཛ། སྙིང་ཛ། སྙིང་ཐུན། སྨྱོ་རྨུགས་སྨྱོ་རྨུགས་སྨྱོ་ཐུན་སྨྱོ། ཉུངས་དཀར་ཉུངས་ནག་སྐྱེ་ཚེ་ལ། །དྲག་ཏུ་བརྡབས་ལ་བསྡེབ་པར་བྱ། །དཀར་པོ་གཅིག་གིས་ཐུགས་དམ་སྐོང་། །རྟགས་ནི་དེ་བཞིན་སྟོན་པ་དེས། །ཉི་ཟླ་འཆར་དང་ལྡེར་སོ་དག །དམག་ཏུ་མིན་ན་ཐ་མར་བཤད། །བཙང་པོ་ཞང་བློན་དགེ་བཤེས་སམ། །དམག་དཔོན་མི་ན་འབྲིང་དུ་བཤད། །རྒྱ་ཉིད་མཐོང་ཞིང་ཉམས་སུ་སྟོན། །དེ་ལྟར་འབྱུང་ན་རབ་ཏུ་བཤད། །བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་། །དམ་ཚིག་བསྲེ་ཞིང་འཕྲིན་ལས་བཅོལ། །དེ་ནས་འཁོར་ལོ་ཐོད་པར་བཅས། །ཤར་དུ་ཁ་ལྟས་ཆུ་མིག་རྡོལ། །རྒྱལ་རིགས་སྦྱོར་བ་བྱས་གྱུར་ན། །སྨྱོ་འབོག་མཛེ་ནད་ལྷོག་པས་འཆི། །ཐུན་དུ་འཕངས་ན་མཛེ་རིམས་འོང་མཁར་སྨད་མནན་ན་གནམ་ལྕགས་འབབ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་ཇི་ལྟར་བསྒྲུབ་པའི་སྨྱོ་འབོག་གི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས།རྒྱལ་པོ་ནང་དུ་བསྒྲུབ་ཏེ། སྨྱོ་འབོག་ཏུ་བཏང་བ་འདི་གསུངས་སོ། །ཐོག་མར་བླ་མར་མཉེས་བྱས་ཤིང་། །བསྒྲིབ་པ་སྦྱང་ཕྱིར་དམ་ཚིག་བསྲུང་། །མཚན་ལྡན་དགའ་བའི་གནས་དག་ཏུ། །ལྟ་བ་རྒྱ་བསྐྱེད་འཇམ་དཔལ་བསྟན། །ས་ལ་མཉེས་པའི་རིམ་འགྲོ་བྱ། །དཀྱིལ་འཁོར་བརྩིགས་དང་ཆག་ཆག་གདབ། །དེ་ནས་དཀྱིལ་འཁོར་བརྩིག་པ་ནི། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །དབུས་ཀྱི་ལེ་ཚེ་དཀར་པོ་ལ། །ཤར་སེར་ལྷོ་གནག་ནུབ་དམར་བྱང་ཞེ༽་ ལྗང་། །མཚམས་བཞི་སྨུག་པོ་སྒྲ་དང་བཅས། །དབུས་སུ་གྲུ་གསུམ་རེ་རེ་བྲི། །དེ་ནས་ཙན་དན་དཀར་པོའམ། །རྒྱ་ཤུག་དཀར་པོའི་ཕུར་པ་དགུ། །སྲོག་བདག་དགུ་རུ་མངའ་གསོལ་ལ། །དར་དཀར་ལ་སྲོག་སྙིང་བྲིས་ཏེ། །གདགས་ཏེ་འདི་སྐད་བརྗོད་ལ་དགོད་པར་བྱ། །ཧུ༷་དབུས་སུ་ཕྱོགས་ཤེལ་རི་ཤེལ་གྱི་ཁང་པ་ན། ཁམས་གསུམ་སྲོག་ལ་མངའ་མཛད་པ། །སྲོག་བདག་ནག་པོ་རལ་པ་ཅན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཕོ་བྲང་དབུས་ཀྱི་ལེ་ཚེ་ལ། །དགྲ་བགེགས་བསྣོལ་བའི་ཞིང་ཁམས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གིང་ཀ་ར་ས་མ་ཡ་ཏིགི་ལྷན། །ཞེས་དབུལ་ལོ། །རྒྱལ་རིགས་སྲོག་ལ་མངའ་མཛད་པ། །སྲོག་བདག་རྒྱལ་པོ་ཁུ་ལེ་ཤོད། །དཀྱིལ་འཁོར་ཤར་གྱི་ལེ་ཚེ་ལ། །དགྱེས་ཤིང་བརྟན་པ་བཞུགས་སུ་གསོལ། །བྲམ་ཟེའི་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨསྣེ་ཡང་། །ལྷོ་ཕྱོགས་འཁོར་ལོའི་ལེ་ཚེ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྗེ་རིགས་སྲོག་ལ་མངའ་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨུག་ཀ་ཡང་། །དེ་བཞིན་ནུབ་ཀྱི་ཕྱོགས་སུ་དགོད། །བུད་མེད་དམངས་རིགས་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་དྲངས་སེ་ཡང་། །དེ་བཞིན་བྱང་གི་ཕྱོགས་སུ་དགོད། །བུད་མེད་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཤང་ཟེ་ཡང་། །དཀྱིལ་འཁོར་ཤར་ལྷོའི་ལེ་ཚེར་དགོད། །བྱིས་པའི་སྲོག་ལ་མངའ་མཛད་པ། །རྒྱལ་པོའི་ཆེན་པོ་ཆེན་པོ་་དེ་དགོད་ད གོ་ད༽ཀྱང་། །དཀྱིལ་འཁོར་ལྷོ་ནུབ་ལེ་ཚེར་དགོད། །མི་ནག་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་་དེ་ད༽བཀོད་ཀྱང་། །ནུབ་བྱང་དཀྱིལ་འཁོར་ལེ་ཚེར་དགོད། །བྱོལ་སོང་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །བྱང་ཤར་དཀྱིལ་འཁོར་ལེ་ཚེར་དགོད། །དེ་ནས་མཆོག་གི་ཕུར་པ་བཞི། །ཉིན་བཞིན་གོང་བཞིན་མངའ་ཡང་གསོལ། །རིགས་མཐུན་དར་གྱི་ཅོད་པན་གདགས། །ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདགས། །བླ་བྲེ་རྒྱན་ཕྲེང་མདའ་༼ཡབ་༽དགྲམ། །དར་དཀར་གུར་ཕུབ་ཟ་འོག་གདན་ཡང་བཏིང་། །དེ་ནས་དབུས་ཀྱི་སྲོག་བདག་ལ། །གསང་ཕྱེ་བྲེ་གང་ལྷ་བཤོས་ལ། །རི་རབ་ཚུལ་འདྲ་ཅིག་དང་བྱ། །དབུས་སུ་སྙུག་མ་ཚིགས་དགུ་ལ། །མཚལ་གྱིས་མཁར་ཐབས་ཉ་མིག་བྲིས། །རྩེ་ལ་བྱ་རྒོད་རྒྱལ་མཚན་དང་། །དར་དཀར་གདུགས་ཀྱིས་སྟེང་ནས་བཀབ། །དངུལ་གྱིས་གཡེར་ཀ་ཡང་ནི་གདགས། །ལྤགས་པུ་དཀར་པོའི་སྐུད་པ་གདགས། །ཐ་མ་ཚིག་ལ་མིང་རུས་གདགས། །གཞན་ཡང་སྙུག་མ་ཚིགས་བརྒྱད་ལ། །མཚལ་དང་ལྡོང་རོས་སྒྲོ་བྲོས་ལ།།དར་ཐབས་བྲིས་ལ་རྩེ་ཁྲ་སྤྲད། །རྩེ་ལ་དར་ལྕེ་རེ་རེ་གདགས། །༼པར་བར་ལྤགསཔུ༽དཀར་པོའི་སྐུད་པ་དང་། །དུང་དང་ཟངས་དང་རིན་པོ་ཆེ། །བྱུ་རུ་འགྲོན་བུ་གསེར་གཡུ་གདགས། །མཐའ་མར་དགྲ་བོའི་མིང་རུས་གདཊ། །ལྗོངས་མ་མཐོང་བ་བཞི་ལ་ནི། །མཚལ་ལམ་རམ་གྱིས་གཡུང་དྲུང་བྲིས། །མཐོ་རེ་རུ་མིང་རུས་རེ་བྲི། །དེ་བཞིན་བཏགས་པ་སྒོ་བཞིར་བཞག །གཞན་ཡང་ཟུང་དང་ཉ་དང་ཤ །གུ་རམ་འབྲས་ཆེན་གཏོར་མ་ཡང་། །ཟ་འོག་དར་དང་པགས་དཀར་ཡང་། །རིན་ཆེན་གསལ་ལ་ཕྱོགས་བཞིར་བཞག །གཅིག་ནི་དབུས་སུ་བཞག་པར་བྱ། །ཉ་ཕྱིས་དུང་ཕོར་དཀར་པོ་སྲ །གསེར་དང་ཆང་དུ་སྦྱར་བ་ལྔ། །ཕྱོགས་བཞི་དབུས་དང་ལྔ་རུ་བཞག །གཅིག་ཏུ་ཕྱེ་དང་ཉུངས་དཀར་བཞག །ཆང་ཕུད་གང་ཆུ་ཆུ་མིག་ཆུ། །དེ་གསུམ་གཅིག་ཏུ་བསྲེད་ལ་བཞག །དྲག་ལྔ་བརྒྱན་དུ་བཟླས་པའི་ཕྱིར། །བདག་ཉིད་ཤར་ལྟར་དངོས་སུ་བཞག།གཞན་ཡང་སྤོས་དང་མེ་ཏོག་དང་། །མར་མེ་དྲི་ཆབ་རྔ་གླིང་དང་། །མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ། །ར་དཀར་པོ་ཟེ་བ་དམར་པོ་བྱུང་། །སྐེ་རུ་དར་དཀར་ཁུག་མ་སྲ །ཚ་ཉུངས་ཀླུ་སྨན་སྣ་ཚོགས་དང་། །དགྲ་བོའི་མིང་བྱང་བཅུག་ལ་བཏགས། །ནུབ་དུ་དར་འཕན་དཀར་པོ་ལ། །འཕན་ལྕེ་སེར་པོ་བཏགས་པ་ཅིག །རྒྱལ་པོའི་གདུང་རིགས་བཙན་ལ་བཏགས། །རྩེ་ལ་སྙིང་ཞིག་བཀལ་ལ་གཟུགས། །གཤིན་རྗེ་གཤེད་པོར་གསལ་བསྒོམས་ལ། །སྔགས་བཟླས་བསྟོད་པ་མང་དུ་བྱ། །བེར་གོན་ཐོད་བཅིངས་༼གཞུ༽་ ཡང་བདུངས། ༷།སྙན་བསན་དབབ་དང་སྤྱན་དྲངས་དང་། །ཕྱག་བཙལ་བཞུགས་དང་མཆོད་པ་འབུལ། །བསྟོད་པས་བསྟོད་ཅིང་སྨོན་ལམ་བཏ༷ བ། །ཐུགས་དམ་སྐོང༷་ཞིང་འཕྲིན་ལས་བཅོ༷ལ། །སྲོག་སྙིང་འདི་དག༷་དྲག་ཏུ་གྲངས། །ཨོ་མ༷་ཧྭ་ཏྲི་དུ་སྟེ། བྱ་འབྱུང་ཀརྨ་ར༷་ཡ་གྲྭཧྭ། །འདི་ནི་སྲོག་བདཀུ་ཉིད་ཀྱི་སྙིང་པོའོ། །འདི་ནི༷་འཁོར་སྲོག་བརྒྱད་ཀྱི་སྙིང་པོའོ། །ཨོ་མུ་མཧྭ་བྱེ་ར་གྲྭཧྭ། ཨོ་ཨ་ཀ་རུ་སྟ་གྲྭཧྭ། ཨོ་མུག་ཤ་སྦ་ལེ་སྣཧྭ། ཨོ་ཧྲི་ཐེ་བྷ་བ་སྟ་གྲྭཧྭ། ཨོ་ཤང་སེ་ཤང་ཀ་ར་གྲྭཧྭ། ཨོ་ཨ་ད་ཁྱོད་བི་བིས་ར་གྲྭཧྭ། ཨོ་ནི་ཁྱོད་པར་ཧི་རེ་གྲྭཧྭ། ཨོ་སུ་རྒྱ་ཙེ་ཏྲེ་མཧྭ་མུ་ཁ་ལེ་གྲྭཧྭ། །དེ་རྣམས་སྲོག་གི་སྙིང་པོ་སྟེ། །འཆི་ཚིག་གཡལ་དང་སྦྲིད་པ་དང་། །སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ། །གྲུབ་པའི་རྟགས་རྣམས་སྟོན་པར་ངེས།༷།རབ་འབྲིང་ཐ་མ་གསུམ་དུའོ། །རབ་ལ་སྐུ་ཡང་དངོས་སུ་སྟོན། །འབྲིང་ལ་འོད་དང་སྒྲ་ཡང་སྟོན། །ཐ་མ་རྨི་ལམ་ལས་སུ་སྟོན། །དེ་ལ་དབང་བསྐུར་དམ་བསྲེས་བྱ། །སྦད་སྔགས་དྲངས་ཤིང་འཕྲིན་ལས་བཅོལ། །ཨོ་མ་ཧྭ་པྲ་མ་ན། རསྒ་རསྒ་ཙར་མུན་ཏྲ་ས་ཧ་ཤི་དེ། ཙོ་ཀ་ཙ་ལ་བིད་བིད་དགྲ་བོ་མ་ར་ཡ་ཧབ་ཧབ།དེ་ནི་རྒྱལ་པོ་འཁོར་དང་བཅས་པའི་སྔཊ་སོ། །དེ་ལྟར་རྟ་ཡི་ཐོད་པ་མྲ །བརྣག་པའི་མིང་རུས་བཅུག་ལ། །རྟ་ཐོད་ཟ་འོག་དག་གིས་དྲིལ། །དམ་སྲི་སྙོ་རུ་བཞུགས་༄༷༅། །པའི་ཕྱིར། ཁྲག་སྐམ་གུ་གུལ་སྦྱར་མ་དང་། །ཚེ་ཉུངས་གོ་རོ་ཙ་ན་དང་། །སྙོ་འབོག་གཏང་བའི་སྔགས་འདི་བཟླས། །ཨོ་མ་མ་ར་ག་ཐུན་སྨྱོ། མ་ཧྭ་ར་ཙ་ཐུན་སྤྱོ་སྨྱོ། མ་ཧྭ་བ་པ་མ་ཧེ་དེ་བ་མ་ཧྭ་རུ་ཧྲ་སྨྱོ་སྨྱོ།ཨོ་ཧྲོ་ཏ་ཡ་ཧྲོ་ཏ་ཡ་ཏྲ་ཡ། ཀུ་ལྷ་ཀུ་ལྷ། གིང་ཀ་ར་གིང་ཀ་ར། གིང་ཛ་ལ་གིང་ཛ་ལ། ཡསྒ་གྲོ་བ་ཡསྒ་གྲོ་བ། འང་ཤ་གྲོ་བ་འང་ཤ་གྲོ་བ། སུ་ཀ་ཀ་པོ་སྨྱོ། དེ་ནི་སྲོག་བདག་འཁོར་བཅས་སྙོ་འབོག་ཏུ་བཏང་བའི་སྔགས་སོ། །དེ་ནས་རྣམ་པའི་མིང་རུས་ལ། །རང་རང་རྩ་བའི་སྔགས་བརྗོད་ཅིང་། །ཕུར་པ་རྣམས་ཀྱིས་རིམ་པས་གདབ། །གཙོ་བོའི་ཕུར་པ་སྙིང་ལ་གདབ། །གོང་བ་དཔུང་མགོ་གཡོན་དུ་གདབ། །ཉི་ཟླ་རྐང་པ་གཡོན་ལ་གདབ། །རྒྱལ་པོ་ཨག་ནི་དཔུང་བ་གཡས། །རྒྱལ་པོ་ཨུ་ཀྱེ་དཔུང་པ་གཡོན་ལ་གདབ། །རྒྱལ་པོ་ཏྲང་སེ་ལག་པ་གཡོན་ལ་གདབ། ཁྲང་སེ་ལག་པ་གཡས་ལ་གདབ། །ད་དགོད་དཔུང་པ་གཡས་སུ་གདབ། །ནི་གོང་དཔུང་མགོ་གཡོན་ལ་གདབ། །ཉི་ཟླ་རྐང་པ་གཡོན་ལ་གདབ། །གསད་པ་ཉིད་དེ་མ་བཞི་པ། །ཉིན་བཞིན་ལྷ་ཡི་གིང་བཞི་བསྒྲུབ། །དེ་ནས་རྟ་ཡི་ཐོད་པ་མྲ །ལིང་ཀའི་དམ་ཤུལ་དུ་བཅུགས་ལ། །ལྷ་ཁང་གནས་ལ་གདགས་འགྱུར་ན། །སྙོ་འབོག་ཁྲག་སྒྱུག་མ་ར་ཡའི། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྙོ་འབོག་གི་ཟླ་གསང་རྒྱལ་པོ་ནང་དུ་བསྒྲུབ་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡནའདསགཤིནརྗེ་གཤེད་པོས། རྒྱལ་པོ་ཆེན་པོ་གསང་བའི་སྒྲུབ་པའི་ཐབས། ཐམས་ཅད་གཅིག་གིས་མཆོག་ཏུ་གྱུར་པ་འདི་གསུངས་སོ། །རྣལ་འབྱོར་ཡོན་ཏན་ལྡན་པ་དེས། །མགོ་ནི་རྨ་བྱ་བཞིན་དུ་དགུག །དམ་ཚིག་ཆེན་པོ་སྲོག་ལྟར་བསྲུང་། །གཞན་དོན་མ་ཡིན་རང་དོན་དུ། །དུར་ཁྲོད་ས་ཕུག་དགོན་པར་འགྲོ། །ཕྱི་བཤགས་སྒྲིབ་སྦྱང་བསོད་ནམས་བསགས། །མ་ཉེས་དཔང་གཟུགས་གླུད་གཏོར་བཏང་། །དཀྱིལ་འཁོར་སོགས་ལ་ཆག་ཆག་གདབ། །དཀྱིལ་འཁོར་ཐིག་དབག་ཆོ་ག་བྱ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །འཁོར་ལོ་རྩིབས་བཞི་རབ་ཏུ་བཅས། །གྲུ་ཆད་གློ་བུར་ལྡན་པ་ལ། གྲུ་གསུམ་མེ་འོད་འབར་བ་བྲི། །སྒོ་བཞི་གྲུ་གསུམ་རེ་རེ་བྲི། །དེ་ནས་མཆོག་གི་ཕུར་པ་དགུ། །སྲོག་བདག་དགུ་ཡི་གཟུགས་བྲིས་ལ། །དབུས་སུ་དཀར་པོའི་སྙིང་འབྱིན་དགོད། །རྒྱན་དང་ཆ་ལུགས་གསལ་བར་བྱེད། ཁྲར་གྱི་རྩིབས་ལ་བུ་ལེ་དགོད། །ལྷོ་ཡི་རྩིབས་ཨ་ལེ་དགོད། །ནུབ་ཀྱི་རྩིབས་ལ་ཨུ་ཀ་དགོད། །བྱང་གི་རྩེ་ལ་ཏྲ༷་ཟེ་དགོད། །ཤང་ཟེ་ཤང་ལ་དང་འདོ་ལྟོ། །ནི་གོང་ནུབ་ལ་ཉི་ཟླ་བྱང་། །དེ་ལྟར་སྒོ་བཞིར་དགོད་པར་བྱ། །འབར་གཤོང་དངུལ་ཕུར་བསེ་ཁབ་ཏུ། །སྙིང་སྣ་ཚོགས་ཀྱི་གཏོར་མ་བཤམ། །ལུག་དཀར་སྙིང་རྩ་སྲ་ག་ལ་ཕྲལ་ན། །སྲོག་རྩའི་ནང་དུ་མིང་རུས་གཞུག །སྙིང་རྩེ་གྱེན་དུ་བསྟན་ལ་གཞག །དར་དཀར་ཚིལ་གྱིས་ཁ་བཅད་ལ། །དབུས་སུ་སྲོག་བདག་སྙིང་ལ་བཞག །ཤར་དུ་ཁྲག་སྣའི་གཏོར་མ་བཞག །ལྷོ་རུ་ཤ་སྣའི་གཏོར་མ་བཞག །ནུབ་ཏུ་རུས་པའི་གཏོར་མ་བཞག །བྱང་དུ་ཁྲག་སྣའི་གཏོར་མ་བཞག །དེ་ནས་སྒོ་བཞིར་གཏོར་མ་ཡང་། །ཤར་སྒོའི་མཆིན་པ་སྣ་ཚོགས་བཞག །ལྷོ་རུ་ཤ་ཤ་རྨེན་དུ་སྣ་ཚོགས་བཞག །ནུབ་སྒོར་མཆེར་པ་སྣ་ཚོགས་བཞག །བྱང་དུ་ཚིལ་བུ་རྐང་སྣ་ཚོགས་བཞག །གཏོར་མ་དེ་རྣམས་ནང་དུ་ཡང་། །མཚེར་པའི་དབུས་སུ་བཏབ་པས་ཀྱང་། །མཚར་ནད་དབུགས་ནང་སྙོ་འབོག་གཏོང་། །མ་ཁ་ཁ་རུ་ཙ་བག་ཤ་བག་རུ་ཏྲ་བག་མེ་མུ་རུ་ལུ་རུ་ཕཊ་ཛ། ཧུ༷་གསང་བའི་སྲོག་བདག་ཉི་ཟླ་ཡང་། །ཕུར་པའི་ལྟ་བུ་དབང་བསྐུར་བས། །རྐང་པའི་མཐིལ་དུ་གདབ་པར་བྱ། །ཞ་གྲུམ་སྒུར་ནད་འཐེང་གྲུམ་གཏོང་། །བ་ལུ་བ་ག་ར་ན་ག་ཏ་མེ་ས་ཤ་ཁ་ས་ས། ཕུར་པ་བཏབ་པས་ཐུན་སྔགས་བྲབ། །ཨོ་མ་མ་མ་རང་ཁ་ཐུན་སྨྱོ། ༷མ་མ་ཏ་ར་ཙ་ཐུན་སྨྱོ། མཧྭ་པ་པ་མ་ཧྭ་དེ་བ་ལ་ཧ་མ་རུ་ཏ་སྨྱོ་སྨྱོ། ཐུན་གྱིས་བརྒྱབ་ན་ནུབ་པར་འགྱུར། །ལིང་ག་གཏུགས་ནས་གཏོར་མར་གསལ། །རི་གསུམ་རྩེ་ལ་ཡས་སྟགས་རྒྱལ། །རྒྱལ་པོ་སྲུང་བའི་སྔགས་ལ། ཨོ་ཁ་དུང་ཤེ་ཤེ་ཤ་པྲ་ལ་མ་རུ་ཏྲ་ར་ཁྲང་ར་ཁྲ་སྲུཧྭ། སྲོག་བདག་འཁོར་དང་བཅས་པས་ནོར་སྒྲུབ་པའི་སྔགས་ལ། ཨོ་འཛམ་པེ་ལ་འཛམ་པེ་ལ། ཤེ་པ་འགེམས་མིས་སྲུམ་སྲུམ་དྲུམ་དྲུམ་གྲྭཧྭ། རྒྱལ་པོ་འཁོར་དང་བཅས་པས་བྱེས་ཡུལ་གར་འགྲོ་ཡང་། དགྲ་བགེགས་མི་འབྱུང་བའི་སྔགས་ནི། ཨོ་ས་ན་ན་ས་ས་ཧ་ཀི་ར་ཀ་ར་མ་ར་རུ་ལུ་རུ་ལུ་ཕཊ་ཕཊ་སྐྱོ་སྨྱོ། རྒྱལ་པོས༷་བདག་གམ་གཞན་མཚོན་འབབ་པར་འགྱུར་ན། དེ་བཟློག་པའི་སྔགས་ལ། སུ་པ་ར་ཙ་ར་བ་ཤ་མ་ཞི་མ་ཤསྟི༷་ཀུ་རུ་གྲྭཧྭ། རྒྱལ་པོ༷་འཁོར་དང་བཅས་པས། རིགས་རྒྱུད་འཕྲོག་པ་དང་རབས་བཅད་པའི་སྔགས་ལ། ཨོ་མ་ཀ་ལ་གྲ་ས་ཏེ་མ་བདུད་རྣམས་རྗོམས་རྗོམས་གྲྭཧྭ། རྒྱལ་པོ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་། ཤོད་བཏང་བའི་སྔགས་ལ། ཨོ་མ་མ་རམ་ཡམ་བེར་སྣོད༷་ཙ་ལ་ཁས་ཁས་དུ་གྲྭཧྭ། རྒྱལ་པོས་སེར་བསྡུ་བའི་སྔགས་ལ། ཧུ༷་ཤ་ར་གིང་རམ། ཤགཤག་རྒུག་རྒྱུག་རམ། ཤ་ཤ་དགྲ་བོའི་སྙིང་ལ་ཤ་ཤ །འབྲུལ་ཏིལ་མར་སྣོག་སྔགས། །རྒྱལ་པོས་མནོལ་བཏང་བའི་སྔགས་ལ། ཨོ་མ་ཧྭ་ཕྲག་ཤི་བབ་མེ་རུ་ཁ་ལ་ཨ་ཙི་ཁ་ལ་དགྲ་བོ་ཕྲོལ་ཕྲོལ་ཤག་ཤིག་སྨྱོ། ཞེས་སྔགས་ཀྱི་དོན་བསྟན་པས་ལས་རྣམས་གྲུབ། གང་ལྟར་བྱས་ཀྱང་ཐོགས་པ་མེད། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་གསང་བར་བསྒྲུབ་པའི་སྙོ་འབོག་ཏུ་བཏུང་བའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བྱེད་འཆམ་ལ་དབབ་སླད་དུ། །གནོད་སྤྱིན་གདུག་པའི་ཟླ་གསང་གསུངས། །དད་པ་གསུམ་ལྡན་རྣལ་འབྱོར་པས། །དམ་ཚིག་རང་གི་སྲོག་བཞིན་སྲུངས། །བླ་མ་མཉེས་པའི་རིམ་འགྲོ་བྱ། །དུར་ཁྲོད་ནགས་ཚལ་དགོན་པ་མྲ །ཕྱི་བཤགས་འབུམ་ལ་སོགས་པ་གདོན།།བསོད་ནམས་ཚོགས་ཀྱི་ཡན་ལག་བསག །མ་ཉེས་དཔང་གཟུགས་གླུད་གཏོར་བཏང་། །གནོད་སྤྱིན་འདི་ཉིད་བསྒྲུབ་པར་བྱ། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ལས་གྲུབ་རིམ་གྱི་ཞིང་ཁམས་ན། །གནོད་སྤྱིན་བྱེ་བ་ས་ཡ་གནས། །དེ་དག་ནང་ན་དྲེགས་པའི་སྐུ། །མཐུ་སྟོབས་ལྡན་པའི་གང་ཟག་བསྒྲུབ། །དཀྱིལ་འཁོར་དབུས་སུ་ཁྲི་བརྩིགས་ལ། །སྟེང་དུ་གནོད་སྤྱིན་སྐུ་གཟུགས་བཞག །ཙན་དན་རིགས་ལས་འབུར་དུ་བརྐེའོ། །ཆུ་ཤིང་ལེབ་ལ་གེལ་གེལ་པོ། །སྐུ་མདོག་སྔོན་པོ་བསིལ་ལྡན་པ། །དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན། །ཨུཏུལ་སྔོན་པོའི་ཕྲེང་བས་མཛེས། །གཡས་ན་ཤིང་ཐོག་དམར་པོ་བསྣམས། །གཡོན་ནས་མི་ལྤགས་རྒྱལ་མཚན་བསྣམས། །གཡས་པའི་གཟུགས་བཅས་སྙིང་ཁར་གཞུག །དེ་ཡི་དབུས་སུ་༼དངོས་གྲུབ་་དངགྲུ༽གསུམ། །རྩེ་མོ་བྱང་དུ་བལྟས་པ་ལ། །ནང་དུ་ཁྲག་དང་སོལ་བས་བྱུག །ཏིལ་གྱི་བྱེ་མས་དགྲ་བོ་གཟུགས། །ལོ་ཁྲག་བླ་དུག་བྲིས་ལ་གཞུག །ཞབས་མས་དྲིལ་ལ་ཚོན་སྐུད་བཅིང་། །གྲུ་གསུམ་བྲིས་པའི་ནང་དུ་གཞུག །མཐའ་མ་རྩང་གིས་བསྐོར་ལ་བཞག །གཟུགས་ཀྱི་སྐེ་ནས་སྔོན་མར་བཅིངས། །སྣ་ཅིག་སྐུ་ཡི་ཞབས་ལ་བདུགས། །སྔགས་པའི་མདུན་དུ་དམ་རྫས་དགྲམ། །ལ་ཕུག་སྐྱེ་ཚེ་རུས་ཕྱེ་ལ། །དེ་བཞིན་གཏོར་མ་བྱས་ཏེ་བཞག །ཉུངས་ནག་ལན་ཚྭ་དུག་དང་སྦྱར། །གཟུགས་ལ་བྲབ་ཅིང་ངན་སྔགས་བཟླས། །མ་ཉེས་དཔང་གཟུགས་འོ་དོད་འབོད། །དེ་བཞིན་རིམ་པའི་ལས་རྣམས་བྱ། །དུར་ཁྲོད་རས་ལ་འཁོར་ལོ་བྲིས། །དུག་ཁྲག་སྦྱར་མས་བྲི་བར་བྱ། །རིམ་པ་བཞིན་དུ་དྲག་སྔགས་དགོད། །སྤྱན་དྲངས་བཞུགས་བསྟོད་མཆོད་པ་བྱ། །འཕྲིན་ལས་བཅོལ་ཞིང་ནང་ལས་བསྐུལ། །ལྷ་དང་འཕྲལ་ཞིང་རྫས་ཀྱི་བདུག །དྲག་སྔགས་བཟླས་ཤིང་འཁོར་ལོར་གཞུག །བསད་པ་ལས་ཀྱི་སྦྱོར་ལ་འཇུག །གཞན་སྲེག་འཕང་དང་གསུམ་ལ་གཏད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྐྲུ་གྲི་གནོད་སྤྱིན་གྱི་ཟླ་གསང་། གང་བ་བཟང་པོ་ཕྱི་ལྟར་སྒྲུབ་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། གང་བ་བཟང་པོ་ནང་ལྟར་སྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་གྱིས་བསྐོར་བར་བྲི། །དམར་སྨུག་མེ་ཡི་ར་བར་སྐོར། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །མདུན་དུ་གང་བ་བཟང་པོ་དགོད། །མཚན་ལྡན་ཐོད་པ་དུམ་གསུམ་དུ། །ལ་ཕུག་རུས་པའི་ཕྱེ་མ་དང་། །སྙིང་སྣ་ཁྲག་སྣ་སྦྱར་བ་བཞག །དབུས་ཀྱི་གྲུ་གསུམ་ཐུར་དུ་རྐོ། །ནང་དུ་རབས་ཆད་ཐོད་པ་གཞུག །ཉུངས་ནག་སྐེ་ཚེ་ལན་ཚྭ་དང་། །དུག་དང་སྨེ་ཁྲག་སྦྱར་བར་དགོད། །དམིགས་པའི་མིང་རུས་ཞི་བཞིན་བྱ། །བཅས་པའི་ཐོད་པའི་ནང་དུ་གཞུག །དུར་ཁྲོད་གྲོང་ཁྱེར་བཅོམ་ནས་དང་། །མཚན་མའི་རས་བརྒྱད་འདུལ་བར་བྱ། །ལྡོང་རོས་སེར་པོས་བཀྲུ་ཚད་བྱུག །དུག་ཁྲག་སྦར་ལས་འཁོར་ལོ་བྲི། །དེ་བཞིན་ཡི་གེ་འདོད་བྱས་པས། །ཐུན་གྱི་ཐོད་པ་ཁ་ཡང་བཅད། །དེ་རྣམས་རིམ་པས་ལས་རྣམས་བྱ། །ཧཱུཾ་གསང་༼བ་༽ཐུགས་ཀྱི་དཀྱིལ་འཁོར་འདིར། །སྒྲུབ་པའི་གནོད་སྤྱིན་ཆེན་པོ་སྤྱན་འདྲེན་ན། །བྱེ་བ་ས་ཡ་འཁོར་དང་བཅས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་རྒྱའི་ཧ་རག་པར་རྣམ་པར་ས་མ་ཡ་སྭཧྭ། གསེར་ལྟར་རབ་ཏུ་བརྟན་པའི་རི་ངོས་ལ། །རྨ་བྱ་རབ་གནས་གསེར་དུ་སྣང་བ་ལྟར། །བདག་གིས་ཁྱེད་བསྒྲུབ་ཁྱེད་ཀྱི་རང་བཞིན༷་༼བསྒྲུབ༽། །གྲུབ་པའི་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །བརྟན་པར་བཞུགས་ཤིག་གནོད་སྤྱིན་ཁྱེད། །མཆོག་ཆེན་རྩལ་བཀྲམ་བཞི་བྱ་བུ་རྒྱ། །དུག་དང་མན་ཤེལ་ཁྲོ་ཆེན་བརྟན་པར་བཞུགས། །ས་མ་ཡ་ཏིཛི་ལྷན་སྟོ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པ། །དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པར་འབུལ། །དར་གྱི་ལྷབ་ལྷུབ་གླུ་གར་རོལ་མོར་བཅས། །བསམ་པ་དག་པས་སྦྱར་ནས་མཆོད་པར་འབུལ། །དྲིལ་བུ་སྒྲ་སྙན་ཡིད་འོང་སྤོས་དང་བཅས། །མར་མེ་བཅོས་དང་ཁྲག །མོས་པས་འབུལ་ལོ་ཞེས་སུ་གསོལ། །ཨོ་ར་ར་པེ་བ་ཙཀྲ་མ་ཧྭ་དེ་བ་པྲུ་ཙ་གྲྭཧྭ། དེ་ནས་གསང་སྔགས་རབ་བཟླས་ཏེ། ཨོ་བྷ་བུ་རོ་ཏ་ཛ། མང་བྷ་ཡ་བག་ཤ་ཛ། མ་ཏྲ་མུ་རུ་ཧྲ་ཛ། སྙིང་ཤད་ཤད་དུ་ཛ། སྲོག་ལ་བྲེང་བྲེང་ཐུན་ཛ། གནོད་སྤྱིན་ཀློག་འོད་དང་སྒྲ། །ས་གཡོས་ཐོག་དང་སེར་དང་། །གོང་གི་སྔགས་ཀྱིས་དྲག་ ཏུ་ བདེན། །ཐུགས་དམ་བསྐུལ་ཏེ་འཕྲིན་ལས་བཅོལ། །དུས་དྲུག་སྔགས་འདི་བཟླས་ཏེ་བརྡེག །ཨོ་བཛྲ་ལེ་མ་ད་ཛ་ལེ། རསྒ་བག་ཤ་སྡིག་སྙུད་དེ། པ་ལ་བག་ཤ་གྲྭ་ཧྭ།འདི་ནི་སྔགས་ཀྱི་རྒྱལ་པོས་བྱ། །ཐམས་ཅད་གྲུབ་པའི་སྔགས་ཞེས་བཤད། །འཁོར་བཅས་ཀྱི་ནི་དམ་རྫས་ཏེ། །བྱང་ལྟས་ཆུ་མིག་བསྔོས་སྦས་ན། ཁྲག་སྒྱུག་འཆི་བར་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྐྲུ་གྲི་གནོད་སྤྱིན་ཟླ་གསང་གང་བ་བཟང་པོ་ནང་ལྟར་སྒྲུབ་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤེད་རྗེ་གཤེད་པོས། གང་བ་བཟང་པོ་གསང་བ་ལྟར་བསྒྲུབ་པ་འདི་ལྟར་གསུངས་སོ། །དམ་ཚིག་གསང་སྒོ་ཐུབ་པའི་དུས། །བླ་མ་མཉེས་ཕྱིར་ཡིད་འཐད་འབུལ། །གཞན་དོན་མ་ཡིན་རང་དོན་དུ། །སྒྲུབ་པ་གོང་བཞིན་ཚུལ་བཤམས་ཏེ། །ཏི་ཏིང་ང་འཛིནསྐམན་ངག་ཚུལ་བཞིན་བྲིས། །ཨ་ཀ་རུ་དང་དུ་རུ་སྐ། །ལུག་མིག་ཀ་ར་ཤ་པ་ལ། །སྔགས་འདི་དག་ཀྱང་རབ་ཏུ་བཟླ། །ཨོ་ཛ་ལ༷་མ་ཧྭ་ཛ་ལ༷། ཡསྒ་བག་ཤ །སྟི་སྟི་སུ་དེ་བ་ལ༷། བག་ཤ་སྭ་ཧྭ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །སྔོན་དུ་བསྙེན་པ་སུམ་འབུམ་བྱ། །ལུས་སྲུང་སྦྱོར་བ་འདི་བཞིན་བྱ། །དཔུང་པ་དག་ལ་བཏགས་གྱུར་ན། །ནད་རྣམས་ཐམས་ཅད་བྱང་བར་འགྱུར། །དེ་ནས་གསད་པའི་སྦྱོར་བ་འདི། །ཀ་ནི་ཀད་པར་བུ་ཏ། དབུས་སུ་སྟེ་བྱེ་ཤ་ཀ་ར།ངང་པའི་སྐྲོ་ལ་བསྒྲུབས་ནས་ངང་། །གཟུགས་ལ་དུས་དྲུག་མཆོད་བྱས་ཏེ། །ཕྱག་བྱས་བཟླས་པ་བྱས་འགྱུར་ན། །ལོངས་སྤྱོད་དཔག་མེད་ཐོབ་པར་འགྱུར༷། ཁྲ་དང་རྒོད་དག་རྟ་མཆིན་དང་། །བ་ལང་དག་ལ་བཟླས་ཕྱིན་ན། །རྟ་བོང་ལ་སོགས་མགོ་ཟླུམ་རྣམས། །འཆི་འམ་ཡང་ན་སྙོ་བར་འགྱུར། །ཙིལྟི་རུས་པའི་གྱོ་མོ་གསུམ། །སྔགས་འདི་བཟླས་ནས་བྱིན་འགྱུར་ན། །ཨཱོཾ་ཧུ༷་ཧུ༷་རི་ཏ་ཛ། མ་ག་ལ་བག་ཤ་ཛ། ར་ཏ་མ་རུ་ཏུ་ཛ། སྙིང་ལ་ཤད་ཤད་དུ་ཛ། སྲོག་ལ་བྲེང་བྲེང་ཐུན་ཛ། གླང་ཆེན་བ་གླང་ཞོན་ནས་ནི། །བསེ་དང་ཀང་ཀ་རུ་ལ་ཡང་། །སྔགས་འདི་བཟླས་ནས་བྱིན་འཀྱུར་ན། །ལུས་ལ་བྱིན་ནས་འཆི་བར་ངེས། །བོ་བ་ཀི་དང་བ་མར་དང་། །བུ་མར་སྦྱར་ཏེ་རི་ལུ་བྱ། །ཟླ་བ་གཟའ་ཡིས་ཟིན་དུས་བྱ། །ལིང་ག་བྱས་ཏེ་བསྐུལ་ནས་དང་། །ཆུ་མིག་ནང་དུ་ཐོད་པ་མནན། །མཛེ་དང་ཤུ་བས་ཟིན་པར་འགྱུར། །གསོལ་ཞོ་བཙན་དུག་སྦྱར་བས་ནིགསང་ སྔགས་གོང་མ་བཟླས་ནས་ནི། །ཤ་ལ་རེག་པའི་ གོས་ལ་བསྐུ། །ལྷོག་པ་གར་པོའི་འཆི་བར་འགྱུར། །ཡང་ན་སྐྲངས་ནས་འཆི་བར་འགྱུར། །ཡང་༼ན༽་ ཞ་གྲུམ་འགྲོ་མི་ནུས། །དང་པོ་ཁས་བླང་བཞིན་དུ་བྱ། །ཕག་དང་སྤྱང་ཀིའི་མཆེ་བ་དག །ཝ་རི་ལི་མ་སྤྱང་དུག་ལ། །ཉི་མ་གུང་ངམ་ནམ་ཕྱེད་ན། །སུམ་འབུམ་བཟླས་ཏེ་བདེན་པའོ། །མཁར་ལ་བརླབ་ན་འཇིག་ཅིང་འགགས། །དེ་ནས་ཐོག་ཆེན་འབེབས་པའི་དོན། །གསེར་དངུལ་ཟངས་ལྕགས་འཁར་བ་དང་། །སྲི་རྡོའུ་ཆེན་ཤ་རི་རམ། །དེ་རྣམས་ཐོད་པ་དུམ་གསུམ་དུ། །ཡུགས་སའི་སྐྲ་དང་ལ་ཆ་སྤེལ། གོང་གི་སྔགས་བཟླས་ལྷ་རྟེན་རྩར། །གདོན་མི་ཟ་བར་ཐོག་འབེབས་འགྱུར། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་ཟླ་གསང་གི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདསགཤིན་རྗེ་གཤེད་པོས། འགལ་བྱེད་ཆམ་ལ་དབབ་ཕྱིར་དུ། །གདུག་པ་སྐུ་ཡི་ཟླ་གསང་གསུངས། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུ། །ངོ་མཚར་ཆུ་བོ་འབབ་པ་ལ། །རབ་ཏུ་མི་འགྱུར་ཀླུ་ཡི་གནས། །དེ་ཉིད་དྲེགས་པས་འདུལ་བའི་ཕྱིར། །བཅོམ་ལྡན་གཤིན་རྗེགཤེད་པོ་ཡིས། །ལག་ན་རྡོ་རྗེར་སྐུར་གསལ་ཏེ། །ཕྱག་ན་རྡོ་རྗེ་ཐུགས་ཁྲོས་པ། །གསེར་མིག་འབར་བའི་རྒྱལ་པོ་ཡིས། །གདུག་པ་ཀླུ་རྣམས་བྲེད་འགྱུར་ཏེ། །རབ་ཏུ་མི་བགྲུངས་ཀླུ་རྣམས་ཀྱིས། །རབ་ཏུ་འཛེར་ཏེ་འདི་སྐད་བརྗོད། །ཀྱེ་མ་རྡོ་རྗེ་གཟུགས་མཛེས་པས། །རབ་ཏུ་རྔམ་པའི་རྡོ་རྗེས་སོ། །ལྕགས་ཀྱུ་འབར་བར་རབ་ཏུ་བརྗིད། །གསེར་མིག་དྲ་བ་རབ་ཏུ་བགྲད། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །ཤེས་རབ་ཐབས་ལྡན་གཤོག་པས་བརྒྱངས། །ཐབས་ལྡན་སྡེར་མོ་རབ་རུ་བརྡེག །ཀྱེ་མ་སྐུ་སྟོད་མཆོག་གི་གཡང་གཞི་ཅན། །སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་པ་ཚལ་ གསུམ་སེ་རལ་ཁ། །རལ་འཕགས་ཁྱད་པར་གདེངས་ཤིང་འཐོར། །བདག་ཅག་རྣམས་ཀྱི་དམ་ཚིག་ལྷ། །དྲག་པོ་ཆ་བྱད་ཟླ་གམ་རྒྱལ། །དྲག་པོ་ཆེན་པོ་བཀའ་བཞིན་བགྱིད། །ཞེས་ཚོར་ཞིང་ཐོན་ནས། དམ་ཚིག་འདི་སྨྲས་ཏེ། སྐུ་ལ་གྲིལ་ལོ། ན་ག་དུ་ས་ན། ཧྲི་པ་ལ་དུ་ས་ནི། གར་སར་ཏི་གྲྭཧྭ། དེ་ནས་གསེར་མིག་འབར་བ་ཡིས། །ང་རྒྱལ་ཆེན་པོའི་འདི་བསྟན་ཏེ། །དབང་དུ་བསྡུ་ཕྱིར་དམ་ཚིག་ཕྱག་རྒྱ་བསྟན། །ཟླ་རྣམས་རབ་ཏུ་བརྒྱད་པ་སྟེ། ཁྲོས་པའི་ང་རྒྱལ་འདི་བརྗོད་དོ། །ཏ་ཀི་ཛ་ཏེ། ཧུ༷་ཡ་ཧུ༷་ཡ།ཧུ་ལུ་ཧུ་ལུ། བུ་རེ་ཏེ་གྲྭཧྭ། ཞེས་བརྗོད་པས། ཆེ་བ་བརྒྱད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རིགས་བཞི་ཀླུ་རྣམས་ལ། །རབ་ཏུ་ཆེ་བ་བསྟན་པའི་ཕྱིར། །ཉིད་ཀྱི་གཞལ་ཡས་ཁང་ཆེན་པོ། །རབ་ཏུ་བརྗིད་པ་འདི་ཉིད་དུ། །བྱོལ་སོང་རིགས་དང་ཐབས་ཅིག་པ། །འདུག་པའི་གནས་ནི་འདི་ལྟ་སྟེ། །རྒྱ་མཚོ་ཆེན་པོས་དབུས་ནས་འབར། །རིག་ཆེན་རི་རབ་མཆོད་རྟེན་གཟུགས་དང་འདྲ། །བུམ་པ་ཡིད་བཞིན་ཤིང་ལོས་བརྒྱན། །སྤྲུལ་གཉིས་དར་ཕྱངས་ལྟ་བུར་མཛས། །རིགས་གཞན་རྒྱན་གྱིས་རབ་ཏུ་བཀླུབས། །སྒོ་བཞི་ཀ་བར་རབ་ཏུ་ལྡན། །དང་པོ་སྦྲུལ་གཉིས་རབ་ཏུ་མཛེས། །བྱོལ་སོང་སྤྱོད་པ་རབ་ཏུ་ལྡན། །དེ་ཉིད་བླ་མའི་ཁོག་གསེང་ན། །གསེར་གྱི་མིག་ཅན་འབར་བ་དང་། །ཐབས་ཅིག་བཞུགས་པ་འདི་ལྟ་སྟེ། །གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་། །དགའ་བོ་ལྡན་པས་སོགས་པ་དང་། །དགའ་བོ་འཇོག་པོ་མ་དྲོས་དང་། །རིགས་ལྡན་ཀླུ་ཡི་གཙོ་བོ་བརྒྱད། །སྐུ་ལ་འཁྲིལ་དེ་གནས། །གྱད་དོར་མེར་སོགས་སྤྲུལ་པའི་རྒྱན། །དར་འཕྱངས་མ་དང་པདྨ་ཅན། །ཀླུ་མོ་རིགས་བཞི་མ་དང་ཐབས་ཅིག་ཏུ་བཞུགས། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཡིས། གཉེན་པོ་བསྒྲུབ་པ་འདི་གསུངས་སོ། །མགོན་པོ་དུར་ཁྲོད་མཚོ་གླིང་ངམ། །ཆུ་མིག་གང་ན་གནས་པའི་ས། །དཀྱིལ་འཁོར་ཆ་གཉིས་ཡིདའོང་ལ། །དྲི་སྤོས་སྨན་གྱི་ཆག་ཆག་གདབ། །འཁོར་ལོ་རྩིབས་བཞི་མུ་་ད་ལྡན། །སྒོ་ བཞི་དང་ལྡན་པ་ཡི་བྲིས། །དབུས་སུ་ལག་ན་རྡོ་རྗེ་སྟེ། །འཁོར་ལོ་བཞི་ལ་བྱ་ཁྱུང་བཞི། །གྲུ་ཆད་མཆོད་པའི་བུམ་པ་བཞི། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་སྣ་མེ་ཏོག་ལྔ་ལ་སོགས།།བཅུ་གཉིས་ལྔ་ཉིད་བྱིན་གྱིས་རླབས། །སྒོ་བཞི་མཆོད་པའི་གཏོར་མ་བཞི། །མ་ཧྭ་སྟོབས་བཙས་པ་ཡི། །གསོད་མ་ང་ཡི་ཕན་རྗེ་ཅན། །མཁའ་ལྡིང་མཆོད་པའི་རྗེས་སུ་བཞག །དེ་ནས་ཏིང་འཛིན་རིམ་པ་ནི། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་སྙིང་རྗེ་འབྱུང་བ་དང་། །གསུམ་པ་རྒྱུ་ཡི་རྣམ་པ་ལས། ཁ༷་གིས་ས་བོན་ལས་བྱུང་བའི། །རྒྱ་མཚོ་ཆེན་པོ་དབུས་སུ་ནི། །ལ༷་ལས་རིན་ཆེན་རི་རབ་བསྐྱེད། །དེ་སྟེང་ཁ༷་ལས་ག་རུ་ཊ། །རྡོ་རྗེ་གཤེད་པོས་བྱིན་རླབས་ལས། །བྱ་ཁྱུང་རྒྱལ་པོ་འབྱུང་པོ་ས། །དཀར་དང་དམར་དང་སེར་དང་ལྗང་། །འཁོར་ལོ་རྩིབས་བཞི་སྟེང་དུ་བསྒོམ། ཁྲར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་སྟོབས་པོ་ཆེ། །སྐུ་མདོག་དཀར་པོ་སེ་འོད་འབར། །དབུ་གསུམ་རྡོ་རྗེ་མཆུ་ཕྲ་མ། །རིང་ལ་དམར་ཞིང་སྤྱན་ཡང་མང་། །ཞལ་གདངས་རལ་པ་སྤྲུག་པའི་ཚུལ། །ཡེ་ཤེས་གཤོག་གདེངས་ཡེ་ཤེས་སྐུ་ལགསོལ། །སྐུ་དང་ཡན་ལག་རིན་ཆེན་བྱེད་དུ་བརྒྱ། །ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་འཆང་། །བར་མ་ལྕགས་ཀྱུ་ཐལ་མོ་སྦྱར། །གཡོན་གྱིས་དང་པོ་རིན་ཆེན་ཟུར་བརྒྱད་བསྣམས། །བར་མ་ཞགས་པ་ཐལ་མོ་སྦྱར། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་གཟི་བརྗིད་འོད། །དབུ་གསུམ་མདོག་༼དམརསྐ་ རལ་པ་ལྕང་ལོར་འཁྱིལ། །ཞལ་གདངས་ཡེ་ཤེས་གཤོག་པ་གདེངས། །སྐུ་དང་ཡན་ལག་ཡེ་ཤེས་མེ་ཆེན་འབར། །ཕྱག་གཡས་དང་པོ་རྡོ་རྗེ་རྩེ་ལྔ་པ། །འབར་བ་ལྕགས་ཀྱུ་རིན་པོ་ཆེ། །གཡོན་གྱིས་དང་པོ་རྡོ་རྗེ་པདྨ་འཕྱར། །རལ་པ་ཞགས་པ་ཐ་མ་དབྱུག་ཏོ་འཕྱར། །ལྷོ་ཕྱོགས་འཁོར་ལོ་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་མི་མགོ་ཅན། །དབུ་གསུམ་མདོག་སེར་རལ་པ་གྱེན་དུ་འཁྱིལ། །ཡོན་ཏན་རིན་ཆེན་སྐུ་ལ་མེ་ཆེན་འབར། །ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་བྱ། །ཕྱག་དྲུག་གཡས་ཀྱི་དང་པོ་རིན་ཆེན་འབར། །བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་། །གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར། །བར་མ་ཞགས་པ་ཐ་མ་གཡོན་ཚུལ་བརྐྱང་། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་གསེར་གྱི་ཐུགས། །དབུ་གསུམ་མདོག་ལྗང་རལ་པ་གྱེན་དུ་བཞུགས། །སྐུ་སྨད་སྣ་ཚོགས་བཤད་ཅིང་སྣ་ཚོགས་སྐྱོགས། །ཡན་ལག་རིན་ཆེན་འབར་བས་སྐུ་འབ༷ར་བ། །ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་འཕྱར། །བར་མ་ལྕགས་ཀྱུ་ཐ་མ་ཤིང་པོ་ཙ་ཕུར། །གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྒྱད། །དེ་ནས་རྩ་བའི་སྙིང་པོ་ཁྲོ་ལས་བསྐྱེད། །དེ་བཞིན་སྤྱན་དྲངས་བཞུགས་གསོལ་ཕྱག་བྱས་དེ༷། །མཆོད་དང་སྐོརྟོངས་བསྟོད༽དང་བཟླས་པ་ཚུལ་བཞིན་བྱ། །༼འབ་གླིང་བཱལི༽ལ་སོགས་པ་ནི། །བཱ་མ་ཧ་སྟི་བཅངས་པ་ཡི། །ཐོད་པ་ལྔ་ཡིས་བཅངས་པའི་རྫས། །ཟན་ཆངས་དཀར་གསུམ་འབྲུ་སྣ་དག་གིས་མཆོད། །ཨཱོཾ་ར་ཙ་མཧྭ་ཀ་རུ་ན་ཧུ༷་བྷ་ལི༷་ཏེ་པུ་ཙ། ༼འབ་ལིང་རྟི་ཁའི་བཱལིཏཁྱངཧ༽། ཞེས་པས་པྲུ་ཙ་འབུལ་བར་བྱ། དེ་ནས་རྒྱུན་སྔགས་འདི་བཟླས། ཨོ༷་ཀང་ཨོ༷་ཁང་། ཁྱུང་ཀར། ཤ་མ་ན་ན་དབྱིག་དུ། ཤ་མ་ར་དབྱིག་དུ།བཛྲ་མ་ཧྭ་ཀྲོ་ཏ་ཧུ༷་ཕཊ། སྔགས་དེ་རྩ་བ་རྒྱུན་དུ་དྲོངས། མཁའ་ལྡིང་གསོ་བའི་ལས་བྱེད་ན། །དེ་བཞིན་བདག་གམ་གཞན་ལ་བདུག་པས་འཇིགས། །ག་རུ་རྒྱལ་པོ་མཆོད་འདོད་པས། །གནས་སམ་ཁང་པའི་སྒོ་ངོས་ཏེ། །རྒྱ་ཆ་ས་འམ་བག་ཟན་ལ། །ག་རུའི་གཟུགས་བྱས་རྟེན་བཅས་ཏེ། །བྷ་ལིང་ལ་སོགས་པུ་ཙ་དང་། །འབའ་མ་ཧ་སྟིས་བཅངས་པ་ཡིས། །སོར་མོ་ལྔ་ནི་པྲུ་ཙའོ། །ག་རུ་༼པྲུ༽་ ཛ་ཉིད་ལ་དབུལ། །སྙིང་པོ་ལྔ་པོ་གང་ཡང་རུང་། །གཅིག་གིས་སྣ་རྣངས་བརྗོད་རྟིང་ལ། །ག་རུའི་ར་ཙ་གཉིས་པས་ཀྱང་། །དེ་ཡི་རྟིང་ལ་པྲུ་ཙ་མཆོད། །ཐོག་མ་ཨོ་མཐའ་གྲྭཧྭ་དབུལ། །འདི་ལྔས་བཞུད་བཞིན་བྱས་ནས་ནི། །ཀ་ལ་ཤ་སྟས་ཟིན་པ་ལ། །གྲོལ་བར་གྱུར་པས་ཐེ་ཚོམ་མེད། །དེ་ཡི་གཉེན་པོ་རིགས་བཞི་ལ། །གཉིས་པའི་བསྟོད་པ་འདི་ཡང་གསུངས། །ཧུ༷་རིགས་བདག་མཐུ་སྟོབས་བདག་པོའི་སྐུ། །ཨེ་མ་ཧོ། ཕྱག་མཐིལ་གཉིས་ན་རྡོ་རྗེ་འབར་མ་འདྲ། ཁ་ནས་གསུངས་སྙན་བཏོན་པས་ཁམས་གསུམ་དབང་དུ་སྡུད། །སྟོང་༼འཁས་ཁམསཀེདག་ཏུ་གཡོས་པའི་ཀླུ་ཆེན་ཕོ་མོ་འདུལ། །འཁའ་ལྡིང་རྒྱལ་པོ་འཇིཊ་བྱེད་ག་རུ་ཎ། །ལྕཊ་རུ་འདབ་གཤོག་ཆེན་པོས་བརྐྱངས་ནས་ནི། །གསེར་གྱི་༩སྣོད་༽འཕྲོས་གླུ་སྒྲ་དགྲ་བོ་དང་། །རྒྱ་མཚོའི་ཆེན་པོ་ཀུན་ནས་གདགས་པ་ཡིས། །ཀླུ་རྒྱལ་འཁོར་༼དུ་དང༽བཅས་པའི་ཟིལ་གྱིས་ནོན། །འཇིགས་བྱེད་གསེར་གྱི་སྤྱན་ཆེན་པོ། །ཚངས་ཆེན་པོ་ཡི་ཡུལས་རྩེ་ནས་གནོན། །གལ་ཏེ་ཀླུ་རྒྱལ་དམ་ལས་འདས་གྱུར་ན། །རྒྱ་མཚོའི་སྙིང་པོ་རྒྱ་མཚོའི་ལྦུ་བ་དང་། །གཤོག་པ་ཆེན་པོ་འཕྱར་ནས་དང་། །ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས། །མེ་ཡི་སྙིང་པོ་ཁར་བསྲེག་སྟེ། །རུལ་མྱགས་དྲི་ནི་ང་བར་འགྱུར། །ནད་ཀྱི་རྣམ་གྲངས་མང་པོས་དང་། །ལུས་ལ་ནད་དང་ཤ་བཀྲ་འབྱུང་བར་འགྱུར། །ག་རུ་ཙ་ལེ་ཙ་ལེ་ཧུ༷་ཕཊ། མཁའ་ལྡིང་རྒྱལ་པོ་ཚངས་པའི་དབྱངས། །གསེར་འདབ་བྱ་ཁྱུང་ཀ་ར་ན། །དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ། །རིགས་གསུམ་མགོན་པོ་རྡོ་རྗེ་ཡིས། །དམངས་རིགས་ཀླུ་ཡི་འཁོར་གྱིས་བསྐོར། །རྡོ་རྗེ་རྣོན་པོ་སྤུ་གྲི་སོ་གཉིས་གཙིགས། །གསེར་གྱི་སྤྱན་གཉིས་ཁྲོ་གཉེར་ཅན། །ཐམས་ཅད་རྡོ་རྗེ་རྭ་ཡིས་བརྗོད། །ཡིད་བཞིན་ནོར་བུ་གཙུག་ན་འབར། །ལྕགས་མཆུ་ཆེན་པོའི་རྣོ་དབལ་གྱིས། །རབ་ཏུ་གདུག་པའི་༼རླུ་ཀླུ༽རྣམས་ཀྱིས། །རྡོ་རྗེ་སྔར་གཤོག་བརྐྱངས་པས་ཀླུ་བོ་ཆེ། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད། །ཞེས་བརྗོད་དོ། །དབང་དུ་བསྡུ་བའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤེད་པོས། གདུག་པ་ཀླུའི་བསྒྲུབ་པ་འདི་གསུངས་སོ། །མཚོ་འགྲམ་ཆུ་མིག་ཤིང་གཅིག་རྐང་། །ནགས་ལྗོངས་མཐུག་པོ་དུར་ཁྲོད་གླིངརྟདགོནུ། །མཎྜལཆག་ཆག་ཡིད་འོང་ལ། །བ་ལས་བྱུང་བའི་རྣམ་ལྔ་ཡིས། །ཕྱོགས་བཞི་དབུས་ནས་༼ལྔས་ལྔརུ༽་ བྱུག །དེ་ཉིད་བྱིན་གྱིས་བརླབས་པའིཕྱིར། །ཧུ༷་ས་མ་ཡ། ཨོ་གིས་བྱ་བ་བྱེད་པའི་བྱིན་རླབས་ཀྱིས། །བདག་ཉིད་ཆེན་པོར་རབ་བཏགས་ཏེ། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །བདག་ཉིད་སྤྱི་བོར་དམིགས་ཏེ། ༷བདག་པོ་བཞི་ཡིས་དབང་བསྐུར་རོ། །རྡོ་རྗེ་སྦུ་གུར་མ་བསམས་ཏེགཡུ་ཕྱེ་སྔོན་པོས་དབང་བསྐུར་རོ། །དྲ་ལྷར་ཡ་བསམ་དྲེད་པས་དབང་བསྐུར་རོ། །སྙིང་ཁར་ཧུ༷་བསྐྱེད་བདག་རྟད་༽དབང་བསྐུར་རོ། །ལྟེ་བར་ཨོ་བསྐྱེད་གཉེན་པོར་རོ། །དེ་ནས་ཐིག་གདབ་རི་མོ་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་ལྡན། །གྲུ་སྒོ་རྣམས་༼སུ༽་ དེ་བཞིན་བྲི། །ལྟེ་བ་མཐིང་ཁ་པདྨ་དཀར། །མུ་ཁྱུད་དཀར་པོ་གྲུ་ཆད་ལྡན། །སྒོ་མ་སེར་པོ་སྒྲོམ་འབུར་རིམ། །དེ་བཞིན་མཚོན་རྣམས་བགྱི་བར་བྱ། །དབུས་སུ་གཉེན་པོ་དགོད་པར་བྱ། །པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད། །རང་གིས་རྩ་བའི་སྔགས་ཀྱིས་བྲི། །རྩིབས་མཆན་དྲི་མེད་བྲི་བར་བྱ། །གྲུ་ཆད་བཞི་ལ་ཀླུ་མོ་བཞི། །ས་སྟོང་གྲུ་ཆད་ཕོ་བྲང་ལ། །སྒུ་འབུར་ཧ་ས་ཏི་ག་དགོད། །ཅེས་བཟླས་པའི་ཡེ་གེ་དགུ་པ་འདི་གསུངས་སོ། །ཧུ༷་ན་ག་ག་ར་ཙ་ས་མ་ཡ། ཆེ་གེ་མོ་ཞིག་ཙིསྟ་ཛ་ལ་ཡ། ཞེས་བསྒྲུབ་པར་བྱའོ། །ཞག་དགུ་པར་ཁྲུས་བྱས་ཏེ། །ཟས་རྣམས་ལྔ་ནི་སྤངས་བར་བྱ། །དེ་དག་གྲུབ་པར་བརྟགས་ནས་ནི། །དངོས་སུ་ལོངས་སྤྱོད་༼སྣ་༽ཚོགས་འབྱུང་། །དེ་ཉིད་མངོན་དུ་མ་གྱུར་ཚེ། །རིགས་པའི་ཤམ་བུ་བཏགས་པར་བྱ། །སྒྲིར་ཏྲ་འབུར་ཏྲིས་ལས་ལ་བཟུང་། །ཞེས་དོན་ཐམས་ཅད་གྲུབ་པར་འགྱུར་་་། །དབང་བསྐུར་བྱ་བ་འདི་གསུངས་སོ། །དར་དཀར་གཞི་མ་བཏིང་ནས་ནི། །པདྨ་འདབ་བཞི་བྲི་བར་བྱ། །དཀར་པོ་ལ་སོགས་མུ་་ད་ལྡན། །དབུས་སུ་དམ་ཚིག་པ་རྣམས་སྟེ། །དེ་ནས་ཡིད་འོང་བུམ་པ་ལ། །བདུན་པོ་རི་མོ་བྲི། །དགེ་བསྙེན་གཉིས་པོར་རབ་ཏུ་དམིགས། ཁ་དོག་ཚངས་པའི་རལ་གྲིས་བཅིངས། །རྨ་བྱ་མི་འཐབ་ཕྲ་མ་དང་། །དྲག་པོའི་རྫས་ལ་གདུག་པར་བྱ། །རས་ལ་སོགས་པའི་གཟུགས་ཐབས་གདགས། །སྡེར་བཤོག་ཕྱག་རྒྱ་སྙིང་ཁར་བསྟན། །སྨན་སྣ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་རླབས་ལ། །ཨོ་ཨ་ཧུ༷། ན་ག་ཡུ་ཡུ། ན་ག་རུ་ཚུ་ལ་ནི། ན་ག་ས་མ་ཡ་མ་གྲྭ་ཧྭ། །ཞེས་དམིགས་པ་ཡི་ཡན་ལག་གསུམ་པའི་རྒྱུ། །ཡི་གེ་རྩ་གཉིས་སྒྲུལ་པར་བཤད། །ཧུ༷་སྐྱེས་བདག་པོ་གཉིས་ནས་སྒྲུལ། །ཡན་ལག་ཡི་གེ་རྩ་གཉིས་ནས། །འོད་ཟེར་སྣ་ཚོགས་བདུད་རྩིར་གསལ། །ཡེ་གེ་དམིགས་པའི་གནས་ལ་བསྡུ། །བདུད་རྩིའི་བུམ་པ་བརྟན་པར་བྱ། །མཁའ་ལྡིང་རྒྱལ་པོར་དེ་ཉིད་བསམ། །དེ་ཉིད་མི་ཡི་རས་ཀྱིས་དཀྲི། །གུ་གུལ་སྨན་ནམ་ཆུ་མིག་འདི། །བདུན་བརྒྱུད་རྩད་ནས་གཅོད་ཅེས་བསྒོ། །འདི་སྐད་ཅེས་ནི་གནད་ལ་བོར། །གདུག་པ་ཀླུ་འདིས་མི་མ་སོད་ན། །ཕྱག་ན་རྡོ་རྗེ་འགོ་བོ་འགྱེས། ཁོང་ནས་སྙིང་ཁྲག་འཇིབས་པར་བྱེད། །དེ་སྐད་ཅེས་ནི་གནས་ལ་བོར་བའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་མནན་པའི་ལས་འདི་གསུངས། །མཛེ་ཐོད་དམར་པོ་ཕ་མེས་ས་སྲ །མིང་དང་རུས་བཅུག་སྐུད་པ་སྔོན་དམར་དཀྲི། །བུད་མེད་ཞབས་མས་བཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ། །ནུབ་སྒོར་ཁ་ལྷས་ཁྱིམ་གྱི་བདག་པོ་ལ། །བ་མར་གླང་མར་འབྲི་ཡི་ཙིསྟ་དང་། །མིང་རུས་ཆ་རྐྱེན་དང་དད་པས་བྲི། །ལྷོ་འཕྱེ་ལྕགས་སྔོན་ལྟོར་བཅུག་དང་། །ཧུ༷་གྱི་མཐར་བསྐོར་ཞིག་དང་བྱ། །ལུས་གང་འདོད་པ་འཆི་དགྱེན་བྲིས་ཏེ་སྭ། །ཨོ་ལ༷་ཧུ༷་ལ༷་བྱ༷་པ་ནན། ཏི་བྱ་ཏིསྟ། ཆེ་གེ་མོ་ལ༷་ནན། མ་ར་ནན་ཨོ་ནམ་ནམ་ཏོ་ཁམས། བེ་དུ་ཆར་ཀ་སྲ་ན་སྲ་ཁས། ན་ག་པུ་ག་ནན་ག་པུ་ན་ག་ལེན་ག་གྲྭ་ཧྭ། བདག་ལ་མི་ཚུགས་པར་བྱ་བའི་ཕྱིར། །གནོད་པས་རྡོ་རྗེ་རྒྱ་གྲམ་བསམ། །ས་སྒོ་རང་གི་དྲི་མས་རབ་ཏུ་སྦས། །མ་ཉེས་དཔང་གཟུགས་ཀླུ་སྲིན་དབང་དུ་བསྡུས། །དེ་ལྟར་བྱས་ན་ངེས་པར་རབ༷ ་གྲུབ་༼འགྱུར༽། །དེ་ནས་ཀླུའི་དྲག་སྔགས་དགོད་པའི་སྔགས་འདི་གསུངས། །ན༷ ་ག་ར་ཙ་བ་སུ་ཀི་ནི་བེ་ད།ན་ག་ར་ཙ་བ་སུ་ཀི་ནི་ཛ་ཛ། ན་ག་ནི་ན་ག་ནི་ཛ་ཛ། ཡུ་ཡུ་ཡུ་ད་མ་ནི། དམ་པ་དུ་ནི་ན་ག་ར་ཙ་བ་སུ་ཀི་ཨོ་པྲི་ཏ་སརྦ་ས་མ་ཡ། ན་ག་བི་ཙ་ག་ལོ། ན་ག་ར་ཙ་ན་ག་སུ་ན་ག །ཛ་ཧུ༷་ཛ་ཧུ༷། ཨཱོཾ་ཆེ་གེ་མོ་ས་མ་ཡ་ཛ། ཧུ༷་ན་ག་ཧུ༷་ན་ག །ཨོ་ན་ག་ར་ཙ་བ་སུ་ཀི་ཛ་ཛ། ཨ་ཨ་ད་ད་ན་ན་ཨོ་ན་ག་ར་ཙ་ཛ༷༷ཧུ༷་བ༷་ཧོ། ཆེ་གེ་མོ་ཨ་ཀརྙ་ཡ། ཨ་ཀརྙ་ཡ། ཚིན་ཡང་ཚིན་ཡང་ལེན་ཡང་ལེན་ཡང་། པྲ་ལེན་ཡང་། ན་ག་ཙི་ས་ན་ག་ཙི་ས་སྡོམ། ན་ག་པུ་ག་ལ་ན་ག་བུ་ག །ཧུ༷་ཛ་ཧུ༷་ཛ། ཆེ་གེ་མོ་མ་ར་ཡ་ཛ་ཛ། ཨ་ཧྲུ༷་ཕཊ། ན་ག་ར་ཙ་བ་སུ་ཀི་ཛ་ཛ། མ་ཛ་ཡ་ཧུ༷་ཕཊ། ཨོ༷་ལ༷་ཧྭ༷་ལ༷་བྲི་ཏི་ཤང་ནན། ཏི་ཤ་ཛ་ཏི་ཤང་ནན། ཆེ་གེ་མོ་ལ༷་ནན། ཤ༷་པ་ནན། མ་ར་ཡ་ནན། ཨོ༷་ནན་ན༷་ཏོ་ཁས། གཡེ་ཆད་ཁས། ནན་ཏི་ཁས་ས་ར་ནན། སྲ་ཁས་ན་ག་པུ་ག་ལྔ། ན་ག་ལེ་ན་ག་ལེ་སྣཧྭ། ན་ག་གྲུ་ལ་ར་སྨྱོ། དི་བཞིན་སྔགས་རྣམས་རྫོགས་པར་འགྱུར་ནས། མ་ཆེ་ན་མཛོ་ལ་མ་ར་ཡའོ། །མཛེ་ནན་གདུག་པ་ཟླ་གསང་གི་སྐབས་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་འདི། །ཟས་ངན་གོས་ངན་གནས་དུས་ངན། །གསུམ་གྱིས་དུས་སུ་ངེས་འབྱུང་གིས། །འཁོར་ཏུ་གཏོགས་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །རང་རང་དམ་ཚིག་གནས་ཤིང་ཞལ་འཆེས་པ། །ང་ཡི་དམ་ཚིག་རྗེས་སུ་བསྲུང་བར་གྱིས། །ཀུན་ཀྱང་འདའ་དང་དམ་ལས་འདའ་མི་བྱེད། །ངས་བསྟན་པ་ཡི་རྒྱ་མཚོ་འདི། །ཀུན་ཀྱང་ངའོ་དད་པས་ཞན་པ་མེད། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གཤིནརྗེ་གཤེད་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་།རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་དང་བཅས་པ། བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་དུ་རིགས་ནས། ཕྱོགསསྐྱོངགཤིནརྗེཡབ་ཡུམ་ལ་སོགས་པ་སྡེ་བརྒྱད་ཀུན་གྱིས། འདི་སྐད་ཅེས་གསོལ་ཏོ། །ཀུན་གྱི་ཐུན་མོང་མ་ཡིན་པའི། །དཔའ་བོ་ཆེན་པོས་བཀའ་བསྩལ་པས། །མཚོན་ཆེན་འཁོར་ལོ་འབར་བ་འདི། །བསྟན་པ་ཡུན་གནས་རིན་ཆེན་མཆོག །རྣལ་འབྱོར་སྐལ་ལྡན་གཏེར་གྱི་མཆོག །གང་ཞིག་ལྡན་དང་མི་ལྡན་པའི། །ཡིད་བཞིན་མཛོད་དང་བསྲེགས་དང་བསྲེགས། །མཉེས་ལེགས་སོ། །མཚམས་མཁར་བཞིན་ནོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །སྤྱི་བོས་ལན་ཅིག་སྙིང་ལ་དགོད། །ཞེས་གླེངས་ཏེ་དམ་བཅས་སོ ་གླེང་བསླང་དམ་བཅས་པའི་ལེའུ་སྟེ་དོན་བདུན་པའོ།། །།དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་རྫོགས་སོ། །བཀྲ་ཤིས།། །།དཔལ་ཧེ་རུ་ཀའི་གལ་པོ་དུར་ཁྲོད་མངོན་པར་ཕྱུང་བ་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་དེ་ཉིད་ལ། རྒྱུད་ཀྱི་དོན་བསྡུས་པ་འདི་གསོལ་བ་བཏབ་བོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། །ཡེ་ཤེས་དྲི་མེད་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཐམས་ཅད་འདུས་པའི་ངོ་བོ་ཉིད། །གསང་བ་གསང་ཆེན་ཐུགས་ལས་བྱུང་། །མ་ལུས་གཉིས་མེད་མཉམ་སྦྱོར་བ། །དཔལ་ལྡན་རང་བཞིན་སྐྱོབ་བདག་ཉིད། །ཐུགས་རྗེས་འཁོར་བ་བདེ་སྐྱོབ་པ། །བདག་ཉིད་རྒྱུད་ཆེན་ལས་བྱུང་བའི། །དྲི་བའི་ཐེ་ཚོམ་ཞུ་བར་འདོད། །རྒྱུད་ཀྱི་དོན་ནི་ཇི་ལྟ་བུ། །གསང་བ་གསང་ཆེན་དོན་ནི་གང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གང་། །སྐུ་གསུང་ཐུགས་ཀྱི་དོན་བསྡུས་ཅི། །གཉིས་མེད་ཅེས་པ་ཇི་ལྟ་བུ། །ཡེ་ཤེས་དྲི་མེད་གང་ལ་བགྱི། །རྗེས་ཆགས་བདེ་བའི་དོན་ཅི་ཞིག །འཁོར་བ་ཐུཊ་རྗེས་ཇི་ལྟར་བསྒྲལ། །སྲོག་གཅོད་མ་བྱིན་ལེན་པ་དང་། །རྫུན་དང་འདོད་སྤྱོད་རིམ་པ་ཡིས། །རིག་པའཛིན་པ་ཇི་ལྟར་གྲོལ། །ཀུན་གྱིས་སྤངས་པའི་སྨྲས་པ་དག །སྤྱོད་པ་དངོས་གྲུབ་ཇི་ལྟར་འགྱུར། །ཆགས་པ་ཞེན་པས་འཆིང་བ་ཡི། །འདོད་ཡོན་ལྔ་ཡིས་ཇི་ལྷར་གྲོལ། །དངོས་གྲུབ་དཀྱིལ་འཁོར་ཇི་ལྟ་བུ། །བསྡུས་པའི་ལས་ནི་དུ་ཞིག་བཤད། །ཕྱི་ནང་ལས་ཀྱི་ཁྱད་པར་གང་། །སྙིང་པོ་དཀྱིལ་འཁོར་ཅི་ཞིག་ལགས། །བསྒྲུབ་པ་གསོ་བའི་ཆོ་ག་གང་། །རྫས་ཀྱི་ཁྱད་པར་ཇི་ལྟ་བུ། །ཐུབ་པའི་རྟགས་ནི་ཇི་ལྟ་བུ། །དབང་དང་དངོས་གྲུབ་ཆོ་ག་དང་། །བརྡ་ཡི་ཁྱད་པར་གང་གིས་མཚོན། །དངོས་གྲུབ་བླང་བའི་རིམ་པ་ཅི། །ལེགས་པར་བདག་ལ་བཤད་དུ་གསོལ། །ཅེས་གསོལ་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡེ་ཤེས་ཧེ་རུ་ཀ་ཆེན་པོས། སྙིང་པོ་རོལ་པ་ཞེས་བྱ་བའི་རྒྱུད་ཕྱི་མ་འདི་བཤད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །མ་ལུས་སྐུ་གསུང་ཐུགས་ཀྱི་མཆོག །དབེན་མེད་བདེ་ཆེན་རོལ་པའི་མཆོག །སྲིད་དང་མྱ་ངན་འདས་རང་བཞིན། །དཔལ་ལྡན་སངས་རྒྱས་ཀུན་འདུས་པའི།།དམ་ ཚིག་སྡོམ་པ་ངོ་མཚར་ཆེ། །རྒྱུད་ཀུན་གྱི་ཞེ་༽སྙིང་པོ་མཆོག །ཉོན་ཅིག་ལེགས་པར་བཤད་པར་བྱ། །དངོས་དང་དངོས་མེད་རྣམ་སྤངས་པའི། །རང་བྱུང་བདེ་བ་ཆེན་པོ་ཉིད། །སྐུ་དང་གསུང་ཐུགས་རྡོ་རྗེ་ཉིད། །འདུས་པས་གསང་བའི་རང་བཞིན་ནི། །རྒྱུན་དང་རྒྱུན་མིན་མཐའ་ལས་འདས། །ཐམས་ཅད་རང་བཞིན་མཁའ་ལྷར་དག །ཐོག་མ་ཐ་མ་དབུས་བྲལ་བའི། །མ་བཅོས་རང་བཞིན་སྙིང་པོ་ཉིད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདུས་པའི་ངོ་བོ་རྒྱུད་ཉིད་ནི། །འབྲེལ་དང་མ་ཚང་མེད་པ་དང་། །རྒྱུད་ནི་ཕུན་སུམ་ཚོགས་པས་རྒྱུད། །རྒྱུད་ནི་རྒྱུན་ཆགས་དོན་ཉིད་དེ། །སྔ་ཕྱི་འཁོར་བ་མྱ་ངན་འདས། །གྲོལ་དང་ཐར་པའི་བདག་ཉིད་དང་། །རྟོག་པ་ཉིད་དང་དོན་འཆང་བས། །སྔ་ཕྱི་རྗེས་སུ་འབྲེལ་བའི་རྒྱུད། །དོན་རྫོགས་པ་ཡི་བདག་ཉིད་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །དངོས་གྲུབ་ཀུན་གྱི་སྙིང་པོམཆོག །གསང་བ་ལས་ནི་གསང་འགྱུར་ཅིང་། །སྙིང་པོ་ལས་ནི་སྙིང་པོ་མཆོག །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །གསང་བ་ཀུན་གྱི་རྒྱུད་མཆོག་གོ །གསང་བ་གསང་ཆེན་དོན་ཉིད་དེ། །སངས་རྒྱས་ཀུན་གྱིས་སྐུ་གསུང་ཐུགས། །རྡོ་རྗེ་འདུས་པའི་ངོ་བོ་ནི། །རྟོག་དཔྱོད་བསམ་པའི་ཡུལ་མིན་ཏེ། །སྒྲུབ་དང་དཀའ་ཐུབ་ཡུལ་ལས་འདས། །གཉིས་མེད་གཉིས་སུ་མེད་མིན་ཞིང་། །རིག་དང་མ་རིག་བསམ་ཤཱསྤྱོད་ད་པྱདཀེམེད། །མ་ལུསའདུས་པའི་སྙིང་པོ་ཉིད། །བྱིས་པ་དམན་པས་མི་རྟོགས་ཏེ། །རྣམ་པར་དབྱེ་དང་རྒྱུ་འབྲས་དང་། །ཞེན་འཛིན་བདག་ལ་མངོན་རྟོགས་ཅིང་། །བདག་གཞན་ལོག་པས་མངོན་སྒྲིབ་སྟེ། །མ་རྟོགས་དོན་ཕྱིར་གསང་བ་ཉིད། །སྐུ་གསུང་ཐུགས་ནི་རོ་ཅིག་པའི། །མ་ལུས་བདེ་ཆེན་རྡོ་རྗེའཆང་། །གཅིག་ཏུ་ཆ་ཤས་ཡུལ་མེད་ཅིང་། །འདུས་བྱས་མེད་ཅིང་རྦ་རླབས་མེད། །བར་ཆད་ས་བོན་ཟག་པ་མེད། །མཆོག་ཏུ་རྨད་བྱུང་བསམ་མི་ཁྱབ། །བདེ་ཆེན་ནམ་མཁའི་ངོ་བོ་ལྟར། ཁྱབ་ཅིང་ཞི་བ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་སྙིང་པོ་མཁྱེན། །དཔག་མེད་ཕྱོགས་བཅུའི་རྒྱལ་བས་ཀྱང་། །བདེ་ཆེན་སྙིང་པོ་དོན་བྲལ་ཞིང་། །བདག་གཞན་ཞི་བའི་དོན་བལྟས་པས། །གསང་ལས་གོན་ཏུ་གསང་གྱུར་པ། །རང་སེམས་སྙིང་པོ་བདེ་ཆེན་པོ། །ཆ་ཤས་ཙམ་ཡང་རྟོག་པ་མེད། །ཨེ་མ་བདེ་ཆེན་གསང་བ་ཡིས། །མ་ལུས་མཉམ་ཞིང་སྙིང་པོ་ལ། །གསང་བ་འཇམ་ཞིང་དལ་བར་གཟིགས། །མ་ལུས་བདེ་ཆེན་སྣང་བ་ཉིད། །ཀུན་གྱི་ཡུལ་དུ་མ་གྱུར་པ། །སྨན་དང་སྦྱོར་བ་མ་ཤེས་ཞིང་། །རིགས་མན་ཡུལ་མིན་ཕྲ་བ་ཉིད། །གསང་ཆེན་རྨད་དུ་བྱུང་བའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །འདུལ་བའི་དོན་ཕྱིར་སྣང་བ་ནི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །ཟག་མེད་འཁོར་བའི་བདག་ཉིད་ནི། །རང་བཞིན་རྟོགས་པས་མཉམ་རྩོར་ནས། །རོ་ཅིག་པར་ནི་བསྡུས་པར་བརྗོད། །རང་སེམས་རྡོ་རྗེའི་སྙིང་པོ་ཉིད། །སྟོང་པ་སྟོང་མིན་བདེ་བ་མིན། །ཆགས་དང་མ་ཆང་ཡུལ་ལས་འདས། །རྟག་མིན་ཆད་མིན་དབུ་མ་ཡི། །ཡིད་༼སྤྱོད་དཔྱོད༽ཆོ་གའི་རྟོག་པ་མིན། །མཚོན་དང་མཚན་མ་ལས་གྲོལ་བས། །དཔལ་ལྡན་སྙིང་པོ་བརྟན་པ་ཆེ། །རང་སེམས་བདེ་ཆེན་འདུས་མ་བྱས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །མཆོག་ཏུ་རྨད་དུ་གྱུར་པའི་གནས། །སྙིང་པོ་དོན་དུ་བསྡུས་པའོ། །མ་ལུས་བདག་ཏུ་མཉམ་སྦྱོར་བ། །བདག་ཉིད་ཆེན་པོར་རོ་ཅིག་པ། །མ་ལུས་འདིར་ནི་གཉིས་སུ་མེད། །མེད་པའི་དོན་དུ་འདིར་གཅིག་པའོ། །མ་ལུས་སྐུ་གསུང་ཐུགས་སྦྱོར་བ། །གཞན་མེད་བདེ་ཆེན་རྟག་ཏུ་མཛེས། །ཐོག་མ་མེད་པའི་རྡོ་རྗེ་སེམས། །གཉིས་མེད་ས་ལ་རྟག་པར་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མ་ལུས་འདིར་འདུས་རྣམ་པར་དག །མ་ལུས་བདེ་ཆེན་ཐིག་ལེ་ཉིད། །གསང་བའི་དོན་དུ་དབྱེར་མེད་པས། །གཉིས་དང་གཉིས་མེད་ཡུལ་ལས་འདས། །གང་དུ་ཡོད་དང་མེད་པ་ཡིས། །མཐའ་དབུས་རྒྱུ་འབྲས་ལས་འདས་པ། །གཉིས་མེད་ཐབས་ལས་གང་བྱུང་བ། །འདི་ནི་གསང་བའི་དྲི་མེད་དེ། །གང་གི་མཆོག་ཏུ་གྱུར་པ་ཉིད། །མ་ལུས་གཉིས་སུ་མེད་པར་གནས། །གནས་པས་རྟོག་ས་གོམས་ལས་བྱུང་། །དམ་པའི་རང་བཞིན་གཉིས་མེད་པས། །ནམ་མཁའི་མཐའ་ལྟར་མཐའ་དབུས་མེད། །མཆོག་ཏུ་ཕྲ་བའི་བདག་ཉིད་དེ། །དང་པོ་སྤྱོད་ཡུལ་ལས་འདས་ཤིང་། །མ་དམིགས་སྒོམ་དང་སྤྱོད་ལས་འདས། །ཡུལ་མིན་ཤེས་མིན་མཚན་མ་མིན། །བདག་མེད་ཡེ་ཤེས་ལས་བྱུང་བ། །གཟུགས་མེད་སྟོང་མེད་གཉིས་ཀ་མིན། །བདེ་བ་ཆེན་པོའི་ངོ་བོ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །གཅིག་པུ་ཐིག་ལེའི་བདག་ཉིད་དེ། །མཐའ་དབུས་ཀུན་ལ་མི་གནས་པའི། །གཉིས་སུ་མེད་པའི་ངོ་བོར་བརྟག །སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དབྱེར་མེད་ཡེ་ཤེས་བདག་ཉིད་དེ། །གང་དུ་རྟོག་དང་མི་རྟོག་པའོ། །ཞེན་པའི་འདུ་ཤེས་མ་ལུས་པ། །རང་བཞིན་ཐབས་ཀྱི་རྣམ་པར་དག །གཉིས་མེད་ཡེ་ཤེས་བདེ་ཆེན་ནོ། །གཉིས་མེད་ཆ་ཤས་ཆགས་པ་མེད། །མཁའ་ལྟར་ཁྱབ་ཅིང་རྒྱ་ཆེ་བ། །བསམ་དང་སྤྱོ།ད་པ་ཡུལ་མེད་པ། །སངས་རྒྱས་ཡེ་ཤེས་གྲངས་མེད་པའ། །དམ་པའི་རང་བཞིན་ཀུན་ཁྱབ་ཀྱང་། །དམན་པ་རྣམས་ཀྱིས་མི་ཤེས་སོ། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །བདེ་བ་ཆེན་པོའི་གསང་བ་ནི། །མཁའ་ལྟར་ཁྱབ་པའི་བདག་ཉིད་དེ། །ཡེ་ཤེས་ཡིན་པས་དྲི་མེད་དེ། །ལས་དང་ཉོན་རྨ།ངས་ལ་སེ།གས་པ། །མ་ཆགས་པདྨའི་རང་བཞིན་ལྟར། །མ་སྤངས་རང་བཞིན་དག་པ་ནི། །བདེ་ཆེན་ལྷུན་གྲུབ་ཡེ་ཤེས་ཉིད། །འདི་ནི་རྨད་བྱུང་གསང་བ་སྟེ། །སྤྱོད་དང་འདུ་ཤེས་བྲལ་བའི་ཕྱིར། །དབང་དང་མན་ངག་བྲལ་བ་ཡིས། །བསྐལ་པ་བྱེ་༼བས་བར་༽ མི་ཤེས་སོ། །ལས་དང་ཉོན་མོངས་བྱ་བ་དང་། །ལྟ་བས་ཀུན་ཏུ་ཁེབས་པ་ཡིས། །བདག་ལ་གནས་པ་གཞན་ལ་རྟོག །གཉིས་འཛིན་ཞེན་མཐའ་རྟག་པ་ཡིན། །མཐའ་དབུས་བྲལ་བ་རྟོག་པ་མིན། །རང་བྱུང་ཡེ་ཤེས་དྲི་མ་མེད། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཐོག་མ་ཐ་མ་མཐའ་དབུས་བྲལ། །ཤེས་དང་མི་ཤེས་ལས་འདས་ཤིང་། །བྱིན་རླབས་བསྒོ།མ་མན་སྟོབས་ལས་བྱུང་། །མ་ལུས་མཐའ་ཉིད་མཉམ་སྦྱོ།ར་བས། །གཉིས་མེད་ཕྱོགས་ཆ་འདས། །མཁྱེན་དང་མི་མཁྱེན་རྣམ་པར་སྤངས། །བསམ་སྤྱོད་ཕྱོགས་འཛིན་ཡུལ་ལས་འདས། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བ་གསང་ཆེན་ལས་བྱུང་བ། །ཀུན་ཀྱང་གཉིས་མེད་ཐིག་ལེར་བརྟག །མ་བཅོས་རང་བཞིན་ངང་དག་པའི། །ཕྱོགས་མིན་ནམ་མཁའི་རང་བཞིན་ལྟར། །མ་བརྟགས་དག་པས་ཐམས་ཅད་མཐོང་། །ཆོས་དབྱིངས་སྙིང་རྗེས་ཆགས་ཞེས་བྱའོ། །མཉམ་ཉིད་གསང་བ་རྟོགས་དཀའ་བས། ཁམས་གསུམ་སྡུག་བསྔལ་ཉམ་ཐག་ལ། །ཐབས་དང་ཐུགས་རྗེས་ཁྱབ་པ་ཡི། །སྙིང་པོ་ཁྱབ་པར་གནས་པ་ཡིན། །གང་དག་ཐབས་ཆེན་ལྡན་པ་ཡིས། །དཀའ་ཐུབ་གདུལ་བ་ལ་སོགས་པའི། །བྱིས་པའི་སྤྱོད་པ་ཡོ་ངས་སུ་སྤངས། །ཐབས་མཁས་ལྷ་དང་མཉམ་སྦྱོ་ར་བའི། །དེ་ཉིད་སྒྱུ་མར་གསལ་བ་ཡིས། །མ་ལུས་གསང་བར་བརྟགས་པ་ཡིས ཐབས་མཁས་འདོད་པ་ཐམས་ཅད་པ། །ཇི་ལྟར་འདོད་པས་སྤྱད་པར་བྱ། །དཀའ་ཐུབ་གདུང་བ་ལས་འདས་ཤིང་། །ཤེས་རབ་བདེ་བ་ལས་བྱུང་བའི། །འདོད་པ་ལྔ་ནི་ཤིན་ཏུ་བདེ། །བདེ་བ་ཆེན་པོ་རྣམ་པར་དག།ཉོན་མོངས་བག་ཆགས་དྲི་མ་མེད། །ནམ་མཁའ་དྭངས་པ་བཞིན་དུ་གནས། །ཇི་ལྟར་མེ་དང་དུག་དག་གིས། །གདུང་བ་དེ་ཡིས་སེལ་བ་ལྟར། །ཐབས་དང་ལྡན་པའི་ཆོ་ག་ཡིས། །མུན་པ་སྣང་བ་བཞིན་དུ་སེལ། །འདི་ནི་རྗེས་ཆགས་བདེ་བ་མཆོག །དབང་པོ་ཆེ་འབྲིང་ཆ་ལས་འདས། །དཔལ་ལྡན་ཧེ་རུ་ཀ་ཡི་ཐབས། །ནམ་མཁའི་ཁམས་ལྟར་བསམ་ཡས་པ། །སློབ་དཔོན་ཡོན་ཏན་ཀུན་ལྡན་པས། །དབང་དང་མན་ངག་ལས་བྱུང་བའི། །ཐབས་དང་མི་ལྡན་ཆགས་སྦྱར་བས། །སྦྱོར་བ་འོ་ག་པའི་ཆོ་ག་བཞིན། །དུས་མིན་འཆི་བའི་དུས་བྱས་ནས། །དམྱལ་བ་ཆེན་པོར་ཐེ་ཚོམ་མེད། །རང་བཞིན་ངན་དང་ལས་ཀྱིས་བཀོལ། །དཀོན་མཆོག་སློབ་དཔོན་མཆིད་རྣམས་དང་། །དམ་ཚིག་འཇིག་ཅིང་ཀུན་ལ་འཚེ། །ཕ་དང་མ་ལ་སྙིང་རིང་ཅིང་། །གདུག་པ་ཆེ་དང་སྙིང་རྗེ་མེད། །འོ་ག་ལྷ་དམ་ཉམས་འོ་ག་ལྟ་འཁུས། །ཐར་པའི་ཐག་པ་ཆད་པ་དང་། །སྔགས་ཀྱི་ཐེག་པ་ལ་སྨོད་ཅིང་། །ཐབས་འོ་ག་གནོད་པ་སྣ་ཚོགས་ཀྱིས། །ཀུན་ལ་གནོད་པའི་ལས་བྱེད་པ། །འདི་དག་བསྒྲལ་བའི་ཞིང་ཡིན་ཏེ། །དངོས་སུ་གསད་ན་མཆོག་ཡིན་ན། །ཐབས་དང་སྔགས་ཀྱི་རིམ་པ་ཡིས། །མྱུར་དུ་བསྒྲལ་བ་སྨོས་ཅི་དགོས། །དཔལ་ལྡན་ཧེ་རུ་ཀ་ཡི་དངོས། །ཐབས་དང་ཤེས་རབ་གདེང་ལྡན་ཞིང་། །ཐུགས་རྗེས་ཁྱབ་ཅིང་ཆགས་སོགས་མིན། །བྱིན་རླབས་ཉམས་དྲོད་མཆོག་དང་ལྡན། །རེ་དོགས་མེད་པའི་བརྟུལ་ཞུགས་ལྡན། །གདུག་སོགས་ཐུགས་རྗེས་ཡལ་བར་མིན། །སྦྱོར་དང་ཐབས་མཁས་ཏིང་ངེ་འཛིན། །གོམས་པའི་་བས་དང་ལྡན་པ་ཡིས། །བར་ཆོད་རེ་དོགས་ཞི་བྱས་ཏེ། །ཕྱོགས་བཅུ་གདུག་པ་མ་ལུས་པ། །དགུག་ཅིང་བངམ་པའི་ལས་བྱས་ནས། །ཨ་ལ་སོགས་པ་དག་བྱས་ལ། །དག་པའི་ཞིང་དུ་ནན་ཏན་བྱ། །གསང་བ་དབང་བསྐུར་བྱིན་བརླབས་ནས། །བདག་གཞན་དོན་ཀུན་རྫོགས་པར་གནས། །ལྷག་མའི་ཕུང་པོ་བསྒྲུབ་རྫས་དང་། །མཆོད་རྫས་སིརྙི་དག་དང་སྦྱར། །བཀྲ་ཤིས་གདུལ་བྱའི་ཐུགས་རྗེ་ཡི། །དག་པའི་ཞིང་དང་མཆོད་པ་ཡིས། །བྱིན་གྱིས་བརླབས་པ་གསུམ་བྱས་ནས། །རྫས་དང་འཕྲུལ་ཞལ་ཀ་བཱ་ལ། །བརྟག་པའི་བྱེ་བྲག་ཀུན་ཤེས་ནས། །དངོས་གྲུབ་མྱུར་དུ་ཐོབ་བྱའི་ཕྱིར། །གསང་བའི་དཀྱིལ་འཁོར་ཀུན་ཏུ་བཀྲམ། །དུར་ཁྲོད་རྫས་དང་མར་མེ་དང་། །མཆོད་པའི་བྱེ་བྲག་ལ་སོགས་པ། །རྟོག་པ་གཞན་དུ་མ་གསུངས་པའི། །ཆོ་གའི་བྱེ་བྲག་འདི་ཤེས་བྱ། །དཔལ་ལྡན་གསང་རྟོགས་རྣལ་འབྱོར་པ།ཁམས་གསུམ་ཞིང་ཁམས་རྡུལ་སྙེད་པ། །རང་གི་དམ་ཚིག་བཞིན་དུ་བསྒྲལ། །དམ་པ་ཤེས་ན་མཆོག་ཏུ་འགྱུར། །གཞན་དུ་འཇིཊ་སྐྲག་རྨོངས་པ་དང་། །དམྱལ་བ་ཉིད་དུ་སྐྱེ་བར་འགྱུར། །རང་བཞིན་རྟོགས་དང་ཐབས་ལྡན་པས། །འཇིགས་སྐྲག་རེ་དོགས་མེད་པ་ཡིས། །གསང་བའི་ཐབས་ལ་གང་སྤྱོད་པ། །དུག་གིས་དུག་ནད་ཞི་བ་བཞིན། །ལྷ་ཡི་བུ་མོ་ཡིད་འོང་དང་། །བསྒྲུབ་རྟགས་ཁྱད་པར་བཤད་པ་ཀུན། །ཐབས་དང་མཐུ་དང་ཏིང་འཛིན་གྱིས། །བདག་ཉིད་ཆེན་པོར་གསལ་བྱས་ཏེ། །མ་ལུས་དག་པའི་ཏིང་འཛིན་གྱིས། །བླང་བའི་ཐབས་ལ་བརྩོན་པ་ཡིས། །ཐབས་དང་མཐུན་པའི་ཆོ་ག་ཡི། །གང་ལ་མཆ་ད་དང་བསྒྲུབ་པར་བྱ། །ཕྱིན་ཅི་ལོག་དང་མ་རབས་དང་། །ཉམས་དམ་དམ་མེད་ལོག་པ་དང་། །མ་འདྲེས་གསང་བའི་དགྲ་གྱུར་པ། །གསང་བའི་རྟོགས་པ་རྫུན་གྱི་ཚིག །གང་དུ་དགོངས་དང་དགོངས་ལྡན་པ། །ཐབས་ལ་མཁས་པའི་སྐྱེས་བུ་ཡིས། །མི་སྒྲིབ་དངོས་གྲུབ་འཕེལ་བྱའི་ཕྱིར། །འདུལ་བའི་ཆོ་ག་བཞིན་དུ་སྨྲ། །ཐབས་མཁས་ངེས་པའི་མཐུར་ལྡན་ཞིང་། །བྱང་ཆུབ་སེམས་ལ་རབ་བརྩོན་པས། །དཀའ་ཐུབ་གདུང་བ་ཀུན་སྤངས་ལ། །གང་ལ་ཞེན་པ་མེད་པ་ཡིས། །ཕྱི་ནང་འདོད་པའི་ཡོན་ཏན་ལྔ། །ཐབས་ཆེན་གསང་བའི་ཆོ་ག་ཡིས། །བདག་དང་གཞན་ལ་ཕན་ཕྱིར་བཤད། །ཇི་ལྟར་པདྨའི་ཁ་དོག་ལྟར། །སྐྱོན་བྲལ་ཡོན་ཏན་མཆོག་ཏུ་མཛེས། །ཀྱེ་ཧོ་སྐལ་ལྡན་རང་བཞིན་སྦྱངས་པའི་མཚན་ཉིད་ཐབས། །བྱིན་རླབས་ལྡན་པས་རིམ་པར་མངོན་རྟོགས་ཤིང་། །ལུས་དམ་པ་ཡི་ཐབས་སུ་ཤེས་པས་ཕྱི་ནང་ཆོས་ཀུན་ལ། །བྱ་དང་མི་བྱ་གྲོལ་འཆིང་མེད་དེ་མྱ་ངན་འདས་པ་མཆོག་ཏུ་ཞི། །དམན་དང་དམ་པ་གསང་བ་གཅིག་པ་སོ་སོར་ཕྱེ་བས་བདུད་ཀྱི་ལས། །བྱིན་བརླབས་ཀྱིས་སྤྱོད་པས་རིག་པ་འཛིན་པས་གྲོལ་འགྱུར་ཞིང་། །མྱུར་དུ་འཁོར་བ་སྤོང་ཞིང་བདེ་ཆེན་རང་ལས་གསལ་བར་འཆར་འགྱུར་བ། །རྟོག་གེ་དམན་པ་ལོག་པར་བསྒྲིབས་ཤིང་བཅིངས་པས་མི་ཤེས་པས། །སངས་རྒྱས་ཀུན་གྱི་དམ་ཚིག་ལྔ། །གྲུབ་པ་བཞི་དང་ལྡན་པ་ཡིས། །ཡིན་པའི་ངོ་བོ་སྡོམ་པ་ཅན། །དམ་ཚིག་བདུད་རྩི་ཡིན་པར་གྲགས། །མི་ཤ་ཁྱི་ཤ་མཆོག་ཡིན་ཏེ། །གླང་ཆེན་རྟ་ཤ་དེ་བས་མཆོག །བྱ་ཤ་དེ་དག་བྱིན་བརླབས་ལ། །ཆོ་ག་བཞིན་དུ་བཟའ་བར་བྱ། །དྲི་ཆེན་བྱང་ཆུབ་སེམས་དང་ཤ །དྲི་ཆུ་ཁྲག་དང་མཉམ་སྦྱར་བ། །ཡི་གེ་གསུམ་དང་ལྔ་ཡིས་སྦྱང་། །རྒྱལ་བ་ལྔ་ཡི་ངོ་བོར་གསལ། །ཐབས་ལ་མཁས་པའི་ཆོ་ག་ཡིས། །རིག་པ་འཛིན་པའི་བྱིན་བརླབས་སྟེ། །སྲིན་ལག་མཐེ་བོང་མཉམ་སྦྱར་བས། །མཆོད་དམ་ཟོས་ཏེ་འཐུངས་ན་ནི། །ཡེ་ཤེས་ལྔ་ཡི་དངོས་གྲུབ་ཐོབ། །ལྷ་དང་མི་དང་རིག་འཛིན་དང་། །རྒྱལ་བ་སྲས་བཅས་མཁའ་འགྲོ་ལ། །མཆོད་པའི་སེམས་ཀྱིས་གཏོར་ན་ནི། །དགྱེས་ཏེ་ཅི་འདོད་དངོས་གྲུབ་སྩོལ། །རིགས་ངན་གདོན་དང་འབྱུང་པོ་དང་། །མ་རུང་ཚོགས་ལ་གཏོར་བྱས་ན། །བྱིན་རླབས་གཟི་བརྗིད་ནུས་མཐུ་ཡིས། །དེ་མ་ཐག་ཏུ་བརླག་པར་འགྱུར། །རྒྱལ་བ་ཀུན་གྱི་རང་བཞིན་འདི། །རྣལ་འབྱོར་ཀུན་གྱི་སྒྲུབ་པའི་རྫས། །མཁའ་འགྲོ་རྣམས་ཀྱི་དམ་ཚིག་སྟེ། །སྐལ་མེད་དམ་སྲིའི་དུག་ཏུ་འཀྱུར། །རྨད་བྱུང་གསང་བའི་དམ་ཚིག་ལྔ། །སོ་སོའམ་ཡང་ན་གཅིག་ཏུ་ནི། །བཅུད་ལེན་ཡང་ན་རང་ཇི་བཞིན། །ཐབས་དང་ཆོ་གས་བྱིན་རླབས་དང་། །ལོ་དང་ཟླ་བ་དུས་གསུམ་དུ། །མ་ཉམས་རྣལ་འབྱོར་ལོངས་སྤྱོད་ན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ། །སངས་རྒྱས་ཀུན་གྱི་༼མངག་བསྔགས༽པ་ཡིས། །དམ་པ་ལས་ནི་གང་འདས་པ། །རིགས་ཆད་ཡང་ན་བརླག་པ་དང་། །བདེ་ཆེན་ཟབ་མོ་འདི་ལས་རིང་དུ་གྱུར། །དེ་ཕྱིར་དེ་ལས་རིང་དུ་མི་འདའ་བའི། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །ཆགས་པས་བདེ་བའི་དམ་ཚིག་གསུམ། །རྒྱལ་བ་ཀུན་གྱི་ལོངས་སྣྲོད་སྟེ། །རྣལ་འབྱོར་ཐབས་དང་ལྡན་པ་ལ། །རྒྱལ་བ་ཀུན་གྱིས་གནང་སྦྱིན་ལ། །འདོད་པ་ཀུན་གྱི་རྗེས་ཆགས་པ། །ཆགས་པ་ཆེན་པོ་བདེ་བ་ཆེ། །ཆོས་ཉིད་བདེ་བའི་ལོངས་སྤྱོད་དེ། །དམན་པ་རྣམས་ཀྱི་སྤྱོད་ཡུལ་མིན། །གང་ལ་ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །རབ་འབྲིང་ཐ་མ་ཁྱད་པར་གཞན། །ལྟ་དང་ཐོས་དང་ཚིམ་པ་དང་། །མྱོང་དང་རེག་དང་དྲན་པ་ཡི། །མ་ལུས་བདེ་ཆེན་གསལ་བ་ཡིས། །ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར། །ཇི་ལྟར་ཐབས་ཆེན་པོ་ཡིས་ནི། །དུག་གི་དུག་ནད་སེལ་བ་ལྟར། །ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །གཞན་གྱི་དུག་ཀྱང་བདུད་རྩིར་འགྱུར། །མ་ལུས་གསང་བའི་ཐབས་༼དངཀེ་སྦྱོར། །གཟུཊ་རྣམས་ཀུན་ལ་ལྟ་བ་དང་། །སྒྲ་རྣམས་རྟག་ཏུ་ཉན་པ་དང་། །དྲི་ལ་རྟག་ཏུ་ལོངས་སྤྱོད་ཅིང་། །རོ་ལ་ཆགས་པར་སྤྱོད་པ་དང་། །སྣ་ཚོགས་རེག་པ་ལ་བརྩོན་པ། །རང་གི་ལོངས་སྤྱོད་བདེ་བའི་མཆོག །བདག་དང་གཞན་དང་ཕུན་སུམ་ཚོགས། །བཟའ་དང་བཅའ་དང་བཏུང་བ་དང་། །རྒོད་དང་རེག་དང་འཇིབས་པ་དང་། །ཐབས་དང་ཆགས་པ་སྣ་ཚོགས་པའི། །འདོད་པའི་ལོངས་སྤྱོད་སྣ་ཚོགས་ལ། །ཅི་འདོད་པར་ནི་བརྩོན་བཞིན་ཏུ། །དཀའ་ཐུབ་གདུང་བ་ཀུན་འདུས་ཤིང་། །༄༅། ཁྲུས་དང་སྡོམ་པ་གཙང་སྦྲ་བྱེད། །དགའ་ཞིང་ངོ་མཚར་རྨད་ལྡན་པས། །རང་གི་དམ་ཚིག་སྐྱོང་བར་བྱེད། །འཇིགས་དང་རེ་དོགས་མེད་པ་ཡིས། །ཐེག་པ་མཆོག་ལ་ཐབས་ཀྱིས་འཇུག །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བ་ཆེནཔོའི་གཟིགས་མོ་འདི། །བྱང་ཆུབ་རྡོ་རྗེ་བཅས་པའི་ཡུལ། །གཞན་དང་ཀུན་གྱི་སྤྱོད་ཡུལ་མིན། །དཔལ་ལྡན་ཧེ་རུ་ཀ་ལྡན་ཧེ་རུ་ཀ་ཡི་དངོས། །ཡང་དག་སྒྲུབ་པ་ཐབས་ཀྱི་མཆོག །འདོད་པ་ལྔ་ལ་ལོངས་སྤྱོད་པས། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་མཆོག །བདེ་བ་ཆེན་པོའི་ངོ་བོ་ཉིད། །གསང་ཆེན་གསང་བ་རྨད་བྱུང་བ། །ཐིག་ལེ་ཐོག་མ་མེད་པ་ཡི། །ཞེན་པ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་ལ་སྤྱོད་པ་ཡིས། །བསྐལ་པར་སྦྱངས་པས་མི་རྙེད་པའི། །འབྲས་བུ་ཡིད་བཞིན་ལྷུན་གྲུབ་ལྟར། །རྒྱ་མཚོའི་རླབས་ལྟར་རང་སྣང་གསང་།།འབྲས་བུ་ཕུན་སུམ་ཚོཊ་པ་འགྲུབ། །རི་བོ་ནགས་ཚལ་དབེན་པའི་སར། །དཔལ་ལྡན་ཁྲག་འཐུང་སྦྱོར་བ་ཡིས། །ཚེ་འདིར་འདོད་པ་འཐོབ་བྱའི་ཕྱིར། །ཆོ་ག་རིམ་པས་བཤད་པར་བྱ། །དད་དང་རང་བཞིན་སྐལ་ལྡན་ལ། །རྟོག་དང་དམ་ཚིག་ལྡན་པ་ཡིས། །དབང་རྫོགས་འབྱོར་བ་ཀུན་ལྔ་པ། །སྙིང་རྗེ་ཐབས་མཁས་རྣལ་འབྱོར་པས། །བཀྲ་ཤིས་བྱིན་ལྡན་ཉམས་དགའ་ཞིང་། །བར་ཆད་མེད་པའི་ས་བརྟགས་ལ། །ཆོ་གའི་རིམ་པ་ཇི་བཞིན་དུ། །རྩོད་དང་མི་ཤེས་སྐྱོན་སྤངས་ཕྱིར། །བསླང་ཞིང་གཏོར་མ་བྱིན་པར་བྱ། །འབྱོར་དང་དུས་ཚིགས་བཟང་པོ་ལ། །བཀྲ་ཤིས་འཕེལ་འདོད་ཡར་ངོ་ལ། །རང་བཞིན་བྱིན་བརླབས་ལྡན་པའི་ཕྱིར། །འདོད་པ་བསྒྲུབ་པའི་ཆོ་ག་བྱ། །དུར་ཁྲོད་ཆེན་པོ་དང་འཕེལ་བའི། །དབང་དང་སྒྲུབ་པའི་མཆོད་པ་དང་། །དངོས་གྲུབ་ལ་སོགས་མཆོད་པའི་རྫས། །རྨད་བྱུང་ངོ་མཚར་བཅས་པ་བཞག །དཔལ་ཆེན་ཧེ་རུ་ཀ་འདོད་པས། །བཀྲ་ཤིས་འབྱོར་པའི་ས་ཕྱོགས་ནས། །བྱིན་རླབས་བཀྲ་ཤིས་དག་པའི་རྫས། །དེ་ནས་བར་ཆད་བསྐྲད་པར་བྱ། །བརྟུལ་ཞུགས་རོལ་བས་དེ་བསླངས་ལ། །དག་པའི་དངོས་གྲུབ་རྫས་སུ་བརླབ། །མ་དག་ཐུགས་རྗེའི་རྫས་དག་ནི། །ཆོ་ག་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་སྔགས་ཀྱིས་དེ་སྦྱངས་ལ། །ཇི་ལྟར་རིགས་པས་བྱིན་གྱིས་བརླབས། །རྡོ་རྗེ་མཚོན་གྱིས་བྱིན་བྱིན་པས། །ཆོ་ག་བཞིན་དུ་སྤྲོས་པ་ཡིས། །སྣོད་དང་རྫས་དང་མར་མེ་དང་། །ཤ་དང་ནང་གྲོལ་གཡང་གཞི་དང་། །བམ་རིལ་ཁོག་པ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་ཕྲེང་། །རྩ་རྒྱུད་ཐིག་དང་ལྡན་པས་ཏེ། །བདུད་རྩི་དམར་གྱི་དཀྱིལ་འཁོར་ལ། །དམར་ཆེན་ཟླ་གམ་ལྡན་པ་ཡིས། །རེ་ག་ཐལ་བ་ཆེན་པོས་བྲིས། །འཇིགས་དང་མཛེས་པ་མེད་པའི་ས། །དུར་ཁྲོད་རྫས་ལ་ལོངས་སྤྱོད་ན། །རང་དགའི་ལོངས་སྤྱོད་ལ་བརྟེན་ན། །རྫུ་འཕྲུལ་ལུས་ཀྱི་ཆོ་ག་བཞིན། །མྱུར་དུ་འགྲུབ་༄༅ པར་ཐེ་ཚོམ་མེད། །དུར་ཁྲོད་དཀྱིལ་འཁོར་ཆེན་པོ་ལ། །གསང་བའི་ཕྲེང་བ་རྟེན་བཅས་ཤིང་། །ཟླ་གམ་རྫས་ལ་གྲུབ་པ་ཡིས། །དགའ་དང་མོས་པས་འཇུག་པ་དང་། །དབང་དང་སྒྲུབ་པ་གང་རྩོམ་པས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས། །ཚེ་འདིས་ཐོབ་པར་ཐེ་ཚོམ་མེད། ཁམས་གསུམ་རང་བྱུང་དུར་ཁྲོད་དུ། །བདེ་ཆེན་རྫས་ལ་བརྟེན་བཅས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཉིད། །མྱུར་དུ་དཀའ་བ་མེད་པས་འགྲུབ། །རང་བཞིན་ངན་དང་སྐལ་མེད་དང་། །གཙང་རྨེ་ཅན་དང་ལེ་ལོ་ཅན། །དམ་ཚིག་ཉམས་དང་མེད་པ་ཡིས། །བསྐལ་པ་བྱེ་བར་མི་འགྲུབ་བོ།ཁྲག་འཐུང་འབར་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །བྱིན་རླབས་ཡིད་བཞིན་ནོར་བུ་བཞིན། །ཞལ་མཐོང་༼ལྔ་ལྷ༽དང་གཉིས་མེད་ཅིང་། །འབུམ་ཕྲག་ས་ཡ་བྱེ་བ་སོཊ། །བསྒྲུབ་པས་མངོན་དུ་གྱུར་པ་ན། །བདག་ཉིད་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །ཐུན་མོང་ཐུན་མོང་མ་ཡིན་པའི། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །རང་ལས་བྱུང་ཞིང་ཐབས་ཀྱིས་རྙེད། །རྣམ་ཤེས་བརྒྱད་པོ་དགུར་གསལ་ཞིང་། །རང་བྱུང་སྣང་བ་གཅིག་གི་ངང་། །ཡེ་ཤེས་དགུ་ལ་སྣང་བ་ཉིད། །དུར་ཁྲོད་རྫས་ལས་གྲུབ་པ་ཡིས། །ཕོ་བྲང་རྨད་བྱུང་གསང་བའི་གནས། །རང་བྱུང་གསང་བའི་དུར་ཁྲོད་ན། །ཡེ་ཤེས་དགུ་ཡི་སྣང་བ་བལྟམས། །དགུ་བཀག་གཅིག་ཕྱི་བྷ་གར་འདུས། །བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ། །འཁོར་བའི་མཎྜལ་ཡོངས་བཀྲམ་པས། །བདག་ཉིད་ཆེན་པོའི་ལོངས་སྤྱོད་འདི། །སྐལ་ལྡན་རྨད་བྱུང་ལོངས་སྤྱོད་གཏེར། །འདོད་འབྱུང་རིན་ཆེན་གཏེར་གྱི་མཆོག །མན་ངག་མཐའ་ལ་གདེང་ལྡན་ཞིང་། །གྲུབ་པ་ཉམས་ཀྱི་དྲོད་ལྡན་ན། །གསང་བའི་རྫས་ལ་བརྟེན་ནས་ནི། །དངོས་གྲུབ་སྐུ་གསུང་ཐུགས་༼སུ༽་ བླང་། །ཤིན་ཏུ་གསང་བ་མཐར་ཕྱིན་ནས། །སྤྱོད་ལམ་ཟབ་ཅིང་སྟོབས་ལྡན་པས།།བདག་ཉིད་སྟོབས་དང་ལྡན་པ་དང་། །གསང་ཆེན་ཐབས་ཀྱི་སྤྱོད་པ་སྟེ། །གྲུབ་པ་ཐབས་ཀྱི་རིམ་པ་ནི། །སྐལ་ལྡན་འགའ་ལས་མ་གཏོགས་པ། །དམན་དང་རང་བཞིན་༼སྐལ་ངན༽པ་ལ། །འཕྲིག་པས་གཉིས་སུ་ལྟུང་བར་འགྱུར། །མཚན་མའི་རྫས་ལ་བརྟེན་ནས་ནི། །དམན་པས་སྐལ་བར་མི་རྙེད་པའི། །ཆོས་སྐུ་ལྷུན་གྲུབ་ཐོབ་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བླ་མེད་གསང་བ་ཐབས་ཀྱི་མཆོག །དམན་དང་དཀའ་ཐུབ་གདུངས་པ་ཡི། །གང་ཟག་དག་ནི་རྣམ་པར་སྤངས། །སྐལ་ལྡན་ཅན་གྱིས་བསྒྲུབ་པར་བྱའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས། །གདུལ་བྱའི་བསམ་པ་རྫོགས་མཛད་ནས། །འབར་བའི་ཚོགས་སུ་སྣང་ནས་ནི། །དུར་ཁྲོད་ཚོགས་ལ་རོལ་པར་མཛད། །རང་བཞིན་མཛད་པ་ཐབས་དག་དང་། །མོས་དང་ཐབས་ཀྱི་སྐུ་གསུང་ཐུགས། །རྫས་དང་ཆོ་ག་ཀུན་འདུས་པ། །འདིར་ནི་རྣམ་པར་སྣང་མཛད་པར། །བྱིན་རླབས་མཚམས་པའི་ས་ཕྱོགས་སུ། །བར་ཆད་ཞི་ཕྱིར་ཆོ་ག་བྱ། །བཀྲ་ཤིས་སྒྲུབ་པའི་ཆོ་ག་དུས། །མཚན་མ་འབྱུང་བའི་རྟེན་མཆོག་དང་། །བཀྲ་ཤིས་དག་པའི་རྫས་བླངས་ཏེ། །སྦྱངས་ཤིང་བྱིན་གྱིས་བརླབ་པར་བྱའཁོར་བ་ཆགས་པའི་མཎྜལ་ལ། །བདུདརྩི་ལྔ་ཡང་ལྡན་པར་བྱ། །དུར་ཁྲོད་སྲད་བུ་བྱིན་བརླབས་ནས། །གསལ་ལ་མཁའ་གསང་ཐིག་བཏབ་ནས། །ཕོ་བྲང་རྨད་བྱུང་བྲི་བར་བྱ། །དམར་ནག་ཟླ་གམ་མེ་རི་འབརདུར་ཁྲོད་འཇིགས་པའི་མཚོན་གྱིས་བྲི། །ཐལ་ཆེན་རེ་གས་བཅད་པ་ཡིས། །རྨད་བྱུང་དུར་ཁྲོད་རྒྱན་དང་ལྡན། །བཀྲ་ཤིས་རྫས་དང་མཚན་མ་དང་། །དུར་ཁྲོད་རྒྱན་ཆ་བཀྲམ་པ་དང་། །ཕྱི་ནང་དག་པའི་མཚམས་བཅད་དེ། །ཕོ་བྲང་ལྷན་ཅིག་རྟེན་ཅིག་དང་། །གཟི་ཆེན་འབར་བ་ཅིག་བལྟམས་པ། །དངོས་གྲུབ་མཚན་མ་གཅིག་བསྡུས་པའི། །ཆོ་ག་ཡིན་ནི་ནན་ཏན་བྱ། །ལས་དང་བྱ་བ་མ་ཚོགས་བྱ། །རྣམ་གཡེངས་འགྲུབ་པར་དཀའ་བ་ཡིས། །དད་པ་དམ་ཚིག་ཀུན་ལྡན་པའི། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །ཐིག་ལེ་གཅིག་པའི་ཆོ་ག་བསྒྲུབ། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །སྔོན་དུ་བྱ་བ་ཀུན་བྱས་ནས། །སྟོང་ཉིད་མ་བཅོས་ཆོས་དབྱིངས་ལས། །སྙིང་རྗེ་ནམ་མཁའི་ཀློང་བརྡལ་བས། །ཆོ་འཕྲུལ་རིག་པའི་ཡི་གེར་ཤར། །གང་ནས་དུར་ཁྲོད་གཞལ་ཡས་ཁང་། །འབར་བའིརྒྱན་དང་བཅས་པ་མྲ །རིག་པའི་རྒྱལ་པོ་ཧེ་རུ་ཀ །ཡབ་ཡུམ་རྟེན་དང་བཅས་པར་བསྐྱེད། །བྱིན་བརླབས་དབང་བསྐུར་གསལ་ལྡན་ནས། ཁྲག་འཐུངའབར་བའི་སྤྲིན་༩ལྟོབས་གངཏབས༽པས། །རིག་པའི་རྒྱལ་པོར་གང་གྱུར་པ། །ཕྱི་ནང་འབྱོར་པའི་ཡོ་བྱད་དག །རང་གིས་རང་ལ་ཐིམ་མཆོད་ཏེ། །གྲུབ་མཆོག་བརྟན་པར་མ་གྱུར་པར། །བསྟིམ་བརྟེན་གཤེགས་པར་བྱ་བ་མིན། །བར་ཆད་བསྐྲད་པར་མཆོད་བསྐུལ་ནས། །གསོ་བའི་ཆོ་ག་ནན་ཏན་བྱ། །བདག་ཉིད་གྲུབ་གནང་མ་ཐོབ་པར། །བསྒྲུབ་ཅིང་དམ་བཅའ་བརྟན་པར་བྱ། །སངས་རྒྱས་ཀུན་གྱིས་སྐུ་གསུང་ཐུགས། །བྱིན་བརླབས་ཐབས་ཆེན་ཀུན་འདུས་པས། །སྲོག་དང་བཅས་པའི་གདུང་དབྱངས་ཀྱིས། །འཕྲོ་འདུས་དབྱིངས་ནས་ཐུགས་དམ་བསྐུལ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་ནས། །མི་གནས་དཔལ་ཆེན་ཧེ་རུ་ཀ །ཡབ་ཡུམ་གནས་ཀྱི་ལྷ་དང་བཅས། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དུར་ཁྲོད་འབར་བའི་དཀྱིལ་འཁོར་ནས། །མི་གནས་དཔལ་ཆེན་ཧེ་རུ་ཀ །ཡབ་ཡུམ་གནས་ཀྱི་ལྷ་དང་བཅས། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩོལ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ༷༷ཧུ༷། །དུས་དྲུག་མཆོད་དང་སྟོང་ཚིག་དང་། །བར་ཆད་མེད་པར་བརྩམ་པར་བྱ། །བསྙེན་པས་སྒོ་གསུམ་བག་ཆགས་སྦྱང་། །ཉེ་བསྙེན་ལྷར་གསལ་སྣོད་དུ་རུང་། །བསྒྲུབ་པས་དངོས་གྲུབ་དམིཊ་ལ་དབབ། །བསྒྲུབ་ཆེན་ཉིད་དུ་བསྟིམ་པར་བྱ། །བསྙེན་བསྒྲུབ་བྱེ་བྲག་བཞི་ཉིད་ནི། །ལམ་དང་སྒྲུབ་དང་གསང་བ་དག །ལྷ་ཡི་ཕྱག་རྒྱ་ཤེས་པར་བྱ། །དབང་ཐོབ་ཡོན་ཏན་རྫོགས་པ་དང་། །རྡོ་རྗེ་གསུམ་དང་དབྱེར་མེད་པས། །བདག་མེད་ཡེ་ཤེས་མཁའ་ལྟར་དག །མཐོང་བའི་དོན་ལ་བརྟེན་དགོས་པས། །ལྷུན་གྲུབ་ཡེ་ཤེས་ཐོགས་མེད་པ། །ལམ་གྱི་ཁྱད་པར་ཉིད་དུ་འདོད། །དངོས་གྲུབ་དུར་ཁྲོད་ལ་སོགས་པ། །མཚན་མ་བརྟན་པ་ཕྱི་རོལ་ཏེ། །རང་ཉམས་གོམས་བརྟན་རིག་པ་འབྱུང་། །ཐིག་ལེ་འབར་ཞིང་བདེ་བ་དག །སྙིགས་མ་དང་བྲལ་བདེ་ཆེན་པོ། །གསང་བ་ཆེན་པོ་མཁའ་ལྟར་དག །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །རྫས་གསུམ་རྟེན་ལ་དམིགས་བཅས་ཤིང་། །སྔགས་དང་ཕྱག་རྒྱས་དབང་བསྒྱུར་ནས། །རེ་དོགས་མེད་པར་དངོས་གྲུབ་འབྱུང་། །དབང་པོ་ཁྱད་པར་ཅི་མཚམས་པར། །དངོས་གྲུབ་བྱེབྲག་ཐམས་ཅད་ཀྱང་། །བསྡུས་རྒྱས་གསུམ་གྱི་ཐབས་ཀྱིས་ནི། །དུར་ཁྲོད་མཆོག་གི་ཕུན་སུམ་ཚོགས། །བདེ་བ་ཆེན་པོའི་རོལ་པ་ནི། །མ་ལུས་འདུས་པའི་ཐིག་ལེ་ལས། །ཐུགས་རྗེ་འདུལ་པའི་གར་སྟབས་ཀྱིས། །སྣ་ཚོགས་སྒྱུ་མར་བསྟན་པ་མཚར། །ཡོད་མེད་དབུས་སུ་མི་དམིགས་ཤིང་། །བདག་མེད་ཡེ་ཤེས་ལས་བྱུང་བ། །ཐབས་ཆེན་མ་ལུས་གོམས་པ་ཡིན། །རང་བྱུང་སྨྱུ་མའི་ཕྱག་རྒྱ་ཉིད། །དཔལ་ལྡན་དངོས་གྲུབ་ཀུན་བསྡུས་པ། །རྟོགས་པའི་ཆོ་ག་བཤད་པ་འདི། །འགྲོ་བ་སྐལ་ལྡན་དོན་དུ་ནི། །འདས་པའི་རྒྱལ་བ་ཀུན་གྱིས་བཤད། །གསང་བ་ལས་ཀྱི་ཁྱད་པར་འདི། །གནས་དང་དཀྱིལ་འཁོར་རྫས་སོགས་དང་། །སྔགས་དང་ཕྱག་རྒྱ་རིམ་པ་ཡིས། །ཞི་རྒྱས་དབང་དྲག་རིམ་པ་ཡིས། །ལས་ནི་རིམ་པ་ཀུན་ཀྱང་འགྲུབ། །བྱ་བའི་རིམ་པ་མཐའ་དག་ལ། །ཕྲིན་ལས་བཞི་རུ་འདུས་པ་ཉིད། །དུར་ཁྲོད་རྫས་ལ་རྟེན་བཅས་ནས། །རྣལ་འབྱོར་པ་ཡིས་བརྩམས་པར་བྱ། །སྡུག་བསྔལ་དོན་དུ་ཞི་བར་བྱ། །ཚེ་ཐུང་ཕོངས་པ་རྒྱས་པ་སྟེ། །དྲེགས་དང་ང་རྒྱལ་དབང་དུ་གསུངས། །མ་རུང་གདུལ་ལ་དྲག་པོ་སྟེ། །སྔགས་གསུམ་རིམ་པ་ལ་སྦྱར་ནས། །ལས་བཞི་བྱེ་བྲག་བརྩམ་པར་བྱ། །བདག་ཉིད་རྣལ་འབྱོར་ལྡན་པ་ཡིས། །ཆོ་གའི་སྦྱོར་བ་ཐམས་ཅད་ལ། །རྟེན་འབྲེལ་སྔགས་ཀྱིས་ཕྱག་རྒྱ་ཡིས། །མ་ནོར སྦྱོར་བར་ལས་བརྩམས་པ། །ཇི་ལྟར་བསྒྲུབས་ཀྱང་འགྲུབ་པ་སྟེ། །རང་བཞིན་ཐབས་ཀྱི་བྱིན་བརླབས་ཉིད། །གང་ལྷར་བསམ་པ་བཞིན་དུ་འགྲུབ། །བདག་ཉིད་ཆེན་པོ་ལ་གནས་པས། །གཞན་ནས་སྤྱོད་༼པ་༽མ་གྲུབ་པ། །ཏིང་འཛིན་བདེ་བ་མ་ཡིན་པས། །དངོས་སོགས་མཚན་མ་སྤོང་བ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོ་སྟེ། །བྱིན་བརླབས་ནུས་མཐུ་རང་སྣང་བ། །རང་གི་རྣལ་འབྱོར་གོམས་པའི་སྟོབས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བདག་དང་གཞན་དོན་ལྷུན་གྱིས་གྲུབ། །ཐ་མལ་རྟོག་པ་ཞི་བ་དང་། །ཉམས་དང་བདེ་བ་རྒྱས་པ་དང་། །དྲན་རྟོག་སྣང་བ་ཐིམ་པ་དང་། །ཞེ་སྡང་བག་ཆགས་མི་སྣང་བ། །རྟོག་དང་གོམས་པས་སྟོབས་ལྡན་དང་། །བདག་ལ་སྣང་བའི་སྦྱོར་བ་ཡི། །བདག་ཉིད་རྣལ་འབྱོར་སྦྱོར་བ་ཡིས། །དཀྱིལ་འཁོར་རྫས་དང་ཐབ་ཁུང་མེད། །ཆོ་ག་སྔགས་དང་ཕྱག་རྒྱ་མེད། །མ་ལུས་རང་བཞིན་མཉམ་སྦྱོར་བས། །གདུལ་བྱ་མོས་པ་ཇི་བཞིན་དུ། །འཕྲིན་ལས་མ་བྱས་རང་བཞིན་རྫོགས། །སྤྱིན་སྲེག་མེད་ཅིང་བྱ་བ་མེད། །བདག་མེད་གཞན་མེད་མཉམ་པ་ཉིད། །རང་བཞིན་རྟོགས་གོམས་སྩོར་ལྡན་པས། །འབད་རྩོལ་མེད་པར་འགྲུབ་པར་འགྱུར། །དཀྱིལ་འཁོར་སངས་རྒྱས་རང་བཞིན་ཏེ། །སྙིང་པོ་སྐུ་གསུང་ཐུགས་སུ་བཤད། །རང་བཞིན་མཛད་པ་ངོ་བོ་དང་། །དགོངས་པ་བདེ་བ་སྐུ་གསུང་ཐུགས། །སྙིང་པོ་རོ་ཅིག་ཀུན་འདུས་པས། །བདེ་བ་ཆེན་པོའི་ངོ་བོ་ཉིད། །ཐམས་ཅད་འདིར་འདུས་གཉིས་སུ་མེད། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །སྐུ་ནི་བདེ་ཆེན་སྒ་མ་སྟེ། །གསུང་ནི་བྲག་ཆ་ལྟ་བུ་སྟེ། །ཐུགས་ནི་རང་བྱུང་གཉིས་སུ་མེད། །སྙིང་པོ་དབྱེར་མེད་དོན་རྫོགས་ལ། །སྐུ་དང་ཕྱག་རྒྱ་བཟླས་པ་དང་། །དཀྱིལ་འཁོར་འཕྲོ་འདུ་མཆོད་པ་དང་། །སྤྱིན་བསྲེག་ལ་སོགས་མཛི་བཤད་པ། །དང་པོ་ལས་ཅན་སྦྱང་བ་དང་། །མཚོན་པས་ནོད་ལ་གཞུག་ཕྱིར་བསྟན། །མ་བཅོས་དོན་ལ་དབྱེར་མེད་པས། །ཡན་ལག་མེད་ཅིང་ཆ་ཤས་མེད། །འཕེལ་འགྲིབ་མེད་ཅིང་སྦྱང་དུ་མེད། །གནས་དམིགས་འགྲོ་འོང་བསམ་སྤྱོད་འདས། །ནམ་མཁའ་ལ་ནི་འཇའ་ཚོན་དང་། །ཆུ་ཡི་རླབས་དང་བྲག་ཆ་ལྟར། །རྣལ་འབྱོར་རྒྱུན་དུ་ནན་ཏན་བྱ། །མཚན་མ་ཡལ་ག་འབྲས་བུ་མིན། །སྙིང་པོའི་དོན་ཉིད་འབྲས་བུ་སྟེ། །གདོད་ནས་མ་བཙལ་རྫོགས་པ་ལ། །རྟོགས་ནས་ཐམས་ཅད་འབྱུང་རྫོགས་ཕྱིར། །རྒྱུ་རྐྱེན་བྱ་བྱེད་ཀུན་ལས་འདས། །ལྷ་རྣམས་གཅིག་ཕྱིར་ཕྱག་རྒྱ་གཅིག །སྙིང་པོ་གཅིག་ཕྱིར་བཟླས་བརྗོད་གཅིག །དཀྱིལ་འཁོར་གཅིག་ཕྱིར་རྫས་ཀྱང་གཅིག །རྣམ་ཤེས་རང་བཞིན་གཅིག་ཏུ་སྟེ། །སྣང་བ་གཅིག་ཏུ་འདིར་བསྡུས་བྱ། །དེ་བས་སོ་སོའི་བྱ་བ་དག །མོས་སོགས་དམན་པའི་དོན་དུ་སྟེ། །དམ་པའི་དོན་དུ་ཀུན་གཅིག་པའོ། །གདུལ་བྱའི་བསམ་པ་དང་སྦྱར་ནས། །རབ་འབྲིང་ཐ་མའི་བློ་བཞིན་དུ།།སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དག །བསྡུས་རྒྱས་རིམ་པར་ཕྱེ་བ་ཡིས། །ཆོ་ག་དགོངས་པ་ལ་སོགས་པ། །ལམ་སོགས་གསོ་བའི་རིམ་པ་ནི། །གང་ཕྱིར་ནུས་པ་མེད་པས་ན། །དེ་ཡི་ལས་ལ་ནུས་མེད་དེ། །གོམས་ཤིང་ནུས་པས་གཏན་འཕེལ་བ། །དེ་བས་གསོ་བ་མཆོག་ཏུ་བཤད། །དཀྱིལ་འཁོར་རྫས་དང་ཏིང་འཛིན་དང་། །གཏོར་མ་འབྲུ་དང་བཅུད་ཉིད་དང་། །དངོས་གྲུབ་རྫས་དང་ཆོ་ག་དང་། །ཉིན་མཚན་འཇུག་པའི་སྐབས་དག་ཏུ། །གསོ་བའི་ཆོ་ག་བརྩམ་པར་བྱ། །ལས་ཀྱི་ཆོ་ག་ཐམས་ཅད་ལ། །མཆོག་ཏུ་དགོངས་པར་བཤད་པ་སྟེ། །གཞན་དུ་རྫས་སོགས་སྣ་ཚོགས་ལ། །བྱིན་བརླབས་ཡ་མཚན་འབྱུང་མི་འགྱུར། །གསང་ཆེན་ཐབས་ཀྱི་ཆོ་ག་འདི། །རང་ལ་གནས་ཤིང་འགྲུབ་པ་ཡི། །དུར་ཁྲོད་ཆེན་པོ་ལ་བརྟེན་པའི། །བསྒྲུབ་པའི་ཆོ་ག་ཐམས་ཅད་ཡིན། །ཇི་སྙེད་ཐབས་དང་ཐེག་པ་དང་། །འདུལ་བའི་ཕྱག་རྒྱ་ཅིར་སྣང་ཡང་། །ཐབས་ཀྱི་འདུལ་བའི་དོན་དུ་ཟད། །ཕྱི་ནང་སྣོད་བཅུད་སྦྱོད་ཡུལ་འདི། །རྣལ་འབྱོར་ཐབས་ལྡན་སྐྱེས་བུ་ཡིས། །མེ་ལོང་དྭངས་པའི་གཟུགས་བརྙན་ལྟར། །གཞན་མེད་རིག་པ་རང་སྣང་བའོ། །སྒོ་གསུམ་སྤྱོད་ཡུལ་མཐའ་ཡས་པ། །བདག་ཉིད་ཆེན་པོར་གསལ་བ་ཡིས། །ཞེན་ཆགས་གདུང་བ་ཀུན་སྤངས་ལ། །མཆོག་གི་སྦྱོར་བ་སྦྱང་བྱ་ཞིང་། །ཡ་ང་འཇིགས་པ་མེད་པར་བྱ། །མཆོད་པ་དུས་དྲུག་ཇི་ལྟ་བཞིན། །དཀྱིལ་འཁོར་ཉིན་མཚན་དུས་མཚམས་སུ། །དུར་ཁྲོད་ཐལ་བ་ཚོན་གྱིས་ཏེ། །དངོས་གྲུབ་རྫས་ཀྱང་དེ་བཞིན་ནོ། །ཏིང་འཛིན་འཇུག་པའི་ཐུན་མཚམས་སུ། །གཏོར་མ་བཟའ་བཏུང་བྱིན་བརླབས་དག །ནང་ནུབ་དུས་སུ་དེ་བཞིན་ཏེ། །ཉི་ཟླ་རྡོ་རྗེ་བླ་འོག་གུར། །ཇི་ལྟ་བཞིན་དུ་རྟག་ཏུ་བསྲུང་། །ཟས་དང་གོས་དང་བཅུད་ལྡན་པས། །སྐྱོ་མེད་འཇུག་པའི་ཡིད་ལྡན་པས། །སྒོ་གསུམ་སྐྱེ་མཆེད་བྱིན་བརླབས་པས། །རྣལ་འབྱོར་ཐབས་དང་ཤེས་རབ་བོ།དབང་དང་དུར་ཁྲོད་རྫས་དག་ལ། །ལྷའམ་བྱིན་རླབས་ཐབས་ཀྱིས་བྱ། །གཤེགས་དང་བསྐུལ་དང་བར་ཆད་འདུལ། །༼མཚོན་མགོ༽བསྟོད་གསོལ་བ་གདབ་པ་ནི། །མཆོག་གི་བསྒྲུབ་པའི་དུས་སུ་སྟེ། །དུས་དྲུག་དག་ཏུ་ཤེས་པར་བྱ། །གང་དུ་ཐབས་དང་མི་ལྡན་པས། །ཇི་ལྟར་བསྒྲུབ་ཀྱང་མི་འགྲུབ་ཅིང་། །བྱིན་བརླབས་མེད་ཅིང་གཡེལ་བ་དང་། །བར་ཆད་ཉམས་ལེན་འརྒྱུང་བར་འགྱུར། །འཁོར་བ་དག་པར་བྱ་བ་དང་། །མཆོག་གསུམ་བདག་ཉིད་ལས་བྱུང་ཞིང་། །རྡོ་རྗེ་གསུམ་ཚེ་འདིས་འགྲུབ་༼གྱུར་༽ཅིང་། །རྡོ་རྗེ་དབང་གི་ཆོ་ག་བྱ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །མཚན་མའི་རྫས་ལ་བརྟེན་བཅས་ཤིང་། །གསལ་བའི་མར་མེ་དགུ་བལྟམས་པས། །བར་ཆད་གདུག་པ་ཀུན་བཏུལ་ནས། །ལྷ་དང་སློབ་དཔོན་མ་ལུས་དང་། །དད་དང་གདུང་བས་གསོལ་བཏབ་སྟེ། །དུར་ཁྲོད་གསང་བའི་མེ་ཏོག་དོར། །ཐུན་མོང་གསང་བའི་མིག་ཕྱེ་ནས། །ཕྱི་ནང་གསང་བའི་དཀྱིལ་འཁོར་བསྟན། །རང་དང་མཐུན་པའི་དམ་ཚིག་ཕོག །དབང་ཆོག་ཐོབ་ཕྱིར་རྒྱུད་དག་ཕྱིར། །ཆགས་པ་མེད་པས་མཆོག་རྣམས་དབུལ། །ས་བོན་རང་ལ་གནས་པ་ལ། །བྱིན་བརླབས་ལྡན་པའི་རྫས་གསུམ་གྱིས། །སྣོད་ལྡན་བུ་ལ་དབང་བསྐུར་ན། །ཚེ་འདིས་རྡོ་རྗེ་གསུམ་ཐོབ་འགྱུར། །དག་པ་ཆུ་དང་ཁམས་གསུམ་གྱི། །བདག་པོ་རིན་ཆེན་དབུ་རྒྱན་དང་། །ཐབས་དང་ཤེས་རབ་ལོངས་སྤྱོད་ཅིང་། །མི་འགྱུར་ཤེས་རབ་ཕ་རོལ་ཕྱིན། །སློབ་མ་འགྲུབ་པ་ཉིད་ཡིན་ཏེ། །ཕྱིས་ནི་བརྟུལ་ཞུགས་བདག་པོའི་མིང་། །ལུང་བསྟན་གཟེངས་བསྟོད་དེ་བཞིན་ཕྱིར། །རང་ལ་རྫོགས་པའི་དབང་ཉིད་ལ། །བསྒོམ་དང་ལྷ་དང་བྱིན་བརླབས་ཏེ། །སྔགས་དང་ཕྱག་རྒྱ་སྟོབས་ལྡན་པས། །ཆོ་ག་བཞིན་དུ་དབང་བསྐུར་བྱ། །རང་གི་དཀྱིལ་འཁོར་ལེགས་བསྟན་ལ། །ལྷ་ཡི་མཚན་མ་ཐོད་ཕྲེང་དང་། །ཅོད་པན་ཀོ་རློན་གཡང་གཞི་དང་། །སྟག་ལྤགས་སྦྲུལ་གྱིས་བརྒྱན་པ་རྣམས། ཁྲག་ཞག་ཐལ་བའི་མཚན་མ་དག །རྔ་དང་ཐོད་པ་ཕུར་བུ་དང་། ་་ས་དཀར་གུ་གུལ་བདུད་རྩི་ལྔ། །ཤ་ལྔ་བམ་རིམ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་ཕྲེང་། །ཐོང་གཤོལ་སྟ་རེ་དརྒྱུག་པ་དང་། །རྡོ་རྗེ་གཤོག་པ་མེ་རི་ཕྲེང་། །རང་བཞིན་གནས་ལ་དེ་བཞིན་ཐིམ། །དེ་ཡི་དངོས་པོ་གསལ་བསྟན་ནས། །བསྟན་པའི་ཆོ་ག་ཇི་བཞིན་དུ། །རང་ལུས་ཕྱག་རྒྱར་གསལ་གྱུར་ཅིང་། །དུར་ཁྲོད་བརྡལ་བའི་དབང་ཐོབ་ནས། །རྡོ་རྗེ་འཆང་ཆེན་བདག་འགྱུར་ཕྱིར། །བདེ་ཆེན་ཆོ་ག་གསུམ་དུ་བསྟན། །ཉི་ཟླ་བདུད་རྩིར་སྦྱིན་བྱ་ཞིང་། །དུར་ཁྲོད་བདེ་བར་གསལ་གྱུར་ནས། །ལྷ་དང་ལྷ་མོར་བྱིན་བརླབས་ཤིང་། །བུད་མེད་གསུམ་ལ་བདག་སྦྱོར་བས། །རྡོ་རྗེ་ཉི་ཟླ་སྦྱོར་བ་ཡིས། །འཁོར་བ་བདེ་བ་ཆེན་པོར་འབར། །རྡོ་རྗེ་ཐིག་ལེ་འདུ་འབྲལ་མེད། །བདེ་ཆེན་ཐིག་ལེ་རྒྱུན་ཆད་མེད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཡེ་ཤེས་རྒྱུན་ནས་མཚན་མའི་རྟེན། །དབང་པོའི་ཁྱད་པར་ཇི་བཞིན་དུ། །ཐབས་ཀྱི་ཆོ་ག་ལ་བརྟེན་ནས། །བག་ཆགས་བསྒྲིབ་པ་ཀུན་གསལ་ཞིང་། །ནམ་མཁའ་ལྟ་བུར་ཉེ་བར་གནས། །ཐོབ་དང་རྣལ་འབྱོར་བརྟན་གོམས་པས། །ཐབས་ཀྱི་རིམ་པས་ལེགས་མཐར་ཕྱིན། །ལོ་ཟླ་བསྐལ་པ་དཔག་མེད་པར། །བདག་གཞན་འདོད་པའི་དོན་འགྲུབ་འཀྱུར། །གང་དུ་བརྟག་ཅིང་མཐར་ཕྱིན་ནས། །དུར་ཁྲོད་ཞལ་བུ་མཚན་ལྡན་པར། །དངོས་གྲུབ་བཀྲ་ཤིས་རྫས་གྱུར་པ། །ཚེ་དང་ཟླ་རྒྱས་ཟླ་ཕྲོམ་དང་། །དཔའ་བོ་བདུད་རྩི་ལྔ་ལྡན་ཞིང་། །གསང་བ་མིང་དང་གསོལ་བྱང་བཅས། །རྒྱས་བཏབ་བྱིན་བརླབས་རྟག་པར་བྱ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་དོན་གྱི་ལྟས་འཁྲུག་པ། །དངོས་གྲུབ་བར་དུ་གཅོད་པའི་བགེགས། །ཐབས་ཀྱིས་གསལ་བའི་ཆོ་ག་བྱ། །གང་དུ་གསལ་གོམས་བརྟན་པ་ཡིས། །ཇི་ལྟར་བསྒྲུབ་པས་དེར་འགྱུར་ཏེ། །སངས་རྒྱས་ཀུན་གྱི་དངོས་གྲུབ་སྟེར། །བདག་ལ་འཆར་བར་ཐེ་ཚོམ་མེད། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །དངོས་གྲུབ་བྱེ་བྲག་མཐའ་ཡས་པར། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །དེ་ལྟར་མྱུར་དུ་འཐོབ་པར་འགྱུར། །དུར་ཁྲོད་ལ་བརྟེན་བསྒྲུབ་པ་ཡང་། །བསྒྲུབ་ཆེན་བྱེ་བྲག་གཉིས་འདུས་ཏེ། །དབང་དང་དངོས་གྲུབ་གསང་བ་སྟེ། །གཞན་དག་ཕྲ་མོའི་ལས་སུ་བཤད། །དམ་ཚིག་དབང་དང་ལྡན་པར་བཅས། །རྫས་དང་ཆོ་ག་ཚང་བ་ཡིན། །བག་ཆགས་དག་ཅིང་སྣོད་རུང་བ། །འདི་ནི་བསྙེན་པའི་ཆོ་གར་བཤད། །མཆོད་དང་བཤགས་དང་བཟླས་བསྐུལ་བས། །རྩེ་གཅིག་དགོངས་དང་ལྷ་ཉེ་བ། །འདི་ནི་ཉེ་བའི་བསྙེན་པ་སྟེ། །བར་ཆད་མེད་པར་རབ་དང་བས། །ཉིན་མཚན་མེད་པར་རབ་བསྒྲུབ་པར། །བྱིན་བརླབས་རྟགས་དང་ཆོ་འཕྲུལ་འབྱུང་། །འདི་ནི་བསྒྲུབ་པ་ཞེས་བཤད་དོ། །ཆུ་དང་མེ་ལོང་༼དང་ས་དྭངསཔཀེལ། །གཟུགས་བརྙན་སྣ་ཚོགས་སྣང་བ་ལྟར། །རྣལ་འབྱོར་རང་རྒྱུད་དག་པ་ལ། །དངོས་གྲུབ་སྣ་ཚོགས་རང་ལ་འཆར། །རྟགས་དང་མཚན་མ་གང་བྱུང་བ། །བར་ཆད་ཐབས་ཀྱིས་བསལ་བྱས་ཏེ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་བླངས། །འདི་ནི་བསྒྲུབ་པ་ཆེན་པོར་བཤད། །ལྷ་དང་རྫས་དང་ཏིང་འཛིན་གྱིས། །ཆ་ཡིས་རྣམ་པར་བགོས་ནས་ཀྱང་། །རྡོ་རྗེ་སློབ་དཔོན་ལ་ནོད་ཅིང་། །རྣལ་འབྱོར་གྲལ་གྱི་རིམ་པས་སྤྱད། །གསང་བའི་ཐབས་དང་ལྡན་པ་ཡིས། །བྱིན་བརླབས་ཐབས་དང་ལྡན་པས་བླངས། །དྲོད་ཚད་ཡལ་ཞིང་མ་བླངས་ན། །བར་ཆད་འབྲས་བུ་ཡལ་བར་འགྱུར། །བཀྲ་ཤིས་བྱིན་བརླབས་འབྱུང་བ་ཡིས། །སྐྱེ་བ་བདུན་ནམ་ལྔ་གསུམ་གྱིས། །རྟགས་ལྡན་ན་སོ་དར་ལ་བབ། །རྨ་མེད་གཙང་མ་བརྟགས་ནས་ནི། །བར་ཆད་བསལ་ཞིང་བསྲུང་བ་དང་། །སྦྱང་དང་བྱིན་བརླབས་བཀྲུས་པ་དང་། །ཆོ་ག་བཞིན་དུ་བསྐོས་བཏབ་ལ། །དབང་དང་དངོས་གྲུབ་ལྷ་ཡི་རྫས། །མཆོད་པ་ལ་སོགས་པ་ཡི་དོན། །མཐའ་ཡས་འདི་ལས་འབྱུང་བ་སྟེ། །དཔེར་ན་ཡིད་བཞིན་ནོར་བུ་དེ། །ཚེ་དང་པྲ་དང་ཡོ་བྱད་དང་། །རྐང་མགྱོགས་གྲུབ་པའི་རྫས་ལ་སོགས། །དུར་ཁྲོད་རྫས་ལ་བརྟེན་པས་འགྲུབ། །སྙིང་དང་མཚན་མ་ནང་གྲོལ་དང་། །ཡན་ལག་ལྔ་ནི་དུར་ཁྲོད་སྟེ། །མ་མོ་བརྒྱད་ཀྱི་རྫས་སུ་དགོད། །ཕྲ་མེན་གསང་བའི་གནས་ཡིན་ཏེ། །ནེའུ་སོགས་སྒོ་མོའི་དོན་དུ་བཤད། །སྒལ་ཚིགས་དབང་ཕྱུག་རྣམས་ཀྱིས་རྫས། །བརྙ་དབང་པོ་ལྔ་ལྡན་པ། །ཡབ་ཡུམ་དག་གི་མཚན་མར་བཤད། །དུར་ཁྲོད་རྫས་ལ་བརྟེན་བཅས་ཤིང་། །གསང་བའི་རྫས་ལ་མདངས་ལྡན་པར། །གསང་བའི་དམ་ཚིག་མཆོག་གི་བསྒྲུབས། །རིག་འཛིན་མཁའ་འགྲོའི་བྱིན་བརླབས་སོ། །རྫས་རྣམས་ཀུན་གྱི་རྩ་བ་ནི། །དུར་ཁྲོད་མཆོག་ལས་བྱུང་བ་སྟེ། །རྨད་བྱུང་གསང་བའི་རྫས་མཆོག་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་བཤད། །ཡོན་ཏན་ཀུན་ལྡན་རྣལ་འབྱོར་པས། །གསང་བའི་དུར་ཁྲོད་རྫས་ལ་བརྟེན། །སྔགས་དང་ཕྱག་རྒྱ་བྱིན་བརླབས་པས། །དངོས་གྲུབ་ཡ་མཚན་བསམ་མི་ཁྱབ། །དང་པོ་བག་ཆགས་དག་པའི་རྟགས། །དེ་ནས་ལྷ་དང་ཉེ་བའི་རྟགས། །དེ་ནས་དངོས་གྲུབ་འབྱུང་བའི་རྟགས། །ཐ་མ་གྲུབ་པ་བསྟན་པའི་རྟགས། །སྦྱང་དང་བསྟན་པ་བསྒྲུབ་པ་དང་། །བླང་བའི་ཐབས་ལ་མཁས་པར་བྱ། །རྫས་དང་མེ་ལོང་རྣལ་འབྱོར་པ། །མིག་རྣོན་ལ་སོགས་བརྟགས་པ་སྟེ། །ལྷ་དང་ལྷ་མོར་སྣང་བ་དང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷག་མའི་རོ་དང་ཉམས་དང་ནི། །འཕེལ་དང་ཉམས་ཀྱི་བྱེ་བྲག་རྣམས། །ཐིག་ལེ་འབྱུང་ཞིང་བདེ་བ་རྒྱས། །གསང་བའི་ཐབས་ལ་བརྩོན་བྱས་ཏེ། །ཉམས་ལེན་འབྱུང་པོ་བསལ་ནས་ནི། །དངོས་གྲུབ་བླངས་ལ་བསྟན་པར་བྱ། །བསྒྲུབ་པས་འགྲུབ་པའི་བྱེ་བྲག་ནི། །རྣལ་འབྱོར་ཤེས་པའི་བྱེ་བྲག་དྲུག །མེ་ལོང་གསལ་བའི་གཟུགས་བརྙན་ལྟར། །དངོས་གྲུབ་འབྱུང་བའི་མཚན་མ་འཆར། །དངོས་གྲུབ་བྱེ་བྲག་ཇི་སྙེད་པ། །ལྷ་དང་རྫས་དང་གསང་བ་དང་། །མཁའ་ལས་འབྱུང་བ་འདི་དག་ནི། །ཐབས་ལ་མཁས་པ་གསུམ་གྱིས་བླངས། །ལེགས་པར་དངོས་གྲུབ་ཐོབ་ནས་ཀྱང་། །བསྟན་པའི་ཆོ་ག་གསུམ་ལྡན་བྱ། །རྣལ་འབྱོར་སྐལ་ལྡན་སུ་ཡང་རུང་། །དུར་ཁྲོད་རྫས་ལ་བརྟེན་བཅས་ཤིང་། །བརྟུལ་ཞུགས་རྫས་ལ་ལོངས་སྤྱོད་པས། །ཐབས་མཁས་སྔགས་དང་ཕྱག་རྒྱ་ཡིས། །བར་ཆད་མེད་པར་གང་བསྒྲུབས་པ། །ཇི་ལྟར་བསྒྲུབས་པས་མྱུར་དུ་འགྲུབ། །གསང་དུ་རྣལ་འབྱོར་བསྒྲུབ་པའི་ཚེ། །རྣལ་འབྱོར་མཁའ་འགྲོ་རིག་འཛིན་དང་། །སྒྲུབ་པ་ཕོ་མོ་ལ་སོགས་པ། །སུས་མི་རིག་པ་ཡི་བརྡའ་ཡིས། །ལུས་ངག་བརྡའ་ཡིས་མཚན་བྱས་ཏེ། །འཇིག་རྟེན་མིང་བརྡའ་ལས་འདས་པ། །སྦྱི་བོར་བྱུག་པ་ཕྱག་གི་བརྡའ། །དཔྲལ་བ་ལན་དུ་ཤེས་པར་བྱ། །མིག་བསྒྲིམས་ཏིང་འཛིན་སྒྲིམ་པའི་བརྡའ། །གཡས་པ་ལག་པ་ཟན་གྱི་སྟེ། །གཡོན་པ་ཤ་ཡི་བརྡའ་རུ་བཤད། །གཡོན་པས་གཡས་ཀྱི་སྲིན་ལག་འཐོར། །ཆང་གི་བརྡའ་རུ་ཤེས་པར་བྱ། །ཉུག་མའི་དྲི་སྟེ་ཕྱག་བཞག་པའི། །ཕྱག་རྒྱ་ཏིང་འཛིན་གྱིས་ཤིག་པའོ། །གཡས་སུ་འདུད་ཅིང་བལྟ་བ་ནི། ཁམས་བདེ་འམ་ཞེས་དྲི་བ་སྟེ། །གཡོན་པ་ལན་དུ་ཤེས་པར་བྱ། །གར་ལ་བསྙེན་པ་གྱེན་དུ་དཀྲོལ། །མཆོད་པ་འབུལ་བའི་བརྡའ་རུ་བཤད། །ལྕེ་ལ་རེག་པའི་ལན་ཚའི་བརྡའི། །པདྨ་རྡོ་རྗེ་ལ་རེག་པ། །སྦྱོར་བ་འདོད་པའི་བརྡའ་ཡིན་ནོ། །བསྐྱེད་པ་དུས་ལ་མ་བབ་བརྡའ། །མཆུ་བསྡམ་སོངས་ཤིག་པ་ཡི་བརྡའ། ཁ་གདངས་མིག་བཟློག་ལྕེ་སྦྱང་བ། །འཇིགས་པར་སྟོན་ཞེས་བྱ་བ་ཡིན། །ཕྲེང་བ་སྟོན་པར་བྱེད་པ་དག །བཟླས་པ་བགྱིས་པར་བསྐུལ་བའོ། །རྫ་རྔ་དྲིལ་བུ་དྲག་བསྐུལ་བ། །བསྐུལ་བར་བགྱིས་པར་སྟོན་པའོ། །ངག་བརྡའ་རྣམ་པར་བཤད་པ་ནི། །ཨ་ཏི་པུ་ཧོ་ཕྱག་གི་བརྡའ། །པྲ་ཏི་པུ་ཧོ་ལན་གྱི་བརྡའ། །ད་ར་གཟུང་མ་ཉིད་ཀྱི་བརྡའ། །དཔའ་བོ་རྣལ་འབྱོར་པ་ཡི་བརྡའ། །ར་ག་ཆགས་པའི་བརྡའ་ཡིན་ནོ། །ཧ་ནི་མཆོད་པ་སྟོབ་པའི་བརྡའ། །ཨ་ཧ་ར་ནི་སྐུ་ལ་གཅིག་པའི་བརྡའ། །ཏྲ་ཏ་ཁྲོལ་གཅིགཔ་ཡི་བརྡའ། །ཚ་ནི་ལན་ཚ་ཞེས་པ་སྟེ། །ཏིཛི་ཧ་ན་སློབ་མ་ཆུག །༼བུ་ཚ་པྱུཙ༽ཧོ་ནི་མཆོད་པ་སྟོབས། །མཧྭ་རྭ་ག་ཆགས་ཆེན་པོ། །ནི་ཚེ་ཞེས་ནི་བྱ་བ་སྟེ། ཁུར་བ་ཟླ་བ་རྒྱས་པ་སྟེ། །ཚད་ནི་དཔའ་བོ་འཇམ་དཔལ་གྲི། །ར་ས་ཡ་ན་བདུད་རྩི་སྟེ། །མཧྭ་མ༷་ས་ཤ་ཆེན་ཡིན། །བྲན་མོ་ཚོད་མའི་བརྡའ་ཡིན་ཏེ། །སྒྱུར་བ་གཡོན་ཅན་མ་ཞེས་བྱ། །མཧྭ་རཀྟ་ཆགས་ཆེན་པོ། །ཧ་ལ་ཧ་ལ་འཇིགས་པར་བགྱིས། །ཏིཛི་བརྟན་པར་གྱིས་ཤིག་གོ །ཨེ་ཧི་ཚུར་སྤྱོན་ཞེས་བྱ་སྟེ། །ཨ་ཧི་ཕར་བཞུད་ཞེས་པའོ། །ས་མ་ཡ་ནི་དམ་ཚིག་བརྡའ། །ས་མ་ཡ་ཧོ་ལ་སོགས་པ་བཞི། །ཆགས་པ་སྤྱོད་པའི་བརྡའ་བཞི་ཡིན། །ཕཊ་ཕཊ་སྤྲོ་བར་བསྟན་པ་སྟེ། །ཧུ༷་ཧུ༷་ཞེས་པ་བསྡུ་བའི་བརྡའ། །མཧྭ་གུ་རྒྱ་གསང་བའི་བརྡའ། །མ་ཧྭ་མ་ར་གསོད་པའི་བརྡའ། །མཧྭ་སྤྲོ་ཊ་ཡམ་ཞེས་བྱ། །སྤོར་ཞིག་པ་རུ་ཤེས་པར་བྱ། ཁུ་ཧི་གསོལ་ཞིག་པ་ཡི་བརྡའ། །བདེ་རིང་ལོངས་པར་བསྟན་པ་སྟེ། །ཛུ་ཧུ༷་ཉོལ་ཞིག་པ་ཡི་བརྡའ། །འདི་ནི་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་དབང་ཕྱུག་ཕོ་དང་མོ། །བརྡའ་སྤྲོད་ལན་དང་བཅས་པ་སྟེ། །དངོས་གྲུབ་བཞི་རུ་ཤེས་པར་བྱ། །དངོས་གྲུབ་བཞིར་གྱུར་རྣལ་འབྱོར་ཚོགས། །བྱ་བའི་ལམ་རྣམས་མཐར་ཕྱིན་ནས། །མཚན་མ་བརྟན་པོ་བྱ་བ་དང་། །འཇིགས་དང་དགའ་བྲོད་ཀུན་སྤངས་ཏེ། །གླུ་དང་གར་དང་རོལ་མོ་དང་། །གཡབ་མོ་གདུང་བའི་དབྱངས་དང་བཅས། །བཤགས་དང་མཆོད་ཅིང་བསྐུལ་བ་སྟེ། །དངོས་གྲུབ་འདོད་པར་གསོལ་གདབ་ཅིང་། །དམ་ཚིག་ཏིང་འཛིན་དྲག་བསྐུལ་བས། །ཐ་མའི་དུས་སུ་ཤེས་བྱ་སྟེ། །རྫས་ནི་སྐུ་ཡི་དངོས་གྲུབ་སྟེ། །རུ་ལུ་འོད་བཅས་གསུང་གི་དོན། །དཔལ་བེའུ་སེམས་དཔའ་ཐུགས་ཀྱི་མཆོག ཁ་ཟས་ལོངས་སྤྱོད་བདུད་རྩི་ཆེ། །དང་པོ་ལྷ་དང་དཔལ་གྱི་དབང་། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི། །གསུམ་པ་མཆེད་ལྕམ་ཡོངས་ཀྱིས་ཏེ། །དུས་གསུམ་མཚན་པ་རོལ་བར་བྱ། །ལྷ་དང་བླ་མ་ཡུམ་གྱི་མཁའ། །བླང་བའི་ཡུལ་དུ་ཤེས་པར་བྱ། །རྫས་དང་བདེ་བ་འཕེལ་བ་དང་། ཤེས་རབ་འཕེལ་བའི་བྱིན་བརླབས་ཆེ། །དབང་དང་གཟི་བྱིན་ལྡན་པ་དང་། །ཏིང་འཛིན་དགོས་པ་དྲོད་དང་ལྡན། །འགྲོ་བ་འདུལ་ཞིང་སྔགས་པ་ཐོབ། །རྫས་དང་ཆོས་ལ་འབྲལ་བ་མེད། །ལམ་མཐར་ཁུལྗོན་མ་ངན༽དུ་མ་གྱུར་ཀྱང་། །ཐུན་མོང་དངོས་གྲུབ་ཐོབ་རྟགས་ཡིན། །གཞན་དོན་རྟགས་ལ་མངོན་དགའ་ཡང་། །རང་དོན་ཉམས་ལ་ལྷུན་གྱིས་གྲུབ།།མྱ་ངན་འདས་ལ་བྲོད་པ་མེད། །འཁོར་བ་འཇིགས་པའི་ཆོས་དང་བྲལ། །ཞེས་གསུངས་པས། །རྡོ་རྗེ་འཛིན་པ་རྡུལ་སྙེད་དང་བཅས་པ་དགྱེས་ཏེ་མངོན་པར་བསྟོད་དོ། །དེ་དག་ཀྱང་རང་བྱུང་གི་ཐིག་ལེ་ཐོག་མ་དང་།ཐ་མ་མེད་པར་ཐིམ་ནས་ཅང་མི་སྣང་བར་གྱུར་ཏོ། །དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། གསང་བ་ཕྱི་མ་རྣམ་པར་དག་པ་བཀོད་པའི་ལེའུ་སྟེ་སུམ་ཅུ་༼རྩ་༽གཉིས་པའོ།། །།ཧེ་རུ་ཀ་འདུས་པའི་རྒྱུད་ཕྱི་མ་དཔལ་ཧེ་རུ་ཀའི་གལ་པོ་དུར་ཁྲོད་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ། །རྒྱ་གར་གྱི་སློབ་དཔོན་པདྨ་དང་། བོད་ཀྱི་བསྡེ་བེ་རོ་ཙ་ནས་བསྒྱུར་བའོ།། །།ཏི་རུ་ཀ་ཡི་་རྡརྗེརིག་ཀྱང༽སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་ཏནྟྲ་བཞུགས་སོ།། ཐམས་ཅད་མཁྱེན་པའི་དཔལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་ཏནྟྲ། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་ཡི་སྒྲུབ་ལུགས་འདི། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བྱིན་ཏེ་ས་༼བླང་སླ་ང་ཇོ་། །ས་གཞི་དེ་ཡི་ཕྱི་མཚམས་སུ། །ས་ལས་བྱས་པའི་ཐོ་བཞི་བརྩིགས། །མཐུ་ཆེན་རྒྱལ་པོ་སྡེ་བཞི་མྲ །སྤྱན་དྲངས་བྱིན་གྱིས་བརླབས་ལ་བཞག །དེ་ནས་དམ་སྲི་མནན་པར་བྱ། །སྒོ་ནས་འདོམ་གང་ཕྱི་རོལ་ཏུ། །མཁའ་འདྲའི་ཧོམ་ཁུང་་་གང་པ། །གྲུ་གསུམ་ས་ལ་ཟླུམ་པོར་བྲི། །དུར་ཁྲོད་མནན་པའི་ཐོད་པ་ལ། །ནང་དུ་དམ་སྲི་བྲིས་ནས་ནི། །དུར་ཁྲོད་རྐང་གི་ཕུར་བུ་ལ། ཁྲོ་བོ་ཨུརླ་ཨ་ཙ་ལ། །དེ་ནས་སྒྲུབ་པ་པོ་རྣམས་ཀྱང་། །དུར་ཁྲོད་ཕུར་བུ་བཞི་བླངས་ལ། །ཕྱོགས་ནས་དྲིལ་ཞིང་གདབ་པའི་ཚུལ། །བསྟན་ཅིང་གནན་པའི་ལས་བྱའོ། །དཀྱིལ་འཁོར་བཀྲ་ཤིས་བྱ་བའི་ཕྱིར། །བཀྲ་ཤིས་པ་ཡི་སྨོན་ལམ་གདབ། །སྒྲུབ་པ་ཆེ་ཆུང་གང་བསྒྲུབ་པ། །མཚན་དང་ལྡན་པའི་བྷརྙ་ལ། །གསོལ་བྱང་བྲིས་ལ་ཤར་དུ་བཞག །བསྐྱེད་པའི་ས་བོན་འབྱུང་བ་ལྔ། །དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པར་བྱ། །དེ་ལྟར་དབང་ཆེན་བསྐྱེད་ནས་ནི། །གསལ་བར་གྱུར་པ་དེའི་སྟེང་དུ། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །ཏ་ལའི་སྐྱེ་ཤིང་རྩོ་རྩོད་འདྲིལ། །དེ་ནས་དུར་ཁྲོད་གཞལ་ཡས་ཁང་། །རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་། །ཆེ་མཆོག་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད། །སྤྱན་འབར་བ་ཉི་ཤུ་བདུན། ཞབས་བརྒྱད་དུ་་རྣེ༽་བལྟམས་པའོ། །ཧུ༷་ཧུ༷། དེ་ནས་ཞལ་ཟས་ལ་སོགས་ལ། །ཟླ་བའི་དཀྱིལ་འཁོར་གསལ་བར་བསྐྱེད། །དེ་སྟེང་ཚོམ་བུའི་དཀྱིལ་འཁོར་བསྒོམ། །དེ་ལྟར་གསལ་བར་བསྒོམས་ནས་ནི། །དཀྱིལ་འཁོར་དེ་ཡི་སྔ་དེ་ནུབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྤང་སྐོང་ཀླག་པ་དང་། ཚ་ཚ་གདབ་པ་ལ་སོགས་པ་དགེ་བའི་རྩ་བ་ཆེར་བསྐྱེད། དེ་ནས་མཎྜལ་བའི་ཀོ་བ་ཙམ་བྱས་ལ། མཆོད་པརྒྱས་པ་ལྔ་བཤམས་ལ། དུས་གསུམ་བདེ་བར་གཤེགས་པ་དང་། འཕགས་པ་དཀོན་མཆོག་གསུམ་ལ་མཆོད་པ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་མཆོད་པ་དང་། ཁམས་གསུམ་སྙིང་རྗེའི་མགྲོན་རྣམས་ལ་མཆོད་པ་དང་། རེ་བ་བསྐང་བ་དང་། སྡིག་པ་བཤགས་པ་དང་། སྨོན་བཅོལ་བགྱིའོ། །དེ་ཡང་གཏོར་མ་ཆ་གསུམ་རྣམས་ལ། རིམ་གྱིས་མཆོད་ཅིང་བཏང་བར་བྱ། གཏོར་མ་ཐ་ལ་དམིགས་ཀྱང་།ལན་ཆགས་ཀྱི་བགེགས་སུ་གྱུར་པ་རྣམས་ལ་བསྔོ། དེ་ནས་ར་སོགས་གཡས་པ་ལ། ཁྲག་གི་ཡི་གེ་བྲིས་ནས་ནི། །གཞལ་ཡས་སྒོ་ལ་གདགས་པར་བྱ། །དེ་ནས་ཕུར་པ་དར་གྱི་ཅོད་པན་བཅུ་མངའ་གསོལ་ལ། ཕྱོགས་མཚམས་སུ་བཞག་གོ །དེ་ནས་རྡོ་རྗེ་གཞོན་ནུ་དང་སྲུང་བའི་འཁོར་ལོས་ལས་བྱའོ། །ཚོན་རྩི་རྣམ་པ་ལྔ་པོ་ཡང་། །ཚོམ་བུ་ལྔ་ཡི་ལྷ་བཀོད་ཅིང་། །སྙིང་པོ་ལྔ་ཡིས་བྱིན་བརླབས་པ། །གསང་བའི་དཀྱིལ་འཁོར་ཁྲུ་གང་པ། །བདུད་རྩི་༼ལྔ༽་ཡི་འགོ་མ་ཡང་། །དྲི་ཅན་དྲི་ཆུའི་སྐྱང་ནུལ་བྱ། །དེ་ནས་གཟུང་མ་མཚན་དག་ལྡན་པ་གཅིག་ལ། ལས་ཀྱི་རྡོ་རྗེ་མོར་དབང་བསྐུར་ལ། ཐིག་སྐུད་འཁེལ་དུ་གཞུག་གོ །དེ་ནས་ཐིག་སྐུད་སྤྱི་བོར་བཞག་ལ། གནས་ལྔར་དཔའ་བོ་འབྲུ་ལྔ་དགོད་དོ། །འབྲུ་ལྔ་སྤྲོས་བསྡུས་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་དབང་བསྐུར་ལ། ཡེ་ཤེས་ལྔར་བྱིན་གྱིས་བརླབས་སོ། །མོ་ཧ་ར་ཏི་ཛ་ཞེས་ བརྗོད་པས། ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབས་སོ། །དེ་ནས་ཡབ་ཡུམ་གྱི་མཁའ་རྡོ་རྗེ་པདྨར་བྱིན་གྱིས་བརླབ་བོ། །བྱང་ཆུབ་ཀྱི་སེམས་འོད་དུ་གྱུར་པས། དཀྱིལ་འཁོར་གྱི་ཐིག་ཏུ་དཀར་མེར་གྱིས་གྱུར་པར་བསམ་མོ། །དེ་ནས་ཙྭ་ན་ཧུ༷་ཞེས་བརྗོད་གནམ་ཐིག་གདབ། བཛྲ་སུ་ཏྲ་མ་ཏྲི་ཀྲ་མ་ཧུ༷་ཞེས་བརྗོད་པས། ས་ཐིག་གདབ། སྟེགས་བུ་འདོམ་གང་གྲུ་བཞི་ལ། །དབུས་སུ་ཟླ་གམ་ཟླུམ་པོར་བྱ། །མཐའ་མ་རྡོ་རྗེ་ར་བས་བསྐོར། །སྒོ་བཞི་དག་དང་ལྡན་པར་བྱ། །དེ་ལྟ་བུ་ཡི་དཀྱིལ་འཁོར་ལ། །དབུས་སུ་བསྟོ་མཚན་ལྡན་ལ། །ཡབ་ཡུམ་སྙིང་པོ་བྲིས་ལ་བཞག །དབུས་ཀྱི་བནྟྲའི་མདུན་དྲང་དུ། །བནྟྲ་ཤིང་ལོའི་འདབ་མ་ལ། །མ་བརྒྱད་སྙིང་པོ་བྲིས་ལ་བཞག །བརྙ་ཚལ་བུ་བཞི་༼པ༽་ ལ། །བསྒྲུབ་པའི་གསང་མཚན་དང་གསོལ་བྱང་བྲིས་ལ་བཞག །གཞན་ཡང་ཞིང་ཆེན་གྱིས་རས་རོས། ཤ་ཆེན་གྱི་ལང་ལིང་། རྒྱན་གྱིས་བརྒྱན་པ་བཞག །ཚིལ་ཆེན་གྱི་མེ་མར་ལ། དུར་ཁྲོད་ཀྱི་ཞིང་རས་ཀྱིས་སྡོང་བུ་བྱས་ལ་བཏང་ངོ་། །དེ་ནས་ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ་ཤ་ཆེན་གྱིས་ཞལ་ཁེབ་ཅན་དང་། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ། བནྟྲའི་བཟེད་ཕོར་དང་། དམར་གྱི་ཨརྒ་དང་བཅས་དྲངས་སོ། །དེ་ནས་སྒྲུབ་པ་པོ་རྣམས་ལ་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་གདབ་བོ། །རྟགས་དང་མཚན་མས་བཏབ་ནས། བརྒྱན་སྤེལ་ཏེ་བཞུགས་སོ། །དེ་ནས་ཞི་ཁྲོའི་ལས་གཞུང་བཞིན་བྱས་ལ། ལྷ་རེ་རེ་ལ་བསྙེན་པ་བརྒྱ་རྩ་བརྒྱད་བརྒྱད་འབུལ་ལོ། །འཛབ་རྫོགས་པ་དང་ཐུགས་དམ་བསྐུལ། འཕྲིན་ལས་བཅོལ་ལོསྟོང་ཚིགས་ཀྱི་མཆོད་པ་ཆོ་གས་དབུལ། ཡང་ན་བསྟོད་ཚིག་གིས་མཆོད་པ། ཡང་ན་ཞལ་ཟས་མཆོད་པ་དབུལ། ཡང་ན་བསྙེན་པ་ཡང་ཉིན་མཚན་གཅིག་ལ་དྲུག་སྟོང་དུ་དྲོངས། དགོང་དང་ཐོ་རངས་གཏོར་མ་བཏང་།གཏོར་མ་སླད་མ་ཡང་དེའི་རྗེས་ལ་དྲངས། དེ་ལན་རེ་ལ་མཚམས་བཅད་པ་དང་། ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་དོ། །སྟན་མི་སྤྲུག་གྲལ་མི་བསྐོར། ལངས་པའི་ཚ་སྟན་བྱིན་གྱིས་བརླབས། དེ་ནས་བསྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་ལ་སྦྱིན་སྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱངས། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་སྒོ་དབྱེ། པྲ་གདབ། སྒྲུབ་པ་པོ་རིམ་པ་ནས་དཀྱིལ་འཁོར་ནས་དབྱུང་ཞིང་དབང་བསྐུར། དངོས་གྲུབ་བཀྲ་ཤིས་བསགས་ལ་ཚོགས་བྱ། དེ་ནས་དཀྱིལ་འཁོར་བསྡུ། སློབ་དཔོན་ལ་ཡོན་འབུལ། ཚངས་པ་ནོད། བཟོད་པར་གསོལ། དེ་ནས་གཏོར་མ་ཆ་གཅིག་ལ་ཚངས་པ་དང་བརྒྱ་བྱིན་ལ་བསྒོ། མཚམས་གློད། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་པུཎྜ་རི་ཀའི་རྒྱུད་ལས། ཟླ་གམ་གཅིག་པའི་སྒྲུབ་ལུགས་སྟེ་གཅིག་པའོ།། །།དེ་ནས་དཔལ་ཆེན་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས། ཕྱག་རྒྱ་ཆེན་པོ་དགུ་བསྒྲུབ་པའི་ཕྱིར། ཟླ་གམ་དགུ་པའི་བསྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བཅལ་ཏེ་ས་བསླང་ངོ་། །ཕྱི་ནང་ས་ཡི་མཚམས་རྣམས་སུ། །ཕྱོགས་བཞི་དག་ཏུ་ཐོ་བཞི་གཟུགས། །རྒྱལ་ཆེན་བཞི་རུ་མངའ་གསོལ་ལོ། །དེ་ནས་ཤེས་རབ་མཚན་དང་ལྡན་པ་གཅིག་༼ལ༽་ཐིག་སྐུད་འཁེལ་དུ་བཅུག །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། ཙ་དྷ་དྷ་ར་ཧེ་ཞེས་ཐིག་གདབ། འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ། ཟླ་གམ་དམར་པོ་ཁ་བྱང་དུ་བསྟན་པ་བྲི། རྩིབས་བརྒྱད་ཟླ་གམ་རེ་རེ་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱི་རིམ་དུ་རྡོ་རྗེ་ར་བས་འཁོར་བར་བྲི། སྒོ་བཞི་དང་ལྡན་པར་བྲི། དེའི་ཕྱི་རིམ་བསྐལ་པའི་མེ་དཔུང་འབར་བར་བྲི། དཀྱིལ་འཁོར་དབུས་སུ་བནྟྲ་མཚན་དང་ལྡན་པ་ལ། དཔལ་ཆེན་ཡབ་ཡུམ་བྲིས་མ་ཡང་དྲངས། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་གཏེར་དུ་སྦ། རྒྱལ་ཆེན་ལ་སྲུང་མའི་གཏང་རག་གཏང་༼བར༽་ བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལས། ཟླ་གམ་དགུ་པའི་དཀྱིལ་འཁོར་སྒྲུབ་ལུགས་ཏེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས། འཕྲིན་ལས་ཀྱི་བསྒྲུབ་ལུགས་འདི་གསུངས་སོ། །ཟླ་ གམ་བཅོ་བརྒྱད་པའི་བསྒྲུབ་ལུགས། འཕྲིན་ལས་ཀྱི་གོ་རིམ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་རྣམས་ལ་ས་རིན་བཅལ། །སླང་དང་སྦྱང་བ་ཚུལ་བཞིན་བྱ། ཕྱོགས་བཞི་དག་ཏུ་ཐོ་བཞི་གཙུགས། །བསྲུངས་དང་མཚམས་ཀྱི་ལས་རྣམས་བྱ། །གཟུང་མ་མཚན་དང་ལྡན་པ་ལ། །བྱིན་གྱིས་བརླབས་ཅིང་ཐིག་སྐུད་འཁེལ་དུ་གཞུག །ཙན་དྷ་ད་ར་ཧི་ཞེས་ཐིག་གདབ། འཁོར་ལོ་རྩིབས་བརྒྱད་དུ་ཐིག་གདབ། དབུས་ཟླ་གམ་དཀར་དམར་ཁ་སྤྲོད་བྱས་སྟན་ལ་བྲི། འཁོར་ལོ་རྩིབས་བརྒྱད་ལ། ཟླ་གམ་ཁ་སྤྲོད་དུ་བྲི། སྒོ་བཞི་དང་ལྡན་པ། མཐའ་རྡོ་རྗེའི་ར་བས་བསྐོར་བ། དེའི་ཕྱིར་རིམ་བསྐལ་པའི་མེ་རིས་བསྐོར་བ་བྲི། དབུས་སུ་བསྟོ་མཚན་དང་ལྡན་པ་ཅིག་ལ། དཔལ་ཆེན་པོ་ཡབ་ཡུམ་བྲིའོ། ཁྲར་དུ་ཚལ་བུ་གཅིག་ལ་བཛྲ་ཧེ་རུ་ཀ་དང་། ཡུམ་བཛྲ་ཀྲོ་ཏི་ཤྭ་རི་བྲིས་ལ་བཞག །ལྷོར་རཏྣ་ཧེ་རུ་ཀ་བྲིས་ལ་བཞག །ནུབ་ཏུ་པདྨ་ཧེ་རུ་ཀ་བྲིས་ལ་བཞག །བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ཤར་དུ་བསྟོ་མཚན་དང་ལྡན་པ་ལ་གསོལ་བྱང་བྲིས་ལ་བཞག །སྒོ་བཞིར་ཛ་བཞི་བྲིས་ལ་བཞག །དེ་ནས་ཤར་ལྷོའི་འཁོར་ལོ་ལ། ཚལ་བུ་ལ་རསྒ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ལྷོ་ནུབ་༼ཏུ་༽རསྒ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ནུབ་བྱང་དུ་གུ་རྒྱ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །བྱང་ཤར་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །དེ་ནས་མཆོག་ཕུར་དར་གྱི་ཅོད་པན་ཅན་བཅུ། ཁྲོ་བོ་བཅུར་མངའ་གསོལ་ནས་མཚམས་བཅད་དོ༷། །སྣང་སྲིད་སྒྱུ་མའི་རང་བཞིན་ལ། །ཡེ་ནས་དག་པའི་མཆོག་ཕུར་འདིས། །གདེང་དང་ལྡན་པའི་སྔགས་འཆང་གིས། །བྱིན་ཆེན་དབབ་པར་མངའ་གསོལ་ལོ། །ཡོངས་ལ་མངའ་མཛད་གཞན་གྱིས་མི་ཐུབ་རྒྱལ། །ཨོ་ཨུ༷༷ཧྭ༷། སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། ཨོ་ཨུ༷༷ཧྭ༷། ཚེ་ལ་དབང་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། ཆོས་ལ་དབང་མཛད་༼ཧྲ་ཧ་༽ཡ་གྲི་བ་དཔལ། ཨོ་ཨུ༷༷ཧུ༷། ལས་ལ་དབང་མཛད་བདུད་རྩི་ཀུཎྜ་ལི། ཨོ་ཨུ༷༷ཧཱུཾ། ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། ཨོ་ཨུ༷༷ཧཱུཾ། སེམས་ལ་དབང་མཛད་ཁྲོ་བོ་འདོད་པའི་རྒྱལ། ཨོ་ཨུ༷༷ཧུ༷། རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། ཨོ་ཨུ༷༷ཧུ༷། སྐྱེ་བཞི་མངོན་པར་རྫོགས་མཛད་ཧུ༷་ཀ་ར། ཨོ་ཨུ༷༷ཧུ༷། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜ་ལི། ཨོ་ཨུ༷༷ཧཱུཾ། དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུར་ཁྲོད་རྫས་ཀྱིས་ཆག་ཆག་གདབ། །བདུད་རྩི་དྲི་ཆེན་ཡེ་ཤེས་ལྔ་ལྡན་པས། །དེ་བཞིན་གསང་མཆོག་རིགས་ཀྱིས་དངོས་གྲུབ་པས། །བཀའ་གསང་ཆེན་པོ་བསྒྲུབ་པའི་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩི་འབར་བའི་ཆག་ཆག་འདེབས། །ཨོ༷་མ་ཧྭ་བ་སུ་མཎྜ་ལ་ཧུ༷། དམ་རྫས་དག་པའི་བདུད་རྩི་དྲི་ཆུ་འདིས། །ཡེ་ཤེས་རང་བྱུང་བདུད་རྩི་བསྒྲུབ་པའི་ཕྱིར། །གསང་བའི་བདུད་རྩི་ཆེན་པོའི་ཆག་ཆག་འདེབས། །མ་ཧྭ་ས་མ་ཡ་མ་མ་ཀི་ཀུ་ཀུ་ལ་མཎྜལ་ཧུ༷། བཀའ་གསང་རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར། །འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ཁང་། །རཀྟ་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །མ་ཧྭ་རཀྟ་མཎྜ་ལ་ཧུ༷། །རོ་ཡི་ཚོལ་སྟངས་རྣམ་བཞི་ཡིས། །དུར་ཁྲོད་རྫས་མཆོག་མ་ཉམས་བཙལ། །དུར་ཁྲོད་རོ་ཡི་ཉིང་ཝམོསྐབུང་དུ། །སེང་ལྡེང་ཕུར་བུ་སོར་བརྒྱད་གདབ། །ཨུབྱ་ཨ་ཙ་ལ་ཧུ༷། བྱས་པས་བྱིན་གྱིས་བརླབས་ལ་བཞག །དེ་ནས་དུག་གསུམ་འཁོར་བ་རབས་བརྒྱུད་གཅོད་པའི་བྲོ་བརྡུང་ངོ་། །དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར། །དུག་གསུམ་རབས་བརྒྱུད་གཅོད་པའི་བྲོ། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ། །དབང་པོ་འདྲེས་པའི་སྒོ་དགུ་སྲ །སྐུ་དགུ་བཀོད་པའི་བྲོ་བརྡུངས་པས། །ཡེ་ཤེས་དགུ་ཡི་བྱིན་བརླབས་ལས། །ཚོར་ཞིང་ལེན་པའི་རྣམ་ཤེས་དགུ། །ཀློང་ཆེན་དགུ་རུ་ལྷུན་གྱིས་གྲུབ། །ཞེ་སྡང་འདུས་པའི་ཕུང་པོ་ལ། །ཧུ༷་གི་འཕྲོ་འདུའཇུག་པ་ལ། །མཐིང་ནག་ཆེན་པོ་འཇིགས་པའི་གཟུགས། །ཀློང་ཆེན་དགུ་ཡིས་བྱིན་བརླབས་ལས། །ཞེ་སྡང་ཅན་དང་དམྱལ་བའི་གནས། །དུག་གསུམ་སྐྱེ་བའི་རྒྱུན་བཅད་ནས། །ཐིག་ལེ་ཆེན་པོའི་ངང་དུ་བསྒྲལ། །སུམ་བྷ་ནི་སུམ་བྷ་ནི་ནན། །གཏི་མུག་འདུས་པའི་ཕུང་པོ་ལ། །ལྟ་བྱེད་གཡས་ཀྱི་དབང་པོ་ལ། །ཨོ་གྱི་འཕྲོ་འདུ་འཁྲུཊ་པ་ལས། །བུརྙ་ཁྲག་འཐུང་སྤྲིན་ཕུང་བཞིན། །༼དམུག་སྨུག༽ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །གཏི་མུག་ཅན་དང་བྱོལ་སོང་གནན། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །ལྟ་བྱེད་གཡོན་གྱི་དབང་པོ་ལ། །ཨུ༷་གྱི་འཕྲོ་འདུ་འཁྲུགས་པ་ཡིས། །པདྨ་ཁྲག་འཐུང་སྤྲིན་ཕུང་བཞིན། །དམར་ནག་ཆེན་པོ་ འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །འདོད་ཆགས་ཅན་དང་མི་ཡི་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །སྣོམ་བྱེད་དབང་པོ་གཡས་པ་ལ། །ས་ཡི་འཕྲོ་འདུ་འཁྲུགས་པ་ཡིས། །རཏྣ་ཁྲག་འཐུང་སྤྲིན་ཕུང་བཞིན། །སེར་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །ང་རྒྱལ་ཅན་དང་ལྷ་མིན་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །སྣོམ་བྱེད་གཡོན་གྱི་དབང་པོ་ལ། །ཧ་ཡི་འཕྲོ་འདུ་འཕྲོས་པ་ཡིས། །ཀརྨ་ཁྲག་འཐུང་སྤྲིན་ཕུང་བཞིན། །ལྗང་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །ཕྲག་དོག་ཅན་དང་ཡི་དྭགས་སུ། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །ཉན་བྱེད་དབང་པོ་གཡས་པ་ལ། །ཧུ༷་གི་འཕྲོ་འདུ་འཁྲུགས་པ་ཡིས། །སྨུག་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་ཞབྲུགས་པ་ཡིས། །ཞེ་སྡང་ཅན་དང་དམྱལ་བའི་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། སུམ་བྷ་ནི་སུམ་བྷ་ནི་ཧུ༷། གྲིཏྣ་གྲིཏྣ་ཧུ༷། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷། ཨ་ན་ཡ་ཧོ། བྷ་ག་བན་བིབྱ་རྭ་ཛ་སྤྲོ་ཊ་བ༷། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབྱུང་བ་ལྔ་ཡིས་བསླང་བ་དང་། །ཉོན་མོངས་ལྔ་ཡི་བཅིངས་པ་རྣམས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། ཤརྙི༷་ཀུ་རུ་ཨ་ལ་ལ་ཧོ། །ལྷོ་སྒོར་གཟི་ལྡན་ཡུམ་བྱུང་སྟེ། །དུར་ཁྲོད་ཆེན་པོའི་གནས་འདི་སྲ །ཡེ་ཤེས་ལྔ་ཡི་ཀློང་དཀྱིལ་དུ། །གཟི་ལྡན་ཡུམ་གྱི་བྲོ་བྱུང་ངོ་། །དུག་ལྔ་དབྱིངས་སུ་ལྷན་གྱིས་གྲུབ། །དབང་པོ་ལྔ་ཡི་ཡུལ་ལྔ་ལ། །ཡུམ་ཆེན་ལྔ་ཡིས་བྲོ་བརྡུངས་པས། །སྐུ་ལྔ་དབྱིངས་སུ་ལྷུན་གྱིས་གྲུབ། །རྣ་བའི་ཡུལ་ལབྲོ་བྱུང་ངོ་། །བུརྙ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཆགས་པའི་དབྱིངས་སུ་སྡུད་པའི་བྲོ། །གཏོ་མུག་གནས་སུ་དག་པའི་བྲོ། །བྲོ་བརྡུངས་བྱོལ་སོང་སྙིང་ལ་བརྡུངས། །གཏི་མུག་གཙོ་བོའི་ཐལ་བར་ལྷོགས། །བྱོལ་སོང་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །པདྨ་ཀྲོ་ཏིའི་བྲོ་བྱུང་ངོ་། །འདོད་ཆགས་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་མི་ཡི་སྙིང་ལ་བརྡུངས། །འདོད་ཆགས་གཙོ་བོ་ཐལ་བར་ལྷོགས། །མི་ཡི་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །རཏྣ་ཀྲོ་ཏིའི་བྲོ་བྱུང་ངོ་། །ང་རྒྱལ་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་ལྷ་མིན་སྙིང་ལ་བརྡུངས། །ལྷ་མིན་གཙོ་བོ་ཐལ་བར་ལྷོགས། །ལྷ་མིན་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །ཀརྨ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཕྲག་དོག་གནས་སུ་དག་པའི་བྲོ། །བྲོ་བརྡུངས་ཡི་དྭགས་སྙིང་ལ་བརྡུངས། །ཕྲག་དོག་གཙོ་བོར་ཐལ་བར་ལྷོགས། །ཡི་དྭགས་འཇིག་རྟེན་ཐམས་ཅད་དུ། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །ཉན་བྱེད་ཡུལ་དུ་བྲོ་བྱུང་ངོ་། །བཛྲ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཞེ་སྡང་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་དམྱལ་བའི་སྙིང་ལ་བརྡུངས། །ཞེ་སྡང་གཙོ་བོ་ཐལ་བར་ལྷོགས། །དམྱལ་བའི་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །ཀྲོ་ཏིའི་ཤྭ་རི་བདེ་ཀློང་མཁའ་ལ་འདུས། །ནུབ་ཏུ་གསང་བ་ཧེ་རུ་ཀ་བཞིའི་བྲོ་བྱུང་སྟེ། །ཉན་བྱེད་གཡོན་གྱི་དབང་པོ་ལ། །གསང་བ་ཡབ་གྱི་བྲོ་བྱུང་ངོ་། །རསྒ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུད། །ཚོར་བྱེད་ལྕེ་ཡི་དབང་པོ་ལ། །ས་ནུ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །འདའ་བཀའ་ཐུགས་ཀྱི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུད། །ཆགས་པར་བྱེད་པའི་གསང་གནས་ལ། །གསང་བ་ཡབ་ཀྱི་བྲོ་བྱུང་ངོ་། །གྱུ་ཡ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །ཀློང་དུ་གྱུར་པའི་ཡེ་ཤེས་ཀྱིས།༷།བདུད་དང་མུ་སྟེགས་དབང་དུ་བསྡུས། །རེག་བྱ་ཡུལ་གྱི་དབང་པོ་ལ། །གསང་བ་ཡབ་ཀྱི་བྲོ་བྱུང་ངོ་། །ཡསྒ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུས། །ཨོ་སུལྷ་ནི་སུསྦྱུ་ནི་ཧཱུཾ། གྲིཏྣ་གྲིཏྣ་ཧུ༷། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་ལྭན། བི་དྭ་རྭ་ཛ་ཧུ༷་བཛྲ་སྤྲོ་ཊ་བ༷།བྱང་སྒོར་གསང་བ་ཡུམ་གྱི་བྲོ་བྱུང་ངོ་། །ཉན་པའི་ཡུལ་ལ་བྲོ་བྱུང་ངོ་། །རཀྟ་ཀྲོ་དྷའི་བྲོ་བྱུང་ངོ་། །དྲོད་ལས་སྐྱེས་པའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །ཚོར་བྱེད་ཡུལ་ལ་བྲོ་བྱུང་བ། །ས་ནུ་ཁྲོ་མཆོག་བྲོ་བྱུང་ངོ་། །འདོད་ཆགས་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞིའི་ངང་དུ་རྫོགས། །སྐྱེ་གནས་ཡུལ་ལ་བྲོ་བྱུང་ངོ་། །གུ་རྒྱ་ཀྲོ་དྷིའི་བྲོ་བྱུང་ངོ་། །རྫུས་ནས་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །རེག་བྱ་ཡུལ་ལ་བྲོ་བྱུང་བ། །ཡཀྟ་ཀྲོ་དྷིའི་བྲོ་བྱུང་ངོ་། །སྤྲུལ་ཏེ་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །གསང་ཆེན་བཞི་ཡི་ཕྱག་རྒྱ་ཡིས། །བཏབ་པས་ཐིག་ལེའི་ངང་དུ་རྫོགས། །དེ་ནས་བྱང་ཤར་མཚམས་སུ་དཀྲི་བར་བྱའོ། །ཐིག་སྐུད་བཅུ་ཚལ་གདབ་པར་བྱ། །མགོ་ལུས་ཡན་ལག་ལྔ་པོལ། །མཚོན་ཆ་ལྔ་ཡིས་བགྲོ་བར་བྱའོ། །དེ་ནས་སྐོས་གདབ་བོ། །སྐོས་ལ་སྤྱན་དྲང་ངོ་། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དགུ་ཀློང་འབར་བའི་སྐོས་ལ་སྤྱོན། །དབང་པོ་དགུ་ནི་ཡབ་ཀྱིས་སྐོས། །དེ་ཡི་ཡུལ་དགུ་ཡུམ་གྱི་སྐོས། །དཔལ་ཆེན་འཁོར་ཚོགས་སྐོས་ལ་སྤྱོན། །དེ་ནས་སྨོན་ལམ་བཏབ། ཧོ་དགོངས་སུ་གསོལ། སྟོང་གི་རབ་འབྱམས་འཇིག་རྟེན་གྱི་ཁམས་ཐམས་ཅད། འཁོར་བ་དང་ངན་སོང་ལས་ཐུགས་རྗེས་བསྒྲལ། སྐུ་གསུང་ཐུགས་སུ་མཉམ་སྦྱར་ནས། གདལ་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པར་གྱུར་ཅིག །དེ་ནས་བྱང་ཤར་མཚམས་སུ་ཕུང་པོ་བཤིག་གོ །མ་ཏྲང་གི་དབང་པོ་ལ་རིགས་ལྔའི་ཡུམ། ཧེ་རུ་ཀའི་རྫས་སུ་དབུལ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་བུརྙ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་བུརྙ་ཤི་ཧེ་རུ་ཀ་ཧུ༷། ཤར་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་བཛྲ་ཤི་ཧེ་རུ་ཀ་ཧུ༷། ལྷོ་ནས༷་རང་རྒྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་རཏྣ་ཤི་ཧེ་རུ་ཀ་ཧུ༷། ནུབ་ནས་རང་བྱུང༷་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་པདྨ་ཧེ་རུ་ཀ་ཧུ༷། །བྱང་ནས་རང་རྒྱུང་གྲུབ་པའི་ལྷ། །འཕྲིན་ལས་ཀརྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ༷་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་ཀརྨ་ཧེ་རུ་ཀ་ཧུ༷། །ཤར་ལྷོ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །སྦྱོར་བ་རསྒ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་རསྒ་ཧེ་རུ་ཀ་ཧུ༷། །ལྷོ་ནུབ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །དམ་ཚིག་ས་ནུ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིངབརྟན་པར་བཞུགས་སུ་གསོལ། །ཨོ་ཡསྒ་ཧེ་རུ་ཀ་ཧུ༷། །ནུབ་བྱང་རང༷་བྱུང་གྲུབ་པའི་ལྷ། །གསང་བ་གུ་རྒྱ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་གུ་རྒྱ་ཤི་ཧེ་རུ་ཀ་ཧུ༷། བྱང་ཤར་རང་བྱུང་གྲུབ་པའི་ལྷ། །སྒྲོལ་བ་ཡསྒ་ཧེ་རུ་ཀ །ཡེ་ཤེས་འབར་བའི་ཀློང་དཀྱིལ་ན། །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་ཡསྒ་ཧེ་རུ་ཀ་ཧུ༷། །དབུས་ཀྱི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །བྲརྙ་ཀྲོ་ཏི་ཤྭ་རིའི་སྐུ། །དགྱེས་པ་ཆེན་པོའི་བདག་ཉིད་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་གྱིས་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །བཛྲ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་པ་ཆེན་པོའི་སྟབས་ཀྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ཡི་ཡུམ་ཆེན་མི་ཕྱེད་མ། །རཏྣ་ཀྲོ་ཏི་ཤྭ་རིའི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ཀྱི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་ནི། །པདྨ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་༄༅། ཁེང་བརྟན་པར་བཞུགས་སུ་གསོལ། །བྱང་གི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ཀརྨ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་ སུ་གསོལ། ཁྲར་ལྷོའི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །རསྒ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནུབ་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ས་ནུ་ཀྲོ་དྷི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་བྱང་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །གུ་རྒྱ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ཤར་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ཡསྒ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དེ་ནས་བནྟྲ་བླངས་ལ། མཚན་དང་དབུས་གསོལ། དབྱངས་བླངས་ལ་འདི་སྐད་དོ། །འཕྲུལ་ཞལ་ཡིད་བཞིན་ཕྲ་མེན་རྒྱན་གྱིས་བཀླུབས། །རྐང་མེད་མཁའ་ལ་འགྲོ་བའི་ཐོག་ཐོག་རྐན་སྒྲ་ཅན། །སྔོན་གྱི་སྐྱེ་མཆོག་སྒྲུབ་པའི་རྫས་ཡིན་ཏེ། །སུ་ཞིག་དངོས་གྲུབ་འདོད་པ་ད་ལྟ་ང་ལ་ལོངས། །གང་ཞིག་བཀའ་ལྟར་མི་བྱེད་དམ་ལ་མི་གནས་ན། །འདི་ཡི་སྒྲ་ཐོས་གཟུགས་ཉིད་མཐོང་བས་ཀྱང་། །ལུས་ངག་ཡིད་གསུམ་མོད་ལ་བརླག་པར་འགྱུར། །དཀར་པོ་ཟང་ཡག་འཚེར་བ་ནི། །སྔ་རབས་འདས་པའི་བཅོམ་ལྡན་འདས། །ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་ལྡན་པ་ནི། །ད་ལྟར་བཞུགས་པའི་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རི་ཆགས་པ་ནི། །སླད་ནས་འབྱོན་པའི་བཅོམ་ལྡན་འདས། །སྤྲུལ་པའི་སྐུ་དང་རབ་ལྡན་པ། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །ཟླ་གམ་གྱི་ནི་དབུས་སུ་བཞག །བརྒྱད་ལ་ཡབ་ཡུམ་བཅུ་དྲུག་བྲིས་ལ་བཞག །བསྐུལ་བའི་རྡོ་རྗེ་ཨང་ཀུ་ཤ །རྟ་གདོང་དཀར་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་བཱ་ཤ་ཧུ༷། །ཕག་གདོང་སྔོན་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་སྤྲོ་ཊ་བ༷། །སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་མ། །རྨོངས་བྱེད་ཆེན་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་བྷརྙེ་ཧོ། །ཐལ་བྱེད་ལྗང་ནག་གཤེགས་སུ་གསོལ། །འདི་བཞི་དོན་གྱིས་དགོད། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །རྡོ་རྗེ་ཐབས་ཀྱི་རང་བཞིན་ནི། །དྲིལ་བུ་ཤེས་རབ་རང་བཞིན་དང་། །དཀྱིལ་འཁོར་དབུས་སུ་བརྟན་པར་དགོད། །དེནསམཆོདཔདགྲམཔནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིནགྱིཆེནགྱིཞལབགབ་སྤྱན་དྲང་ངོ་། །དེ་ནས་བསྒྲུབ་པ་པོ་ཀུན་གྱི་མདུན་དུ། བརྙ་བཟེད་ཕོར་དུ། དམར་གྱི་ཨསྙེ་དྲང་ངོ་། །ཏིལ་ཆེན་གྱི་མེ་དམར་དགུ་བཏང་། དེ་ནས་སྒྲུབ་པ་པོ་རྟགས་དང་མཚན་མ་གདབ་སྟེ། ཞལ་བླངས་ལ། དོན་དམ་བཅུད་ཀྱིས་རྒྱས་བཏབ་པས། །ཀུན་ཏུ་འོད་ཀྱི་ས་མནན་ནས། །དཔལ་ཆེན་སྐུ་དང་མཉམ་པར་སྦྱོར། །ཐལ་ཆེན་གདུག་པ་འདུལ་བའི་རྒྱུན། །སྤྲུལ་པའི་སྐུ་དང་ལྡན་པ་ཡིས། །འཁོར་ལོ་རྫོགས་ཆེན་ས་མནན་ནས། །མ་ཚོགས་ཕྲ་མེན་ཚོགས་དང་སྦྱོར་ཏོ། །རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ལོངས་སྤྱོད་རྫོཊ་སྐུར་ལྡན་པ་ཡིས། །པདྨ་ཅན་གྱི་ས་མནན་ནས། །ཡུམ་ཆེན་སྐུ་དང་མཉམ་པར་སྦྱོར། །ནང་གི་དམ་པར་མཛད་དུ་གསོལ། །རྒྱན་སྤེལ་ཏེ་བཞུགས་སོ། །དེ་ནས་སྒོ་དབྱེ། དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ཁང་། །ཡེ་ཤེས་བརྒྱད་ཀྱི་སྒོ་ཕྱེ་ཤིག །མཁའ་དབྱིངས་དག་པའི་གཞལ་ཡས་ཁང་། །མི་གནས་ཡེ་ཤེས་ཆེན་པོའི་སྒོ་པྱེ་ཤིག །དེ་ནས་དངོས་གྲུབ་གསོལ་ཏེ། སྐྱེ་ཤི་མེད་པའི་ཚེ་ཡི་དངོས་གྲུབ་དང་། །འདུ་འབྲལ་མེད་པ་གཟུངས་ཀྱི་དངོས་གྲུབ་དང་། །འཕོ་འགྱུར་མེད་པ་གནས་ཀྱི་དངོས་གྲུབ་རྣམས། །གསུམ་པོ་འདི་རྣམས་དུས་འདིར་བསྩལ་དུ་གསོལ། །དེ་ལྷར་དངོས་གྲུབ་གསོལ་ནས། ད་ནི་དམ་བཅའ་སྟེ། དུར་ཁྲོད་གནས་པའི་དཔལ་ཆེན་ཧེ་རུ་ཀ །རྟོགས་མཐར་རྨོངས་པའི་འབྱུང་པོ་ཟ་བྱེད་ཅིང་། །རྔམ་པའི་ཚུལ་གྱི་སྲིན་པོའི་ཚུལ་སྟོན་པ། །མཁའ་མཉམ་པའི་དུས་སུ་གཉིད་ཆངགི་དབང་དུ་མི་བཏང་བའོ། ཁྱད་པར་གྱི་དམ་ཚིག་བཞི་ནི། སྲིད་པ་ཡོངས་བསྒྲལ་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་དང་། ཁམས་གསུམ་དབང་དུ་བསྡུས་ནས་དུག་གསུམ་མཆོད་པར་སྦྱར་བ་དང་། དེ་ལྟ་བུའི་རྫས་ལ་བློ་ལ་ཁུ་འཕྲིག་མེད་པར་དང་དུ་བླང་བའི་དམ་ཚིག་དང་། དེ་ལྟ་བུའི་མཛད་སྤྱོད་ཅི་མཛད་ཀྱང་། ཡིད་ཆོས་ཉིད་བྱང་ཆུབ་སེམས་ལས་མ་གཡོས་པར་བྱ་བའི་དམ་ཚིག་བཞིའོ། །ཉམས་ལེན་བར་ཆད་བཞི་ཟློག་སྟེང་། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །དེ་ནི་སྔོན་གྱི་ཉམས་ལེན་ཏེ། །དགོངས་ཀྱི་ཏིང་ངེ་འཛིན་མི་གནས། །གྲིབ་སོ་སྡུད་པའི་དབང་མོ་ཆེ། །རྫུ་འཕྲུལ་བྱ་རོག་རྐང་བཞི་མ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། ཁ་དོག་ནུབ་ཀྱི་དམར་ཐག་འདྲ། །རལ་པ་སྤྱིན་དམར་འཁྲིག་པ་བཞིན། །རལ་པ་སྤྲུག་པའི་སྐྲ་གསེབ་ནས། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །ཨ་ལ་ལ་པའི་ཕྱག་མཚན་ནི། །གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྒོལ། ཁྲོད་ནས་གཉེན་པོ་སྦེད་པའི་ཚེ། ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབས། །སྲིན་པོའི་འཇིག་རྟེན་ལྔ་ལ་གཡང་། །དམ་ལས་འདུས་པ་བཙོ་སྲེག་བྱེད། ཁྱོད་ཀྱི་འཕྲིན་ལས་སྐལ་ཕོག་པ། །དགོངས་ཀྱི་བར་ཆད་མེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་ཧྲ་ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། དེ་ཡི་འདུལ་སྐལ་ཆེན་མོ་ནི། །སྲོད་ལ་ཏིང་འཛིན་མི་གསལ་ན། །སྔོན་གྱི་ཉམས་ལེན་ཆེན་མོ་སྟེ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོགས་མེད་རླུད་ལྟར་འཔྱོ་བ་ཡིས། །སྲིད་པའི་རྒྱལ་མོ་སྲོག་གི་བདག །སྲིད་བདག་ཆེན་མོ་ཀུན་གྱི་རྗེ། །ཡེ་ཤེས་འོད་སྟོང་འབར་བའི་རྫུ་འཕྲུལ་ཅན། །སྲོག་ལ་བར་ཆད་བྱེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་དྲ་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ནམ་ཕྱེད་ཏིང་འཛིན་མི་གསལ་ན། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །རལ་པ་སེར་སྒྲིན་འཁྲིགས་པ་འདྲ། །སྤྱན་ནི་ཉི་ཟླ་ཞུན་མ་ལ། །སྔགས་པས་བཏུབས་ནས་བོས་པའི་ཚེ། །མཆི་མ་ཐུ་ལུམ་ཆར་དུ་འབེབས། །མཆི་མཐུ་ལུམ་ཐིགས་རེས་ཀྱང་།དཀར་པོ་བུ་བྲན་མ་ལུས་ཀུན། །གཞོབ་རྒོད་རྡོག་པས་བརྫིས་པ་བཞིན། །བཟོད་གླགས་མེད་པར་དམྱལ་ཐག་གཅོད། །ནམ་ཕྱེད་བར་ཆད་བྱེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་ཏྲ་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧྭ༷་ཕཊ། དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོ་རངས་ཏིང་འཛིན་མི་གསལ་ན། །ཐོ་རངས་བར་ཆད་བྱེད་པའི་བདུད། །ཧོར་སྟོན་བུ་མོ་མ་རུང་མ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །མགོ་ཡང་སེང་གེའི་མགོ་བོ་ལ། །བདུད་མོ་སེང་གེའི་ང་རོ་སྒྲོག །སྲིད་པའི་གནམ་ས་འགྲུམ་འགྲུམ་སྐོང་། །རལ་པ་སེར་སྤྲིན་འཁྲིགས་པ་བཞིན། ཁྱོད་ཀྱིས་འཕྲིན་ལས་དུས་ལ་བབ། །ཐོ་རངས་བར་ཆད་བྱེད་པའི་བདུད།།དགྲ་བགེགསཐམས་ཅད་ཐལ་བར་རློགས། །རསྒ་རུ་་་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། ཤར་སྐར་ཏིང་འཛིན་མི་གསལ་ན། །ཤར་གྱི་ཟེར་ལ་བར་གཅོད་མ། །སྲབ་མདའ་ཟེར་ལ་ཞོན་པ་མོ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །དུང་གི་གདོང་ལ་ཤེལ་གྱི་ལྕེ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །གནམ་ལྕགས་ཐོག་གི་སེར་ཆེན་འབེབས། ཁྱོད་ཀྱིས་འཕྲིན་ལས་དུས་ལ་བབས། །ཤར་ཀའི་ཟེར་ལ་བར་གཅོད་པའི། །བདུད་དགྲ་ཐམས་ཅད་ཐལ་བར་རློགས། །རསྒ་རུ་་་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། ཉམས་ལེན་ལྔ་དེ་ལྟར་བཟློག་གོ །བསྒྲུབ་པ་ཞག་དུ་དམ་བཅས་པའི་ཕྱི་དོ་ནུབ། གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་སྦྱིན་སྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་ཧེ་རུ་ཀའི་སྦྱིན་བསྲེག་བྱ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པ་རྒས་བརྒྱུད་སྟོངས། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུརྙ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་ལ། །་དྷ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཀློང་ན་དཔལ་ཁྲག་འཐུང་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཆོས་ཀྱི་དབྱིངས་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས ཐབས་འཛིན་མཚོན་ཆས་བསྐལ་པའི་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །ཞེ་ སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་འདི། །བཛྲ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། རིག་པའི་རྒྱལ་པོ་བཛྲ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་ཞེ་སྡང་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུད་དེ་ཕུལ་བས། མེ་ལོང་ལྷ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །རིན་ཆེན་དབྱིངས་ལྟར་རེ་འདོད་ཀུན་སྐོང་ཞིང་། །བདག་ཉིད་མི་གནས་ཆུའི་བསྐལ་པས་འཁྲུས། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་དཔལ་ཆེན་རཏྣ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་༼ལ་འངད༽། །རཏྣ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཀློང་ན་དཔལ་རཏྣ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་ང་རྒྱལ་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ། ཐམས་ཅད་བསྡུས་ཏེ་ཕུལ་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཏོ། །འཁོར་བའི་འདམ་ནས་པད་ལྟར་སྐུ་འཁྲུངས་ཀྱང་། །ལྷག་མཐོང་ཤེས་རབ་བསྐལ་པའི་མེ་ཡིས་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་དཔལ་ཆེན་པདྨ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་༼ལ་འངད༽། །པདྨ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། རིག་པའི་རྒྱལ་པོ་དཔལ་པདྨ་ཧེ་རུ་ཀ་བཞུགས་པ་ལ། མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བསསོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་། ཁྲེས་རབ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་དཔལ་ཆེན་ཀརྨ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་༼ལ་འངད༽། །ཀརྨ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་དཔལ་ཀརྨ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་ཕྲག་དོག་གི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། བྱ་བ་ནན་ཏན་པོཏོ༽་ ཡེ་ཤེས་སུ་གྱུར་ཏོ། །དེ་ནས་ཁྲག་འཐུང་གི་དབང་མོ་ལྔ་ལ་མཆོད་པ་འབུལ་ཏེ། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་། །སྙིང་རྗེ་མཐར་ཕྱིན་ཞེ་སྡང་རྣམ་པར་དག །རྟོགས་པའི་རེག་བྱའི་མཆོད་པས་མཉེས་མཛད་པས། །སྲ་བརྟན་ཁྲོ་བོའི་དབང་བསྐུར་ཁྲོ་གསུང་གི་ལོངས་སྟོད་སྣ་ཚོགས་མི་དམིགས་ཀྱང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་མ། །ལྷག་མཐོང་ཡེ་ཤེས་དབང་བསྒར་ཁྲོ་མོའི་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱོལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་སྲེག་ལ། །པདྨ་ཀྲོ་དྷིའི་སྐུ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོ་ཀློང་ན་ཡུམ་པདྨ་ཀྲོ་ཏི་ཤྭ་རི་བརྙུགས་པ་ལ།སེམས་ཅན་ཉོན་མོངས་པ་མེས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། །ཡེ་ཤེས་ཆེན་པོར་ཐིམ་མོ། །འཕྲིན་ལས་ལོངས་སྒོད་སྣ་ཚོགས་མི་དམིགས་ཀྱང་། །བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་པས། །ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་ ༼ལ་འངདགོ། །ཀརྨ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། །ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་རླུང་གིས་བསླད་པ་ཐམས་ཅད་བསྡུད་ཏེ་ཕུལ་བས། ཡེ་ཤེས་ཆེན་པོའི་ངང་དུ་ཐིམ་མོ། །མཚམས་ཀྱིས་ཧེ་རུ་ཀ་བཞི་ལ་མཆོད་པ་འབུལ་ཏེ། སྒྲ་ཡི་ཚད་དང་དངོས་པོ་ཡིས། །བག་ཆགས་རྟོག་པ་འཇོམས་མཛད་པ། །ཡེ་ཤེས་དཔལ་ཆེན་རསྒ་ཧེ་རུ་ཀ །བྷ་ན་ཆེན་པོའི་ཚུལ་གྱིས་སྤྱན་དྲངས་ནས། །༄༅ ༼མས་མེད༽དཔལ་ཆེན་ཡསྒ་ཧེ་རུ་ཀ །རེག་བྱ་གཟུགས་ཀྱི་རྟོག་པ་བཅོམ་ནས་ནི། །བདེ་བ་ཆེན་པོའི་དབྱིངས་སུ་སྒྲོལ་བའི་ངང་། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་ལ། །ཡསྒ་ཧེ་རུ་ཀ་མཆོད་པ་འབུལ། །གཟུགས་སུ་སྣང་བའི་རེག་བྱ་ཐམས་ཅད་བསྡུས་ཏེ་ཕུལ་བས། རེག་བྱའི་རྣམ་པར་རྟོག་པ་ཐམས་ཅད་གཏན་སྤངས་ནས། སྐྱེ་ཤི་དང་རྒས་རྒུད་མེད་དེ་ཆོས་ཀྱི་སྐུའི་དངོས་གྲུབ་ཐོབ་བོ། །ད་ནི་གསང་བའི་ཡུམ་ཆེན་མོ་བཞི་ལ་མཆོད་པ་འབུལ་ཏེ། སྒྲ་རྣམས་རྟོག་པ་འཇོམས་མཛད་པ། །རསྒ་ཁྲོ་མོ་ཉིད་ཀྱི་སྐུ། །དྲོད་ལས་སྐྱེས་པའི་གནས་རྣམས་འཇོམས། །སྐྱེས་བཞི་དབྱིངས་སུ་སྒྲོལ་མཛད་པ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་སྲེག་ལ། །རསྒ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །སྒྲའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཆོས་ཀྱི་གསུང་རྣམ་པར་དག་པར་གྱུར་ཏོ། །ཚོར་བྱེད་ཡུལ་རྣམས་འཇོམས་མཛད་པ། །ས་ནུ་ཀྲོ་ཏི་ཤྭ་རིའི་སྐུ། །ཆགས་པའི་སེམས་ཅན་འཇོམས་མཛད་པ། །སྐྱེ་ཤི་ཕྱགས་མས་དབྱིངས་སུ་འདེབས། །མཁའ་བཞི་དབྱིངས་སུ་རྫོགས་མཛད་མ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་ལ། །ས་ནུ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་ས་ནུ་ཀྲོ་ཏི་ལ་ཚོར་བའི་ཡུམ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཟླ་གམ་གྱི་ལྗགས་རྣམ་པར་དག་པའི་དངོས་གྲུབ་ཐོབ་བོ། །སྐྱེ་གནས་མི་ཡི་ཡུལ་རྣམས༷་འཇོམས་མཛད་པ། །གུ་རྒྱ་ཀྲོ་ཏི་ཤྭ་རིའི་སྐུ། །རྫུས་པའི་སྐྱེ་གནས་ཐམས་ཅད་འཇོམས་མཛད་པ། །སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས། །བྷ་ག་བཞི་ཡི་ངང་དུ་རྫོགས། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་སྤྱིན་བསྲེག་ལ། །གུ་རྒྱ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་གུ་རྒྱ་ཀྲོ་ཏི་ཤྭ་རི་ལ། སྐྱེ་གནས་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། མཁའ་བཞིའི་ཀློང་དུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །རེ༷ག་བྱའི་ཡུལ་རྣམས་འཇོམས་མཛད་མ། །ཡསྒ་ཀྲོ་ཏི་ཤྭ་རིའི་སྐུ། །སྤྲུལ་ཏེ་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས། །བྷ་ག་བཞི་ཡི་ངང་དུ་རྫོགས། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་ལ། །ཡསྒ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་ཡསྒ་ཀྲོ་ཏི་ཤཱ་རི་ལ། སྐྱེ་གནས་མཚན་མའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། དུས་གསུམ་འགྱུར་བ་མེད་པའི་སྐུ་ཐོབ་པར་གྱུར་ཏོ། །དོན་གྱིས་མཆོད་པ་སྒོ་བ་བཞི་ལ་ཡང་འབུལ་ལོ། །དེ་ལྟར་ཚོ་གཅིག་ལ་སྤྱིན་སྲེག་བྱ། ཚོ་གཅིག་གཞལ་ཡས་ཁང་གི་ཕྱི་རོལ་དུ་ཁྱེར་ཏེ། ལྷག་མའི་གནས་བདུན་བྱ། གོམ་པ་བཅུ་གསུམ་བོར་ཞིང་གནས་རེ་རེ་བྱས་ཤིང་ལས་བཅོལ་ལོ། །གོམ་པ་བདུན་གསུམ་རྩ་གཅིག་ཙམ་དུ་ཕྱིན་པ་དང་། ཧོ་ཁུང་ཟླ་གམ་རྐོས་ལ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྦྱིན་བསྲེག་བྱ། དེ་ནས་སླར་ལོག་ནས། བརྙ་ལ་རིགས་ལྔའི་མཚན་བྱང་ཡང་བྲིས་པས། སློབ་དཔོན་གྱི་ས་བླངས་ལ།དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་གདན་ལ་འདུག་ལ། སློབ་མས་རུ་ལུ་གར་གྱི་བྲོས་བསྐོར་ལ། དངོས་གྲུབ་གསོལ་ལོ། །དུར་ཁྲོད་གསང་༼བའི་བ༽མཆོག་གི་དཀྱིལ་འཁོར་དུ། །བང་རིམ་དམར་པོ་དག་ལ་རྟེན་བཅས་ཤིང་། །ཟླ་གམ་དམར་པོའི་སྟེང་དུ་དབང་ནོད་ན། །མེ་དམར་དགུ་པ་དག་ལ་མདངས་ཕྱུང་ནས། །བརྙ་མཚན་ལྡན་དག་ལ་ཐ་ཚིག་བསྒོས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །བདག་ཅག་སྒྲུབ་མཆོག་རྣམས་ལ་བསྩལ་དུ་གསོལ། ཨོ་རུ་ལུ་རུ་ལུ་ཧུ༷་སྟོ་ཧུ༷། སློབ་མ་ཀུན་གྱིས་བཟླས། དེ་ནས་སློབ་དཔོན་གྱི་རིམ་བཞིན་དབང་བསྐུར་རོ། །བདག་ཉིད་དངོས་གྲུབ་བླང་བ་འདི་སྐད་དོ། །དཔལ་དང་ལྡན་པའི་བརྙ་མཆོག །རང་བཞིན་གནས་པའི་ལྕང་ལོ་ཅན། །བདུད་རྩིས་བསྐང་བས་ཚེ་མཆོག་སྟེ། །ཐམས་ཅད་དབང་གི་རང་བཞིན་ལ། །བདག་ཉིད་དབུས་སུ་འདུག་ནས་ནི། །རང་བཞིན་རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལ་མི་བཞེངས་བར། །ད་ལྟ་བདག་ལ་བསྩལ་དུ་གསོལ། །ཞེས་བརྗོད་ལ་རང་ལ་བདག་ཉིད་ཀྱི་དངོས་གྲུབ་བླང་ངོ་། །དེ་ནས་སློབ་དཔོན་གྱིས་རིམ་པ་བཞིན་དུ་དབང་བསྐུར་ཏེ། སློབ་མ་རྣམས་ཀྱིས་ཀྱང་། དུར་ཁྲོད་ཀྱི་མེ་ཏོག་ཐལ་མོའི་བར་དུ་བཅུག་ལ་འདི་སྐད་བརྗོད་དོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དུར་ཁྲོད་རྫས་ཀྱིས་མེ་ཏོག་བོར་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དེ་སྐད་བརྗོད་ནས་དཀྱིལ་འཁོར་ལ་འབུལ་ལོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་དུ་རྡོ་རྗེ་བྱིན་ནས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེ་ལམ་ལ་དྲངས་ནས་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་དབང་བསྐུར་རོ། །རང་ལ་མེ་མར་དང་བནྟྲས་དབང་བསྐུར་བ་འདི་སྐད་དོ། །ཡེ་ཤེས་གཉིས་མེད་འཁྱིལ་བའི་རྒྱ། །སྣ་ཚོགས་ཚོགས་ཆེན་འབྱུང་བའི་རྒྱུ། །སྐལ་ལྡན་འདི་ལ་དབང་བསྐུར་བའི་ཕྱིར། །བདུད་རྩི་མཆོག་བསྒྲུབ་དམ་རྫས་ཀ་བཱ་ལ། །གསང་རྫོགས་ཐུགས་ཀྱི་དངོས་གྲུབ་འདི་ལ་སྦྱིན། །བཛྲ་ཛུ་ཡུ་ཛུ་ཡུ། དེ་ནས་སྐུ་ལྔས་དབང་བསྐུར་སྟེ་འདི་སྐད་དོ། །མཐིང་ནག་གྲུ་གསུམ་འགྱུར་བ་མེད་པའི་སྐུ། །རྟག་ཏུ་ཧྭ༷་ཆེན་ཀློང་ནས་འཁྱིལ་བ་ཡི། །བདེ་ཆེན་བྱང་ཆུབ་སེམས་སུ་མངོན་རྫོགས་ཏེ། །བཛྲ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །ཆགས་པས་མི་གཏོང་དབང་གི་རྒྱལ་པོ་སྟེ། །དབང་ཕྱུག་གཏེར་ལྡན་ལྔ་དང་རྟག་ཏུ་འཁྱིལ་བ་ཡིས། །འཁོར་བ་མ་ལུས་མྱ་ངན་མངོན་འདས་ནས། །པདྨ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །དཀར་༄༅ བས་ཆོས་ཉིད་ཅིར་ཡང་གསལ་བའི་སྐུ། །མཁའ་མཉམ་དབྱིངས་ཕྱུག་བརྒྱད་དང་རྟག་ཏུ་རོལ་བ་ཡི། །སྲིད་པའི་ཆོས་ལ་ཡིད་ཀྱིས་དབང་བསྐུར་ཞིང་། །བུརྙ་ཧེ་རུ་ཀ་ཡི་དབང་བསྐུར་རོ། །སེར་པོ་ཡིད་བཞིན་ཡོན་ཏན་བརྒྱན་པའི་སྐུ། །རི་རབ་ཆེན་པོའི་སྤྱི་བསྐོར་བརྒྱད་དང་རོལ་པ་ཡིས། །འདོད་དགུ་ཡིད་བཞིན་རེ་བ་སྐོང་མཛད་ཅིང་། །རཏྣ་ཧེ་རུ་ཀའི་དབང་བསྐུར་རོ། །ལྗང་ཁུ་འཕྲིན་ལས་སྣ་ཚོགས་ཅིར་ཡང་་༢བྱུར་བའི་སྐུ། །བསྙེན་པས་སྐྲུངས་པའི་གདན་དང་རོལ་པ་ཡིས། །འགྲོ་བ་མ་ལུས་བྱང་ཆུབ་བདེ་ལ་འགོད། །ཀརྨ་ཧེ་རུ་ཀའི་དབང་བསྐུར་རོ། །བཛྲ་ཧེ་རུ་ཆེ་བ་དང་། པདྨ་ཧེ་རུ་ཀའི་མཆོག་དང་། བུརྙ་ཧེ་རུ་ཀའི་དངོས་གྲུབ་དང་། རཏྣ་ཧེ་རུ་ཀའི་བསྟན་པ་དང་། ཀརྨ་ཧེ་རུ་ཀའི་བྱིན་བརླབས་དང་། ཧེ་རུ་ཀ་ལྔའི་གྲུབ་པ་མི་འགྱུར་བར་གནས་སོ། །ད་ནི་གསང་བའི་ཧེ་རུ་ཀ་བཞི་ཡིས་དབང་བསྐུར་ཏེ། འཁོར་བ་དབྱིངས་སུ་སྦྱོར་བས་དབང་གི་རྒྱལ་པོ་སྟེ། །འཁོར་བའི་སེམས་ཅན་མ་ཆགས་ཀློང་དུ་སྦྱོར། །ཆགས་མེད་པདྨ་བདེ་ཆེན་འཁྱིལ་བ་ཡིས། །རསྒ་ཧེ་རུ་ཀ་ཡི་དབང་བསྐུར་རོ། །ཐུགས་རྗེས་མི་བསྙེལ་འཁོར་བའི་མཐའ་ལ་དགོངས། །ཐུགས་དམ་གཟུངས་ཀྱིས་འབྲེལ་བས་རྟག་ཏུ་དགོངས། །དམ་ཚིག་རྫོགས་ཆེན་བླ་མེད་འཁྱིལ་བ་ཡིས། །ས་ནུ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །གསང་བའི་ཐུགས་རྗེ་གཟུངས་ཀྱི་བྱིན་བརླབས་ཀྱིས། །ཉོན་མོངས་ཐ་བའ་རྒན་དུད་རླན་མཛད་ཅང་། །གསང་བས་འཁྱལ་པའ་བདེ་ཆེན་ཡུམ་གྱ་མཁའ། །གུ་རྒྱ་ཧེ་རུ་ཀ་ཡས་དབང་བསྐུར་རོ། །ཉོན་མོངས་འཁོར་བ་མ་ལུས་རྩད་གཅོད་ཅང་། །ཐུགས་རྗེས་མ་ལུས་བདེ་ཆེན་དབྱངས་སུ་སྒྲོལ། །དྲག་ཤུལ་རྔམ་པས་སྲིད་པ་ཚར་གཅོད་དེ། །དོན་དམ་བྱང་ཆུབ་སེམས་ལ་གསལ་བར་མཛད། །ཡསྒ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །དེ་ལྟར་རྡོ་རྗེ་དབྱིངས་ཕྱུག་མ་ནི་ཆེ་བ་ཡབ་ཀྱི་དབང་། །པདྨ་དབྱིངས་ཕྱུག་མ་ནི་གསང་བ་ཡུམ་གྱི་དབང་། །རིན་ཆེན་དབྱིངས་ཕྱུག་མ་ནི་ཡོན་ཏན་རྫོགས་པའི་དབང་། །ལས་ཀྱི་དབྱིངས་ཕྱུག་མ་ནི་འཕྲིན་ལས་རྒྱ་མཚོའི་དབང་། མཁའ་ལ་དབྱིངས་ཕྱུག་མ་ནི་སྤྱིའི་འབྱམས་རྒྱ་མཚོའི་དབང་།།དབྱིངས་ཕྱུག་རྒྱལ་མོ་ལྔ་ཡིས་དབང་བསྐུར་རོ། །འབྱུང་ལྔས་བསྡུས་པ་ཀུན་གྱི་རྒྱལ་པོར་འགྱུར། །རསྒ་ཀྲོ་ཏི་ཆགས་མེད་སྐྱོན་བྲལ་དབང་། །ས་ནུ་ཀྲོ་ཏི་དམ་ཚིག་རྫོགས་པའི་དབང་། །གུ་རྒྱ་ཀྲོ་ཏི་སྐྱེ་ཤི་མེད་པའི་དབང་། །ཡསྒ་ཀྲོ་ཏི་འཁོར་བ་རྩད་གཅོད་དབང་། །གསང་བ་ཡུམ་ཆེན་བཞི་ཡིས་དབང་བསྐུར་བས། །འདུ་འབྲལ་མེད་པའི་ཀློང་དུ་ལྷུན་གྱིས་གྲུབ། །དེ་ནས་རང་ལ་བནྟྲས་དབང་བསྐུར་ཏེ། མཚན་མའི་སྐྱོན་བྲལ་བརྙའི་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་བཞིན་གཤེཊ་པའི་དངོས་གྲུབ་ཐོབ་པར་འགྱུར། །བརྙས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པའི་དོན་རྟོགས་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་ཀྱི་དབང་བསྐུར་སྟེ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། མ་འགགས་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་ཤ་ཆེན་གྱི་དབང་བསྐུར་ཏེ། ཁམས་གསུམ་བསྒྲལ་བའི་རྫས་མཆོག་ཤ་ཆེན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་མཆོག་དངོས་གྲུབ་ཐོབ་པར་འགྱུར། ཁྲ་ཆེན་གྱིས་དབང་བསྐུར་བས། རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་རཀྟས་དབང་བསྐུར་ཏེ། གསང་བ་མཆོག་གི་རཀྟའི་དམ་རྫས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །གསུང་མཆོག་པདྨའི་རིགས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །པདྨ་རཀྟས་དབང་བསྐུར་བས། པདྨའི་རིགས་ཀྱི་དངོས་གྲུབ་ཐོབ་ནས། སོ་སོ་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་དྲི་ཆུས་དབང་བསྐུར་ཏེ། །ལས་མཆོག་གྲུབ་པའི་རྫས་མཆོག་དྲི་ཆུ་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །དྲི་ཆུས་དབང་བསྐུར་བས། ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་ནས། བྱ་བ་ནན་ཏན་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གྲུབ་པའི་རྫས་དང་ཡོན་ཏན་ལ། །དང་དུ་མི་ལེན་བློ་ཆུང་ན། །འདི་ནི་སྤང་ཞིང་དབྱུང་བར་བྱ། །ཞེས་བཀའ་བསྩལ་ཏོ། །དེ་ནས་བཀྲ་ཤིས་པའི་རྫས་དང་། རྡོ་རྗེ་ཚེ་གསོལ་བས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅིག །སྨོན་ལམ་བཏབ་ནས། དཀྱིལ་འཁོར་ནས་དབྱུང་། བསྒྲུབ་པ་པོའི་རིམ་པ་ནས་དབང་བསྐུར་རོ། །དེ་ནས་ལས་ཐམས་ཅད་དངོས་གྲུབ་དུ་བྱ། དངོས་གྲུབ་དབང་དུ་བྱ་བ་ནི། ཟླ་གམ་དབང་གི་ལྷ་བཤོས་དང་། །སྤྱན་གཟིགས་སྣ་ཚོགས་པ་དྲངས་ཏེ། །དབང་ཆེན་གྱི་ཞེ་༽དཀྱིལ་འཁོར་བསྐྱེད། །དབང་གི་དངོས་གྲུབ་ནི། ཟླ་གམ་གྱི་ལྷ་་ཤོས་ལ་བསྟིམ་མོ། །བཤོས་ཀྱང་བཏབ་ལ་གསོལ་ལོ། །དེ་ནས་བསྒྲུབ་པ་མཐར་ཕྱིན་པ་དང་། སློབ་དཔོན་ལ་ཡོན་དབུལ་གཏང་རག་གཏང་། དེ་ནས་དཀྱིལ་འཁོར་བསྡུ། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ། །དཀྱིལ་འཁོར་མཐའ་ནས་མི་བསྡུ་མྲ །སྣངསྲིད་འཁོར་བའི་སེམས་ཅན་རྣམས། །བདེ་ཆེན་ཀློང་དུ་དྲིལ་བའི་དོན། །ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ། །དཀྱིལ་འཁོར་ལྷ་ཚོགས་དབུས་ཀྱི་གཙོ་བོའི་ཐུགས་ཀར་བསྡུ། དབུས་ཀྱི་གཙོ་བོ་ཕྱག་མཚན་རྡོ་རྗེ་ལ་བསྡུ། ཕྱག་མཚན་རྡོ་རྗེ་ཡི་གེ་ཧུ༷་ལ་བསྡུ། ཡི་གེ་ཧུ༷་ནི་སྐྱེ་ཤི་མེད་པའི་དོན། མཐའི་ཕོ་བྲང་དབུས་ཀྱི་འཁོར་ལོའི་ལྟེ་བར་བསྡུ། འཁོར་ལོའི་ལྟེ་བར་མ་སྤྲོས་སྤོས་པ་མེད་པའི་ངང་། །སྤྲོས་མེད་སྐྱེ་ཤི་མེད་པས་བདེ་བ་ཆེན་པོའི་ཀློང་། །ད་ནི་སྣང་སྲིད་མཐའ་ནས་བསྡུ། །སྣང་སྲིད་མཐའ་ནས་མི་བསྡུ་མྲ །སྣང་སྲིད་ཐམས་ཅད་སངས་རྒྱས་རྒྱུ། །དུག་གསུམ་སྐུ་གསུང་ཐུགས་སུ་བསྡུ། །ཉོན་མོངས་ལྒ་རྣི་ཡེ་ཤེས་ལྔ་རུ་བསྡུ། །སྨན་ཤིང་བཟའ་བའི་དམ་རྫས་བདུད་རྩི་ལྔ་རུ་བསྡུ། །སྣང་སྲིད་ཐམས་ཅད་ཀུན་བཟང་ཀློང་དུ་བསྡུ། །ཕྱི་ནང་སྣོད་བཅུད་ཐིག་ལེའི་དབྱིངས་སུ་བསྡུ། །ཅེས་བཀའ་བསྩལ་ཏོ། །དེ་ནས་གཏེར་སྦསཏེ། ཉྭ༽ནུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྐུ་མཆོག་བྱང་ཆུབ་སེམས་སུ་བཞུགས་པའམ། །སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ན། །ཟད་མེད་མི་ཟད་གཏེར་གྱིས་མདུན་ནས་བསུ། །སྐྱེ་ཤི་མེད་པའི་ཚེ་དང་འཕྲད་པར་ཤོག །དུག་གསུམ་སྐུ་གསུང་ཐུགས་སུ་གཏེར་སྦས་པས། །དུག་གསུམ་རྣམ་པར་དག་པའི་འཁོར་ལོ་གསུམ་གྱི་ངང་། །སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་སྦ། །འགྱུར་བ་མེད་པའི་ཐིག་ལེའི་གཏེར། །རྫོགས་པ་ཆེན་པོའི་ཐིག་ལེ་བདེ་ཆེན་ཀློང་། །ཐིག་ལེ་བདེ་ཆེན་ཀློང་དུ་གཏེར་དུ་སྦས་པས། །སྣང་སྲིད་ཐམས་ཅད་བདེ་ཆེན་ས་ལ་དགོད། །ལམ་གྱེ་ནང་ན་ཉེ་ལམ་བདེར་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །ཟད་མེད་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས། །དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ། །མི་ཟད་གཏེར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཧུ༷་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །འབྲུལ་ཞལཡིད་བཞིན་བརྙའི་རྫས་མཆོག་དང་། །མ་རིག་མུན་སེལ་མེ་མར་དགུ་པ་དང་། །ཟླ་གམ་བཅོ་བརྒྱད་གསང་བའི་གནས་འདི་སྲ །ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ་ལགས་ལ། །དུག་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབ་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབ་ལག་ལ། །དངོས་གྲུབ་དབྱིངས་མཆོག་རྣམས་ཀྱང་བླངས་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ཀྱིས། །དང་པོའི་གནས་དང་ཆོས་ཀྱི་དབྱིངས་སུ་གཤེགས། །དེ་ནས་སློབ་དཔོན་གྱིས་སྨོན་ལམ་བཏབ་སྟེ། མི་གནས་ཡེ་ཤེས་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་། །སྲོག་གི་ལུ་གུ་རྒྱུད་ཀྱིས་འབྲེལ་བ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུག་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག།དེ་ནས་ཕུར་པ་ཅོད་པན་བཀྲོལ་ལ། སྐུ་ཁྲུས་གསོལ། གཏོར་མ་ཆ་གཅིག་བཤམས་ལ། རྒྱལ་ཆེན་དང་ཕྱོགས་སྐྱོང་ལ་བསྔོས་ལ། མཚམས་གློད་ལུས་བསྲུང་། བཟོད་པར་གསོལ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཟླ་གམ་བཅོ་བརྒྱད་པའི་དཀྱིལ་འཁོར་བསྒྲུབ་ལུགས་ཏེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་བྱུང་སྟེ།མ་ཏྲང་ཞལ་གྱི་དཀྱིལ་འཁོར་དུ་སྒྲུབ་ལུགས་འདི་ གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་ གཞི་བརྟག་པར་བྱ། །ས་བདག༷་རྣམས་ལ་ས་རིན་ གཞལ། །བསླང་དང་སྦྱང་བ་ཚུལ་བཞིན་བྱ། །ཕྱོགས་བཞི་དག་ཏུ་ཐོ་བཞི་རྩིག །བསྲུང་དང་མཚམས་ཀྱི་ལས་རྣམས་བྱ། །མཚམས་ཀྱི་དུས་ཕུར་བུ་དར་གྱི་ཅོད་པན་ཅན་གྱི་བཏེགས། ཨོ་བཛྲ་ཀྲོ་དྷ་ཀི་ལི་ཀི་ལ་ཡ་ཧཱུཾ་ཕཊ། བན་དྷ་༼བན་དྷ༽་ ཧཱུཾ་ཕཊ།གརྫ་གརྫ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། སྟིསྡོ་སྟིསྡོ་ཧུ༷་ཕཊ། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཏིཁྱི་ཏིཇི་ཧུ༷་ཕཊ། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། སྟེགས་བུ་འདོམ་གང་བ་ལ། ཐིག་གདབ། དེ་ནས་མ་ཊམ་གནན་པར་བྱ་སྟེ། མ་རྨྱུ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །ད་ཡང་རྣལ་འབྱོར་དབང་ཕྱུག་གི །བསྒྲལ་ནས་དཀྱིལ་འཁོར་ཆེན་པོར་མཛད། །ཛ༷༷ཧུ༷་བ༷་ཧོ། མཧྭ་ཤི་ཧེ་རུ་ཀ །མ་ཏྲ༷་རུ་་། ཧ་ན་ཧ་ན། ད་ཧ་ད་ཧ། ཧ་ཧ་ཧ། པྲ་བེ་ཤ་ཧུ༷་ཕཊ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་༼པ༽། །མི་གཡོ་ཕྱག་རྒྱ་ཆེན་པོ་ཡིས། །རུ་ཧྲ་ཆེན་པོ་བསྒྱེལ་ནས་ནི། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །མ་ཏྲ༷་མགོ་ལུས་ཡན་ལག་ལ། །དཀྱིལ་འཁོར་བཅུ་གཅིག་བྲི་བར་བྱ། །ཞལ་དུ་མཐིང་ནག་གྲུ་གསུམ་བྱ། །ཡམ་ཤིང་དག་གིས་བརྫངས་ནས་ནི། །སྦྱིན་བསྲེག་རྣམ་གསུམ་ཚུལ་བཞིན་བྱ། །སྙིང་ཁར་གྲུ་གསུམ་བརྩེགས་པ་ལ། །དཀྱིལ་འཁོར་བང་རིམ་གསུམ་པར་བྱ། །ཕུར་བུ་ཉི་ཤུ་རྩ་བདུན་དགོད། །ལྟེ་བར་གྲུ་གསུམ་མཐིང་ནག་ལ། །ཚལ་བུ་དགུ་ལ་ཁ་ཏྲ༷་དགུ། །ཕུར་བུ་བཅུ་དང་བསྒྲགས་ལ་བཞག །སྟེང་འོག་ཕྱོགས་མཚམས་བརྒྱད་དུ་བཞག །གནས་བརྒྱད་དག་ཏུ་དཀྱིལ་འཁོར་བྲི། །བསྐལ་པའི་མེ་རི་འབར་བས་བསྐོར། །གཞུང་བཞིན་རྫས་ཀྱང་དགོད་པར་བྱ། །བརྙ་མཚན་དང་ལྡན་པ་ལ། །དཔལ་ཆེན་ཡབ་ཡུམ་མཚན་བྲིས་ཏེ། །བང་རིམ་དང་པོའ་སྟེང་དུ་བཞག །བར་མ་མེ་མར་དགུ་པ་དགོད། །ཐ་མ་བནྟྲ་མཚན་ལྡན་བཞི་༼པ་༽ལརིགས་བཞི་ཡབ་ཡུམ་དགོད་པར་བྱ། །དཀྱིལ་འཁོར་ཆེན་པོར་བརྒྱད་པོ་ལ། །མ་མོ་ཆེན་མོ་བརྒྱད་དགོད་དོ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་པོའི་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲང་བསྣོལ་བའི་གདན་སྟེང་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲར་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བུརྙ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་སྒ་་བསྣོལ་བའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲ༷་རུ་ཏྲའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རབ་བྱུང་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲར་བསྣོལ་བའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །འཕྲིན་ལས་ཀརྨ་ཧེ་རུ་ཀ།དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲང་གི་ནི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྒྱ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཀིའུ་རིའི་གནས།།དུར་ཁྲོད་ཆེན་པོའི་གནས་ཆེན་དུ། །འདི་ཡི་ཡན་ལག་གཡས་པ་ ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལི་ཡི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙོའུ་རི་མ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །འདི་ཡི་ཡན་ལག་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བལ་པོའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་པྲ་མོ་ཧ། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་རྐང་པ་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཐོ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་བི་ཏ་ལི། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །འདི་ཡི་རྐང་པ་གཡས་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཟ་ཧོར་ཡུལ་ནས་གྲུབ་པ་མོ། །མ་མ་ཆེན་མོ་པུསྐ་སི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་དཔྲལ་བར་བཞུགས་སུ་གསོལ། །ཨུ་རྒྱན་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་བྷསྨ་རི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་ མཁལ་ མ་གཡས་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །སིང་ཧའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་སྨེ་ཤ་ནི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་མཁལ་མ་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀློང་དགུའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙནྟྲ་ལི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་ཕོ་མཚན་དཀྱིལ་འཁོར་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །འདི་ཡི་དཔུང་པ་གཡས་གཡོན་ལ། །སྟག་སེང་གཉིས་དང་རྒོད་ཀང་གཉིས། །༼བསྟོད་བ་ཏག༽ཅེང་ཟ་བའི་ཚུལ་དུ་བཞུགས། །བརླ་ནི་གཡས་དང་གཡོན་པ་ལ། །ཝ་སྦྱང་གཉིས་དང་བྱ་རོག་འུག །་ཏོད་བ་༄བྱེང་ཟ་བའི་ཚུལ་དུ་བཞུགས། །གཡས་གཡོན་ལག་པའི་བོལ་གཉིས་ལ། །ལྕགས་ཀྱུ་ཞགས་པ་སྟོབ་པའི་ཚུལ། །འདི་ཡི་རྐང་བོལ་གཡས་གཡོན་ལ། །ལྕགས་སྒྲོགས་དྲིལ་བུའི་་ཏོད་བ་༽པའི་ཚུལ། །དེ་ཡི་འཁོར་ལོ་སྒལ་ཚིགས་ལ། །གཡག་མགོ་ཅན་ལ་སོགས་པ་ཡི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །ཟ་ཞིང་་རྟོད་བ་ཀེཔའི་ཚུལ་དུ་བཞུགས། །དེ་ནས་རྫས་དགྲམ་སྟེ། ལྷ་བཤོས་ཟླ་གམ་ལ།རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིན་ཆེན་གྱི་ཞལ་ཁབ་སྤྱན་དྲང་ངོ་། །བསྒྲུབ་པ་པོའི་མདུན་དུ། བརྙའི་བཟེད་ཕོར་དང་། དམར་གྱིས་ཨསྙེ༷་དྲང་ངོ་། །རྫས་ཀྱི་དཀྱིལ་འཁོར་གྱིས་བསྒྲུབ་ལུགས་སོ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །ཕུར་བུ་ཉི་ཤུ་རྩ་བདུན་དགོད། །མ་ནོར་ལྷུན་གྲུབ་དབྱིངས་ཀྱི་ངང་། །རང་བཞིན་ལྷུན་གྱི་གྲུབ་པའི་ཀློང་། །དེ་ནས་སེམས་ཀྱི་འབྲས་བུ་བསྐྱེད། །གདོད་ནས་མ་སྐྱེས་ལྷུན་གྱི་གྲུབ། །དེ་ནས་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དེ་ནས་ཕུར་བུའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་མེད་མྱ་ངན་འདས། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྐུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་ཅིག །གསང་བ་བྱང་ཆུབ་སེམས་རབ་བརྟན། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །གྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བ་སྔཊ་ཀྱིས་བཏབ་ནས་ནི། །སྐུ་དང་ལྡན་པར་རབ་བརྒྱན་ཏེ། ཁམས་གསུམ་ཁྲོ་བོས་གང་བར་མཛད། །མཉམ་ཉིད་རིག་པའི་རྩལ་འཕང་གིས། །བསྒྲལ་ནས་ཧུ༷་གི་རང་བཞིན་ཏེ། །ཕུང་པོའི་ཆོས་སྐུ་ཐོབ་པར་འགྱུར། །དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ། ཁམས་གསུམ་ཀུན་གྱི་དོན་བྱས་ནས། །སྤྲོས་པས་སྟོང་གསུམ་ལྷུན་གྱིས་གྲུབ། །སྣང་སྲིད་སྲོག་སྟེ་སངས་རྒྱས་ཐུགས། །སྐུ་གསུང་ཐུགས་ཀྱི་ས་བོན་ཏེ། །སྣང་སྲིད་ཧེ་རུ་ཀ་ཡི་ཐུགས། །ཐམས་ཅད་རབ་ཏུ་བརྗིད་བསྒྲལ་བས། །དེ་ནས་སེམས་ཉིད་མྱ་ངན་འདས། ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་ཕྱིར་དུ། །སྣང་སྲིད་བདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །མཛད་སྤྱོད་ཐམས་ཅད་ཀུན་བཟང་ཀློང་། །ཡི་གེ་ཧུ༷་གི་སྐལ་བ་བཟང་། །སྣང་སྲིད་དབང་དུ་འདུས་ནས་ཀྱང་། །སྣང་སྲིད་ཀུན་ལས་འདས་པར་སྒོམ། །གཟུང་འཛིན་རྣམ་གཉིས་གཏན་སྤངས་ནས། །རིག་པའི་ཡེ་ཤེས་སྐད་ཅིག་ལ། །སྣང་སྲིད་གཉིས་འཛིན་རྟོག་པ་རྣམས། །གསང་བ་ལས་ཀྱང་མྱ་ངན་འདས། །སྣང་སྲིད་མྱ་ངན་ལས་འདས་པས། །ཀུན་བཟང་ཀློང་དུ་ངང་གིས་སྤྱོད། །སྲིད་པ་གསུམ་ཀྱང་མྱ་ངན་འདས། །སྣང་སྲིད་འཁོར་བའི་སྐྱེ་རྒྱུད་བཅད། །བྱང་ཆུབ་སེམས་ཀྱི་གོ་ལས་བཅད། །དེ་ནི་བྱང་ཆུབ་སེམས་ཀྱི་དོན། །བྱང་ཆུབ་སེམས་ཀྱི་ཕུར་བུ་འདི། །དྲིལ་བས་འཁོར་བ་རྩད་བཅད་ནས། །སྣང་སྲིད་ཕུར་བུས་ཐེབས་ཞེས་བྱ། །སྣང་སྲིད་ཐིག་ལེའི་ངང་དུ་རྫོགས། །དུས་གསུམ་ཀུན་བཟང་ངང་དུ་ཐིམ། །ལྟེ་བར་གྲུ་གསུམ་མཐིང་ནག་ལ། །ཟུར་ལ་ཐོད་པ་ཞལ་གསུམ་བྲི། །གཞུང་བདུན་དགྲ་སྟ་བརྒྱད་ཀྱང་དགོད། །ཕུར་པ་དགུ་དང་ཁ་ཊ༷་དགུ། །རྩང་དམར་དྲུག་ཅུ་རྩ་བརྒྱད་དགོད། །དབུས་སུ་རྡོ་རྗེ་རྒྱ་གྲམ་མོ། །སྐེ་ཚེ་ལྡོང་རོས་ལན་ཚྭ་རྣམས། །དུག་དང་བསྲེས་ལ་གཏོར་མ་བྱ། །ཐུགས་རྗེ་ཆེན་པོའི་ཞི་བ་ལས། །གདུག་པའི་ལས་རྣམས་གཏན་སྤངས་ཏེ། ཁེན་ཏུ་གདུག་པའི་གཏུམ་པོ་ལ། །ཞི་བས་འདུལ་བར་མི་འགྱུར་ཏེ། ཁྲེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོས་པའི་སྐུ་མཆོག་འབར་བ་དང་། །སྤྲུལ་པའི་ཁྲོ་བོ་མང་པོ་ཡིས། །གདུག་བྱེད་མ་ལུས་བཏུལ་ནས་ནི། །དུག་གསུམ་རྩ་བ་བཅད་ནས་ནི། །གཏན་དུ་འཕོ་བའི་ལས་ཀྱང་བྱ། །དབྱུང་བའི་དགོངས་པ་གཏན་འཕོ་བའི་ལས་བྱ། དེ་ནས་ཏིང་ངེ་འཛིན་རྣམ་གསུམ་བསྐྱེད། འཛབ་འབུམ་བཟླས་ཐམས་ཅད་པ་དང་། དངོས་གྲུབ་གསོལ། ཐུགས་དམ་བསྐུལ། འཕྲིན་ལས་བཅོལ། གཏོར་མ་དགོངས་དང་ཐོ་རངས་བཏང་། སྤྱིན་བསྲེག་གཞུང་བཞིན་བྱ། སྒྲུབ་པ་མཐར་ཕྱིན་པ་དང་། གཏོར་མ་གཅིག་ལ། རྒྱལ་ཆེན་དང་ཕྱོགས་སྐྱོང་ལ་བསྔོས་ལ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མ་ཏྲང་ཞལ་གྱི་སྒྲུབ་ལུགས་ཏེ་བཞི་པའོ།། །།དེ་ནས་དཔལ་ཆེན་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས། དུག་གསུམ་གྱི་དཀྱིལ་འཁོར་བང་རིམ་གསུམ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་གཞལ་ནས་ས་བླང་ངོ་། །ས་གཞི་དེ་ཡི་ཕྱི་རིམ་དུ། །ཐོ་བཞི་དག་ཀྱང་གཟུག་པར་བྱ། །སྤྱན་དྲངས་བྱིན་གྱིས་བརླབས་ལ་བཞག །བསྲུང་དང་མཚམས་ཀྱི་ལས་རྣམས་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཕྱིའི་སྤང་སྐོང་གཞུད་བཞིན་བྱ། །གཟུང་མ་བྱིན་རླབས་ཐིག་སྐུད་བཀལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་ལ། །སྒྲུབ་ལུགས་ཆེན་པོ་བཅོ་བརྒྱད་དོ། །ཡང་དག་ཐབས་མཆོག་རྫོགས་པ་ཡིས། །སངས་རྒྱས་བདེ་ཆེན་གཅིག་པུ་ཉིད། །འབྲས་བུ་བདེ་ཆེན་ཀུན་འདུས་པས། །རྣལ་འབྱོར་ཟབ་མོ་སྐུ་གསུང་རྫོགས། །ངེས་པར་བརྟགས་པའི་ས་གཞི་ལ། །བློ་ལ་ངེས་པའི་ལུང་འདི་བསྟན། །རོ་ཡི་སྒྲུབ་ཐབས་ཆེན་པོ་ནི། །ལུང་དང་མན་ངག་གཏན་ཚིགས་སོ། །ལྟ་བ་འདི་ལས་མ་འདས་ན། །སྒྲུབ་པ་རྣམས་ཀྱང་དེ་བཞིན་བསྒྲུབ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །བར་མ་མཐིང་ནག་གྲུ་གསུམ་པ། །མ་ཏང་དམར་ནག་ཟླ་གམ་མོ། །བསྟོ་མཚན་དང་ལྡན་པ་ལ། །དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ཚལ་བུ་བརྒྱད་ལ་ཀོ་རི་མ་བརྒྱད་བྲིས་ལ་བཞག །ཚིལ་ཆེན་གྱི་མེ་མར་དགུ་བཏང་། བར་མ་ལ་ཤ་ཆེན་དང་ཞིང་རས། ཐ་མ་ལ་ཕྱག་རྒྱ་བཞི་དགོད།ཕུར་བུར་དར་གྱི་ཅོད་པན་ཁྲོ་བོ་བཅུའི་རྫས་སུ་དགོད་དེ། སྣུམ་པ་ཡི་ནི་དམ་ཚིག་དང་། །གཙང་དང་འཇིག་པའི་བརྟུལ་ཞུགས་ཅན། །དེ་དག་བསྒོམས་ནས་ཉམས་སུ་བླངས། །བློ་གཞན་ཤེས་རབ་ཆུང་བས་ནི། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉི་ག་བསྲེག་བྱས་ནས། །དེ་བས་གཞན་དུ་སྤེལ་བ་མིན། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟགས་ནས་ནི། །དཀྱིལ་འཁོར་དམར་ནག་གྲུ་བཞི་ལ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བྱ། །དེ་ཡི་དབུས་སུ་རོ་བཞག་ནས། །སྣང་མཛད་སྐུ་རུ་བསྒོམས་ནས་ནི། །དེ་ནས་རྩ་བའི་སྔགས་ཀྱིས་གདབ། །རྫོགས་པའི་ལྟ་བའི་ངང་དུ་བཞུགས། །མཚན་མ་བྱུང་ནས་དངོས་གྲུབ་བླང་། །མཚན་མ་ཀ་ནས་སྤོག་པར་བྱ། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་པུཎྜ་རྡི་ཀའི་རྒྱུད་ལས་དུག་གསུམ་བང་རིམ་གསུམ་པའི་སྒྲུབ་ལུགས་ཏེ་ལྔ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས་སྐུ་གསུང་ཐུགས་ཡོན་ཏན་གྱི་སྒོ་ནས་འཕྲིན་ལས་ཀྱི་སྒྲུབ་པ་ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གྭ་ཞི་བརྟག་པར་བྱ། །ས་བདག་རྣམས་ལ་ས་རིན་གཞལ། །བླང་དང་སྦྱང་བ་ཚུལ་བཞིན་བྱ། །ཕྱོགས་བཞི་དག་ཏུ་ཐོ་བཞི་གཟུགས། །སྲུང་དང་མཚམས་ཀྱི་ལས་རྣམས་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་ཀྱང་བསྐྱེད། །ཕྱ་ཡི་སྤང་སྐོང་གཞུད་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གཟུང་མ་བྱིན་བརླབས་ཐིག་སྐུད་བཀལ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །སྒོ་བཞི་དག་དང་ལྡན་པར་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ནི། །དམར་པོ་སྒོ་བཞི་ལྡན་པར་བྱ། །དེ་ཡི་ཕྱི་རིམ་མེ་རི་ལ། །ལག་ཆུ་ཧྭ་དང་ལྡན་པར་བྱ། །དབུས་སུ་དཔལ་ཆེན་ཡབ་ཡུམ་ལ། །ཕྱི་རིམ་ཁྲག་འཐུང་ཡབ་ཡུམ་མོ། །རྩིབས་ལ་གོ་རི་མ་བརྒྱད་དགོད། །རྩིབས་ཆེན་ལ་སིང་ཧ་མ་བརྒྱད་དགོད། །སྒོ་བཞི་དག་ཏུ་ཕྱག་རྒྱ་མ། །དེ་ཡི་ཕྱི་རིམ་དམར་ནག་ལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །དེ་ཡི་ཕྱི་རིམ་ལག་ཆུ་ཧྭ། ཁྲོ་བོ་ཆེན་པོ་བཅུ་རྣམས་དགོད། །བ་སུ་ཏ་ཡི་རྒྱུ་ཕྲེང་གིས། །དཀྱིལ་འཁོར་ཆེན་པོ་བསྐོར་བར་བྱ། །འགེབས་པའི་གཡང་གཞི་ཆེན་པོ་ན། །བླ་རེ་དག་ཏུ་བྲེ་བར་བྱ། །དགུ་འམ་དྲུག་ཅུ་རྩ་བརྒྱད་དོ། །དེ་ནས་སྒྲུབ་པ་པོ་རྣམས་བརྒྱན་བཞི་དང་། དབང་ལྔ་ཡང་བསྐུར་རོ། །དེ་ལྟ་བུའི་དཀྱིལ་འཁོར་ལ། དམ་རྫས་དགྲམ་པ་ནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིན་ཆེན་གྱི་ཞལ་ཁེབ་ཅན་དྲང་ངོ་། །བནྟྲའི་གཟེད་ཕོར་ཚིལ་ཆེན་གྱི་མེ་མར། དམར་གྱི་ཨསྙེ༷་དང་བཅས་པར་དགྲམ་མོ། །དེ་ནས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད། འཛབ་རྫོགས་པ་དང་། བསྟོད་ཚོགས་ཀྱི་མཆོད་པ་འབུལ། དངོས་གྲུབ་གསོལ། གཏོར་མ་དགོང་དང་ཐོ་རངས་བཏང་། སླད་མ་ཡང་རྗེས་ལ་དྲངས། ལྷ་བསྐྱེད་མཆོད་པ་འབུལ། འཛབ་བགྲང་། དེ་ནས་སྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་མཁའ་འགྲོ་མ་རྣམས་ལ་བསྔོ། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦས། དེ་ནས་པྲ་་གོ་བེ༽ཤས་སྒོ་དབྱེ་དཀྱིལ་འཁོར་ནས་དབྱུང་། དབང་བསྐུར་ཡོན་འབུལ། གཏང་རག་བཏང་། དེ་ནས་ཕྱི་རོལ་དུ་གཏོར་མ་ཆ་གཅིག་སྲུང་མ་ལ་མཆོད། སླར་གཤེགས་སུ་གསོལ། རྡོ་རྗེ་རིགསཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་སྟེ་དྲུག་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། འཁོར་ལོ་རྩིབས་གོང་བུ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་སླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་བསྒྲུབ་པ་གཞུང་བཞིན་བྱ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་བྱ། །དུར་ཁྲོད་ཆག་ཆག་རྣམ་གསུམ་བྱ། །དབུས་སུ་བརྙ་མཚན་ལྡན་བཞག །ཤར་དུ་བནྟྲ་ཟླུམ་པོ་བཞག །ལྷོ་རུ་སུལ་མང་བཞག །ནུབ་ཏུ་ཟླ་གམ་བཞག །བྱང་དུ་གྲུ་གསུམ་བཞག །དབུས་སུ་དྲི་ཆེན། ཤར་དུ་བྱང་ཆུབ་སེམས། ལྷོར་ཤ་ཆེན། ནུབ་པདྨ་རཀྟ། བྱང་དུ་དྲི་ཆུ། དབུས་སུ་གླང་པོ་ཆེ་ལ་སོགས་པ་རྨིག་པ་ཁ་བྲག །ཤར་དུ་སྟག་དང་སེང་གེ་ལ་སོགས་པ་མཆེ་བ་ཅན། ལྷོར་མི་ལ་སོགས་ཏེ་རྐང་ལེབ། ནུབ་ཏུ་རྟ་ལ་སོགས་ཏེ་རྨིག་ཟླུམ། བྱང་དུ་ནམ་མཁའ་ལྡིང་ལ་སོགས་ཏེ་འདབ་ཆགས། དབུས་སུ་ཀ་ཀོ་ལ། ཤར་དུ་དུ་རུ་ཀ །ལྷོར་ཛུ་ཏི་ཕ་ལ། ནུབ་ཏུ་ཏི་ཀི་ཤམ། བྱང་དུ་ལྕེ་པོག་དཀར་པོ། དབུས་སུ་ཨ་རུ་ར། ཤར་དུ་ག་བུར། ལྷོར་གུར་གུམ། ནུབ་ཏུ་ལི་ག་དུར། བྱང་དུ་རྩིའི་ཆེ། དབུས་སུ་ཨོ། ཤར་དུ་ཧུ༷། ལྷོར་གྲྭ། ནུབ་ཏུ་ཨུ༷༷བྱང་དུ་ཧྭ། དབུས་སུ་དཔལ་ཆེན་པོ་ཡབ་ཡུམ། ཕྱོགས་བཞི་རིགས་བཞི་ཡབ་ཡུམ། བནྟྲ་ཚལ་བུ་བརྒྱད་ལ། ཀིའུ་རི་ལ་སོགས་བརྒྱད་ཀྱི་སྙིང་པོ་བྲིས་ལ་དགོད། ཏིལ་གྱི་མར་མེ། དུར་ཁྲོད་ཀྱི་ར་རོས། ཡུམ་ནི་དུས་གསུམ་གྱི་ཕྱེ་མ། ཟླ་གསང་དཀར་མར་རླུད་དཀར་ལྕེ། ཉུངས་ཡང་པན་ཙ་ཡན་ཆད་དོ། །མི་ཕྱེད་པ་ནི་བདུད་གནས་པའི། །ཐུགས་ཀྱི་དངོས་གྲུབ་དམ་པ་ནི། །རེ་དོགས་མེད་པ་དངོས་གྲུབ་བླངས། །དེ་ཚེ་འབྲུ་ག་དམ་པར་བྱ། །མ་དག་པ་ནི་མཚམས་བཅད་དོ། །ལས་ཀྱི་གཙོར་ནི་བསྐང་གསོ་བྱ། །སྦྱང་དང་བསག་དང་དཔལ་དང་མདངས། །ནན་ཏན་གྱིས་ནི་བརྩོན་འགྲུས་བྱ། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཞེས་བཀའ་བསྩལ་ཏེ། ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིད་རངས་ཏེ། བཅོམ་ལྡན་འདས་སྐུས་གསུངས་པ་ལ་བསྟོད་དོ། །ཨེ་མ་སངས་རྒྱས་ལས་རྒྱུང་བའི། །བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས། །འཁོར་ལོ་རྩིབས་བརྒྱད་གོང་བུ་གཅིག་པའོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལ། །སྨན་དང་འོ་མ་གཉིས་བསྲེས་ཏེ། །ལྕགས་ཀྱི་པར་བུ་གསེར་དང་བཅས། །དེ་ཡི་སྟེང་དུ་མཚན་ལྡན་བཞག །དར་དཀར་གྱིས་ཞེ་གིབ་བཅད་དེ། །གཟུངས་ཐག་དག་གིས་བཏགས་ལ་བསྒྲུབ། །འཁོར་ལོ་རྩིབས་བརྒྱད་པའི་ལུགས་ཏེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། བདུད་རྩི་ཆེན་པོའི་སྒྲུབ་ལུགས། པདྨ་འདབ་བརྒྱད་ཕྱེ་མ་སྦྱངས་པའི་དཀྱིལ་འཁོར་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་བླང་བ་ཚུལ་བཞིན་བྱ། །དེ་ནས་ སྒྲུབ་པ་གཞུང་བཞིན་བྱ། །བདུད་རྩིའི་སྒྲ་ལས་དྲངས་ནས་ནི། །བྷ་ག་པདྨ་ལྡན་པ་སྲ །ཐབས་དང་ཤེས་རབ་ལྡན་པ་མྲ །ཐམས་ཅད་ཡེ་ཤེས་ལྔ་རུ་འགྲུབ། །དཀྱིལ་འཁོར་འདོམས་གང་གྲུ་བཞི་སྲ །དུར་ཁྲོད་ཆག་ཆག་རྣམ་གསུམ་གདབ། །དྷ་ར་ཧི་ཞེས་བརྗོད་ནས་ནི། །པདྨ་འདབ་བརྒྱད་ཐིག་ཏུ་གདབ། །དེ་ནས་པདྨ་འདབ་བརྒྱད་དུ་བྱས་ལ། དེ་ཡི་ཕྱི་རིམ་དུ་ཟླ་གམ་དམར་པོ་སྒོ་ཡོད་པར་བྲི། མཐའ་རྡོ་རྗེ་ར་བས་བསྐོར་བར་བྲི། དེ་ནས་རྫས་དགྲམ་པ་ནི། དཀྱིལ་འཁོར་དབུས་སུ་བརྙ་མཚན་ལྡན་སུལ་མེད་བྱ་སྟེ། སྲུབས་མེད་པ་བཞག །ཤར་དུ་བརྙ་སུལ་འགྲེང་ཞེས་བྱ་སྟེ། ཚངས་པའི་སྐུད་པ་ཅན་བཞག །ལྷོར་བརྙ་སུལ་མང་ཞེས་བྱ་སྟེ། གཙུག་ན་འབུར་བཞི་ཡོད་པ་བཞག །ནུབ་ཏུ་བརྙ་ཟླ་གམ་ཞེས་བྱ་སྟེ། ཤོག་བུ་གཉིས་པ་བཞག །བྱང་དུ་༼བརྙ་༽སུལ་རྒྱ་གྲམ་ཞེས་བྱ་སྟེ། ཤོག་བུ་བཞི་པ་བཞག །དབུས་སུ་བྱང་ཆུབ་སེམས། ཤར་དུ་དྲི་བཞག །དེ་ཡི་ཕྱི་རིམ་ཟླ་གམ་ལ། །ཚལ་བུ་བརྒྱད་ལ་མ་བརྒྱད་བྲི། །དཀྱིལ་འཁོར་ཕྱི་རིམ་བསྐོར་ལ་བཞག །དཀྱིལ་འཁོར་ཆེན་པོའི་མཐའ་བསྐོར་དུ། །ཤ་དང་ཞིང་གི་རས་མ་བཞག །ཞལ་ཟས་ཚང་བའི་གཏོར་མ་ལ། །སྨིན་ཆེན་གྱི་ཞལ་ཁབ་ཀྱིས་བཀང་ལ་དྲང་ངོ་། །བརྙའི་བཟེད་ཕོར་དམར་གྱི་ཨསྙེ༷་དྲང་ངོ་། །དཀྱིལ་འཁོར་གཞུང་བསྲང་ངོ་། །ཆོས་སྐུ་ཡེ་ནས་དག་པ་ལ། །སྒ་མ་བསླང་བ་མ་ཡིན་ཡང་། །རང་རིག་བྱང་ཆུབ་སེམས྅་ རྟོ་ངང་། །དུག་ལྔ་ཡེ་ནས་བདུད་རྩི་ལྔ། །རྣམ་པར་དག་པའི་འབྲས་བུ་སྟེ། །སྐུ་ལ་ཡེ་ཤེས་ལྔ་རུ་གསལ། །མུ་ཏིག་དཀར་པོ་དྲེ་མེད་དང་། །ཙན་དན་སྨུག་པོ་རྨ་་མེད་དང་། །བསེ་ཕོར་མཚན་ལྡན་སྲུབས་མེད་དང་། །རྒྱ་ཕོར་ནང་དམར་གཞུང་ལྡན་དང་། །བདུད་རྩི་ཆེན་པོའི་དོན་ལྡན་དང་། །ཆོས་ཉིད་ཆེན་པོ་རང་རྟོགས་དང་། །བདེ་བ་ཆེན་པོ་རྒྱུ་གཅིག་བརྒྱད། །དེ་བརྒྱད་ཚོགས་པས་དཔལ་དང་ལྡན། །ཆོས་ཉིད་ཆེན་པོའི་རང་རྟགས་དང་། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཀུན་ཏུ་བཟང་མོ་ཡུམ་གྱི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པའི་བྱིན་བརླབས་ལས། །སྣོད་བཅུད་བདུད་རྩིའི་བྱེ་བྲག་རབ་སྦྱངས་ཏེ། །ཐམས་ཅད་ཡེ་ཤེས་ལྔ་རུ་བསྒྱུར་ནས་ཀྱང་། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྒྲུབ་སྟེ། །སྐྱེ་ཤི་མེད་པའི་བདུད་རྩི་ཆེན་པོ་བྱ། །འཚོལ་དང་བརྟག་པར་བྱའོ། །དེ་ནས་བསྟོ་མཚན་ལྡན་ལ། །བརྟག་བཙལ་འཚོལ་ནས་བླངས་ནས་ནི། །དར་དཀར་གྱིས་ཁ་བཅད་དེ། །གསང་བའི་རྒྱ་ཡིས་བཏབ་ནས་ནི། །གཟུངས་ཐག་དག་གིས་བཏགས་ནས་ནི། །དབུས་སུ་བཏགས་༼ལ༽་བསྐོར་བར་བྱ། །ཨོ་ཨུ༷༷ཧུ༷། སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཧུ༷་ཧྲི་ཋ། ཨོ་རྙོ་ན་བཛྲ་ཧུ༷་ཕཊ། བསྒོམ་ཤིང་བསྒྲུབས་པས་རྟགས་རྣམས་འབྱུང་། །རྟགས་རྣམས་མྱུར་དུ་མ་བྱུང་ན། །སྤོགས་དང་སྦྱར་བའི་ལས་རྣམས་བྱ། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །དེ་ཚེ་དམ་ཚིག་གཟུངས་ལྡན་ནས། །ཡི་དམ་ལྷ་ལ་མཆོད་པ་འབུལ། །ཉི་ཟླ་པདྨའི་གདན་སྟེང་དུ། །བརྙ་དཔལ་དང་ལྡན་པར་བསྒོམ། །བརྙ་དཔལ་དང་ལྡན་བསྒོམས་པས། །ཆོས་ཉིད་རྣམ་པ་ལྔ་ཡི་ངང་། །དང་པོར་ལྷ་ལ་མཆོད་བྱས་པས། །ལྷ་དང་གཉིས་སུ་མེད་པར་ཏེ། །ཡི་དམ་ལྷ་ཡི་ཐུགས་དམ་སྐོངས། །ལྟེ་བ་རྡོ་རྗེ་ཐེག་ཆེན་པོ། །ནམ་མཁའ་རྡོ་རྗེ་མཐའ་ཡས་པར། །འཁོར་ལོ་རྡོ་རྗེ་བསྐོར་བསྐུལ་ཞིང་། །འདི་ནི་པརྩི་ཨ་སྤོ་ཏ། །ལྷ་ལ་མཆོད་པས་ཐུགས་དམ་སྐོང་། །རྣལ་འབྱོར་མཆེད་ལ་མཆོད་བྱས་པས། །བཞི་བརྒྱ་རྩ་བཞིའི་ནད་བསལ་ནས། །ངན་སོང་སྦྱོང་ཞིང་མཐོ་རིས་ཐོབ། །མི་མཐུན་བགེགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་ལྡན་ཞར་པར་ནག་་པར༽་ གྱུར། །ཨོ་ཨུཿཧུ༷། སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཧུ༷་ཧྲི་ཋ། །དེ་ནས་དངོས་གྲུབ་གསོལ་ཏེ། །ཨོ་དཔལ་ལྡན་རྡོ་རྗེ་སྐུ་འཆང་བས། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པས། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭབྷ་ཝ་ཨཏྣ་ཀོ྅ཧ༷། ཨོ་དཔལ་ལྡན་རྡོ་རྗེ་༼སྐུ་གསུང༽འཆང་བས། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པས། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་ཝསྐ་བཛྲ་སྭ་བྷ་ཝ་ཨཏྣ་ཀོ྅ཧ༷། ཧྭ༷་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བས། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པའི། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཙིསྟ་བཛྲ་སུ་བྷ་ཝ་ཨཏཱ་རྐ་྅ཧ༷། །བདུད་རྩིའི་སྒྲ་ལས་དྲངས་ནས་ཀྱང་། །བྷ་ག་པདྨ་ལྡན་པ་སྲ །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཐམས་ཅད་ཡེ་ཤེས་སྐུ་རུ་འགྲུབ། །ལས་འདི་ལུང་གིས་བསྒྲུབ་བྱ་བ། །མི་སྤངས་པ་དང་དང་དུ་བླང་། །སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང་། །དེ་ཡང་མཧྭ་ས་མ་ཡ། །བཞི་པོ་རྫོགས་ནས་ཀུན་ཏུ་བཟང་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །མནན་ཟློག་དྲུག་ནི་གཅིག་ཏུའོ། །དེ་ནས་བདུད་རྩི་གྲུབ་པ་དང་། །ཚོ་གཅིག་ཡེ་ཤེས་ལྷ་ལ་འབུལ། །ཚོ་གཅིག་རྣལ་འབྱོར་ཡོངས་ལ་བསྔོ། །ཚོ་གཅིག་སློབ་དཔོན་ཡབ་ལ་འབུལ། །བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཡེ་ཤེས་ལྔ་རུ་སྒྲུབ་པ་འདི། །ཚོ་གཅིག་ཡེ་ཤེས་ལྷ་ལ་དབུལ། །ཡེ་ཤེས་ལྷ་ལ་མི་དབུལ་དུ། །སྐུ་གསུང་ཐུགས་ཀྱི་མངའ་བདག་ལགས། །ཚོ་གཅིག་སློབ་དཔོན་ཡབ་ལ་དབུལ། །སློབ་དཔོན་ཡབ་ལ་མི་དབུལ་དུ། །བསྒྲུབས་པ་རྣམས་ཀྱི་མངའ་བདག་ལགས། །ཚོ་གཅིག་རྣལ་འབྱོར་ཡོངས་ལ་མི་བསྔོ་མྲ །དངོས་གྲུབ་ཡོངས་ཀྱིས་སྐལ་བ་ལགས། །དེ་ནས་བསྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་ལ། གཅིག་སྤྱིན་བསྲེག་བྱ། གཅིག་གི་མཁའ་འགྲོ་མ་བསྐྱང་། གཅིག་མི་ཟད་པའི་གཏེར་དུ་སྦས། པྲ་དབང་བསྐུར། དཀྱིལ་འཁོར་བསྡུ། གཏོར་མ་ཆ་གཅིག་མགོན་པོ་ལ་གཏང་རག་བཏང་། གསྣྲོ་གཤེགས་སུ་གསོལ། བར་ཆད་མེད་པར་ལས་དྲག་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་པ་བྱ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་བསྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། སྨན་ཕྱེ་མ་སྒྲུབ་ལུགས་ཏེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་དཀྱིལ་འཁོར་ལས། བདུད་རྩི་ཆེན་པོ་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་སྦྱར་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་གཞུད་བཞིན་བྱ། །ཐམས་ཅད་ཡེ་ནས་དག་པ་ལ། །ལོག་རྟོག་རྣམ་པ་གཉིས་སུ་གྲུབ། །ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། །ཐམས་ཅད་ཚང་ཞིང་དྲི་མེད་ལས། །རྣམ་རྟོག་མི་མཐུན་སོ་སོར་འགྱུར། །ལ་ལའི་སྨན་ལ་ལའི་དུག །སྨན་དུ་མ་གྱུར་གང་ཡང་མེད། །དུག་ཏུ་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་རྒྱུ་གཅིག་ལ། །མི་མཐུན་ཁྱད་པར་སོ་སོ་སྣང་།།༄༅ སུས་ཀྱང་མ་བྱས་སུ་བྱེད་ཡོད། །རྣམ་རྟོག་ཞགས་པས་སོ་སོར་བཅིངས། །ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་། །སྡུག་བསྔལ་འཁྲུལ་འཁོར་སྣ་ཚོགས་དང་། ཁམས་གསུམ་ཕྱིན་ཅི་ལོག་བཞི་དང་། །ཉོན་མོངས་སྡུག་བསྔལ་སྦྱོང་བར་བྱེད། །རྣམ་པར་ཐར་པ་ལྔ་རྫོགས་ཏེ། །ས་བཅུར་རྫོགས་ཤིང་སངས་རྒྱས་བྱེད། །དེ་ཕྱིར་སྨན་འདི་རབ་ཏུ་བསྒྲུབ་པར་བྱ། །ཀུན་ལ་ཕན་པའི་སྨན་ཡིན་པས། །དེ་ཕྱིར་ང་དང་བདག་རྒྱ་འཛིན། །གཙང་དང་རྨེ་བའི་བློ་རྟོག་བོར། །ཐམས་ཅད་མཉམ་པ་ཉིད་དུ་སྤྱོད། །རྩ་བ་བྱང་ཆུབ་སེམས་ཉིད་རྫོགས། །ཐབས་ཀྱི་ཕ་རོལ་ཕྱིན་པ་སྒྲོད། །སྙིང་རྗེ་ཆུད་མ་ཟོས་པར་བགྱིད། །བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩི་ལས་ནི་རྣམ་རྟོག་སྦྱོར། །བདག་གི་དཔལ་ཚོ་གས་འགྲོ་དོན་མཛད། །སྨན་གྱི་བྱིན་བརླབས་བསམ་མི་ཁྱབ། །ངན་སོང་སྦྱོར་ཞིག་བླ་མེད་སྒྲོལ། །གསེར་འགྱུར་སྨན་དང་མུན་སེལ་ཞིང་། །གཞན་ཡང་དགོས་པ་སྣ་ཚོགས་འགྲུབ། །རྐྱེན་ལས་གྱུར་པའི་དུག་རྣམས་དང་། །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་སྦོད་གཏོང་དུག་ལ་སོགས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །དུག་རྣམས་མ་ལུས་འདུལ་བའི་ཕྱིར། །དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ། །དེ་ནས་དཀྱིལ་འཁོར་དབྱིངས་སུ་བསྟིམ། །དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། །བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམ། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །ཟླ་བ་པདྨའི་གདན་ཁྲི་ལ། །ཉི་མ་སྟོང་གི་དཀྱིལ་འཁོར་ལྡན། །ལྟ་དང་ལྷ་མོའི་ཚོགས་ཀྱི་བདག ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས།གནས་དང་ཡུལ་གྱི་ཕྱག་རྒྱ་བཅས། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དབུས་སུ་བདུད་རྩི་འཁྱིལ་བ་སྟེ། ཁྲར་དུ་རྡོ་རྗེ་སེམས་དཔའ་ཉིད། །ལྷོ་རུ་རིན་ཆེན་འགྱུང་ལྡན་ཏེ། །ནུབ་ཏུ་སྣང་བ་མཐའ་ཡས་སོབྱང་དུ་དོན་ཡོད་གྲུབ་པའོ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱག་རྒྱ་རྣམས་ཀྱང་གསལ་བར་སྒོམ། །སྙིང་པོ་འབྲུ་གཅིག་གསལ་བར་བཟླས། །དེ་ནས་བདུད་རྩིའི་ཕྱག་རྒྱ་ནི། །བནྟྲ་ཡིད་བཞིན་འབར་བ་སྟེརེ་བ་ཡིད་བཞིན་བསྐོང་བར་བྱེད། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །འོད་ལྔའི་ཡོན་ཏན་ལྡན་པར་བྱེད། །དངོས་གྲུབ་ཆེན་པོ་བླ་མེད་པོ། །བདུད་རྩི་ཆར་བཞིན་འབེབས་པར་བྱེད། །སྒོ་བཞི་ཕྱག་རྒྱ་བཞི་དང་ལྡན། །ཨ་མྲི་ཏ་ཡི་རྒྱུད་འདི་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་མ༷་སར་བཅས། །པདྨ་རཀྟ་ལ་སོགས་ཏེ། །གཞན་ཡང་འདོད་ཡོན་སྣ་ཚོགས་བཅས། །དབྱེ་བའམ་ཡང་ན་མི་དབྱེ་ན། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབས། །རྟོགས་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་རྨེ་མེད་པར་བཟའ་བར་བྱ། །དབྱིངས་སུ་ཡང་ནི་ཐིམ་པར་བྱ། །ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ། །བཞི་བརྒྱ་རྩ་བཞིའི་ནད་བསལ་ནས། །དུས་གསུམ་སྡུག་གསུམ་མེད་པར་དང་། །བསྐལ་པར་ཡུན་རིང་གནས་པ་དང་། །དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ། །ཚོགས་གཉིས་རྫོགས་ཞེས་ཡང་དག་གསུངས། །དེ་ནས་སྨན་ཚོ་གསུམ་དུ་དགོད།གཏོར་མ་ཚོ་གསུམ་དུ་བཅད། གཅིག་ནི་མི་ཟད་གཏེར་དུ་སྦ། གཅིག་ལ་སྤྱིན་བསྲེག་བྱ། གཅིག་ལ་མཁའ་འགྲོ་མ་བསྐྱང་། པྲ་དབྱེ་དབང་བསྐུར་རོ། །དཀྱིལ་འཁོར་བསྡུ། བར་ཆད་མེད་པའི་ལས་དྲག་ཏུ་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་བྱང་བྱ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། བདུད་རྩི་ཆེན་པོའི་དཀྱིལ་འཁོར་བསྒྲུབ་ལུགས་ཏེ་དགུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཚེ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྤྱང་དང་བསླང་བ་ཚུལ་བཞིན་བྱ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་ཀར་བརྩེགས་པའི་ཧུ༷་ལས་ནི། །དབུས་སུ་ཨ༷་དཀྱིལ་བསམ་པ་ནི། །བྱིངས་དུར་གྱུར་པས་ཨ་ཡུའོ། །སྟེང་དུ་བམ་ལས་རྡོ་རྗེ་ཡིས། །ལུ་གུ་བརྒྱུད་ཀྱི་རྒྱ་གྲམ་དུ། །འདི་ནི་ཨུ་ཡུ་བཅིང་པའོ། །དེ་ནས་ཨུ་ཡུ་དགུག་པ་ནི། །ལག་སོར་བསྣོལ་མར་འགྲོལ་བྱས་ལ། །ཨོ་བཛྲ་མུག་ཏ་ཧོ། །འདི་ནི་ལན་གསུམ་བརྗོད་པ་ཡིས། །འཇིག་རྟེན་བཅིངས་པ་དཀྲོལ་འགྱུར་ཏེ། །ཨ་ཡུ་དབང་དུ་སྦས་ཡང་ནི། །ལྷ་མོ་དཀར་མོ་ལྕགས་ཀྱུ་ཅན། །མང་བོས་དེ་བཀུག་བསམ་པ་ན། །ཨུ་ཡུ་དགུག་པའི་ཆོ་གའོ། །དེ་ནས་ཨུ་ཡུ་བསྣན་པ་ནི། །ནཱ་ས་གཉིས་ནས་ཧུ༷་བསྒྲིལ་ནས། ཁྱད་པར་སེམས་ཅན་མང་པོ་ཡི། །ཚེ་ཟད་ནད་པ་བདེར་འགྱུར་ཏེ། །ཤེས་རབ་ཐབས་སུ་འབྲེལ་བ་ཡིས། །བོ་དྷི་ཙིསྟས་དབང་བསྐུར་རོ། །ཨུ་ཡུའི་སྟེང་དུ་མུ་ཏིག་བཞིན། ཁུ་འཕང་དཀར་ལ་འདྲིལ་བ་བཞིན། །འདི་ཡི་ཨུ་ཡུ་བསྣན་པའོ། །ཧུ༷་ནི་རྣམ་བཞི་བཀོད་པ་ཡིས། །ཡུམ་གྱི་ཕྱག་རྒྱར་གྱུར་པ་ཡི། །ཐམས་ཅད་མ་ལུས་མཁའ་འགྲོ་བའི། །དབང་བསྡུད་ཚེ་དབང་ཕུན་སུམ་ཚོགས། །ཐུགས་ཀར་མཚན་གང་གཟུགས་ལས་ནི། །སྐུད་པས་མེ་ཏོག་དཀར་པོ་གཉིས། །སྔགས་བཟླས་བརྒྱ་རྩ་བརྒྱད་དབུལ་བར་བྱ། །ལངས་ནས་གཟི་མདངས་ཞབྲུགས་པར་འགྱུར། །སྔ་རྨིའི་རྒྱ་གྲམ་ནང་དུ་ནི། །གཟུགས་འགྱུར་བོས་ནི་སྤྱི་ནས་སུ། །བསྙེན་པའི་བུམ་པས་དབང་བསྐུར་རོ། །གཟུགས་བརྙན་དཀྱིལ་འཁོར་དེ་དབུས་སུ། །བརྙ་དཔལ་དང་ལྡན་པར་བསྒོམ། །ཟླ་གམ་དམར་པོའི་སྟེང་དུ་ནི། །ཚེ་ཡི་དངོས་གྲུབ་གསོལ་བྱང་བཞག །བཙལ་བའི་དངོས་གྲུབ་གསོལ་གཏབ་ནས། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཏིང་ངེ་འཛིན་གྱི་ཚེ་སྒྲུབ་པ་སྟེ་བཅུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། གསང་བའི་དཀྱིལ་འཁོར་ལ་ཚེ་སྒྲུབ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །བརྩམ་དང་བསྲུང་བ་བསླང་བ་དང་། །ས་གཞི་ཡོངས་སུ་སྦྱང་བར་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་གཅིག །ཙ་ད་ར་ཧི་ཞེས་ཐིག་གདབ། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །དབུས་སུ་ཟླ་གམ་གཅིག་པ་ལ། །མཐའ་ལ་རྡོ་རྗེ་ར་བས་བསྐོར། །སྒོ་བཞི་པ་དང་ལྡན་པར་བྲི། །བནྟྲ་མཚན་དང་ལྡན་ནང་དུ། །ཚད་དང་ཚ་འབྲས་ཀྱིས་བཀང་སྟེ། །བསྟོ་གཅིག་ལ་ཚེ་དཔག་མེད་ཡབ་ཡུམ་བྲིས་ཏེ། བསྟོ་ཁ་སྤྲོད་དུ་བྱས་ལ། སྒྲུབ་པ་པོ་ཡབ་ཡུམ་གསང་མཚན་དང་། དངོས་གྲུབ་ཅི་གསོལ་བ་བྲིས་ལ། གཟུངས་ཐག་གིས་བཏགས་ལ་དབུས་སུ་བཞག །དེའི་ཕྱི་རིམ་ལྟེ་ཁྱམས་ལ། བནྟྲ་ཚལ་བུ་བཞི་ལ། ཡབ་ཡུམ་བཞི་བྲིས་ལ་བཞག །ཤར་དུ་དཔལ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་རྣམ་པར་སྣང་མཛད་ཡབ་ཡུམ། བྱང་དུ་དོན་ཡོད་གྲུབ་པ། སྒོ་བཞིར་ཚལ་བུ་བཞི་ལ་སྒོ་མ་བཞི་བྲིས་ལ་དགོད། ཏིལ་གྱི་མེ་མར་དགོད། དེའི་ཕྱི་རིམ་དུ་མདའ་དར་ཅན་བཞི་གཟུགས། རྒྱན་ཆ་རྣམས་ཀྱང་དགོད་པར་བྱའོ། །དེའི་ཕྱི་རིམ་དུ་ཕུར་༼པ༽་ དར་གྱི་ཅོད་པན་བཅུ་ཐམ་པ། ཁྲོ་བོ་བཅུར་མངའ་གསོལ། དེ་ནས་མཆོད་པ་དགྲམ་པ་ནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་བནྟྲའི་བཟེད་ཕོར། དམར་གྱི་ཨསྙེ༷་དྲང་ངོ་། །མཁའ་འགྲོ་མའི་ཁྲུས་བྱ། རྟགས་དང་མཚན་མ་གདབ་བོ། །རྒྱན་སྤེལ་ཏེ་བཞུགས་སོ། །རྫས་ཀྱི་དཀྱིལ་འཁོར་ཚོམ་བུ་ལྔ། །ཧུ༷་ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་ཟླ་གམ་གའུ་ན། །བྱང་ཆུབ་སེམས་ཀྱི་ཨུ་ཡུ་དམར་པོ་འདི། །རྩེ་གཅིག་བདག་ཅག་བསྒྲུབ་པའི་ཚེ་ལགས་ན། །བྱིན་གྱིས་བརླབས་ཤིང་བདག་ལ་ཚེ་དབང་སྩོལ། །ཕྱག་རྒྱའི་ཚོགས་ཆེན་ཡེ་ཤེས་གསང་བའི་ཚེ། །འབྱུང་བ་དང་ནི་འབྲས་བུ་བྱང་ཆུབ་སེམས། །ཚོམ་བུའི་ལྔ་ཡི་དཀྱིལ་འཁོར་ནས། །བདེ་གཤེགས་ཡབ་ལྔ་གསང་བའི་ཐུགས། །ཤ་ཡི་ཁམས་ནས་ཚེ་ཉམས་ན། །ས་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་སངས་རྒྱས་སྤྱན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབྱུང་བ་ས་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། ཁྲ་ཡི་གནས་སུ་བསྟིམ་པར་བྱ། ཁྲག་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མྱ་མ་ཀི །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ཆུ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། ཁྲག་གི་གནས་བསྟིམ་པར་བྱ། །དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །མེ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ན་བཟའ་དཀར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་མེ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དྲོད་ཀྱི་གནས་སུ་བསྟིམ་པར་བྱ། །ལྕགས་ཀྱི་ཁམས་ནས་ཚེ་ཉམས་ན། །རླུང་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་དམ་ཚིག་སྒྲོལ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་རླུང་གི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དབུགས་ཀྱི་གནས་སུ་བསྟིམ་པར་བྱ། །ཡིད་ཀྱི་ཁམས་ནས་ཚེ་ཉམས་ན། །ནམ་མཁའི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཀུན་ཏུ་བཟང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ནམ་མཁའི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །ཡིད་ཀྱིས་གནས་སུ་བསྟིམ་པར་བྱ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །མེ་ཆུ་ས་རླུད་ལ་སོགས་ཏེ། །འབྱུང་བ་ཆེན་པོ་ལྔ་ཡི་རང་བཞིན་ནོ། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། ཁྲར་ཕྱོགས་འཁོར་ལོ་རྩུབ་མོའི་ཞིང་ཁམས་ནས། །དཀར་མོ་མགྱོགས་མ་ཞི་བྱེད་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བྱིན་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ལྷོ་ཕྱོགས་པདྨ་བི་ཌབྱའི་ཞིང་ཁམས་ན། །སྔོན་མོ་དྲག་ཤུལ་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །དམར་པོ་དབང་བསྡུད་འཕྲོ་བའི་ཚོགས། །ཚེ་དང་ཡེ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །དབུས་ཀྱི་གཙོ་བོ་འདི་དཔལ་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོ་བྲིས། བནྟྲ་ཅིག་ཚེ་སྐྱེམས་དང་། ཚེ་འབྲས་ཀྱིས་བཀང་ནས། བནྟྲ་ཁ་སྤྲོད་བྱས་ལ། གཟུངས་ཐག་གིས་བཏགས་ལ། དབུས་ཀྱི་གཙོ་བོའི་མངའ་གསོལ། དེའི་རིམ་པདྨའི་ལྟེ་ཁྱམས་ལ། བསྟོ་ཚལ་བུ་བཞི་ལ། གསང་བའི་ཡུམ་བཞི་བྲིས་ལ་བཞག ཁྲར་དུ་དཔལ་རྡོ་རྗེ་ཧེ་རུ་ཀ་བྲིས་ལ་བཞག །ཀིའུ་རི་པུསྐ་སི། སིང་ཧ་ཀྲི་ཏ་མ་དང་བཞི། ལྷོར་རཏྣ་ཧེ་རུ་ཀ །འཁོར་ཙོའུ་རི། བྷསྨ་རི། བྱ་སྒྲོ་མ། ཀང་ཀ་མ་དང་བཞི། ནུབ་ཏུ་བུརྙ་འཁོར། པྲ་མོ་ཧ། སྨ་ཤ་ནི། སྲི་ཀ་མ། ཁུ་ཁ་མ་དང་བཞི། བྱང་དུ་དཔལ་ཀརྨ་ཧེ་རུ་ཀ །བི་ཏ་ལི། ཙན་ཌ་ལི། ཤྭ་ན་མ། ཨུ་ལུ་མ་དང་བཞི། རྫས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། དེ་ནས་ཚེ་བསྐུལ་དགུག་པ་དང་། ཚེ་བསྡུད་ཅིང་གནས་བྱ་བ་ལ་སོགས་པ་བྱ།རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཁྲོ་བོ་ཚེ་བསྒྲུབ་པ་སྟེ་བཅུ་གཉིས་པའོ།། །།དེ་ནས་དཔལ་རྡོ་རྗེ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། འཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་བསྒྲུབ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་བསྲུང་དང་བསླང་བར་བྱ། །མ་ཏྲང་ཨེ་ཡི་དཀྱིལ་འཁོར་ནས། །དབུས་སུ་འཁོར་ལོ་རྩིབས་བརྒྱད་པ། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དགོད། །དྲུག་ཅུ་རྩ་བརྒྱད་དོན་བསྒོམས་ནས། །མི་འབྲལ་ཕྱོགས་བཅུར་གང་བར་གནས། ༼བྲུ༷་སྒྲུ༷༽ཛ༷༷ཧུ༷་བ༷་ཧོ༷༷དགུག །སྐུ་གསུང་ཐུགས་ཀྱི་སྙིང་པོའི་མཆོག །ལུས་ངག་སེམས་ལ་བསྟིམ་པར་བྱའོ། །དེ་ཉིད་དངོས་སམ་ཡིད་བཞིན་མཆོད། །བུམ་པའི་མཆོག་ནི་བཟང་པོ་ཡི། །ཚེ་བཞག་ནས་ནི་དེ་ཡིན་ཏེ། །ཡང་དང་ཡང་དུ་བཀུག་བྱས་ནས། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྦ་བར་བྱ། །རྡོ་རྗེ་ཆོ་ག་བསྲུངས་པ་ཡིན། །བརྟན་ཞིང་འཁོར་ལོས་བརྒྱན་པར་བྱ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྟིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་བ་ཚེ་དཔག་མེད་པར་བསྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །རིན་ཆེན་རྒྱན་དང་ཟ་མ་ཏོག །གཞན་ཡང་འགྲོ་བའི་དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱི་མི་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་སྟོན་ནས་ནི། །ཐམས་ཅད་མ་ལུས་གདུལ་བར་བྱ། །དབང་དུ་ཚེ་དཔག་མེད་པར་སྒོམ། །ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་སྒྲུབ་དང་ནི་སྒྲུབ་ཆེན་དང་། །ཐབས་དང་ཤེས་རབ་འབྱོར་བ་ཡིས། །ཅི་འདོད་ལས་རྣམས་གྲུབ་པར་གསུངས། །ཚེ་དབང་མོ་ནི་བརྒྱུད་འཕེལ་ལོ། །དཀར་མོའི་མདོག་ལ་འོད་འཕྲོ་འབར། །ཕྱག་ན་སྣ་ཚོགས་ཅིར་ཡང་འགྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གནས་པའི་འགྲོ་དྲུག་མ་ལུས་ཀུན། །ཕན་པའི་ཚེ་དབང་འདིར་སྦྱིན་ནོ། །དེ་ལས་ལྷག་པའི་བརྒྱུད་འཕེལ་མེད། །དེ་ཡི་བཟླས་པ་ཆེན་པོ་འདི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་མ་བཅད་ན། །ཨོ༷་ཧུ༷་སྭ་ཨ༷་ཧ༷་བ༷་༼བྲུ༷་ཧཱུཾ༽བཛྲ་ཨུ་ཡུ་ཁེ་ཧུ༷་ཨུ༷༷ཨོ། ཚེ་དབང་དུ་མ་གྱུར་ན། །བདེ་གཤེགས་ལྔ་དང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུངས་ཀྱིས་ནི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་ཚོགས་ཆེན་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་རྣམས་བཅོམ། །འགྲོ་ལྔའི་ཚེ་རྣམས་དབང་དུ་བསྡུ། །ཕྱག་རྒྱའི་གཤོལ་ལ་སོགས་པ་ཡི། །འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ། །སྙིང་པོ་ལྔ་ལ་བསྟིམ་པར་བྱ། །ཕྱག་རྒྱའི་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་བསྐོར་ཏེ། །དབང་ཕྱུག་ལྷ་ཆེན་ལ་སོགས་དང་། །བར་སྣང་ཁམས་རྣམས་རྒྱུ་བ་ལས། །མིའི་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་དབུས་ལ་བསྟིམ་ནས་ནི། །དེ་ནས་ཡི་གེ་འབྲུ་ལྔ་སྟེ། །དྲི་ནི་ནམ་མཁར་བསྟིམ་པར་བྱ། །ཨོ་ཨོ་ཨོ། བཛྲ་ཀ་བ་ཙཀྟ་ཧ༷། ཨོ་སརྦ་ཏ་ཐུ་ག་ཏ་བཛྲ་ཨ་དྷི་ཏིཛི་གྲྭཧྭ། ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ། །འབྲུ་ལ་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་དམིགས་མེད་དབྱིངས་སུ་ཐིམ། །ཨུ་ཡིད་བཞིན་བུམ་པ་རིན་པོ་ཆེ། །རྒྱན་དང་རིནཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་ཉུངས་དཀར་བཅས། །སྔགས་མཁནརབ་ལྡན་བློ་བརྟན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། །རྒྱན་ཆ་ལྔ་དང་ལྡན་པས་ན། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་དོན་རྟོགས་ནས། །བསྒྲུབ་པ་ཟིན་ནས་གཏོར་མ་གསུམ་དུ་གཅད་ནས། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། པྲ་དབྱེ་དབང་བསྐུར། འཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་བསྒྲུབ་པ་སྟེ་བཅུ་གསུམ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས། གསང་བ་ཆེན་པོ་འདི་གསུངས་སོ། །ཡེ་ཤེས་ཆེན་པོ་བདེ་བ་ཆེ། །ཡེ་ནས་དག་ཀུན་བཟང་ཀློང་། །རྣམ་དག་ལམ་ཆེན་བསྒྲལ་བའི་ངང་། །མ་སྐྱེས་པས་ན་འགག་པ་མེད། །ཆེན་པོ་ལྔ་ཉིད་བདེ་ཆེན་ཀློང་། །ཆེན་པོ་ལྔ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཐམས་ཅད་ཐིག་ལེའི་རང་བཞིན་ཏེ། །སྣང་སྲིད་ཐམས་ཅད་མྱ་ངན་འདས། །ཐམས་ཅད་ཧུ༷་གི་རང་བཞིན་ཏེ། །ཡི་གེ་ཧུ༷་ཡང་དངོས་གཞི་ཀུན་དང་བྲལ། །ཡེ་ནས་དག་པས་བདེ་ཆེན་བྱང་ཆུབ་སེམས། །ཆེན་པོ་ལྔ་ཡི་ངང་དུ་སྣང་སྲིད་ཐམས་ཅད་སྦྱོར། །ཐིག་ལེ་གཅིག་གི་ངང་དུ་བསྒྱུར་བས་དུས་གསུམ་ལྷུན་གྱིས་གྲུབ།།ཕྱིར་གཏངམན་ངག་སྒྲུབ་ལུགས་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། བསྒྲལ་བའི་ལུང་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་བཅལ་ཏེ་ས་བསླང་ངོ་། །སྦྱང་དང་བསླང་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་བཞིན་བྱའོ། །སྣང་སྲིད་ཐམས་ཅད་སྐྱེ་མེད་དབྱིངས་སུ་བསྒྲལ། །ཡི་གེ་བྲུ༷་ནི་བྱང་ཆུབ་སེམས་ཀྱི་ངང་། ཁྲག་དང་རུས་པས་སེམས་༼ཅན་༽དབུགས་ལ་སོགས། །བསྒྲལ་བའི་རྒྱུ་ལ་དཔའ་བོ་འབྲུ་ལྔ་དགོད། ཁྲོ་ཆེན་བཅུ་ནི་རྔམ་པའི་སྟངས་སྟབས་ཅན། །དེ་ལྟར་བསྒྲལ་ན་དོན་གྱི་སྙིང་པོ་ཡིན། །ཏ་ན་བསྒྲལ་བའི་ལུང་གི་སྒྲུབ་ལུགས་སྟེ་བཅོ་ལྔ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །ག་ནའི་སྒྲུབ་ལུགས་འདི་གསུངས་སོ། །མ་སྐྱེས་དབྱིངས་སུ་མི་འགགས་སྦྱར། །ཀུན་ཏུ་བཟང་མོའི་ངང་དུ་སྣང་སྲིད་ཐམས་ཅད་སྦྱར། །པདྨ་ཅན་དང་དུང་ཅན་དང་། །བུ་མོ་མིག་རིང་ཞེས་བྱའོ། །ཟླ་གསང་དཀར་མར་བླུ་དཀར་ལྕི། །ལྗོན་ཕྲན་དང་ནི་ལྕུག་ཕྲན་དང་། །མི་རོ་ཅན་དང་གདོང་གཅིག་མ། །མ་རབས་དང་ནི་རིགས་ངན་ནོ། །མཚམས་བཅད་བྱིན་བརླབས་དབང་བསྐུར་ནས། །དེ་ལས་སྦྱོར་བའི་ཆོ་ག་ནི། །ཏིང་ངེ་འཛན་གྱིས་གསལ་བསྒོམས་ནས། །ཚོམ་བུ་ཉི་ཤུ་རྩ་ལྔ་དགོད། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ག་ན་ཆེན་པོའི་སྒྲུབ་ལུགས་ཏེ་བཅུ་དྲུག་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། མ་ཏྲ༷་བཞི་བསྣོལ་གསང་བ་༼ཡང༽་གཏེར་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ནས་ས་བསླང་ངོ་། །སྦྱང་དང་བསྲུང་བ་གཞུང་བཞིན་བྱ། །དེ་ནས་སྒྲུབ་པ་ཚུལ་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །གྲུ་བཞི་སྟེགས་བུ་མཁྱུད་རེ་བྱ། །དེ་སྟེང་མ་ཏྲང་བཞི་བསྣོལ་བྱ། །མཐའ་མ་རྡོ་རྗེའི་ར་བས་བསྐོར། །དེ་ཡི་ཕྱི་རིམ་མེ་རི་དགོད། །དེ་ཡི་ཕྱི་རིམ་ཐོད་པ་བྲི། །དེ་ཡི་ཕྱི་རིམ་སྟེགས་བུ་ལ། །མེ་ཡི་སྤུ་གྲི་འབར་བབྲི། །དེའི་ཕྱིར་རིམ་སྒོ་བཞི་བྲི། །དེ་ཡི་ཕྱི་རིམ་སྒོ་ཁྱུད་ལ། །ཞིང་གི་ཟ་ར་ཚགས་པ་བྲི། །དེ་ནས་བནྟྲ་མཚན་ལྡན་ལ། །དཔལ་ཆེན་ཡབ་ཡུམ་སྙིང་པོ་བྲི། །ཚལ་བུ་རལ་པ་ཅན་བརྒྱད་བྲི། །དེ་ཡི་ཕྱི་རིམ་ཚལ་བུ་ལ། །ཕྲ་མེན་མ་བརྒྱད་བྲི། །ཚལ་བུ་བཞི་ལ་སྒོ་མ་བཞི་བྲི། །ཐར་པ་གནས་ཀྱི་དཀྱིལ་འཁོར་དུ། །གདོལ་པ་འབྱུང་པོ་ང་རྒྱལ་ཅན། །ཞེ་སྡང་རྣམས་ཀྱིས་བསླང་བའི་རྒྱུ། །དེ་ཡི་དུག་གསུམ་གཞིག་པའི་ཕྱིར། །དོན་གྱི་སྒྲུབ་པ་ཆེན་པོ་བཤད། །བགེགས་ནི་མ་རྟོགས་སེམས་ལས་བྱུང་། །མ་དག་རྣམ་གསུམ་རྒྱུ་ཡི་རྩ་བ་ཡིན། །ཐུགས་རྗེ་དབང་བ་བཅོམ་ལྡན་འདས། །སྒྲུབ་པ་དོན་གྱི་དཀྱིལ་འཁོར་རྩ་བ་ཡིན། །དུག་གསུམ་སླང་བ་རྣམས་ཀྱི་རྩ་བ་ཡིན། །དུར་ཁྲོད་ཆེན་པོའི་གནས་ཀྱང་ཡིན། །བརྗིད་ལྡན་སྐུ་བརྙེས་དཔལ་ཆེན་ཧེ་རུ་ཀ །བདག་རྟོག་འཇོམས་པའི་ཏིང་འཛིན་གྱིས། །སྟོང་གསུམ་རུ་་་ཁོག་སྦུགས་སུ། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །མ་རིག་སྦུགས་ཀྱི་ཁ་ཕྱེ་ནས། །དུག་གསུམ་འབྱུང་བའི་སྒོ་བཅད་ནས། །རྣམ་རྟོག་གཟུང་འཛིན་མཚམས་བཅད་དེ། །ངན་སོང་གསུམ་དུ་དུག་གསུམ་གྱིས། །ཉོན་མོངས་སེམས་ཅན་སྡང་བྱེད་པ། །ཞེ་སྡང་དང་ནི་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལྔ་པོ་ཡང་། །ཆེ་བའི་ཡེ་ཤེས་ཆེན་པོ་ཡིས། །བསྡུས་ནས་ཐམས་ཅད་ནམ་མཁའ་ཆེ། །བདེ་བ་སྤྱིན་པའི་མཆོད་པ་ཡིས། །རོ་མཆོག་ལྔ་དང་མཉམ་སྦྱོར་བས། །བདེ་ཆེན་སྤྱིན་པའི་མཆོད་པ་ཆེ། །སྣ་ཚོགས་བདེ་བར་བསྒྲུབ་པའི་ཕྱིར། །དམ་ཉམས་དགྲ་བོ་མཆོད་པར་བཞེས། ཁམས་གསུམ་དྲ་བ་གཞོམ་པའི་ཕྱིར།།ཁྲོ་བདག་ཕྱག་རྒྱར་བཅས་པ་ནི། །མགྱོགས་པའི་ཕོ་ཉས་བསྐུལ་བར་བྱ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྒྲལ། །རྐང་པ་བྱང་ཤར་མཚམས་སུ་བསྒྲལ། །ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ། །ལག་པ་གཡས་པའི་དུར་ཁྲོད་ནི། །རྒྱ་གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཀིའུ་རི་མ། །མཐིང་ནག་འབར་བའི་རལ་པ་ཅན། །དུར་ཁྲོད་ལག་པ་གཡོན་པ་ལ། །ལི་ཡི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙོའུ་རིམ། །སེར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡེབས་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡས་པ་ནི། །བལ་པོའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པྲ་མོ་ཧ། །དམར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡོན་པ་ལ། །ཐོ་གར་ཡུལ་དུ་བསྒྲལ་བྱའོ། །དེ་ཡི་བདག་མོ་བི་ཏ་ལི། །ནག་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་མགོ་བོ་ནི། །ཟ་ཧོར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པུསྐ་སི། །དམར་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡོན་པ་ནི། །ཨུ་རྒྱན་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཀྟསྨ་རི། །དཀར་ལྗང་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་ཕོ་མཚན་ནི། །སིང་ང་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་སྨ་ཤ་ནི། །མཐིང་ནག་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡས་པ་ནི། །གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙནྟྲ་ལི། །ལྗང་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་དཔུང་མགོ་གཡས་གཡོན་ནི། །ཕྲ་མེན་སྟག་དང་སེང་གེའི་རྫས། །དུར་ཁྲོད་༼བླ་བརླ༽ནི་གཡས་དང་གཡོན། །ཕྲ་མེན་ཝ་སྤྱང་བྱ་རོག་འུག །ཕོ་ཉའི་རྒྱལ་མོ་དེ་ཡི་རྫས། །དུར་ཁྲོད་ཐར་པ་རྐང་ལག་བཞི། །ཕོ་ཉ་འགུགས་མ་དེ་བཞིན་རྫས། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །བགེགས་ཀྱིས་རྒྱལ་པོ་རུ་ཏྲ་བསྒྲལ། །བདེ་བ་ཆེན་པོའི་ངང་ཡིན་ཏེ། །ང་ནི་དུར་ཁྲོད་དབང་ཕྱུག་སྟེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིན། །ལོག་རྟོག་འཁོར་བའི་རྒྱུན་བཅད་དོ། །ཨོ་མཧྭ་ཤི་ཧེ་རུ༷་ཀ །པ་ཙ་བཛྲ་མཧྭ་ཀྲོ་ཏ་ཧུ༷་ཕཊ། །སྟོང་གསུམ་རུ་ཏྲོཛེ་ཁོག་སྦུགས་ལ། །ཟ་བྱེད་ལྔ་དང་འཇིགས་བྱེད་ལྔ། །དུར་ཁྲོད་གནས་སུ་བཀོད་བྱས་ནས། །རྫོགས༷་པའི་ཏིང་འཛིན་དབྱིངས་སུ་སྒྲོལ་ཞེས་བྱ། ཁྲོ་བོ་དབུ་ལྔ་ཧོ་ལྔའི་དཀྱིལ་འཁོར་དུ། ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་ལ། །ཉོན་མོངས་ལྔ་ཡི་རྫས་བསྲེགས་པས། །ཞེ་སྡང་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །རྡོ་རྗེ་ཁྲ༷ག་འཐུང་ཡམ་ཤིང་བརྫངས་པ་ལ། །མེ་ལོང་ལྟ་བུའི་མེ་སྦར་ལ། །ཞེ་སྡང་རྫས་རྣམས་བསྲེགས་བྱས་པས། །རྡོ་རྗེ་རིགས་ཀྱང་མཉེས་གྱུར་ནས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གཏི་མུག་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །བནྟྲ་ཁྲག་འཐུང༷་ཡམ་ཤིང་བརྫངས་པ་ལ། །ཆོས་དབྱིངས་ཡེ་ཤེས་མེ་སྦར་ཞིང་། །གཏི་མུག་རྫས་རྣམས་བསྲེགས་བྱས་པ། །བདེ་གཤེགས་རྣམས་ཀྱང་མཉེས་གྱུར་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ང་རྒྱལ་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །རིན་ཆེན་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ། །མཉམ་ཉིད་ཡེ་ཤེས་མེ་སྦར་ཞིང་། །ང་རྒྱལ་རྫས་རྣམས་བསྲེགས་བྱས་པས། །རིན་ཆེན་རིགས་ཀྱང་མཉེས་པར་འགྱུར། །ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ། །འདོད་ཆགས་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །པདྨ་ཁྲག་འཐུ༷ང་ཡམ་ཤིང་བརྫངས་པ་ལ། །རྟོག་པའི་ཡེ་ཤེས་མེ་སྦར་བས། །འདོད་ཆགས་རྫས་རྣམས་བསྲེགས་བྱས་པས། །པདྨ་རིགས་ཀྱང་མཉེས་གྱུར་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཕྲག་དོག་ཁྲོ་བོའི་ཞལ་གྱི་ཧོ་ཁུང་དུ། །ཀརྨ་ཁྲག་འ༷ཐུང་ཡམ་ཤིང་བརྫངས་པ་ལ། །ནན་ཏན་ཡེ་ཤེས་མེ་སྦར་བས། །ཕྲག་དོག་རྫས་རྣམས་བསྲེགས་བྱས་པས། །ལས་ཀྱི་རིགས་ཀྱང་མཉེས་གྱུར་ནས། །འཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ཟ་བྱེད་ཁྲོ་བོའི་ཧོ་ཁུང་དུ། །ཕུད་དང་ལྷག་མའི་རྫས་རྣམས་བསྲེག ཁྲག་མཐུང་རསྒ་མཉེས་གྱུར་ནས། །ཆོ་ག་ཕྱི་མ་གཞན་དང་མཐུན། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མ་ཏྲ༷་བཞི་བསྣོལ་གསང་གཏེར་གྱི་སྒྲུབ་ལུགས་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལས། མཆོག་སྒྲུབ་ཆེན་པོ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞིར་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལས། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་གཞུང་བཞིན་བྱ། །སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་སྦྱང་སྤང་སྐོང་ཚ་ཚ་གདབ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞི་རྒྱས་སྦྱིན་བསྲེག་ཚུལ་བཞིན་བྱ། །རྒྱས་པ་རབ་འབྲིང་གཞུང་བཞིན་འདོན། །སྦྱིན་པ་རྒྱ་ཆེན་དུས་བཞིར་བྱ། །དེ་ནས་སྒྲུབ་པ་གཞུང་བཞིན་བྱའོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །ཕྱོགས་བཞིར་འཕྲིན་ལས་དཀྱིལ་འཁོར་བྱ། །དབུས་སུ་དཀྱིལ་འཁོར་བརྩེགས་མ་བྱ། །དེ་དཀྱིལ་ཟླ་གམ་བརྒྱད་དུ་བྱ། །ཕྱོགས་བཞི་དག་ནི་མེ་རིས་བསྐོར། །ལྔ་ཡི་ཕྱི་རིམ་ཐོད་ཕྲེང་བསྐོར། །དེ་ཡི་ཕྱི་རིམ་མེ་དཔུང་བྲི། །གྲུ་བཞི་པ་ལ་སྒོ་བཞི་དགོད། །དབུས་སུ་བསྟོ་མཚན་ལྡན་ལ། །ཡབ་ཡུམ་སྙིང་པོ་བྲིས་ལ་བཞག །དེ་ཡི་ཕྱི་རིམ་ཟླ་གམ་ལ། །མ་མོ་ཕྲ་མེན་བརྒྱད་ཀྱང་ཚུལ་བཞིན་དགོད། ནག་པོ་ལ་ནི་མེ་རིས་བསྐོར། །སེར་པོ་ལ་ནི་ཐོད་པས་བསྐོར། །དམར་པོ་ལ་ནི་ཤ་ཆེན་བཞག །སྒོ་ལ་སྒོ་བ་ཡབ་ཡུམ་སྟེ། །སྒོ་ཁྱུད་ལ་ནི་དབང་ཕྱུག་མ། །དེ་ནས་སྒྲུབ་པའི་མདུན་མདུན་དུ། །བནྟྲའི་བཟེད་ཕོར་རེ་རེ་དང་། །དམར་གྱི་ཨསྙེ༷་ཡང་དྲང་ངོ་། ཁྲོ་བོའི་འཕྲིན་ལས་གཞུང་བཞིན་བྱ། །བསྟོད་ཚོགས་མཆོད་པ་གཞུང་བཞིན་དབུལ། །འཇིགས་བྱེད་བསྐལ་བའི་དཀྱིལ་འཁོར་དུ། །ཟ་བྱེད་ལྔ་ཡི་དཀྱིལ་འཁོར་བཅས། །ཐལ་བ་ཚར་གཉིས་བསྒྲལ་བའི་ཕྱིར། །དྲོད་ཚད་གསུམ་གྱིས་གཏན་ལ་དབབ། །དག་པ་གསུམ་གྱིས་བསྒྲལ་བར་བྱ། །མཚན་རྟགས་བཟང་པོ་ཡོད་པ་རྣམས། །དེ་ཉིད་སྒྲུབ་པའི་རྒྱུ་ཡིན་ཏེ། །ཟ་བྱེད་ལྔ་ཡི་དཀྱིལ་འཁོར་དུ། །འཇིགས་བྱེད་ལྔ་ཡི་ཆོ་འཕྲུལ་གྱིས། །བུ་གུ་སྒོ་ལྔའི་དཀྱིལ་འཁོར་དུ། །བདུད་རྩི་ལྔ་ཡི་ཟིལ་མངར་གྱི། །ཕ་གུ་ལྔ་ཡི་ཐིག་གདབ་བོ། །ད་ནི་ཟ་བྱེད་ཚོགས་བཀོད་དེ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བུརྙ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཐུགས་མཆོག་རསྒ་ཧེ་རུ་ཀ །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་བཛྲ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །སྐུ་མཆོག་རསྒ་ཧེ་རུ་ཀ །ཤར་གྱི་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཡོན་ཏན་རསྒ་ཧེ་རུ་ཀ །ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རང་བྱུང་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །གསུང་མཆོགརསྒ་ཧེ་རུ་ཀ །ནུབ་ཀྱི་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །ཕྲིན་ལས་ཀརྨ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་༼ལྷ་མཆོག༽། །ལས་མཆོག་རཀྟ་ཧེ་རུ་ཀ །བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་རག་ཏའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་མོ་ཁྲོ་བའི་གཟུགས། །སེར་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ཡི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དམར་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་དབྱིངས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྒྲོལ་བའི་མཆོག །ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་ དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །ལྗང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་གི་འཁོར་ལོའིརྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །གསེར་མདོག་སིང་ང་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་རྙི། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ཤར་ལྷོའི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དམར་ནག་བྱུ་སྙི་རཀྟ་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །མཐིང་ནག་ཤྭ་ན་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དམར་ནག་སྲི་ལ་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དམར་སེར་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག ཁྲར་གྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དཀར་ལྗང་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ཡི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །༄༅ མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །སེར་ནག་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་གི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དཀར་སེར་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག ཁྲར་ལྷོའི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །སྐྱ་སྣར་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །སྣ་ཚོགས་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བསྐུལ་བ་རྡོ་རྗེ་ཨང་ཀུ་ཤ །དཀར་ལྗང་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་འདྲེན་པའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །དཀྱིལ་འཁོར་ཆེན་པོའི་ཤར་སྒོ་སྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་ཆེན་པོ་ཨུབྱ་ཨ་ཙ་ལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དཀར་ལྗང་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་ཆེན་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །མཐིང་ནག་རསྒའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་མཚོན་ཆེན་རྟ་མཆོག་དཔལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དམར་ནག་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །ལྗང་ནག་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཆེན་མོ་སྙེམས་ཆེན་མ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བརྙ་གཙོ་ལ་སྟོབས། །རཀྟའི་རལ་པ་ཁམ་ནག་གྱེན་དུ་འཁྱལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་དུར་ཁྲོད་བདག་ཆེན་མོ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བནྟྲ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཁྲོ་མོ་གཏུམ་ཆེན་མོ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བསྟོ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཁྲོ་མོ་སྒྲ་འབྱིན་པའི། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བརྙ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་ནས་རང་བྱུང་གྲུབ་པའི་ལྷ། །སྒྲོལ་བ་རཀྟ་ཧེ་རུ་ཀ །མཐིང་ནག་རཀྟའི་རལ་པ་ཅན། །སྔོན་ཚེ་བསྙེན་ཅིང་སྒྲུབ་པའི་ལྷ། །སྔོན་ཡང་ཐུགས་དམ་དབྱིངས་སུ་གཅིག །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །དམ་ཚིག་ས་ནུ་ཧེ་རུ་ཀ །སེར་ལྗང་འབར་བའི་རལ་པ་ཅན། །སྔོན་ཚེ་བསྙེན་ཅིང་བསྒྲུབ་པའི་ལྷ། །སྔོན་གྱི་ཐུགས་དམ་དབྱིངས་སུ་ཅིག །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རང་བྱུང་གྲུབ་པའི་ལྷ། །གསང་བ་གུ་རྒྱ་ཧེ་རུ་ཀ །དམར་ནག་འབར་བའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །སྔོན་གྱི་ཐུགས་དམ་བདག་དང་ཅིག །ཟླ་གམ་དབང་གི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །སྦྱོར་བ་རཀྟ་ཧེ་རུ་ཀ །ལྗང་ནག་རཀྟའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །སྔོན་གྱི་ཐུགས་དམ་བདག་དང་ཅིག །ཟླ་གམ་དབང་གི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡུམ་བཞི་ཡང་དགོད། བྱང་གི་དཀྱིལ་འཁོར་དུ། དབང་ཕྱུག་ཉི་ཤུ་ཡང་དགོད། ཁྱམས་ཟླ་གམ་དུ་བྲིས། དེ་ནས་དཔལ་གྱི་སྤྱིན་བསྲེག་བྱ། དེ་ནས་གཏོར་མ་ཚོ་གསུམ་དུ་བཅད་ལ། མཆོད་པ་བགྱི། ཕུར་པ་དབྱུང་། ཁྲུས་བགྱི། གཏོར་མ་གཅིག་བྱིན་གྱིས་བརླབས་ལ། རྒྱལ་པོ་ཆེན་པོ་བཞི་མཆོད། སླར་གཤེགས་སུ་གསོལ། དེ་ནས་སློབ་དཔོན་ལ་ཡོན་དབུལ་བ་དང་སླད་མ་ཀུན་གཞན་དང་མཐུན། མ་ཏྲང་བཞི་བསྣོལ་གསང་བ་གཏེར་གྱི་སྒྲུབ་ལུགས་ཏེ་བཅུ་དགུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་སྦྱང་སྤང་ཀོང་ཚ་ཚ་གདབ། །དེ་ནས་དཀྱིལ་འཁོར་གཞུད་བཞིན་བྱ། །ལང་ཀའི་ཁོག་སྦུགས་བསྒྱེལ་བ་ལ། །སྙིང་ཁར་འདོམ་གང་གྲུ་བཞི་བྱ། །དུར་ཁྲོད་ཆག་ཆག་གསུམ་གྱིས་གདབ། །འཁོར་ལོ་རྩིབས་བརྒྱད་ཐིག་ཏུ་གདབ། །དབུས་སུ་རིན་ཆེན་ཟུར་བརྒྱད་བྲི། །ཕྱི་རོལ་པདྨ་འདབ་བརྒྱད་བྱ། །དེ་ཡི་ཕྱི་རིམ་མེ་རི་བྱ། །དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར། །དེ་ཡི་ཕྱི་རིམ་སྒོ་བཞི་བྲིས། །སྟེང་ནས་བགེགས་པའི་གཡང་བཞི། འོག་ཐར་པའི་རྐང་ལག །བསྟོ་ཅང་ལོ་ཅན། ཕྱི་ན་བནྟྲའི་བཟེད་ཕོར། དམར་གྱི་ཨསྙེ༷། གཏོར་མ་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དེ་ནས་རྫས་དགོད། དུར་ཁྲོད་འབར་བའི་ཕོ་བྲང་དུ། །ལང་ཀ་ཆེན་པོའི་ཁོག་སྦུབས་སུ། །རལ་པ་ཅན་རྣམས་སྤྱན་དྲངས་ནས། །རྫས་དང་བྱ་བ་གཞུང་བཞིན་བྱ། །རཀྟ་འཛོམས་པའི་ཕོ་ཉ་ནི། །ཟ་བྱེད་ལྔ་ཡི་རལ་པ་ཅན། །དབང་པོ་ལྔ་ནི་རྫས་ལ་དབང་། །མགྱོགས་མ་བརྒྱད་ནི་དུར་ཁྲོད་འཇོམས། །གཏུམ་མོ་བརྒྱད་ནི་དབྱིངས་ན་རོལ། ཁྲོ་བོ་བརྒྱད་ནི་རོལ་པ་མཛད། །རཀྟའི་འབར་བའི་རལ་པ་ཅན། །སྲིད་པ་ནམ་མཁའི་མཐུ་བྱེད་ན། །དཔལ་ལྡན་མ་མོ་ལས་བྱེད་ཅིང་། །རྫས་ལ་དབང་བྱེད་མཐུ་མཁྲེག་མ། །དེ་ནས་ཁྲོ་བོའི་འཛབ་སྟོང་དྲངས། །བསྟོད་ཚོགས་མཆོད་པ་འབུལ། ཐུགས་དམ་བསྐུལ། བཟོད་པར་གསོལ། དངོས་གྲུབ་བླང་། དབང་བསྐུར། ཕྲ་གདབ། དེ་ནས་གཏོར་མ་ཚོ་གསུམ་དུ་བཅད། ཚོ་གཅིག་ལ་ནི་སྤྱིན་བསྲེག་ལ་སོགས་བྱ། དེ་ནས་ཡོན་དབུལ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་ཏེ་ཉི་ཤུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། བམ་སྒྲུབ་ཆེན་པོ་ཟླ་གམ་བརྒྱད་ཅུ་རྩ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་བསྒྲུབ་པ་ཚུལ་བཞིན་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་བྱང་སྤང་སྐོང་ཚ་ཚ་གདབ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། སྒྲུབ་པའི་དཀྱིལ་འཁོང་གཞུང་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུར་ཁྲོད་ཆག་ཆག་རྣམ་གསུམ་གདབ། དབུས་སུ་འཁོར་ལོ་རྩིབས་བརྒྱད་ཐིག་གདབ། དབུས་སུ་ཐིག་བཞི་གདབ་ལ་ལིང་ཚེ་དགུ་བྱ། དབུས་སུ་ཟླ་གམ་དཀར་དམར་གཉིས། ཕྱོགས་མཚམས་སུ་ཟླ་གམ་བྲི། དེ་ཡི་ཕྱི་རིམ་དུ་ཁ་ནང་དུ་བསྟན་པ་བྲི། དེ་ཡི་ཕྱི་རིམ་དུ་ཁ་ཕྱིར་བསྟན་པ་བྲིས། དེ་ཡི་ཕྱི་རིམ་དུ་བཞི་ནང་དུ་བསྟན་པ་བྲི། དེ་ཡི་ཕྱི་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲིས། དེའི་ཕྱི་རིམ་དུ་ཟླ་གམ་བཅུ་ཁ་ཕྱིར་བསྟན་པ་བྲི། དེའི་ཕྱིར་རིམ་ཟླ་གམ་ཉི་ཤུ་རྩ་དགུ་ཁ་ཕྱིར་བསྟན་པ་བྲི། དེའི་ཕྱི་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲི། དེ་ནས་རྫས་དགོད་པ་དང་། ལས་དང་བྱ་བ་ཀུན་འཕེལ་བསྡུད་ལ་ལྟོས། བསྒྲོའི་གཞལ་ཡས་ཁང་དུ། ལྷ་གཞུང་བཞིན་བསྐྱེད། ༼བྲུ༷་སྣྲུ༷༽ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་དུ། །དབང་ཆེན་རྒྱ་གྲམ་ཟླ་གམ་གཏམས་པ་ལ། །རྡོ་རྗེ་ཡེ་ཤེས་མི་ཕྱེད་དགུ་འབར་བ། །ཆེ་བ་དགུ་ཡི་ཁྱད་པར་བྱེ་བྲག་ལས། །དཔལ་ཆེན་དགུ་ནི་སྐུ་ལ་རྫོགས། །ཡུམ་ཆེན་དགུ་ནི་དབྱིངས་སུ་རོལ། །རྡོ་རྗེ་དགུ་ནི་ཐུགས་ལ་འབརཧུ༷་ཆེན་དགུ་ནི་ཀློང་ན་འཁྱིལ། ཁུ་བྱུག་དགུ་ནི་སྐད་དུ་རྫོགས། །བརྙ་དགུ་ནི་དཔལ་གྱི་སྐུ། །ཟླ་གམ་དགུ་ནི་ཡུམ་གྱི་དབྱིངས། །ཐིག་ལེ་དགུ་ནི་བྱང་ཆུབ་སེམས། །མེ་མར་དགུ་ནི་ཡེ་ཤེས་ངང་། །དེ་ལྟར་དགུ་དགུ་དགུ་བྱུང་བ། །དགུ་སློང་འབད་པ་གཅིག་གི་ངང་། །དགུ་བཀག་གཅིག་ཕྱེ་ཐིག་ལེའི་དོན། །ཞེས་བརྗོད་ལ་སྤྲོ་བསྡུ་བྱ། དེ་ལྟ་བུའི་དེའི་དཀྱིལ་འཁོར་དུ་མཆོད་པ་དྲངས་བ། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་༄༅ ཐམས་ཅད་བདེ་ཆེན་གཅིག་གི་ངང་། །ཞེས་གསུངས་སོ། །དེ་ལྟ་བུའི་དཀྱིལ་འཁོར་དུ་མཆོད་པ་དགྲམ་པ་ནི། འཛབ་དྲུག་སྟོང་དྲུག་ལ་བསྟོད་་བྱོག་གི་ཚོགསཀྱང༽མཆོད་པ་དབུལ། ནངས་པར་གཏོར་མ་བཏང་། ཕུད་བཅད་ལ་བཞག །དཀྱིལ་འཁོར་སྟོང་པར་མི་བཞག །རེ་མོས་ལངས། སྟན་མི་སྤྲུགས། སྟན་བྱིན་གྱིས་བརླབ། ལུས་བསྲུང་། སླར་ཚོགས་པ་དང་། མཚམས་བཅད། དེ་ནས་མཆོག་སྒྲུབ་དེ་ཤ་བཅད་སྐམ་ལ་དེའི་ཕྱི་ལོ་དུས་སུ་བདུད་རྩིའི་བསྒྲུབ་པ་བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མཆོག་ཕྲན་གཙང་མའི་སྒྲུབ་ལུགས་ཏེ་ཉི་ཤུ་རྩ་གཉིས་པའོ།། །།རུས་པ་ཐལ་ཆེན་དུ་སྒྲུབ་པ་རྡོ་རྗེ་རིགས་ཀྱི་སྒྲུབ་ཐབས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ཆེན་པོ་རྫོགས་སོ། །སྡུད་པ་པོ་རྡོ་རྗེ་སེམས་དཔས་བསྡུས། ལས་ཀྱི་སྒྲུབ་པ་གཞུང་པདྨ་ས༷་བྷ་ཝས་བསྲང་། ལས་མདེའུ་ཆུང་ཧུ༷་ཀྭ་རས་བསྲངསརྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་བཞུགས་སོ།། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ། སརྦ་དྷརྨ་བྲརྙ་མ་པྲ་ཏི་པ། མ་ཧྭ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་ཉིད། ཆོས་ཐམས་ཅད་སོ་སོ་མ་ཡིན་པའི་བདག་ཉིད་ཏེ། མཐའ་དང་དབུས་མེད་པའི་འོག་མིན་གྱི་གནས། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་། རྒྱུ་རིན་པོ་ཆེ་འབར་བ་སྣ་ཚོགས་དང་། འཇིགས་བྱེད་དྲག་པོའི་རྒྱན་མང་པོས་བཀླུབས་པ། རྣམ་པ་ཐ་དད་ཅིང་སོ་སོ་ན་གསལ་བ། ངོ་བོ་ཉིད་གཅིག་ཅིང་ཡེ་ནས་གསལ་བ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། འཇིགས་བྱེད་ཀྱི་རྒྱལ་པོ་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དབུ་གསུམ་པ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་དང་འཁོར་ལོ་ལ་སོགས་པའི་རིགས་དང་། གྲངས་དང་། ཕྱག་རྒྱ་དང་། ཁ་དོག་ལ་སོགས་པའི་ངོ་བོར་བཞུགས་སོ། །དེ་ནས་ཡང་རིགས་ཀྱི་ཡབ་དང་ཡུམ་དང་། སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོར་བཅས་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །ཡེ་ཤེས་ཆེན་པོར་དབང་བསྐུར་ཅིང་། །དཀྱིལ་འཁོར་ཐུགས་རྗེ་འབྱུང་བའི་ངང་། །རང་བཞིན་ཏིང་འཛིན་གཟུགས་བརྙན་དག །སྐུ་གསུང་ཐུགས་ཀྱི་ངང་ལས་བྱུང་། །ཡོན་ཏན་འཕྲིན་ལས་དེ་བཞིན་ཏེ། །བདེ་ཆེན་མཆོག་གི་གནས་ཉིད་དོ། །ཅེས་གསུངས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དཔལ་བདེ་བ་ཆེན་པོ་ཀུན་དུ་བཟང་པོའཇིགས་བྱེད་ཀྱི་རྒྱལ་པོ་མ་ལུས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཚུལ་རྡོ་རྗེས། མ་ཆགས་ཡུམ་གྱི་དཀྱིལ་འཁོར་དང་། གཉིས་སུ་མེད་པར་བྱ་བ་དང་། གདུག་པ་ཅན་ཐམས་ཅད་གདུལ་བའི་ཕྱིར་རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཉིད་མ་གཡོས་ཤེས་བྱའི་དབྱིངས། །མ་བཅོས་རང་བཞིན་བདེ་བའི་ཡུམ།།རང་བཞིན་མ་གཡོས་དཀྱིལ་འཁོར་ནི། །བདག་ཡིན་བདག་གི་ཡིན་ན་ཡང་། །ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། །བདེར་གཤེགས་རྒྱལ་བས་སྦས་པའི་གཏེར། །སུས་ཀྱང་དཔག་པར་དཀའ་བ་དེ། །ཀུན་ཏུ་བཟང་པོ་བདག་ལ་གསལ། །ཅེས་བརྗོད་པས། མ་ཆགས་ཡུམ་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར་ཏོ། །གྱུར་པས་ཡུམ་གྱིས་འདི་སྐད་བརྗོད་དོ། །ཆོས་ཉིད་དབང་སྒྱུར་བྱེད་པའི་གཙོ། །བདེ་གཤེགས་རྒྱལ་བ་ཀུན་བཟང་ཡིད། །རང་བཞིན་ཡེ་ཤེས་དྲུག་ཡིན་ཏེ། །ཀུན་བཟང་བདེ་ཆེན་ཉིད་ཀྱི་བརྒྱན། །བདེ་ཆེན་ཐུགས་ཀྱི་རང་བཞིན་ནོ། །བདེ་བར་གཤེགས་པའི་ཐུགས་ཀྱི་མཆོག །སྐལ་མེད་རྣམས་ལ་རང་བཞིན་གསང་། །སྐུ་གསུང་ཐུགས་གནས་དབང་མཆོག་ཡིན། །ཅེས་བརྗོད་དོ། །ཐམས་ཅད་གཅིག་གི་རང་བཞིན་དུ། །དབྱེར་མེད་པར་གྱུར་པས། ཉིད་ཀྱི་ཡེ་ཤེས་ལས། ཀརྨ་ཧེ་རུ་ཀའི་ངོ་བོར་གྱུར་ནས། ཞུ་བ་པོའི་བདག་ཉིད་དུ་གྱུར་ཏོ། །དེའི་བཀའ་ཡི་ལུང་གོ་ནས་འདི་སྐད་ཅེས་གསོལ་ཏོ། །ཆོས་ཉིད་མ་བཅོས་དོན་འདི་ལ། །སྤྲོས་མེད་བརྗོད་མེད་ཡེ་གནས་ན། །སྐལ་མེད་ཐུགས་རྗེས་ཇི་ལྟར་གཟུང་། །གཉིས་མེད་སེམས་ཀྱི་རང་བཞིན་ལ། །སྐལ་མེད་འབྱུང་བ་ཇི་ལྟ་བུ། །དོན་དེ་མི་གནས་བདག་ཉིད་ལ། །གཉིས་མེད་རྒྱལ་པོས་བཤད་དུ་གསོལ། །ཅེས་བརྗོད་པས་བཀའ་བསྩལ་པ། མ་བཅོས་ཆོས་ཉིད་རང་བཞིན་ལ། །ཡེ་ཤེས་བརྗོད་མེད་ཡེ་གནས་ཀྱང་། །འཁྲུལ་པའི་བག་ཆགས་ཕྲ་མོ་ཡིས། །གཟུང་འཛིན་དངོས་པོ་གཉིས་སུ་རེད། །ཕྱིན་ཅི་ལོག་ཏུ་གོལ་བ་དེ། །གཉིས་མེད་དོན་གྱི་ངོ་བོ་ལས། །ཐབས་ཆེན་འབར་བའི་རོལ་པ་ཡིས། །བདེན་པ་གཉིས་ཀྱི་ངང་དུ་བསྒྲལ། །ཅེས་གསོལ་པས། །ཀརྨ་ཧེ་རུ་ཀས་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །མ་བཅོས་ཆོས་ཉིད་རང་བཞིན་ལས། །རོལ་པའི་སྐུ་ནི་ཇི་ལྟར་འབྱུང་། །ཡང་དག་བདེན་པས་ཇི་ལྟར་བསྒྲལ།།དངོས་སུ་བསྒྲལ་བའི་ཡོན་ཏན་ཅི། །ཞེས་གསོལ་པས། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས། ཡེ་ཤེས་མེད་པ་མ་ཡིན་པའི་དབྱིངས་ནས། ཤིན་ཏུ་དྲག་པོ་མི་བཟད་པའི་སྐུ་ཕྱུང་སྟེ། ཐེག་ཆེན་གསང་བའི་བསྟན་པ་འདི། །རྒྱ་ཆེར་གྲགས་པར་གྱུར་པ་ནི། །མྱ་ངན་འདས་ཀར་ལུང་བསྟན་ཏེ། །འབྲས་བུ་ཆུབ་པར་སྟོན་པ་ཡི། །རྡུལ་མེད་དྲི་མེད་བསྟན་པ་ཞིག །མཆོག་གི་ཞིང་ཁམས་དམ་པ་འདིར། །སྣང་བ་ཐོབ་པའི་སྐལ་ཅན་ལ། །དོན་གྱི་ངོ་བོ་བཤད་པར་བྱ། །ང་ནི་སྣང་བ་འདི་ནུབ་ནས། །ཆོས་ཀྱི་མེ་ལོང་དམ་པ་ཞིག །ང་འདས་གླིང་གི་འཇིག་རྟེན་འདིར། །འབྱུང་བ་གླེང་སློང་སྐལ་ལྡན་ལ། །བསྟན་པའི་ཆར་ཆེན་ཕབ་ནས་ནི། །ཀུན་དང་མཐུན་པར་གྲགས་གྱུར་ཅིང་། །ང་སྣང་མི་གནས་དེ་རྗེས་ལ། །ལོ་ནི་བརྒྱད་བཅུ་རྩ་གཉིས་ན། །གསང་འདུས་མྱ་ངན་འདས་པ་འདི། །བྱང་ཆུབ་སྙིང་པོ་ཅན་ཞེས་པའི། །ས་ལེ་གསེར་གླིང་བྱ་བ་དེར། །ལས་དང་ཐུགས་རྗེས་མཐུན་པ་ཡིས། །ཆོས་ཀྱི་མིག་འབྱེད་འཀྱུར་བ་གཅིག །རིགས་ལྡན་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། སྙིང་རྗེ་རོལ་པའི་ཏིང་ངེ་འཛིན་ལ་ཞུགས་ནས། ཀྱེ་མ་ཧོ་སངས་རྒྱས་མང་པོའི་ཚོགས། །སྣང་བ་ངོ་བོ་ཀུན་དུ་རབ་ཏུ་འདིར། །སྲིད་པ་ལོག་པའི་གདུག་པ་ཅན། །འཁོར་བའི་ས་བོནརྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོས་ཡི་དྭགས་ཏེ། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་རང་གི་༼རྐ་དཀའ༽ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲག་པོ་རུ་་་གདུག་དཔལ་གྱིས། །འགྲོ་རྣམས་མཐར་རློག་འཇོམས་བྱེད་པའི། །གདུལ་བར་བྱ་བའི་འོས་མཆོག་སྟེ། །སྙིང་རྗེའི་བདག་པོ་ཀུན་འདུས་པ། །སྡུག་བསྔལ་ལས་ཀྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་གཞག་པར་རིགས། །ཞེས་གསོལ་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁུངས་དང་གླེང་སླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། ཉིད་ཀྱི་ཡེ་ཤེས་ལྔ་རིགས་ཀྱི་ཁྲོ་བོར་སྤྲུལ་ནས། མི་གདུལ་བར་དགོངས་ནས་བཀའི་འགྲོ་བ་མཛད་དོ། །བཅོམ་ལྡན་འདས་ཁྲག་འཐུང་གི་སྙིང་པོས་བགྲོས་པ། ཀྱེ་མ་འོ་འདས་པའི་ཚོགས་ཆེ་དག །འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟར་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །བདག་ཉིད་ཆེན་པོ་རྟག་པ་ཡིས། ཁྲོ་བོའི་ཚུལ་དུསྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། ཁེན་ཏུ་ཁྲོ་དྲག་གདུག་པར་འགྱུར། །ཤིན་དུ་ཁྲོ་དྲག་གཏུམ་པའི་ས། །འོ་དོད་འབོད་པར་གཏུམ་པར་འགྱུར། །མི་བཟད་ཆེན་པོའི་སྡུག་བསྔལ་ཏེ། །དུག་གསུམ་མཐའ་ལས་མངོན་ཞེན་པའི། །ཇི་ལྟ་བ་ཡི་ཐབས་ཀྱིས་འདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་གཏི་མུག་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གཏུམ་པའི་སེམས་ཅན་དེ། །ཇི་ལྟར་དེ་གར་བཞག་འགྱུར་ན། །བག་ཆགས་ངན་པའི་ཆུ་རླབས་ཀྱིས། །བདུད་ཀྱི་ཚོགས་སུ་མངོན་འཕེལ་ནས། །རིག་པ་འཛིན་པའི་རྒྱུད་གཅོད་ཅིང་། །བསྟན་པའི་གསུང་རབ་འཇིག་པར་འཀྱུར། །དེ་ཚེ་ལས་ཀྱི་མུན་པ་ཡིས།འགྲོ་བ་མ་ལུས་འཁོར་བར་འཁྱམས། །དུག་ནད་རིམས་ནད་ཕྲ་མེན་མ། །གནོད་སྤྱིན་གདོན་དང་ལོག་འདྲེན་ཉིད། །སྲིད་པ་གསུམ་པོ་འཇིགས་བྱེད་ཅིང་། །དམ་ཚིག་གཉན་པོ་འདྲལ་བར་བྱེད། །ཇི་ལྟ་བ་ཡི་ཐབས་ཀྱིས་འདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གདུག་པར་འགྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །འོ་དོད་འབོད་པར་གཏུམ་པར་འགྱུར། །མི་བཟད་ཆེན་པོའི་སྡུག་བསྔལ་དེས། །དུག་གསུམ་མཐའ་ལས་མངོན་ཞེན་པའི། །ལས་ཀྱིས་གདུག་པའི་རུ་་་དེ། །རྒྱལ་བ་འདས་པའི་སྦྱོར་བ་ཡིས། །ཇི་ལྟར་ཁྲོ་དྲག་གཏུམ་པར་ལྟར། །ད་ལྟ་འདི་ཆེར་འབྱུང་བ་ཡི། །དུག་གསུམ་བརྩེགས་པའི་རི་བོ་འདི། །འབར་འཕྲོ་འཁྲུག་པའི་སྦྱོར་བ་ཡིས། །ཇི་ལྟར་འཚམ་པ་བཞིན་དུ་འོས། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། ཁྲོས་པའི་སྤྲིན་ནག་གཏིབས་པ་ཡིས། །མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། ཁྲོ་བོའི་ཚུལ་འཆར་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེགས་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཅེས་བགྲོས་སོ། །བཅོམ་ལྡན་འདས་ཕྲག་དོག་ཆེན་པོའ་ཚོགས་ཀྱིས་བགྲོས་པ། རང་བཞིན་དག་པའི་ངོ་བོ་ལསལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། །དངོས་པོ་རང་གར་ཞེན་པ་ཡི། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམས་སྦྱར་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་བགྲོས་སོ། །ཕུར་བུ་མྱ་ང་ལས་འདས་པའི་རྒྱུད་ཆེན་པོ་ལས། ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱིས། བཀའ་མོལ་མཛད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས་འཁོར་མང་པོ་འདུས་པའི་ནང་ནས། ཤིན་ཏུ་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། རིགས་ཀྱི་ཁྲོ་བོ་ཚོགས་དང་བཅས་པ་ལ་འདི་སྐད་ཅེས་བརྗོད་དོ། ཁྲག་འཐུང་ཆེན་པོ་བཛྲ་ཀི་ལ་ཡས། །དཀའ་ཐུབ་ཅན་གྱིས་སེམས་ཅན་ཆེན་པོ་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་སྨིན་པ་ཇི་ལྟར་སྨིན། །རིགས་དང་སྡེ་ནི་གང་དུ་གཏོགས། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། །མ་བ་་བ་ཡི་སྐྱོན་ནི་ཅི། །བ་་ན་ཡོན་ཏན་ཇི་ལྟར་ཐོབ། །ཅེས་བརྗོད་པས། བཀའ་བསྩལ་པ། ལོག་པའི་སེམས་ཅན་ཆེན་པོ་དེ། །ལེགས་པའི་རྒྱུ་རྐྱེན་ལས་མ་བྱུང་། །ཉེས་པའི་རྒྱུ་རྐྱེན་ལས་བྱུང་སྟེ། །རྒྱུ་ནི་གཟུང་འཛིན་རྟོག་ལས་བྱུང་། །རྐྱེན་ཡང་ལོག་པར་སྤྱོད་པ་ལས། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཅན་ཏེ། །སྡེ་ནི་གདོལ་གྱི་རིགས་སུ་གཏོགས། །ལས་སྐལ་ཆགས་སྡང་སྤྱོད་ལ་ཞེན། །མ་བཏུལ་བ་ཡི་སྐྱོན་བསྟན་ན། །ལྷ་དང་མི་ཡི་སྲིད་རླག་འགྱུར། ཁ་ལོ་ལོག་པར་བསྒྱུར་ནས་སུ། །སངས་རྒྱས་ཞིང་ཁམས་རབ་སྟོངས་ཏེ། །འཁོར་བ་གཏེར་ཆེན་དེ་ལུས་ལ། །སངས་རྒྱས་གཉན་རིས་སུ་ལུས་ནས། །དོན་ལས་མི་ཕན་སྐྱོན་ཡོད་དོ། །བཏུལ་ན་ཡོན་ཏན་དཔག་ཏུ་མེད། །དུག་གསུམ་རྩད་གཅོད་འཁོར་དོང་སྤྲུགས། །འཁོར་བའི་ཆོས་ཉིད་ཆེན་པོར་འགྱུར། །སངས་རྒྱས་ཞིང་ཁམས་དག་པས་ན། །བརྟུལ་བས་ཡོན་ཏན་ཆེན་པོ་ཐོབ། །ཅེས་བརྗོད་པས་ཀརྨ་ཧེ་རུ་ཀས་ཤིན་ཏུ་བསྐུལ་ཏེ། ཨེ་མ་ཧོ་བཛྲ་ཀི་ལ་ཡི། །དུས་ལ་བབ་པའི་བསྐུལ་ཆེན་འདི། །ལས་ལ་བབ་པའི་ཐུགས་རྗེ་ཡིས། །རྣམ་པར་སྨིན་པའི་འབྱུང་པོ་འདི། །བསྒྲལ་བ་འབའ་ཞིག་ཐུགས་རྗེའི་མཆོག །ཅེས་ཉེ་བར་བསྐུལ་བས། སྤྲུལ་པའི་ཆོ་འཕྲུལ་མཛད་དེ། ཡེ་ཤེས་ཀྱི་སྤྲིན་དམར་ནག་ནི། དབྱར་གྱི་ཆར་སྤྱིན་བཞིན་དུ་ནི་གཏིབས་ནས། འབར་བའི་ཕྱག་རྒྱ་སྣ་ཚོགས་སུ་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདེན་པའི་གཞུང་གིས་གདུལ་བར་གཟས་ན། རུ་ཏྲ་ནག་པོས་སེ་གོལ་ལན་ཅིག་བརྡབས་སྟེ། བདག་མི་འདུལ་བར་འདུལ་བ་ངོ་མཚར་སྐྱེས་ཏེ། གོའུ་ཏ་མ་ཁྱོད་ཀྱིས་བདག་འཐུལ་མ་ལགས་ཏེ། ཁྱོད་རང་གི་གནས་སུ་དཀའ་ཐུབ་བདེན་པ་ནོས་ཤིག་ཟེར། མ་ཉན་ཏོ། །དེ་ནས་ཁྲོ་བོ་ཆེན་པོ་རྣམས་ཀྱིས། རྡོ་རྗེ་རྟའི་ཚོགས་སུ་སྤྲུལ་ནས། ཁྲོ་བོ་རྟའི་ཚོགས་ཀྱིས་ཐུལ་བར་བཀའ་བསྒོ་བ་ལས། དཔལ་རྟ་མགྲིན་གྱི་གསུང་ཚངས་པའི་དབྱངས་ལྟ་བུས། སྲིན་པོའི་མ་སྲིང་རྣམས་དབང་དུ་བསྡུས་འཁོར་བ་སྨིན་པའི་དུང་ཕོར་དུ། ཉོན་མོངས་པ་སྨིན་པའི་ཆང་གིས་བཀང་སྟེ། ལོངས་སྤྱོད་ཅིང་གནས་པ་ལས། འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་ཀི་ལ་ཡས། སྲིན་པོའི་གཟུཊ་སུ་སྤྲུལ་ནས། ཨེ་མའོ་བདག་གི་ཡིཏོ་གཡིབོ་ནི་བྱོན་ཏོ་ཞེས་ཟེར་ཏེ། བམ་ཆེན་པོའི་ཁྲི་ལ་བབས་ཏེ། རྗེ་ལ་དུང་ཕོར་གྱི་མཚོ་ཞལ་དུ་བསྟབས་པས། ཀི་ལ་ཡས་རོལ་ཏོ། །གཞན་ཡང་རིམ་པར་བསྟབ་ཅིང་རོལ་ཏོ། །དེ་ནས་ཡོང་ཞིག་ཡིད་མ་ཆེས་ནས་བརྟགས་ན། རང་གི་གཙོ་བོ་བས་བཞིན་བཟང་ཞིང་མདངས་འབར་བ་ཞིག་ཏུ་མཐོང་སྟེ། ཨེ་མ་ཧོ། བདག་གི་གཙོ་བོ་གང་ལགས་པ་དེ་བས། གཟི་བརྗིད་ཆེ་བར་གྱུར་ཞེས་པ་ལས། ཀི་ལ་ཡས་སྲིན་སྐད་ཐང་གསུམ་གསུངས་པ་ལས། ཡིད་ཆེས་པར་གྱུར་ཏེ། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པས། སྲིན་མོའི་རང་བཞིན་འདོད་པའི་རྒྱ་མཚོ་ལས་མ་ཐར་རོ། །དེ་ནས་དཔལ་རྟ་མགྲིན་གིས། སྲིན་པོ་བྱུང་བའི་མཚན་མ་དག་གཟིགས་ཏེ། རྡོ་རྗེ་བྱ་སྦྲོན་ཆེན་པོ་མཛད་པར་དགོངས་ནས། འདུར་ཆེན་རྟའི་འགྲོས། རྡོ་རྗེ་བྱ་སྒྲོན་པའི་སྟབས་ཀྱིས་གཤེགས་ནས། དགྱེས་པའི་ཚུལ་དུ་དགོངས་པ་སྟེ། ཁྲོ་བོ་རྡོ་རྗེ་མདུར་གླུ་བླངས་ནས་སྦྲོན་ཏོ། །དེའི་དུས་ན་དཔལ་ཀི་ལ་ཡས། ལྷག་པའི་བྱང་ཆུབ་སེམས་ཀྱི་འདུ་འཕྲོས། ཡི་གེ་ཨོ་གྱི་ཚོགས་སུ་སྤྲུལ་ནས། སྲིན་མོའི་ལྷུམས་སུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ཅིང་གསལ་བར་གྱུར་ཏེ། སྲས་རྡོ་རྗེ་སྲིན་པོ་འཇིགས་བྱེད་འབར་བའི་ཆ་ལུགས་ཅན་ཞིག་ཏུ་བྱིན་གྱིས་བརླབས་ཏེ། སྲིན་མོའི་ལྷུམས་སུ་བཞག་གོ །དེ་ནས་དཔལ་ཀི་ལ་ཡ་ཉིད་ཀྱིས། ཡེ་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གཤེགས་ཏེ། དབྱིངས་ཀྱི་ངང་དུ་མི་དམིགས་པར་གྱུར་ཏོ། །དེ་ནས་སྲིན་པོས་རང་གི་གནས་སུ་ཕྱིན་པ་དང་། རང་གི་གནས་ཀྱི་ལོངས་སྦྱོད་ཀྱང་མི་སྣང་། འཁོར་རྣམས་ཀྱང་ཕལ་ཆེར་བྱེར། སྔོན་མ་མཐོང་བ་ཕག་དང་སྟག་གི་མགོ་ཅན་ལ་སོགས་པས་བསྐོར་སྟེ།ཤིན་ཏུ་ཡིད་མི་དགའ་ཞིང་རྟོག་པ་ཆེན་པོ་སྐྱེས་ནས། ཨེ་མ་ཧོ་བདག་གི་གནས་འདི་ལྟ་བུ་ཅི་ཞེས་པ་ལས། སྲིན་མོས་མདུན་བསུ་ནས། ཨེ་མ་ཧོ། སྒེག་པོ་དཔའ་བོ་དེ་ལྟ་བུའི་ཚིག་འཁོར་གྱི་ནང་དུ་གསུང་ངམ་ཁྱོད་ཀྱི་དགོངས་པ་ནི་བདག་གིས་དེང་ཕན་ཆད་དུ་བསྒྲུབས་ཏེ། བདག་གི་ལྷུམས་ནས་མི་བདེ་བ་ནི་དཔའ་བོ་ཁྱོད་ཀྱི་གདུང་འཚོབ་ཅིག་ལགས་ན། ཅི་ཞིག་འཕྲུལ་ཞེས་སྨྲས་པས། སྲིན་པོའི་རང་བཞིན་གྱིས། སྲིན་མོའི་གཟུགས་མཐོང་བས་ཀྱང་། མདངས་དང་བཀྲག་ཏུ་ལྡན་པས། ཆགས་པ་སྐྱེས་ཏེ། བདག་གི་རིགས་འཛིན་པ་ཞིག་ཀྱང་ངེས་པར་འཕྱུང་ངམ་སྙམ་ནས། དགའ་བའི་འདོད་པའི་སྦྱོར་བ་ལ་བཞུགས་སོ། །དེ་ནས་འདོད་པ་ཞི་བའི་སྐབས་སུ། ཀི་ལ་ཡས་སྲིན་མོ་ལས། སྲིན་པོ་རུ་ཏྲ་སྐྱེས་པའི་ཚུལ་དུ་སྤྲུལ་ནས། རུ་ཏྲས་སྐད་ཐང་གསུམ་ཕྱུང་བས། དཔལ་རྔམ་པའི་སྐད་དུ་གྱུར་ནས། སྲིན་པོ་དང་སྲིན་མོ་བརྒྱལ་བར་གྱུར་ཏོ། །བརྒྱལ་སངས་ནས་ལྟས་ན། འཇིགས་བྱེད་བཛྲ་ཀི་ལ་ཡ་ལ། དབུ་དགུ་ཕྱག་བཅོ་བརྒྱད་པ་ལ། རྡོ་རྗེའི་གཤོག་པས་ནམ་མཁའ་ཁེབས་པ་ཞིག་ཏུ་གྱུར་ཏེ། ཡབ་ལྷའི་སྤྲུལ་པ་དེ་ལ། ཡུམ་གྱི་སྤྲུལ་པ་བརྟེན་པའི་ཚུལ་དུ། སྲིན་མོ་ཀྲོ་ཏི་་།་རིར་གྱུར་པས། མཚན་ཡང་རྡོ་རྗེ་སྲིན་པོ་ཞེས་བྱ་བར་གསོལ་ཏོ། །དེ་ནས་སྲིན་པོས་ཀྱང་རང་གི་སེམས་བརྟས་ནས། ང་རྒྱལ་གྱི་དཀའ་ཐུབ་སྐྱེས་ནས། སྲིན་པོས་བསྐུལ་བ་བྱས་ཏེ། རུ་ལུ་རུ་ལུ་ཞེས་པས།མགོ་གསུམ་ལ་ལག་པ་དྲུག་པ། རྐང་བ་བཞི་པ་ཞིག་ཏུ་གྱུར་ཏོ། །བཛྲ་ཀི་ལ་ཡ་དབུ་དགུ་ཕྱག་བཅོ་བརྒྱད་པ་དེ་ལས། ཁྲོ་བོ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་པ། དེ་ལ་སོགས་པ་ཚ་ཚ་དང་སྐར་མདའ་བཞིན་དུ་འཕྲོས་པས། ངག་གི་སྤྲུལ་པ་འཕྲོགས་ཏེ། བསྒྲལ་བའི་སྙིང་པོ་ཨོ་དང་ཧུ༷་གི་བར་དུ་རུ་ལུ་རུ་ལུ་བཅུག་ནས། དཔལ་ཆེན་པོ་དེ་དག་གིས་བཟླས་པས། ངག་གི་དབང་པོ་ཉམས་སོ། །དེ་ནས་ཡང་དག་གི་སྤྲུལ་བ་བྱས་ཏེ། སྲིན་སྐད་བརྗོད་པས། མགོ་དགུ་ལ་ལག་བཅོ་བརྒྱད་པ་ཞིག་ཏུ་གྱུར་ཏོ། །དེ་བཞིན་དུ་ངག་གི་སྤྲུལ་པ་འཕྲོགས་སོ། །ཡང་སྲིན་པོས་ངག་གི་སྙིང་པོ་བསྐུལ་ཏེ། རུ་ལུ་རུ་ལུ་ཞེས་བརྗོད་པས། མགོ་ལྔ་ཡན་ལག་བཅུ་དྲུག་པར་གྱུར་སྟེ། དེ་བཞིན་ངག་གི་ཉེས་པ་འཕྲོགས་སོ། །ཡང་སྲིན་པོ་ང་རྒྱལ་གྱི་ཆེ་བ་སྐྱེས་ནས། ངག་གི་སྙིང་པོས་བསྐུལ་བས། སྲིན་སྐད་བརྗོད་ནས། མགོ་ཉི་ཤུ་རྩ་གཅིག་ལ་། ལག་པ་བཞི་བཅུ་རྩ་གཉིས་པ་ཞིག་ཏུ་གྱུར་ཏེ། དེ་བཞིན་དུ་ཡང་སྤྲུལ་བ་འཕྲོགས་སོ། །དེ་ནས་ཡང་ང་རྒྱལ་གྱི་སྒྱུལ་བ་སྐྱེས་ནས། སྲིན་སྐད་བརྗོད་པས། ལུས་ཆེ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར་ཏེ། རྐང་པ་་མི་ཡུལ་དུ་ཟུག་པ།མགོ་བོ་སྲིད་པའི་རྩེ་མོ་ལ་རེག་པ། ནད་ཀྱི་རྐྱལ་བ་ཁ་ནས་གཏོང་བ་ཞིག་ཏུ་གྱུར་ཏེ། དེ་ནས་ཀི་ལ་ཡས་དེ་བཞིན་དུ་ངག་གི་སྤྲུལ་བ་འཕྲོགས་ཏེ། ནམ་མཁའ་དང་མཉམ་པའི་སྐུ་ཕྱག་རྒྱ་ཅི་ཡང་མ་ངེས་པའི་གཟུགས་སུ་སྤྲུལ་ཏེ། ངག་གི་དབང་པོ་འཕྲོགས་པས། སྐྱེས་བུ་གང་ཟག་ལྕེ་བཅད་པ་བཞིན་དུ། དབང་པོ་ཉམས་པས། ལན་གློན་ཞིང་སྤོགས་པའི་ཐབས་མེད་ནས། འབྲོས་པར་གཟས་ནས། བཛྲ་ཀི་ལ་ཡས། ས་མ་ཡ་ཧོ་ཞེས་བརྗོད་པས། སྲིན་པོ་དེ་ལ་དམ་ཚིག་བསྐུལ་བས། སྔོན་གྱི་དུས་ན་བཀའ་ནོས་ཤིང་། ཐ་ཚིག་གཉན་པོ་སྲུང་བར་དམ་ནོས་པ་རྗེས་སུ་དྲན་ནས། རང་གི་སྲོག་གི་དབང་པོས་མ་བཟོད་དེ། མདུན་གྱི་ཕྱོགས་ཀྱིས་ཅེར་གྱིས་ལྟས་པ་ལ། བཛྲ་ཀི་ལ་ཡས། ཁ་༩་ཏང་ཁ་ཊ༷ཀ༽རྩེ་གསུམ་གྱི་ཕྱག་རྒྱ་བསྟན་པས། གངས་རི་རུང་ཆད་པ་བཞིན་དུ་འགྱེལ་ཏོ། །དེ་ནས་རྡོ་རྗེ་དབང་གི་ཕྱག་རྒྱས་སྐེད་པ་ནས་བཟུང་ནས། ཞལ་དུ་མིད་པས་རུ་ཏྲ་དེ་༼མངོན་སྔོན༽ཀྱི་དུས་ན། གསང་བའི་བཀའ་སྤྱད་ནོར་བའི་ལས་ཀྱི་དབང་གིས་ཉོན་མོངས་པའི་ཐག་པས་བཅིངས་ཏེ། ང་རྒྱལ་གྱི་དེ་བུ་ཆེན་པོས་མ་ཚོགས་པའི་རྒྱུས་བསྐྱེད་པའི་བག་ཆགས་ས་གཞི་ལྟ་བུ་༄༅ རོལ་པ་ཞེས་བྱ་བའི་ཞིང་ཁམས་སུ། རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་རྒྱལ་པོར་ལུང་བསྟན་ནས། སྲིན་པོའི་འཁོར་ཉེ་གནས་མོ་རྣམས་ནི། ༼སླས་སླད༽དང་བྱི་མོར་བཟུང་ཞིང་བྱིན་གྱིས་བརླབས་སོ། །བྲན་ཕོ་དང་བྲན་མོ་རྣམས་ནི་བཀའ་ལ་བཏགས་ཏེ། དཀྱིལ་འཁོར་གྱི་མཐའ་ལ་བཞག་གོ །འཁོར་གྱི་གཙོ་བོ་ཉོན་མོངས་པ་ལྔའི་བདག་པོ། ལྷ་ཆེན་མ་ཧྭ་དེ་བ་ལ་སོགས་པ་རྣམས་ནི། ཕོ་མོ་བྱི་ཆིངས་སུ་བསྣོལ་ནས་གདན་དུ་བཏིང་ངོ་། །ལུས་ཀྱི་གདན་བྱས་པས། ཉོན་མོངས་པའི་སྒྲིབ་པ་བྱང་ཞིང་། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ། རྣ་བས་ཆོས་ཐོས་པས་ཤེས་པའི་རྒྱུད་གྲོལ་ཏེ། ཤེས་བྱའི་སྒྲིབ་པ་བྱང་ཞིང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་ཁྱེད་བྱ་༽པས། བྱང་ཆུབ་སེམས་དཔའི་ས་ལ་བཞག་གོ །སྲིན་པོའི་འཁོར་གདུག་པ་ཅན་རྣམས་ནི། སྟག་དང་གཟིགས་ལ་སོགས་པ་རྣམས། གདན་ཁྲིར་བྱིན་གྱིས་བརླབས་ནས་བཞག་གོ །སྲིན་པོའི་འཁོར་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་ནི། སྲིན་པོ་ཆེན་པོ་ཇི་ལྟར་དགའ་བ་དེ་ལྟར་སྤྱོད་པ་མཛད་དོ། །ཀེང་རུས་ཀྱིས་རི་རབ་ཀྱི་རྩེ་མོ་ལ། ཐོད་རུས་བརྩེགས་པའི་གཞལ་ཡས་ཁང་གི་རྒྱན་དུ་ཤ་ཆེན་གྱི་གཞི་མེ་དང་། ལང་ལིང་དང་། ཁྲག་གི་རྒྱ་མཚོ་དང་ཐོད་པ་སྐམ་རློན་གྱི་ཕྲེང་ཆུན། ཞིང་ཆེ་ཆུང་གི་ཁོག་རངས་ཅན་དང་། བསྟོ་དམར་གྱིས་བཀང་བ། བ་སུ་ཏའི་རྒྱུ་ཕྲེང་། ཐལ་ཆེན་གྱི་ཐིག་ལེ། ཞག་གི་ཚོམ་བུ། ཁྲག་གི་ཟོ་རིས། ཞིང་དང་དུར་ཁྲོད་ཀྱི་རྒྱན་ལ་སོགས་པས་སྐུ་དང་། གཞལ་ཡས་ཁང་ཀུན་བརྒྱན་ནོ། །འཁོར་གྱིས་ཀྱང་སྲིན་པོའི་འཁོར་དང་མཐུན་པར་སྤྲུལ་ཏེ། ཁྲོ་བོ་ཁྲོ་མོ་ཕོ་ཉ་མགོ་བརྙན་རྣམས། རྡོ་རྗེ་མཆེ་གཤོག་ཅན་ལ་སོགས་པ། གདུག་པ་ཅན་མང་པོས་བསྐོར་བར་མཛད་དོ། །དེ་ལྟར་དེ་དག་གི་ཡོན་ཏན་བསྟན་པ་དེ་འཇིག་རྟེན་དུ་གྲགས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁྲོ་བོར་རང་བཞིན་གྱི་ངོ་བོས་བདུད་བཏུལ་ཞིང་། རྣམ་པར་ཤེས་པ་མྱ་ངན་ལས་འདས་ཟླ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། ཕྱི་རབས་ཀྱི་རྣལ་འབྱོར་པས་དོན་ཡོད་པར་བྱ་བའི་ཕྱིར། བཛྲ་ཀི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་བའི་རྒྱུ་ཐུགས་རྗེ་༼བྱང་དཔྱང་༄པོག་ཆད་པའི་སེམས་ཅན་ངན་པའི་ངང་ཚུལ་ཅན་དེ་དག་ལ། དེ་ལྟ་བུའི་རྫུ་འཕྲུལ་དང་ཆོ་འཕྲུལ་བསྟན་པ་ནི་ངོ་མཚར་ཆེའོ ཡང་ངོ་མཚར་ཏོ། །ཞེས་ངོམས་ནས།ཚིགས་སུ་བཅད་ནས་ཞུས་པ། དེ་ཡི་རྗེས་སུ་སྒྲུབ་པ་ཡི། །རྣལ་འབྱོར་གནས་ནི་གང་དང་གང་། །དམིགས་དང་རྣལ་འབྱོར་དགོངས་པ་ཅི། ཁུ་དང་སྒོམ་ཐབས་བྱིན་རླབས་ཅི། །བརྡེག་དུས་དམ་ཚིག་ལྟ་དམིགས་ཅི། །ཡོ་བྱད་རྟགས་དང་དགོས་ཆེད་ཅི། །དབང་དང་དཀྱིལ་འཁོར་འཕྲིན་ལས་ཅི། །བསྒྲུབ་ནི་དོན་དམ་ཀུན་རྫོབ་ཅི། །ཀི་ལ་ཡ་ཡིས་བཤད་དུ་གསོལ། །ཀི་ལ་ཡ་ཡིས་བཀའ་བསྩལ་པ། །གཉིས་མེད་གསང་བའི་ངང་རིམ་པར་མཁས་པས་དགོད། །དེ་དག་གནས་ཀྱི་ཡོན་ཏན་ནོ། །ཉུང་བར་བསྒྲུབ་དང་ཤུགས་འབྱིན་དང་། །ངན་པའི་དོན་གྱིས་ངན་པ་སྒྲུབ། །དོན་ལ་འཐེབ་མེད་ངེས་པར་ནི། །ངན་པའི་གནས་རྣམས་གོང་མ་དེར། །ངེས་པར་འགྲུབ་པར་ཡང་དག་བཤད། །བཀྲ་ཤིས་ཞི་བའི་གནས་དག་ཏུ། །ཡུན་རིང་བསྒྲུབས་ན་ཕུང་འཚོང་མེད། །དོན་གྱི་མན་ངག་མདོར་བསྟན་པས། །རྟོགས་པའི་ཚད་དང་ཏིང་ངེ་འཛིན། །སྦྱར་དེ་བསྒྲུབས་ན་ཆུད་མི་ཟ། །མྱུར་བར་ཐོགས་པ་མེད་པ་ནི། །གོང་དུ་བསྟན་པའི་གནས་སུ་གསུངས། །དེ་ནི་རྟག་པའི་ཏིང་པའཛིན་གནས། །ཅེས་གསུངས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་བའི་སྒྲུབ་པའི་དོན་ཞུས་པ་དང་། སྒྲུབ་པའི་གནས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དམིགས་བསྟན་པ་ནི། འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀུན་ལ་ཁྱབ་པར་ལུང་ལས་མེད། །སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་གྱུར་པ་དང་། །འདོད་པར་གྱུར་པའི་ཉམས་དང་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། །དེ་ཡི་སོ་སོའི་མཚན་ཉིད་ནི། །ཕ་མ་མཁན་པོ་སློབ་དཔོན་གསོད། །རྡོ་རྗེ་ནང་ཡི་དམེ༽བྱེད་པ་དག །ནམ་ཡང་དམྱལ་བར་ལྟུང་གནས་པས། །བསྒྲལ་བའི་དམིགས་ཀྱི་དམ་པ་ཡིན། །སྲོག་ལ་ཉམས་པའི་མཚན་ཉིད་དོ། །སློབ་དཔོན་བཀའ་བསླུ་མངོན་ཕྱར་སེམས།ཙྭ་སྔགས་འཆང་འཇོམས། །དུག་ཏུ་ཤེས་ཀྱང་ལྟོ་རུ་ཟ། །གཉན་ཞིང་བཙུན་ཡང་ཐབས་ཀྱིས་སྨོད། །ཐོབ་ཏུ་འདོད་ན་གསང་སྔགས་༼སྐུ་རྐུ༽། །བཟའ་རུ་ཡོད་ན་རྣལ་འབྱོར་གྱི། །ཟས་དང་སྒྲུབ་པའི་ལོངས་སྤྱོད་རྐུ། །དེ་དག་བསྒྲལ་བའི་དམིགས་ཡིན་ཏེ། །འདོད་པས་ཉམས་པའི་མཚན་ཉིད་དོ། །བསྒྲལ་ན་ཡོན་ཏན་འདི་རྣམས་སོ། །དེ་དག་བསྒྲལ་ན་རྣལ་འབྱོར་བཙུན། །བདུད་རྣམས་བཏུལ་བས་བསྟན་པ་གཉན། །མེད་པར་བསྒྲལ་ན་བར་ཆད་ཉུང་། །དེ་ནི་སྒྲལ་བའི་ཡོན་ཏན་ཡིན། །མ་སྒྲལ་སྐྱོན་སྐྱོན་རྣམས་བསྟན་པས། །དམྱལ་ཁམས་མཐོ་ཞིང་མཐོ་རིས་འགྲིབ། །གཞུད་སྦྱོད་རྣལ་འབྱོར་སྤྱིད་ལུག་ནས། །གསང་སྔགས་ཐེག་པའི་ཆོས་སྒོ་བཀག །ཅེས་བརྗོད་པས། སྒྲལ་བའི་དོན་ལ་ཤིན་ཏུ་དགེས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། སྒྲལ་བའི་དམིགས་ཀྱི་མཆོག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཕྱི་རབས་ཀྱི་རྣལ་འབྱོར་པས། དོན་དང་རྟོགས་པས་སྒྲུབ་དགོས་པའི་ཕྱིར། དོན་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །ཡང་དག་དོན་གྱི་རྣལ་འབྱོར་ནི། །གཉིས་མེད་ལྟ་བ་གདེང་དུ་འགྱུར། །སྤྱོད་པ་རླབས་ཆེན་ཐབས་སུ་སྤྱོད། །འཕྲིན་ལས་ཐོགས་མེད་སྙིང་རྗེར་སྤྱོད། དམ་ཚིག་ཉོན་མོངས་དུག་ལྔ་སྒྲལ། །སྒྲུབ་པ་གཉིས་མེད་རྒྱལ་པོ་སྒྲུབ། །ཤེས་རབ་རྣམ་གསུམ་དམིགས་སུ་འཛིན། །ཕྱི་ནང་བཀའ་བརྒྱུད་དོན་ལ་གསལ། །ཐེག་པ་རིམ་དགུ་སྒྲུབ་པའི་ལམ། །ཕྱོགས་མེད་ལྟ་བ་གདེང་དུ་འཇོག །ཡེངས་པ་མེད་པའི་བསྒོམ་པ་ལ། །དམ་ཚིག་འཇིགས་པའི་མཁར་བཞིན་ནོ། །དོན་གྱི་མན་ངག་སྒྲུབ་ལ་བསྟོད། །ཕྱོགས་མེད་ཚུལ་ཅན་མཁས་པ་བསྟེན། །རྫས་དང་ལག་ཆ་རྟགས་སུ་འཆང་། །ངང་ཚུལ་བཟང་ལ་དོན་གཞུང་སྤྱོད། །སྟན་འགན་ལྡེམ་པོ་ངག་ཏུ་སྟོན། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །སྒྱུ་མ་འདྲ་བའི་ཚུལ་དུ་བསྒོམ། །སེམས་ནི་ཆོས་ཉིད་ངང་ལ་གནས། །ལས་སུ་བྱ་བའི་དོན་ལ་མཁས། །འཛབ་དང་ཕྱག་རྒྱའི་ངང་ལ་གནས། །ངེས་པར་བསྒྲུབས་པས་གདོན་མི་ཟ། །སྣོད་ཀྱི་འཇིག་རྟེན་གཏོར་གཤོང་དུ། །རྫས་ཀྱི་དངོས་པོ་གཏོར་མར་སྦྱར། །རིས་དྲུག་སེམས་ཅན་དཀྱིལ་འཁོར་འགྲོན། །ཅི་བགྱིས་བཀའ་ཉན་སྤྲུལ་པ་འགྱེད། །དགར་ཞིང་དགུག་པའི་དམིགས་པ་ལ། །དྲག་ཤུལ་ཐབས་ཀྱི་ཕོ་ཉ་ནི། །རྫུ་འཕྲུལ་ཤུགས་ཀྱི་ལས་ཀྱིས་འགྱེད། །ལོག་རྟོག་མཚན་མ་ཐབས་ཀྱིས་འདུལ། །རྒྱུད་ལ་བློ་ཞེན་སྒྲུབ་ལ་བརྩོན། །ཡི་དམ་ལྷ་དང་གཉིས་མེད་ན། །དེ་ལ་བར་ཆད་འབྱུང་མི་སྲིད། །ལས་སུ་བྱ་བ་ཆུད་མི་ཟ། །འཕྲིན་ལས་བྱེ་བྲག་རྣམ་པར་བྱེད། །མཚན་མའི་རྣམ་རྟོག་ཡིད་ཀྱིས་སྤངས། །གཙང་སྨེ་མེད་པར་དོན་དུ་སྤྱོད། །བླང་དོར་མེད་པར་དོན་བསྒྲུབས་ན། །གང་ལ་བྱ་བ་འགྲུབ་ཅེས་བཤད། །དེ་ལྷ་བུ་ཡི་དོན་ལྡན་ཞིང་། །ཚེས་བརྒྱད་ཉི་ཤུ་མར་ངོ་ལ། །དྲག་པོའི་དུས་ཚོད་གྲངས་སུ་ཤེས། །དྲག་པོའི་ལས་ལ་རབ་བརྩོན་པར། །ལས་སུ་བྱ་བའི་ལས་རྣམས་ནི། །མ་མོ་མཁའ་འགྲོ་བཀའ་ཉན་ཚོགས། །དེ་ཡིས་བཅོལ་ན་ཅི་ཡང་འགྲུབ། །བྲན་དང་བུ་བཞིན་བྱས་པ་ཉན། །དེ་ཡིས་མངགས་ན་ཅི་ཡང་འགྲུབ། །དེ་ལྟར་བྱས་ན་གཞུང་བཞིན་འགྲུབ། །འཇིག་རྟེན་འདིར་ཡང་ཚེ་དང་ནི། །ལོངས་སྤྱོད་ཀུན་རྫོགས་དངོས་གྲུབ་སྟེ། །ཡིད་ལ་བསམ་པ་བཞིན་དུ་འགྲུབ། །ཅི་འདོད་རང་ལས་འབྱུང་བར་འགྱུར། །གཞན་ཡང་ཕན་གནོད་གཉིས་འགྲུབ་སྟེ། །ཕན་པའི་དོན་ནི་འཇིག་རྟེན་འདིར། །སད་སེར་བཅད་དང་ཆར་ཆུ་འབེབས། །མི་ཕྱུགས་ནད་ཀྱི་རྒྱུན་ཡང་གཅོད། །གནོད་པ་བསྒྲུབས་ན་འཇིག་རྟེན་འདིར། །སད་སེར་ཆར་ཆུ་ཐོག་གཏང་དང་། །མི་དང་ཕྱུགས་ལ་ནད་གཏང་བ། །དེ་ཡི་གཏན་ཚིགས་སུས་ཤེས་པ། །རྣལ་འབྱོར་དེ་ནི་དོན་དང་ལྡན། །ཅེས་བརྗོད་པས། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཡང་དག་པའི་དོན་ལ་འབྱོར་བའི་རྣལ་འབྱོར་གྱི་ལྟ་བ་ངེས་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཉིད་ཀྱི་ཡེ་ཤེས་སེམས་ཀྱི་ཕུར་བུ་བསྟན་པའི་ཕྱིར། ཆོ་འཕྲུལ་རང་རྟགས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དྲག་པོ་མྱ་ངན་ལས་འདས་པའི་ཕུར་པའི་རྒྱུད་འདི་དག་བཀའ་བསྩལ་ཏོ། །བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །ཕུར་པ་ཀུན་གྱི་རྒྱུ་རུ་གྲགས། །དོན་གྱི་ཕུར་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །འཁོར་བ་ངན་སོང་མྱ་ངན་ཟློས། །སྡུག་བསྔལ་བྱང་ཆུབ་མྱ་ངན་ཟློས། །སེམས་ཅན་སངས་རྒྱས་མྱ་ངན་ཟློས། །ཡུལ་ནི་དབྱིངས་སུ་མྱ་ངན་ཟློས། །མཁའ་ཡི་གཏུན་ཁུང་དཀྱིལ་འཁོར་དུ། །རིགས་དྲུག་སེམས་ཅན་མྱ་ངན་ཟློས། །བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །སྣང་སྲིད་ཕུར་བུའི་རྒྱུ་རུ་བྱུང་། །འབྱུང་བའི་རྒྱུ་ཡང་སེམས་ཡིན་ཏེ། །སེམས་ལས་མ་བྱུང་ཆོས་མེད་དོ། །མ་རྟོགས་དོན་ནི་འདི་རྣམས་སོ། །ལྕགས་ཟངས་ཤིང་བུ་མཆོག་དང་རྐང་། །གསེར་དངུལ་རྭ་འཕང་བྱ་ལ་སོགས། །ཚེར་མ་ཅན་གྱི་ཤིང་དག་ལ། །ཞི་རྒྱས་དབང་དྲག་ཕུར་པ་བྱ། །དེ་ཡི་མཚན་ཉིད་གང་ཡིན་ན། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་ལས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཉིད་ཕུར་པའི་རྒྱུའོ། །དེ་དག་སོ་སོའི་ངོ་བོ་ནི། །གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་རྩེ་བཞིའོ། །ཕལ་པའི་ལྕགས་དང་ལྔ་པ་ལ། །གཞན་ཡང་ཤི་ཤིང་རྭ་མཆོག་རྐང་། །གདུག་པ་ཅན་དང་བཀྲ་མི་ཤིས། ཁྱོ་དགུ་ཤི་བའི་ཡུགས་མོ་འཕང་། །དེ་ལ་དྲག་པོའི་ཕུར་པ་བྱའོ། །སྐྱེར་བ་བྱར་པ་ཕྲི་ཤིང་དང་། །སྒྲིབ་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་པ་བྱའོ། །འཁར་བ་འཇོན་མར་སེང་ལྡེང་དང་། །མཛོ་མོ་གླང་ཀར་ཚེར་ཅན་ལ། །དེ་ལ་དབང་གི་ཕུར་པ་བྱའོ། །ཙན་དན་དཀར་པོ་ཤུག་པ་འཛག །གླང་མ་སྟར་བུའི་ཤིང་རྣམས་ལ། །དེ་ལ་ཞི་བའི་ཕུར་པ་བྱ། །དབུ་ལ་རྒྱ་མདུད་གཞལ་ཡས་ཁང་། །པདྨ་འདབ་མ་བཞི་དང་ལྡན། །ལོགས་ལ་སེམས་པ་བཞི་བཞི་གནས། །རིགས་བཞི་རེ་རེའང་བཞི་བཞིའོ། །དབུས་ཀྱི་ལྟེ་བ་ཁྲོ་རྒྱལ་གནས།ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད། །སྟག་གཡག་ལ་སོགས་འཁོར་རྣམས་དགོད། །རྒྱ་མདུད་འོག་མའི་གཞལ་ཡས་ལ། །ཧུ༷་ཀ་ར་དང་སྟོབས་པོ་ཆེ། །ཡབ་ཡུམ་སྤྲུལ་པ་ལྕམ་དྲལ་དང་། །ཀེའུ་རི་ཁྲོ་མོ་བརྒྱད་རྣམས་དང་། །དམ་ཅན་བསེ་ཡི་བུ་མོ་དགོད། །དྲག་པོ་གནས་ཀྱི་ཟུར་སྟེང་དུ། །སེང་ཧ་བརྒྱད་དང་ལྕགས་ཀྱུ་དགོད། །ཟུར་གསུམ་ལོགས་ལ་སྒོ་མ་གསུམ། །དབུ་དང་རྩེ་ལ་ཡབ་ཡུམ་གཉིས། །རྡོ་རྗེ་གཞོན་ནུ་བཞུགས་པའི་གནས། །དོན་ལ་གཞལ་ཡས་ཁང་གི་རྟགས། །རྒྱ་མདུད་གཉིས་སུ་བསྟན་པ་ཡང་། །ཐབས་དང་ཤེས་རབ་གཉིས་མེད་པའི། །དབྱིངས་དང་ཡེ་ཤེས་ཆེ་བའི་རྟགས། །རྩེ་མོ་དྲག་པོའི་ཟུར་གསུམ་ནི། །ཡེ་ཤེས་རྩེ་གཅིག་དྲག་པོར་བཤད། །དྲག་པོ་རྒྱས་པ་དབང་དང་གཞི། །དབྱིབས་དང་ཁ་དོག་སོ་སོར་བྱ། །རྩེ་མོ་ཟུར་གསུམ་གྲུ་བཞི་དང་། །ཟླ་གམ་ཟླུམ་པོ་དག་ཏུ་བཞོག །རབ་ཏུ་མི་སྲུན་གནས་དག་ནས། །ཚེར་མ་ཅན་གྱི་ཤིང་དག་ལ། །རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོ་ངོས་སུ་འཕྲིན་ལས་ནི། །སོ་སོ་རང་གི་གཞུང་བཞིན་བཞོག ཁ་དོག་གོང་གི་རིགས་སུ་སྦྱར། །བདེ་གཤེགས་ས་བོན་ལྔ་རྣམས་ཀྱིས། །བྱིན་གྱིས་བརླབ་ཅིང་དབང་ཡང་བསྐུར། །གུ་གུལ་བདུག་ཅིང་ཉུང་ཀར་བརྡེག །ར་པོཏོ་ཡངསྐབྲག་དང་གསུར་ཆེན་གྱིས། །སོ་སོའི་སྙིང་པོ་བཏོན་ཅིང་བྱུག །བྱིན་རླབས་དབང་བསྐུར་ཤིན་ཏུ་གཅེས། །དོན་གྱི་བླར་ནི་དམ་ཚིག་བསྲུང་། །ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས། །རྒྱུད་ཀྱི་རྒྱལ་པོར་རབ་བསྟན་པས། ཁུ་འབྲས་མེད་པར་མྱ་ངན་འདས། །རྟོགས་པའི་དོན་ལ་གཉིས་མེད་ཀྱང་། །མ་རྟོགས་བསྒྲལ་བའི་དོན་ཆེད་དུ། །བཀའ་ལས་འབྱུང་བའི་རྒྱུ་དག་ལ། །ཚུལ་དང་ལྡན་ཞིང་ལེགས་པར་བྱ། །རང་དགར་བྱས་ན་བཀའ་ལས་ཉམས། །སྙེད་༼བརྩན་བཙན༽བྱས་ན་བྱིན་རླབས་ཆུང་། །ངན་དགུར་བཤམས་ན་རྟོགས་པར་འགྱུར། །ཚོགས་པར་བསོགས་ན་གཞུང་དང་མཐུན། །བཀའ་བཞིན་བྱས་ན་བྱིན་རླབས་ཆེ། །མདོར་ན་རྟོགས་པ་གཙོ་བར་བྱ། །རྟོགས་པའི་དོན་རྣམས་མཐར་ཕྱིན་ན། །རྣམ་རྟོག་ལས་འདི་བྱ་བ་མིན། །དེ་སྐད་ཅེས་བཀའ་བསྩལ་པས། ཕུར་པའི་རྒྱུད་དང་དཀྱིལ་འཁོར་དང་གཞལ་ཡས་ཁང་། ཡེ་ནས་ཕུར་བུ་མྱ་ངན་ལས་འདས་པ་བཟླས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་པའི་རྒྱུ་དང་ཕུར་པ་ལ་ལྷ་དགོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བྱིན་རླབས་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེ་བའི་ཆེན་པོ་དང་། དག་ཅིང་གསལ་བའི་ངོ་བོར་བསྟན་པའི་ཕྱིར། འདི་སྐད་ཅེས་བཀའ་བསྩལ་ཏོ། ཁམས་གསུམ་ཡེ་ནས་ཕུར་བུའི་ངང་། །སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཕུར་བུ་ཡེ་ནས་མྱང་འདས་ཀྱང་། །བདེན་པ་གཉིས་ཀྱི་ཆ་ལ་གདགས། །རང་བཞིན་བཅོས་མེད་དོན་ཤེས་ཤིང་། །ཆེ་བའི་ཡེ་ཤེས་དོན་ཤེས་ན། །ཆོས་ཉིད་ངོ་བོར་བྱིན་རླབས་པའོ། །གཞན་ཡང་བྱིན་གྱིས་བརླབ་པ་ནི། །ཕྱི་རབས་རྣལ་འབྱོར་མཆེད་རྣམས་ལ། །གནས་ལྔར་དཔའ་བོ་འབྲུ་ལྔ་དགོད། །ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བགེགས་ཀྱིས་མི་ཚུགས་པར། །རྡོ་རྗེ་གཤོག་པས་བྱིན་བརླབ་པའོ། །ཡོ་བྱད་རྫས་ཀྱི་ངོ་བོ་ལ། །ར༷་ཡ༷་ཁ༷་གི་འབྲུ་གསུམ་གྱིས། །སྲེག་སྦྱང་གཏོང་བ་རིམ་པ་བཞིན། །ཚོགས་ཆེན་རྫོགས་པའི་ཏིང་འཛིན་གྱིས། །སྤེལ་ཞིང་བཅུད་དང་ལྡན་པ་མྲ །རིན་ཆེན་ནོར་བུར་བྱིན་བརླབ་པའོ། །འབྲུ་བཅུད་སྟོང་གི་ཛ་གད་ལ། །ཡི་གེ་ཏྲ༷་གི་འཕྲོ་འདུ་ལས། །སྐུ་མདོག་སྔོ་བསངས་ནཱ་མ་ཀི །འབྱུང་བ་བཅུད་ལེན་ཏིང་འཛིན་གྱིས། །གསིལ་མངར་ཆབ་ཀྱི་ངོ་བོ་སྲ །དུང་ཕོར་བཅུད་ཀྱི་ཕྱག་རྒྱས་བརླབ། །བུམ་པ་ཡུམ་གྱི་ངོ་བོ་ཡི། །རིན་ཆེན་འབར་བའི་ཁང་བུ་ལྡན། །ཉོན་མོངས་ལྔའི་ངོ་བོ་ལ། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། །རྩིར་བསྒྱུར་སྨན་གྱི་ཏིང་འཛིན་གྱིས། །ཡེ་ཤེས་ལྔ་ཡི་བདུད་རྩི་མྲ །བདུད་རྩི་ཐལ་སྦྱོར་རྒྱ་ཡིས་བརླབ། ། སྣོད་ཀྱི་འཇིག་རྟེན་གཏོང་གཞོང་དུ། །རྩ་བརྒྱད་སྨན་གྱི་གཏོར་མ་སྦྱར། །རིས་དྲུག་སེམས་ཅན་གཏོར་འགྲོན་དུ། །ཆོ་འཕྲུལ་རང་གནས་ཏིང་འཛིན་གྱིས། །ཇི་ལྟར་མོས་པའི་རྣམ་པ་སྲ །མཆོད་སྤྱིན་འདེགས་པའི་ཕྱག་རྒྱས་བརླབ། །སྣང་བའི་འོད་ཀྱི་གཞལ་ཡས་སུ། །རས་ཆེན་གསུམ་སྒྲིལ་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་འཕྲོ་འདུ་ནི། །སྣང་བ་ཆེན་པོའི་ཏིང་འཛིན་གྱིས། །ཡེ་ཤེས་གསལ་བའི་སྒྲོན་ཆེན་དུ། །ཨ་ལོ་ཀི་ཡི་ཕྱག་རྒྱས་བརླབ། །འབྱོར་བ་ཚོགས་ཀྱི་ཞལ་ཟས་ལ། །ར༷་ཡ༷་ཁ༷་དང་འབྲུ་ལྔ་དགོད། །བྱིན་རླབས་ཆོ་འཕྲུལ་ཏིང་འཛིན་གྱིས། །བསྲེག་ཅིང་ལྷ་ཡི་དཀྱིལ་འཁོར་དགོད། །བདུད་རྩི་ལྔ་ཡི་ཞལ་ཟས་སུ། །རིན་ཆེན་འབར་བའི་ཕྱག་རྒྱས་བརླབ། །གཞན་ཡང་བྱིན་རླབས་རིམ་པ་ནི། །ར་ཡི་ཁྲག་དང་གསུར་ཆེན་དང་། །གུ་གུལ་སྦྱར་མའི་དུད་པ་དང་། །གོ་རོ༷ ་ཙ་ནའི་དུད་པས་བདུག །སྒྲུབ་པའི་ཉུངས་ཀར་རྒྱལ་པོས་བརྡེག །སྐུ་གསུ༷ང་ཐུགས་ཀྱི་ངོ་བོ་བརླབ། །ཨོ༷་བཛྲ་ཁུན་དྷ་ཙིན་དྷ་ཚིསྡོ༷་དཧུ༷་ཕཊ། ཨོ༷་བཛྲ་ཀི་ལ་ཡ་བྱ་ཀི་པ་ལ་ཡ་སརྦ་༼དུས་སྟ༷ ན་་ན༄ཏྲེ་ཤི་ཏ་ཡ་ཧུ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། ཛ་ལ་ཛ་ལ། སྤུ་ཏ་སྤུ་ཏ། སརྦ་ན་ས་པ་ནི་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨུ་ཙུས་མ་ཀྲོ་ཏ་ཡ་ཧུ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་༼དུས་སྟན་་ན༽ཧུ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་བིང་བིང་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཚིསྡོ་ཚིསྡོ་ཧུ༷་ཕཊ། ཨོ་བཛྲ་ཀི་ལ་ཡ། མ་ར་ཡ་མ་ར་ཡ་ཧྭ༷་ཕཊ། ན་མ་ས་ཏ་བྱི་ཤི་ཏ་ཡ་བེ་ར་བེ་ར་ཧྭ༷་ཕཊ། ཐུགས་དང་སྐུ་དང་གསུང་རྣམས་ནི། །སོ་སོའི་སྔགས་དང་སྦྱར་ཞིང་བརླབ། །གསེར་དང་ལྕགས་མཆོག་སེང་ལྡེང་དང་། །གཤོག་པ་ཟངས་དང་རྭ་འཕང་རྣམས། །རིམ་པ་བཞིན་དུ་སྦྱང་བར་བྱའོ། །ཨོ་བཛྲ་གི་ལ་ཡ་དྷ་ཏི་མ་མ་ནི་ཧྲུ༷་ཕཊ། ཨོ༷་བཛྲ་ཀི་ལ་ཡ་སུ་ཏི་༼འགྲི་སྨྲ༽ན་ཛ་ཏུ་ར་ཧུ༷་ཕཊ། དེ་ཡི་རིམ་པ་དེ་བཞིན་ནོ། །སྐུ་གསུང་ཐུགས་སུ་བྱིན་རླབས་པ། །མ་བཅོས་ཆོས་ཉིད་དག་པ་ལ། །རང་འབྱུང་ཡེ་ཤེས་མངོན་གསལ་ན། །དང་པོར་ཆོས་སྐུར་བྱིན་རླབས་པའོ། །དང་པོའི་རྒྱ་མདུད་གཞལ་ཡས་ལ། །རིགས་ལྔའི་སངས་རྒྱས་འཁོར་དང་བཅས། །ལྟ་བ་རྩིབས་དང་ལྡན་པ་ལ། །ཕྱོགས་མཚམས་ཁྲོ་བོ་འཁོར་དང་བཅས། །རྒྱ་མདུད་འོག་མའི་གཞལ་ཡས་ལ། །སྟེང་འོག་ཁྲོ་བོ་འཁོར་བཅས་དང་། །ཀི་རི་བརྒྱད་དང་བསེ་མོར་བཅས། །ཟུར་སྟེང་་ཐོ་ང་སངདྷ༽སྟག་གདོང་བཅས། །ཟུར་གསུམ་ལོགས་ལ་སྒོ་མའི་ཚོགས། །སྤྱི་དང་རྩེ་ལ་ཡབ་ཡུམ་གཉིས། །སོ་སོའི་སྙིང་པོ་དྲན་ཙམ་གྱིས། །གཟུགས་དང་གཉིས་སུ་མེད་པར་བསམ། །གཉིས་སུ་མེད་པའི་མཆོད་པ་དང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དམ་ཚིག་རྗེས་སུ་དྲན་པར་བསྐུལ། །གཉིས་སུ་མེད་པར་རྒྱན་རྫོགས་པར། །ལོངས་སྤྱོད་རྫོགས་སྐུར་བྱིན་རླབས་པའོ། །ལྟེ་བ་མན་ཆད་ཟུར་གསུམ་ལ། །རོ་སྟོད་མཐིང་ནག་ཞལ་གསུམ་པོ། །རལ་པ་ཁམ་ནག་༼འབྲི་སྨྲང༽གུ་ཏ། །གྱེན་དུ་འགྲེང་ཞིང་སྲིད་རྩེར་འབར། །བྲང་གིས་འགྲོ་དང་ཐོད་རླན་དང་། །སྟག་དང་གླང་ཆེན་ཞིང་ལྤགས་ཀྱིས། །སྐུ་དང་ཡན་ལག་ཤིན་ཏུ་རྒྱན། །སྤྱན་བགྲད་མཆེ་གཙིགས་ཤིན་ཏུ་རྔམ། །དུར་ཁྲོད་དང་ནི་མེ་དཔུང་ནི། །གྲུ་གསུམ་ཨ་ཡི་ནང་དུ་ནི། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པོར། །སུམ་ཆ་ནུབ་ནས་གཡོན་ལ་གཟིགས། །ཕྱག་གཡས་དང་པོ་ལྟ་ལྟག་རྡེག །འོག་མའི་རི་རབ་གནོན་ཚུལ་འཛིན། །གཡོན་པ་རྡོ་རྗེ་ཁ་་ཏང་ཊ༷༽འཁྲོལ། །འོག་མ་ཕུར་པ་འདེབས་པའི་ཚུལ། །བདུད་དཔུང་འཇོམས་ཤིང་ངན་སོང་སྦྱོང་། །མཐུ་དང་རྫུ་འཕྲུལ་གཞན་པས་ཆེ། །རྟག་པ་ཆེན་པོར་བཞུགས་པས་བསམ། །སྤྲུལ་པའི་སྐུ་རུ་བྱིན་བརླབ་པའོ། །སྤྱི་བོར་ཨོ་ལ་རྐེད་པར་ཧྲི། །རྩེ་མོའི་ངོས་སུ་ཕཊ་བསམས་ལ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ངོས་གསུམ་ཧུ༷་བཞག་ཟུར་གསུམ་ཕཊ། ཁྲེན་ཏུ་གསལ་ཞིང་འཚེར་བ་དང་། །སོ་སོའི་ཁྲོ་བོ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་ཅིང་དབང་བསྐུར་ཏེ། ཁྲོ་བོའི་དཀྱིལ་འཁོར་དེ་དག་ཉིད། །ཕྱོགས་བཅུར་འཕྲོས་ནས་སླར་འདུས་ཏེ། །ཧུ༷་ཧུ༷་ཕཊ་ཕཊ་སྒྲ་འབྱིན་ཅིང་། །སྐུ་ལ་སྟིམ་ལ་དབང་རྣམས་སྦྱིན། །དེ་ནས་འགྲོ་བའི་དོན་ལ་གཤེགས། །ཕྱོགས་བཅུའི་བདེར་གཤེགས་ཐམས་ཅད་ཀྱིས། །སྔོན་ཆད་སྟོང་གྲོགས་བྱ་བ་མྲ །ཞལ་གྱིས་བཞེས་ཤིང་དམ་བཅས་པས། །དེ་ཡི་སྟོང་དང་གྲོགས་མཛད་དོ། །དེ་ཡང་བདག་ཉིད་ཆེན་པོ་གསང་། །ཕུར་པ་བདག་ཉིད་ཆེན་པོ་སྲ །བྱིན་བརླབ་དབང་རྣམས་བསྐུར་བའི་ཕྱིར། །གཡས་གཡོ༷ན་ཉི་ཟླའི་དཀྱིལ་འཁོར་ལ། །ཧུ༷་དང་ཨ་ནི་ཤིན་ཏུ་གསལ། །གུང་མོ་མཐེ་བོང་མཛུབ་སྲིན་དང་། །མཐེ་ཆུང་ལ་སོགས་གཡས་གཡོན་ལ། །ཨོ་ཧུ༷་ཧྲི་ཏྲ༷་ཨ་ལ་སོགས། །རིམ་པ་བ༷ཞིན་དུ་གསལ་བཀོད་ལ། །སུ་ར་ཏ་སྟོ་ཞེས་བརྗོད་པས། །ཐལ་མོ་མཉམ་པར་སྦྱར་བར་བྱའོ། །ཨོ་བཛྲ་ཨརྫི་ལི་ཧུ༷། །སོར་མོ་ཅུང་ཟད་བསྣོལ་བར་བྱའོ། །ཨོ༷་བཛྲ་བརྙ་ཧཱུཾ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམ། ས་མ་ཡ་སྟོ། ཕུར་པ་བླངས་ཏེ་ཆང་བར་གཞུག །ལག་པའི་རྟིང་བ་ཁ་ཕྱེ་ལ། །མཐེ་བོང་གཉིས་དང་སྲིན་ལག་དང་། །མཐེ་ཆུང་བར་དུ་ཕུར་པ་གཞུག །མཐེ་བོང་བར་དུ་ཕུར་པ་དྲིལ། །ཨོ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། །ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས། །ཞེ་སྡང་རྗེས་སུ་དྲན་པ་ཡི། །ཉུངས་འབྲུ་ཙམ་གྱི་སྐུར་འཐོན་ནས། །བར་མཚམས་མེད་པར་ཕུར་པ་ལ། །བསྡུ་ཞིང་བསྟིམས་ལ་བྱིན་གྱིས་བརླབ། །སྐུ་གསུང་ཐུགས་སུ་དབང་བསྐུར་ན། །སོར་མོ་བརྒྱད་བསྣོལ་གུང་མོ་གཞིབ། །བསྒྲེང་བའི༷་བར་དུ་ཕུར་བུ་བཟུང་ ཨོ་བཛྲ་ས་ཏ་ར་ཙ་ཧུ༷་། དེ་ནས་སོར་མོ་ཕུག་ཕུག་པོ། །བྱས་ཏེ་རྟིང་བས་ཕུར་བུ་གཟུང་། །ཨཱོཾ་ཕུར་བུ་པ་ཕཊ། དེ་ནས་སོར་མོ་བརྒྱད་བསྣོལ་ཏེ། །མཐེ་བོ་གཞིབས་པའི་ཆངས་པར་གཞུག །ཨཱོཾ་ཧནཧནཏིསྟཙཀྲཧུ༷ ཕཊ།དྲག་ཏུ་བརྗོད་ཅིང་དྲིལ་བྱས་ལ། །བདག་ཉིད་སྦྱོར་བའི་གཟི་བྱིན་ཀུན། །ཕུར་པའི་སྐུ་ལ་རབ་ཞུགས་པས། །སྟོང་ཁམས་གང༷་བར་མེ་སྟག་འཕྲོ། །དམིགས་པ་ཐམས་ཅད་ངེས་འགྲུབ་པའི། །བྱིན་དང་དབང་ཆེན་ལྡན་འགྱུར་ཏེ། །ཨེ་ཡིག་དོན་ལ་བཞུགས་གསོལ་ནས། །བརྡེག་ཅིང་བདུག་སྟེ་མཆོད་པས་མཆོད། །ཨོ་བཛྲ་ཡསྒ་ཀྲོ་ཏ་ཚལ་པ་ཧུ༷། ཨཱོཾ་བཛྲ་དུ་མ་ལེ་ཏ་ལི་ཧ་ན་ཧ་ན་ཧུ༷་ཕཊ། སྔགས་དང་བཅས་ལ་བརྡེག་ཅིང་བདུག །ཡིད་ལ་བརྣག་པའི་འཕྲིན་ལས་བཅོལ། །ལྷ་གསལ་འདུ་འཕྲོའི་ཚོགས་ལས་བསྐྱེད། །དབྱིངས་ནས་ཁྲོ་མོ་མངོན་ཕྱུང་ཧི་ཧི་བཞད། །དུས་གསུམ་འདུས་མ་བྱས་པའི་སྲས་མཆོག་ཀི་ལ་ཡ། །ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་བརྗིད་པར་ལྡན། །རྩ་བ་རྒྱ་མདུད་རིགས་ལྔ་སྲས་དང་བཅས། །ལྟེ་བ་ཁྲོ་རྒྱལ་ཡབ་ཡུམ་ཕྱོགས་མཚམས་བརྒྱད། །སྟག་དང་བྱ་རྒོད་ལ་སོགས་འཁོར་དང་བཅས། །དབུས་ཀྱི་རྒྱ་མདུད་སྟེང་འོག་ཁྲོ་རྒྱལ་དང་། །ཡུམ་དང་སྤྲུལ་བ་བསེ་མོ་ཀིའུ་རིར་ལྡན། །ཟུར་སྟེང་སིང་ཧ་བརྒྱད་དང་ལྕགས་ཀྱུས་རྒྱན། །ཟུར་གསུམ་ལོགས་ལ་སྒོ་མ་འཇིགས་གཟུགས་ལྡན། །དབུ་ཞབས་དཔལ་ཆེན་རྡོ་རྗེ་ཡབ་ཡུམ་ལྡན། །གཉིས་མེད་དོན་གྱི་སེམས་ཀྱི་ངོ་བོར་ལྡན། །ཡང་ན་ཇི་ལྟར་འདུལ་བ་བཞིན། །སེམས་ཀྱི་རང་བཞིན་ཅིར་སྣང་ཡང་། །ཕུར་བུ་ལྷ་ཡི་དཀྱིལ་འཁོར་དུ། །བསྒོམ་ཞིང་བྱིན་གྱིས་རླབས་པ་ནི། །འགོ་དང་རྩ་བ་མ་ནོར་བར། །རྒྱ་མདུད་གཉིས་དང་ཟུར་བརྒྱད་དང་། །ཟུར་གསུམ་པ་རུ་རབ་ཏུ་བཞོག །ལྕགས་དང་དངུལ་དང་ཟངས་དང་གསེར། །ཚེར་མ་ཅན་གྱི་ཤིང་དག་ལ། །སོར་ཡང་བཅོ་བརྒྱད་བཅུ་གཉིས་དང་། །བརྒྱད་དང་ལྔ་དང་བཞི་དང་གཅིག །ནས་གང་ཚད་དང་གང་རུང་བར། །མཁས་པས་དཀྱིལ་འཁོར་རིམ་པར་དགོད། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཧ་ཧེ་ཕཊ་ཛ་སྨྱོ། ཀྱི་ར་མ༷་ས་དུག་གིས་བྱུག །བརྡེག་ཅིང་བདུག་པ་གོང་མ་བཞིན། །ཧུ༷་དང་ཛ་དང་ཕཊ་ལ་སོགས། །སྤྲོ་དང་བསྡུ་བ་ཚུལ་བཞིན་བྱ། །བྱིན་རླབས་བསམ་རྒྱུད་ངེས་པར་བཞག །དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པ་ལྷི་དང༽། །རྩེ་མོ་སྤྲུལ་པའི་སྐུ་ཡིན་ཏེ། ཁྲོ་རྒྱལ་དཔལ་ཆེན་ཡབ་ཡུམ་དང་། ཁྲོ་རྒྱལ་འཁོར་བཅས་རིམ་བཞིན་སྤྲོ། ཁྲོ་རྒྱལ་ཁྲག་འཐུང་སྔགས་རྣམས་ཀྱིས། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལ། །ཡང་དག་བསྟན་པས་བྱིན་གྱིས་བརླབ། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །ངེས་པའི་སྙིང་པོ་འབྲུ་བཀོང་སྟེ། །དེ་ཡང་ཙ་ན་ཀ་ཙམ་དགོད། །འཕྲོ་འདུ་མང་པོའི་རིམ་པ་ཡིས། །སྟོང་གསུམ་འཇིག་རྟེན་ཕུར་པར་བརླབ། །སྙིང་རྗེས་སྒྲལ་བའི་དམིགས་པ་ལ། །ར༷་ཡ༷་ཁ༷་གིས་རིམ་བཞིན་སྦྱང་། །རྣམ་ཤེས་སྙིང་གི་དཀྱིལ།འཁོར་དུ། །བྱང་ཆུབ་སེམས་ཀྱི་རྩེ་གཏད་དེ། །དཀར་ནག་མཚམས་ཀྱི་སྙིང་ལ་ནི། །དགེ་སྡིག་ལས་ཀྱི་ཤན་ཕྱེ་སྟེ། །རྣམ་པར་རྟོག་པའི་སྡིག་སྦྱངས་ནས། །རྣམ་བཞི་ལས་ཀྱི་འདུལ་སྦྱོང་གིས། །ཉོན་མོངས་དུག་གསུམ་བཅོམ་ནས་ཀྱང་། །རྣམ་ཤེས་གསེར་ཞུན་ལྟ་བུ་སྟེ། །ཡ༷་གིས་བཏེགས་ལ་ཕཊ་ཀྱི་འཕང་། །ཧུ༷་གིས་བསྡུས་ལ་མཁའ་ལ་བསྟིམ། །རིགས་ལྔའི་སྲས་སུ་ངེས་པར་བྱ། །ཨོ་ཨུ༷༷ཧཱུཾ་གིས་བྱིན་རླབས་ཏེ། །སྐུ་གསུང་ཐུགས་སུ་གསལ་བྱས་ནས། །ངན་སོང་སྒོ་གསུམ་ཤིན་ཏུ་བཅད། །རྣམ་རྟོག་བསྒྲལ་བའི་ཞིང་བཅུར་བརླབ། །དེ་ཡི་རྣམ་ཤེས་ཆོས་ཀྱི་སྐུ། །རྣམ་དག་དབྱིངས་ཀྱི་ངང་དུ་བསྒོམ། །དོན་དུ་རང་སེམས་མྱ་ངན་འདས། །ཅེས་བརྗོད་པས། ཇི་ལྟར་སྣང་བ་ལྷའི་དཀྱིལ་འཁོར་སྲས་མཆོག་ཀི་ལ་ཡར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་པའི་རང་བཞིན་དང་ལྷ་དགོད་ཅིང་བྱིན་གྱིས་བརླབ་པ་དང་། ཚད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་རྣལ་འབྱོར་བས་བྱ་བ་ལ་དོན་ཡོད་པར་བྱ་བའི་ཕྱིར། རབ་ཏུ་མི་གཡོ་ཞིང་མི་འདའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གཡོས་ཤིང་འདས་པའི་སྐྱོན་དང་། ཡོན་ཏན་འདི་དག་བཀའ་བསྩལ་ཏོ། །མ་གཡོས་རྣམ་དག་ཆོས་ཀྱི་དབྱིངས། །དེ་ལ་བདག་རལ་ཡེ་ཤེས་མཆོག །གཉིས་མེད་ཆོས་སྐུ་བདེ་བ་ཆེ། །ཆེ་བའི་ཡོན་ཏན་བསམ་ཡས་པས མ་བཅོས་ཐིག་ལེ་ཉིད་ཀྱི་རྒྱན། །ལོངས་སྤྱོད་རྫོགས་སྐུ་མི་བཟད་གཏེར། །རྫུ་འཕྲུལ་ཐབས་ཀྱི་འོད་ཟེར་གྱིས། །ཉེས་པ་འཇོམས་ཤིང་ལེགས་པར་སྐྱོབ། །ཡོངས་ལ་ཁྱབ་ཅིང་དོགས་པ་མེད། །བྱེ་བྲག་སྣ་ཚོགས་ཅིར་ཡང་སྣང་། །སྤྲུལ་བའི་སྐུ་སྟེ་ཀུན་ཁྱབ་པའོ། །དེ་ཡང་དུས་གསུམ་འདུས་མ་བྱས། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །རང་བཞིན་མེད་པས་འདུས་མ་བྱས། །དམིགས་མེད་བརྟན་པས་རྡོ་རྗེ་སྐུ། །གཡོས་པ་མེད་པའི་ཆོས་ཉིད་ལ། །རང་སྣང་ཡེ་ཤེས་ལྷུན་གྱིས་རྫོགས། །བཅོས་མེད་ཐིག་ལེ་ཆེན་པོར་སྣང་། །མངོན་པར་བྱང་ཆུབ་སྐུར་བསྟན་པའོ། །གཉིས་མེད་སེམས་ཀྱི་རང་བཞིན་ལས། །གཉིས་སུ་འབྱེད་ཅིང་ཕྱོགས་ཆར་འཛིན། །བྱ་བ་མེད་ལ་ལས་རྣམས་བྱེད། །ངེས་དོན་སྒྲུབ་ལ་ལོག་པར་མཐོང་། །སྲོག་དམ་བཀའ་དོན་ལས་ཀྱིས་ཉམས། །མཚན་མས་ཉམས་དང་འདོད་པར་གྱུར། །ཉམས་པའི་མཚན་ཉིད་བདུན་པོ་དེ། །ནམས་ཀྱང་ངན་སོང་འགྲོ་བས་ན། །དེ་དག་དོན་གྱིས་མ་བསྒྲལ་ན། །ཉམས་པ་ཆེན་པོའི་རྒྱུར་འགྱུར་ཏེ། །ཕུང་བོ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཆེན་པོར་གྲུབ་པར་བསྒྲལ། །དོན་དམ་སྤྲོས་མེད་ཐིག་ལེར་བསྒྲལ། །དོན་དུ་སྤྱི་དང་ཁྱད་པར་གཉིས། །ལྷག་པའི་དམ་ཚིག་གསུམ་དུ་བསྲུང་། །སྤྱི་ཡི་དམ་ཚིག་རྟོགས་པར་བྱ། ཁྱད་པར་དམ་ཚིག་བསྲུང་བར་བྱ། །ལྷག་པའི་དམ་ཚིག་གནས་པར་བྱའོ། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་སྲུང་། །དོན་དམ་གཉིས་མེད་སྟོན་པའི་སྒྲོན་མ་ལ། །ལྟ་ལོག་ངན་སེམས་རྐུ་འཕྲོག་བརྡེག་ལ་སོཊ། །ངན་དུ་སྨྲས་ཤིང་གནོད་པ་དངོས་མི་བགྱི། །དེ་དག་དངོས་སུ་བྱས་ན་དམྱལ་བ་སྐྱེའོ། །བཟླས་བརྗོད་སྔགས་དང་སྙིང་པོའི་བར་མི་ཆད། །གསུང་གི་དམ་ཚིག་ཉམས་པ་དམྱལ་བར་སྐྱེ། །དོན་དམ་གཉིས་མེད་གཞན་ལ་སྤེལ་མི་བྱ། །རང་གསང་ཐབས་ཀྱིས་མཆོད་ནས་མ་རྟོགས་པས། །ཐུགས་ཀྱི་དམ་ཚིག་ཉམས་པས་དེ་བཞིན་ནོ། །སྦྱོར་སྒྲོལ་མ་བྱིན་ལེན་དང་ཚིག་རླང་རྫུན། །ཉོན་མོངས་རང་གར་སྤྱོད་པས་ངན་སོང་རྒྱུ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མ་རིག་ལོག་པར་མཐོང་ནས་སྤང་བར་བྱ། །མི་སྤང་དམ་ཉམས་པས་དེ་བཞིན་ནོ། །དྲི་ཆེན་དྲི་ཆུ་དམར་ཆེན་མ༷་ས་སེམས། །སོ་སོའ་རྣམ་པར་རྟོག་པ་མ་འབྱུང་སྟེ། །ཉོན་མོངས་ལྔ་ལ་ཆགས་པའི་ངོ་བོར་བཤད། །གཉིས་མེད་དོན་དང་འགལ་བ་དེ་བཞིན་ནོ། །ཕུང་པོ་འབྱུང་བ་ཁ་དོག་དབང་པོ་ཡུལ། །གཉིས་མེད་ལྟ་བ་ངན་པས་སོ་སོར་བརྟགས། །ཡེ་ཤེས་ལྔ་ཡི་དོན་དང་མ་ལྡན་པས། །གཉིས་མེད་དོན་དང་འགལ་བས་དེ་བཞིན་ནོ། །དེ་བཞིན་རྡོ་རྗེ་རིགས་དང་པདྨ་ལས། །རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔ་སྣང་ན། །ཡེ་ཤེས་གཉིས་མེད་དོན་དེ་མ་རྟོགས་པས། །གྲུབ་པའི་འབྲས་བུ་མེད་པས་དམྱལ་བར་བཤད། །སྤྱི་ཡི་དམ་ཚིག་དེ་དག་གཞུང་བསྲངས་ན། །ས་གཞི་ཆེན་པོ་འདྲ་སྟེ་ཀུན་གྱི་རྟེན། །ཡིད་བཞིན་ནོར་བུ་འདྲ་སྟེ་འདོད་པ་སྐོང་། །གཅན་གཟན་སེང་གེ་འདྲ་སྟེ་ཟིལ་གྱིས་གནོན། །དོན་གྱི་རྩ་བར་འཇིག་པའི་མཁར་བཞིན་བསྲུངས། །འབྲས་བུ་ཡང་དག་ངེས་པར་གདོན་མི་ཟའོ། །གཞན་ཡང་ཁྱད་པར་དམ་ཚིག་རྣམ་མང་ཡང་། །མདོ་དང་དོན་དུ་ཉི་ཤུ་དོན་བསྡུ་ན། །གཅན་གཟན་རྒྱལ་པོ་སེང་གེ་གསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་དུག་མི་སྤྱོ། །རིན་པོ་ཆེ་ཡི་ལྕུག་མ་རྩར་མི་བཅད། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡོང་མི་བཏུང་། །པདྨ་རྒྱས་པའི་ཟེ་འབྲུ་ཁ་མི་འབྱེ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་ནོར་དང་ཟས་མི་བསྲེལ། །ཤེལ་སྒོང་དཀར་པོ་རྫབ་ཏུ་བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་ཞོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་ཏུ་བསྲེག་མི་བྱ། །འདབ་ཆགས་རྒྱལ་པོ་ཁྱུང་གི་གཤོག་མི་གཅག །གནམ་ལྕགས་ངུར་མོ་ས་ལ་བརྡབ་མི་བྱ། །སྟག་གཟིག་རོལ་བའི་ཟས་ཀྱི་ལྷགམི་བཟའ། །རྡོ་རྗེ་གཏམས་པའི་བྲག་རྣམས་ཡོང་མི་བཤིག །རྡོ་རྗེ་ར་བས་བསྐོར་བའི་གོ་མི་དྲལ། །མུན་པ་སེལ་བའི་སྒྲོན་མ་ཡོང་མི་བཅད། །རྡོ་རྗེ་ཆུ་ཡི་འོལ་ཀ་བཅད་མི་བྱའོ། །རྒྱལ་པོ་རྟགས་ཀྱི་ཕྱག་རྒྱ་སྤྱིན་མི་བྱ། །རྡོ་རྗེ་འཁར་གཞོང་གཏམས་པའི་རྨང་མི་རློག །རྒྱལ་མཚན་རྩེ་ལ་བཏགས་པའི་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དབྲོག་མི་བྱ། །གཉིས་མེད་དོན་གྱི་མྱ་ངན་༢དས་མོད་ཀྱང་། །ལོག་པར་བརྟགས་པའི་དབང་གིས་སོ་སོར་སྣང་། །འཁྱལ་པར་བསྟན་པའི་དམ་ཚིག་དོན་རྣམས་ནི། །དངོས་སུ་ཉམས་ན་ལྗོན་ཤིང་མེས་ཚིག་བཞིན། །ཟུར་གྱིས་ཉམས་དང་གྲུབ་པའི་འབྲས་བུ་རིང་། །ཀུན་ཏུ་ཉམས་ན་བརྗོད་པའི་ཐབས་ལས་འདས། །གཞུང་དུ་བསྲུངས་ན་རང་སྣང་འབྲས་བུ་འཆང་། །རྒྱུན་དུ་བསྲིངས་ན་དོན་གྱི་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱིས་གཞི་རུ་སྦྱར། །སྤྱོད་པའི་རྒྱུན་དང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པའི་ལྟ་བ་ཉམས་དྲོད་བཞིན། །སྤྱོད་པ་རྒྱུན་ལ་དམ་ཚིག་བཞིར་གནས་སོ། །བསྲིངས་ན་དོན་གྱི་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱིས་བཞི་རུ་སྦྱར། །སྤྱོད་པའི་རྒྱུན་དང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པའི་ལྟ་བ་ཉམས་དྲོད་བཞིན། །སྤྱོད་པ་རྒྱུན་ལ་དམ་ཚིག་བཞིར་གནས། །གཉིད་ཀྱི་དགྲ་སྤངས་མྱོས་འགྱུར་དྲག་གཞོམ་མོ། །གསང་བའི་བརྡ་བསྲུང་ལེ་ལོའི་དགྲ་སྤང་ངོ་། །རང་བཞིན་ལྟ་བའི་དམ་ཚིག་བཞིར་སྣང་ངོ་། །སྲིད་གསུམ་ཡོངས་བསྒྲལ་ཁམས་གསུམ་ཞིང་དུ་ལྟ། །དུག་གསུམ་རྩིར་འགྱུར་འཁོར་བ་གནས་འགྱུར་བ་ལྟའོ། །གལ་ཏེ་ངེས་པའི་དམ་ཚིག་གསུམ་དུ་སྣང་། །མ་ཁྲེལ་ཚུལ་དང་མ་ཉམས་པ་ཡི་མདོ། །མཐར་ཕྱིན་པ་ཡི་རྟགས་དང་གསུམ་དུ་བསྟན། །མ་ཉམས་པའི་མདོ་ལས་བཞི་རུ་སྣང་། །རྩ་ལག་ཟླས་མ་ཞར་གྱིས་ཉམས་དང་བཞི། །མཐར་ཕྱིན་རྟགས་དང་དེ་བཞིན་བཞི་རུ་སྣང་། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། །མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་བཞིའོ། །ལྟ་བ་དམ་ཚིག་ཉམས་དྲོད་དམ་པ་བཞིའོ། །བརྡལ་པ་ཆོས་ཉིད་ལྟ་བ་ཡེ་ཤེས་བསྲིངས་ན་དོན་གྱི་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱིས་བཞི་རུ་སྦྱར། །སྤྱོད་པའི་རྒྱུན་དང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པའི་ལྟ་བ་ཉམས་དྲོད་བཞིན། །སྤྱོད་པ་རྒྱུན་ལ་དམ་ཚིག་བཞིར་གནས། །གཉིད་ཀྱི་དགྲ་སྤངས་མྱོས་འགྱུར་དྲག་གཞོམ་མོ། །གསང་བའི་བརྡ་བསྲུང་ལེ་ལོའི་དགྲ་སྤང་ངོ་། །རང་བཞིན་ལྟ་བའི་དམ་ཚིག་བཞིར་སྣང་ངོ་། །སྲིད་གསུམ་ཡོངས་བསྒྲལ་ཁམས་གསུམ་ཞིང་དུ་ལྟ། །དུག་གསུམ་རྩིར་འགྱུར་འཁོར་བ་གནས་འགྱུར་བ་ལྷའོ། །གལ་ཏེ་ངེས་པའི་དམ་ཚིག་གསུམ་དུ་སྣང་། །མ་ཁྲེལ་ཚུལ་དང་མ་ཉམས་པ་ཡི་མདོ། །མཐར་ཕྱིན་པ་ཡི་རྟགས་དང་གསུམ་དུ་བསྟན། །མ་ཉམས་པའི་མདོ་ལས་བཞི་རུ་སྣང་། །རྩ་ལག་ཟླས་མ་ཞར་གྱིས་ཉམས་དང་བཞི། །མཐར་ཕྱིན་རྟགས་དང་དེ་བཞིན་བཞི་རུ་སྣང་། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། །མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་བཞིའོ། །ལྟ་བ་དམ་ཚིག་ཉམས་དྲོད་དམ་པ་བཞིའོ། །བརྡལ་པ་ཆོས་ཉིད་ལྟ་བ་ཡེ་འབྱམས་དུའོ། །རིག་པ་ཡེ་ཤེས་ལྟ་བ་ཡེ་གསལ་དུའོ། །སྤྲུལ་པ་ཕྱག་རྒྱའི་ལྟ་བ་ཡེ་གནས་སུའོ། །ཁྱབ་པའི་སྙིང་རྗེ་ལྟ་བ་ཀུན་ཁྱབ་པའོ། །ལྷག་པའི་དམ་ཚིག་དོན་ལ་མ་གནས་ན། །ཇི་ལྟར་བསྙེན་ཞིང་བསྒྲུབས་ཀྱང་ཚིག་ཆད་པས། །གཉིས་མེད་དོན་གྱི་ངོ་བོར་རྟོགས་པར་བྱ། །དོན་དམ་སྒྲུབ་པའི་དོན་དུ་མ་ཡེངས་སྲུངས། །དམ་ཚིག་མ་ཉམས་གཞུང་ཡོད་ན། །འདི་དག་བསྒྲུབ་པར་གྱུར་པ་ནི། །དཔལ་ཆེན་ཁྲོ་བོའི་རྒྱལ་པོར་བཤད། །ཉམས་པར་གྱུར་པས་མི་འགྲུབ་སྟེ། །སླར་ལ་རང་སེམས་རླག་པར་འགྱུར། །ཞེས་བརྗོད་པས། དེ་བཞིན་གཤེགས་པའི་ཁྲོ་བོའི་ཚོགས། སྤྲུལ་པ་ཡང་སྤྲུལ་དུ་བཅས་པ་ཐམས་ཅད་དམ་ཚིག་དབྱེ་བ་མེད་པ། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་དུ་ལྷུན་གྱིས་གྲུབ་ཅིང་གནས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འགྲོ་བ་མ་ལུས་རྣམ་པར་དག་པའི་སྒྲལ་བ་དང་། ཕྱིན་ཅི་ལོག་ཏུ་འཁྱམས་པ་རྣམས་ཐུགས་རྗེས་གཟུང་བའི་ཕྱིར། ཞེ་སྡང་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་བསྩལ་ཏོ། །སྲོག་དམ་བཀའ་དོན་ལས་ཀྱིས་ཉམས། །མཚན་མས་ཉམས་དང་འདོད་པར་གྱུར། །ཉམས་པའི་མཚན་ཉིད་བདུན་པོ་འདི། །སྐྱེ་གནས་གཅིག་ཅིང་རྒྱུ་མཐུན་ཡང་། །ཉོན་མོངས་སེམས་ཀྱིས་ལོག་པར་ཁྲིད། །བྱ་རུ་མི་རུང་ལས་ལ་བརྩོན། །ལྟ་བ་གཉན་པོ་ཕྱལ་བར་བཏང་། །སྤྱོད་པ་ཟབ་མོ་ཐོ་ཅོར་སྤྱད། །བསྟན་འགན་འཕྲིན་ལས་ཆོལ་བར་སྤྱད། ཚིག་ནི་མཚན་མའི་རྗེས་སུ་འབྲངས། །དམ་ཚིག་གཟུ་ལུམས་རས་ཆོད་བྱེད། །སྤྱི་འཁྱལ་ལྷག་པའི་དམ་ལས་འདས། །ཉུང་བར་མནར་མེད་སར་ལྟུང་བས། །ཐུགས་རྗེས་བསྒྲལ་བའི་དུས་ལ་བབ། །དོན་དམ་གཉིས་མེད་ངང་དུ་སྒྲལ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །མི་དགེ་ལོག་ལྟ་ཡབ་ཡུམ་བཅུ། །ཡན་ལག་ཐར་པའི་སྒོ་བའི་ངང་། །རྣམ་ཤེས་དབང་པོ་ཡུལ་དང་དུས། །ཀིའུ་རི་སིང་ཧའི་ཚོགས་སུ་སྒྲལ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱར་བསྒྲལ་བའི་དུས་ལ་བབ། །དངོས་པོ་མཚན་མ་རྫས་དང་རྟེན། །དངོས་མེད་བསྒྲལ་བའི་དུས་ལ་བབ། ཁ་དོག་དབྱིངས་དང་གྲངས་དང་མིང་། །བརྗོད་པ་བསྒྲལ་བའི་དུས་ལ་བབ། །དབང་པོ་ཡབ་ལ་ཡུལ་གཟུགས་ཡུམ། །མྱ་ངན་འདས་པར་ཤིན་ཏུ་བསྒྲལ། །དམིགས་མེད་བསྒྲལ་བའི་དུས་ལ་བབ །གཞན་ཡང་བརྡེག་པའི་དུས་བསྟན་ན། །མདའ་འཕེན་ཟླ་བ་མར་ངོ་ལ། །མིག་མར་ཕུར་བུ་གཟའ་ལྷག་གསུམ། །དར་བའི་དུས་སུ་དུས་ལ་བབ། །ཉ་ནག་མར་གྱི་ངོ་ལ་འཇུག །གཞུད་དང་མཐུན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །རྫས་དང་ལག་ཆ་མངོན་སོགས་ལ། །དཀྱིལ་འཁོར་རྣམ་གསུམ་གཞུང་བཞིན་དུ། །གནས་ཤིང་བསྒོམས་ཏེ་བྲི་བར་བྱ། །བསྙེན་སྒྲུབ་རྣམ་བཞི་ཚང་བྱས་ནས། །འཛབ་གྲངས་བསྙེན་པ་འབུམ་དུ་གདོན། །ཕོ་ཉ་ཕྱག་བརྙན་ཐབས་ཀྱིས་དགྱེ། །ཤིན་ཏུ་གསལ་ཤིང་ཁུགས་པར་བསམ། །རབ་ཀྱིས་མངོན་སུམ་ཁུགས་པར་འགྱུར། །འབྲིང་གིས་ལིང་ག་འགུལ་བར་འགྱུར། །འཕར་དང་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འགྲོ་བ་བདར་ཤ་བཅད། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །མ་བཏབ་བཞིན་ལྷུན་གྱིས་རྫོགས། །མཉམ་པའི་རྒྱལ་པོ་རིག་པས་གདབ། །ཕུར་པ་ཆོས་ཀྱི་དབྱིངས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་དེས། །གཞན་དུ་གདབ་པའི་གནས་མེད་པས། །གཉིས་མེད་མ་བཅོས་ཆོས་ཉིད་ལ། །རང་རིག་བྱང་ཆུབ་སེམས་ཀྱིས་གདབ། །ཕུར་བུ་འཛིན་ཆགས་མྱ་ངན་འདས། །རྣམ་རྟོག་གཟུང་འཛིན་དངོས་ལ་གདབ། །དངོས་པོ་ཀུན་བྲལ་ཕུར་པ་ཡིས། །དངོས་པོ་ཕྱིན་ཅི་ལོག་ལ་གདབ། །དོན་ལ་གཉིས་མེད་མྱ་ངན་འདས། །གདབ་དང་མི་གདབ་གཉིས་ལས་འདས། །ཕུར་པ་སྐྱེ་བ་མེད་པའི་དོན། །མ་སྐྱེས་བརྡལ་བའི་ཕུར་པ་ཡིས། །དབྱིངས་ལ་བཏབ་པས་རིག་པ་ཤར། །སེམས་ལ་བཏབ་པས་དོན་དམ་རྟོགས། །གཉིས་སུ་མེད་པས་བརྡལ་བའི་ཀློང་།ཁྱབ་བརྡལ་རང་བཞིན་ཕུར་པ་ཡིསསྣང་སྲིད་ཀུན་ལ་ཁྱབ་པར་བརྡལ། །དེ་ལྟར་རྟོགས་ན་ཐེབས་པ་ཡིན། །མངོན་དུ་གྱུར་ན་རྟོགས་པ་ཡིས། །ཚིག་ལས་འདས་པ་སངས་རྒྱས་ཡིན། །གྲངས་ལས་འདས་པས་བརྗོད་དུ་མེད། །རང་བཞིན་ཕུར་པའི་དོན་ཉིད་ནི། །ཕུར་ནི་བླ་ན་མེད་པའི་དོན། །ཕུར་པ་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་སོ། །བུ་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །གཉིས་སུ་མེད་པས་མྱ་ངན་འདས། །ཐབས་ཀྱི་རྒྱལ་པོ་པ་ཡིན་པ། །པ་ནི་ཤེས་རབ་དག་པའི་དོན། །གཉིས་མེད་མཉམ་པས་རྡོ་རྗེའི་སྐུ། །ཕུར་པ་ཀུན་ཁྱབ་ནམ་མཁའ་འདྲ། །ཕུར་པ་ཁྱབ་བརྡལ་ཉི་ཟླ་འདྲ། །ཀུན་ལ་སྙོམས་ང།ས་ངོ་བོར་སྣང་། །ཆོས་ཀྱིས་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །རྒྱུད་ཀྱི་རྒྱལ་པོ་ལུང་གི་བླང་། །མན་ངག་ངེས་པའི་དོན་ཡང་ཡིན། །གཉིས་མེད་གསལ་བས་བསྐྱེད་པ་ཡིན། །ཕོ་ཉ་མང་པོས་འཇིག་རྟེན་བཀང་། །འཕྲལ་ལ་བཀང་བ་མ་ཡིན་སྟེ། །ཡེ་ཉིད་ནས་ནི་གང་བར་གནས། །གསལ་བར་བསྒོམས་པས་བསྐྱེད་པ་ཡིན། །ཉམས་འོག་ཆུད་ན་སྒྲལ་བ་ཡིན། །གཉིས་སུ་མེད་པའི་སྦྱོར་བ་ཡིན། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །ཅེས་བརྗོད་པས། །ཇི་ལྟར་སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད། ཕུར་བུ་མྱ་ངན་ལས་འདས་པའི་ངང་དུ་སངས་རྒྱས་པར་གྱུར་ཏོ། །ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ལྟ་བ་ཆོས་ཉིད་དུ་མྱ་ངན་ལས་འདས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཕྱི་རབས་ཀྱི་རྣལ་འབྱོར་བ་ལ། བར་དུ་གཅོད་པ་བྱུང་སྲིད་ན། དམིགས་པ་བཅས་ལ་བསྒྲུབ་དགོས་པའི་ཕྱིར། རྫས་ཀྱི་ངོ་བོ་འདི་དག་བསགས་པར་གསུངས་སོ། །སྔགས་པ་རྒྱན་གྱི་ཆས་ཀྱི་རྫས། །གླང་ཆེན་ཀོ་རློན་ཞིང་གི་ཤུན། །སྟག་གི་ཤམ་བུ་སྦྲུལ་གྱི་ཆུན། །ཐལ་ཆེན་ཞག་དང་རཀྟས་བརྒྱན། །དྲག་པོ་ལས་ཀྱི་རྫས་བསག་པ། །གཞུང་ལས་འབྱུང་བའི་ཕུར་བུ་ནི། །ལྕགས་སམ་ཤིང་བུ་ཚེར་མ་ཅན། །ནག་པོའི་རིགས་ཀྱིས་བྱ་བར་ཤིས། །དགྲ་བགེགས་དབང་དུ་བསྡུ་ཕྱིར་རོ། །བྱ་ཕུར་བྱ་རྒོད་གཤོག་རུ་དྲག །རྒྱབ་རྟེན་དཔུང་དང་དབྲལ་ཕྱིར་རོ། །སྐྱེར་ཕུར་གནན་པའི་ཕུར་བུར་དྲག །རྣམ་བཞིའི་འཕྲིན་ལས་བྱ་ཕྱིར་རོ། །མངག་པའི་ཕུར་བུ་མཆོག་ཕུར་དྲག །འདྲེན་ཅིང་འགུགས་པར་བྱེད་ཕྱིར་རོ། །གདབ་པར་སྣ་ལྔ་ལྕགས་ཕུར་དྲག །ཉོན་མོངས་མངོན་དུ་སྒྲལ་ཕྱིར་རོ། །དྲག་པོ་སྒྲུབ་པའི་རྗ་ས་སུ་བསག །དུག་དང་གུ་གུལ་ཉུངས་དཀར་གསུམ། །གསུར་ཆེན་༼རྭ་ཀྱི་རཡངསྐབྲག་དང་གསུམ། །ཕུར་བུ་གདུག་པའི་རྫས་སུ་བསག །རབས་ཆད་མོན་གྱི་ཐོད་པ་དང་། །ར་༩ཀྱོ་ཁྱང༽ དྲེལ་མཛོ་མོན་གྱི་ཐོད། །གནན་པ་བྱ་བའི་རྫས་སུ་བསག །གྲོག་འཁར་ས་དང་མི་ཕུང་ས། །གངས་ཀྱི་དུམ་བུ་ཇུ་ཚེའི་ཕུབ། །ར་ཐུག་ལུག་ཐུག་གཅིན་གྱིས་སྦྲུ། །ལིང་ག་བཅའ་བའི་རྫས་སུ་བསགས། ཁུན་ཆེན་གྲོ་ ག་ཤོག་ཤོག་གསུམ། །མིང་རུས་བྲི་བའི་རྫས་སུ་བསག །སྨན་དང་པྲ་བ་གཙག་ཆ་གསུམ། །རྐྱེན་ཟློག་སྨན་གྱི་རྫས་སུ་བསག །བནྟྲ་གཏོར་མ་རཀྟ་གསུམ། །མཆོད་པ་སྟོབ་པའི་རྫས་སུ་བསག །ཛ་གད་ཚེ་དང་ཚིག་བྱེད་གསུམ། །ཀུན་ཏུ་རྒྱུག་དང་གལ་ཕྱིར་ལྔ། །ཀ་ཏ་རི་དང་ཟླ་ཚེ་བདུན། །ཟླ་ཕྲོམ་ཟླ་རྒྱས་མངར་གསུམ་རྫས། །སྒྲུབ་པའི་ཚོགས་ཀྱི་རྫས་སུ་བསག །དམར་གྱི་རཀྟ་ཟོ་བ་གང་། །མ་མོ་མཁའ་འགྲོ་རྟེན་པའི་རྫས། ཁྲེས་རབ་ཅན་གྱིས་བསགས་པའི་རྫས། །མཚན་མའི་རྫས་རྣམས་ཚོགས་པ་དང་། །གཞུང་དང་མཐུན་པའི་གནས་དག་ཏུ། །གཉིས་མེད་དོན་རྟོགས་སྒྲུབ་པ་བོསབཀའ་བཞིན་བསྒྲུབས་ལ་ཚུལ་བཞིན་བྱ། །གཞུང་ལས་འབྱུང་བ་དེ་བྱས་ན། །རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། །འབྲིང་གིས་ལོ་གཅིག་བར་གྱིས་འགྲུབ། །ཐ་མ་ལོ་གསུམ་ཚུན་ཆད་ཀྱིས། །གདོན་མི་ཟ་བར་གྲུབ་པར་བཤད། །ཡན་ལག་དབང་པོ་ཉམས་ལ་སོགས། །འབྲུམ་བུ་ལྷོག་པ་རྒྱུ་གཟེར་དག །ཇི་ལྟར་དམིགས་པ་དེ་བཞིན་འོང་། །གཞན་ཡང་ཤ་དང་སེར་བ་དང་། །མི་ནད་ཕྱུགས་ཡམས་དེ་བཞིན་ནོ། །ཅེས་བརྗོད་པས།ཕྱི་རབས་ཀྱི་རྣལ་འབྱོར་པས། ལས་ཀྱི་བྱ་བའི་རྫས་དང་རྟོགས་ལ། མགོ་མ་རྨོངས་ཤིང་ལས་ཀྱི་བྱ་བ་ལ་རྟེན་ཡོད་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། རྫས་དང་རྟགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཞེ་སྡང་གི་རྒྱལ་པོ་བཛྲ་ཀི་ལ་ཡས། རྒྱལ་བར་སྤྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །འདི་སྐད་ཅེས་བརྗོད་དོ། །མི་འགྱུར་ཆོས་ཉིད་ཕྱག་རྒྱ་ལས། །མ་བཙལ་ལྷུན་རྫོགས་གསལ་བའི་རྒྱུན། ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ཡིས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །འདོད་པའི་སྤྱི་བོར་རྒྱ་མཚོར་བསྐྱིལ། །འཕྲོ་ཞིང་བསྡུས་ལ་དཀྱིལ་འཁོར་བསྐུར། །འདོད་པའི་རྣ་བར་གཞལ་ཡས་ཁང་། །རཏྣ་ཀི་ལ་ཡ་དབུས་སུའོ། །ཁྲོ་བོ་ཡབ་ཡུམ་གྱིས་སྐོར། །ཏྲ༷་རཏྣ་ཀི་ལའི་ཚོགས་མཆོག་ལ། །རཏྣ་ཀི་ལི་འཁོར་བཅས་སྤྲོ། །བསྡུས་པས་དོན་གྱི་གནས་སུ་ཐིམ། །ཏྲ༷་གསང་མཆོག་བདེ་ཆེན་མྱ་ངན་འདས། །དེ་ལ་སོགས་ཏེ་གསང་བ་ཀུན། །དོན་དུ་བརྟག་ཅིང་མཉན་པ་ལས། །ཀུན་ལ་བསྒྲགས་པར་བྱ་བ་མིན། །འདོད་པའི་སྙིང་ཁར་དེ་བཞིན་དུ། །བཛྲ་ཀི་ལ་ཡའི་ངོ་བོ་ཉིད། །འབར་བ་ཧུ༷་གི་ཚོགས་མཆོག་ལས། །ཁྲག་འཐུང་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཧྭ༷་རྒྱལ་བའི་གདུང་འཚོབ་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་ཕུར་བུ་བཟུང་། །འཇིགས་བྱེད་ཁྲོ་རྒྱལ་མཉེས་མཆོད་ལ། །གཉིས་མེད་ཁྲོ་རྒྱལ་ཀུན་དང་སྦྱོར། །འདོད་པའི་ལག་ལ་དེ་བཞིན་ཏེ། །ཀརྨ་ཀི་ལ་ཡའི་ངོ་བོ་ཉིད། །ཧ་ཡི་འབར་བའི་ཚོགས་མཆོག་ལས། །ཀརྨའི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཧ་ཁྱོད་ནི་ལས་རབ་ཀི་ལ་ཡིན། །འབར་བ་དྲི་ཡི་ཚོགས་མཆོག་ལས། །ཧྲི་ཡི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཧྲི་བྱེ་བ་བརྒྱད་བཅུ་སྒྲ་དབྱངས་ཀྱིས། །གང་འདོད་སྐྱེས་བུ་ཚིག་བར་གྱིས། །འདོད་པའི་ཡན་ལག་རྣམ་ལྔ་ལ། །འཇིགས་བྱེད་གཞལ་ཡས་དེ་བཞིན་ཏེ། །རིགས་ཀྱི་ཁྲོ་བོའི་ངོ་བོ་ཉིད། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། །ཁྲག་འཐུང་ལྔ་དང་ཁྲོ་ཕྲེང་བསྒོམ། །ཧུ༷་ཕྱོགས་བཅུ་འཇིག་རྟེན་དུས་གསུམ་དུས། །སྐུ་གསུང་ཐུགས་ཀྱི་ཕུར་བུ་བཟུང་། །ཕུར་པའི་དཀྱིལ་འཁོར་བདག་ཉིད་ཆེ། །དཀྱིལ་འཁོར་ཀུན་ཀྱི་བྱེད་ལུས་བགེགས་འདུལ་བའི། །ཇི་ལྟར་འཚམ་པ་བཞིན་དུའོ། །ཨོ་བཛྲ་ཀྲོ་ཏ་བི་ཛ་ཡ་ཨ་་་ཤིན་ཛ་སྟིང་༽ཧུ༷་ཕཊ། ཧཱུཾ་ཀ་ར་ཨ་སྟི་ཁི྅་ཧུ་ཕ།་། པད་བན་ཌ་ལི་།ཨ་ཟི་ཉི་་ཧྭ༷་ཕཊ།། དྲི་ཟ་གྲལ་བུམ་བདེན་བྲལ་དང་། །ཆུ་ལྷ་དབང་ལྡན་གནོད་སྦྱིན་དང་། །ཉི་ཟླ་ས་བདག་ཕྱོགས་མཚམས་བཅུ། །ཇི་ལྟར་འཚམ་པ་བཞིན་དུ་ཐུལ། །རྟ་དང་མ་ཧེ་ཁྱུ་མཆོག་དཇེ་། །ནིསེ་ར་།ཇིངུལ་ཟངབྱུ་སྩོག༄ས་འཁོར་ལོརྗོ་བཅས། །སློབ་དཔོན་མཉེས་ཕྱིར་བཞོན་པ་དབུལ། །པ྅་ཙ་ལི་ཀ་གོས་ཀྱི་མཆོག །གཅན་གཟན་དར་མེན་གསེར་དང་གཡུ། །བྱ་རོག་ཟོ་སྐྱོགས་གཟི་དང་རྨིཆོང་། །རྨྱིལ་མཁིར་བུ་དང་ཆུང་མ་དང་། །ལུས་དང་སྲོག་ལ་མ་ཆགས་པར། །བླ་མ་དེ་ལ་དབུལ་བར་བྱའོ། །གཞན་ཡང་དབུ་རྒྱན་ཅོད་པན་ཕྲེང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བཟའ་བཏུང་བུམ་པ་ངང་ མིང་པོ་ལ་ཧཱུཾས་དབང་ཟི་ར་ན། །དརྨི་དེ་སྐྱེན་ཆད་རྒྱལ་བའི་སྲས། །བསྣེན་པོར་གྱུར་པའི་རྩལ་འཆང་བས། །ཉོན་མོངས་ངན་སོང་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དཔལ་ཆེན་ཁྲོ་རྒྱལ་ལ་རྫི ས་སྐྲུའི ཟློཐོ་རིས་སྒྲོར་པའི་་དབཇི་པོརྗོ་ །ར། །།ལུསསམ་ཕུང་པོར་བཅས་་པ་ཡི། །རི ་འཛིནས་ལ་ ནས་པར་ ར། །རི ་འཛིནས་ལ་ ནས་པ་ཡིས། །བླ་མེདཁྲོརྒྱལ་ཆེན་པོར་ ར། །འཁོར་ཁམས་ལ། །མཉམ་རྫོགས་ཆེན་པོར་ལྷུན་བསྒོམ་ཞིང་། །བདེ་ཆེན་བྱང་ཆུབ་བསྟན་པར་གཟུང་། །བྱ་བ་མེད་ལ་ལས་བྱེད་པ། །མི་གནས་གནས་ལ་གནས་པར་བསྒོམ། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཕྱིན་ཅི་ལོག་ནི་ཡང་དག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཐམས་ཅད་ཡོན་ཏན་མཆོག་གི་གནས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །ངེས་པའི་དོན་འགྲོལ་བཞི་བཅུ་རྩ་གཉིས་སོ། །བསྡུས་པའི་དོན་ཉིད་ཡི་གེ་ཧུ༷་བཅུར་བསྡུས། །ཧུ༷་ཉིད་ཨོ་ཨ༷༷ཧུ༷་དང་གསུམ་དུ་འདུས། །གསུམ་པོ་དེ་ཡང་ཧུ༷་སྟེང་ཐིག་ལེར་འདུས། །ཐིག་ལེ་སྤྲོས་མེད་ཆོས་དབྱིངས་ངང་དུ་ཐིམ། །མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་མི་ལང་། །མི་གནས་དེ་བཞིན་གཤེགས་དང་བསམ་མི་ཁྱབ། །མ་སྐྱེས་ཆོས་ཀྱི་དབྱིངས་ཀྱང་བརྗོད་ལས་འདས། །མ་འགགས་བྱང་ཆུབ་སེམས་ནི་སྐྱེ་འཇིགས་མེད། །འགྲོ་མེད་འོང་མེད་རྣམ་པའང་མེད། །ཐུགས་རྗེའི་བྱིན་རླབས་རྣམ་པར་འཕྲོ། །དབྱིངས་ལས་དབྱིངས་འབྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །དབྱིངས་ལས་དབྱིངས་ཀྱི་ཡེ་ཤེས་འབྱོར་པས་ན། །བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་། །དོན་དམ་གཅིག་ལས་མ་གཡོས་ཀྱང་། །དོན་གྱིས་གཞལ་ཡས་དཀྱིལ་འཁོར་གཉིས། །དོན་གཉིས་མ་གོ་དྲང་པར་ཟད། །གཞལ་ཡས་རང་བཞིན་བཞི་རུ་གསལ། །ཆོས་ཉིད་རང་བཞིན་གཞལ་ཡས་དང་། །གཉིས་མེད་ཡུམ་གྱི་གཞལ་ཡས་དང་། །ཡིད་བཞིན་ལྷ་ཡི་གཞལ་ཡས་དང་། །འཇིགས་བྱེད་འབར་བའི་གཞལ་ཡས་སོ། །ཇི་ལྟར་སྣང་བའི་རྫས་དང་རྟེན། །ཡི་གེ་ར༷་གྱིས་འཕྲོ་འདུ་ལས། །ར༷་གྱིས་བསྲེགས་ལ་ ཡ༷་གིས་གཏོར། །ཡེ་ཤེས་འབར་བའི་ཁང་གིས་བཀྲུས། །རང་བཞིན་ཆོས་ཉིད་ངང་དུ་དག །འབྱུང་བ་ཤེས་རབ་ཡུམ་གྱི་དབྱིངས། །རང་བཞིན་དུས་གསུམ་འདུས་མ་བྱས། །རང་བཞིན་ཆོས་དབྱིངས་གཞལ་ཡས་སོ། །ར༷་ཡ༷་ཁ༷། ཨེ་ནི་དམིགས་མེད་དོན་གྱི་མཁའ། །ཡ༷་ལས་རྟེན་པའི་ས་བོན་བྱུང་། །བ༷་ལས་ཆུ་རྒྱུན་ནཱ་མ་ཀི །སུ༷་ལས་རིན་ཆེན་བྱེ་བ་ཡིས། །ལ༷་ལས་རིན་ཆེན་ཚོགས་གླིང་དུ། །སྒྱུ༷་ལས་ཡིད་བཞིན་གཞལ་ཡས་ཁང་། །ཏ་ལའི་སྐྱེད་ཤིང་རྩོང་རྩོང་འཁྲིལ། །ཡིད་བཞིན་རིན་ཆེན་ཁ་དོག་གསལ། །ལྔ་ལྔའི་འཇའ་མཚོན་སྤྲིན་རུམ་ལས། །རིན་ཆེན་རྒྱན་གྱིས་ཤིན་ཏུ་སྤྲས། །ཆུན་འཕྱངས་དྲིལ་བུ་ཟ་ར་ཚགས། །༼རླ་རི་བླརེ༽རྒྱལ་མཚན་འཕན་དང་གདུགས། །རིན་ཆེན་གསེར་གྱི་ཁྲི་རྐང་བཞི། །ཆགས་མེད་པདྨ་ཁ་སྟོང་རྒྱས། །དྲི་མེད་འོད་གསལ་ཉི་ཟླའི་གདན། །མི་འཇིགས་སྟོབས་དང་རྫུ་འཕྲུལ་དབང་། །འཕྲིན་ལས་ལ་སོགས་འདུས་མ་བྱས། །དཀར་དམར་སེར་དང་ལྗང་ཁུ་འཚེར། །དབྱིབས་དང་ཁ་དོག་དཔག་ལས་འདས། །ཕྱི་དང་ནང་མེད་ཕྱོགས་དང་བྲལ། །དམིགས་པར་སྣང་ཡང་དམིགས་སུ་མེད། །གཞལ་ཡས་ཡིད་བཞིན་ལྷུན་གྱིས་གྲུབ། །ཡིད་བཞིན་ལྷ་ཡི་གཞལ་ཡས་སོ། །ཨེ་ཡེ་བ༷་སུ༷་སྒྱུ༷་བི་ཤྭ་བི་ཤུསྟེ། །མཐིང་ནག་གྲུ་གསུམ་ཨེ་ཡི་ནང་། །རླུང་ནག་ཚུབ་མ་རྡོ་རྗེའི་བྲག །རཀྟ་རྒྱ་མཚོའི་ཞིང་ཆེན་གནས། །ཤ་ཆེན་ས་གཞི་ཞིང་ཆེན་གདོང་། །ཀེང་རུས་རི་རབ་ཁྲག་ཞག་ཆུ། །བརྙ་འབར་བའི་ཁ་ཏ་ལི། །བྱི་བྲུན་སྨུག་ནག་ཤིན་ཏུ་འབར། །དབང་པོའི་གསེབ་ནས་སྦྲུལ་ནག་རྒྱུ། །སྦྲུལ་གྱི་གསེབ་ནས་མེ་ལྕེ་འབར། །དཀར་དམར་སྔོ་བ་དེ་བཞིན་རྒྱུ། །མཆོག་ཆེན་ཀ་གདུང་ཞིང་ཆེན་ཕྱམ། །གནམ་ལྕགས་ཐོག་སེར་རྒྱན་རྣམས་རྫོགས། །མ་ཧེ་གླང་དང་སྟག་དང་གཟིག །གཏུམ་པ་དོམ་གྱི་སྤར་བའོ། །ཉི་ཟླ་འོད་ཀྱིས་རྒྱན་པ་དེ། །འཇིགས་བྱེད་འབར་བའི་གཞལ་ཡས་སོ། །ཨེ་ཀརྨ་རསྒ །ར་རཀྟ་ཛ་ལ། བི་ཏིག་སྣ་ཛ་ལ། ཀེང་ནི་རི་ཏི་ཛ་ལ། བྲུ༷་ཁ་ད་ལི་བྱི་བྲུ༷། རི་ཨ་དྷི་སྟི་ར་བ༷། འབྱུང་བ་ལྔ་ཉིད་ཡུམ་ཆེན་དང་། །རང་བཞིན་འདུས་མ་བྱས་པས་ཡུམ་གྱི་ཀློང་། །ས་ཆུ་མེ་རླུད་ནམ་མཁའི་རང་བཞིན་ལྔ༑ །ཡུམ་ཆེན་ལྔ་སྟེ་རང་བཞིན་གཉིས་སུ་མེད། །གཉིས་མེད་ཡུམ་གྱི་རང་བཞིན་བརྗོད་ལས་འདས། དེས་ནི་རང་བཞིན་ཏིང་འཛིན་དང་། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་བསྟན། །རང་བཞིན་དཀྱིལ་འཁོར་གདོད་ནས་དག །ཡིད་བཞིན་དཀྱིལ་འཁོར་དབུ་ལ་གསལ། །འཇིགས་བྱེད་དཀྱིལ་འཁོར་གཞལ་ཡས་ཁང་། །ཡུམ་གྱི་དཀྱིལ་འཁོར་གཉིས་སུ་མེད། །ཡང་ན་དཀྱིལ་འཁོར་དངོས་སུ་སྟེ། །མ་རིག་རྨོངས་ལ་བསྟན་ཕྱིར་ཏེ། །སེམས་ཉིད་དྲག་པོའི་དཀྱིལ་འཁོར་དེ། །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །མཐོ་གང་སོར་བཞི་གང་རུང་ཚད། །བྱས་ལ་དམ་རྫས་ཆག་ཆག་གདབ། །ཚོན་རྩི་བརླབ་ཅིང་སྲད་བུས་གདབ། །བྲི་ཞིང་ཕུར་བུ་གཞུང་བཞིན་དགོད། །ཡང་ན་ས་གཞི་རབ་སྙོམས་ལ། །འབར་བའི་དཀྱིལ་འཁོར་ཆེན་པོ་དེ། །འདོམ་གང་སོར་བཞི་ཚད་དུ་བྱ། །བྱིན་རླབས་ཐིག་གདབ་དེ་བཞིན་དུ། །སོ་སོའི་གཞུང་དང་མཐུན་བཞིན་བྲི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོས་བསྐོར། །ཐ་མ་རྡོ་རྗེ་བྲག་དང་འཁོར་ལོས་སྐོར། །བར་ཁྱམས་གཉིས་དང་སྒོ་ཁྱུད་ལྡན་པར་བྲི། །ཕུར་བུ་བནྟྲ་གསལ་བྱེད་གཏོར་མར་བཅས། །སོ་སོའི་གཞུང་ལས་འབྱུང་བ་བཞིན་དུ་དགོད། །ཧུ༷་གྲུ་གསུམ་མཐིང་ནག་གཞལ་ཡས་ཁང་། །ཟླ་གམ་དམར་པོ་དབང་གི་ཚུལ། །ཟླུམ་པོ་གྲུ་བཞི་རྒྱས་པ་སྟེ། །འབར་བའི་འཁོར་ལོ་རྩིབས་བརྒྱད་འཁྲུག །དབང་སེར་དབང་རྒྱས་མངོན་པར་བསྟན། །སྒོ་རིགས་མི་འགྱུར་མཐིང་ནག་རྟགས། །ཞེས་བརྗོད་པས། ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་སངས་རྒྱས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་དྲུག་གི་དོན་ངེས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དཔལ་ཀི་ལ་ཡས་ཚེ་མཐའ་ཡས་སུ་སྤྲུལ་ནས་འདི་སྐད་ཅེས་བརྗོད་དོ། །མྱ་ངན་འདས་ལ་བསྟན་བསྡུས་ཏེ། །ཚེ་དབང་ཆེན་པོའི་གནས་དག་ནི། །འཁོར་ལོ་གནམ་ལ་པདྨ་ས། །དབྱིབས་འདྲའི་ས་གཞི་རབ་ཏུ་བརྟག །རི་བོ་ཆེན་པོ་རབ་དབེན་ལ། །ཡིད་འོང་མེ་ཏོག་རྒྱས་པར་རྒྱས་པར་སྒྲུབ། །ཡང་ན་གདོང་གཅིག་མེ་རེག་དང་། །ལུང་གསུམ་མདོ་དང་དུར་ཁྲོད་གནས། །འབབ་ཆུ་ཆེན་པོའི་ངོགས་སུ་སྒྲུབ། །ལྷ་རྣམས་ཉེ་བར་བྱ་བ་དང་། །གདོན་རྣམས་ཞི་བར་བྱ་བ་དང་། །སྲིད་རྩེའི་ཉེས་དམིགས་བསལ་བའི་ཕྱིར། །ཕྱི་ཡི་གཏོར་མ་བཏང་ནས་ནི། །རབ་ཏུ་གསང་སྟེ་དམ་ རྫས་བསག །དུར་ཁྲོད་བདག་པོ་མ་ཏང་ནི། །བརྗིད་པའི་སྟབས་ཀྱི་གནན་པར་བྱའོ། །བྷ་ག་ཨེ་ཡི་དཀྱིལ་འཁོར་ལ། །རྡོ་རྗེ་བྲག་གིས་རབ་ཏུ་གཏམས། །ཟླ་གམ་བཞི་དང་འཁོར་ལོ་བརྒྱད། །གྲུ་བཞི་སྒོ་ཁྱུད་ལྡན་པར་བྱ། །མཆོག་ཆེན་ཕུར་བུ་རང་སྔགས་ཏེ། །སྒོ་བཞི་དག་ཏུ་རེ་རེ་གཟུགས། ཁྲོ་བོ་ཕུར་པ་མང་པོ་ཀུན། །དགྲ་ཡི་ཕྱོགས་སུ་སྤུངས་ལ་གཞག །ཡང་ན་རྫངས་དང་ཕུར་པ་ཀུན། །སྣང་བའི་འོད་དང་བཅས་པར་དགོད། །ཏིང་འཛིན་ཡེ་ཤེས་གསལ་བྱའི་ཕྱིར། །དམིགས་པའི་རྟེན་ཡང་མངོན་པར་གཞག །གཞན་ཡང་འབྲུ་ལྔ་སྙིང་པོ་ལྔ། །མངར་གསུམ་སྒྱུར་གསུམ་ཉུངས་ཀར་སྤོས། །རིན་ཆེན་བུམ་པར་བསགས་ཏེ་གཞག །ལྟ་བ་སྤྱོད་པ་མཐར་ཕྱིན་ཅིང་། །ལུང་དང་མན་ངག་ཚད་མས་བརྒྱན། །དད་པས་མི་ལྡོག་དམ་ཚིག་གནས། །བྱང་ཆུབ་སེམས་ལ་རབ་གཞོལ་ཞིང་། །བྱམས་དང་སྙིང་རྗེ་ལྡན་པས་བསྒྲུབ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །རྣམ་པར་མི་རྟོག་རྟོག་ལས་འདས། །དེ་ནི་མི་འགྱུར་བྱང་ཆུབ་སེམས། །མཁའ་ལ་དེ་བཞིན་རོལ་པའི་སྐུ། །ཨེ༷་ཡི་དཀྱིལ་འཁོར་ལ་གནས་པ་ཡི། །བདག་ཉིད་ཆེན་པོ་ཧེ་རུ་ཀའི། །ཆེ་བའི་ཡེ་ཤེས་ཁྱད་པར་ལས། །པདྨ་བཛྲ་བུརྙའི་འཁོར། །རཏྣ་ཀརྨ་འཁོར་བཅས་རྣམས། །གཞལ་ཡས་བུམ་པའི་ནང་དུ་བསྐྱེད། །པདྨ་ཀི་ལ་ཡ་ཨོ། བཛྲ་ཀི་ལ་ཡ་ཧུ༷། བུརྙ་ཀི་ལ་ཡ་ཨ། རཏྣ་ཀི་ལ་ཡ་སྭ། ཀརྨ་ཀི་ལ་ཡ་ཧ། གཞན་གྱིས་མི་ཐུབ་གཤིན་རྗེ་གཤེད། །ཧ་ཡ་སྒྲི་བ་འདོད་པའི་རྒྱལ། །བདུད་རྩི་འཁྱིལ་དང་སྟོབས་པོ་ཆེ། །མི་གཡོ་མགོན་དང་རྣམ་པར་རྒྱལ། །ཧུ༷་མཛད་ཁམས་གསུམ་རྒྱལ་བར་བསྟན། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན་བ༷་ཧུ༷། ཏིབྷ་ཙཀྲ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཧུ༷་ཀ་ར་༼གར་ཛུ་གར་ཛུ་གརྫགརྫ༽ཧུ༷་ཕཊ། བི་ཛ་ཡ་ཧ་ན་ཧ་ན་ཧུ༷་ཕཊ། ནི་ལ་༼དན་ཏ་་༽ད་ཧ་ད་ཧ་ཧུ༷་ཕཊ། ཡ་མརྙ་ཀ་པ་ཙ་པ་ཙ་ཧུ༷་ཕཊ། ཨབྱ་ཨ་ཙ་ལ་བརྙ་བརྙ་ཧུ༷་ཕཊ། ཧ་ཡ་སྒྲོ་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨ་པ་ར་ཙི་ཏ་ཏིཁྱི་ཏིཁྱི་ཧུ༷་ཕཊ། ཨ་མྲི་ཏ་ཀུན་ཌ་ལི་ཚིརྙ་ཚིརྙ་ཧུ༷་ཕཊ། ཏྲེ་ལོ་ཀྱ་བི་ཛ་ཡ་བིརྙ་བིནྟྲ་ཧུ༷་ཕཊ། མཧྭ་བ་ལ་སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། ཨེ་ཀ་ཛུ་ཞི་གསང་བའི་ཡུམ། །ཡ་མཚན་བྱིན་རླབས་ཆེན་པོ་ལས། །སྙེམས་མ་སྟག་དང་བྱ་རྒོད་མགོ །མ་ལུས་འཁོར་བཅས་འབར་བར་གྱུར། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས། །ཕོ་ཉའི་དཔུང་ཚོགས་ཉི་ཤུ་ནི། །གཅིག་ལ་ཡང་གསུམ་དྲུག་ཅུར་བསྟན། །ཐམས་ཅད་ལེན་ཅིང་འཛིན་པར་བྱེད། །དེ་ནི་རབ་ཏུ་མངག་པར་བྱའོ། །སྨེ་ཤ་ཅན་ནི་མཐུ་ཆེ་སྟེ། །བུ་མོ་ལོ་གྲངས་ཉི་ཤུ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །རྣམ་གསུམ་དག་ཏུ་ནན་ཏན་བྱ། །རིན་ཆེན་སྣ་ལྔའི་བུམ་པ་ལ། །ཛ་ཧུ༷་བ༷་ཧོ་བཞིས་བཀུག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལུས་ངག་ཡིད་ལ་བསྟིམས་པར་བྱའོ། །དྲི་ཉིད་དངོས་སམ་ཡིད་བཞིན་མཛོད། །བུམ་པའི་མཆོག་ནི་བཟང་པོ་ཡིས། །ཚེ་གཞལ་གནས་ནི་དེ་ཡིན་ཏེ། །ཡང་ནས་ཡང་དུ་དགུག་བྱས་ན། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྦ་བར་བྱའོ། །རྡོ་རྗེ་གོ་ཆས་བསྲུང་བ་ཡིས། །བརྟན་ཞིང་འཁོར་ལོས་གདབ་པར་བྱའོ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྟིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་པོ་ཚེ་དཔག་མེད་པར་སྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཟ་མ་ཏོག་དང་རིན་ཆེན་རྒྱལ། །བུམ་པ་བཟང་ལ་སོགས་པའི་ས། །གཞན་ལ་འགྲོ་བའི་དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱི་བྲི་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་ནས། །སྙིང་པོ་ལྔ་ལ་བསྟིམ་པར་བྱ། །ཕྱག་རྒྱ་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་དཀྲུགས་ཏེ། །དབང་ཕྱུག་ལྷ་ཆེན་ལ་སོགས་དང་། །བར་སྣང་བགེགས་རྣམས་རྒྱུ་བ་ལ། །དྲི་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་འབྲུ་ལ་བསྟིམས་ནས་ནི། །དེ་ནས་ཡི་གེ་འབྲུ་ལྔ་དེ། །དྲི་ཡི་གནས་ལྔར་བསྟིམ་པར་བྱའོ། །ཨོ་ཨོ་བཛྲ་ཀ་བ་བ་ཙེ། བཛྲ་རསྒ་ཧུ༷།ཨོ་སརྦ་ཏ་ཐུ་ག་ཏ་དྷི་དྷ་ཡ་ཨརྙི་ཏིཁྱི་བཛྲ་གྲྭཧྭ། །ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ། །འབྲུ་ལྔ་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ། །ཨ། ཡིད་བཞིན་བུམ་པ་རིན་པོ་ཆེ། །རྒྱན་དང་རིན་ཆེན་ཕྲེང་བ་དང་། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་ཉུངས་ཀར་ལྔ། །སྔགས་མཁན་རབ་ལྡན་བློ་བརྟན་པས། །ཡན་ལག་མ་ཉམས་སྔཊ་བཟླས་བསྒོམ། །རྒྱན་ཆས་ལྔ་དང་ལྡན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར། །དེ་ནས་རིགས་ཀྱི་བུ་མཆོག་དེས། །ཡོ་བྱད་མ་ལུས་ལྡན་བྱས་ནས། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་བྱ། །གདོད་ནས་བྱང་ཆུབ་སྙིང་པོ་ལ། །རྣམ་རྟོག་ལས་ཀྱིས་འཁོར་བ་རྣམས། །རྣལ་འབྱོར་དབང་ཕྱུག་ཐབས་མཁས་པས། །འཁོར་བའི་དྲ་བ་བཀྲོལ་ནས་ནི། །ཡབ་ཡུམ་གཉིས་མེད་མཁའ་ལ་བསྒྲལ། །བསྒྲུབ་པ་བོ་ཡི་ལས་སུ་ནི། །བརྟུལ་ཞུགས་བསྐྱེད་དེ་སྦྱོར་སྒྲོལ་བརྩམ། །དེ་དག་སྔགས་ཀྱི་དམ་ཚིག་སྟེ། །མིག་གིས་མི་བྱར་མི་རུང་ངོ་། །གལ་ཏེ་བྱས་ན་ལྟུང་བར་འགྱུར། །མ་བྱས་ན་ཡང་ལྟུང་བར་འགྱུར། །རབ་བརྟགས་བསྒོམས་ཏེ་བྱ་བར་གསུངས། །རབ་བསྐྱེད་སྤྱན་དྲངས་མཆོད་བྱས་ནས། །བསྙེན་པ་གཞུང་བཞིན་བརྩམ་པར་བྱའོ། །འབུམ་མམ་བདུན་ཕྲག་བཟླས་ནས་ནི། །མ་བཏབ་བཞིན་དུ་ལས་རྣམས་འགྲུབ། །ཉིན་མཚན་གུང་ལ་རབ་དྲངས་ནས། །གཟུགས་ལ་ཕབ་སྟེ་བཅིངས་ལ་གཞག །སྒྲུབ་པའི་ཞག་གྲངས་ཚང་བ་དང་། །མཚན་མ་བཟང་པོ་བྱུང་བ་ན། །ཏིང་འཛིན་བསར་ཏེ་རབ་ཏུ་གདབ། །མགོ་དང་ཙིསྟ་ལྟེ་བ་དང་། །གསང་གནས་ཡན་ལག་བཞི་ལ་གདབ། །བདེན་པ་བདར་ནས་ཡང་ནས་ཡང་། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་དུ། །བཅུ་གཅིག་དང་ནི་རྩ་གཅིག་གིས། །གནན་ཅིང་གཟིར་བའང་དེ་བཞིན་ནོ། །དེ་ནས་རབ་ཏུ་དངོས་གྲུབ་བླང་། །གཏོར་མ་ཚོ་གསུམ་གནས་སུ་དགྱེ། །བསྡུ་དང་སྲུང་བ་དེ་བཞིན་ཏེ། །རིགས་མི་ནུབ་པར་བསྐྱེད་པར་བྱའོ། །ཅེས་གསུངས་པས། བསྒྲལ་བས་རྟག་ཆད་གཉིས་སུ་མེད་པའི་ངང་དུ་སངས་རྒྱས་ནས་མྱ་ངན་ལས་འདས་ཏེ། སྐྱེ་མེད་ཚེའི་ངོ་བོར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཚེ་སྒྲུབ་ཅིང་གདོན་བསྒྲལ་བའི་ལེའུ་སྟེ་བཅུ་་དྲུག་པའོ།། །།དེ་ནས་ཀརྨ་ཀི་ལ་ཡས། ཁྲོ་བོའི་རྒྱལ་པོ་བརྟན་པ་ལས། ཁྲོ་བོ་རྔམ་པའི་ཚོགས་སུ་བསྒྲགས་ནས།འདི་སྐད་ཅེས་བརྗོད་དོ། །མྱ་ངན་འདས་པའི་སྙིང་པོ་ནི། །མཚན་མས་བཙལ་བ་མ་ཡིན་གྱི། །དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །མྱ་ངན་འདས་འདི་རྙེད་པར་འགྱུར། །དྲག་པོ་གཏུམ་པོ་བསྒྲུབ་པ་ནི། །གནོད་གདུག་རྣམ་གཉིས་བསྒྲལ་བའི་ཕྱིར། །ཡེ་ཤེས་འབར་བའི་འཕྲིན་ལས་བསྐུལ། ཁམས་གསུམ་དུས་གཅིག་དབང་བསྐུར་བས། །རང་འབྱུང་སྐུ་རུ་རྣམ་དག་ཅིང་། །རབ་ཏུ་སྲོག་གི་གོར་ཤར་ནས། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །མྱ་ངན་འདས་པའི་དབྱིངས་སུ་གསལ། །དུས་གཅིག་ལེབ་རྒན་འབར་བར་སྨིན། །སྙིང་ཁ་ལྕེ་སྟེང་སྤྱི་བོ་ནས། །ཡི་གེ་འབྲུ་གསུམ་འཕྲོ་འདུ་ལས། །སྐུ་གསུང་ཐུགས་སུ་བྱིན་རླབས་བསྐུར། །ཧུ༷་ཨ༷་ཨོ།རྣམ་པར་ཤེས་པ་ཡེ་ཤེས་ཚོགས། །རང་འབྱུང་ཕུར་བུ་མྱ་ངན་འདས། །སྲོག་དང་དབུགས་ཀྱི་བྱིན་བརླབས་ནི། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །གཉིས་མེད་དོན་གྱི་སྐུར་བྱུང་བ། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །སྣང་སྲིད་ཆོས་ཀྱི་དབྱིངས་ཉིད་དུ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །སྣང་སྲིད་ཕུར་བུར་ཤར་བའི་ཕྱིར། །བདག་དང་ལག་གི་མཆོག་རྣམས་ལ། །གཉིས་མེད་དབྱིངས་སུ་སྦྱར་བའི་ཕྱིར། །ཡུམ་བཞི་ཕྱག་རྒྱ་བྱིན་བརླབས་ཏེ། །ལག་ཏུ་བླངས་ཏེ་དྲིལ་ནས་ཀྱང་། ཁམས་གསུམ་སྣང་བའི་དུག་རྣམས་དེ། །དག་ པའི་ དབྱིངས་ སུ་ བསྒྲལ་ བའི་ཕྱིར། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །ཕུར་བུ་རི་རབ་ཕྱག་རྒྱ་དེ། །རྡོ་རྗེ་གཞོན་ནུ་སྐུ་གསུང་ཐུགས། །རང་འབྱུང་ཕུར་བུ་བྱིན་གྱིས་རླབས། །རབ་ཏུ་སྡུག་བསྔལ་བསལ་བར་འགྱུར། །རྡོ་རྗེ་རབ་ཏུ་ཀི་ལ་ཡ། །དངོས་པོ་དབྱིངས་སུ་བསྒྲལ་བའི་ཕྱིར། །རབ་ཏུ་གསོར་ཏེ་དྲིལ་ནས་ཀྱང་། །ཆོས་ཀུན་ཡེ་ཤེས་ཤར་བའི་ཕྱིར། །སེམས་ཀྱི་ཡུལ་ནི་རྣམ་བསྒྲལ་ཏེ། །ཡེ་ཤེས་སྐུ་ཡི་ཁྱབ་བརྡལ་ནས། །དེ་ནི་དེ་བཞིན་གཤེགས་པའི་མཐུས། །སྣང་སྲིད་ཕུར་བུར་ཤར་བས་ན། །མཁའ་ལ་དེ་བཞིན་རོལ་བའི་སྐུ། །ཆོས་དབྱིངས་ཐིག་ལེར་གསལ་བའི་ཕྱིར། །མ་ལུས་ཕུར་པ་ཐེབས་ཞེས་བྱའོ། །གཉིས་མེད་དོན་གྱི་ངོ་བོ་ལས། །རྫོགས་ནས་དུད་ཀར་གསལ་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་ཁྱད་པར་གྱིས། །ཉོན་མོངས་དུག་ལྔ་བསྒྲལ་བའི་ཕྱིར། ཁམས་གསུམ་འཁོར་བ་བསྒྲལ་བར་བྱའོ། །ཉོན་མོངས་ཡེ་ཤེས་གནས་བསྒྱུར་ཞིང་། །སྲིད་གསུམ་དབྱིངས་སུ་བཀྲུ་བའི་ཕྱིར། །དེས་ན་ཨ་ལས་རྣམ་དག་པས། །སྲིད་པ་གསུམ་དུ་གསལ་འཚེར་ནས། །བདག་དང་ཕུར་བུ་བྱང་ཆུབ་སེམས། །སེམས་ཅན་ལུས་ལ་བསྟིམ་བྱ་སྟེ། །སྤྲོ་ཞིང་བསྡུས་པས་བཀྲུས་བྱས་ནས། །འཁོར་བ་གསུམ་ནི་མྱ་ངན་འདས། །དེ་ནས་ཡུལ་སེམས་གཉིས་སུ་མེད། །གཉིས་མེད་དོན་གྱིས་ངེས་པ་ལས། །བསྐྱེད་པ་མེད་པའི་རི་རབ་ཀྱིས། །དམིགས་པ་མེད་པའི་ཆོས་དབྱིངས་ལ། །མཁའི་༼བརྟུན་ག་སྐབུང་བདེར་གཤེགས་གནས། །གཏིང་པ་མེད་པའི་དབྱིངས་དཀྱིལ་དུ། །གཡོས་པ་མེད་པའི་ཡེ་ཤེས་ཀྱིས། །ལྷ་ཡང་རུང་སྟེ་བསྒྲལ་བྱས་ནས། །སྲིད་གསུམ་ཕུར་བུ་ཐིབས་ཞེས་བྱ། །སྣང་སྲིད་སྐྱེ་འགྲོ་ཕུར་པའི་གཟུགས། །འཐོན་ནས་གཅིག་ཏུ་གྱུར་པས་ན། །ཧོ་ཞེས་རབ་ཏུ་དགའ་བ་ཡིས། ་རྐོན་ཏུ་སྙིང་པོ་འདི་བརྗོད་དོ། །ཧུ༷་རང་སེམས་མཆོག་སེམས་གསལ་ཕྱིར་དུ། །མཉམ་ཉིད་རྩལ་ལ་བདག་ཉིད་སྒྲོལ། །དེ་བཞིན་ཧུ༷་གིས་དྲངས་ནས་ཀྱང་། །ཕུར་བུ་གཟི་ལྡན་ཐོབ་གྱུར་ཅིག །གཉིས་མེད་ཆོས་སྐུར་གཅིག་པའི་ཕྱིར། །ཡུལ་དེའི་སེམས་ནི་ཧུ༷་དུ་སྣང་། །འོད་དང་འོད་ཟེར་ཕུར་བུ་ལས། །བདག་ལ་འདུས་པས་ཚེ་རུ་ཐིམ། །གཉིས་མེད་དོན་གྱིས་བསྒྲལ་བའི་ཕྱིར། །བདག་གི་རྣམ་ཤེས་ཚོགས་བརྒྱད་ནས། །གང་ཞིག་མནན་པའི་མཆོག་རྣམས་ལ། །རྡོ་རྗེ་ཕུར་བུ་མང་ཤར་བས། །དེ་ཡི་ཚོགས་བརྒྱད་དག་པར་སྤྱད། །ཁམས་གསུམ་ཆོས་ཉིད་བདར་བཅད་ཕྱིར། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། ཁྲོ་བོ་འབར་བའི་ཐུན་ཚོགས་ཀྱིས། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། ཁམས་གསུམ་མ་ལུས་བསྒྲལ་བར་འགྱུར། །རྟོག་འཛིན་མེད་པའི་དབང་ཕྱུག་དེས། །མཉམ་པའི་རྒྱལ་པོར་དབག་པ་སྒྲལ། ་རྐོན་དུ་གསལ་ནས་དགྱེས་ཏར་བྱས། །ཟ་བྱེད་ཀུན་ ལ་བསྟབས་པར་མཛོད། །ཧ་ཧ་བགྱིས་པས་དགྱེས་པར་རོལ། །ཧུ༷་ཧུ༷་བགྱིས་པས་དབང་དུ་བསྡུ། ཁ་ཁ་བགྱིས་པས་ལྷག་མ་བཞེས། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ཀྱི་དབང་འཕྲོས་པས། །ཕུང་པོ་རྡུལ་དུ་བཤིག་ནས་ཀྱང་། ་།་ཁྲག་ཁམས་གསུམ་གང་བར་དམིགས། །ཧུ༷་གིས་རབ་ཏུ་ནམ་མཁའ་གང་། །ཕཊ་ཀྱིས་ཀུན་ཏུ་གཏོར་བྱས་ཏེ། །རྡོ་རྗེ་ཡེ་ཤེས་མཚོན་གང་གིས། ཁམས་གསུམ་རབ་ཏུ་གནས་པར་འདུས། ཁམས་གསུམ་བྱང་ཆུབ་སེམས་བསྐྱེད་དེ། །འགྲོ་བ་མ་ལུས་གདོན་བྱའི་ཕྱིར། །ལྗང་ཁུ་ལས་ཀྱི་ས་བོན་དེ། །དམར་པོ་སྲོག་གི་ས་བོན་ཡིན། །མཐིང་ཀ་ཧེ་རུ་ཀ་ཡི་ཐུགས། །སྤྲོས་པས་ཐིག་ལེ་ནམ་མཁའ་ཁྱབ། །ཐམས་ཅད་འདུས་པས་ཤིན་ཏུ་བརྗིད། །གྲུབ་ནས་སེམས་ཀྱི་ཕུང་པོ་འཚོལ། ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་བའི་ཕྱིར། །སྲིད་པ་བདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །གྲུབ་མཐའ་འདི་ལ་འཇིག་མཐའ་མེད། །དེ་ནི་མི་འགྱུར་བྱང་ཆུབ་སེམས། །མྱ་ངན་འདས་པ་རྟག་པའོ། །སྒྲིབ་པ་མེད་པས་མཐའ་ཕྱིན་ཏེ། །བཙལ་དུ་མེད་པས་ཡེ་ནས་འགྲུབ། །སྣང་སྲིད་དང་ནི་འཛིན་རྟོག་རྣམས། །བསམ་པ་ལས་ཀྱང་མྱ་ངན་འདས། །འཇིག་རྟེན་ཀུན་ལས་འདས་པས་ན། །འཛིན་དང་རྟོག་དང་རྣམ་སྤངས་པའི། །བྱང་ཆུབ་སེམས་ནི་སྐད་ཅིག་མ། །ལྷན་ནེར་པོར་ཡང་བདག་ཉིད་སྦྱོར། །འཇིག་རྟེན་ཀུན་ལས་གྲུབ་པའི་རྒྱན། །མི་ནུབ་པ་ཡི་རྟགས་བཅས་ཞིང་། །རྡོ་རྗེ་སེམས་དཔའ་མཁའ་ལ་ནུབ། །ནུབ་མཐའ་མེད་པས་ཤིན་ཏུ་རྫོགས། །ཡིད་ནི་ཚོགས་པའི་སློབ་དཔོན་གྱིས། །བྱམས་དང་སྙིང་རྗེ་སྔོན་བཏང་ནས། །སྲད་པའ་ཕུར་བུ་བསྒྲུབ་པར་བྱའོ། །གོང་ག་ཕུར་བུའ་རྒྱུད་དག་ལ། །རང་ཐུང་མགོ་མཇུག་ཚད་མཉམ་སྟེ། །རྐེད་པ་རྒྱ་མདུད་དྲག་པོ་ལས། །རྩེ་མོ་ཆུ་སྲིན་ཁ་ནས་ཕྱུང་། །བཅུ་གཅིག་བདུན་གསུམ་རྩ་གཅིག་པོ། །མཁས་པས་བྱིན་གྱིས་བརླབ་པར་བྱ། །གོང་མ་དེ་དང་ཚད་གཅིག་སྟེ། །མི་བརྗེད་བཟུངས་ལ་གདགས་པར་བྱ། །དྲག་པོའི་བསྙེན་པ་དབུལ་བར་བྱ། །དཀྱིལ་འཁོར་ཡུམ་གྱི་དབྱིབས་འདྲ་ལ། །ཟླ་གསུམ་གྱིས་མཐའ་སྐོར་ཏེ། །རྫས་ལ་སོགས་པ་དགྲམ་པར་བྱ། །དབང་དྲག་འདྲེན་པའི་གཟུགས་ཅན་ལ། །བྱིན་བརླབ་དབང་བསྐུར་གཟི་བསྐྱེད་ལ། །གདན་ལ་བཞུགས་སུ་གསོལ་བ་གདབ། །བསྙེན་པ་བྱ་ཕྱིར་བསྙེན་པ་དབུལ། །མི་རྟོག་ཀུན་སྣང་རྒྱ་བསྒོམས་ཏེ། །སེམས་ཀྱི་དཀྱིལ་འཁོར་ཆགས་འགྱུར་བས། །མཐིང་ཀ་ཧུ༷་གི་འཕྲོ་འདུ་ལས། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ནི། །མི་བཟད་འབར་བའི་རྡོ་རྗེའི་སྐུ། །ཕུར་བུའི་ཁྲོ་བོ་འཁོར་གྱིས་སྐོར། །བྷ་ག་ལ་ནི་ལིང་ག་གཞག །མཚན་མ་མིང་དུ་བཅས་པར་བྱ། །ཁྲོ་བོའི་ཞལ་ནི་གང་ཡང་རུང་། །ལན་གསུམ་ལན་བདུན་རྟག་བསྒོམ་ཞིང་། །མངོན་དུ་བྱུང་བའི་ཞལ་འབར་ཏེ། །བདག་ཉིད་དཀྱིལ་འཁོར་ལྷར་གྱུར་སྟེ། །མི་བསྐྱོད་དབྱིངས་ལས་མ་གཡོས་ཀྱང་། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །མཐིང་ནག་འབར་བའི་ཛ་ཡིས་དྲངས་ཤིང་ཕཊ་ཀྱིས་བསྟིམ། །དྲོད་ཚད་རྟགས་ལ་ཕེབས་པ་དང་། །མཚན་དང་ལྡན་པའི་གཏུམ་པོ་ཡིས། །རིག་པའི་ཏིང་འཛིན་བསལ་བྱས་ནས། །དྲག་པོའི་ཕྱག་རྒྱ་བཅས་ནས་ཀྱང་། །བདུན་གསུམ་བཅད་པའི་རྩ་གཅིག་པས། །བསྐྱེད་ནས་བསྐོར་ཞིང་གནས་སུ་གདབ། ཁྲོ་རྒྱལ་མང་པོའི་ཕོ་བྲང་བཏབ། །གཟུགས་ཀྱི་ཕུང་པོ་ལྷག་མ་ལ། །མ་མོ་ཕོ་ཉ་སྒྲོལ་ཞིང་རོལ། །སྤྲུལ་པའི་ཕྲ་མེན་ཟ་ཞིང་ལྷག །ལྷུ་ཟུག་ཕྲལ་ཏེ་ཟོས་བསམས་ནས། །མཚན་མ་མིང་དུ་བསྡུས་པ་ཡང་། །ཇི་ལྟར་སྔོན་གྱི་དེ་བཞིན་དུ། །སྨོན་པའི་བྱང་ཆུབ་ལམ་དུ་གཞུག །མཚན་མའི་བག་ཆགས་དེར་སྦྱངས་སོ། །དབྱིངས་ལ་སྤྲོ་ཞིང་ཨ་ལ་བསྟིམ་མོ། །ཞེས་བརྗོད་པས། ཐམས་ཅད་ཁྲོ་བོའི་རང་བཞིན་དུ་གྱུར་པས། གདུག་པ་ཅན་ཐམས་ཅད་མྱ་ངན་ལས་འདས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁྲོ་བོ་གསང་བ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་ཀི་ལ་ཡས། ལྟ་བ་བྱང་ཆུབ་སེམས་ཀྱི་ཆོས་ཉིད། བྱང་ཆུབ་སེམས་ཀྱི་ཕུར་བུ་མྱ་ངན་ལས་འདས་ཤིང་། རང་བཞིན་བྱང་ཆུབ་སེམས་སུ་བསྒྲུབ་པར་བྱ་བའི་ཕྱིར།འདི་སྐད་བརྗོད་དོ། །གཉིས་མེད་སེམས་ཀྱི་རང་བཞིན་ནི། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། །འཛིན་རྟོག་མེད་པའི་ཕུར་པ་ལ། །དབྱིབས་དང་ཁ་དོག་མི་གནས་ན། །གཟུགས་དང་ཁ་དོག་སོ་སོ་གྲགས། །ལོ་ག་རྟོག་ཕྱིན་ཅི་འོ་ག་བཞིས་བཅིངས། །གཉིས་མེད་དོན་དུ་བྱང་ཆུབ་སེམས། །ཕོ་འགྱུར་མེད་པ་ཕུར་པའི་དོན། །མི་དམིགས་མཁའ་ཡི་ཀླེ་ང་དུ་བསྒྲུབ། །མ་བཅོས་མ་ནོར་དབྱིངས་ལས་བྱུང་། །དེ་ནི་རང་བཞིན་ལྷུན་གྲུབ་གནས། །དེ་ལས་སེམས་ཀྱི་འབྲས་བུར་ནི། །རྒྱུ་མཆོག་འབྲས་བུ་ཡི་གེ་ཧུ༷། །གཉིས་མེད་མཚོན་པའི་ལམ་བཟང་པོ། །སྲིད་པ་གསུམ་དུ་བསྡུས་ནས་ནི། ཁམས་གསུམ་ཀུན་ལས་འདས་པར་བསམ། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་པ་ཅིག །བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །སྒྲུབ་པའི་ཡེ་ཤེས་མཚོན་གང་པོ། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ནི། །སྐུ་དང་ལྡན་པར་རབ་བརྒྱན་ཅིང་། ཁམས་གསུམ་ཁྲོ་བོས་གང་བར་མརྫོད། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །སྐུ་ཡི་ཚོགས་ཀྱིས་རབ་རྒྱན་ཏེ། །ཐུགས་ན་འབར་བའི་སྲོ་ག་ཀྱང་ཞུགས། །དབུ་ལ་རྫོགས་པའི་སངས་རྒྱས་བསྲུང་། ཁྲོ་བོ་མང་པོས་གཟིར་གནན་ནས། །ཡུལ་ནི་རྣམ་པར་སྒྲོལ་བའི་ཐུགས། །སྲིད་པ་ཕུར་བུ་རྟོག་པའི་ངང་། །སྲིད་པ་གསུམ་ཡང་ཐེབས་ཅེས་བྱའོ། །དེ་ལས་ཕུར་བུ་བྱང་ཆུབ་སེམས། །རང་བྱུང་གཟུགས་མེད་ཀུན་ཁྱབ་པས། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། ཁམས་གསུམ་ཡེ་ཤེས་བསྐྱེད་ནས་ནི། །རང་བྱུང་ཡེ་ཤེས་གསལ་བའི་བའི་རྟགས། །ཕུར་བུ་ཡེ་ཤེས་ཁྲོ་བོ་ལ། །ཉི་ཟླ་རི་རབ་ཕུར་བུའི་རྒྱན། །ཤིན་ཏུ་བརྗིད་པའི་ཡེ་ཤེས་ཀྱིས། །མཁའ་གཏིང་མེད་པའི་ཕུར་བུ་ལ། ཁྲོ་བོའི་ཚོགས་ཀྱི་རབ་བརྒྱན་ཅིང་། །རང་བྱུང་ཡེ་ཤེས་ཤར་བའི་ཕྱིར། ཁམས་གསུམ་དབང་དུ་ཡང་དག་གྲུབ། ཁམས་གསུམ་གདུག་པ་བསྒྲུབ་པའི་ཕྱིར། །དག་པའི་དབྱིངས་ལས་མ་གཡོས་ཀྱང་། །ཚམ་ངམ་གཟི་བྱིན་གློག་ལྟར་འབར། ཁམས་གསུམ་རྩ་ཐག་གཅད་པའི་ཕྱིར། །མེ་དཔུང་གསུམ་གྱིས་ཁམས་སྲེག་ཅིང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སྤྱན་དྲངས་བཞུགས་གསོལ་དབྱེར་མེད་བསྟིམ། །ཉེས་བྱེད་གསུམ་གྱི་ཁམས་བསྲེགས་ནས། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་བཅས། །༼གཡུག་དབྱུག༽སྔོན་སྡེར་མོ་གཡག་དང་བྱ་རོག་བཅས། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པར་བཅས། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་༼རུ་ཏར༽བཅས། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་བཅས། །གཞན་གྱིས་མི་ཐུབ་འདའ་སྙེམས་སྤྱང་ཁུ་ཁྲ་མགོ་བཅས། །བདུད་རྩི་རླུད་འབྱིན་སེང་གེ་ཕ་བང་བཅས། ཁམས་གསུམ་གསོད་བྱེད་དྲེད་དང་སྲེ་མོ་བཅས། །མཧྭ་བ་ལ་བསྐྱོད་མ་དོམ་དང་བྱི་ལ་བཅས། །ཉེས་བྱེད་མ་ལུས་མཁའ་ལ་འདོན། །གཏི་མུག་མུན་ཁང་གཏན་ནས་བཅོམ། །ཞེ་སྡང་རྩ་མེ་རུང་དུ་སོད། །འདོད་ཆགས་རྒྱ་མཚོའི་གཏིང་ནས་སྐོམས། །ཕྲག་དོག་ཚུབ་མ་གཏམ་རྒྱུད་ཆོད། །ལྕགས་ཀྱི་གཟེ་མ་རྐང་གསུམ་གྱིས། །བསྐལ་པ་བརྒྱད་ཁྲིར་མེ་སྤར་ཏེ། །སྟོང་ཁམས་རྔམ་པའི་ལ་སྔངས་ནས། །དུག་གསུམ་སྒྲོལ་མཛད་འཕྲིན་ལས་ཀྱི། །གདུག་པའི་ཚོགས་དང་གནོད་སྦྱིན་ཆ་ལུགས་ཅན། །རྡོ་རྗེ་སྲིན་པོ་ཞལ་ནས་མཚོན་པའི་དངོས་པོ་ཀུན། །དབང་པོ་ཀུན་ཕྱུང་དོན་སྙིང་ཞལ་དུ་འདྲེན། །འགལ་བྱེད་ཚོགས་ཀྱི་སྙིང་ལ་རྔམ་པའི་ཕྱིར། །དྲག་པོའི་འཕྲིན་ལས་ཡལ་བར་མི་བཏང་ངོ་། །དྲག་པོ་བདུད་དཔུང་གཞོམ་ཞིང་ཚར་གཅོད་དང་། །བདུད་དང་མུ་སྟེགས་གཏན་ལ་དབབ་པ་དང་། །གང་ཞིག་ལོག་པར་ལྟ་བའི་དྲག་པོ་དང་། །གནོད་སྒྱིན་འབྱུང་པོ་གཏན་ནས་ཚར་བཅད་ཕྱིར། །ལོག་པར་སེམས་དང་རྣམ་པར་འཚེ་བ་རྣམས། །འཕྲིན་ལས་དྲག་པོའི་ཐུགས་རྗེས་གཏང་མི་བྱའོ། །བདག་ཉིད་ཞེ་སྡང་ཁྲོ་བོ་རྒྱལ་པོ་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་ཚུལ། །མེ་དཔུང་འབར་བའི་ནང་ན་བརྗིད་པར་བཞུགས། །མཐིང་ནག་གཅེར་བུ་རལ་པ་འབར་བ་ཅན། །ཞལ་མདོག་ཕྱོགས་བཞིར་གཟིགས་པའི་ཐུགས་ཀ་ནས། །ཧུ༷་ཧཱུཾ་ཧུ༷་ཞེས་སྒྲ་སྒྲོགས་འོད་འཕྲོ་བས། །བདག་ཉིད་ཞེ་སྡང་རྡོ་རྗེ་འབར་བའི་ཐུགས། །བདག་གིས་བྱང་ཆུབ་སེམས་གཉིས་སྔོན་བཏང་བས། །ཕྱི་ནང་མེད་པ་ནག་པོར་གྱུར་པ་ལས། །ཐུགས་ཀྱི་ཧུ༷་ལས་ཧུ༷་ཏྲི་རབ་འཕྲོས་པས། །ལྕགས་ཀྱི་གཟེ་རྐང་ཏྲི་ཏྲི་བསྒོམ། །དེ་ཡི་ཐུགས་རྗེ་རྡོ་རྗེ་དྲག་པོ་ཡིས། །དགྲ་བགེགས་དེ་ཡི་བྱད་བཞིན་གནས། །མངོན་སུམ་གསལ་ལེར་གསལ་བར་གོ།གས་དམངགས༽པ་ཡི། །རྐང་པའི་མཐིལ་དུ་ཡི་གེ་ཏི་ནག་བསམ། །ལྕགས་ཀྱི་གཟེ་མ་རྐང་པའི་མཐིལ་བཙུགས་ནས། །མཁལ་མ་མཆེར་པ་གློ་བ་སྙིང་བརྒྱུས་ནས། །སྤྱི་བོའི་གཙུག་ཏུ་༼བཏལ་ལྟེམ༽གྱིས་སོང་བར་བསམ། །ལྕགས་ཀྱི་གཟེ་མ་རྐང་གསུམ་གྱི། །ངོས་གསུམ་དུ་ནི་ཧུ༷་གསུམ་གཞག །ཟུར་གསུམ་དུ་ནི་ཕཊ་གསུམ་གཞག །རྩེ་མོ་གསུམ་ལ་ཏི་གསུམ་བསམ། །རྩེ་གསུམ་རིམ་པར་འཇུག་པར་བསམ། །དགྲ་བགེགས་ཟིལ་གྱིས་མནན་ནས་ཀྱང་། །དུག་གསུམ་རྩད་ནས་གཅོད་པར་བསམ། །ལྕགས་ཀྱི་གཟེ་མ་རྐང་གསུམ་སྟེ། །སྐུ་གསུང་ཐུགས་ཀྱི་ཁྲོ་བོ་དེ། །སྐུ་ནི་བུརྙ་ཧེ་རུ་ཀ །ཐུགས་ནི་བཛྲ་ཧེ་རུ་ཀ །གསུང་ནི་པདྨ་ཧེ་རུ་ཀའོ། །གཟེ་མའི་དབུས་སུ་དུར་ཁྲོད་ཀྱི། །གཞལ་ཡས་ཁང་ཅིག་བསམ་པར་བྱ། །དེ་ཡི་ནང་དུ་དགྲ་བོའི་གཟུགས། །བཅས་ཏེ་༼སལ་ལེ་སལེར༽གསལ་བསམ་ལ། །ལྕགས་ཀྱི་གཟེ་མ་རྐང་གསུམ་ལས། །རེ་རེ་ལས་ནི་གཟེ་མ་ཏྲི་ཏྲི་དགུས། །འཆོར་དོགས་མེད་པར་འགུགས་པར་བསམ། །ཧུ༷་ལྕགས་ཀྱི་གཟེ་མ་མགོ་དགུ་པོ། །མགོ་དགུ་རྐང་གསུམ་སྟོང་གསུམ་གང་། ཁོ༽ན་ཏུ་མི་བཟད་འཇིགས་སུ་རུང་། །འཁྲུགས་བྱེད་འབར་བའི་ང་རོ་སྒྲོགས། །ཞལ་མདོག་གཅིག་ཏུ་མ་ངེས་ཏེ། །འགྱུར་མེད་དབྱིངས་ཀྱི་ངང་དུ་དྲིལ། །ཅེས་བརྗོད་པས། ཕོ་ཉའི་ཚོགས་དེ་དག་མྱ་ངན་ལས་འདས་པའི་ངང་དུ་ཡེ་ནས་ཡིན་པའི་དོན་དེ་བཞིན་དུ་མྱ་ངན་ལས་འདས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕོ་ཉས་རྣམ་ཤེས་ཡེ་ཤེས་སུ་སྦྱང་ཞིང་མངག་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཛྲ་ཀི་ལ་ཡས། དོན་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པར། སྐུ་ཡང་ཤིན་ཏུ་དྲག་པོ་མི་བཟད་པ་དྲག་པོའི་སྐུ་འཐོན་ནས། དྲེགས་པའི་གདོན་གདུག་པ་ཅན་དྲག་པོའི་འཕྲིན་ལས་ཀྱིས་སྒྲོལ་ལ། ཕུང་པོ་འདོད་པའི་ལོངས་སྤྱོད་དུ་བསྒྲུབ་པའི་ཕྱིར། རྩ་བ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་སྟེ། འདི་སྐད་ཅེས་བརྗོད་དོ། །སྐྱེ་མེད་སེམས་ཀྱི་རང་བཞིན་ནི། །རང་བཞིན་མེད་པས་སྒྲལ་བའི་ཞིང་། །མཚན་མ་མེད་པས་གསང་བའི་རིགས། །དངོས་པོ་མེད་པས་༼རྟུབ་ཝ་༽པའི་རྫས། །རང་བཞིན་དོན་ལ་བཅོས་མེད་གཞག །དངོས་པོ་གཟུང་འཛིན་དངོས་པོར་བསྒྲལ། །མཚན་མ་རྣམ་རྟོག་ར༷་གྱིས་བསྲེག །གཏི་མུག་མུན་ཁང་ཨེ་ཡིས་སྦྱང་། །འདོད་ཆགས་རྒྱ་མཚོ་ཁ༷་གིས་བཀྲུས། །ང་རྒྱལ་བྲག་རི་ལ༷་གྱིས་ཞི། །ཕྲག་དོག་ཚུབ་མ་ཡ༷་གྱིས་བུད། །དངོས་གཞི་དུག་་སུམ་བརྩད་ནས་བཅད། །གོང་དུ་བསྟན་པའི་རྣམ་དག་ཏུ། །རྫས་དང་གཏོར་མ་དེ་བཞིན་དུ། །ཕྱི་མཚམས་བཅད་ཅིང་ལས་རྣམས་བཅོལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཆག་ཆག་གདབ་ཅིང་ས་བོན་སླན། །ཐིག་གདབ་བྲི་ཞིང་མཚོན་ཆ་དགྱེ། །དཀྱིལ་འཁོར་ཡུམ་གྱི་དབྱིབས་འདྲ་ལ། །དབུས་སུ་མཐིང་ནག་གྲུ་གསུམ་ལ། །མཐའ་མ་ལྔ་འམ་མང་པོས་བསྐོར། །རྡོ་རྗེ་བྲག་གིས་ཡོངས་སུ་བསྐོར། །ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ། །བསྐལ་པའི་མེ་འོད་འབར་བས་བསྐོར། །དེ་ཡི་ཕྱི་རིམ་ཐོད་བའི་མཁར། །གྲུ་ཆད་བཞི་དང་བར་ཁྱམས་གཉིས། །སྒོ་ཁྱུད་བཞི་དང་ནག་པོས་བསྐོར། །རྒྱན་གྱིས་བྱེ་བྲག་ཚང་བས་རྒྱན། །ལྕགས་སམ་གདུག་པའི་ཤིང་རྣམས་ལ། །ཕུར་བུའི་ཚད་དང་ལྡན་པ་རྣམས། །དེ་བཞིན་བྱིན་གྱིས་བརླབ་པར་བྱའོ། །བདུག་བརྡེག་བྱུག་ཅིང་ཅོད་པན་གདགས། །བརྙ་རློན་པ་གསུམ་པ་ལ། །ཡུམ་ཆེན་རྒྱས་འདེབས་བཞུགས་གནས་བཤམ། །སྤྲུལ་པའི་ཕུར་བུ་མང་པོ་ཀུན། །དབུས་ནས་དགོད་ཅིང་དགྲ་རུ་སྐྲུངས། །རྫས་རྣམས་འཚོགས་ནས་རིམ་བཞིན་དགོད། །ཧུ༷་དབུས་ནས་དཔལ་ཆེན་འབར་བའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ། །བདེར་གཤེགས་སངས་རྒྱས་དབུ་ལ་བརྒྱན། ཁྲག་འཐུང་རོལ་པ་མཐུ་རྩལ་སྤྲུལ། །སྤྲུལ་པའི་ཕྲ་མེན་ཕྱོགས་བཅུར་འགྱེད། །ཚོགས་ཀྱི་གདོན་ཚོགས་ཞབས་ཀྱིས་གནོན། །ཉོན་མོངས་གདུག་པ་མཁའ་ལ་སྒྲོལ། །དྲག་པོའི་འཕྲིན་ལས་དུས་ལ་བབ། ། འབར་བའི་གདན་ལ རིམ བཞིན བཞུགས། །ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷། ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷། ཧ་ཧཧཧ་ཧ། ཧཧཧ་ཧཧ། ཧེཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ་ཕཊ། དེ་བཞིན་རྫས་ཀྱི་ངོ་བོར་དགོད། །ཆོས་རྣམས་དག་པའི་རང་བཞིན་ཡང་། །ཏིང་འཛིན་གསལ་བྱེད་རྣམ་གསུམ་བསྒོམ། །ཆོས་རྣམས་མ་བཅོས་ཇི་བཞིན་ངང་། །དམིགས་མེད་དོན་དམ་བྱང་ཆུབ་སེམས། །དོན་དམ་གཉིས་མེད་རྟོག་ལས་འདས། །བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །མ་བྲལ་ངང་ལས་མ་གཡོས་ཀྱང་། །དཔག་མེད་ཡེ་ཤེས་ཆེན་པོ་ནི། །མཁའ་ལ་འཇའ་མཚོན་སྣང་བར་ལྟར། །རང་བཞིན་ཀློང་དུ་ས་ལེར་གསལ། །ནམ་མཁའི་རང་བཞིན་དྭངས་པ་ལ། །ཡོན་ཏན་ཁྱད་པར་སྣང་བ་ལྟར། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སེམས་ཀྱི་རང་བཞིན་ཧུ༷་དུ་བསྒོམ། །ཨེ་ཀརྨ་རཀྟ། བ༷། ཀེང་ར༷། བུ༷་ཁ་ཏ་ལི་བྱི་བྲུ༷། ཨ་མ་ཧྲི། ཛ་ཏ་ར་བ༷། ཧུ༷་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན་བ༷་ཧུ༷་ཕཊ།ཏིསྟ་ཙཀྲ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནི། །རྡོ་རྗེ་རླུད་ནག་རཀྟའི་རྒྱ་མཚོ་དང་། །ཤ་ཆེན་ས་གཞི་ཀེང་རུས་རི་རབ་བརྟེན། །འབྱུང་ཆེན་ལྔ་ལས་གྲུབ་པའི་གཞལ་ཡས་ནིདབྱིབས་དང་མཚན་ཉིད་སོ་སོར་མ་འདྲེས་ཀྱང་། །ཡེ་ནས་མ་བཅོས་ཡུམ་ཆེན་ལྔ་ཡི་ངང་། །བརྗོད་མེད་སྤྲོས་བྲལ་འཁོར་ལོ་རྒྱས་འདེབས་ཀློང་། །མཁའ་མཉམ་རིན་ཆེན་འབར་བའི་གཞལ་ཡས་ནི། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཁྱབ། །ཡེ་ཤེས་འབར་བའི་གཞལ་ཡས་ནི། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་༼ནང་གསལ༽། །དུར་ཁྲོད་འབར་བའི་གཞལ་ཡས་ནི། །ཞིང་ཆེན་གཅལ་བཀྲམ་མང་དུ་བྱས། །བརྙ་འབར་བའི་གཞལ་ཡས་ནི། །གནམ་ལྕགས་གཟེར་བཏབ་རྒྱན་རྣམས་རྫོགས། །གྲུ་གསུམ་འབར་བའི་གཞལ་ཡས་ནི། །ཟླ་གམ་མར་པོ་དབང་གི་ཚུལ། །ཟླུམ་པོ་གྲུ་བཞི་རྒྱས་པ་སྟེ། །འོད་ཟེར་དམར་སྨུག་སྟོང་གསུམ་གང་། །འབར་བའི་དཀྱིལ་འཁོར་ཆེན་པོ་སྲ །མཧྭ་དེ་བ་སྣི་སྣོལ་ཁ། །དྲི་ཟ་གྲུལ༷་བུམ་ཀླུ་གདོན་དང་། །གནོད་སྤྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །འཇིགས་བྱེད་རྒྱན་དུ་སྣི་སྣོལ་ཁ། །ཨོ་བཛྲ་ཀྲོ་ཏ༷་ཧུ༷་ཀ་ར་ཧུ༷་གརྫ་ཧུ༷་ཕཊ། གརྫ་གརྫ་ཧུ༷་ཕཊ། ཤ་བྱ་བྱ་ཧུ༷་ཕཊ། བཛེ་མུ་ཀ་ར་ཧེ། བཛྲ༷་ཀ་ཤ་མུ་ཀ་ཧེ། ཨོ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧུ༷།༷ཧ་ན་ཧ་ན་ཧཱུཾ་ཕཊ། ཨོ་བཛྲ་ཀྲོ་ཏ་ལ་གྱི་གེ་ཧུ༷། བཛྲ་བྱ་ཀྲི་མུ་ཁ་ཧེ། བཛྲ་ཀྲི་ཏ་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་ནི་ལ་༼ཏན་ཏྲ་དཎྜ༄ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཏྲ་ཏྲི་བྱ་ཧུ༷་ཕཊ། ཨོ་བཛྲ་སྩ་ས་མུ་ཀ་ཧེ། བཛྲ་ཏྲ་ཏ་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་༼ལྭ་མྱན་དྷ་མརྙཀ༽ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་སྟ་ན་པ་ཏི་ཧུ༷་ཕཊ། བཛྲ་ཧ་རི་མུ་ཁ་ཧེ། བཛྲ་ཧུ་ལུ་ཀ་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་ཨརུ་ཨ་ཙ་ལ་སྤྱི༷། བྷསྟོ་བྷསྟོ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏི་མུ་ལ་ཧ་ཧུ༷་ཕཊ། བཛྲ་བྱ་ཀྲི་མུ་ཁ་ཧེ། བཛྲ་པ་ཏ་ལ་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་ཧ་ཡ་སྒྲི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཛུ་ཡ་ཏི་ཧུ༷་ཕཊ། བཛྲ་ཛ་མུ་ཀ་ཧེ། བཛྲ་པ་ཤི་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་ཨཔ་ར་ཙིརྟི་ཧུ༷་ཕཊ། གོལྟོ་སྟ་སྟི་སྟ་ངཏཁྱིངཏཁྱི༽ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏིཀྟ་ཡ་ཧི་ཧུ༷་ཕཊ། བཛྲ་ཤྭ་ན་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་ཨ་མྲི་ཏ་ཀུན་དྷ་ལི་ཧུ༷། ཚིནྟྲ་ཚིནྟྲ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་བ་ཡ་བེ་ཧུ༷་ཕཊ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་ཏི་ཏི་ལ་མུ་ཁ་ཡེ། ཨོ་བཛྲ་ཀྲོ་ཏ་ཏྲི་ལོ་ཀྱ་བི་ཛ་ཡ་ཧུ༷། སྟིན་དྷ་སྟིན་དྷ་ཧྭ༷་ཕཊ། ཨོ་བཛྲ་སྟི་ར་མ་ནི་ཧུ༷་ཕཊ། ཨོ་བཛྲ་སྟ་ཤ་མུ་ཁ་ཧེ། བཛྲ་ན་ཀུ་ལ་མུ་ཁ་ཧེ། ཨོ་བཛྲ་ཀྲོ་ཏ་མཧྭ་བ་ལ་ཧུ༷། སྤྲོ་ཊ་སྒྲོ་ཊ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཙྭཚོ་དེ་ཧུ༷་ཕཊ། བཛྲ་རི་ཤི་ཀ་ཧ། བཛྲ་པུག་མུ་ཀ་སོ་ཀ་མུ་ཁ་ཧེ། མོ་བཛྲ་ཀི་ལི་ཀི་ལ་ཡ་ཨོ༷་ཨོ་ཧུ༷། སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱའོ། །འབྲུ་གསུམ་ངོ་བོས་བྱིན་བརླབས་ལ། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །བཛྲ་བ་ཤ་ཏ་ཧུ༷་ཕཊ། བཛྲ་བ་ར་བེ་ཧཱུཾ་ཕཊ། བཛྲ་ཨ་མྲི་ཏ་ཧུ༷་ཕཊ། བཛྲ་མ་ར་ན་ཧུ༷་ཕཊ། དབང་བསྐུར་བྱིན་བརླབས་དེ་བཞིན་ནོ། །མ་བཅོས་གདོད་ནས་དག་པའི་དབྱིངས་ཉིད་ལས། །མ་གཡོས་རང་བཞིན་གསལ་བའི་ཡེ་ཤེས་ཤར། །གཉིས་མེད་ཁྱབ་པར་ཆེ་བའི་སྐུ་རུ་བསྟན། །དུས་གསུམ་སྐྱེ་ཤི་མེད་པས་རྡོ་རྗེ་སྟེ། །དུས་གསུམ་འདུས་མ་བྱས་ཤིང་སྐྱེ་ཤི་མེད། །དེ་ཉིད་སྤྲོས་མེད་འཁོར་ལོ་རྒྱས་འདེབས་ཀློང་། །གཉིས་མེད་བྱང་ཆུབ་སེམས་ཀྱི་ས་བོན་ལས། །སྒྲིལ་མ་ཏཱ༷་གིས་འོད་ཟེར་ཚོགས་བཅས་ནས། །ཡུམ་གྱི་མཁའ་ལ་འཕྲོ་ཞིང་འདུས་པ་ལས། །ཕྱག་མཚན་རྡོ་རྗེ་གྱུར་ཅིང་ཧུ༷་བརྗོད་པས། །སྐུ་གསུང་ཐུགས་ཀྱི་ཁྲོ་བོས་ཕྱོགས་མཚམས་གང་། །ཡབ་ཡུམ་སྤྲུལ་པར་བཅས་ཏེ་དེ་བཞིན་ནོ། །ཧུ༷་ཆེན་དབུས་ཏྲི་དཀར་དམར་སྔོ་བའི་ཞལ། །རྡོ་རྗེ་ཐོ་བ་མདའ་གཞུ་སྐྲུ་གྲི་བསྣམས། །རྣམ་རྒྱལ་པུ་ཁྲི་ཏྲ༽སྔོ་སེར་དཀར་བའི་ཞལ། །རྡོ་རྗེ་ཏྲི་ཤུལ་དུང་ཆེན་འཁོར་ལོ་བསྣམས། །དབྱུག་སྔོན་དབུ་གསུམ་ལྗང་དམར་སྔོ་བའི་ཞལ། །རྡོ་རྗེ་དབྱུག་ཏོ་རིན་ཆེན་སྟི་ར་བསྣམས། །གཤིན་རྗེ་དབུ་གསུམ་ལྗང་ནག་སྔོ་བའི་ཞལ། །ཐོད་དབྱུག་འཁོར་ལོ་རྡོ་རྗེ་སྟི་ར་བསྣམས། །མི་གཡོ་དབུ་ཏྲི་ལྗང་སྔོན་སྨུག་པའི་ཞལ། །རྡོ་རྗེ་ཞགས་པ་གཤོལ་དང་གཏུན་ཤིང་བསྣམས། །རྟ་མགྲིན་པུ་ཁྲི་ཏྲ༽དཀར་སྔོན་དམར་བའི་ཞལ། །སྦྲུལ་ཞགས་རྡོ་རྗེ་སྤུ་གྲི་སྟིར་བསྣམས། །གཞན་གྱིས་མི་ཐུབ་༼དབུ་ཏྲི་པུཏྲ༽དཀར་དམར་སེར་བའི་ཞལ། །རྡོ་རྗེ་སྟི་ར་བནྟྲ་རྡུལ་གཡབ་བསྣམས། །བདུད་རྩི་༼དབུ་ཏྲི་པུཏྲ༽དཀར་སྔོ་སྨུག་པའི་ཞལ། །རྡོ་རྗེ་རྒྱ་གྲམ་དབྱུག་ཏོ་སྤུ་གྲི་བསྣམས། ཁམས་གསུམ་རྣམ་རྒྱལ་༼དབུ་ཏྲི་པུཏྲ༽དཀར་སྔོ་ལྗང་སེར་ཞལ། །རྡོ་རྗེ་མདའ་གཞུ་དུང་དམར་སྟི་ར་བསྣམས། །སྟོབས་ཆེན་དབུ་གསུམ་དཀར་དམར་དུད་ཀའི་ཞལ། །རྡོ་རྗེ་ཞགས་པ་གཤོལ་དང་གཏུན་ཤིང་བསྣམས། །སྒྲ་འབྱིན་རྣམ་སྙེམས་རྡོ་རྗེ་སྡེར་མོ་ཏྲི། །དུརཁྲོད་གཏུན་ཁུང་རྡོ་རྗེ་གསུམ་མོ་རྟུག །མདའ་སྙེམས་རླུད་འབྱིན་རྡོ་རྗེ་བསོད་མ་རྐུ། །ཤཱསྐྱོད་་ང ༽ཆེན་ལ་སོགས་རྒྱན་ མས་དེ་བཞིན་དེ། །ཞལ་མདོག་དེ་བཞིན་ ཡས་ན་དྲིལ་བུ་བ མས། ། ཡོན་གྱི་དེ་བཞིན་ ང་ཆེན་་བ་པར་མཛད། །ཕ ་དང་སྨིག་བུ་ ་དང་བྱ་་ད་མ་ །གཡག་དང་བྱ་རོག་ཤྭ་བ་འུག་པ་དང་། ། ཟི ་དང་ཁྭ་དང་བྱི་ལ་པུ་ཤུད་དང་། །སྤྱང་མོ་ཁྲ་དང་སེང་གེ་ཕ་བང་དང་། །དྲེད་དང་སྲེ་མོང་དོམ་དང་བྱི་༼བར་ལར༽ བཅས། །རྒྱན་དང་མདོག་ནི་ཡབ་ཀྱི་ངོ་བོ་སྟེ། །ཕྱག་མཚན་ཡབ་ཀྱིས་ཉིད་ཀྱི་རྟགས་སུ་སྟེར། །སྤྲུལ་པའི་དོན་གྱིས་རྟགས་ཀྱི་ངོ་བོར་སྣང་། །གཙོ་བོ་ཐུགས་ཀྱི་ཡེ་ཤེས་རྣམ་བཞི་ཡིས། །མ་རིག་རྨོངས་པས་བཅིངས་པའི་སེམས་ཅན་རྣམས། །དོན་དམ་གཉིས་མེད་ངང་དུ་བསྒྲལ་བ་དང་། །སྐྱེ་ཤི་རྩད་གཅོད་གཅོད་ན་ཧུ༷་ཀ་ར། །འཁོར་ལོ་རྒྱས་འདེབས་རང་བཞིན་འདུས་མ་བྱས། །དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ལས། །གཉིས་མེད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར། །སྐྱེ་ཤི་མེད་པའི་དོན་གྱི་སྒྲ་འབྱིན་མ། །བསྐྱེད་པའི་ཡེ་ཤེས་ས་རྣམས་དུས་གཅིག་སྒྲོལ། །ཐུགས་རྗེ་ཤུགས་ཀྱིས་འགྲོ་བའི་གནས་ནས་སྤོར། །ཐབས་དང་ཤེས་རབ་བསྐྱེད་པས་མཐའ་གཉིས་སྤོངས། །དེ་ཕྱིར་ཧུ༷་མཛད་གཉིས་མཇད་གཤའ་ཡ་བྱ། །ཧུ༷་ཆེན་ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས། །སྤྲུལ་པ་ཡང་སྤྲུལ་ཚོགས་བཅས་དེ་བཞིན་ནོ། །ལྷག་མཐོང་ཡེ་ཤེས་ཆོས་དབྱིངས་སླན་གྱིས་རྒྱན། །ཐུགས་རྗེ་སྨོན་ལམ་འཁོར་བ་མཐར་ཐུག་རྨོངས། །རྟོག་འཇོམས་རྫས་ལ་༼རྩང་སྨེ་གཙངརྨ༽མེད་པར་རོལ། །དེ་ཕྱིར་མྱོས་བྱེད་ཕྲ་མེན་མུ་ཀར་ཧེ། །འཇུག་པ་རང་དབང་མེད་པར་གཉིད་ལོག་ནས། །བསམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཅིང་། །བསྟན་པའི་ཆོས་སྒྲོགས་ལོག་ལྟ་མྱོས་བྱེད་པ། །ཐམས་ཅད་མྱོས་བྱེད་ཕྲ་མེན་༼གཤའ་ཤཱན༄པུ་ཁ་ཧེ། ཁྲོ་རྒྱལ་ཡེ་ཤེས་མེ་ལོང་ལྟ་བུ་ཡིས། །ཆོས་རྣམས་རང་བཞིན་མེད་པར་ཡེ་ནས་རྟོགས། །མཐའ་གཉིས་མ་སྤངས་རྒྱལ་བའི་རྒྱལ་མཚན་བཙུགས། །དེ་དག་དོན་ལས་རྒྱལ་བས་རྣམ་པར་རྒྱལ། །ཡེ་ཤེས་ཐུགས་རྗེས་ཟིན་པས་བསམ་མི་ཁྱབ། །ཐུགས་རྗེ་ཤེས་པས་ཟིན་པས་སྲིད་ལས་འདས། །གཉིས་ལས་མི་གནས་མཐའ་བྲལ་དབུ་མར་བསྟན། །འདོད་པའི་རྒྱལ་པོ་མཉེས་མཛད་ལས་སེང་གེ །སྡུག་བསྔལ་ཐུགས་རྗེས་མི་བཟོད་བཟོད་ལས་འདས། །ཡལ་བར་མི་གཏོང་བརྩོན་འགྲུས་ཤུགས་ཀྱིས་བརྟུལ། །གདོད་ནས་དོན་མཛད་འཁོར་བ་མཐར་ཐུག་སྒྲོལ། །དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱ་ཀྲི་མ། །ཡིད་གཡོ་ལས་ཅན་སེམས་པ་བསྒྱུར་བ་ནི། །ཡེ་ཤེས་དབང་གིས་ལས་ཅན་ཐུགས་རྗེས་གཡོ། །དོན་མཛད་ཡེ་ཤེས་འོད་འབྱུང་དབྱིངས་སུ་མཁྱེན། །དེ་ཕྱིར་ཁྲིམས་ལྡན་མ་ཡི་ཀྲི་ཏ་མ། ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཆེན་པོ་སྟེ། །འཁོར་བའི་བག་ཆགས་ཉེར་ལེན་འཇོམས་པར་བྱེད། །ང་རྒྱལ་དྲེགས་པའི་ཉོན་མོངས་དེ། །འགྱུར་མེད་ངང་ལ་གཡོས་པ་མེད་པས་ན། །དེ་ཕྱིར་ཡེ་ཤེས་དབྱེར་མེད་དབྱུག་སྔོན་ཅན། །རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད་འཛིན། །ཐུགས་རྗེ་ལྕགས་ཀྱུ་འཁོར་བའི་མི་གཏོང་ཞིང་། །ཤེས་རབ་ཐབས་ལྡན་ལྕགས་ཀྱུས་འཛིན་པར་བྱེད། །གཙོ་བོ་དབྱུག་སྔོན་མཉེས་མཛད་ཏྲ་ཏྲི་བྱ། །སྡང་མིག་ཐུགས་རྗེས་མི་འདུལ་ཞེ་ལ་གནོན། །མཐུ་རྩལ་རྔམ་བརྗིད་འགྱུར་མེད་བདུད་དཔུང་འཇོམས། །ཚམ་རྔམས་རལ་བསིགས་གདངས་སྒྲས་འཇིག་རྟེན་འགེངས། །དེ་ཕྱིར་འགྱུར་མེད་ཕྲ་མེན་ཙ་ས་ར བསམ་པའི་དངོས་པོ་འདོད་ལ་འདུན་པ་ནི། །དབྱིངས་ཉིད་མཉམ་པས་མཁྱེན་པ་ཡེ་ཤེས་ཟ། །ཐུགས་རྗེ་འདུས་པས་འཁོར་བའི་བག་ཆགས་ཟ། །དེ་ཕྱིར་ཟ་བྱེད་ཏྲ་ཏྲི་མུ་ཁ་ཧེ། ཁྲོ་བདག་ཡེ་ཤེས་མཉམ་པའི་རྒྱལ་པོ་ཡིསའཆི་བདག་བདུད་པོ་གཤིན་རྗེ་ཚར་གཅོད་ཅིང་། །དེ་ཡི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར། །དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡེ་ཤེས་མཚན་སྡུད་ཐུགས་རྗེས་འཁྲོད་འབྱུང་ཞིང་། །སྤྲུལ་པས་འགྲོ་སྒྲོལ་སྐུ་དང་ཡེ་ཤེས་འབྱུང་། ཁེས་སྙིང་མ་སྐྱེས་དབུ་མར་རིག་པ་སྟེ། །སྟ་ན་པ་ཏིས་ཁྲོ་རྒྱལ་གཤིན་རྗེ་བརྙེས། །རྟོག་པའི་དགྲ་སྤངས་དྲན་པའི་དགོན་པར་གནས། །འཁྲུལ་སྐྱོན་དྲི་མ་ཤེས་བཞིན་རྫི་ཚོར་ཡང་། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེས་འཇུག །དེ་ཕྱིར་འཇུག་བྱེད་ཧ་རི་མུ་ཁ་ཧེ། །དམིགས་པའི་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་རྟོགས་དྲན་པས་ཉིན་མོ་ཉལ། །འགྲོ་ལྡོང་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡང་། །ཡེ་ཤེས་ཐུགས་རྗེས་དྲངས་པ་ཧུ་ལུ་ཀ །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་མཐར་མི་གཡོ། །དེ་ཡི་རང་བཞིན་གང་ཡིན་དབྱེར་མེད་པ། །དངོས་པོ་མ་ཁྲོ་རང་བཞིན་དོན་གྱིས་ཁྱབ། །ཀུན་ལ་ཁྱབ་པའི་ཕྱིར་ན་མི་གཡོ་མགོན། །དབྱིངས་སུ་མཚན་མ་ཐབས་ཀྱིས་ཐོ་བས་བརྡུང་། །ཐུགས་རྗེ་སེམས་ཅན་འཕྲིན་ལས་མཚན་མས་འཇོམས། །རྨོངས་པ་ཡེ་ཤེས་སྙིང་རྗེ་མི་སྟོང་པས། །མི་གཡོ་མགོན་པོ་མཉེས་མཛད་མུ་ལ་ཧ། །ཆོས་དབྱིངས་རྣམས་ལ་རྟོག་པའི་སྐྱོན་སེལ་ཞིང་། །ཐུགས་རྗེ་སྐྲུ་རིས་སྤྲུལ་པ་བསམ་མི་ཁྱབ། །དུག་གསུམ་བརླག་ཕྱིར་ཤ་རུས་ཁྲག་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་བྱ་ཀྲི་མ། །བརྟག་པའི་དངོས་ལ་རྩེ་གཅིག་ཏིང་འཛིན་འགྱུར། །མཉམ་ཉིད་མཐུ་རྩལ་དབྱིངས་ལས་མི་གཡོ་བས། །རྟོག་པའི་སྤྱོད་ཡུལ་བྲལ་བས་མི་མཐོང་སྟེ། །དེ་ཕྱིར་ཕྲ་མེན་མགྱོགས་བྱེད་བེ་ཏ་ལི། ཁྲོ་བདག་རྣམ་པར་མ་རྟོག་ཐུགས་ཀྱི་ཡེ་ཤེས་ཀྱི། །དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །མྱ་ངན་འདས་དང་འཁོར་བའི་ཆོས་ཐམས་ཅད། །དེ་ཡི་རང་བཞིན་མ་འདྲེས་པར་འདུས་པས། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །རྡོ་རྗེ་གཏུམ་མོས་མཚན་མའི་དངོས་པོ་འཇོམས། །ཡེ་ཤེས་རྔམ་ཚུལ་སྲིད་པ་ཐལ་བར་རློག །དེ་ཉིད་མི་རྟག་མཐའ་བྲལ་དབུ་མར་བསྡིགས། ། ཧ་ཡ་སྒྲི་བ་མཉེས་མཛད་ཛ་ཡ་ཏི། །ཡང་བག་ཟོན་ཆགས་འགྲོ་དོན་ཐབས་དང་ལྡན། །མི་འདུལ་ཟིལ་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལས་མི་འདའ་བརྩོན་འགྲུས་ཤུགས་དང་ལྡན། །དེ་ཕྱིར་མཁས་བརྩོན་མཛད་པའི་ཛ་ལ་མུ་ཀ །ལས་དང་འབྲས་བུ་བདེན་ལ་ཡིད་ཆེས་དད་པར་འགྱུར། །ཉམ་ང་བུ་རྣམས་ཐུགས་ཀྱིས་མགྱོགས། །ཞི་གནས་སྤྱན་གྱིས་ལྷག་མཐོང་བགྲོད་ཚེགས་ཆུང་། །དེ་ཕྱིར་མགྱོགས་བྱེད་ཕྲ་མེན་པ་ཤི་མ་ཀ །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཚད་མེད་པས། །དབྱིངས་ཀྱི་དོན་ལ་མཚན་མས་ཡོང་མི་ཐུབ། །བདུད་དང་སྲིན་པོས་ཐུབ་པ་ཤིན་ཏུ་དཀའ། །རང་བཞིན་གང་ཡིན་གཞན་གྱི་མི་ཐུབ་པ། །ཕྲ་བས་དབྱིངས་ཉིད་འབིགས་པའི་ཡེ་ཤེས་འཕེན། །དབྱིངས་ལ་ཡེ་ཤེས་གནད་དུ་ཐུགས་རྗེའི་བདག །མ་རྨོངས་འཁྱོགས་དབུ་ཆེན་པོའི་དོན་སྟོན་པ། །གཞན་གྱིས་མི་ཐུབ་མཉེས་མཛད་ཤ་ཡི་ཧི། །དབྱིངས་ལ་ཡེ་ཤེས་ཞུགས་པས་ཤེས་བྱ་ཟ། །དབྱིངས་ཉིད་ཤེས་པར་ཞུགས་པས་ཉོན་མོངས་ཟ། །གཉིས་མེད་ཡེ་ཤེས་ཐུགས་རྗེས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་ཤྭ་ན་མུ་ཁ་ཧེ། །ཡེ་ཤེས་ཐུགས་རྗེས་ཆོས་ཀྱི་དབྱིངས་ལ་འཛིན། །ལྷག་མཐོང་ཡེ་ཤེས་དབྱིངས་ལ་མཉམ་འགྱུར་འཛིན། །ཞི་གནས་ཆེ་བས་འཛིན་པས་མི་འཕྲོགས་ཏེ། །དེ་ཕྱིར་འཛིན་པའི་མན་ཙ་ཏ་མུ་ཀ་ཧེ། ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཡེ་ནས་འགྲུབ། །བྱ་བ་གྲུབ་པའི་ཡེ་ཤེས་ཆོས་དབྱིངས་སུ། །འཁོར་བའི་ཆོས་ཅན་བདུད་དང་འདྲ་བ་ལ། །ཡེ་ཤེས་ཐུགས་ཀྱིས་སྨན་གྱི་རྩི་བཏང་ཞིང་། །ཡེ་ཤེས་ཀུན་ལ་ཁྱབ་པའི་དབྱིངས་སུ་འཁྱིལ། །དེ་ཕྱིར་ཁྲོ་བོ་རྒྱལ་པོ་བདུད་རྩི་འཁྱིལ། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །དབྱིངས་ཉིད་རིག་པ་ཡེ་ཤེས་དབྱིངས་ལ་ཉན་པའི་སྒྲ། །དེ་ལས་བསྟན་པ་གསུང་གི་སྒྲ་འབྱིན་པ། །བདུད་རྩི་འཁྱིལ་པ་མཉེས་མཛད་པ་ཡ་བེ། །རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། །འཕྲིན་ལས་རྩལ་གྱི་བདུད་དཔུང་ཐམས་ཅད་འཇོམས། །སྟོང་ཉིད་སྒྲ་སྒྲོགས་མུ་སྟེགས་ཝ་ཚོགས་འཇོམས། །དེ་ཕྱིར་རྩལ་འཕགས་འཇོམས་བྱེད་སེང་ཧ་མ། །འདྲིས་པའི་དངོས་པོ་མ་བརྗེད་དྲན་པར་འགྱུར། ། དབྱིངས་དང་ཡེ་ཤེས་གཉིས་མེད་མ་བརྗེད་དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །དེ་ཕྱིར་སྒྲོན་མའི་ཕྲ་མེན་ཏི་ཏི་ལ། ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཆེན་པོ་དེས། །དུས་གསུམ་མི་འགྱུར་སེམས་ཀྱི་རང་བཞིན་ནི། །གཉིས་མེད་ཆོས་ཀྱི་དབྱིངས་སུ་རབ་རྟོགས་པས། ཁམས་གསུམ་མྱ་ངན་འདས་པའི་ངང་དུ་རྒྱལ། །དེ་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བར་བསྟན། །བདག་ཏུ་རྟོག་པའི་མཚན་མ་ཀུན་འཇོམས་ཤིང་། །ཟ་བྱེད་མཆེད་པས་སྐྱེ་ཤི་རྩ་བ་གཅོད། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པས།ཁམས་གསུམ་རྣམ་པར་རྒྱལ་མཛད་སྟི་ར་མ། །དབྱིངས་ལ་ཡེ་ཤེས་ཤར་ཅིག་ཐུགས་རྗེ་སྨི། །་ལྷེག་མངཐང༽ནག་ཆེན་པོ་དྲག་པོའི་སྐུ་སྟོན་པ། །ཐུགས་རྗེའི་མངའ་བདག་མ་འཁྱོགས་དབྱིངས་སུ་མཁྱེན། །དེ་ཕྱིར་མི་བྱེད་ཕྲ་མེན་ཏ་ཤ་མུ། །ཆོས་རྣམས་བྱེད་པ་མེད་པར་གྱུར་པ་ནི། །མཉམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཅིང་། །རིག་པ་བསྐྱེད་ཕྱིར་སེམས་ཉིད་ཐེ་ཚོམ་ཞུསྣྲོ་གཅོད༽། །དེ་ཕྱིར་གསོ་བྱེད་ཕྲ་མེན་ནི་གུ་ལ། ཁྲོ་བོ་ཡེ་ཤེས་ཐུགས་རྗེ་རྣམ་དག་པས། །ཐམས་ཅད་དབྱེར་མེད་དབྱིངས་ཀྱི་ངང་དུ་སྟོབས། །མཐའ་གཉིས་ཟིལ་གྱིས་གནོན་པས་བརྗོད་དུ་མེད། །གཉིས་མེད་དོན་གྱི་ངོ་བོ་སྟོབས་པོ་ཆེ། །ཐུགས་དམ་དབང་གི་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་གནས་ནས་འདྲེན། །གཉིས་མེད་མཆོད་དབུལ་དབུ་མའི་དགྱེས་པ་སྟོབས། །མཧྭ་བ་ལ་མཛད་བཙུན་དེ་མུ་ཧུ༷། །ལྷག་མཐོང་ཡེ་ཤེས་སྟོབས་ཀྱི་མཐའ་གཉིས་གནན། །ཚམས་རྔམ་རལ་གསིགས་གདངས་སྒྲ་སྟོང་ཏྲི་འགེངས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་དང་ལྡན། །དེ་ཕྱིར་སྟོབས་ལྡན་ཕྲ་མེན་རི་ཤི་ཀ །ཏྲི་འདུས་གཅོད་པ་རིགས་པར་གྱུར་པ་ནི། །འཕྲིན་ལས་བྱེ་བྲག་མང་པོར་ཅིར་ཡང་མཛད། །ཕྱག་རྒྱ་བཞི་ནི་མ་སྐྱེས་དབྱིངས་སུ་མཁྱེན། །དེ་ཕྱིར་འཕྲོག་བྱེད་ཕྲ་མེན་སོ་ཀ་མུ། །འཁོར་བ་རྡོ་རྗེས་བསྐྱོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེ་བརྗོད་པས་མྱ་ངན་འདས། །བརྗོད་མེད་བརྗོད་བྲལ་དོན་ཕྱིར་ཚིག་དང་བྲལ། །དེ་ཕྱིར་བརྗོད་མེད་བཛྲ་པ་ཤ་ཏ། །ཆོས་ཉིད་རྡོ་རྗེ་བསམ་པས་མཚན་མའི་དངོས་པོ་འཇོམས། །ཡེ་ཤེས་རྡོ་རྗེ་གཟུང་འཛིན་རྟོག་པ་བསྲེག །ཕྱག་མཚན་རྡོ་རྗེས་དྲག་པོ་ལྷ་བདུད་འཇོམས། །དེ་ཕྱིར་དོན་ལ་བསྐྱོད་པས་བཛྲ་བེ་ཡ། །འཆི་མེད་བདུད་རྩི་ཡུལ་སེམས་སྐྱེ་འགག་མེད། །དེ་ཉིད་དོན་རྟོགས་ཡེ་ཤེས་ཐུགས་རྗེ་འབྱུང་། །གཉིས་མེད་བདུད་རྩིས་འགྲོ་བའི་སྡུག་བསྔལ་སེལ། །དེ་ཕྱིར་རྩི་མཆོག་ཡེ་ཤེས་ཨ་མྲི་ཏ། །ཡེ་ཤེས་སྤྲོས་མེད་ཡོན་ཏན་རྒྱ་མཚོ་འགྲུབ། །ཐུགས་རྗེས་འཕྲོག་ཅིང་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེ་མཉམ་ཉིད་དབྱིངས་སུ་བསྡུད། །དེ་ཕྱིར་ཕྲ་མེད་རླག་བྱེད་མ་ར་ན། །ཆོ་ག་རྣམ་གསུམ་ལས་ཀྱི་འཕྲོ་འདུ་ལས། །སྐུ་བསྐྱེད་གསལ་བའི་བྱིན་རླབས་དབང་བསྐུར་ནས། །དོན་གྱི་དཀྱིལ་འཁོར་ཉིད་ཀྱི་རྒྱན་དུ་བྱས། །སྣང་སྲིད་དོན་གྱི་ངང་དུ་རང་སྣང་བས། །སྣང་སྲིད་ལས་ཀྱི་དཀྱིལ་འཁོར་བདག་གིས་བསྐྱེད། །ཅེས་བརྗོད་པས་ཇི་ལྟར་སྣང་ཞིང་སྲིད་པ་ཐམས་ཅད་དཔལ་ཁྲག་འཐུང་གིས་རང་བཞིན་དུ་མྱ་ངན་ལས་འདས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དྲག་པོ་ལས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་ལས་ཀྱི་དཀྱིལ་འཁོར་གྱི་བདག་བྱ་བའི་ཕྱིར། དྲག་པོའི་འཕྲིན་ལས་སུ་བདག་བྱ་ཞིང་དངོས་གྲུབ་ནོད་པ་དང་། ཚད་མེད་པ་བཞིས་འགྲོ་བ་མ་རིག་པའི་དོན་དུ། དྲག་པོ་གཏུམ་ཁྲོའི་འཕྲིན་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པའི་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་འགྱུར་ཞིང་། །ཕྱག་རྒྱ་ཆེན་པོར་བདག་བསྐྱེད་ཅིག །འགྲོ་རྣམས་ཇི་ལྟར་འདུལ་བ་ལ། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །མ་བཅོས་ཐིག་ལེ་ཆོས་དབྱིངས་ན། །སྲིད་པ་ཏྲི་་ཉི་ཡངས༽བསྡུས་པ་ཀུན། །ཐུགས་ཀྱི་ཡེ་ཤེས་ཕུར་བུ་ཡིས། ཁམས་སུ་བདར་ཤ་བཅད་པ་དང་། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བསླང་བའི་ཕྱིར། །མ་བཅོས་ཐིག་ལེ་ཆོས་དབྱིངས་ནས། །འགྱུར་མེད་སྐུ་ཞིག་གནས་པ་སྟེ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །ཉོན་མོངས་གདུག་པ་བསྒྲལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །འཕྲོ་འདུ་ལས་ཀྱི་འཁོར་ལོ་འདིར། །རྟགས་དང་མཚན་མ་བསྟན་པ་དང་། །ཉོན་མོངས་ཕུང་པོ་བསྒྲལ་བ་དང་། །རྣམ་ཤེས་ཧུ༷་དུ་གདོན་པའི་ཕྱིར། །ཀི་ལ་ཡ་ཡི་དངོས་གྲུབ་གསོལ། །དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །གནོད་༼སྡུགགདུག༽རྣམགཉིསབསྒྲལ་བའི་ཕྱིར། །གོང་གི་ཕོ་ཉ་མང་པོ་དེས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །གང་དམིགས་གནས་ནས་བཀུག་པར་བསམ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་སྲ །རྣལ་འབྱོར་ཀུན་གྱི་ལས་བྱའོ། ཁས་བླངས་དམ་བཅས་ཇི་བཞིན་དུ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །གཉིས་མེད་དོན་དུ་བསྒྲུབ་པ་ནི། ཁམས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣལ་འབྱོར་རྣམས་ལ་ནི། །གནོད་༼པའི་ཅངང༽གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཕོ་ཉའི་བྱིན་བརླབས་ཀྱིས། །ལྕགས་ཀྱི་གཟེར་རྒོད་སྐར་ལྟར་འཁྲུག །སྤྲུལ་པ་ཕྱག་བརྙན་གློག་བཞིན་འགྱུ། །མ་མོ་མཁའ་འགྲོ་ཁུ་ལྟར་འཇུམས། ཁྲོ་བོ་མང་པོ་ཐོག་ལྟར་འབེབས། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། ཁྲོ་ཚོགས་འབར་བའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །རྣམ་ཤེས་ཧུ༷་དུ་རབ་བསྐྱེད་ཅིང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཕོ་ཉ་མང་པོ་འཕྲོས་པ་ཡིས། །གནས་ནས་ཁུག་ལ་ཟིལ་གྱིས་གནོན། །ཨོ་ལ༷་ཧུ༷་ལ༷། སྟ༷་པ་ནན། མོ་ཧ་གྭ་ཡ་བ་ག་བན་ཤི་ཀྲི་སྦྱིག་ཀྲི། སྙིང་པོ་སྔགས་ཀྱི་བཀུག་པ་དེ། །རི་རབ་འོག་ཏུ་ཟིལ་གྱིས་གནན། །མིང་དང་མཚན་མར་བཅས་པ་དེ། ཁྲག་འཐུང་ཡབ་ཡུམ་ཞལ་དུ་བསྟབ། །གཉིས་མེད་སྦྱོར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །རྣམ་ཤེས་དབང་པོ་གཟུགས་ལ་བསྡུས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དང་། །དྲིལ་བུའི་ཕྱག་རྒྱ་བཞི་བཅས་ལ། །བསྡུས་པའི་སྙིང་པོ་འདི་བརྗོད་ཅིང་། །དབང་པོས་མངོན་དུ་འཐོར་བར་བསམ། །བྲི་ཀྲིན་ཨ་ན་ཡ་ཧུ༷་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། ཧ་ས་ར་ཡ་ཧ་ཏ་ན་ཧུ༷་ཕཊ། ༼ཛ་ཛ༽ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧུ༷་ཕཊ། སྟིན་དྷ་སྟིན་དྷ་ཧུ༷་ཕཊ།ཅེས་བརྗོད་པས་ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས། ཉོན་མོངས་པའི་སེམས་གཟུགས་ལ་བསྡུས་པས། བདག་གི་དབང་པོ་མངོན་སུམ་དུ་མཐོང་ནས། རྣམ་པར་ཤེས་པའི་སེམས་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་རོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། གཟུགས་ལ་རྣམ་ཤེས་དབབ་ཅིང་བསྡུ་བའི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་ཀི་ལ་ཡས་དྲག་པོའི་སྔགས་དང་ཁྲོ་ཚོགས་ཀྱིས་ཕུར་པས་གདབ་ཅིང་བསྒྲལ་བའི་ཕྱིར། སྡང་བ་ཞེ་ལ་བཞག་རྗེས་ཉོན་མོངས་པའི་ཞེ་སྡང་གཏིང་ནས་གཡོས་ནས། ཤིན་ཏུ་གདུག་པའི་ང་རོ་དང་གང་སྒྲས་དྲག་པོའི་འཕྲིན་ལས་ཀྱི་གཏུམ་ཚིག་ཏུ་འདི་སྐད་བརྗོད་དོ། །ཧུ༷་དྲག་པོ་འབར་བའི་དཀྱིལ་འཁོར་འདིར། །གཏུམ་རྔམ་འཁྲུག་པའི་ངོ་བོ་ལས། །ཕོ་ཉ་ཕྱག་བརྙན་ཚོགས་བཅས་ཀྱིས། །རྣམ་ཤེས་གཟུགས་ལ་བསྡུས་པ་དེ། །ཉོན་མོངས་འབྲས་བུ་འཕེལ་བྱེད་པ། །ཐབས་ཀྱིས་འདུལ་བའི་སྐལ་མིན་པས། །དམིགས་ཀྱིས་མངོན་དུ་བསྒྲལ་བར་བྱའོ། །མཐིང་ནག་ཅོད་པན་ཕུར་པ་ལ། ཁྲོ་བོའི་ཚོགས་སུ་དེ་བཞིན་དུ། །བདུག་བརྡེག་བྱུགས་ལ་བརླབ་ཅིང་བསྐུར། །སླན་ན་ལན་གསུམ་སྐུ་གསུང་ཐུགས། ཁམས་གསུམ་ཕུར་པས་དུས་ཅིག་བསྒྲལ། །དང་ལ་ཕོ་ཉའི་ཕུར་པས་གདབ། །དེ་ནས་སྔགས་དང་ཏིང་ངེ་འཛིན། །ཐབས་དང་དགོས་ཆེད་ལྔ་རུ་ཡོད། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དེ་བཞིན་ཏེ། །དབུས་ནས་ཕུར་པ་བཞིན་བསླང་ལ། ཁྲོ་བདག་ཐུགས་ལས་ཡབ་ཡུམ་ཧུ༷་ཀ་ར། །སྒྲ་བཞིན་མ་སྟེ་ཡབ་ཡུམ་བཞིན། །དྲན་པའི་གནས་སུ་རིམ་གྱིས་ཕཊ། །ཤིན་ཏུ་མི་བཟད་ཧུ༷་སྒྲ་ཅན། །གདུག་པའི་ཚོགས་བཅས་མ་ལུས་ཀྱིས། །དངོས་སུ་བཏབ་པས་ཞིག་པར་བསམ། །དོན་གྱིས་བཏབ་པས་མཁའ་ལ་གདོན། །ཡུལ་གྱིས་གསེར་ཞུན་ལྟ་བུ་བསམ། །ཧུ༷་གིས་བསྡུས་ལ་བདག་ལ་བསྟིམ། །ལུས་ངག་ཡིད་ཁྲི་ཀྱང༽སྐུ་གསུང་ཐུགས། །དུས་གསུམ་འགྱུར་མེད་ཚེ་ཡི་དངོས། །ཆེ་བའི་ཡོན་ཏན་མཐར་ཕྱིན་བསམ། ཁམས་གསུམ་བསྒྲལ་ཏེ་དབང་ཐོབ་པས། །དོན་ཉིད་ཀྱིས་ཀྱང་ཐེབས་པར་བསམདྲན་པ་བཞི་ལ་ངེས་བཏབ་པས། །ཉོན་མོངས་རྩ་དག་ངེས་ཆོད་ནས། །སེམས་ཉིད་ཡེ་ཤེས་ཆེན་པོར་བསྐྱེད། །དབང་པོ་ལྔ་ལ་ངེས་བཏབ་པས། །དྲན་པ་ཉམས་ནས་དབང་པོ་འཕྲོགས། །རྣམ་ཤེས་མི་རྣམས་གནས་སུ་བསྒྲལ། །དོན་དམ་གཉིས་མེད་མཁའ་ལ་བསྒྲལ། །བསྟོད་ཅིང་འཕྲིན་ལས་དྲག་པོར་རོ། །རྡོ་རྗེ་འཕྲོས་པས་ཞེ་སྡང་གཅོད། །སྲོག་གི་གོ་རུ་ཤར་བ་དེ། །དམིགས་པར་བྱ་བའི་གདོན་རྣམས་ལ། །སྙིང་གི་གོ་རུ་ཀི་ལ་ཡ། །ཧུ༷་ཚིནྟྲ་ཚིརྙ་ཧུ༷་ཕཊ། ཨ་་རྟོ་ཏི་ཛིཏ༽ཨ་པ་ར་ཛི་ཏ་ཧུ༷་ཕཊ། ཀ་ཏང་ཀ་ཏེ་ཧྲུ༷་ཕཊ། ཛ་ཡེ་བི་ཛ་ཡེ་ཧུ༷་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་བཞིན། །མངོན་སྦྱོད་འཕྲིན་ལས་མྱུར་དུ་མཛོད། །སྒྲི་ན་སྒྲི་ན་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། ཁྲོ་རྒྱལ་འཇིགས་བྱེད་ཧུ༷་སྒྲ་ཅན། །ཕྱག་མཚན་འཇིགས་པའི་ཆར་ཕབ་ནས། །ཧ་ལ་ཕཊ་ཀྱིས་སྒྲ་འབྱིན་ཅིང་། ཁམས་སུ་གདུག་པ་མ་ལུས་སྲེག །གནོད་སྤྱིན་དགྲ་བགེགས་འཆིངས་པར་བྱེད། །དགྲ་དང་འབྱུང་བ་སྲེག་པའི་ཚོགས། །སྐུ་གསུང་ཐུགས་ཀྱི་ཁྲོ་བོ་ལས། །ལྕགས་ཀྱི་གཟེ་མ་གོ་དགུར་སྤྲུལ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །དམིགས་པ་བཞིན་དུ་དགྲ་བགེགས་ཁུག །དམ་བཅས་བཞིན་དུ་དགྲ་བོ་སྒྲོལ། །བཅོལ་བ་བཞིན་དུ་ཐོད་ཁྲག་སྤྱོད། །རྡུལ་ཕྲན་བཞིན་དུ་ད་རློགས་ཤིག །དང་པོར་གནོད་པའི་དགྲ་བོ་དེ། མིང་དང་རུས་དང་གཟུགས་བྲིས་ལ། །རྩིག་པའི་ལོགས་ལ་དགྲམ་པར་བྱ། །ལྷ་ཕྱག་སྟོང་ཙམ་དགྲ་བོ་ཡི། །མིང་ནས་ཕྱུང་ལ་བསྩལ་ལོ་ཞེས། །བྱས་ལ་ཕྱག་གིས་གནད་བསྐུལ་ལོ། །དེ་ནས་དཔྲལ་ལ་ངས་ཅི་ཉེས། །ཚིག་གིས་དཔང་ཡང་གཟུག་པར་བྱའོ། །གཟུགས་ཀྱི་མཐའ་མ་ཧུ༷་གིས་བསྐོར། །མལ་འོག་ཏུ་ཞག་གསུམ་གཞག་པར་བྱའོ། །སྔགས་ནི་མིང་ནས་ཕྱུང་ཞིང་གདོན། །ཀི་ལ་ཡ་དང་༼སུམ་པ་སུསྟ༽ནི། །བྱས་ལ་བརྡུངས་ལ་རྨི་ལམ་དང་། །ལྟས་ངན་ལྟོས་ཤིང་འཕེབ་པར་འགྱུར། །གཟུགས་དང་མིང་རུས་དེ་ཕྱུང་ལ། །དགྲ་བོ་དེ་ཡི་གཤང་ཅི་འམ། །བུབ་བ༷་རྐང་རྗེས་བོར་བའི་སར། །བརྡབས་ན་བཏབ་སྣལ་འབྱུང་བར་འགྱུར། །ཡང་ན་དེ་ནས་ས་བླངས་ལ། །ར་ཡི་ཁྲག་གིས་སྦྲུས་པ་ལ། །དགྲ་ཡི་གཟུགས་བྱ་མིང་རུས་བྲི། །གཟུགས་གཉིས་བྱས་ལ་ལྟོ་སྦྱར་ཏེ། །མཚོན་གྱིས་བཅིངས་ལ་རབས་ཆད་དང་། །མཛེ་ཅན་དག་གིས་ཐོད་ནང་གཞག །དུག་དང་༩རྐྱོ་ཁྱང༽ལུད་གུ་གུལ་དང་། །ཉུང་ཀར་སྐེ་ཚེ་མུ་ཟིས་བདུག །དེ་ནས་སྲོག་གི་སྙིང་པོ་དང་། །དགྲ་བོའི་མིང་གཉིས་བསྲེས་ལ་གདོན། །དགྲ་བོ་ནི་མ་ར་ཡ༷། ཁེ་ཤ་ཀ་རུ་ཡ༷། ཁ་སོད་དབང་ཏྲི་ཡ༷། ཐོད་ཁྲག་སྤྱོས་ཞིག་རྩི་ཏ་གུ་གུལ་ཅན། །སྙིང་ཁྲག་སྤྱོས་ཞིག་ཙཀྲ་རི། །གཟུགས་ཕུང་ཤིག་ཅིག་སུ་ནི་ཏྲི། །ཡན་ལག་ཆིངས་ཤིག་ཛ་ལི་ནི་ཧྲ༷་ཛ། །དེ་སྐད་བརྗོད་ལ་གཟུགས་ལ་བསྡུ། །དེ་ནས་མ་ཉེས་དཔང་བཙུགས་ལ། །བསྒྲལ་བའི་ཞིང་བཅུ་ཞ་ལྕེཀེབཅད་དོ། །ངན་སོང་གཏན་སྲིད་འཁྱམས་པའི་སྡུག་བསྔལ་ཚོགས། །ཐོག་མའི་དུས་ན་ངན་སོང་འཁོར་བར་ལྷུང་། །མི་དགེ་སྡིག་པའི་ལས་ལ་རྨོངས་པའི་ཕྱིར། །ཤེས་ལྡན་ཡེ་ཤེས་བཙལ་ནས་ཡོང་མི་འགྱུར། །མཉམ་པའི་ངང་ལ་གཡོས་བ་མེད་པ་རུང་། །དུག་གསུམ་རྨོངས་པའི་ལོག་རྟོག་རང་ལས་བྱུང་། །རྒྱུ་མེད་ཐབས་ལ་མཁས་པའི་ཐུགས་རྗེ་དང་། །རྗེས་སུ་སྤོབས་པ་སྟོན་པའི་རྡོ་རྗེ་༼སྙུ་གུ༽རུ་དང་། །གསང་བའི་ཚིག་གིས་བསྡུས་པའི་དམ་ཚིག་ཅན། །བསམ་པ་མཐུན་པའི་སྔགས་འཆང་དམ་ཚིག་གིས། །རྗེས་སུ་སྤོབས་པའི་སྨོན་ལམ་མཐུ་སྟོབས་ཀྱིས། །སྐུ་གསུང་ཐུགས་སུ་ལུང་དག་བསྟན་པའི་ཕྱིར། ཁོ།ད་ལས་སྐྱེས་བུའི་ཤེད་བུ་རིགས་ངན་ཁྱོད། །གཏན་སྲིད་ངེས་པའི་རྩ་བ་གཅིག་བུ་བས། །མ་རིག་རང་སེམས་བདག་ཏུ་གཟུང་བས་ནོངས། །སྲིད་པའི་ཕན་འདོགས་ཁྱོད་ཀྱི་དཔལ་མགོན་དུ། །ཐར་པའི་ལམ་དུ་འདྲེན་པ་ང་ཡིན་པས། །དགའ་དང་གུས་པའི་སེམས་ཀྱིས་གུས་བྱོས་ལ། །གནོད་སེམས་༼ལྔ་སྔ༽ཕྱི་ཡོད་པ་དྲན་གྱིས་ལ། །ཚེ་སྲོག་ལུས་བོར་ད་ལྟ་སོ་སོར་བསམས རང་སེམས་ཉེས་པ་ཡོད་པ་དྲན་བྱོས་ལ། །ཉེས་པ་གཙོར་ཞོག་གདུང་པའི་མཆི་མས་གདུངས། །སྦྱོར་བའི་ཐབས་ལྡན་ལྔ་བར་བཅད་པའི་ཕྱིར། །དུར་ཁྲོད་ཆེན་པོའི་གནས་སུ་བསྒྲལ་བའི་ཕྱིར། ཁྱོད་ཀྱི་མ་རིག་དུར་ས་བཙལ་བ་ནི། །་རྒོ་སྡང་གངཏམུག༽དབང་གིས་འཆབ་པའི་སྐྱོན་སྤངས་ཤིང་། །གཟུང་འཛིན་རྣམ་པར་ཐར་པའི་ལམ་མ་རྙེད། །བཙལ་བས་རྙེད་མིན་ཡོན་ཏན་རྨོངས་པའི་དུས། །ཞེ་སྡང་གིས་ནི་བདག་གཞན་གཉིས་སུ་མཐོང་། །བདག་མེད་གཉིས་ཆར་ཐར་པའི་ལམ་མི་རྙེད། །བདག་མེད་བླ་མེད་ཐར་ལམ་མ་ཐོབ་སྟེ། །ཚ་གྲང་དམྱལ་བའི་གནས་སུ་ཟབ་པའི་ཕྱིར། །ཐར་པར་མི་འགྱུར་ཞེས་ཏེ་ཁྱོད་རང་ཉེས། །ངན་སོང་གསུམ་པོར་ཁྱོད་ཀྱང་མི་བཏང་གིས། །ལུས་སེམས་གཉིས་བྲལ་འདི་ལ་མ་ཆགས་ཤིག །ལྷ་དང་མགོན་བཙུན་ཀུན་དང་བྲལ་བའི་ཕྱིར། །གུ་གུལ་ཉུངས་ཀར་མུ་ཟི་ལྡོང་རོས་དང་། །ཤ་ཆེན་སྣམ་ཆེན་ག་བུར་དུད་བཏང་ལ། །སྡིག་ཅན་མ་རྟོགས་ངན་སོང་ཁ་འཁོར་པ། །མདུན་གྱི་ལས་ངན་མི་བཟད་དེ་སྤྱོད་པས། །དུས་བཟད་ཚེ་འཕོས་དེ་ལ་མ་ཆགས་ཤིག །སྡུག་བསྔལ་མི་བཟོད་ཉོན་མོངས་ཤེས་པར་བྱའོ། ཁྲོ་རྒྱལ་མི་བཟད་རྒྱལ་པོ་ཧུ༷་སྒྲ་ཅན། །གདུག་པའི་མཚོན་ཆ་ཆར་པ་ཕབ་པས་ནི། །རང་དབང་མེད་པར་རི་རབ་འཇིགས་པར་འགྱུར། །དེ་ལས་སྡིག་ཅན་འདི་ལ་མ་འཁོར་བར། །ངས་སྨྲས་སྐྱེས་བུའི་ཚིག་ཉོན་ལ། །རང་གི་གནས་ཚོལ་བག་དང་ལྡན་པར་བྱོས། །དེ་ལྟར་རྟེན་དང་ཕྲལ་ནས་ཀྱང་། །མདའ་འཕེན་ཟླ་བ་མར་ངོ་ལ། །ནག་པོའི་ཚེས་སུ་རབ་བཞུགས་ལ། །སྔར་ཤི་བའི་རོ་གོས་ཁྲག་ཅན་ལ། །ཆས་གོས་བྱས་པའི་རྒྱུ་རུ་ཤིས། །ནག་པོ་རྒྱན་ཆ་ལྔ་གོན་ལ། །བྱང་ཆུབ་སེམས་ནི་སྔུན་བཏང་སྟེ། །དྲག་པོའི་འཕྲིན་ལས་ནུབ་བདུན་བཏུད། །དེ་ནས་ལྕགས་ཀྱི་གཟེ་མ་ཉིད། །སྔ་ནས་དོན་དང་མཐུན་པ་རུང་། །མི་རྟག་བསད་པའི་མཚོན་རྩེ་ལ། །ཕུར་བུ་སོར་བརྒྱད་གཅིག་བྱས་ལ། །གོངབཞིན བྱིན གྱིསབརླབ་པར་བྱའོ། །སྙིང་པོ་སོ་སོར་ལྡན་ཞིང་དྲིལ། །བསྙེན་པ་རྫོགས་ནས་འགུགས་འདྲེན་བྱའོ། །མིང་རུས་གཟུགས་ལ་སྔགས་བཟླས་སོ། །ལྕགས་ཀྱི་གཟེ་མ་རྐང་ཏྲི་ཀྱི། །སྔགས་འདི་རབ་ཏུ་དྲག་དུ་བཟླས་སོ། །ཨོ་སྭ་རྩ་ཧུ༷་ཀ་དེ་སུ་རལ་ཏེ་སྭཧྭ། པྲི་ནན་ཙ་ར་ནན། ཧེ་རུ་མེ་ཕྱེ་ཀ་ར་རི་སྭཧྭ། ཧེ་རུ་སྲེད་སྤྲུ་ཀ་སྤྱ་མི་སྐྱེ་སྭཧྭ། ཨ་ར་ལིཀ་ཤི་ཀ །ཤིག་ཧེ་རི་ཧིད། པྲ་མ་ལེ་ཤན། ཧེ་རི་ལིག་ཤན། ཤི་ཤ་ཤི་སྨྱོ། ཐུ༷་ར་ལིཀ་སུཧྭ། ཤ་ཤིབྱ་ཐུམ། སྔགས་དེ་རེ་རེ་བཏབ་པས་སུ། །ལྕགས་ཀྱི་གཟེ་མ་རྐང་གསུམ་སྟེ། །གཅིག་ནི་མི་ཕྱིན་ལོར་མི་ཕྱིན། །རྩེ་གཅིག་སེམས་ཀྱི་རང་བཞིན་ནོ། །བརྒྱད་ཀྱི་རྣམ་ཤེས་ཚོགས་བརྒྱད་དགག །དབང་པོ་གཉིས་མེད་རང་བཞིན་ནོ། །མྱ་ངན་འདས་པའི་དབྱིངས་སུ་བསྒྲལ། །བྱང་ཆུབ་མི་དགག་ཡན་དུ་ཁྱེར། །དོན་དང་མཐུན་པའི་དཀྱིལ་འཁོར་དུ། །རིགས་དང་ལྡན་པའི་སྐྱེས་བུ་ཡིས། །སྐལ་དང་ལྡན་པའི་སེམས་ཅན་ལ། །དབང་པོ་ལྔ་ཡི་གནས་ལྔ་མྲ །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །ཉོན་མོངས་ལྔ་ཡི་ངོ་བོ་ལས། །ཡེ་ཤེས་ལྔ་ཡི་ཕྲ་བཀོད་པས། །གཉིས་མེད་དབྱིངས་ཀྱི་མཁའ་ལ་ནུབ། །དོན་གྱི་འབྲས་བུ་ཐིག་ལེར་གསལ། །ལོག་རྟོག་རྒྱུ་འབྲས་ཐལ་བར་བརླགས། །ཆགས་སྡང་དངོས་པོ་ཏན་ནས་བསླངས། །གཟུང་འཛིན་གཉིས་ནི་འཆོར་མེད་བཟུང་། །ཕྱོགས་རིས་ས་མཚམས་དབྱིངས་སུ་དག །ཕོ་ཉ་མང་པོས་སྟོང་གསུམ་བཀང་། །མ་སྤྲོད་སེམས་མནས་བོར་བས། །རང་གི་གཤེད་མར་རང་གྱུར་ཏེ། །རྡོ་རྗེ་དཔལ་གྱིས་སྙིང་སྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཀྟ་ཐེ་ལྷ་ཐ༷་ལྷ་ཐ༷། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། བཛྲ་ཡསྒ་རསྒ་ཀྲོ་ཏ་༼ཁའི་ཁའི་ཁའི་ཁྱངཧཁྭཧཁྱངཧ༽ཧ་ཧ་ཧ། དོན་ཉིད་མི་དམིགས་དབྱིངས་སུ་བསྒྲལ། །དཀར་ནག་མཚམས་ནས་སྐུར་བསྐྱེད་དེ། །ཉི་ཤུ་རྩ་གཅིག་ཀི་ལ་ཡས། །སྣང་སྲིད་ཕུར་བུའི་སྐུར་འགྱུར་ཏེ། །གཟུང་འཛིན་རྣམ་རྟོག་རྩད་ཆོད་ནས། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་སྟི་ཙབྱ་ཡི་དུས་ལ་བབ། །རྣག་པ་དེ་ཁོ་ན་ལའོ། །བཛྲ་ཀི་ལི་ཀི་ལ་ཡ། བརྣག་པ་དེ་ཁོ་ན་ལའོ། །ཀི་ལི་ཀི་ལ་ཡ་ཅེས་བཅའ་བརྒྱད་དཀར་ནག་གི་མཚམས་སུའོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། །དྲག་པོའི་འཕྲིན་ལས་ཀྱི་གཏུན་ཚོགས་སུ་བརྡུང་ཅིང་ཆོས་ཉིད་བདེན་པའི་དོན་གྱིས་ཕུར་པོ་ཉོན་མོངས་པའི་རྩད་བཅད་ནས། བྱང་ཆུབ་སེམས་ཕུར་པའི་རང་བཞིན་དུ་མྱ་ངན་ལས་ལས་འདས་པའི་ལེའུ་སྟེ་རྩ་བཞི་པའོ།། །།དེ་ནས་ཡང་ཀི་ལ་ཡས་བསྒྲལ་བ་དེ་དག་དོན་ཡོད་པར་བྱ་བའི་ཕྱིར། དགོས་ཆེད་སྐུ་མཆོག་ཤིན་ཏུ་ལེགས་པར་བསྟན་ཅིང་། སྒྲོལ་བའི་གནས་ཀྱི་མན་ངག་འདི་སྐད་ཅེས་བརྗོད་དོ།།དེ་དག་བསྒྲལ་བའི་དམ་པ་ནི། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །གཉིས་མེད་དོན་དམ་སྐྱེས་བུ་དེས། །གདོན་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང་། །ཅི་ཕྱིར་ངན་པའི་ལས་ལ་འགྲིམས། །ངེས་པའི་ངོ་བོར་ལོག་པར་གོལ། །ལྟ་བ་ཉམས་པས་ར་ཆོད་བྱེད། །སྤྱོད་པ་རྩིང་པས་ཐོ་ཆོ་བྱེད། །དམ་ཚིག་ཉམས་པས་གཟུ་ལུམས་བྱེད། །གཞུང་ལས་གོལ་བས་དཀྱིལ་འཁོར་འདྲལ། །མ་ཉེས་པ་ནི་དྲག་པོ་འཇོམས། །རང་བས་མཁས་ལ་སྐུར་པ་འདེབས། །དེ་ལ་དྲག་པོའི་ལས་བྱས་ནས། །མྱ་ངན་འདས་པའི་ཡོན་ཏན་ཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོར། །ཚེ་རིང་བདེ་བ་ཕུན་ཁྲི་སུམ༽ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་དེ། །ཅི་བགྱི་བཀའ་ཉན་བསྒོ་བ་ཉན། །འདི་དང་ཕ་རོལ་གཉིས་སུ་ཡང་ བསམས་པས་གྲུབ་ཅིང་མཐོ་རིས་ཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས།གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་བསྐང། །སྡིག་ཅན་བསྒྲལ་ན་ལས་ནན་འཆང་། །དམ་ཉམས་བསྒྲལ་ལ་བཀའ་གཞུང་བཙན། །ལོ་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གདོན་གདུག་བསྒྲལ་ན་བར་ཆོད་ཉུང་། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །འབྲས་བུ་ངེས་པར་ཆུད་མི་ཟ། ཁྲོ་བདག་ཆེན་པོ་ཐབས་མཁས་དུས་གསུམ་ཇི་ལྟར་སྣང་༼བ༽་ ཡང་། །བྱང་ཆུབ་རྡོ་རྗེ་ཉིད་ཀྱི་སྐུ། །སྤྲོས་མེད་ཐིག་ལེ་གནས་པ་ལས། །འཛིན་རྟོག་ལས་ཀྱི་རྣམ་པས་ཟིན། །ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་། །མྱ་ངན་འདས་པར་འགྲོ་བའི་ལམ། །ཉོན་མོངས་དུག་ལྔ་ཐབས་ཀྱིས་བརྟུལ། །དོན་དམ་མྱ་ངན་འདས་པར་བསྒྲལ། །དོན་གྱི་མན་ངག་ངེས་པར་བཤད། །འཇིགས་བྱེད་དཔལ་ཆེན་ཐམས་ཅད་ཀྱིས། །ཕྱག་རྒྱ་ཆེན་པོ་མྱ་ངན་འདས། །དོན་དེ་རྟོགས་ནས་སུ་བརྗོད་པ། །ངེས་པར་ཡང་གསང་དབང་ཆེན་རྫོཊ། ཁྲག་འཐུང་རྒྱལ་པོ་འཁོར་བཅས་ལ། །མྱ་ངན་འདས་ལས་གཞན་མི་མངའ། །མྱ་ངན་འདས་པའི་རྒྱུད་རྒྱལ་འདི། །ཉིད་དེ་ངེས་དོན་ཐུགས་ལས་བྱུང་། །དེ་ནི་ངེས་པར་ལུང་བསྟན་ཏེ། །ཐུགས་ལས་བསྐྱེད་པའི་ཧེ་རུ་ཀ །མི་འགྱུར་བྱང་ཆུབ་སེམས་ལ་གནས། །ཅེས་བརྗོད་པས། དཔལ་ཁྲག་འཐུང་གི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དབྱེར་མེད་པར་ཡེ་ཤེས་སུ་དགྱེས་ནས། སྐུ་གསུང་ཐུགས་ཀྱི་བརྒྱན་གྱིས་ཐམས་ཅད་མ་ལུས་མྱ་ངན་ལས་འདས་པར་གྱུར་ཏེ། ཀརྨ་ཧེ་རུ་ཀ་ཡང་ཉིད་ཀྱི་ཐུགས་ལ་བསྡུས་ཏེ། ཐིམ་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་བཏད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ཕུར་བུ་འབུམ་སྡེ་ལས་རྩ་བའི་རྒྱུད་ཆེན་པོ་མྱ་ངན་ལས་འདས་པ་ཞེས་བྱ་བ། སློབ་དཔོན་བྷ་ཤི་ཏས་ངེས་པའི་དོན་གཏན་ལ་ཕབ་ནས་བསྒྱུར་བ་རྫོགས་སོ། །གང་ན་མྱ་ངན་འདས་ཡོད་པར། །མེ་མར་མུར་གྱི་འོབས་བརྒལ་ཞིང་། །སྐྲུ་གྲི་སོ་ནི་གཏམས་པ་ལས། །འཛེགས་ནས་བུ་དག་འགྲོ་བར་བྱའོ། ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །ཐམས་ཅད་ལ་མང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་། །ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས། །རྡོ་རྗེ་ཕ་རབས་སྒོ་ཕྱེ་ནས། །ཡིད་བཞིན་རིན་ཆེན་གཏེར་ཕྱུང་པ། །སྐལ་ལྡན་མཆོག་གི་སྤྱོད་ཡུལ་དེ། །ཀུན་དང་ཐུན་མོང་དེ་མ་ཡིན། །དཔེར་ནས་སེང་གེའི་འོ་མ་ནི། །གསེར་གྱིས་ཕྱིས་སུ་འཛིན་འགྱུར་གྱི། །་གནོད་སྣོད༽ངན་དག་ཏུ་བླུགས་པ་ན། །སྣོད་ཀྱང་འཆགས་ལ་འོ་མ་འབོ། །ཡོང་གིས་གསེར་གྱི་རང་བཞིན་ལས། །དབྱངས་ཀྱིས་ཁྱབ་པར་ཅིར་སྣང་ཡང་། །གསེར་ལས་གྱུར་པ་གཅིག་ཀྱང་མེད། །དེ་བཞིན་ཆོས་ཀྱི་མཚན་ཉིད་ཀྱང་། །མཚན་མ་སྣ་ཚོགས་ཅིར་སྣང་ཡང་། །ཉིད་ལས་གྱུར་པ་རྡུལ་ཙམ་མེད། །རྡོ་རྗེ་ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ལྕེ་ཀུ་ཀུ་ར་ཙས་མཆིམས་ཕུའི་དགེ་གནས་སུ་ཞུས་ཅིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །དུས་ཕྱིས་པརྙི་ཏ་སྟི་མ་ལ་མི་ཏྲ་དང་། ལོ་ཙྭ་བ་ཞང་རྙོ་ནས་ཞུས་ཅིང་བསྒྱུར་ཏེ་གཏན་ལ་ཕབ་པའོམ་མོ་སྲིད་པའི་རྫོང་ལུང་ཆེན་མོ་ཡུམ་གཟུང་མའི་དངོས་གྲུབ་ཆེན་མོའི་རྒྱུད་རྣམས་བཞུགས་སོ།། རྒྱ་གར་སྐད་དུ། ཀ་མ་ལ་དེ་ཝི་སིརྙི་མཧྭ་ཏན་ཏྲ། བོད་སྐད་དུ། ཡུམ་གཟུང་མའི་དངོས་གྲུབ་ཆེན་པོའིརྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། རི་རབ་ཀྱི་རྩེ་ལྷ་གཡུང་དྲུང་གི་གནས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དཔལ་རྡོ་རྗེ་ཧེ་རུ་ཀས། སྲིད་པ་ཐམས་ཅད་ཡུམ་གྱི་༼བ་བྷ༽ག་ལས་ཤར་བར་མཁྱེན་ནས། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་མཁའ་བདེ་བ་ཆེན་པོའི་གནས་ནས། ཐིག་ལེ་ཆེན་པོའི་མངོན་པར་བྱང་ཆུབ་པའི་ཚུལ་དུ་བཞེངས་ཏེརྡོ་རྗེ་པད་མ་གསང་བའི་ཐུགས་ཀ་ནས་ཧུ༷་དཀར་པོ་གཅིག་ལས། གསང་བ་དགྱེས་པའི་འཕྲོ་འདུ་རྒྱུན་ཆད་མེད་པར་བཀྱེ་བ་ལས། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་བྷ་ག་དགྱེས་པ་ཆེན་པོས་ཐིམ་པར་མཛད་དོ། །ཡུམཆེན་མོ་ཉིད་བཞི་མུ་༼ཁ༽་ལེའི་བྷ་ག་དགྱེས་པ་ཆེན་པོར་ཐིམ་ནས། པདྨའི་འདབ་མ་༼འདས་རྒྱས༽པར་མཛད་དོ། །པདྨའི་འདབ་མ་རྒྱས་པར་མཛད་པས། སྟོང་གི་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་དོ། །དེས་སྟོངགིས་འཇིག་རྟེན་གྱི་ཁམས་ན་རཀྟ་ཏ་ཆགས་པ་ཐམས་ཅད་གཡོས་པར་གྱུར་ཏེ། མོར་གྱུར་པ་ཐམས་ཅད་ཀྱི་པད་མ་བྷ་ག་གཡོས་པར་གྱུར་ཏོ། །དེས་སྲིད་པ་འཇིག་རྟེན་གྱི་ཁམས་ན་རྡོ་རྗེར་གྱུར་པ་ཐམས་ཅད་ཀྱི་རྩ་བ་བཏེགས་པར་གྱུར་ཏེ། ཆགས་པའི་སེམས་གཡོས་ནས། ཤིན་ཏུ་ངོ་མཚར་སྐྱེས་ནས། རྫུ་འཕྲུལ་གྱི་ཤུགས་ཀྱིས་ཆགས་པའི་གཞི་མོ་ག་ལ་བ་དེར་སོང་ངོ་། །དེ་ནས་བྷ་གའི་དཀྱིལ་འཁོར་ཆགས་པའི་གནས་སུ་ཕྱིན་ཏེ། དངངས་ནས་གུས་པར་བསྐོར་ཏེ་ཕྱག་བཙལ་བ་ནི། གཡུང་དྲུང་ལྷ་ཡི་གཙོ་གཙོ་བོ། གནོད་འདུལ་ལྷའི་རྒྱལ་པོ་ལ་སོགས་པ་ལྷ་གཡུང་དྲུང་གི་ཚོགས་དང་། གཡུང་དྲུང་ལྷའི་རྒྱལ་མོ་སྲིད་པའི་ཕྲ་མེན་རྒྱ་མཚོ་མ་ལ་སོགས་པ་མ་མོ་བཅུ་བཞིའི་དཀྱིལ་འཁོར་དང་། སྲིད་མ་དམན་མོའི་རིས་ལྷ་མོ་ཚོགས་ཀྱི་རྗེ་ལ་སོགས་པ་དམན་མོའི་ཚོགས་ཐམས་ཅད་དང་། གཞན་ཡང་པད་མ་བྷ་ག་ཡིས་བརྒྱན་པ་ལ་སོགས་པ་ཐམས་ཅད་ཆགས་པའི་མདངས་ཕྱུང་ནས། བསྐོར་ཞིང་ཕྱག་འཚལ་བ་དང་། བསྟོད་པ་བགྱིས་པ་ལས། ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེའི་མཁའ་ནས། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ལ་སོགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔའི་དཀྱིལ་འཁོར་འཐོན་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་གཟིགས་ཏེ། སྤྱན་གྱི་བརྡ་ཞིག་མཛད་ནས་ཞལ་འཛུམ་པ་ཕྱུང་བ་དང་། དེ་ནས་བཅོམ་ལྡན་འདས་ཡུམ་གྱི་མཁའ་ལ་སྐུ་ཕྱེད་ནུབ་ཙམ་དུ་བཞེངས་པ། རྣམ་པར་ཐར་པའི་དབུ་གསུམ་ཕྱུང་ནས། གཡུང་དྲུང་ལྷའི་རྒྱལ་པོ་ལྷ་གནོད་འདུལ་ལ་གཟིགས་ནས། འཛུམ་པ་མཛད་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་པ་ཀུན་གྱི་བཅའ་གཞི་རྣམས། །ཡང་དག་ཉིད་དུ་བཤད་པར་བྱ། །དེ་ལ་༼དག་དང་པ ནི་མ་མོ་བཅུ་བཞིའི་རྗེ་མོ་བཤད་པར་བྱ་སྟེ། ཡུམ་ཆེན་མོ་ ཉིད་གཞི་མུ་ཁ་ལེ་ཞེས་བྱ་བ། སྐུའི་ཁྱོན་ད་ལྟར་གྱི་རི་རབ་ཀྱི་གླིང་བཞི་ཙམ་ཡོད་པ། དབུ་གཅིག་ལ་ཞལ་རྣམ་པ་ལྔར་སྣང་བ། ཕྱག་དྲུག་ལ་ཞབས་རྣམ་པ་བརྒྱད་དུ་གཏམས་པ། ཙིསྟའི་རྩ་བ་གཅིག་ལ་རྩེ་མོ་ལྔར་འབར་བ། ཤར་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས་གསང་བའི་མཁའ་༼དྲང་གྲངལ༽་ འགྱེད་པས། ཤེལ་གྱི་བྷ་ག་ལ་རྡོ་རྗེའི་གེ་སར་ཅན་ནོ། །ལྷོ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས། །གསང་བའི་མཁའ་་ཀྲོ་་དྲ ལ་འཛིན་པས། །ཀེ་ཀེ་རུའི་༼བ་བྷ༽ག་ལ་རིན་པོ་ཆེའི་གྱེས་ར་ཅན་ནོ། །ནུབ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས་གསང་བའི་མཁའ་གཤེར་ལ་༼གླན་་༽པས། པད་མའི་༼བ་བྷ༽ག་ལ་བྱེ་རུའི་གེ་སར་ཅན་ནོ། །བྱང་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས། གསང་བའི་མཁའརྩུབ་ལ་༼དྲང་བ་ཡངབ༽སྟེ། གེ་སར་དཔལ་ཆེན་ནོ། །དེ་ལྟར་མཁའ་བཞིའི་སྐུ་ལ་བརྒྱན་པའོ། །དེ་བཞིའི་ཀློང་སྐུའི་གཏིང་ཁུང་སྡུད་པ་ནི། གཡུའི་བདེ་ཀློང་ལ་ཆགས་པའི་གེ་སར་ཅན། ཟངས་ཀྱི་འདབ་མ་སྟོང་དང་ལྡན་པ་ཡོད་དོ། །དེ་ལ་ཞལ་རྣམ་པ་ལྔ་ལ་ཤར་ཕྱོགས་ཀྱི་ཞལ་དཀར་ལ་འཚེར་བ། དུང་གི་མཆེ་བ་གཙིགས་པའི་ནང་ནས། ཤེལ་གྱི་རྡོ་རྗེ་དགུ་བརྩེགས་འཛིན་པས། འབྱུང་བ་སར་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་རིགས་སུ་གྱུར་ཏོ། །ལྷོ་ཕྱོགས་ཀྱི་ཞལ་སྔོ་ལ་གདངས་པ་མཆེ་བ་གཙིགས་པའི་ནང་ནས། ཀེ་ཀེ་རུ་འབར་བ་དགུ་༼བརྩེགས༽་འཛིན་པས། འབྱུང་བ་མེར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་རིགས་སུ་གྱུརཏོ། །ནུབ་ཕྱོགས་ཀྱི་ཞལ་དམར་ལ་གདངས་པ་བྱི་རུའི་མཆེ་བ་གཙིགས་པའི་ནང་ནས། པདྨ་དགུ་བརྩེགས་འཛིན་པས་འབྱུང་བ་ཆུར་བྱིན་གྱིས་བརླབས་ཏེ། པད་མའི་རིགས་སུ་གྱུར་ཏོ། །བྱང་ཕྱོགས་ཀྱི་ཞལ་ལྗང་ལ་ལྡེམ་པ་མཆེ་བ་གཙིགས་པའི་ནང་ནས། གཡུའི་རྡོ་རྗེ་རྒྱ་གྲམ་དགུ་བརྩེགས་བཟུང་བས། འབྱུང་བ་རླུད་དུ་བྱིན་གྱིས་བརླབས་ཏེ། ལས་ཀྱི་རིགས་སུ་གྱུར་ཏོ། །དཀྱིལ་འཁོར་གྱི་ཞལ་ཅིར་ཡང་འགྱུར་བ། མཆེ་བ་གཙིགས་པའི་ ནང་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཅིག་བཟུང་བས། འབྱུང་བ་ནམ་མཁའ་བྱིན་གྱིས་བརླབས་་སྒོ། །སྟེ༽དེ་བཞིན་གཤེགས་པའི་རིགས་སུ་གྱུར་ཏོ། །འབྱུང་བ་ལྔ་ཡང་དེ་ལས་བྱུང་ངོ་། །རིགས་ལྔའི་སངས་རྒྱས་ཀྱང་དེར་འབྱུང་ངོ་། །ཞལ་སོ་སོའི་བར་ནས་རལ་པ་སོ་སོའི་རིགས་དང་ལྡན་པར་ཡང་སྣང་ངོ་། །ཙིསྟའི་རྩ་བ་གཅིག་ལས་རྩེ་མོ་ལྔར་སྣང་བ་ནི། རྩེ་མོ་ལྔ་ལ་རིགས་ལྔའི་ཡེ་ཤེས་ལྔ་ཡང་དེ་ལས་ཤར་རོ། །རྩ་བ་གཅིག་ལ་ཆོས་སྐྱེ་བ་མེད་པའི་དབྱིངས་ཀྱང་དེ་ལ་འདུས་ཏེ། མི་ནུབ་པའི་རྒྱལ་མཚན་ཞེས་ཀྱང་དེ་ལ་བྱའོ། །རྩེ་མོ་ལྔ་འབར་བ་ལས་སྲོག་གིས་བསྡུས་པའི་ཀུན་གཞི་ལ་སོགས་པའི་དྲན་པ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །རྩ་བ་གཅིག་ལས་སེམས་ཅན་གྱི་སེམས་རྟག་པ་ཆེན་པོ་ཡང་དེ་ལས་འབྱུང་ངོ་། །ཤར་ཕྱོགས་ཀྱི་གསང་བའི་མཁའ་༼དྲང་གྲང༽ལ་འགྱེད་པས་དགུན་དུ་བྱིན་གྱིས་བརླབས་སོ། །བྱང་གི་གསང་བའི་མཁའ་རྩུབ་ལ་༼དྲང་གྲང༽བས་དཔྱིད་དུ་བྱིན་གྱིས་བརླབས་སོ། །ནུབ་ཕྱོགས་ཀྱི་གསང་བའི་མཁའ་གཤེར་ལ་རླན་པས་དབྱར་དུ་བྱིན་གྱིས་བརླབས་སོ། །ལྷོ་ཕྱོགས་ཀྱི་གསང་བའི་མཁའ་་གྲོ་་དྲ འཇམ་པས་སྟོན་དུ་བྱིན་གྱིས་བརླབས་སོ། །དུས་བཞི་ཡང་དེར་ཆ་སྙོམས་སོ། །སྐུ་སྟོད་ཀྱི་ཞལ་ནས་འབྱུང་༼བའི་བསྐརིགས་ལྔའི་སངས་རྒྱས་རྣམས། སྐུ་སྨད་ཀྱི་གསང་བའི་བྷ་ག་ལ་སྐུ་ཕྱེད་ནུབ་ཙམ་དུ་བཞུགས་པས་སོ། །སྐྱེ་བ་རིགས་སོ་སོ་ཡང་དེར་འདུས་སོ། །ཕྱག་དྲུག་ལ་གཡས་གཡོན་བར་མ་གཉིས་ཀྱི་ཁོལ་མོ་བཅུ་བཞིའི་གཙོ་མོ་སྲིད་པ་བདེ་འགྲོ་མ་དང་། ཉི་མ་ཐོད་ཕྲེང་ཅན་གཉིས་ཀྱི་སྙིང་རྩ་བཟུང་བ། གཡས་གཡོན་ཐ་མ་གཉིས་ཀྱིས། ཁྲོས་པའི་དབང་མོ་ཆེ་བཞིའི་སྙིང་ཁ་ནས་བཟུང་བ། སྦས་པའི་ཕྱག་གཉིས་ཀྱིས་བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པ། ཞབས་བརྒྱད་ཀྱིས་དབྱིངས་ཕྱུག་མ་བཞི་དང་། ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་སྙིང་༼རྫས་བཟས༽པ། དབུས་ཀྱི་ཞལ་དཔྲལ་བའི་དབྱེས་ནས། མིག་ཟུར་གསུམ་པ་གཅིག་གིས་བལྷས་པས། མ་མོ་བཅུ་བཞིའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཤན་ཤན་ནེའུ་དང་། ཨེ་ཀ་ཛུ་ཏི་ལ་སོགས་པ་འདར་ཅུག་ཅུག་བྱེད་པ། དཀྱིལ་གྱི་ཞལ་ནས་རྐན་བརྡབས་པས། ཧེ་རུ་ཀ་ནི་ལ་སོགས་པ་སྲིད་པའི་མ་མོ་ཐམས་ཅད་སྙིང་ཚར་གྱིས་འབྱིན་ཏེ། མ་མོ་དབང་དུའང་དེར་འདུས་སོ། །དབུས་ཀྱི་ཞལ་གྱི་དབྱིངས་སུ་ནི་ཁཡེལ་ཡེལ་ཡང་དེར་རྫོགས། སྲིད་པ་གསུམ་གྱི་ཕོརྟོ་གརྩོ༽མོ་ཡང་དེར་རྫོགས་སོ། །སྐུ་གསང་བའི་༼བ་བྷ༽ག་ལ། ཡུམ་གྱིས་མཁའ་བདེ་བ་ཆེན་པོའི་ཀློང་ཞེས་ཀྱང་དེ་ལ་བྱའོ། །སྐུ་རྟག་པ་ཆེན་པོའི་གཡུང་དྲུང་དུ་བཞུགས་པས། སྐྱེ་ཤི་ལས་འདས་མ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་སྡུག་བསྔལ་ཀྱང་མི་འབྱུང་བས་མྱ་ངན་ལས་འདས་མ་ཞེས་ཀྱང་དེ་ལ་བྱའོ། །དེ་ལྟ་བུ་ལ་བླང་དོར་མེད་པས་ཀུན་ཏུ་བཟང་མོ་ཞེས་ཀྱང་བྱའོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་བཅུད་ལེན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་ཀྱང་བྱའོ། །འབྱུང་བ་ལྔ་སྐུ་ལ་རྫོགས་པས་འབྱུང་བ་ལྔའི་རྒྱལ་མོ་ཞེས་ཀྱང་བྱའོ། །དུས་བཞི་དབྱིངས་ལས་ཤར་བས། དུས་བཞི་ཆ་སྙོམས་མ་ཞེས་ཀྱང་བྱའོ། །སྐུ་སྟོད་ཀྱི་ཞལ་ནས་འབྱུང་བ་རིགས་ཀྱི་སངས་རྒྱས་རྣམས། སྐུ་སྨད་ཀྱི་༼བ་བྷ༽ག་ལ་རྔུབས་པས་རིགས་ཀྱི་ཡུམ་ཞེས་ཀྱང་བྱའོ། །སྦས་པའི་ཕྱག་གཉིས་ནས་བདུད་རྩི་རྣམ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པས། བདུད་རྩིའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྣང་སྲིད་གཏན་ལ་འབེབས་པས་སྲིད་པའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྐུ་ལུས་གཅིག་ལ་མཚན་དགུ་མ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་ཐུགས་ལས་དྲངས་པའི་སྙིང་པོ་ནི་ཧུ༷་ཉིད་བཞི་མུ་ཁ་ལེ་ཀྲོ་ཏི་ཤྭ་རི་༼བ་བྷ༽ག་པདྨ་རྒྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་སྦུ་ཏི་ཧུ༷་སྨྱོ༷༷ ཞེས་སྤྱན་དྲང་ངོ་། །དེ་ལྟ་བུའི་ཡུམ་ཆེན་མོའི་སྐུ་སྟོད་ཀྱི་ཞལ་ནས་འབྱུང་༼བའི་བ༽རིགས་ལྔའི་སངས་རྒྱས་དང་། སྐུ་སྨད་ཀྱི་༼བ་བྷ༽གར་སྦྱོར་བས་གཉིས་སུ་མེད་པའི་སྲས་མོ་ལྔ་ཡོད་དེ། གཅིག་ནི་རྟག་པའི་རྒྱལ་པོ་རྣམ་སྣང་གསལ་ཞེས་བྱ་སྟེ། སྐུ་མདོག་དཀར་མོ་ལ་ཤེལ་གྱི་རལ་པ་ཅན་གསང་བའི་མཁའ་ལ་ཤེལ་གྱི་ག་བུར་༼བསྤྱིལ་བསྐྱངལ༽བ་མ་ཆགས་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་འོད་གསལ་འབར་ཞེས་བྱ་སྟེ། སྐུ་མདོག་སྔོན་མོ་ལ་རིན་པོ་ཆེའི་རལ་པ་ཅན། གསང་བའི་མཁའ་ལ་རིན་པོ་ཆེའི་ག་བུར་བ་༼བསྤྱིལ་བསྐྱངལ༽བ། མ་ཆགས་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་གཉན་གསལ་མ་ཞེས་བྱ་སྟེ། སྐུ་མདོག་དམར་མོ་ལ་བྱི་རུའི་རལ་པ་ཅན། གསང་བའི་མཁའ་ལ་བྱི་རུའི་ག་བུར་འཁྱིལ་བ།གཉིས་སུ་མེད་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཞེས་བྱ་སྟེ། སྐུ་མདོག་ལྗང་གུ་ལ་གཡུའི་རལ་པ་ཅན། གསང་བའི་མཁའ་ལ་གཡུའི་ག་བུར་འཁྱིལ་བ། གྲུབ་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་ཞེས་བྱ་སྟེ། སྐུ་མདོག་ཅིར་ཡང་འགྱུར་བ་ལ་རྡོ་རྗེའི་རལ་པ་ཅན། གསང་བའི་མཁའ་ལ་རྡོ་རྗེའི་ག་བུར་འཁྱིལ་བ། གཉིས་མེད་གསང་བའི་མཁའ་ལ་༄༅ རོལ་པའོ། །འདི་ལྔ་ནི་མཁའ་བཞི་དབྱིངས་དང་ལྔ་ཞེས་བྱ་སྟེ། རིགས་ཀྱི་ཡུམ་ལྔ་ཞེས་བྱ་བ་ཡང་འདི་ལྔ་ཡིན་ནོ། །སེམས་ཅན་དུས་ཆེན་པོ་ལ་བབ་པ་ཡང་འདི་ལྔས་དབང་བྱེད་དེ། ཚེ་འདིའི་བདག་མོ་ཆེན་མོ་ཡང་འདི་ལྔ་ཡིན་ནོ། །སྲོག་ལས་དྲངས་པའི་སྙིང་པོ་ནི། གྲི་སྭ་མུ་གྲྭཧྭ། ཛ་ལ་བ་ར་མཧྭ། དྷི་བྲ་སན་ཏི་ཧ། སྙི་ཡང་ཡང་ཏེ་ཧྭ། མཧྭ་ལ་མ་ཏེ་ཧ། དེ་ལྟར་བདག་ཉིད་བསྒོམ་པ་ནི། དང་པོར་དེ་བཞིན་་ཉོད༽་ ཀྱི་ཏིང་ངེ་འཛིན་གསལ་བར་བསྒོམས་ལ། ཐུགས་ཀ་ནས་ཡི་གེ་ཨོ༷་དཀར་པོ་ཞིག་ལས། ཡེ་ཤེས་ལྔའི་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ལྟར་ཁྱབ་བརྡལ་བའི་དབུས་སུ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་དུ་ཞུགས་ལ། སྙིང་ཁར་མུ༷་ལས་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེ་མོ་བསྒོམ། མིག་གཡས་པར་ཧ་ལས་མཁའ་འགྲོ་མ་རྣམ་སྣང་གསལ་བར་བསྒོམ། མིག་གཡོན་པ་ལ་ཧ་ལས་མཁའ་འགྲོ་མ་འོད་གསལ་བར་བསྒོམ། རྣ་བ་གཡས་པ་ལ་ཧ་ལས་མཁའ་འགྲོ་མ་གཉེན་གསལ་མ་བསྒོམ། རྣ་བ་གཡོན་པ་ཧ་ལས་མཁའ་འགྲོ་མ་ཡང་གསལ་གཡོས་མ་བསྒོམ། སྣ་ལ་ཧ་ལས་མཁའ་འགྲོ་མ་བཀྲག་གསལ་མ་བསྒོམ། སྐུ་མདོག་དང་ཕྱག་མཚན་ནི་འོག་ནས་འབྱུང་བའི་་རྟོག་ཤད་ཚིགས་དཀེདང་སྦྱར་རོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་མོ་ལས། མ་མོ་རྣམས་ཀྱི་གཙོ་མོའི་ཡང་གཙོ་མོ་ཡང་གསང་ཐིག་ལེའི་གཏན་ཚིགས་ཀྱི་ལེའུ་སྟེ་དང་པོའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དཀྱིལ་འཁོར་བསྒོམ་པ་དང་། །བདག་ཉིད་ཕྱག་རྒྱར་བསྐྱེད་བྱ་བ། །འབྱུང་དང་འཇུག་པའི་མཚན་ཉིད་ལས། །ཇི་ལྟར་བདག་གིས་ནན་ཏན་བགྱི། །མངོན་རྫོཊ་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་བསྩལ་པ། །ཇི་ལྟར་དཀྱིལ་འཁོར་ལྷར་བསྐྱེད་པ། །ངས་བསྟན་པ་ལ་གདོན་མི་ཟ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །འབྱུང་བ་སྤྲོ་བའི་ངོ་བོ་དང་། །འཇུག་པ་བསྡུ་བའི་མཚན་ཉིད་ལས། །ས་བོན་གྱིས་ནི་བརྡེག་པར་བྱ། །བདག་ཉིད་ཐིག་ལེར་མཉམ་སྦྱར་ནས། །རྣམ་གསུམ་ཏིང་འཛིན་རིམ་བཞིན་བསྒོམ། །དམིགས་མེད་རྣམ་དག་ཏིང་འཛིན་ནི། །སྐྱེ་མེད་ཆོས་ཉིད་དབྱིངས་སུ་ཐིམ། །དམིགས་མེད་མ་ཆགས་ས་བོན་གྱིས། །དེ་བཞིན་ཉིད་དུ་རྣམ་པར་གྲགས། །སྙིང་རྗེ་ནམ་མཁའི་ངོ་བོ་ལས། །བླང་དོར་མེད་པའི་སྣང་བ་ཡི། །མཚམསསུ་སྦྱར་བའི་ས་བོན་གྱིས། །ཀུན་ཏུ་སྣང་ཞེས་གྲགས་པ་ཡིན། །དབྱིངས་ལས་འབྱུང་ལྔའི་རྒྱུ་བསྐྱེད་དེ། །བདག་གི་རླུང་ལས་གྱུར་པ་ཡི། །འོག་གི་ཕྱོགས་སུ་ས་བོན་བརྟེན། །བདག་གི་ཆུ་ལས་གྱུར་པ་ཡི། །དེ་ཡི་སྟེང་དུ་ས་བོན་བརྟེན། །བདག་གི་ས་ལས་གྱུར་པ་ཡིས། །ས་བོན་ལས་ནི་བྲིས་མར་བརྟེན། །བདག་གི་རུས་པའི་ངོ་བོ་ལས། །ས་བོན་ལས་ནི་རི་རབ་བསྒོམ། །བདག་གི་མེ་ལས་གྱུར་པ་ཡི། །ས་བོན་ལས་ནི་དྲོད་དུ་ལྡན། །བདག་གི༽་ནམ་མཁའི་ངོ་བོ་ལས། །ས་བོན་གསུམ་གྱིས་སྣང་སྲིད་བསྒོམ། །དབྱིངས་ལས་འབྱུང་ལྔ་རྒྱུས་བསྐྱེད་དེ། །མཁའ་ལ་རླུང་བརྟེན་འགྲོ་བའི་གནས། །༼བ་བྷཀེག་ཉིད་དུ་གནས་པ་ལས ས་བོན་གྱིས་ནི་དཀྱིལ་འཁོར་བསྒོམ། །འཁོར་ལོ་ས་བོན་གྱིས་སྦྱངས་པས། །རྩིབས་བརྒྱད་པ་རུ་རྣམ་པར་གསལ། །སྒྱུ༷་བསྐྱེད་རིན་ཆེན་གཞལ་ཡས་ཁང་། །མཐའ་དང་དབུས་མེད་མཁའ་དང་མཉམ། །བདེ་གཤེགས་ཕོ་བྲང་གཞལ་ཡས་ཁང་། །ཟབ་མོ་རྣམ་དག་ཡུམ་གྱི་དབྱིངས། །གདན་གྱི་ས་བོན་གྱིས་སྦྱངས་པས། །རྩིབས་བརྒྱད་སྟེང་དུ་བཅུ་བཞི་བསྒྱེལ། །དཀྱིལ་དུ་རྒྱ་མཚོ་ཐོད་ཕྲེང་གཉིས། །ཤར་དང་ནུབ་ཏུ་མགོ་བསྟན་པའོ། །སྒྲོལ་བྱེད་དཀར་མོ་མིག་གཅིག་གཉིས། །བརྒྱ་བྱིན་ཕྱོགས་སུ་༼འགྲོ་མ་བསྟན་པའོ། །དབང་སྡུད་ནག་མོ་རལ་ཅན་གཉིས། །གཤིན་རྗེའི་ཕྱོགས་སུ་མགོ་བསྟན་པའོ། །བདུད་རྩི་བྱེད་དང་དམར་མོ་གཉིས། །ཆུ་བདག་ཕྱོགས་སུ་མགོ་བསྟན་པའོ། །གནས་འཕྲུལ་སེར་མོ་ལས་མཁན་གཉིས། །གནོད་སྦྱིན་ཕྱོགས་སུ་མགོ་བསྟན་པའོ། །རྒྱན་གྱི་རྒྱལ་མོ་མེ་ལྷའི་ཕྱོགས། །དབྱིངས་ཕྱུག་མ་ནི་བདེན་བྲལ་ཕྱོགས། །བདག་ཉིད་མ་ནི་རླུད་ལྷའི་ཕྱོགས། །གཅིག་པུ་མ་ནི་དབང་ལྡན་ཕྱོགས། །རིམ་འགྲོ་བསྐྱེད་ཕྱིར་འཁོར་རྣམས་བསྐྱེད། །༼བ་བྷཀེག་བཅུ་བཞིའི་གདན་སྟེང་དུ། །བདག་ཉིད་བྱང་ཆུབ་ཐིག་ལེ་ལས། །སྙིང་པོ་ཡེ་ཤེས་མངོན་དུ་ཤར། །བྱེད་པ་པོ་ནི་ཀུན་ཏུ་བཟང་། །རྣམ་པར་ཐར་པའི་དབུར་ལྡན་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱར་བཅས། །མཚན་དང་དཔེ་བྱད་ཡང་དག་ལྡན། །རྫུ་འཕྲུལ་བཞི་ཡི་ཞབས་ཀྱིས་བཞུགས། །བདག་གི་གཟུགས་ཀྱི་ངོ་བོ་ལསརྣལ་འབྱོར་ཉིད་བཞི་བདེ་མཆོག་མ། །བྱ་བ་མོ་ནི་ཆོས་ཀྱི་དབྱིངས། །ཆོས་ཉིད་རྟག་པ་ཐུགས་ཀྱི་དཀྱིལ། །འོད་ཟེར་ལྔ་པོ་རྩེ་ལས་འཕྲོ། །འབྱུང་བ་ལྔ་ཡི་ཞལ་མངའ་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱར་བཅས། །ཕྱོགས་མཚམས་གནོན་པའི་ཞབས་བརྒྱད་ཀྱིས། །མ་གཤེགས་པར་ནི་སྲིད་པར་བྱོན། །དུས་བཞི་འཆར་ཞིང་བྷ་ག་ལས། །སྐྱེ་ཤི་མེད་པའི་ཀློང་དུ་ཐིམ། །སྲིད་པ་གསུམ་གྱིས་སྐུ་བརྒྱན་པའི། །སྤྱི་དཔལ་མཆོག་ལ་འདི་སྐད་གསུངས། །ཧུ༷་ཡེ་ཤེས་སྙིང་པོ་བླ་ན་མེད། །བླ་མེད་ཁྲག་འཐུང་དཔལ་གྱི་དཔལ། །འཇིགས་བྱེད་གསང་བའི་རྡོ་རྗེ་ནི། །མཁའ་ཀློང་ཀུན་གྱི་གཏེར་ལགས་ཏེ། །མཁའ་ཀློང་བདེ་བའི་ལམ་མཆོག་ནི། །སྐྱེ་འགྲོ་ཡོངས་ཀྱི་ཐར་པའི་ལམ། །སངས་རྒྱས་ཡོངས་ཀྱི་རེ་བསྐང་ཕྱིར། །ཐར་ལམ་བདེ་བའི་ལོངས་སྤྱོད་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པའི་རྡོ་རྗེ་གསོར་ནས་ཀྱང་། །རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབས་ཧོ། །ཧུ༷་མཉམ་གཞག་ཡེ་ཤེས་པད་མའི་དབྱིངས། །འབྱུང་གནས་སྐྱེ་འགྲོ་ཐར་པའི་ལམ། །རིན་ཆེན་དཀྱིལ་འབྱམས་ཀློང་ཡངས་སུ། །སྤྱི་དཔལ་རྡོ་རྗེ་གསང་བའི་གཏེར། །རེ་བསྐང་བདུད་རྩིའི་ཆར་ཆེན་༼དབབ་ཕོབས༽ཧོ། །ཧུ༷་༼བ་བྷ༽ག་པད་མའི་དཀྱིལ་འཁོར་འདིར། །འདབ་བརྒྱད་པདྨའི་དཀྱིལ་འཁོར་ལྡན། །ཕྱི་ལྕགས་ནང་གཏན་སྒོ་བར་བཅས། །རིན་ཆེན་དཀྱིལ་འབྱམས་གདན་བཏིང་ནས། །བླ་མེད་འཕྲུལ་གྱི་ལྡེ་མིག་གིས། །ལྕགས་བཀྲོལ་གཏན་ཕྱེ་གདན་ལ་བཞུགས། །རིན་ཆེན་བརྩེགས་པའི་ག་བུར་དུ། །བླ་མེད་ཁྲག་འཐུང་སྐུ་བསིལ་ནས། །བདུད་རྩི་ཆེན་པོའི་བུམ་པ་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས། །ཧཱུཾ༷་མི་དམིགས་པ་ལས་དམིགས་པ་ཆེ། །མ་ཆགས་པ་ལས་ཆགས་པ་བདེ། །ཐར་ལམ་བདེ་བའི་༼བ་བྷ༽ག་དབྱིངས། །བླང་དོར་མེད་པའི་ཀློང་ཡངས་སུ། །སྲིད་པའི་བག་ཆགས་བཀྲུ་བའི་ཕྱིར། །སྤྱི་དཔལ་བླ་ན་མེད་པ་ཡི། །གསང་བའི་དོན་ལྡན་ལྡེ་མིག་གིས། །རྣམ་པར་དག་པའི་སྒོ་ཕྱེ་སྟེ། །ཡེ་ཤེས་ཆུ་བོས་ཁྲུས་ཆེན་མཛད། །ཧུ༷་ཐབས་ལས་དབྱིངས་བྱུང་ཐར་པའི་ལམ། །ཨུ་དབྱིངས་ལས་ཐབས་བྱུང་བླ་མེད་སྐུ། །བླ་མེད་དབྱིངས་དང་ཡེ་ཤེས་འབྱོར་པས་ན། །བདུད་རྩི་ཆེན་པོའི་ཆར་ཆེན་སྲིད་པར་སྤྲོ། །ཕྱོགས་བཅུ་རྒྱལ་བ་མཉེས་པའི་མཆོད་པར་སྤྲོ། །རྣལ་འབྱོར་མཁའ་འགྲོ་སྐོང་བའི་ཚོགས་སུ་སྤྲོ། །འགྲོ་དྲུག་སྒྲིབ་པ་སྦྱོང་བའི་ཕྱག་རྒྱར་སྤྲོ། །མུ་སྟེགས་བདུད་འདུལ་ཁྲོ་རྒྱལ་ཚོགས་སུ་སྤྲོ། །སྡུག་བསྔལ་ཟད་བྱེད་བདུད་རྩི་ཆེན་པོར་སྤྲོ། །དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན་མར་སྤྲོ། །འདོད་ཆགས་ཚིམ་བྱེད་གསང་བའི་སེམས་སུ་སྤྲོ་ཧོ། །ཧུ༷་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མ་བཀག་ལྷུན་གྱིས་རྫོགས་པས་ན། །ཐམས་ཅད་ཐིག་ལེ་ཉིད་ཀྱིས་ངང་། །གཉིས་མེད་སྦྱོར་བའི་ཐིག་ལེ་ཆེ། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །འབྱུང་བ་ལྔ་ཡི་འཕྲོ་འདུ་འབྱུང་། །བདག་གི་ས་ཡི་ངོ་བོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་བརྟན་པར་སེམས་མའི་མཆོག །མི་འཇིགས་པ་ཡི་དབུ་གསུམ་གྱིས། །དུས་གསུམ་དབྱིངས་སུ་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྤྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །དཀར་ལ་དག་པའི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ས་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་རླུང་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་ཡང་གསལ་སེམས་མའི་མཆོག །ཐོགས་པ་མེད་པའི་དབུ་གསུམ་གྱིས། ཁམས་གསུམ་ཐིག་ལེར་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ལྗང་ཁུ་ན་བཟའ་བི་ཌརུ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གནོད་སྤྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་ཆུ་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐྱིར་བསྐྱེད་པ། །མཁའ་འགྲོ་མཉན་གསལ་སེམས་༼མའི་༽མཆོག །རོལ་པ་ཆེན་པོའི་དབུ་གསུམ་གྱིས། །དུས་གསུམ་དབྱིངས་སུ་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྤྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །དམར་མོ་དབང་གི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ཆུ་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་མེ་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་འོད་གསལ་སེམས་མའི་མཆོག །སྟོབས་ལྡན་མཆོག་གི་དབུ་གསུམ་གྱིས། །སྲིད་གསུམ་ཐིག་ལེར་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །རིན་ཆེན་སྔོན་པོའི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གཤིན་རྗེའི་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་བཀྲག་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་བཀྲག་གསལ་སེམས་མའི་མཆོག །མི་འགྱུར་བ་ཡི་དབུ་གསུམ་གྱིས། །སྐྱེ་འགྲོ་མཁའ་ལ་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །མི་བཟད་པ་ཡི་སྤྱིན་པ་གཏོང་། །ཅིར་ཡང་འགྱུར་བའི་སྐུ་མདོག་ལ། །བཙོ་མ་གསེར་གྱི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །བརྒྱ་བྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་གབ་པའི་ཐིག་ལེ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །བླ་ན་མེད་པའི་ཡབ་ཡུམ་གྱིས། །སྦྱོར་བའི་གདན་དུ་དྲུག་པོ་བསྐྱེད། །བདག་གི་འོད་ཆེན་སྣ་ཚོགས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དཔལ་འབར་ཁྲོ་མོ་ཉིད་ཀྱི་སྐུ། །བདག་གི་དྭངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། ཁྲོས་པའི་དབང་ཆེན་ཉིད་ཀྱི་སྐུ། །བདག་གི་དྭངས་མ་བརྒྱད་པོ་ལས། །ས་བོན་ལས་ནི་སྐུ་བསྐྱེད་པ། ཁམས་གསུམ་བདར་གཅོད་ཉིད་ཀྱི་སྐུ། །བདག་གི་བདེ་ཆེན་གསང་བ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དུས་གསུམ་དབང་སྡུད་ཉིད་ཀྱི་སྐུ། །བདག་གི་དཔག་བསམ་ཤིང་བུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །སྐྱེ་ཤི་རྩད་གཅོད་ཉིད་ཀྱི་སྐུ། །བདག་གི་ཟངས་ཀྱི་སྦུ་གུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །པདྨ་ཤྭ་རི་དབང་གི་སྐུ། །བདག་གི་སྲིད་པའི་མདོ་སྡུད་ལས། །ས་བོན་ལས་ནི་སྐུ་བསྐྱེད་པ། །ཡསྒ་ཁྲོ་མཆོག་ཉིད་ཀྱི་སྐུ། །བདག་གི་དབང་པོ་མདོ་གསལ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །རསྒ་ཀྲོ་ཏི་ཤྭ་རིའི་སྐུ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཀྲོ་ཏི་ཤྭ་རི་ས་མ་ཡ། །སྟེང་འོག་བཤང་ལམ་སྒོ་བཞི་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ལས་ཀྱི་སྲིད་བཞི་ཉིད་ཀྱི་སྐུ། །བདག་གི་སྲིད་པ་འཇུག་བྱེད་ལས། །ས་བོན་ལས་ནི་བསྐུར་བསྐྱེད་པ། །གུ་ཡ་ཀྲོ་ཏི་ཤྭ་རི་སྐུ། །དེ་ལྟར་རྟག་ཏུ་སྒོམ་པ་ནི། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་ཕོ་མོ་གཉིས། །སྲིད་པའི་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་ཉིད་པས་ཤིན་ཏུ་བགྲེས། །ལྔ་ལས་གྱུར་པའི་བུད་མེད་ལྔ། །གཉིས་མེད་སྐྱེད་པའི་གཡུང་དྲུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་མི་འོང་གི་སྤྱན་དྲུང་སྟེ། །རུས་མེད་སྦུན་དྲུང་བཅུ་གསུམ་ཡིན། །བསྐྱེད་པའི་མཁའ་འགྲོ་ལྔ་བཅུ་ལྔ། །མཚོན་དུ་མེད་པའི་ནམ་མཁའ་ལ། །ཉི་མ་གཟའ་སྐར་འཆར་བ་ལྟར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །བདེ་ཆེན་གསང་བའི་རྡོ་རྗེ་ལས། །༼བ་བྷ༽གའི་དཀྱིལ་དུ་ལིདྨ་སྤྲོ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ངས་གསུངས་པ་ལ་ཐེ་ཚོམ་མེད། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། དཀྱིལ་འཁོར་བསྐྱེད་པ་དང་སྦས་པའི་ཐིག་ལེའི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན། །རྣམ་རྟོག་ནད་ཀྱིས་ཟིན་པ་ལས། །བདུད་རྩི་སྨན་ཆེན་ཇི་ལྟར་གཏང་། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །བླ་མེད་དཔལ་གྱིས་བཀའ་བསྩལ་པ། །རྟོག་པའི་ནད་ཞི་སྨན་ཆེན་པོ། །ངས་གསུངས་པ་ལ་གདོན་མི་ཟ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྒྱུ་གཅིག་དང་ནི་རྐྱེན་གཉིས་ལ། །ས་བོན་གྱིས་ནི་རྣམ་སྦྱང་བ། །སྤྲོ་བསྡུ་སྦྱངས་པས་དྲི་མཆོག་འགྱུར། །དུག་གསུམ་ནད་ཀྱི་གཉེན་པོ་ནི། །རྒྱུ་གཉིས་དང་ནི་རྐྱེན་གསུམ་ལ། །ས་བོན་གྱིས་ནི་རྣམ་སྦྱངས་པ། །སྤྲོ་བསྡུ་དུ་བར་འཐུལ་བ་ལ། །ཉོན་མོངས་ལྔ་ཡི་ནད་རྣམས་ཞི། ཁུ་གསུམ་དང་ནི་རྐྱེན་ལྔ་ལ། །ས་བོན་གྱིས་ནི་རྣམ་སྦྱངས་པ། །བསྡུ་བ་གཡོ་བར་གྱུར་པ་ན། །འཇུག་པའི་ནད་རྣམས་ཞི་བར་བྱེད། །བདག་གི་དྲི་མ་ཆེན་པོ་ལས། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་གཏི་མུག་ཡིན། །བདག་ གི་༼མ་མ༷༽ས་ཆེན་མོ་ལས། །ས་བོན་གྱིས་ནས་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་ང་རྒྱལ་ཡིན། །བདག་གི་རཀྟ་ཆེན་པོ་ལས། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་འདོད་ཆགས་ཡིན། །བདག་གི་དྲི་ཆུ་ཆེན་པོ་ལས། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་ཕྲག་དོག་ཡིན། །བདག་གི་གསང་བའི་ས་བོན་ལས། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་ཞེ་སྡང་ཡིན། །ཀུན་འདུས་གཅིག་ཏུ་གྱུར་པ་ལ། །༼འཕྲོ་ཕྲ༽མོ་སྟོང་དང་སྦོམ་པོ་བརྒྱད། །བསྡུས་ནས་གོང་བུར་བསྒྲིལ་བ་ལ། །བསྡུ་བའི་སྔགས་ཀྱིས་རྣམ་སྦྱངས་ཏེ། །སྤྲོ་བསྡུ་འོད་དུ་འབར་བ་ལ། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །ཟོས་ན་དཔལ་ཚེ་དངོས་གྲུབ་ཐོབ། །མཁའ་འགྲོ་མ་རྣམས་བསྙེན་བཀུར་བྱེད།།རྒྱུ་གསུམ་རྐྱེན་ལྔ་བདུད་རྩི་ཆེན་པོ་འདི། །སྣང་བ་ཆེན་པོ་སྣང་སྲིད་འཆར་བའི་རྒྱུ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་ཏེ། །མཁའ་འགྲོ་དམ་ཅན་ཀུན་གྱི་སྲོག་གི་རྒྱུ། །རང་བཞིན་བདུད་རྩི་ཆེན་པོའི་འབྱུང་གནས་ནི། །རང་བྱུང་རྣམ་དག་ཉིད་ཀྱི་སྐུ་གསུང་ཐུགས། །བདུད་རྩི་ཆེན་པོའི་སྡོང་པོར་ཉིད་བཞུགས་པས། །དུག་གསུམ་རྣམ་རྟོག་ནད་ཀྱི་གཉེན་པོ་ཡིན། །ཐེག་ཆེན་ས་གཞི་ཆེན་པོ་ལས། །རྩེ་མཆོག་མང་པོ་ཀུན་སྐྱེས་ཏེ། །སྐྱེ་འགྲོའི་གསོས་སུ་གྱུར་པ་ལྟར། །བདག་ཉིད་བདུད་རྩིའི་དཀྱིལ་འཁོར་ལས། །སྲོག་གིས་བསྡུས་པའི་སེམས་ཅན་རྣམས། །རྣམ་རྟོག་ནད་ཀྱི་གསོས་སུ་ཆེ། །རྒྱུ་གསུམ་རྐྱེན་ལྔ་དེ་དག་གིས། །མ་རིག་དམྱལ་བར་དོང་ཞེས་བྱ། །དེ་སྐད་ཅེས་བཀའ་བསྩལ་པ་དང་། རྡོ་རྗེ་སེམས་དཔའ་དང་ལྷ་གནོད་འདུལ་ལ་སོགས་པ་འཁོར་དེར་འདུས་པ་རྣམས་དཀྱིལ་འཁོར་གྱིས་གཏན་དུ་ཚིམ་ནས། ལང་ཚོའི་དངོས་གྲུབ་ཐོབ་བོ། །བདུད་རྩི་རྣམ་པ་ལྔའི་རིམ་པའོ། །གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་སེམས་ཅན་ཐམས་ཅད་ཀུན། །འདོད་ཆགས་ཀྱིས་ནི་ཁམས་གསུམ་འཁོར། །ཞེ་སྡང་གིས་ནི་ངན་སོང་ལྟུང་། །དེ་ལ་ནན་ཏན་ཇི་ལྟར་བགྱི། །ཉག་གཅིག་ཡབ་ལ་བཀའ་ཉན་འཚལ། །དེ་སྐད་གསུངས་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་བསྩལ་པ། །ཇི་ལྟར་ཆགས་སྡང་རྣམ་པ་གཉིས། །དངོས་གྲུབ་ཆེན་པོ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །ཕ་དང་ཁུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་མུ་སྟེགས་དང་། །བྲན་དང་གཡོག་པོ་ལ་སོགས་ཏེ། །ཞིང་བཅུ་དག་ཏུ་ལྡན་པ་ལ། །ཕུང་པོ་བསད་དེ་སྙིང་ཕྱུང་ན། །དངོས་གྲུབ་༼ལ་ཡ༽མཚན་ཆེན་པོར་འགྱུར། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །མ་དང་སྲིང་མོ་བུ་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་མོ། །བྲན་མོ་གཡོག་མོ་ལ་སོགས་ཏེ། །གདོལ་པ་མོ་དང་ཕྱལ་པ་མ། །ཚུལ་དགུར་སྦྱར་ན་དངོས་གྲུབ་ཐོབ། །ཞེས་བཀའ་བསྩལ་པ་དང་། ལྷ་གཡུང་དྲུང་ལ་སོགས་པའི་འཁོར་རྣམས་ཡ་མཚན་སྐྱེས་པར་གྱུར་ནས་སྔངས་ཏེ་ཅི་ཡང་མི་སྨྲ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ནས། ཡེ་ཤེས་བཞིའི་ཕྱག་ཕྱོགས་བཞི་ནས་བཙལ་ཏེ། བག་བཞི་ས་ལ་བརྡབས་ནས། ལུས་བརྐྱང་སྟེ་རྒྱལ་པོ་རྫོགས་པའི་ཞབས་སྤྱི་བོ་ལ་བླངས་ཏེ། དངོས་གྲུབ་མྱུར་དུ་འདོད་པའི་ཕྱིར། ཕྱག་རྒྱ་བཅས་ནས་གསོལ་བ། ཕ་དང་ཉེ་བའི་ཞིང་བཅུ་བསད་ན་དངོས་གྲུབ་ཐོབ་པ་ཡི། །ཞེ་སྡང་ཆེན་པོའི་ཏིང་འཛིན་དང་། །མ་དང་ཉེ་བ་ཕྱལ་པ་དག །སྦྱར་བ་དངོས་གྲུབ་ཐོབ་པ་ཡི། །འདོད་ཆགས་ཆེན་པོའི་ཏིང་འཛིན་གཉིས། །དངོས་གྲུབ་ཆེན་པོ་བདག་འཚལ་ན། །སྤྱི་དཔལ་ཆེན་པོས་བསྟན་དུ་གསོལ། །ཞེས་ཞུས་ཏེ།ལུས་ས་ལ་ལན་སྟོང་དུ་བརྡབས་ནས།སྲིད་པ་ཐམས་ཅད་དུས་ཅིག་ཏུ་གཡོས་། ་བར་ཐམས་ཅད་དུས་ཅིག་ཏུ་ཁམས་འཁྲུགས་ཏེ། ཐམས་ཅད་བག་བཞི་ས་ལ་བརྡེབས་ཤིང་ཡ་མཚན་ནོ། །སྤྱི་དཔལ་ཆེན་པོ་ཡ་མཚན་ནོ། །རྡོ་རྗེ་སེམས་དཔའ་ཡ་མཚན་ནོ། །ཞེས་མགྲིན་གཅིག་ཏུ་སྨྲས་ནས། །་་དྨ བ་འབུས་པ་རྐྱེན་ལྔ་སྒོ་འབྱེད་ས་བོན་གྱིས། །རི་རབ་ཆེན་པོའི་སྒོ་ཕྱེ་སྟེ། །ལྷ་མོ་ལྔ་ཡི་ཕྱག་རྒྱས་གནན། །ལྕགས་ཀྱུས་ས་བོན་བསྡམས་ནས་སུ། །རྒྱུ་གཅིག་དབྱིངས་ནས་བྱུང་ནས་སུ། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །ཡེ་ཤེས་གཡུང་དྲུང་པ་བརྡལ་བ་ལ། །སྤྱི་དཔལ་ཆེན་པོས་མཚམས་སྦྱར་ནི། །གསེར་དང་དངུལ་ཆུ་བསྲེས་པ་བཞིན། །སྡིག་པ་བྱས་ཀྱང་ཡེ་ཤེས་འབར། །ཡང་ན་དཀྱིལ་འཁོར་གསལ་བཀྲམ་སྟེ། །ཕུང་པོ་མངོན་སྤྱོད་ལྷ་ལ་མཆོད། །རྩ་བ་གསང་བའི་༼བ་བྷ༽ག་ལ། །མཚམས་སུ་སྦྱར་བའི་ས་བོན་གྱིས། །སྲས་སུ་བསྐྱེད་ན་བསོད་ནམས་མཆོག །མེ་ཡི་ཕུང་་་་ འབར་བ་ཡིས། །སྲིད་པའི་བུད་ཤིང་བསྲེགས་པ་བཞིན། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །འགྲོ་བ་ཀུན་གྱི་བག་ཆགས་བསྲེགས། །མེ་ལ་ཤིང་གིས་བསྣན་པ་ལྟར། །སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར། །མ་སྲིང་དང་ནི་ཕྱལ་པ་ལ། །སྦྱོར་བའི་ཕྱིར་ནི་འདོད་ཆགས་བསྒོམ། །ལྔ་ཡི་ས་བོན་གནས་ལྔ་ལ། །གཅིག་ལ་ལྔ་ལྔར་ཚོར་བུར་སྦྱར། །ལམ་དུ་བདེ་བའི་ས་བོན་གྱིས། །༼བ་བྷ༽ག་ལ་ནི་པདྨ་བརྒྱད། །བསྟན་དུ་བདེ་བའི་ས་བོན་གྱིས། །ཀློང་ལ་འཁོར་ལོ་རྩིབས་བཅུ་བཅས། །ལས་ཀྱི་ས་བོན་གཡས་གཡོན་ལ། །དབུ་ལ་མཁའ་འགྲོ་ལྔ་པོ་ཉིད། །དྲིལ་བུ་ས་བོན་རྐང་གཉིས་ལ། །ཞགས་པའི་ས་བོན་ལག་གཉིས་ལའོ། །བདག་ཉིད་སྙིང་པོ་བརྟན་པའི་སྐུ། །གནས་ལྔ་རལ་གྲི་ས་བོན་ལྔ། །གཅིག་ལ་མཁའ་འགྲོ་ལྔ་ལྔས་བསྐོར། །འདྲེན་པའི་ས་བོན་སྒལ་ཚིགས་ལ། །དགྱེས་པའི་ས་བོན་གཡས་གཡོན་ལ། །བསྟིམ་པའི་ས་བོན་གསང་བ་ལ། །ལྕགས་ཀྱུའི་ས་བོན་རྐང་གཉིས་ལ། །ལྕགས་སྒྲོག་ས་བོན་ལག་གཉིས་ལ། །བསྐྱེད་པའི་ས་བོན་མཚམས་སུ་སྟེ། །སྤྲོས་ནས་གཉིས་སུ་མེད་པའི་ཚེ། །སྤྲོས་ནས་ཚོམ་བུ་ཀུན་བསྟིམས་ཏེ། །མཆོད་པ་བཞི་ཡི་ས་བོན་གྱིས། །སྟོང་ཁམས་བཀང་སྟེ་མཉེས་མཆོད་ལ། །རིས་དྲུག་འགྲོ་བའི་སྡིག་སྦྱངས་ནས། །འཇུག་པའི་ས་བོན་ཆེན་པོ་ཡིས། །བསྡུས་ནས་ཀུན་བཟང་མཁའ་ལ་བསྟིམས། །གཏིང་དཔག་མེད་པའི་རྒྱ་མཚོ་ལ། །ཆུ་བྲན་ཐམས་ཅད་འདུས་པ་ལྟར། །བྱེད་སྤྱོད་གཉིས་ཀྱི་ཀློང་དཀྱིལ་དུ། །མ་སྲིང་ལ་སོགས་ཀླུ་མོ་དང་། །གདོལ་པ་རིགས་ངན་ཕྱལ་པ་དག །ཚལ་དགུར་སྦྱར་ན་བསོད་ནམས་མཆོག །ཅེས་བཀའ་བསྩལ་པ་དང་། འཁོར་ཐམས་ཅད་ཆགས་སྡང་གི་དངོས་གྲུབ་བོ། །༼སྟན་དང་འགའ་བ་ཏནདངག༽ནའི་རིམ་པའོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མངོན་སྤྱོད་མཆོད་པ་ཆེན་པོ་སྟེ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །སྤྱི་དཔལ་མཆོག་ལ་བདག་ཉན་འཚལ། །རྒྱལ་པོ་བདེ་བས་བཀའ་བསྩལ་པ། །དེ་ཕྱིར་ཉོན་ཅིག་རྡོ་རྗེ་སེམས། །མངོན་སྤྱོད་མཆོད་པ་སྣ་ཚོགས་ཏེ། །བདག་ཉིད་མཁའ་འགྲོའི་དཀྱིལ་འཁོར་ལྡན། །བརྒྱན་དང་བགོ་བའི་ལོངས་སྤྱོད་ལ། །འདོམ་གང་འོད་ཀྱི་ས་བོན་གྱིས། །སྦྱངས་ན་དཀྱིལ་འཁོར་མཉེས་པ་ཡིན། །བཟའ་དང་བཅའ་བའི་ལོངས་སྤྱོད་ལ། །༼བསྲེག་སྲེད༽པའི་ས་བོན་མཐར་བཞག་ལ། །བདུད་རྩི་ས་བོན་མཆོག་སྦྱངས་ཏེ། །མཉེས་ཤིང་དགྱེས་པའི་ས་བོན་གྱིས། །མཆོད་ཅིང་ཟོས་ན་དཀྱིལ་འཁོར་མཉེས། །བཏུང་བས་ཚིམ་པའི་ལོངས་སྤྱོད་ལ། །༼བསྲེག་སྲེད༽པའི་ས་བོན་མཐར་བཞག་སྟེ། །ཆུ་ཡི་ས་བོན་ཆེན་པོ་ཡི། །སྦྱངས་ཏེ་འཐུང་ན་དཀྱིལ་འཁོར་མཉེས། །ཕར་གཏོང་བ་དང་ཚུར་ལེན་དང་། །ཕོ་དང་མོ་ཡི་ས་བོན་གྱིས། །སྦྱངས་ན་ཐབས་དང་ཤེས་རབ་ཐོབ། །གཅོད་པ་འོད་ཀྱི་དཀྱིལ་འཁོར་སྤྲོ། །བཏགས་ཀ་དང་ནི་ཐ་ཏོ་ལ། །ཐབས་དང་ཤེས་རབ་ས་བོན་གྱིས། །སྦྱངས་ན་སྡིག་བྱས་ངེས་པ་མེད། །འདི་ལྟར་བྱས་ན་འཕགས་པ་མཉེས། །མངོན་སྤྱོད་མཆོད་པ་ཆེན་པོ་ཡིན། །ཆོས་ཀྱི་རང་བཞིན་དངོས་མེད་དེ། །དངོས་མེད་ཡི་གེ་སྟོང་པས་སྦྱངས། །སྟོང་ཉིད་སྟོང་པ་ཡེ་ནས་དབེན། །སོགས་པའི་སྣོད་དང་དངོས་ཀྱིས་སྟོང་། །རྣམ་པར་སྨིན་པ་སྟོང་པས་མེད། །བྱེད་པ་པོ་དང་བྱ་བ་མོ། །གདོད་ནས་སྟོང་པའི་འབྲས་བུ་ཡིན། །རྟོགས་པས་སྟོང་པའི་འབྲས་བུ་ལེན། །ལེགས་དང་ཉེས་པ་གཉིས་མེད་དེ། །ཐིག་ལེ་ཆེན་པོ་ལེན་པ་མེད། །གདོད་ནས་ལེགས་པའི་རྒྱལ་པོ་ཡིན། །དེ་སྐད་ཅེས་བཀའ་བསྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་ཕུན་སུམ་ཚོགས་པ་ཀུན། སྟོང་པའི་འབྲས་བུ་ལ་སེམས་མ་ཡེངས་པར་རྟོག་གོ །དེ་ནས་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། སྤྱི་དཔལ་ཆེན་པོའི་ཞབས་ལ་འཇུས་ནས། གནོང་བ་ཆེན་པོས་གསོལ་བ། །དགོངས་ཤིག་བདེ་ཆེན་ཡེ་ཤེས་ལྷ། །སྲིད་པ་འཁྲུགས་པ་རྟོག་པ་ཡིས། །སེམས་ཀྱི་འཁྲུལ་པ་ཅི་མཆིས་པ། །ཞབས་ལ་སྤྱི་བོས་གཏུགས་ནས་སུ། །སྟོང་པ་ཆེན་པོར་བཟོད་པ་གསོལ། །འབྲས་བུ་ཆེན་པོར་བཟོད་པར་གསོལ། །བྱང་ཆུབ་ཆེན་པོར་བཟོད་པ་གསོལ། །ཐིག་ལེ་ཆེན་པོར་བཟོད་པ་གསོལ། །དེ་ནས་རྡོ་རྗེ་སེམས་དཔའ་དེ་ལངས་ནས། སྐུ་ལ་སྦྲུལ་ལྟར་འཁྲིལ། མཛེས་པ་ཆེན་པོའི་མཆོད་པ་བྱས། ཕྱི་དབང་ཆེན་པོ་བདག་ལ་གསོལ། །ནང་དབང་ཆེན་པོ་བདག་ལ་གསོལ། །གསང་དབང་ཆེན་པོ་བདག་ལ་གསོལ། །ཅེས་གསོལ་པ་དང་། སྤྱི་དཔལ་ཆེན་པོས་བཀའ་བསྩལ་པ། ཕྱི་དང་ནང་དང་གསང་བ་ཡི། །གསང་བ་ཆེན་པོ་ཞེས་བྱ་བའི། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ཕྱོཊ་བཅུ་སངས་རྒྱས་ཐམས་ཅད་ལ། །གསང་བ་འདི་ལས་མི་མངའ་བས། །གསང་བའི་གསང་ཆེན་གསང་བའི་གཏེར། །གསང་བ་མཆོག་གི་སྤྱོད་པ་འདི། །རྡོ་རྗེ་སེམས་དཔའ་ཁྱོད་ལ་གཏད། །འགྲོ་བ་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་བྱིན་རླབས་ཆེན་པོ་རྣམས། །ང་ཡི་སྤྱོད་པ་མཐའ་དག་དང་། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས། །དེང་ནས་རྡོ་རྗེ་སེམས་དཔའ་ཁྱོད། །གསང་བ་ཀུན་གྱི་བྱེད་པ་པོ། །གསང་བའི་གསང་ཆེན་གསང་བའི་བདག །སྐུ་དང་གསུང་ཐུགས་གསང་བ་ཡི། །གསང་བའི་དཔལ་དུ་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །རྣལ་འབྱོར་ཀུན་ལ་བདེ་སྤྱིན་པ། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས། །གུ་ཡ་མཧྭ་ར་ཙ་ས་མ་ཡ་ལ༷་ཧོ། །ཞེས་གནང་བ་དང་། དེ་ནས་རྡོ་རྗེ་སེམས་དཔའ་དེ། །བརྒྱན་དང་ཆ་ལུགས་ཀུན་བཀྲོལ་ནས། །སྤྱི་དཔལ་མཆོག་ལ་མངོན་པར་གཏོར། །གནང་བ་ཆེན་པོ་༼ཙམ་བ་༽པའི་ཕྱིར། །སྙིང་དང་སྙིང་གི་གྲོགས་མོ་དེ། །སྤྱི་དཔལ་མཆོག་ལ་ཡོན་དུ་ཕུལ། །རྒྱན་དང་ཆ་ལུགས་མང་པོ་ཀུན། །གསང་དབང་གནང་ནས་ཡོན་དུ་བཞེས། ས་མ་ཡ་ཞེས་བཀའ་བསྩལ་པ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །ཉག་ཅིག་ཡབ་ལ་བཀའ་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཉག་ཅིག་ཡབ་ཀྱིས་བཀའ་བསྩལ་པ། །སྟོན་པ་བདེར་གཤེགས་ཀུན་གྱི་དཔལ། །སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང་། །བསྒོ་བའི་བཀའ་རྣམས་མཉན་པར་བྱ། །རྡོ་རྗེ་སྐྲུན་ལ་གདུང་བ་བསྐྱེད། །འདི་ནི་སྐུ་ཡི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་བཅད། །རྒྱལ་པོའི་ཕྱག་རྒྱ་གསལ་བར་བསྒོམ། །འདི་ནི་གསུང་གི་ས་མ་ཡ། །གསང་བའི་སྙིང་པོ་ངེས་པའི་དོན། །སྣོད་ངན་གཞན་ལ་སྤེལ་བ་མིན། །འདི་ནི་ཐུགས་ཀྱི་ས་མ་ཡ། །ཏ་ན་༼འགའ་ག༽ན་འབྲས་བུ་ལྔ། །སྤང་བར་མི་བྱ་སྤྱད་པ་ཡིན། །འདི་ནི་ཡན་ལག་ས་མ་ཡ། །དམིགས་མེད་སྤྱོད་པ་མཐའ་དག་ཀུན། །འགྲོ་དོན་རྫོགས་པའི་ས་མ་ཡ། །ས་མ་ཡ་ན་རྡོ་རྗེ་ཆེ། །འདའ་བར་མི་བྱེད་རྡོ་རྗེ་དམ། །བཅོལ་༄༅ པའི་ལས་རྣམས་བྱེད་པ་ནི། །མཁའ་འགྲོ་རྣམ་གསུམ་ས་མ་ཡ། །དེ་སྐད་དཔའ་བོས་ཡང་དག་བཤད། །དེ་སྐད་ཅེས་བཀའ་བསྩལ་པ་དང་། །རྡོ་རྗེ་སེམས་དཔའ་དང་། རིགས་ལྔའི་སངས་རྒྱས་རྣམས་ནི་གསང་བའི་བདག་པོར་གྱུར་ཏོ། །འཁོར་མང་པོ་ནི་གཡུང་དྲུང་གི་དངོས་གྲུབ་ཐོབ་བོ། །དེ་ནས་གསང་བའི་དགྱེས་པའི་དམ་ཚིག་ཅན་དུ་གྱུར་ཏོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། བདུད་རྩི་ཆེན་པོ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། རིན་པོ་ཆེ་གཏེར་གཏད་ཀྱི་ལེའུ་སྟེ་གསུམ་པའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་པ། །སྲིད་པའི་དབང་ཆེན་འདི་སྙེད་ཀུན། །བསྐུལ་བའི་ལས་རྣམས་ཇི་ལྟར་ལགས། །དེ་སྐད་གསོལ་བ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་བསྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །སྲིད་པའི་དབང་ཆེན་འདི་སྙེད་ཀུན། །བསྐུལ་བའི་ལས་རྣམས་འདི་སྐད་ཡིན། །ཧྭ༷་སྣང་སྲིད་ཐམས་ཅད་ཡུམ་གྱི་༼བ་བྷ༽གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ཡི་ངང་། །སྐྱེ་འགྲོ་ཐམས་ཅད་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས།།འབྱུང་བ་ལྔ་ཉིད་ཡུམ་གྱི་༼བ་བྷ༽གའི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་ལོ། །ཧུ༷་ཁམས་གསུམ་ཐམས་ཅད་ཡུམ་གྱི་༼བ་བྷ༽གའི་རྒྱན། །སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པོ། །གྲུ་ཆད་སྒོ་བཞི་༼བ་བྷ༽གའི་ཚུལ་དུ་བརྒྱན། །འབྱུང་བ་ལྔ་ཡི་རྒྱལ་མོ་སྐུ་བསྐྱོད་ཅིག །ཧུ༷་འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཡ་བདུད་བསྒྱེལ་བའི་གདན་སྟེང་དུ། །ཡུམ་གྱི་རྒྱལ་མོ་སྤྱན་འདྲེན་ན། །བཞ་ཟུར་ཞབས་བརྒྱད་ཕྱོགས་མ་ནོན། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །མཁའ་ལ་དུས་བཞིའི་ཆ་སྙོམས་མ། །དབུ་གཅིག་ཞལ་ལྔ་སྲིད་པ་གསལ། །ཞལ་ནས་འབྱུང་བ་ལྔ་འཆར་མ། །ཕྱག་དྲུག་ཕྱག་ཆ་སྣ་ཚོགས་བསྣམས། །དང་པོ་རྡོ་རྗེ་དྲིལ་བུ་དང་། །བར་མ་དྲིལ་ཞགས་བནྟྲར་ལྡན། །ཐ་མ་བདུད་རྩི་གཡང་གཞི་རྡེབས། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཚོགས་ཀྱི་༼རྩེ་ག་མོར་གཤེགས་སུ་གསོལ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ས་བདག་བསྒྱེལ་བའི་གདན་སྟེང་དུ། །ཤར་གྱི་མཁའ་འགྲོ་སེང་གེ་གདོང་། །རྟག་པའི་རྒྱལ་པོ་རྣམ་སྣང་གསལ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དཀར་མོ་ཤེལ་ལྷར་དག །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྡོ་རྗེ་༼བན་ད་བ་༽འབར། །བར་མ་དགྲ་སྟ་གཏུན་ཤིང་རྡེག །ཐ་མ་སེང་གེ་མཆོག་ཆེན་སྙོད། །འབྱུང་བ་ས་ལ་དབང་སྒྱུར་ཞིང་། །འགྲོ་བའི་རྒྱུ་ལ་མངའ་མཛད་མ། །རུས་པའི་བདག་མོར་གཤེགས་སུ་གསོལ། །ཧུ༷་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གརྣོད་སྤྱིན་བསྒྱེལ་བའི་གདན་སྟེང་དུ། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་།།རྟག་པའ་རྒྱལ་མོ་ཡང་གསལ་གཡོས། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་ཁུ་ཤན་ཏུ་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞེ་བགྲད། །དང་པོ་རྒྱ་གྲམ་བནྟྲ་འབར། །བར་མ་དབྱིག་ཆེན་རྒྱུ་ཕྲེང་འདྲེན། །ཐ་མ་སྤྱང་མོ་ཞིང་ཆུང་སྙོད། །འབྱུང་བ་རླུད་ལ་དབང་སྒྱུར་ཞིང་། །འགྲོ་བའི་༼ལྦུབས་དབུགས༽ལ་མངའ་མཛད་པ། །དབུགས་ཀྱི་བདག་མོ་གཤེགས་སུ་གསོལ། །ཧུ༷་ནུབ་ཕྱོགས་འཁོར་ལེའི་རྩིབས་སྟེང་ནས། །ཆུ་བདག་བསྒྱེལ་བའི་གདན་སྟེང་དུ། །ནུབ་ཀྱི་མཁའ་འགྲོ་བུད་ཀའི་གདོང་། །རྟག་པའི་རྒྱལ་མོ་མཉེན་གསལ་མ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དམར་མོ་དབང་གིས་མཛེས། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོར་བུད་ཀ་བརྙ་འབར། །བར་མ་ཞགས་པ་ཏྲི་ཤུ་ལ། །ཐ་མ་ལྕེ་སྦྱང་ཞིང་ཆུང་སྙོད། །འབྱུང་བ་རླུང་དབང་སྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་པ། ཁྲག་གི་བདག་མོ་གཤེགས་སུ་གསོལ། །ཧུ༷་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྒྱེལ་བའི་གདན་སྟེང་དུ། །ལྷོ་ཡི་མཁའ་འགྲོ་བ་གླང་གདོང་། །རྟག་པའི་རྒྱ་མོ་འོད་གསལ་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ།།ན་བཟའ་སྔོན་མོ་བི་ཌརླ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོ་རིན་ཆེན་བནྟྲ་འབར། །བར་མ་དབྱུག་ཆེན་མེ་འབར་བསྣམས། །ཐ་མ་སྟག་མོ་ཞིང་ཆུང་སྙོད། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །འགྲོ་བའི་དྲོད་ལ་མངའ་མཛད་མ། །དྲོད་ཀྱི་བདག་མོ་གཤེགས་སུ་གསོལ། །ཧྭ༷་འཁོར་ལོ་འབར་བའི་ལྟེ་མཚན་ལ། །བརྒྱ་བྱིན་བསྒྱེལ་བའི་གདན་སྟེང་དུ། །ནམ་མཁའི་མཁའ་འགྲོ་རྡོ་རྗེ་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སེར་མོ་བཙོ་མ་གསེར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོར་འཁོར་ལོ་བནྟྲ་འབར། །བར་མ་རྒྱལ་མཚན་སྤུ་གྲི་འཛིན། །ཐ་མ་འུག་པ་ཞིང་ཆུང་སྙོད། །ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །བཀྲག་གི་བདག་མོ་གཤེགས་སུ་གསོལ། །ཀུན་ཀྱང་ཡེ་ཤེས་མཁའ་འགྲོ་མ། །མཆེ་བ་ཅན་ལ་གཙིགས་ནས་བཞད།།འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །ཡེ་ཤེས་དྲུག་དང་ལྡན་པ་སྟེ། །ཕ་རོལ་ཕྱིན་མ་དེ་བཞིན་ཉིད། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །འགྲོ་ལ་ཕན་ཕྱིན་གཤེགས་སུ་གསོལ། །ད་ནི་མ་མོ་དབང་དུ་བསྡུ་ང་དང་བཀོལ་ཐབས་འཆད་དེ། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །གཙོ་མོ་ལ་སོགས་དྲུག་པོ་ཡིས། །སྲིད་པའི་མ་མོ་དྲུག་སོགས་གདིང་། །ཡེ་ཤེས་མ་མོ་ལ་སོགས་ཀྱིས། །བཅུ་བཞི་མན་ཆད་གདན་དུ་གཏིང་། །བདག་ཉིད་ཆེན་པོར་བསྒོམ་བྱས་པ། །མ་ནི་དགྱེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་ཀློང་། །མ་ནི་རྟག་ཆེན་གཡུ་དྲུང་མཁའ། །མོ་ནི་ཆགས་མེད་བྱང་ཆུབ་ཀློང་། །མ་ནི་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པ་ཀུན་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་མཁའ། །མོ་ན་འགག་པ་མེད་པའ༄་ཀློང་། །མ་ནི་ཐབས་མཆོག་གདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའ་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་ཆོས་ཉིད་མཁའ། །མོ་ནི་༼བ་བྷ༽གའི་དབྱིངས་ཉིད་ཀློང་། །མ་ནི་ཀུན་གཞི་བདེ་ཆེན་ཀློང་། །མོ་ནི་རྣམ་ཤེས་ཧུ༷་ཆེན་འབར། །མཁའ་ཀློང་གཉིས་སུ་བདག་སྒོམས་ཤིག །ཐིག་ལེ་ཆེན་པོར་བློ་བརྟན་ལ། །ལུས་ལ་མ་མོ་དབང་དུ་བསྡུ། །ཞེས་བྱ་སྟེ། དེ་ལ་མ་མོ་དབང་དུ་ཇི་ལྟར་བསྡུ་ཞེ་ན། ཚིག་དང་དོན་དུ་འདི་སྐད་སྟོན། །ཡེ་ཤེས་ཐིག་ལེ་ཆེན་པོ་དང་། །གསང་ཆེན་བདེ་བའི་ལམ་མཆོག་དང་། །མན་ངག་རྫོགས་པའི་དཀྱིལ་འཁོར་ལ། །ཡང་གསང་མ་མོ་དྲུག་པོ་དེ། །ཆགས་པའི་གདན་དུ་གདིང་བར་བྱ། །འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས། །སྲིད་པ་བདེ་འགྲོ་ཆེན་མོ་དང་། །ཉི་ཟླ་ཐོད་ཕྲེང་གདན་དུ་གདིང་། །ཐིག་ལེ་ཆེན་པོ་རྒྱན་བཞི་ཡིན། ཁྲོས་པ་དབང་ཆེན་བཞི་པོ་དག །ཆགས་པའི་གདན་དུ་གདིང་བར་བྱ། །སྲིད་པའི་དྭངས་མ་བརྒྱད་པོ་ཡིས། །སྦས་པའི་མ་མོ་བཞི་པོ་དང་། །ཐུགས་ཀྱི་དགྱེས་སྡེ་བཞི་རྣམས་ནི། །མངོན་སུམ་གདན་དུ་གདིང་བརབྱ། །བདེཆེནགསངབའིདཀྱིལ་འཁོར་གྱིས། །སྲིད་པ་ཆགས་བྱེད་སྐྲུན་གཉིས་མནན། །སྲིད་པ་རང་བསྒོ། །ཆེ་བའི་ང་རྒྱལ་འདི་བསྐྱེད། ཧུ༷་ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་ཁྲོ་མོ་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་བདག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་ཁྲག་བདག ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་བཅོལ་ཁྱེད་ཀྱིས་སྒྲུབས། །ཛ་ཧུ༷་ཏིང་མ་མ་སྨྱོ། རུ་ལུ་རུ་ལུ་ཏྲག་མོ་སྨྱོ། ཡེ་ཤེས་རྩལ་འཕང་ཐིག་ལེ་ཡི། །བསྒོམ་དབྱངས་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །ཞེས་བྱ་སྟེ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་གསལ་བར་བྱས་ལ། སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་དང་། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི་སྲོག་སྙིང་བསྡུས་ལ་གཞག་གོ །དེ་ནས་རྣལ་འབྱོར་པས་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་བཤམས་ལ། སྣ་ལ་ཡེ་ཤེས་ལས་བསྐྱེད་པའི་མཁའ་འགྲོ་མ་རྣམས་ལ་མཆོད། ཧུ༷་ཐིག་ལེ་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །ཡེ་ཤེས་ཐུགས་ལས་སྤྲུལ་ཏེ་ཁྲོ་མོའི་སྐུར་སྟོན་པ། །གཉིས་མེད་ཧ་ཧ་བཞད་ཅིང་རྔམ་པའི་ཧུ༷་སྒྲ་འབྱིན། །མཆེ་བ་དམར་མོ་གཙིགས་ཤིང་སྙིང་འདྲེན་རྐན་སྒྲ་ཅན། །སྐྱེ་ཤི་རྩ་བ་བཅད་ནས་བདེ་ཀློང་དབྱིངས་སུ་སྡུད། །སྐུ་མདོག་ཁྲོ་མོར་བཞུགས་ཤིང་དབང་ཆེན་དཀྱིལ་འཁོར་རྫོགས། །ཕྱག་ནས་སྤྲུལ་པ་གཏོང་ཞིང་དུག་གསུམ་དབྱིངས་ལ་སྦྱོར། །མ་ཚོགས་འཁོར་དུ་བསྡུས་ནས་༼བ་བྷ༽གའི་མངའ་མཛད་མ། །དྲུག་ཅུ་རྩ་བརྒྱད་ཚོགས་ལ་བབ་ཀྱིས་རྔམ་བའི་སྒྲ་ཕྱུངས་ཤིག།སྲིད་གསུམ་ཐིག་ལེར་རྫོགས་པའི་དཀྱིལ་འཁོར་ལ། །དགྱེས་པའི་བཞད་སྒྲས་རོལ་པ་ཚུལ་བཞིན་མཛོད། །རྒྱུ་ལས་བསྐྱེད་པའི་བདུད་རྩི་ཆེན་པོ་འདི། །རྣམ་རྟོག་གཤོམ་ཕྱིར་སྐུ་ལ་ཐིམ་པར་མཛོད། །ཧུ༷་ཧ་ཧེ་སྨྱོ། རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཨ་ལ་ལ་ཧོ། །སྐུ་ལས་བསྐྱེད་པའི་མཆོད་གནས་སུ། །འཁོར་གྱི་དྲུག་པོ་སྤྱན་དྲང་ངོ་། །ཧུ༷་མ་མོ་ཚོགས་ཀྱི་དཀྱིལ་འཁོར་ནས། །ཀུན་༷འབྱུང་དཀྱིལ་འཁོར་མངའ་བདག་མོ། །བཞི་ཟུར་ཞ་ས་བརྒྱད་ཞལ་ལྔར་འབར། །མཁའ་བཞི་བདེ་ཀློང་དབྱིངས་ལ་གསལ། །མཁའ་ལ་སྲོག་གི་མངའ་བདག་མོ། །དཀྱིལ་འཁོར་གཙོ་མོར་བཞུགས་སུ་གསོལ། །ཧཱུཾ་མ་མོ་ཆེན་མོ་རྒྱུ་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ཤར་གྱི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་༼ལྦུབས་དབུག་༽བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་བྱང་གི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་རླན་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནུབ་ཀྱི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་དྲོད་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ལྷོ་ཡི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་བཀྲག་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནམ་མཁའི་མཁའ་འགྲོ་མ། །ཡང་སྦས་དྲུག་གི་དཀྱིལ་འཁོར་རྣམས། །ཐུགས་དམ་ཆེན་པོའི་རྗེས་དགོངས་ཏེ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །དེ་ནས་བཅུ་བཞི་མན་ཆོད་ཀྱང་། །རང་རྒྱུད་ལུགས་བཞིན་བསྐུལ་བར་བྱའོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་མོ་ལས། མ་མོ་བཀོལ་ཐབས་དང་། དབང་དུ་བསྡུ་བ་དང་། ཚོགས་ཀྱི་རིམ་པ་ཡང་གསང་ཐུགས་ཀྱི་ལེའུ་སྟེ་བཞི་པའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་པ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །མ་མོ་ཕྱག་རྒྱ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་བསྩལ་པ། །རང་བཞིན་གྱིས་ནི་ཕྱག་རྒྱ་དང་། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། །དངོས་གྲུབ་བླང་བའི་ཕྱག་རྒྱ་དང་། །མཚོན་བྱེད་རྟགས་ཀྱི་ཕྱག་རྒྱའོ། །མ་མོའི་ཕྱག་རྒྱ་བདུན་བཞི་ཅིག །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །བཅིངས་པ་དམ་ཚིག་ཕྱག་རྒྱ་དང་། །བསམ་པ་དམ་ཚིག་ཕྱག་རྒྱ་དང་། །བཅའ་བ་དམ་ཚིག་ཕྱག་རྒྱ་དང་། །བཅིངས་པ་ལས་ཀྱི་ཕྱག་རྒྱ་དང་། །སྒོམ་པ་དམ་ཚིག་ཕྱག་རྒྱ་དང་། །སྒོམ༷ ་པ་ཆོས་ཀྱི་ཕྱག་རྒྱ་དང་། །བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །ས་མ་ཡ་ཧུ༷། ཧ་ཧེ་སྟུ༷། ལག་གི་འདུ་བྱེད་སྒོམ་པ་ནི། །ཐིག་ལེ་ཆེན་པོའི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་རྩེ་སྤྲད་དེ། ཁེས་རབ་མཆོག་གི་ཕྱོགས་གནས་སུ། །ཨཱོཾ་ཨཱོཾ་ཧ་གསུམ་རྩེ་སྤྲད་ལ། །རྣམ་པར་ཐར་པའི་སྒོ་གསུམ་རྒྱ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་གར་གྱི་ཕྱག་རྒྱ་ནི། །ཤེས་རབ་མཆོག་གི་སྙིང་ཁར་༼རྟན་བརྟེན༽། །སྦོམ་པོ་དབང་མོ་རྩེ་སྤྲད་དེ། །ཐབས་ཀྱིས་ཕྱོགས་མཚམས་བསྐོར་བ་ནི། །མ་མོ་ཚོགས་ཀྱི་རྒྱལ་མོའི་རྒྱ། །རྡོ་རྗེ་སྡེར་མོ་དམ་བསྣོལ་ཏེ། །ཨོ་བསྒྲེང་རྩེ་མོར་རྒྱ་བཅིངས་པ། །མ་མོ་རྡོ་རྗེ་རུས་པའི་རྒྱ། །རྡོ་རྗེ་ཁུར་ཚུར་བཅངས་པ་ལས། །ཧཱུཾ༷་དང་ཧ་གཉིས་རྩེ་བསྡུས་ནས། །འབྲུ་གསུམ་བརྐྱང་ནས་གཤོག་པའི་ཚུལ། །ན་ར་ཧ་སར་གཏད་པ་ནི། །མ་མོ་རྡོ་རྗེ་དབུགས་ཀྱི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །ཨཱོཾ་༷དང་ས་གཉིས་རྒྱབ་བསྣོལ་འཁྱུད། །འབྲུ་གསུམ་རྩེ་སྤྲད་སྐུ་གསུང་ཐུགས། །བཞད་པའི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་༼ཁུར་ཁུཚུར༽དམ་བཅིང༷ས་ནས། །ཧ་གཉིས་རྩེ་སྤྲད་གྱེན་དུ་བསྒྲེང་། །ཨཱོཾ་གཉིས་རྩེ་སྤྲད་ཐད་ཀར་བརྐྱང་། །སྭ་གཉིས་རྩེ་སྤྲད་ཐུར་དུ་བརྐྱང་། །འབྲུ་གཉིས་སོ་སོར་དམ་བསྣོལ་པ། །སྐུ་ཡི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་མེ་ཡི་རྒྱ། །ཨཱོཾ་གཉིས་རྒྱབ་བསྣོལ་ལུ་གུ་རྒྱུད། །འབྲུ་གསུམ་སོ་སོར་རྩེ་སྤྲད་དེ། །ཧུ༷་གཉིས་དྲག་ཏུ་གཡོབ་པ་ནི། །མ་མོ་རྡོ་རྗེ་བཀྲག་གི་རྒྱ། །རྡོ་རྗེ་ཐལ་མོ་བརྐྱང་བ་ལས། །ཐབས་ཀྱི་ཨཱོཾ་དང་ཧ་གཉིས་ལས། །ཤེས་རབ་སྭ་ཡིས་བརྟེན་པར་བྱ། །ཤེས་རབ་ཨཱོཾ་དང་ཧ་གཉིས་ལས། །ཐབས་ཀྱི་ཧྭ༷་གིས་བརྟེན་པར་བྱ། །ཤེས་རབ་ཧུ༷་དང་ཨཱོཾ་བརྐྱང་སྟེ། །ཐབས་ཀྱི་ཨཱོཾ་སྭ་བཀབ་མནན་པ།།མ་མོ་ཡེ་ཤེས་མཁའ་འགྲོའི་རྒྱ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་གར་གྱི་ཕྱག་རྒྱ་ནི། །ཤེས་རབ་མཆོག་གི་སྙིང་ཁར་བརྟེན། །ཐབས་ཀྱིས་ཕྱོཊ་མཚམས་བསྐོར་བ་ནི། །ཕྲ་མེན་རྒྱ་མཚོ་ཚོགས་ཀྱི་རྒྱ།།རྡོ་རྗེ་སྡེར་མོ་བརྐྱང་པ་ལས། །ཧ་གཉིས་རྩེ་སྤྲད་ཕྲེང་བའི་ཚུལ། །འབྲུ་བརྒྱད་སྦྱར་ནས་གདེངས་པ་ནི། །འདི་ནི་ཉི་ཟླ་ཐོད་ཕྲེང་རྒྱ། །ཐབས་ཀྱི་ཨོ༷་ནི་གྱེན་དུ་བསྒྲེང་། །ཧུ༷་དང་སྭ་དང་ཨཱོཾ་དང་ཧ། །ཨོ་དང་སྦྱར་ཏེ་ཟུར་ཅན་དུ། །སྡིགས་པའི་ཚུལ་དུ་ཕྱར་བ་དང་། །ཤེས་རབ་ཐལ་མོ་དྲང་བརྐྱང་ནས། །སྐུ་ཡི་ཐད་ཀར་བརྐྱང་བ་ནི། །རྡོ་རྗེ་ཉི་མ་ཁྲོས་པའི་རྒྱ། །ཨཱོཾ་ཨ༷་ས་གསུམ་རྩེ་སྤྲད་དེ། །བསྣོལ་དུ་དམ་དུ་བསྡམས་པ་དང་། །ཧཱུཾ༷་དང་ཧ་གཉིས་རྩེ་སྤྲད་དེ། །སྙིང་ཁའི་ཐད་ཀར་བཟུང་བ་ནི། ཁམས་གསུམ་འཚོ་བྱེད་ཁྲོས་པའི་རྒྱ། །རྡོ་རྗེ་ཁྱོར་བ་བསྡུས་པ་ལས། །ཧུ༷་དང་ཧ་གཉིས་གཏོང་བའི་ཚུལ། །པདྨ་ཁྲག་འཐུང་ཁྲོས་པའི་རྒྱ། །ཐབས་ཀྱི་རྡོ་རྗེ་ཐལ་མོ་ཡིས། །འཕྱར་ཏེ་དྲག་ཏུ་བརྒྱབ་པ་ནི། །སྲིད་གསུམ་བདེ་སྦྱོར་ཁྲོས་པའི་རྒྱ། །ཧུ༷་དང་ཧ་གཉིས་ཞགས་པའི་ཚུལ། །ཕྱི་མ་ཕྱོགས་བཞིར་བརྐྱང་བ་ནི། །འདི་ནི་རྒྱན་གྱི་རྒྱལ་མོའི་རྒྱ། །ཐབས་ཀྱི་ཕྱག་རྒྱ་ཁུ་ཚུར་བཅངས། །བརྡེག་པའི་ཐབས་སུ་ཕྱར་བ་ནི། །འདི་ནི་དབྱིངས་ཕྱུག་ཆེན་མོའི་རྒྱ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །སྐུ་ཡི་ཐད་ཀར་བཟུང་བ་ནི། །འདི་ནི་བདག་ཉིད་ཆེན་མོའི་རྒྱ། །༷ཡས་གཡོན་སོར་མོ་བརྐྱང་ནས་ནི། །ཧུ༷་དང་ཧ་གཉིས་རྩེ་སྤྲད་དེ། །གཤོག་པའི་ཚུལ་དུ་བརྐྱང་པ་ནི། །འདི་ནི་གཅིག་པུ་ཆེན་མོའི་རྒྱ། །ཡི་གེ་འབྲུ་ལྔ་རྩེ་སྤྲད་དེ། །རྡོ་རྗེ་ཐོད་པའི་ཚུལ་དུ་བྱ། །འདི་ནི་དཀར་མོ་མིག་ ག་རྒྱ། །དཔའ་བོ་འབྲུ་ལྔ་དམ་བསྣོལ་ནས། །ཧ་གཉིས་བརྩེགས་ཏེ་ཧྭ༷་ལ་གཏད། །ཐོད་པ་སུལ་མངས་ཚུལ་དུ་བྱ། །འདི་ནི་ནག་མོ་རལ་ཅན་རྒྱ། །ཡི་གེ་འབྲུ་ལྔ་དམ་བསྣོལ་ཏེ། །སོ་གཉིས་བརྩེགས་ཏེ་ཧུ༷་ལ་གཏད། །རྩེ་མོ་སོ་སོར་ཕྱར་བ་ནི། །ཐོད་པ་ལྕང་ལོའི་ཚུལ་དུ་བྱ། །འདི་ནི་མ་མོ་དབང་སྡུད་རྒྱ། །ཐབས་དང་ཤེས་རབ་རྒྱབ་བསྣོལ་ཏེ། །ཧུ༷་དང་ཧ་གཉིས་རྩེ་སྤྲད་ནས། །རྡོ་རྗེ་ཐོད་ཚལ་ཚུལ་དུ་བྱ། །འདི་ནི་སེར་མོ་ལས་མཁན་རྒྱ། ཁེས་རབ་ཐལ་མོ་སྦྱར་བ་ལས། །ཐབས་ཀྱི་སྭ་དང་ཧ་གཉིས་གཡབ། །ཞིང་གི་རུ་མཚོན་ཕྱར་བའི་ཚུལ། །འདི་ནི་ཨ་ཕྱི་ཆེན་མོའི་རྒྱ། །ཤེས་རབ་ཁུ་ཚུར་དཀུར་བརྟེན་ནས། །ཐབས་ཀྱི་ཁུ་ཚུར་རྩེ་སྦྱར་ཕྱར། །ས་ཡི་སྟེང་དུ་ཧས་མནན་པ། །འདི་ནི་ཧེ་རུ༷་ཀ་ཤོསྣོ་ཡང་༽རྒྱ། ཁྲེས་རབ་ཐལ་མོ་བརྐྱང་བ་ལས། །ཐབས་ཀྱི་རྩེ་གསུམ་ཕྱང་བ་ནི། །འདི་ནི་ཨེ་ཀ་ཛུ་ཏི་རྒྱ། །རྡོ་རྗེ་ཐལ་མོ་བརྐྱང་པ་ལས། །འབྲུ་གསུམ་བསྣོལ་ཏེ་གཡོབ་པ་ནི། །འདི་ནི་དུར་ཁྲོད་མ་བདུན་རྒྱ། །ཨཱོཾ་གཉིས་མདུང་རྩེ་ཕྱར་བ་ལས། །འབྲུ་གསུམ་བསྡུས་ཏེ་ཧས་མནན་པ། །འདི་ནི་འདོད་ཁམས་གཙོ་མོའི་རྒྱ། །རྡོ་རྗེ་སྙིམ་པ་བསྐྱོར་བ་ལས། །བཅུས་ནས་རྔུབ་པའི་ཚུལ་དུ་སྟོབས། །འདི་ནི་སྲིན་མོ་བདུན་གྱི་རྒྱ། །རྡོ་རྗེ་ཁུ་ཚུར་སོ་སོར་བཅངས། །སྭ་གཉིས་ནང་དུ་དམ་འཁྱུད་དེ། །ཟ་མ་ཏོག་དང་ཟོ་བའི་ཚུལ། །འདི་ནི་རིན་ཆེན་སྲིད་འདེགས་རྒྱ། །རྡོ་རྗེ་ཁུ་ཚུར་ཕྱར་བ་ལས། །ཧུ༷་གཉིས་དྲག་ཏུ་གཡོབ་པ་ནི། །འདི་ནི་འཇིག་རྟེན་དབང་སྡུད་རྒྱ། །ཐབས་ཀྱི༷ ་ཨཱོཾ༷་ནི་བསྒྲེང་པ་ལས། །འབྲུ་༼བཞི་རྩེ་མོའི་ཚུ་བཞངའངརྩེམོཚུལ༽ལ་བཏད། །རྡོ་རྗེ་གར་གྱི་དབང་ཕྱུག་རྒྱ། །རྡོ་རྗེ་ཁྱོར་བ་མཛེས་པ་ལ། །ཕྱོགས་བཞིར་འཐོར་བའི་ཚུལ་བྱེད་པ། །པདྨ་གར་གྱི་དབང་ཕྱུག་རྒྱ། །ཐབས་ཀྱི་ཨཱོཾ་ནི་གྱེན་དུ་སྒྲེང་། །འབྲུ་བཞི་བཀུག་སྟེ་ཕྱར་བ་ནི། །འདི་ནི་ཧར་ཏིང་དམར་མོའི་རྒྱ། །རྡོ་རྗེ་ཐལ་མོ་སྦྱར་བ་ལས། །འབྲུ་གསུམ་སོ་སོར་ཕྱར་བ་ནི། །འདི་ནི་གྲུབ་ཏིང་སེར་མོའི་རྒྱ། །རྡོ་རྗེ་ཐལ་མོ་སྦྱར་བ་ལས། །སྭ་དང་ཧ་གཉིས་བརྐྱང་ནས་བསྣོལ། །འབྲུ་གསུམ་བསྡུས་ཏེ་བརྐྱང་བ་ནི། །འདི་ནི་ཤན་ཏིང་དཀར་མོའི་རྒྱ། །ཧུ༷་གཉིས་རྩེ་སྤྲད་སོ་སོར་བཀན། །ཨཱོཾ་དང་ཨ༷་གཉིས་རྩེ་སྤྲད་དེ། །སྭ་གཉིས་ཐུར་དུ་བརྐྱང་པ་ནི། །དཀར་མོ་མཆེ་གཙིགས་ལ་སོགས་པའི། །དམག་གི་རྒྱལ་མོ་བཞི་ཡི་རྒྱ། །ཐབས་དང་ཤེས་རབ་རྐྱང་པ་ལས། །འབྲུ་བཅུ་དྲག་ཏུ་གཡོ་བ་ནི། །འདི་ནི་སྲིང་མོ་བཞི་ཡི་རྒྱ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དུས་གསུམ་མགོན་པོས་དེ་སྐད་བཤད། མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། དཀྱིལ་འཁོར་བསྒོམ་པ་དང་། སྐུ་མདོག་དང་ཕྱག་མཚན་བསྟན་པ་དང་། ཕྱག་རྒྱ་གྲུབ་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་གཙོ་མོའི་བྱུང་ཚུལ་དང་། །འཇིག་རྟེན་འདི་ལ་དབང་བགྱིད་པའི། །རིམ་པ་གང་དང་གང་བགྱིད་པ། །ཡང་དག་རྫོགས་ལ་བདག་ཉན་འབྱུང་བ་ནམ་མཁའ་ཀུན་ལ་ཁྱབ་པ་དེ་བྱུང་སྟེ། ཐམས་ཅད་ཀྱི་སྐྱེད་པའི་མ་ཡང་བྱས་སོ། །གཡས་ཀྱི་ཕྱག་གིས་དཔག་བསམ་གྱི་ཤིང་གི་རྩ་བ་བཟུང་བས འབྲས་བུ་ཐམས་ཅད་སྨིན་པར་བྱེད་པ། གཡོན་གྱི་ཕྱག་གིས་བདུད་རྩི་ལྔ་ལ་ལོངས་སྤྱོད་པས། རྣལ་འབྱོར་པའི་གྲོགས་མཛད་པ། ཞབས་གཡས་ཀྱིས་རྒྱ་མཚོ་མནན་ནས་ལུང་དུ་མི་འཇུག་པས། གཡོན་ང་རྒྱལ་ཅན་དྲེགས་པ་ཐམས་ཅད་བརྫིས་ནས་དབང་དུ་སྡུད་མ། མི་མཐུན་པའི་བདུད་ཟིལ་གྱིས་མནན་ནས་ཐམས་ཅད་གསོ་བའི་ལས་བྱེད་མ་ཞིག་གནས་སོ། །ཕྲག་དོག་ཚུབ་མའི་ནང་ནས། ཕ་དགུ་རི་དགུ་སྟོང་གི་རྒྱལ་པོ་ཞེས་བྱ་བ་དེ་གནས་ཏེ། དེས་སྲིད་པ་ཐམས་ཅད་སེམས་དང་དྭངས་མ་ལས་སྤྲུལ་ཏེ། སྲིད་པ་རྐོས་བདག་ཞེས་ཀྱང་བྱ། དེས་ཆགས་པ་གཡོས་ནས། མ་ཕྱུ་སངས་འབུམ་གྱི་རྒྱལ་མོ་ལ་ཐུགས་ཀྱི་ཡིག་འཕྲིན་རྒྱ་མཚོའི་གཏིང་དུ་བསྐྱལ་བ་ལས། སྲིད་པ་སྐོས་འདིངས་ཀྱིས་ཆགས་པའི་སེམས་གཡོས་ནས། ཆགས་པའི་ཡིག་འཕྲིན་རི་རབ་ཀྱི་རྩ་ལ་བཏང་པ་ལས། ཐུགས་དང་ཡིད་གཉིས་རབ་ཏུ་འཇོམས་པ་དེས། བར་སྣང་མཁའ་ལ་བྱ་རུ་སྤྲུལ་ནས་ནི། འདོད་ཆགས་སྲིད་ལེན་སྦྱོར་བ་བྱས་པས། ཕྱི་དེ་ལོ་དུས་སུ་ནི་སྲིད་པའི་སྒོ་ང་ལྔ་མ་ལས་སྐྱེས་པ་དང་། དཔག་བསམ་གྱི་ཤིང་གི་ཤར་ཕྱོགས་ཀྱི་ཡལ་ག་ལ། དུང་གི་སྒོ་ང་དཀར་པོ་དེ་མས་བཞག་པ་ལས། ཕྱིའི་སྒོང་ཤུན་བཅག །ནང་གི་བདར་ཡང་བཅད་པ་ལ། ནང་གི་ཕྲིན་ལས་ནི་དུང་གི་གུར་ཞིག་ཏུ་གྱུར། དར་དཀར་ཡོལ་བ་དང་། གཡུའི་གུར་ཤིང་དང་། བསེའི་མིག་མངས་རིས་སུ་བྲིས་པའི་ནང་ནས། བུད་མེད་དཀར་མོ་ལ་དུང་གི་རལ་པ་ཅན། ཕྱག་ན་དུང་གི་གའུ་ཐོགས་པ། སེམས་ཅན་གྱི་བཅུད་ནང་དུ་བླུགས་ནས། ༼མཚེ་འཚོ།བར་མཛད་མ། དེ་ལ་ཕས་མིང་བཏགས་པ་ནི། མཁའ་ལས་འབྱུང་ཞིང་རུས་པའི་བདག་མོར་བཏགས་སོ། །མས་མིང་བཏགས་པ་ནི། སྣང་སྲིད་འབྱུང་བ་སའི་བདག་མོ་ཞེས་སུ་བཏགས་སོ། ཁྱོད་ཀྱི་ལས་སྐལ་ནི། དུག་ནད་དང་རུས་ནད་ཆེན་པོ་བཏངས་སོ། །ལྷོ་ཕྱོགས་ཀྱི་དཔག་བསམ་གྱི་ཤིང་གི་ཡལ་ག་ལ། མས་གཡུ་སྒོང་སྔོན་མོ་དེ་བཞག་པ་ལས། སྒོ་ང་དེ་༼ཕྲུགས་་ག༽པ་ལས། གཡུའི་གུར་ཞིག་ཏུ་བྱུང་། དར་སྔོན་གྱི་ཡོལ་བ་བྲིས་པ། བྱུར་རུའི་གུར་ཤིང་ཅན། དུང་གི་གུར་མིག་བྲིས་པ་དེའི་ནང་ན། བུད་མེད་སྔོན་མོ་ལ་གསེར་གྱི་རལ་པས་བཏེགས་པ། ཕྱག་ན་གཡུའི་གའུ་བསྣམས་པ། དེའི་ནང་ན་བདུད་རྩི་ལྔ་བླུགས་པས་སེམས་ཅན་ཐམས་ཅད་གསོ་བར་མཛད་མ། ཕ་ཡིས་མིང་བཏགས་པ་ནི། ལུས་ལ་འོད་བྱུང་སེམས་ཅན་དྲོད་བདག་མོ། །ཞེས་སུ་བཏགས་སོ། །མས་མིང་བཏགས་པ་ནི། འབྱུང་བ་མེ་ལ་མངའ་མཛད་མ་ཞེས་སུ་བཏགས་སོ། ཁྱོད་ཀྱི་ལས་སྐལ་ནི། མཁྲིས་ནད་ག་ཤའི་ཡ་ཡིས། སྲིད་པ་ཐམས་ཅད་༼འགྱེངས་་་༽པར་མཛད་མའོ། །ནུབ་ཕྱོགས་ཀྱི་དཔག་བསམ་གྱི་ཤིང་གི་ཡལ་ག་ལ། མས་ཟངས་སྒོང་དམར་པོ་བཞག་པ་ལས། དེ་ཡོངས་སུ་སྨིན་ཅིང་བཅག་པ་ལས། ཟངས་གུར་དམར་པོ་ཅིག་ཏུ་བྱུང་སྟེ། དར་དམར་པོའི་ཡོལ་བྲིས་པ། གཡུའི་གུར་ཤིང་ཅན། བསེའི་གུར་མིག་བྲིས་པ། དེའི་ནང་དུ་བུད་མེད་དམར་མོ་ལ། བྱུ་རུའི་རལ་པས་གཏིབས་པ། ཕྱག་ན་ཟངས་ཀྱི་གའུའི་ནང་ན་སེམས་ཅན་གྱི་མངལ་ཁྲག་བླུགས་ནས་གནས་པའོ། །ཕ་ཡིས་མིང་བཏགས་པ། ཐམས་ཅད་དབང་དུ་བསྡུད་པས་འབྱུང་བ་ཆུ་བདག་མོ། མས་མིང་བཏགས་པ། མངལ་ཁྲག་དབང་སྡུད་ཁྲག་གི་བདག་མོ་བྱ། ཁྱོད་ཀྱི་ལས་སྐལ་ཁྲག་ནད་གཟེར་ཐབས་གཏོང་བའོ། །བྱང་ཕྱོགས་ཀྱི་དཔག་བསམ་གྱི་ཤིང་གི་ཡལ་ག་ལ། མས་ཁྲ་སྒོང་ཁྲ་མོ་བཞག་པ་ལས། དེའི་ཕྱིའི་སྒོང་བཅག་ནང་གི་པྲི་བཏོལ། བར་གྱི་བདག་བཅད་པ་ལས། ཁྲ་སྒོང་ཁྲ་མོ་ཅིག་ཏུ་བྱུང་སྟེ། དར་མཐིང་ནག་གིས་ཡོལ་བྲིས་པ། ཟངས་ཀྱི་གུར་ཤིང་ཅན།བསེའི་གུར་མིག་བྲིས་པ། དེའི་ནང་ན་བུད་མེད་ཁྲ་མོ་ལ་བསེའི་རལ་པ་གཏིབས་པ། ཕྱག་ན་བསེའི་གའུ་བསྣམས་པ། ནང་དུ་སེམས་ཅན་ཀུན་གྱི་དབུགས་བླུགས་ནས། སེམས་ཅན་ཐམས་ཅད་ཀྱི་འཕེལ་འགྲིབ་བྱེད་པའོ ཕ་ཡིས་མིང་བཏགས་པ། འབྱུང་བ་རླུང་བདག་མོ། མ་ཡིས་མིང་བཏགས་པ། དབུགས་ལ་མངའ་མཛད་པས། དབུགས་ཀྱི་བདག་མོ་སྲིད་པ་འཐོར་བྱེད་མ་ཞེས་པར་བཏགས་སོ། ཁྱོད་ཀྱི་ལས་སྐལ་ནི། སྙོ་འབོག་དང་ལྷོག་བརྒྱལ་གྱིས་ཁམས་གསུམ་ཐམས་ཅད་འགྱེས་མཛད་མའོ། །དེ་ལ་ཡང་འབྱུང་བ་ལྔ་བསྐྱེད་པ་ནི་ཀུན་ཏུ་བཟང་མོ། དབང་སྒྱུར་བ་ནི་བུ་མོ་སྒྲུན་ལྔ། ཆ་སྙོམས་པ་ནི་སྲིད་པ་བདེ་འགྲོ་མ། འབྱུང་བ་ལྔའི་ཉུལ་ལེ་མ་ནི་ཆགས་འཛིན་སྐྲུན་གཉིས། དུས་བཞི་རྫོགས་པར་བྱེད་པ་ནི་ཀུན་ཏུ་བཟང་མོ། དུས་བཞི་དབང་བྱེད་པ་ནི་བུ་མོ་སྤུན་ལྔ། དུས་བཞིའི་ཉུལ་ལེ་མ་ནི་ཕྱུ་ཡ་བདུད་ཀྱི་ཆུང་མའོ། །མ་མོ་རང་བཀོལ་བའི་ཐབས་ནི། ཡུམ་ཆེན་མོ་མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། ཡི་དམ་བསྒོམ་ལེགས་མ་འཁོལ་ལོ། །དེས་རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་སྲིད་པ་ཆགས་བྱེད་མ་འཁོལ་ལོ། །དེས་ཨེ་ཀ་ཛུ་ཏི་ལ་སོགས་པའི་མ་བདུན་འཁོལ་ལོ། །དེས་འདོད་ཁམས་ལྷའི་གཙོ་མོ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་སྐྲུན་གཉིས་འཁོལ་ལོ།།དེས་ནམ་མཁའི་རྒྱལ་མོ་དང་། གླིང་བཞི་སྤྱི་ཕུད་མ་འཁོལ་ལོ། །བུ་མོ་སྐྲུན་ལྔ་ནི་སྲིད་པ་ཐམས་ཅད་ལ་དབང་བྱེད་དེ། རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་གྱི་དཀར་མོ་ཉི་མའི་ཐོད་ཕྲེང་ཅན་འཁོར་ལོ། །དེས་སྲིད་པ་ཆ་སྙོམས་མ་འཁོལ་ལོ། །དེས་ས་བདག་པད་མ་ཕྲེང་འཁོལ་ལོ། །དེས་ཨེ་ཀ་ཛུ་ར་འདུལ། འདི་རྣམས་ནི་དབུས་ཀྱི་ཉུལ་ལེ་མ་སྟེ། ནམ་གྱི་གུང་ལ་རྒྱུག་གོ །རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱིས་ནི། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་འཁོལ་ལོ། །དེས་དཀར་མོ་མིག་གཅིག་མ་འཁོལ་ལོ། །དེས་རྒྱན་གྱི་རྒྱལ་མོ་འཁོལ་ལོ། །དེས་གྲུ་འདེགས་མ་ཤན་ཏིང་དཀར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་མཆེ་གཙིགས་མ་འཁོལ་ལོ། །དེས་སྲིན་མོ་གླིང་བཞི་སྤྱི་འགྲོ་མ་འཁོལ་ལོ། །འདི་རྣམས་ནི་ཤར་གྱི་ ཉུལ་ལེ་མ་སྟེ། སྲོད་ལ་རྒྱུའོ། །རྟག་པའི་རྒྱལ་མོ་འོད་འབར་གྱིས་ནི། སྲིད་པ་བདེ་འགྲོ་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་རལ་པ་ཅན་འཁོལ་ལོ། །དེའི་དབྱིངས་ཕྱུག་ལོ་མ༽འཁོལ་ལོ། །དེས་གྲུ་འདེགས་མ་དུན་ཏིང་ནག་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་ཁ་ལན་མ་འཁོལ་ལོ། །དེས་སྲིང་མོ་མཁའ་ལ་ཁྱུང་ལྡིང་འཁོལ་ལོ། འདི་རྣམས་ནི་ལྷོའི་ཉུལ་ལེ་མ་སྟེ། ནམ་གྱི་འཇིང་ལ་རྒྱུའོ། །རྟག་པའི་རྒྱལ་མོ་མཉན་གསལ་མས་ནི། པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་དམར་མོ་དབང་སྒྱུར་མ་འཁོལ་ལོ། །དེས་བདག་ཉིད་མ་འཁོལ་ལོ། །དེས་གྲུ་འདེགས་མ་ཧར་ཏིང་དམར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་མཆུ་འཇིབ་འཁོལ་ལོ། །དེས་སྲིང་་་་ དམར་མོ་གཡག་ཐོད་ཅན་འཁོལ་ལོ། །འདི་རྣམས་ནི་ནུབ་ཀྱི་ཉུལ་ལེ་མ་སྟེ། ནམ་ཆུང་ལ་རྒྱུའོ། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཀྱིས་ནི། བྷ་ག་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་སེར་མོ་ལས་མཁན་མ་འཁོལ་ལོ།།དེས་གཅིག་པུ་མ་འཁོལ་ལོ། །དེས་གྲུ་འདེགས་མ་གྲུབ་ཏིང་སེར་མོ་འཁོལ་ལོ། །དེས་༼རྨག་དམག༽གི་རྒྱལ་མོ་སེར་མོ་རྐང་ལྡག་མ་འཁོར་ལོ། །དེས་སྲིང་མོ་ནག་མོ་སེར་མོ་ཅན་འཁོར་ལོ། །འདི་རྣམས་ནི་བྱང་གི་ཉུལ་ལེ་མ་སྟེ། ནམ་གྱི་ཐོ་རངས་རྒྱུའོ། །ཡུམ་ཆེན་མོས་ཉིན་མཚན་མེད་པར་གཟིགས་ཏེ། ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད་ལ་མངའ་མཛད་དོ། །སྤྱི་དབང་ནི་ཡུམ་ཆེན་མོ་རྟག་པའི་རྒྱལ་མོ་ལ་སོགས་པ་མ་མོ་གྲགས་པ་དང་། སྲིད་པ་ཀུན་ལ་མངའ་མཛད་དོ། །རྟག་པའི་རྒྱལ་མོ་ལྔས་མ་མོ་ཆེན་མོ་བདུན་འདུལ། དེས་སྲིད་པའི་བདེ་འགྲོ་མ་དང་། ཉི་ཟླ་ཐོད་ཕྲེང་ཅན་གཉིས་འདུལ། དེས་ཁྲོས་པའི་དབང་མོ་ཆེ་བཞི་འདུལ། དེས་ཐུགས་ཀྱི་དགྱེས་སྡེ་མོ་བཞི་འདུལ། དེས་སྦས་པའི་མ་བཞི་འདུལ། དེས་སྲིད་པ་ཆགས་བྱེད་མ་དང་ཆ་སྙོམས་མ་གཉིས་འདུལ། དེས་ཨེ་ཀ་༼འཛའ་ཛུ༽ཏི་སྤུན་དྲུག་འདུལ། དེས་མ་བདུན་འདུལ། དེས་འདོད་ཁམས་ལྷའི་གཙོ་མོ་ནེ་མཚན་འདུལ། དེས་རྡོ་རྗེ་གར་གྱི་དབང་ཕྱུག་མ་སྐྲུན་འདུལ། དེས་༼རྨག་དམག༽གི་རྒྱལ་མོ་སྐྲུན་འདུལ། དེས་སྲིང་མོ་བཞི་འདུལ། དེས་དབང་མོ་ཉི་ཤུ་རྩ་བརྒྱད་འདུལ། དེ་ལྟར་གང་འཁྲུགས་ན་ཡང་རིམ་པ་བཞིན་ཏེ། གཙོ་མོ་བཅོས་ན་ཀུན་ཀྱང་བདེ། མ་མོ་ལྔ་བཅུ་རྩ་ལྔ་སོ་སོའི་དབང་༼ཆད་མཛད༽དོ། །སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་གྱི་མནན་པས་མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི་ཚོགས་ཞེས་བྱའོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། སྲིད་པའི་མ་མོ་ཡུམ་དྲུག་གི་རྒྱུང་ཚུལ་དང་། མ་མོ་སོ་སོའི་དབང་ཚད་རིམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་བ། །བཅུ་བཞི་ཞེས་བགྱི་རྗེ་དང་འཁོལ། །རབས་བརྒྱུདརྩ་བ་ཇི་ལྟ་བུ། །འགུག་དང་འདྲེན་པའི་སྔགས་རྣམས་གང་། །རྣལ་འབྱོར་མཆོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྣལ་འབྱོར་མཆོག་གི་བཀའ་བསྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བཅུ་བཞི་ལ་རྫོགས་རྗེ་ཁོལ་གྱི། །རབ་རྒྱུད་འགུགས་འདྲེན་སྔགས་རྣམས་ཀུན། །གཏན་ཚིགས་རྩ་བ་གནད་ལ་དབབ། །དེ་ལ་རི་རབ་གླིང་གཞི་ནི་གོང་དུ་ཆགས་པས་རང་ལུགས་སུ་ཡོད། ཉི་མ་དགུ་པ་བརྒྱ་རྩ་གཅིག་དང་། ཟླ་བ་དགུ་བརྒྱ་རྩ་གཅིག་སྟེ། ཉི་ཟླ་སྟོང་གིས་རི་རབ་ཀྱི་ཕྱི་རོལ་ན་གནས་པའི་སྣང་སྲིད་ཐམས་ཅད་ཚིག་ནས་ཅི་ཡང་མི་སྣང་བ་ལས། རི་རབ་གྱི་ནང་དཔག་བསམ་གྱི་ཤིང་ཡོངས་༼སུ་་༽ས་བརྟོལ་ཞེས་བྱ་བ་ཡོད་པ་ལས། ཤིང་གི་རྩེ་མོའི་རི་རབ་ཀྱི་བུམ་པའི་ནང་ན་ཡུམ་མོ་སྲིད་པ་བདེ་འགྲོ་མ། ཁམས་གསུམ་ཀུན་གྱི་ཡུམ་མཆོག་མ་ཞེས་བྱ་བ། སྐུ་མདོག་མཐིང་ནག་ཏུ་བཞུགས་ཤིང་། དབུ་དང་ཕྱག་ཅིར་ཡང་སྟོན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་རལ་པ་ཅན། སྦས་པའི་སྤྱན་གཉིས་ནས། གཡས་པ་ནས་ཁྲག་གི་མཆི་མ། གཡོན་པ་ནས་བདུད་རྩིའི་མཆི་མ་འཐོར་བ། སྦས་པའི་ཞབས་ནས། ཉི་ཟླ་ཟུང་ཞིག་བཏང་བ་ལས་བཟོད་པ་ཆ་སྙམས་སོ། །དེ་ནས་ཡུམ་སྲིད་པ་བདེ་འགྲོ་མས་ཕྱི་ནང་གི་སྣང་སྲིད་ཐམས་ཅད་ཕྱུང་ངོ་། །དེ་ནས་དཀར་མོ་ཉི་ཟླ་ཐོད་ཕྲེང་དེ་ང་ཉིད་ཀྱིས་གསང་བར་བཟུང་ནས་རབ་ཏུ་གསང་ཞིང་སྦས་པ་ལས། མུ་སྟེགས་ཀ་ལ་ཆེན་པོ་ཞེས་བྱ་བ་རི་རབ་ཀྱི་འོག་རྒྱ་མཚོའི་སྟེང་ན་གནས་པས་མཐོང་སྟེ། བྱི་བའི་འོ་་ལ་ཡིད་ཀྱི་སྟོར་བ་བྱས་པ་ལས། གླང་གི་འོ་་ལ་བུ་མོ་སྐྲུན་བཞི་སྐྱེས་པ་དང་། ཁོལ་མོ་སྲིད་པ་ཆ་སྙོམས་མས་ལྟེ་བ་བཅད་དེ། བུ་མོའི་མིང་མས་བཏགས་ཏེ། དབྱིངས་ཕྱུག་མ་དང་རྒྱན་གྱི་རྒྱལ་མོ་དང་། བདག་ཉིད་མ་དང་། གརྩོག་པུ་མ་དང་། དེ་བཞིར་བཏགས་སོ། །མིང་ཆེས་ཏེ་དེ་བཞིས་སྲིད་པ་ཕུང་བ་དང་འདྲ་བ་ལན་ཅིག་བྱས་སོ། །དེ་ནས་ང་ཉིད་ཡེ་ཤེས་སྤྲུལ་པ་དང་། །སྲིད་པ་བདེ་འགྲོ་རྣམ་གཉིས་ཀྱིས། །ཡིད་པ་སྤྲུལ་༼པ་ཀྱང་༽བཀྱེ་ནས་སུ། །མ་ལ་ལ་སོགས་པ་དབང་དུ་བསྡུས། །ཧུ༷་ལས་སྤྲུལ་པ་བུ་མོ་བཞི། །དེ་བཞི་ལས་ནི་བསྐྱེད་བྱས་སོ། །དེ་བཞིའི་མ་་སྤྲོན་ནང༽སྲིད་པ་ཆགས་བྱེད་མས་བྱས་ཏེ། མིང་ཕྱི་མོ་དང་འ་མས་བཏགས་སོ། །རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ་བཞིར་མིང་བཏགས་སོ། །མིང་ལེགས་ནས་བུ་མོ་དེ་བཞིས་མ་བཞི་དབང་དུ་བསྡུས་སོ། །དེ་ནས་སྲིད་པ་བདེ་བ་ལ་བཀོད། སྤྲུལ་པའི་བུ་མོ་དེ་བཞི་དང་། །རིགས་ཀྱི་འབྱུང་བ་བཞི་པོ་སྲ །དཔག་བསམ་ཤིང་གི་ཡལ་ག་ལ། །འབྲུག་གི་ལོ་ལ་རྩེ་༼གཞོ་གཞངལ༽བ། །མུ་སྟེགས་ཀ་ལས་ཚོར་ནས་སུ། །སྡིག་ཅན་དམོད་པ་མཚོན་ཆ་ཡིས། །མཛའ་ན་རྒྱུག་པ་ཁྱེད་ཅག་རྣམས། །ནལ་བུ་ལྟོ་རུ་ཞུགས་ནས་ཀྱང་། །ངོ་ཚའི་བུ་ཡང་སྦེད་པར་ཤོག །ཅེས་སྨོས་པ་དང་། དམོད་པས་བསྡིགས་ཏེ། སྦྲུལ་གྱི་ལོ་ལ་བུ་མོ་སྐྲུན་བཞི་སྐྱེས་པ་དང་། ཡང་ཁོལ་མོ་སྲིད་པ་ཆགས་བྱེད་མས་ལྟེ་བ་བཅད་དོ། །དེ་ནས་མ་བཞི་ངོ་ཚ་ནས་རི་རབ་ཀྱི་ངོས་བཞིར་བསྐུངས་ཏེ་བཞག་པ་ལས། རྟའི་ལོ་ལ་བལྟ་ཡིས་མི་བྲ་བའི་བུད་མེད་རྫུ་འཕྲུལ་ཆེ་ཞིང་། མཚན་དང་ལྡན་པ་བཞི་ཞིག་སྤྱི་དཔལ་ཆེན་པོས་གཟིགས་ནས།ཐུགས་ཀྱི་དགྱེས་སྡེ་མོ་གསང་བའི་བྱི་མོར་གཟུང་ནས། མིང་ཉིད་ཀྱིས་བཏགས་པའོ། །དཀར་མོ་མིག་རྒྱས་འདེབས་མ་དང་། ནག་མོ་རལ་ཅན་རྨོངས་བྱེད་མ་དང་། དམར་མོ་དབང་སྒྱུར་ཟ་བྱེད་མ་དང་། སེར་མོ་ལས་མཁན་ཚེ་འཕེལ་མ་ཞེས་ཐུགས་ལས་མཚན་ཡང་བཏགས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། མ་མོ་བཅུ་བཞིའི་རབས་བརྒྱུད་ཀྱི་ལེའུ་སྟེ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་ཆགས་བྱེད་དམན་པརྣམས། །ཕོ་མོའི་སྐྱེ་རྒྱུད་ཇི་ལྟར་ལགས། །བདེ་ཆེན་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །བདེ་ཆེན་དཔལ་གྱིས་གསོལ་ནས་ཀྱང་། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཕོ་མོ་རྣམས་ཀྱི་སྐྱེ་རྒྱུད་ནི། །ཡང་དག་ངེས་པར་བཤད་པར་བྱའོ། །དེ་རྣམས་ཀྱི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཁོལ་མོ་སྲིད་པ་ཞིག་འཛིན་གཉིས། ཁྱིའི་ལོ་ལ་དཔྱིད་ཟླ་ར་བའི་ཉ་ལ་ཡི་་ ག་ཏུ་འདུས་པ་དང་། ཕག་གི་ལོ་དགུན་ཟླ་ར་བའི་ཉ་ལ་བུ་ཁྱེའུ་གཅིག་སྐྱེས་པ་དང་། ཇོ་མོ་ཉི་མ་ཐོད་ཕྲེང་ཅན་གྱིས་སྐོས་རྗེ་བྲང་དཀར་དུ་མིང་བཏགས་ཏེ། བློན་པོར་བསྐོས་སོ། །དེ་ནས་སྐོས་རྗེ་བྲང་དཀར་དང་སྲིད་པ་ཆ་སྙོམས་མ་གཉིས་ཤུག་ཏུ་འདུས་ཏེ། སྲིད་པ་ཆ་སྙོམས་སོ། །དེ་གཉིས་ལས་བུ་མོ་སྐྲུན་དྲུག་སྐྱེས་སོ། །བཞི་ནི་ཁྲོས་པའི་དབང་མོ་ཆེ་བཞིའི་བློན་པོ་ཆེན་པོ་བཞིའི་ཆུང་མར་བླངས་ཏེ། ཇོ་མོས་རི་རབ་འཛིན་དུ་བཅུག་ནས། གྲུ་འདེགས་མ་ཆེན་མོ་བཞིར་མིང་བཏགས་སོ། །བུ་མོ་ཆུང་༼དུན་ངུ༽གཉིས་ལ་གཅིག་སྲིད་བྱན་མཁན་གྱི་ཆུང་མར་བཏགས་སོ། །ཇོ་མོ་ཉི་མ་ཐོད་ཕྲེང་ཅན་གྱིས་ཧེ་རུ་ཀ་སྣིར་མིང་བཏགས་ནས་སྲིད་པའི་བྱན་བྱེད་དུ་བཅུག་གོ །དེའི་བུ་མོ་ཐ་ཆུང་ས་ཨེ་ཀ་ཛུ་ར་ནི་དབྱིངས་ཕྱུག་མ་སྒྲུན་གྱི་འཁོར་ན་གནས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལས་བུ་མོ་སྐྲུན་བཞི་སྐྱེས་ཏེ།དཀར་མོ་མཆེ་བ་ཅན་དང་། ནག་མོ་ཁ་གླལ་མ་དང་། དམར་མོ་མཆུ་འཇིབ་མ་དང་། སེར་མོ་རྐང་ལྡག་སྟེ། དེ་བཞི་ནི་ཐུགས་ཀྱི་དགྱེས་སྡེ་སྐྲུན་བཞིའི་ཁོལ་མོས་ཐོབ་སྟེ། དམག་གི་རྒྱལ་མོར་བསྐོས་སོ། །དེ་ནས་ཁྲོས་པའི་དབང་མོ་ཆེ་བཞིའི་ཁོལ་མོ་ཨེ་ཀ་ཛུ་ཏི་ཤུགས་ཀྱིས་བློན་པོ་ལྷ་ཆེན་པོ་བདུན་གྱི་ཆུང་མ་སྲིན་མོ་ཆེན་མོ་བདུན་འཇིག་རྟེན་དུ་གནོད་པ་ལས། ཡུམ་ཆེན་མོ་ཐུགས་ཀྱི་སྤྲུལ་པ་དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། གསང་བསྡུས་པའི་མ་མོ་གཅིག་སྟེ། ཐུགས་ཀྱི་སྤྲུལ་པ་མ་མོ་བདུན་གྱིས་སྲིན་མོ་བདུན་བཏུལ་ལོ། །དེ་ནས་གཙོ་མོ་བཅུ་བཞི་ལས། རྒྱན་གྱི་མ་མོ་འོད་ཅན་སྤུན་བཞི་བྱ་བ་མང་སྟེ། བུ་མོས་མའི་དབང་འཕྲོགས་ཏེ་དབང་ཡང་མེད། མཐུ་ཡང་མེད་སྟེ་ཞེ་ཐབ་བྱེད་དོ། །དེ་ནས་རྒྱན་གྱི་རྒྱལ་མོ་དང་། ཁོལ་མོ་ཕྱུ་ཡ་བདུད་གཉིས་བྱི་བའི་ལོ་ལ་བྱི་བྱས་པའི་བུ། གླང་གི་ལོ་ལ་ཡར་ཤོད་ཀྱི་སྐྱེས་ཏོ་རེ་དང་། འདོད་ཁམས་ཀྱི་གཙོ་མོ་གཉིས་ཚེ་མར་སྐྱེས་སོ། །དེ་ནས་ཡར་ལ་་་ད་ཀྱི་སྐྱེས་ཏོ་རེ་དང་། ཇོ་མོ་ན་ཡང་ཇོ་མོ། སྲུ་མོ་ན་ཡང་སྲུ་མོ་སྟེ་དབྱིངས་ཕྱུག་མ་བྱ་བ་གཉིས། ཤིང་ན་ཕྱི་ས་ལེའི་རྩེ་མོ་རུ་རྟའི་ལོ་ལ་ཚེས་བཅོ་ལྔ་ལ་མཛའ་ན་བརྒྱུགས་པ་ལས། ནངས་པར་སོ་སོར་གྱེས་ནས་རྐང་པའི་རྟིང་པ་ལ་ཁྲག་གིས་འདུག་པ་མཐོང་སྟེ། མི་གཙང་བའི་སེམས་སྐྱེས་ནས། མཆིལ་མ་ཞིག་བསྒྱུར་བ་དང་། དེ་རུམ་དུ་སོང་ནས་ཁྲག་དང་མཆིལ་མ་འདྲེས་པའི་བུ་མིང་སྲིང་གཉིས་མཚེ་མར་སྐྱེས་སོ། །ལུག་གི་ལོ་ལ་ཚེས་བཅུ་བཞིའི་གནམ་་རྐྱོ་ཁྱང༽དཀར་པོ་སྐྱེས་སོ། །ཚེས་བཅོ་ལྔ་ལ་ས་བདག་པད་མ་ཕྲེང་སྐྱེས། དེ་ནས་ཡང་བདག་ཉིད་མ་དང་། ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་གཉིས་སྤྲེའུ་ལོ་ལ་བྱི་བྱས་པའི་བུ། བྱའི་ལོ་ལ་བུ་མིང་སྲིང་གསུམ་མཚེ་མར་སྐྱེས་སོ། །མིང་པོ་ནི་ཤར་ཕྱོགས་ཀྱི་ཤེལ་གྱི་སྲིང་མོ་ནི་པད་མ་གར་གྱི་དབང་ཕྱུག་མ་དང་།རྡོ་རྗེ་གར་གྱི་དབང་ཕྱུག་མའོ། །དེ་ནས་ཡང་ཡ་བདུད་དང་ཨེ་ཀ་ཛུ་ཏའི་ཤུག་གཉིས་ལ། བུ་མོ་སྒུན་གཉིས་སྐྱེས་ཏེ། ཆེ་བ་ལ་རིན་ཆེན་སྲིད་འདེགས་མ་ཞེས་བྱ་སྟེ། ཚེ་༼ལ་གྲག་སྟེ་ལྷགྲགསཏེ༽མི་ཕྱུགས་ཀྱི་ཚེ་ལ་དབང་ངོ་། །ནམ་མཁའི་རྒྱལ་མོའོ། །ཆུང་ངུ་ནི་གླིང་བཞི་སྤྱི་ཕུད་མ་ཞེས་བྱ་སྟེ། འཇིག་རྟེན་དབང་སྡུད་དོ། །སྲིད་པ་ཆ་སྙོམས་མ་ནི་ཧེ་རུ་ཀ་སྣི་ཞེས་བྱའོ། །སྲིད་པ་ཆགས་བྱེད་མ་ནི་ལྷ་མོ་ཚོགས་ཀྱི་རྗེ་ཞེས་བྱ། ཨེ་ཀ་ཛུ་ཏི་ནི་མི་ཡོངས་ཀྱི་ཚོགས་བདག་མོ་ཞེས་བྱ། གྲུ་འདེགས་མ་ཆེན་མོ་བཞི་ནི། ཧར་ཏིང་དཀར་མོ་དང་། དུན་ཏིང་ནག་མོ་དང་། ཤན་ཏིང་དམར་མོ་དང་། གྲུབ་ཏིང་སེར་མོ་དང་བཞིའོ། །མ་མོའི་དཀྱིལ་འཁོར་ཆེན་པོ་བརྒྱད་ལ། ཡུམ་སྲིད་པ་བདེ་འགྲོ་མ་ནི་ཡོངས་སུ་རྫོགས་པ་༼གྲུག་དྲུག༽ལྡན་མཆོག་གི་དཀྱིལ་འཁོར་རོ། །དཀར་མོ་མིག་གཅིག་མ་ནི་ཉི་ཟླ་སྟོང་གི་དཀྱིལ་འཁོར་རོ། ཁྲོས་པའི་དབང་མོ་ཆེ་བཞི་ནི་སྙིང་རྗེ་བྱམས་མའི་དཀྱིལ་འཁོར་རོ། །དཀར་མོ་མིག་གཅིག་མ་ལ་སོགས་པ་བཞི་ནི་གསང་བ་དགྱེས་པའི་དཀྱིལ་འཁོར་རོ། །དབྱིངས་ཕྱུག་མ་བཞི་ནི་ཕུང་བྱེད་སྦས་པའི་དཀྱིལ་འཁོར་རོ། །ཡུམ་ཆེན་མོ་དང་། དཀར་མོ་ཉི་མ་ཐོད་ཕྲེང་ཅན་ནི་སྤྱི་དཔལ་ཆེན་པོ་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་རོ། ཁྲོས་པའི་དབང་མོ་ཆེ་བཞི་ནི་སྐྱེ་འགྲོ་ཡོངས་སུ་སྐྱོང་བའི་དཀྱིལ་འཁོར་སྟེ། བདུད་རྩིའི་བུམ་པ་དང་འདྲའོ། །ཐུགས་ཀྱི་དགྱེས་སྡེ་མོ་བཞི་ནི་གེ་སར་ཡོངས་ཀྱི་དཀྱིལ་འཁོར་ཏེ། གསང་བའི་དྲོད་ཆགས་འཛིན་ཀུན་གྱི་བདག་མོའོ། །དེ་རྣམས་ཀྱི་ཁོལ་མོ་ལ་ཚོགས་བརྒྱད་དེ། སྲིད་པ་ཆགས་བྱེད་མ་ནི་ཆགས་འཛིན་ཆེན་མོའི་ཚོགས་སོ། །སྲིད་པ་ཆ་སྙོམས་ནི་མཉམ་བྱེད་ཆེན་མོའི་ཚོགས་སོ། །སྲིད་པ་གྲུ་འདེགས་མ་ནི་གླིང་བཞི་སྤྱིའི་ཚོགས་སོ། །ཨེ་ཀ་ཛུ་ཏི་ནི་ཕོ་ཉ་ཡོངས་ཀྱི་ཚོགས་སོ། །དམག་གི་རྒྱལ་མོ་བཞི་ནི་དྲི་ཟ་ལ་སོགས་པ་རིགས་སོ་སོའི་ཚོགས་སོ། །འདོད་ཁམས་ལྷའི་གཙོ་མོ་ནི་བུད་མེད་ནག་མོའི་ཚོགས་སོ། །པདྨ་གར་གྱི་དབང་ཕྱུག་དང་རྡོ་རྗེ་གར་གྱི་དབང་ཕྱུག་མ་གཉིས་ནི་ཉུལ་བྱེད་ཆེན་མོའི་ཚོགས་སོ། །རིན་ཆེན་སྲིད་འདེབས་མ་དང་། གླིང་བཞིའི་སྤྱི་ཕུད་མ་ནི་སྨན་ཕྲན་ཡོངས་ཀྱི་ཚོགས་སོ། །དེ་ལ་ཨེ་ཀ་ཛུ་ཏིའི་ནུ་མོ་ཨེ་ཀ་ཛ་རས་བསམས་ན། ཇོ་མོ་ཀུན་གྱི་ནང་ན་བདག་གི་ཇོ་མོ་ཀུན་པས་ཁྱད་པར་དབང་ཆུང་། བདག་ཁོལ་མོའི་ནང་ན་ཡང་བདག་ཁྱད་པར་ཡང་དབང་ཆུང་བས།ངན་ཐབས་ཤིག་བྱ་སྙམ་ནས། ཇོ་བོ་གཅིག་པུ་མས་བྱི་སྣ་བྱས་ཏེ། རྒྱ་མཚོའི་གཏིང་ནས་ཆུ་སྲིན་གྱི་རྒྱལ་པོ་ཀུ་བེ་ར་མ་ཧྭ་ཏ་བྱ་བ་བཀུག་ནས། དུག་ཤིང་གདུག་པ་ཅན་དྲུང་ཞིག་གི་ཕག་ཏུ་སྟག་གི་ལོ་ལ་ཉལ་པོ་བྱེད་དུ་བཅུག་པའི་བུ། ཡོས་བུ་ལོ་ལ་མིང་སྲིང་གཉིས་མཚེ་མར་སྐྱེས་ཏེ། མིང་པོ་ནི་དཀར་པོ་མིག་གཅིག་པ་སྐྱེས། སྲིང་མོ་ནི་ནག་མོ་ཁྲག་འཛག་མ་ཞིག་སྐྱེས་ཏེ། ནད་གཏོང་བར་གྱུར་ཏོ། །དེ་ནས་མིང་པོ་ཡིས་མའི་གཟི་མདངས་དང་འཕྲོགས། འཇིག་རྟེན་ཡོངས་ཀྱི་མཐུ་ཡང་བརྐུ་བར་བསྐྱོད་པ་ལས། སྲུ་མོ་ཨེ་ཀ་ཛུ་ཏིས་ཚོར་ཏེ། ཇོ་མོ་ཁྲོས་པའི་དབང་མོ་་བྱེས་ཆེརགོནུས་ནས། རྗེ་ཁོལ་ལྔས་བསྒྲལ་བ་ལས། ལུས་གཅིག་གི་དཀྱིལ་ནས་ཁུ་ཏ༽་ བཅུ་ཕྱུང་བ་ལས།གཅིག་སྙིང་གི་བདག་མོ་ལ་ཕུལ།དགུ་ལ་གསུམ་ནི་རྒྱལ་ཐེའུ་ཁྲ་བོ་དང་། ཏྲི་ཤན་ཀ་དང་། རྐན་ཏོར་ཏོར་གསུམ་སྟེ། རྒྱལ་པོའི་སྲིད་ལ་གནོད། གསུམ་ལ་བར་ཐེའུ་སྨུག་པོ་དང་། ་པེགས་ཐེའུ་ཁྲ་བོ་གནམཐེའུདཀར་པ དང་། ས་ཐེའུ་ནག་པོ་གསུམ་སྟེ། མི་ཡོངས་ལ་གནོད། གསུམ་པ་ཕྱོགས་སུ་༼བསོང་བསྐྱོང༽སྟེ། བྲག་སྲིན་ཤིན་སྲིན་ཆུ་སྲིན་གསུམ་མོ། །དགུ་ཀ་རྐང་པ་ཡེར་རེ་བཅག་ནས།གནམ་ཕོཉི་ཁྱང༽དཀར་པོ་འཁོལ་དུ་བཅུག་གོ །དེ་ནས་ཨེ་ཀ་ཛ་ར་མངལ་མི་བདེ་ནས་མཉེས་བཙིར་བ་ལས། གདོང་སོག་པོ་ལ་མིག་ལོང་བ། ལུས་སྤྱང་ཁུ་ལ་ཁོང་ན་སྙིང་གསུམ་ཡོད་པ་ཅིག་སྐྱེས་པ་ལས། འདི་ནི་སུ་ལ་ཡང་ཆ་མེད་པས་རུང་ངོ་སྙམ་ནས་དགའ་ཞིང་འདུག་པ་ལས། ཇོ་མོ་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་གྱིས་ཚོར་ནས། སྙིང་གཉིས་ཞལ་དུ་རྔུབས་ནས་ཤེལ་ཀེའི་ཁོལ་པོར་བྱིན་ཏེ་བཏང་ངོ་། །མ་མོ་སྲིད་པའི་རྒྱུད་ལུང་བང་ཏེ་པད་སྨྱོ། ཨ་བར་ལ་དྷ་སྨྱོ། ད་ལ་དུ་ན་སྨྱོ། འདི་ན་མ་ཡས་སྨྱོ། ཉི་ཤུ་རྩ་བརྒྱད་གཞན་དང་སྦྱར། །དེས་ནི་མ་མོ་འགུག་འདྲེན་འགྱུར། །དེ་སྐད་དཔའ་བོས་ཡང་དག་བཤད། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། གསང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །བསྙེན་བསྒྲུབ་བརྗོད་ན་ཇི་ལྟར་བགྱི། །མངོན་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །བསྙེན་བསྐུལ་བ་ཡི་ཚིག་རྣམས་ཀུན། །ངས་གསུངས་ཀུན་ལ་ཐེ་ཚོམ་མེད། །ཉོན་ཅིག་གཡུང་དྲུང་ཡང་དག་པ། ཧུ༷་སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་སྟེ། །ཕྲ་མེན་རྒྱ་མཚོ་མ་ནི་སྐུ་བསྐྱོད་ཅིག །རྣལ་འབྱོར་ཆེན་མོ་སྐུ་སྤྲུལ་ལ། །སྤྱན་གཉིས་ཁྲོས་པའི་ཚུལ་མངའ་ཞིང་། །ཡེ་ཤེས་སྤྲུལ་པའི་ཡུམ་གཅིག་མ། །སྤྱན་གཉིས་སྦས་པའི་ཚུལ་མངའ་ཞིང་། །ཞི་བའི་སྤྱན་ལ་སྣང་སྲིད་གསལ། །སྤྲུལ་པའི་སྐུ་ལ་ཞབས་བརྒྱད་འབར། །དྲུག་ནི་རྒྱུད་དྲུག་སྒོ་ཡང་གཅོད། །གཅིག་ནི་ཀླུ་ཡི་གནས་སུ་འཆར། །གཅིག་ནི་བདུད་དང་མུ་སྟེགས་གནོན། །རྣམ་པར་ཤེས་པའི་ཡུམ་དྲུག་ལས། །སྤྱན་དྲུག་མངོན་པར་ཤར་བ་ནི། །སྤྱན་གསུམ་གྱེན་དུ་གཟིགས་པ་ཡིས། །རྣམ་པར་ཐར་པའི་སྒོ་ཕྱེ་ཞིང་། །སེམས་ཅན་སྐྱེ་ཤི་ལམ་ཡང་སྟོན། །སྤྱན་གསུམ་ཐུར་དུ་ཤར་བ་ལས། །སྲིད་པ་གསུམ་ཅར་ཐལ་བར་རློག །དེ་སར་སླར་ཡང་བསྐྱེད་པརམཛད། །རྣམ་པར་ཐར་པའི་དབུ་གསུམ་ལ། །གཡས་ཀྱི་ཞལ་བཞད་ཐུགས་རྗེ་ཆེ། །གཡོན་གྱི་ཞལ་བཞད་དབང་དུ་སྡུད། །དབུས་ཀྱི་ཞལ་བཞད་དྲག་ཤུལ་ཆེ། །རྡོ་རྗེ་མཆེ་བ་གཙིགས་པ་ཡིས། །སྲིད་པའི་འགྲན་ཟླ་ཆེམ་ཆེམ་གསོལ། །རྣལ་འབྱོར་གསང་བའི་བྷ་ག་ལ། །སྲིད་པ་གསུམ་ཅར་འཆར་བར་མཛོད། །ལྷ་ལ་སོགས་ཏེ་མཐའ་ཡས་མཆོག །བདུད་དང་གནོད་སྦྱིན་ལ་སོགས་ཏེ། །གཤིན་རྗེ་སྲིན་པོ་ཀུན་རྣམས་འདར། །རྣལ་འབྱོར་སྐུ་ཡི་གཡས་ཕྱོགས་ནས། །ལས་ཀྱི་མ་མོ་བཅུ་གསུམ་འཆར། །ཕོ་ཉ་ཕྱག་བརྙན་ཐབས་ཀྱིས་འགྱེད། །གཡོན་གྱིས་ཕྱོགས་ནས་འཆར་བ་ནི། །རྣལ་འབྱོར་སྐུ་ཡི་གསུམ་ཆ་ལ། །ངེས་པའི་མ་མོ་དགུ་སྦས་ཤིང་། །ཐམས་ཅད་ཀུན་ལ་ཁྱབ་པར་བརྩོན། །ཡུམ་གྱི་ཞབས་ཀྱི་གཡས་ཕྱོགས་ནས། །འདོད་པའི་མ་མ་མོ་བརྒྱད་འཆར་ཏེ། །འཇིག་རྟེན་ཀུན་ལ་སྨན་པ་མཛདཡུམ་གྱི་ཞབས་ཀྱི་གཡོན་ཕྱོགས་ནས། །བཀའ་སྡོད་ཉི་ཤུ་རྩ་བརྒྱད་འཆར། །རྣལ་འབྱོར་ཀུན་གྱི་ལས་རྣམས་སྒྲུབ། །སྲིད་པའི་མ་མོ་ཐམས་ཅད་ཀུན། །རྣལ་འབྱོར་སྐུ་ཡིཁྱོན་དུ་རྫོགས། །མ་མོ་ཐུགས་ཀྱི་ཐིག་ལེ་ལས།རྡོ་རྗེ་ཁ་༷་གཞུ་བརྡུངས་ཤིང་། །ཤེས་རབ་ཡེ་ཤེས་མེ་རྩེ་ལས། །སྤྲོས་པའི་མ་མོ་དགུ་འཕེན་མ། །ངེས་པའི་བདེ་ཀློང་གཅིག་ཏུ་འཁྱིལ། །ཧེ་རུ་༷་སྲས་འཁོར་དུ་བཞག །མཐིང་ནག་འབར་བའི་འཕྲོ་འདུ་ལས། །ཐམས་ཅད་སྒྲོལ་ཞིང་དབང་དུ་སྡུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཆེ། །ཡེ་ཤེས་སྤྲུལ་པའི་ཕྱག་དྲུག་ལས། །གཡས་ཀྱི་དང་པོ་འཁོར་ལོ་བསྐོར། །གསང་སྔགས་བཀའ་རྣམས་སྒྲོགས་པའི་དོན། །གཡོན་པ་རིན་ཆེན་སྲིད་དབང་སྒྱུར། །སྲིད་པའི་འཇིག་རྟེན་གནས་ལ་འཕེན། །གཡས་ཀྱི་བར་མ་གཡང་གཞི་རྡེབས། །བདུད་དང་མུ་སྟེགས་གདུལ་དུ་རློག །གཡོན་པ་བནྟྲ་དམར་བསྤྱིལ་ཞིང་། །བུད་མེད་ལྔ་པོ་དབང་དུ་སྡུད། །གཡས་ཀྱི་ཐ་མ་ཚེ་འཆང་ཞིང་། །རྣལ་འབྱོར་ཀུན་ལ་དངོས་གྲུབ་འབེབས། །གཡོན་པ་ལྕགས་ཀྱུ་དགུ་གཏམས་ཤིང་། །དམ་ཉམས་ཀུན་དང་དགྲ་བགེགས་ཀྱི། །བཀའ་ལས་འདའ་བའི་སྙིང་རྩ་འབྱིན། །སྤྱི་གཙུག་སྤྲུལ་པའི་འཕྲོ་འདུ་ཡིས། །སྟོང་གསུམ་འཇིག་རྟེན་བྱོ་བཟླུག་མཛད། །བདག་ཅག་ཡེ་ཤེས་རྩལ་འཆང་གིས། །ངེས་པའི་དབང་དང་རྟོགས་པའི་མཐུས། །མན་ངག་ཐུགས་ཀྱི་རྒྱུད་བསྐུལ་བས། །སྐད་ཅིག་ཡུད་ཙམ་དབྱིངས་ནས་བཞེངས། །སྲིད་པ་གསུམ་ཡང་གླིང་བཞི་ཡང་། །ཐང་ཅིག་ཡུད་ཀྱིས་འཇིག་པར་མཛད། ཁྱད་པར་ཡེ་ཤེས་ཉི་ཟླའི་སྤྱན། །གཡས་ཀྱི་སྤྱན་གྱིས་སྣང་སྲིད་གསལ། །གཡོན་གྱི་སྤྱན་གྱིས་སྦྱོར་བ་མཛད། །རྡོ་རྗེ་སྨིན་མ་གཡེངས་པ་ཡིས། །མུ་སྟེགས་ཡསྒའི་སྙིང་ཡང་འགེམས། །མ་མོ་ཁྱོད་ཀྱི་མཚན་ཉིད་ནི། །བྱང་ཆུབ་སེམས་མ་ཞེས་ཀྱང་གྲགས། །ཡང་དག་གསང་བའི་མཚན་ཉིད་ནི། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ལ། །བདེ་ཀློང་ཀུན་གྱི་གཙོ་ཞེས་གྲགས། །རྣལ་འབྱོར་གསང་བའི་དཀྱིལ་འཁོར་དུ། །གསང་བ་ཐབས་ཀྱི་འཕྲོ་འདུ་ཡིས། །ཡུམ་གྱི་ཐུགས་དམ་དེས་བསྐངས་ལ། །སྐུ་ནི་མི་བསྐྱོད་འདིར་བཞུགས་ཏེ། །འཁོར་གྱི་བློན་པོ་ཀུན་བསྐྱོད་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཅེས་པ་ནི་ཕྲ་མེན་རྒྱ་མཚོ་མའོ། །གསང་བའི་མཆོད་པ་དང་ལྡན་པར་བྱ་སྟེ་བསྐུལ་པ་ནི། ཧུ༷་རྣལ་འབྱོར་ཆེན་མོ་ལྷ་ཆེན་མོ། །ཀུན་གཞི་ཡོངས་ཀྱི་དབང་ཕྱུག་མ། །སྣང་སྲིད་ཡོངས་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་༼ལྦུགས་དབུགས༽འཕྲོགས་མ། །དུང་ཆེན་ཕྱག་ན་བསྣམས་ཤིང་འོ་དོད་ཆེན་པོས་འདེབས། །གཤིན་རྗེ་བྲན་དུ་འཁོལ་ཞིང་སྟོང་གསུམ་མེས་༼འགྱེངས་འགེང་༽མ། །འགྲོ་བའི་ཚེ་དཔལ་འཕྲོག་ཅིང་བོ་དྷི་ཙི་ཏིའི་བདག །སྒྲོལ་བའི་དོན་དུ་གཉེར་ཞིང་ཁྲོ་བོ་ཀུན་དང་སྦྱོར། །སྲིད་གསུམ་སྤྲུལ་པས་འགེངས་ཞིང་བདུད་དཔུང་རྡུལ་དུ་ཟློག །གཡང་གཞི་གོས་སུ་གོན་ནས་ཁ་ཊ༷་གཡབ་མོས་འདེབས། །སྐུ་མདོག་ཁྲ་མོར་བཞུགས་ཤིང་ཁྲག་དང་ཞག་གིས་བརྒྱན། །སྐྲུ་གྲི་ཕྱག་ན་བསྣམས་ཤིང་ཀུན་གྱི་སྙིང་འབྱིན་མ། །ཞིང་ཆེན་གདན་ལ་བཞུགས་ཤིང་རྣལ་འབྱོར་ཀུན་གྱི་གྲོགས་མཛད་མ། །ཟས་སུ་ཟ་ཞིང་ཙིཏིའི་ཞགས་པ་འཕེན། །ཉི་ཟླའི་ཐོད་དུ་བཅིངས་ནས་སྟོང་ཁམས་བདེ་ལ་བཀོད། །བདུད་ཀྱི་བུ་སྨད་འཁོལ་ཞིང་ང་རྒྱལ་དྲག་ཤུལ་ཆེ། །དུང་ཆེན་སྣོད་དུ་དམར་ཆེན་ཁྲག་དང་སྙིང་དུ་སྦྱར་བ་འདི༄༅། ཁྱོད་ཀྱི་སྐུ་ལ་བཅོལ་བའི་ཕྲིན་ལས་མཛོད། །ཞེས་བྱ་བ་ནི་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་ནོ།། ་། ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཉི་མ་སྟོང་གི་གཟི་མདངས་ཅན། །སྟོང་གསུམ་འཇིག་རྟེན་ཟེར་འཕྲོ་མ། །སྲིད་པ་སྒྲོལ་མ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །པདྨ་སྟོང་གིས་དབུ་བརྒྱན་ཅན། །གེ་སར་འབུམ་གྱི་ཁྲག་འཐུང་མ། །དབང་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། ཁམས་གསུམ་འཚོ་བྱེད་བདུད་རྩི་སྦྱོར། །འཇིག་རྟེན་སྨན་པ་ཀུན་གྱི་གསོས། །བདུད་རྩི་རྒྱལ་མོ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ལ་མངའ་མཛད་ཅིང་། །གནས་ལམ་ཐམས་ཅད་སྟོན་མཛད་མ། །ཐར་བའི་ལམ་མཆོག་གཤེགས་སུ་གསོལ། །ཞེས་པ་ནི། ཁྲོས་པའི་དབང་མོ་ཆེ་བཞིའོ། །བྷ་ག་གསུམ་མ་མངའ་མཛད་མ། །དབྱིངས་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །སྣང་སྲིད་ཡོངས་ལ་མངའ་མཛད་མ། །རྒྱན་གྱི་རྒྱལ་མོ་གཤེགས་སུ་གསོལ། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །སྟོང་ཁམས་གཅིག་པུ་རྒྱུག་འགྲོ་མ། །གཅིག་པུ་ཡུམ་མཆོག་གཤེགསསུགསོལ། །ཞེས་པ་ནི་ཕུང་བྱེད་སྦས་པའི་མ་བཞིའོ། །ཧུ༷་རི་རབ་གླིང་བཞིའི་ཤར་ཕྱོཊ་ན། །ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་བྱ་རྒོད་ཐུལ་པ་ལ། །གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །དུང་གི་ལན་ཚར་མཆེ་བ་ལ། །རིན་ཆེན་ཤེལ་གྱི་ཐོད་རྡིང་ཆངངས༽ཅན། །དཀར་མོ་༼བསྒྱེག་མགྱོགས༽མ་འབུམ་གྱིས་བསྐོར། །སྲིད་གསུམ་ཤར་ལ་མངའ་མཛད་མ། །འདིར་སྤྱོན་དམ་སྐོངས་འཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །ལྷོ་ཡི་ནག་མོ་མཆེ་བ་ཅན། །ན་བཟའ་ཞིང་གི་གོ་ཟུ་ལ། །གསེར་གྱི་དྲིལ་ཆུང་འབུམ་གྱིས་བརྒྱན། །ལྕགས་ཀྱི་ལན་ཚར་མཆེ་བ་ལ། །གསེར་གཡུ་སྤེལ་མའི་ཐོད་རྡིང་ང་ས༽ཅན། །ནག་མོ་༼བསྒྱེགས་མགྱོགས༽མ་འབུམ་གྱིས་བསྐོར། །སྲིད་གསུམ་ལྷོ་ལ་མངའ་མཛད་མ། འདིར་སྤྱོན་དམ་སྐོང་འཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་ནུབ་ཕྱོགས་ན། །ནུབ་ཀྱི་དབང་མོ་དབང་སྒྱུར་མ། །ན་བཟའ་ཆུ་སྲིན་གཡང་གཞི་ལ། །སྦྲུལ་ནག་འབུམ་གྱི་ལྡངས་གདེང་༽ཀ་ཅན། །གཡུ་ཡི་ལན་ཚར་མཆེ་བ་ལ། བྱི་རུའི་དམར་པོའི་ཐོད་ལྡང་ཚོ་༽ཅན། །དམར་མོ་༼བསྒྲེགས་མགྱོག་༽མ་འབུམ་གྱིས་བསྐོར། །སྲིད་གསུམ་ནུབ་ལ་མངའ་མཛད་མ། །འདིར་སྤྱོན་དམ་སྐོང་འཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་བྱང་ཕྱོགས་ན། །བྱང་གི་སེར་མོ་ལས་མཁན་མ། །ན་བཟའ་རྨ་བྱའི་ཐུལ་པ་ལ། །མཐིང་གི་གོ་ཅོག་ཡ་བ་ཀོར། །གསེར་གྱི་ལན་ཚར་མཆེ་བ་ལ། །ཐོད་སྐམ་འབར་བའི་ཐོད་་།ང་ཆངངས༽ཅན། །ལྗང་ནག་༼བསྒྱེག་མགྱོགས༽མ་འབུམ་གྱིས་བསྐོར། །སྲིད་གསུམ་བྱང་ལ་མངའ་མཛད་མ། །འདིར་ཤཱསྒྲོན་དམ་༽སྐོངས་འཕྲིན་ལས་མཛོད། །གླིང་བཞི་རྒྱལ་མོ་གསང་བའི་གཟུངས། །ཐུ་བ་གཡས་པ་དམག་གིས་བཀང་། །རྣལ་འབྱོར་ཀུན་གྱི་དགྲ་འདུལ་བ། །ཐུ་བ་གཡོན་པ་རིན་པོ་ཆེ། །སྒྲུབ་པ་པོ་ལ་རྟགས་འབྱིན་མ། །གཡས་པ་ཞིང་གི་གཡང་གཞི་རྡེབས།ཁམས་གསུམ་རྡུལ་དུ་བརླགས་ནས་སུ། །བདུད་དང་མུ་སྟེགས་སྙིང་འབྱིན་མ། །གཡོན་པའི་བསྒྲོ་བསྐོར་བ་ཡིས མ་མོ་ཐམས་ཅད་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོང་མ། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཞེས་པ་ནི་ཐུགས་ཀྱི་དགྱེས་སྡེ་མ་བཞིའོ། །འདི་བཞི་ལས་བཅོལ་བས་ནི་བསམ་པ་ཡིད་བཞིན་དུ་འགྲུབ་ལ། ལྷུར་ཡང་ཚེ་དང་སྲིའུ་ལ་མཁས་ཤིང་དགྲ་ལ་སྦད་པར་མཛེས་ཏེ་གསང་བའི་ཕྲ་ལ་སྣའོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ཡེ་ཤེས་ཀྱི་མ་མོ་བཅུ་བཞི་བསྐུལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དམན་མོ་བསྐུལ་བ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཉག་ཅིག་ཡབ་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ལྷའི་གཙོ། །དམན་མོ་བསྐུལ་བ་འདི་རྣམས་ཡིན། །ཧུ༷་སྲིན་མོ་ཆེན་མོ་ཤམ་ཤམ་མོ། །ཡང་ཕྱི་ཆེན་མོ་མོ་བཟང་མ། །གོས་སུ་ཞིང་ཆེན་སླག་པ་ལ། །ཐ་མ་བརྙ་སྟོང་གིས་སྐོར། །གཡས་ན་ཞིང་ཆེན་སོར་ཕྲེང་འདྲད། །གཡོན་པ་མི་མགོའི་ཕོར་པ་མྲ །ཞིང་ཁྲག་སྙིང་ཚིམ་༼རྟུགས་ག་༽ནས་སུ། །རང་གིས་རང་ལ་ཐིམ་པར་སྟོབ། །གཡང་གཞི་རུ་མཚོན་ཕྱར་ནས་སུ། །བདུད་དང་མུ་སྟེགས་ཐལ་བར་རློག །འཇིག་རྟེན་ཐམས་ཅད་གྲོལ་བར་བྱེད། །སྲིད་པ་གསུམ་གྱི་ཕུད་ཉུལ་ཞིང་། །དེ་ནས་གཙོ་མོ་དབྱིངས་སུ་མཆོད། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །འདིར་སྤྱོན་དམ་སྐོངས་འཕྲིན་ལས་མཛོད། །ཅེས་པ་ནི་ཨ་ཕྱི་ཆེན་མོ་སྟེ། སྲིད་པ་ཆགས་བྱེད་མའོ། །ཧུ༷་ཁྱིམ་ནག་ཆེན་མོ་རྣལ་འབྱོར་མ། །རྣལ་འབྱོར་ཆེན་མོ་ཁབ་ནག་མོ། ཁྱབ་བདག་ཆེན་མོ་ཐིག་ལེ་དགུ། །ཡེ་ཤེས་ལྔ་ཡིས་རོལ་པ་ལས། །ཕྱག་ན་རྩེ་གསུམ་འབར་བ་བསྣམས། ཁྲག་འཐུང་ཡབ་ཡུམ་ཀུན་ལ་དབང་སྒྱུར་ཞིང་། །མཐུ་ཆེན་རྣལ་འབྱོར་ཀུན་གྱི་གྲོགས་མཛད་མ། །དུང་ཆེན་ཁྲག་འདི་སྐུ་ལ་ཐིམ་པར་མཛོད། ཁྱོད་ཀྱི་འཁོར་ནི་རབ་ཏུ་མ་སྲུན་ཏེ། །སྒྲ་སྙན་ཡིད་འཕྲོག་བྱེད་པ་མ་མོ་ཁྱེད་ཀྱི་འཁོར། །འདོད་པ་ལྔ་ལ་དད་ཅིང་མྱོས་བྱེད་མ། ཁྲག་གིས་རླན་པར་མཛད་ཅིང་དབང་སྡུད་མ། །དྲག་ཤུལ་གཏུམ་མོ་རབ་ཏུ་སྡང་བྱེད་ཅིང་། །ཀུན་གྱི་ཡིད་ལ་གནས་ཤིང་མཐུ་ཆེན་བསྐུལ། །མེ་ཡི་བསྐལ་པ་གཏོང་ཞིང་སྙིང་རྗེ་ལམ་ལ་སྒྲོལ། །གསོད་མ་དོན་དུ་གཉེར་ཞིང་ཁྲོ་བོ་ཀུན་དང་སྦྱོར། །བདུད་ཀྱི་བུ་མོ་འཁོལ་ཞིང་ང་རྒྱལ་དྲག་ཤུལ་ཆེ། །འོ་དོད་ཆེན་པོའི་འབོད་ཅིང་ཞལ་གདངས་མཆེ་བ་གཙིགས། །དགྲ་སྙིང་ཚལ་པར་འགེམས་པ་མ་མོ་ཁྱོད་ཀྱི་འཁོར། །དམ་ཚིག་དུསལབབཀྱིགཤེགསསུགསོལ། །ཞེས་ལས་གཉན་པོ་བཅོལ་བ་ནིམཚོའི་དཀྱིལ་འཁོར་ནས། ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །རྡོ་རྗེ་གྲ་བའི་ཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་ཆགས་གཤེགས་སུ་གསོལ། །ཧུ༷་འོད་དཔུང་འཁྲིགས་པའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེང་ཀ་ཅན། །འཕྲིན་ལས་འབྱུང་པོ་འཆིང་མཛད་མ། །རྡོ་རྗེ་གསལ་འཕྲོག་གཤེགས་སུ་གསོལ། །ཧུ༷་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ཅན། །དམ་ཚིག་ཉམས་པ་སྒྲོལ་མཛད་ཅིང་། །བཀའ་ལས་འདས་པའི་སྙིང་འབྱིན་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །ཧཱུཾ༷་ལྷ་མོ་ཆེན་མོ་རྣལ་འབྱོར་མ། །རིན་ཆེན་སྲིད་༼འདྲེགས་འདེག་༽མཛེས་པའི་ཟ་མ་ཏོག །མདོག་བཟང་སྔོན་མོར་རལ་པ་ཅན། །རང་ཆས་མུ་ཏིག་གོ་ཟུ་ལ། །གསེར་དང་གཡུ་ཡི་ཕྲ་བཀྱེ་སྟེ། །ཐ་མ་རིན་ཆེན་འབར་བས་བསྐོར། །གཡས་ན་གཡུ་ཡི་ཟ་མ་ཏོག །གཡོན་ན་དུང་གི་ཟོ་བ་བསྣམས། ཁྱོད་ནི་སྲིད་པའི་མ་མོ་སྟེ། །ཚེ་གཡང་སྡུས་ཤིག་རིན་ཆེན་སྲིད་འདེགས་མ། །ཧུ༷་གྲུབ་པའི་རྣལ་འབྱོར་ཆེན་མོ་སྟེ། །བདུད་ཀྱི་ལྕམ་མོ་གཤིན་རྗེའི་ཡུམ། །མདོག་བཟང་ནག་མོ་རལ་པ་ཅན། །རལ་པའི་ཟར་བུས་མུན་ནག་གཏིབས། །ལྕགས་ཀྱི་ལུས་ལ་ཟངས་ཀྱི་ཞབས་མ་ཅན། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་ཕྱིན། །གཡསཀྱིཕྱགནགཤིནརྗེའིཁྲམ་བམ་བསྣམས། །གཡོན་ན་ཤོ་རྡེའུ་དཀར་ནག་འགྲེམས། །མཚན་མ་ནད་ཀྱི་རྐྱལ་པ་སྦེད།༄༅། ཁྱོད་ནི་འཇིག་རྟེན་འཕྱོ་ཟླུམ་མཁན། ཁྲམ་ཁ་ཕྱིས་ལ་ཤོ་རྡེའུ་སྤོས། །ནད་ཁ་ཆིངས་༼ལ༽་ དལ་ཁ་སྒྱུར། །ཧུ༷་རྣལ་འབྱོར་འཇིག་རྟེན་དབང་སྒྱུར་མ། །མདོག་བཟང་དཀར་མོ་རལ་པ་ཅན། ཁྱོད་༩རྐྱོ་ནང༽གླིང་བཞི་སྤྱིར་འགྲོ་སྟེ། །རང་ཆས་དར་དཀར་གོ་༼ལུ་ཟུ༽ལ། །གཡུ་བྲན་འབར་བའི་མཐའ་ཞགས་ཅན། །གསེར་གྱི་གོང་ལག་འབར་བ་ལ། །གཡུ་ཡི་ཅོད་པན་འོད་འཕྲོ་མ། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་ཕྱིན། །གཡས་ཀྱི་ལག་ན་ཐོགས་པ་ནི། །གསེར་གྱི་ལྕག་ཡུ་འབར་བ་ལ། །གཡུའི་ལྕག་འབྲས་འགྱུ་བ་བཏཊ། །གནམ་ལ་བསྐོར་བས་བདུད་དཔུང་འཇོམས། །ས་ལ་བརྡབས་པས་དགྲ་བགེགས་སྒྲོལ། །གཞན་གྱིས་སྦད་ཀྱང་མ་ཉན་པར ང་ཡི་ལས་བཅོལ་གྲུབ་པར་མཛོད། །ཞེས་པ་ནི། ནམ་མཁའི་རྒྱལ་མོ་འཇིག་རྟེན་དབང་སྒྱུར་མའོ། །ཧུ༷་རྡོ་རྗེ་གར་གྱི་དབང་ཕྱུག་མའོ། །དབུ་བརྒྱ་མ་ལ་སྤྱན་སྟོང་མ། །འཇིགས་ཚུལ་རྔམ་པའི་ཆ་བྱད་ཅན། །འཕྲིན་ལས་འབྱུང་བ་ཀུན་འདུལ་མ། །རྡོ་རྗེ་སྒེག་མོ་གཤེགས་སུ་གསོལ། །ཧུ༷་པདྨ་གར་གྱི་དབང་ཕྱུག་མ། །ས་བདག་ཆེན་མོ་པདྨ་ཕྲེང་། །ལག་ན་ཐོད་པ་ཁྲག་གིས་བཀང་། །གྲོང་རྣམས་ཀུན་ལ་འཐོར་བྱེད་མ། །ས་བདགཆེནམོགཤེཊསུགསོལ། །ཞེས་པ་ནི།རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། པདྨ་གར་གྱི་དབང་ཕྱུག་མའོ། །ཧུ༷་ཤར་ལྷོ་མཚམས་ཀྱི་གྲུ་འདེགས་མ། ཁྲན་ཏིངདཀརམོགཤེགསསུགསོལ། །ལྷོ་ནུབ་མཚམས་ཀྱི་གྲུ་འདེགས་མ། །དུན་ཏིང་ནག་མོ་གཤེགས་སུ་གསོལ། །ནུབ་བྱང་མཚམས་ཀྱི་གྲུ་འདེགས་མ། །དན་ཏིང་དམར་མོ་གཤེགས་སུ་གསོལ། །བྱང་ཤར་མཚམས་ཀྱི་གྲུ་འདེགས་མ། ཁྲུབ་ཏིང་སེར་ལྗང་གཤེགས་སུ་གསོལ། །མཚན་ནི་གྲུ་འདེགས་ཆེན་མོ་ལ། །རྒྱལ་ཆེན་གཟུངས་མ་ལས་མཛོད་ཅིག །ཧུ༷་དམག་གི་རྒྱལ་མོ་ཆེན་མོ་སྟེ། ཁྲར་གྱི་དཀར་མོ་མཆེ་གཙིགས་མ། །ལྷོ་ཡི་ནག་མོ་ཁ་གཡལ་མ། །ནུབ་ཀྱི་ནག་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །དམག་གི་རྒྱལ་མོ་གཤེགས་སུ་གསོལ། །ཞེས་པ་ནི་དམག་གི་རྒྱལ་མོའོ། །ཧུ༷་གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོ་ཡི་མགྱོགས་མ་གཤེགས་སུ་གསོལ། །དཀར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྤྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །ཞེས་པ་ནི། དམ་ཅན་ལས་ཀྱི་སྲིང་བཞིའོ། །སྲིན་མོ་རྣམས་ནི་གཞན་བཞིན་དུའོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། དམན་མོ་རྣམས་བསྐུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་བ། །འཇིག་རྟེན་དབང་ཆེན་འདི་སྙེད་ཀུན། །སྲིད་པ་མི་ལ་སྨན་སླད་དུ། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་བགྱི། །རྫས་དང་མཐུན་པ་ཅི་ལ་བསྟེན། །རྟགས་དང་དུས་ཚིགས་ཇི་ལྟར་འབྱུང་། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དབེན་ལ་གཉན་ཞིང་ཉམས་དགའ་བར། །པད་མའི་མཚན་དང་ལྡན་པ་ཡི། །རིགས་སུ་གྱུར་པའི་ཡུམ་གསུམ་དག །བསྒྲུབ་པའི་དོན་དུ་གཞག་པར་བྱ། །རྫས་སུ་གྱུར་པའི་ཡོ་བྱད་ཀྱང་། །ཅི་ལྟ་བཅུ་གཅིག་ཡང་དག་ལྡན། །བནྟྲ་ལྕང་ལོར་ལྡན་པ་ཡི། །པདྨའི་རིགས་སུ་གྱུར་པ་སྲ །མཚན་དང་ལྡན་པའི་རཀྟས་དགང་། །ཏིལ་ཆེན་མེ་མར་ཁ་ལྔ་གཏང་། །གསུར་ཆེན་དུད་པ་རྒྱུན་མི་བཅད། །གསར་སྙིང་ཞིང་གི་མཆོད་པ་དགྲམ། །ཅི་འབྱོར་ཡོ་བྱད་གསུམ་བསཊ་ནས། །༼བདུན་དུག༽གསུམ་ཚུལ་བཞིན་བསྒྲལ་བར་བྱའོ། །རྒྱན་དང་ཆས་གོས་ལ་སོགས་པ། ཁུན་ཆེན་རལ་ཁ་གཙོ་བོ་ལ། །སྲིད་པ་སྤྱི་གཟུགས་ཞྭ་བགོས་ཏེ། །རྩེ་ལྔ་འབར་བའི་ཕྱག་རྒྱ་བསྣམས། །ཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །ཡུམ་ཡང་གཡང་གཞི་རླན་པ་ལ། །རྩེ་གསུམ་འབར་བའི་གཡབ་མོ་ཐོགས། །ཕྲེང་བ་ཆེན་པོ་གཙོ་དང་མཐུན། ། དངོས་གྲུབ་ཞལ་བུ་རིན་ཆེན་རིགས། །དར་དཀར་ཁ་བཅདདེབཞིནགཞག །རྡོརྗེརིགས་ལྡན་རྟག་ཏུ་གསོལ། །བདག་ཉིད་མན་ངག་ཧེ་རུ་ཀ །ཡུམ་ཡང་སྲིད་པའི་བདེ་འགྲོ་མ། །གཉིས་སུ་མེད་པར་བསྒོམས་བྱས་ཏེ། །རཀྟ་ལ་ནི་སྲོག་སྙིང་དྲངས། །སྙིང་གི་དཀྱིལ་ནས་དྲངས་ནས་སུ། །མངོན་དུ་འོང་བར་བསམ་ནས་སུ། །སྐུ་མདོག་དཀར་མོ་ཆེན་མོ་ལ། །ཉི་ཟླ་འབུམ་གྱི་ཐོད་ཕྲེང་ཅན། །དཔྲལ་བའི་དབྱེས་ནས་མིག་ཟུར་གསུམ་པ་ཞིག་ཡོད་པ། གསང་བའི་ཕྱག་གཉིས་ཀྱིས་སྲིད་པའི་པདྨ་ཐམས་ཅད་ཀྱི་སར་བཟུང་བ། ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ་སྙིང་བརྒྱུས་པའི་ཞགས་པ་འཐེན་པ། མིག་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་མཆི་མ་འཐོར་བ། གཡུའི་རལ་པ་ཅན་བཟོད་པར་གསོལ་ཞིང་༼བསྟེན་སྙན༽དབྱངས་ཀྱིས་བསྐུལ་བ་ནི། ཧུ༷་ཆེ་ཞེ་ཆེན་མོ་གསང་བའི་གཟུངས། །ཐིག་ལེ་གསང་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་མིག་གཅིག་མ། །གཡུ་ཡི་རལ་པས་སྲིད་པ་སྒྲོལ། །ཆགས་པའི་ཕྱག་གིས་པདྨ་འཛིན། །རིན་ཆེན་མཆི་མས་སྐྱེ་འགྲོ་་གསོ། །ཙིསྟའི་ཞགས་པས་མུ་སྟེགས་སྒྲོལ། །ཐིག་ལེ་གསང་བའི་ཡུམ་གཅིག་མ། །སྔོན་ཆོད་སྦྱོར་མཛད་ཇི་བཞིན་དུ། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་བསྐུལ་ལ། གསང་བའི་གཟུངས་མར་དམ་བཅས་ལ་སྤྱན་དྲངས་པ་དང་། ཞག་བདུན་ནམ་ཟླ་བ་གཅིག་༼ལྟུང་ག་༽། ཉི་ཤུ་ལ་དངོས་གྲུབ་གྱི་བནྟྲ་སྙིང་༼རྟུབས་རྔུབ་༽པ་དང་།རཀྟར་འདྲེས་པ་གང་འོང་ངོ་། །དེ་མིན་པ་གང་དང་གང་འོང་ངོ་ ཅི་ཡང་ཡང་མཚན་མ་སྤང་། །ཉི་ཤུ་གཅིག་ལ་སྐུ་མངོན་དུ་འབྱུང་ངོ་། །དེར་བདག་ཉིད་ཀྱི་ཏིང་ངེ་འཛིན་གསལ་བར་བྱས་ལ། གེ་སར་གྱི་རཀྟ་དབང་དུ་བསྡུ་སྟེ། སྦྱོར་བའི་ཕྱག་རྒྱ་བཅིངས་པ་དང་ཟླ་གམ་འབུལ་ཞིང་སྦྱོར་བའི་ཚུལ་སྟོན་ནོ། །བདག་ཆགས་པ་མ་སྐྱེས་ཀྱང་མོས་རྐང་དཀྲིས་བོར་ནས་མཛེས་པ་དང་ཆས་ནས་སྦྱོར་བ་འབུལ་ལོ། །དེར་དངོས་སུ་སྦྱར་བར་བྱའོ། །གསང་བའི་སེམས་དང་དངོས་གྲུབ་སྔར་བྱུང་བ་རྣམས་བསྲེས་ལ། སྣ་ལ་བདག་ཉིད་མཆོད་པར་བྱ། དེ་ནས་བསྒྲུབ་པ་པོ་དང་གྲོགས་མོར་སྦྱར། དེ་ནས་དམ་ཚིག་མནའ་དམ་བསྲེའོ། །གསང་བའི་གཟུང་མར་ལུང་བསྩལ་ཏོ། །དེ་ནས་ཕྲག་དོག་སྤང་པའི་ཕྱིར། །བསྒྲུབ་ཟླ་གསུམ་ཅར་སྦྱར་གནས་སུ། །བསྒྲུབ་ཟླ་སོ་སོར་དམ་བསྲེའོ། །དེ་སླད་ཆད་ཅི་ཡང་བྱ་མི་དགོས་ཏེ་བསམས་དགུ་ན་འོང་ངོ་། །གྲུབ་པའི་ཡོན་ཏན་ནི་མ་མོ་གཞན་ལྟ་ཅི་སྨོས། ཁྲོས་པའི་དབང་མོ་བཞི་དང་། །གས་གསང་བའི་བྱི་མོ་བཞི་རྣམས། མ་སྲིང་གི་ཚུལ་དུ་ལས་བྱེད་དོ། །བསྐུལ་ན་བྲན་བཞིན་དུ་ལས་བྱེད་ཅིང་ཉན་ནོ། །ཧེ་རུ་ཀ་ནི་ལ་སོགས་པ་མན་ཆད་ནི་སྐུ་བསྐྱེད་པ་ཙམ་གྱིས་འདར་ཅུག་ཅུག་འོང་ངོ་། །འཇིག་རྟེན་གྱི་བསམ་པ་གཅེས་སྤྲས་ལ་མི་འགྲུབ་པ་མེད་དེ། འདི་བསྒྲུབ་པའི་དུས་སུ། དང་པོ་གཏོང་མ་ཆ་གསུམ་གཏང་བ་དང་། བཤགས་སྦྱང་བྱ་བ་དང་།ཚ་རབས་ཀྱི་ལན་ཆཊ་བྲལ་བར་བྱ་བའི་ཕྱིར། གཏོར་མ་རྒྱས་པར་གཏང་། དམ་སྐོང་ཡང་བགྱི། འདི་ནི་ཉི་མ་སྟོང་གི་ཐོད་ཕྲེང་ཅན་གྱི་བསྒྲུབ་ཐབས་སོ། །སྲིད་པ་བདེ་འགྲོ་མ་ནི་བསྒྲུབ་པ་མྱ་ངན་ལས་འདས་ཏེ། འགྲོ་རིན་པོ་ཆེའི་ག་བུར་བསྐྱིལ་བ། རྒྱུ་མ་བསྒྲིལ་བའི་ཞགས་པ་འཕེན་པ། བདུད་དང་མུ་སྟེགས་འཆིང་བ། མ་དབྱིངས་ཕྱུག་མ་ལ་ཁྲོས་པའི་ཚུལ་སྟོན་པ། སྦྱོར་བའི་མདངས་ཅན་དེ་རིན་པོ་ཆེའི་རིགས་ཀྱི་བདག་མོ་ཡིན་ནོ། །རྡོ་རྗེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་ནི། པདྨའི་རིགས་ཀྱི་བདག་མོ་སྟེ། སྐུ་མདོག་དམར་མོ་ལ་བསེའི་རལ་པ་ཅན། །ན་གསུམ་བྱི་རུའི་མཆེ་བ་གཙིགས་པ། གསང་བའི་མཁའ་ལ་བྱུ་རུའི་ག་བུར་བསྐྱིལ་བ། འོད་ཟེར་དམར་པོས་ནུབ་ཕྱོགས་དབང་དུ་སྡུད་མ། ཁྲག་དྭངས་མ་འཐོར་ཞིང་བདུད་དང་མུ་སྟེགས་ཀྱི་སྙིང་འབྱིན་པ། གཉིས་སུ་མེད་པའི་སྦྱོར་བས་སྲིད་པར་འཁྱུད་པ་མ། བདག་ཉིད་མ་ལ་ཁྲོས་པའི་ཚུལ་སྟོན་ཅིང་སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེན་མོ།རྡོ་རྗེ་སྲིད་སྦྱོར་ཁྲོས་པའི་དབང་མོ་ཆེ་ནི། ལས་ཀྱི་རིགས་ལ་དབང་སྟེ། སྐུ་མདོག་ལྗང་གུ་ལ་རྡོ་རྗེ་དང་དྲིལ་བུའི་རལ་པ་ཅན། །ན་གསུམ་རྡོ་རྗེ་རྒྱ་གྲམ་གྱི་མཆེ་བ་ཅན། འོད་ཟེར་ལྗང་ཁུས་བྱང་ཕྱོགས་དབང་དུ་སྡུད་པ། ལག་ན་གཡང་གཞི་རྡེབས་ཅིང་བདུད་དང་མུ་སྟེགས་ཀྱི་མགོ་གཅོད་པ། གསང་བའི་མཁའ་ལས་བསེའི་ག་བུར་བསྐྱིལ་བ་སྟེ། གྲུབ་པའི་སྦྱོར་བ་ཁམས་གསུམ་དུ་འཁྱུད་པ། མ་གཅིག་བུ་ལ་ཁྲོས་པའི་ཚུལ་སྟོན་ཞིང་སྦྱོར་བའི་མདངས་ཅན་ནོ། །བཟོད་པ་གསོལ་ཞིང་བསྐུལ་བ་ནི། ཧུ༷་ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དཀར་མོ་གཡུ་ཡི་རལ་པ་ཅན། །སྦྱན་གསུམ་རྡོ་རྗེ་མཆེ་བ་གཙིགས། །ཞིང་གི་གཡབ་མོས་མུ་སྟེགས་སྒྲོལ། ཤེལ་གྱི་ག་བུར་གནས་རིས་འཆའ། །གཉིས་མེད་སྦྱོར་བས་ཁམས་གསུམ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོས་ཤིང་སྲིད་པ་གསོས། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧུ༷་ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སྔོན་མོ་རིན་ཆེན་རལ་པ་ཅན། །སྦྱན་གསུམ་རིན་ཆེན་མཆེ་བ་གཙིགས། །རྒྱུ་མ་བསྒྲིལ་བའི་ཞགས་པ་ཡིས། །བདུད་དང་མུ་སྟེགས་ཐམས་ཅད་འཆིངས། །རིན་ཆེན་ག་བུར་གནས་རིས་འཆའ། །མི་ལན་སྦྱོར་བས་སྲིད་པ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་ཀུན་ལ་༼རྟུམ་ག་༽། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧུ༷་ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། སྐུ་མདོག་དམར་མོ་བསེ་ཡི་རལ་པ་ཅན། །སྤྱན་གསུམ་བྱུ་རུའི་མཆེ་བ་གཙིཊ། ཁྲག་གི་དྭངས་མས་བདུད་དཔུང་སྒྲོལ། །བྱུ་རུའི་ག་བུར་གནས་རིས་བཅའ། །གཉིས་མེད་སྦྱོར་བས་སྟོང་གསུམ་འཁྱུད། །ཡུམ་ལ་ཁྲོ་ཞིང་རྣལ་འབྱོར་སྐྱོང་། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧུ༷་ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་ལྗང་གུ་བསྒྱིངས་པ་ལ། །རྡོ་རྗེ་དྲིལ་བུ་རལ་པ་ཅན། །སྤྱན་གསུམ་མཆེ་བ་རྒྱ་གྲམ་གཏམས། ཁྲོ་སྟངས་གཡང་གཞིས་མུ་སྟེཊ་སྒྲོལ། །རྡོ་རྗེ་ག་བུར་གནས་རིས་འཆའ། །གྲུབ་པའི་སྦྱོར་བས་འཇིག་རྟེན་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་༄༅། ཁྱབ། །ཡུལ་ལ་ཁྲོས་ཤིང་སེམས་ཅན་སྐྱོང་། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་པས་བསྐུལ་བར་བྱའོ། །བསྒྲུབ་པ་ལ་ཞུགས་པ་དང་རྒྱུ་གཅིག་བསྒྲལ། གསུམ་ན་གཅིག་བསྒྲལ། བདུན་ན་གཅིག་བསྒྲལ། དགུ་ན་གཅིག་བསྒྲལ། གཅིག་གི་ནུབ་མོ་གསང་བའི་ཡུམ་དུ་དམ་བཅའ། གསུམ་གྱི་ནུབ་མོ་སྒྲ་ཆེན་པོ་འབྱུང་ཞིང་མེ་ཆེན་མོ་འབར། བདུན་གྱི་ནུབ་མོ་ནམ་མཁའ་ལས་སྣ་ཚོགས་པའི་རལ་པ་གཏིབས་ཏེ་བྱུང་ངོ་། །དེ་ལྟ་བུ་དག་བྱུང་བ་དང་། བདག་ཉིད་དཔལ་གྱི་ཏིང་ངེ་འཛིན། །དབུ་དགུ་ཕྱག་དང་བཅོ་བརྒྱད་དེ། །ཞབས་བརྒྱད་ལྷ་ལ་དེ་བཞིན་བརྫིས། ཕྱག་ན་མཚོན་ཆ་སྣ་ཚོགས་པ། །ཞིང་གི་མཚོན་ཆ་སྣ་ཚོགས་པ། །ཞིང་གི་ན་བཟའ་རློན་པ་ལ། །སྦྲུལ་དང་ཐོད་པས་ཡང་དག་བརྒྱན། །དབང་གི་ངང་ལས་བསྙེན་པར་བྱ། །དབུ་དགུ་མངོན་དུ་བྱུང་བ་དང་། །བདག་ཉིད་དཔའ་བོ་སྐོསྐྱོག་སྒེག༽པོ་ཡི། །ཏིང་ངེ་འཛིན་དུ་ཞུགས་པ་ལསའཛུམ་པའི་མདངས་ཀྱིས་པདྨ་བསྡུ། །དེ་ནས་ལྷ་མོ་ཆགས་སེམས་ཀྱིས། །གཉིས་སུ་མེད་པའི་སྦྱོར་བ་འབུལ། །གུས་པའི་ཚིག་གིས་སྙན་སྒྲོགས་པའི། །དཔའ་བོ་སྒེག་པོ་ཡེ་ཤེས་སྐུ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །པདྨ་གསང་བའི་མཆོད་འབུལ་གྱིས། །དགྱེས་པ་ཆེན་པོ་ངང་ཉིད་ལས། །ཆཊ་པ་ཆེན་པོར་བྱིན་གྱིས་རློབས། །དེ་སྐད་བསྟོད་དེ་མཆོད་པ་འབུལ། །དེར་ནི་བདག་དང་མངོན་སྦྱར་ཏེ། དྲོད་ཀྱི་བྱང་ཆུབ་སེམས་ཉིད་དང་། །རཀྟའི་དྭངས་མར་སྲེས་ནས་སུ། །སྣ་ལ་བདག་ཉིད་གཙོ་ལ་མཆོད། །དེ་ནས་སྒྲུབ་ཟླ་བཞི་ལ་སྦྱོར། །དེ་ནས་སྒྲུབ་པའི་མ་མོར་སྤྱིན། །དེ་ནས་དམ་སྲེས་མནས་བསྒཊ་ཏེ། །རྟོག་པའི་ཕྲག་དོག་སྤང་བའི་ ཕྱིར། །བསྒྲུབ་ཟླ་བཞི་དང་བདག་སྦྱར་ཏེ། །ཀུན་དང་དམ་སྲེས་མནས་བསྒག་གོ།གཏོར་མ་གཞན་ནི་གོང་མ་བཞིན། །འདི་གྲུབ་ན་འཇིག་རྟེན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་ལ། ལྷུར་ཡང་ཚ་དང་སྲིའུ་ལ་མཁས་སོ། །མ་མོ་འོག་མ་ཀུན་ལ་སྨོས་ཀྱང་མི་དགོས། མ་བཞི་ཡང་བྲན་དུ་འཁོལ་ལོ། །འདི་ནི་མཁྲིས་པའི་དམ་མོ་ཆེ་བཞིའི་བསྒྲུབ་ཐབས་སོ། །དེ་བཞིའི་མ་བཞི་ནི་སྒྲུབ་ཏུ་སྐྱོན་ཆེའོ། །སྤྱིར་བུ་མོ་བཞི་གྲུབ་ན་བུ་མོས་མ་འཁོལ་བས་བསྒྲུབ་ལྷག་པར་ཡང་མི་དགོས་སོ། །ད་ནི་རྟའི་ལོ་ཚས་བདུན་ལ་སྒྲུབ་པའི་ས་བསམ། བརྒྱད་ལ་འཇུག་སྟེ། ཉའི་བར་དུ་བསྒྲུབ་པའི་ཡོ་བྱད་བསོག །དཀར་མོ་མིག་གཅིག་བནྟྲ་ནི། །ཟླུམ་ལ་པདྨ་ཆཊ་པ་དང་། །འཇམ་ལ་རི་མོ་ཉུང་བ་གོལྟོ་དང༽། །གཙུག་ཏུ་བུ་ག་བྱུང་བ་སྟེ། །དཀར་མོ་ཆེན་མོའི་ཕྱག་ན་བསྣམས། །ལྗོངས་རོང་ལྕང་ལོས་རབ་ཏུ་བརྒྱན། །ལྗོན་ཤིང་ལྟ་བུ་རྩ་ཡོད་པ། །ནག་མོ་ཆེན་མོའི་ཕྱག་ན་བསྣམས། །པདྨ་འདབ་བརྒྱད་རྩ་བྲིས་ལ། །ཨ་དཀར་གཙུག་ན་ཡོད་པ་ནི། །དམར་པོ་དབང་སྒྱུར་ཕྱག་ན་བསྣམས། །དུམ་བུ་གཉིས་སུ་འདུག་པ་ལ། །རྡོ་རྗེ་རྒྱ་གྲམ་རྩར་བྲིས་ལ། །སེར་མོ་ལས་མཁན་ཕྱག་ན་བསྣམས། །གཙུག་སྲུབས་ནང་དུ་རུབ་པ་ལ། །རྩ་རྣམས་གཙུག་ཏུ་བཅིངས་པ་ནི། །ཧུ༷་ཆེན་དགུར་ནི་འབར་བ་སྟེ། ། དཔལ་ཆེན་ཉིད་ཀྱི་ཕྱག་ན་བསྣམས། །བནྟྲ་ལྔ་དང་ལྡན་པ་དང་། ཁོ།ལ་གྱི་རྒྱུ་བཞི་ཡང་དག་བསོག །གཉན་པོ་ཆས་སུ་གསལ་བ་དང་། །གཞན་ཡང་དམ་རྫས་སྣ་ཚོགས་པའོ། །རླག་པ་ཆེན་པོ་གཙོ་བོ་ཆེ། །ཞ་དཀར་པོ་ཡང་དབུ་རྒྱན་ནོ། །འཇིག་རྟེན་གཟུངས་བཞི་རིགས་བསྟུན་པའོ། །ཤ་མདོག་དཀར་ལ་མདངས་བཟང་བ། །་སྒྲོ་ཐབས་ས་གོས༽དམ་པ་སྨིན་དཀྱུས་རིང་། །དཀར་མོ་མིག་གཅིག་ཚུལ་དུ་སྣང་། །བརྩོན་འགྲུས་ཅན་ལ་དྲག་ཤུལ་ཆེ། །རལ་པ་ཅན་ལ་ཧ་ར་མིག །ནག་མོ་རལ་ཅན་ཚུལ་དུ་སྣང་། ་།་མདོག་དམར་ལ་མདངས་སྡུག་མ། །སྨྲ་ན་སྙན་ན་འགྲོན་སྡུག་མ། །དམར་མོ་དབང་སྒྱུར་ཚུལ་དུ་སྣང་། །གཟུགས་གཞི་རིང་ལ་མཆེ་བ་རྣོ། ་།་མདོག་སྔོ་ལ་བརྟུལ་ཞུགས་ཆེ། །སེར་མོ་ལས་མཁན་ཚུལ་དུ་སྣང་། །ཡུམ་བཞི་གཟུངས་དང་ལྡན་བྱས་ཏེ། །ཡུམ་བཞི་བསྙེན་པ་སོ་སོར་༼དྲང་་དྲངས༽། །བདག་ཉིད་མན་ངག་སེམས་ལྡན་པས། །བཞི་ཆར་བསྙེན་པ་གཅིག་ཏུ་༼དྲང་་དྲངས༽། །༼བསྟེན་བསྟོད༽དབྱངས་སྙན་པས་བསྐུལ་བ་ནི། ་། ཧུ༷་ཤར་གྱི་དཀར་མོ་མི ་ ཅི ་མ ་བཟའ་ཆིལ་ཆེ ་ཐུལ་པ་ལ བ ་རློ ་པའི་དྲིལ་བུས་བ ལ ་ཕྲ ་ ་ངས་འཁྲིལ་པ་ལ ང་ང་མཆེ་བ་ ཙི ས་པ་ཡིས ར་ཕྱོ ས་སྲི ་ སུམ་ཕུར་པ་འ་བས ང་ཆེ ་འབར་བའི་ཐོད་ཕྲེང་ཅན། །ཞག་གི་ལན་ཕྲེང་བསིགས་པ་ཡིས། །སྟེང་དུ་ཡ་བདུད་༼རྟུན་ཝམོ༽བཞིན་བཅིངས། །བར་དུ་བརྒྱ་བྱིན་ཕུང་བར་བྱེད། །འོག་ཏུ་དམྱལ་ཁམས་སྟོངས་པར་མཛད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧུ༷་རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །ནག་མོ་ཆེན་མོ་མཆེ་བ་ཅན། །ན་བཟའ་ཞིང་པགས་གོ་ཟུ་ལ། །བརྙ་སྐམ་པོས་དྲིལ་བུས་བརྒྱན། །རྡོ་རྗེའི་ལན་ཕྲན་དྲི་ཆེན་འཁྲིལ། །ལྕགས་ཀྱི་མཆེ་བ་གཙིགས་པ་ཡིས། །ལྷོ་ཕྱོགས་སྲིད་གསུམ་ཕུར་པས་འདེབས། ཁྲེས་རབ་ཐབས་ཀྱི་ཐོད་རྡིང་ངཆང་༽ཅན། །དྲི་ཆེན་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་མཧྭ་དེ་བ་བཅིངས། །བར་དུ་གཤིན་རྗེ་ཕུང་བར་བྱེད། །འོག་ཏུ་བྱོལ་སོང་སྟོང་པར་མཛད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧུ༷་རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དམར་མོ་ཆེན་མོ་དབང་བསྒྱུར་མ། །ན་བཟའ་རཀྟའི་གོ་ཟུ་ལ། །སྦྲུལ་ནག་འཁྱིལ་པའི་ཆུན་འཕྱངས་ཅན། །པདྨ་རཀྟའི་ལན་ཕྲན་བསིགས། །མཆེ་བ་དམར་པོ་གཙིགས་པ་ཡིས། །ནུབ་ཕྱོཊ་སྲིད་གསུམ་ཕུར་པས་འདེབས། །མི་ཁྲག་འབར་བའི་ཐོད་དེང་ངཆངས༽ཅན། །རཀྟའི་བདུད་རྩི་རྣམ་པ་ལྔ་དང་བསྲེས་པ་གང་འོང་ངོ་དགའ་བ་མི་བསྐྱེད་པར་ཆུང་ངུ་ན་གཅིག་ལ་ལོངས་སྤྱད་དོ། །དེའི་ནུབ་མོ་རྒྱུ་བཞི་ཡང་དེར་བསྒྲལ་ལོ། །བདུན་གྱི་ནུབ་བཞི་ཅར་སྐུ་མངོན་དུ་འབྱུང་བ་ནི། རྒྱན་དང་ཆ་ལུགས་སུ་ལྡན་ཞིང་ཤིན་ཏུ་ཡིད་བཞུགས་པའི་ལྷ་མོ་བཞི་འོང་སྟེ། བདག་མན་ངག་གི་ཏིང་ངེ་འཛིན་གསལ་བར་བསྒོམས་ཏེ། སྐོལྟོག་སྒེག༽པའི་མདངས་ཕྱུང་སྟེ། གེ་སར་གྱི་རཀྟ་དབང་དུ་བསྡུས་ལ། པད་མའི་ནང་དུ་རྡོ་རྗེ་གསང་བའི་ཕྱག་རྒྱ་བཅིངས་པ་དང་རིམ་པ་བཞིན་ཟླ་གམ་བྱེད་ཅིང་སྦྱོར་བ་འབུལ་ལོ། །དེར་སྦྱར་ཏེ་གོང་མའི་ཚུལ་དུ་བགྱིའོ། །དེ་ནས་ཕྱི་དེ་ནུབ་མོ་མཆོག་ཕྲན་ཆས་སུ་སྩལ་བ་དང་། ཁམས་གསུམ་བསྒྲལ་བའི་དངོས་གྲུབ་ཀྱང་དེར་སྟེར་རོ། །འདི་བཞི་ནི་མགོ་ལ་འཕྲད་དོག་ཆུང་། དབང་ཆེ་ལ་གསང་བའི་དམ་ལ་རུབ་སྟེ་བསམ་དགུ་ཡིད་བཞིན་དུ་འགྲུབ་པ་ཡིན་པས། གསང་བའི་དགེས་སྡེར་མོར་ལུང་བསྩལ་ཏེ་གཞག་གོ །དེ་སླན་ཆད་ཅི་བྱ་ཡང་ཡང་མི་དགོས་ཏེ། སྦྱོར་བ་ཡང་དུས་དུས་སུ་འབུལ་ལོ། །ལས་ཀྱང་ཚུལ་བཞིན་དུ་བྱེད་དོ། །བསྒྲུབ་པ་ལ་འཇུག་པའི་ཚུལ་ནི་གོང་དང་འདྲ། འདི་ནི་ཐུགས་ཀྱི་དགེས་སྡེ་མོ་གསང་བའི་བྱི་མོ་བཞིའི་བསྒྲུབ་ཐབས་སོ། །འདི་ཡན་ཆད་ཀྱི་མ་མོ་གྲུབ་ན་ཚ་འདིའི་ཡོན་ཏན་ལྟ་ཅི་སྨོས། ཕུང་པོ་འཇིག་པའི་དུས་སུ་ཡང་གླུ་དབྱངས་དང་རོལ་མོ་ལ་སོགས་པ་འོད་དང་རྟགས་བཟང་པོ་ཕྱུང་ནས། བདེ་བ་ཅན་གྱི་གནས་བསྒྲུབ་མི་དགོས་པའི་དཀྱིལ་འཁོར་དུ་སྐྱེལ་ལོ། །འདི་ཡན་ཆད་ཀྱི་མ་མོ་གྲུབ་ན། འདི་མན་ཆད་ཀྱི་མ་མོ་ཐམས་ཅད་རང་བཞིན་གྱིས་འདུལ་བས་སོ། །འོག་མ་ལྷག་པར་བསྒྲུབ་མི་དགོས་སོ། །མ་མོ་སྲིད་པའི་རྒྱུད་ཆེན་མོ་ལས། ཡེ་ཤེས་ཀྱི་མ་མོའ་སྒྲུབ་ཐབས་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དམན་མོའི་བསྒྲུབ་ཐབས་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །སྲིད་པའི་དམན་མོ་འདི་ལྟར་བསྒྲུབ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་ནས་མ་མོ་བདུན་གྱི་བསྒྲུབ་པ་ནི། གནས་དུར་ཁྲོད་དུ་སོང་ལ། ཡུམ་རྡོ་རྗེ་རིགས་ཀྱི་མཚན་དང་ལྡན་པ་གསུམ་དང་རྫོགས་པའི་སློབ་དཔོན་གཉིས་དང་གིང་གཅིག་གིས་བསྒྲུབ་སྟེ། བནྟྲ་མཚན་དང་ལྡན་པ་སྐམ་པོ་བདུན་དུ། གསུམ་དུ་བདུད་རྩི་རྣམ་པ་ལྔ་མ་བསྒྲུབས་པ་སྐམ་པོ་བསྩལ། གསུམ་དུ་འཇིག་རྟེན་པའི་སྨན་སྣ་ཚོགས་བསྩལ། གཅིག་ཏུ་བྱང་ཆུབ་ཀྱི་སེམས་དང་རཀྟ་ཉི་ཚེ་བསྩལ། བནྟྲ་རིན་པོ་ཆེའི་མཚན་ཅན་ཞིག་ཏུ་བདུད་རྩི་བསྩལ་ལ་གཞག ཁེལ་ལྡིང་ནག་གསུམ། ཤེལ་དཀར་པོ་གཅིག །ཙ་ར་ནག་པོ་གསུམ། ཀུ་ཀུ་ར་དཀར་པོ་གཅིག །ནམ་མཁའ་ལྡིང་གཅིག །མཆོག་གི་སྨན་སྦྲམ་པོ་གཅིག །ཆས་གོས་ཐམས་ཅད་ནག་པོར་བྱ། གསུར་ཆེན་གྱི་དུད་པ་རྒྱུན་མི་འཆད་པར་ཕྱུང་ལ་འཛབ་དྲངས། ཞག་བདུན་ན་སྒྲ་ཆེན་པོ་འབྱུང་། དེར་ཟུར་གཅིག་བསྒྲལ་ཏེ་མཆོད་པ་བྱ། མའི་ཚུལ་དུ་བསྟེན། ཞག་དགུ་ན་མི་སྡུག་པའི་ཆོ་འཕྲུལ་སྣ་ཚོཊ་པ་འོང་སྟེ། དེར་ཟུར་གཅིག་བསྒྲལ། བཅུ་གཉིས་ལ་ཉིན་མཚན་འགྱུར་ཏེ། དེར་ཟུར་གཅིག་བསྒྲལ། སྲིང་མོའི་ཚུལ་དུ་བསྟེན། བཅའ་བ་ལྔ་ལ་བདུན་ཅར་མངོན་དུ་འབྱུང་ངོ་། །བདག་དམ་ཚིག་མ་ཉམས་ན་མཛེས་པ་དང་ལྡན་པར་འོང་ངོ་། །ཉམས་ན་ནག་མོ་རལ་པ་ཅན་མེ་ཙིག་ཙིག་བྱེད་པ་མཆེ་བ་ཙ་རེ་འདུག་པ་འོང་སྟེ། བདག་མན་ངག་གི་ཏིང་ངེ་འཛིན་གསལ་ན་དབང་དུ་བསྡུ། མི་གསལ་བཟོད་པ་གསོལ་ཏེ། བསྐང་བ་བྱ། མན་ངག་དང་ལྡན་ན་དང་པོ་མི་སྡུག་པ་ལས་ཀྱང་། སྡུག་པར་སྟོན་ནོ། །མདོར་ན་སྡུག་ན་པདྨ་དབང་དུ་བསྡུ། ང་རྒྱལ་བསྐྱེད་དེ་སྲུ་མོའི་ཚུལ་དུ་བསྟེན། དེར་ཕྱག་འཚལ་ཞིང་དཔོན་ཟེར་ཞིང་འོ་བྱེད་དོ། །དེ་ནས་པདྨ་རཀྟ་ཧྭ༷་གིས་བརྔུབས་པ་དང་། རྒྱན་པོ་ནས་གཟུངས་མ་གསུམ་དང་བཅུར་བྱས་ནས། མེལ་ཚེ་ཐུན་གཉིས་གཉིས་ཀྱིས་སྦྱོར་བ་འབུལ་ལོ། །སྣ་ལ་གཙོ་མོ་དང་སྦྱར་རོ། །དེ་ནས་ཁོ་མོ་དང་སྦྱར་རོ། །དེ་ནས་ཡོ་བྱད་སྣ་ཛོ་གས་དང་སྦྱར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཇི་ལྟར་འདོད་༼པའི་པ༽བཞིན་དུ་དམ་བསྲེ་སྟེ། ང་ཡི་བརྣག་པའི་ལས་རྣམས་ཀུན། །བཀའ་ཡང་བསྒྲུབ་ཅིག་ཕོ་བྲང་བཟླས། །བྲན་མོ་ཡིན་གྱིས་མནའ་མ་ཟ། །ཞེས་ལུང་བསྩལ་ཏོ། །དེ་ཕྱིན་ཆད་བྲན་མོ་བཞིན་དུ་ལས་བྱེད་དོ། །དེ་ནས་སྦས་པའི་མ་མོ་བསྒྲུབ་པར་བྱ་སྟེ། ཡོ་བྱད་གོང་མ་རྣམས་ཀྱི་སྟེང་དུ་ཞིང་པགས་ཀྱི་གཡང་གཞི། ཞིང་གི་རྒྱུ་ཞགས་སྲིད་པ་སྤྱི་བླུགས་ཀྱི་ཞྭ་རལ་པ་ཅན། དུང་ཆེ་ཆུང་དང་། བྱུ་རུ་དང་།གསེར་གཡུའི་བརྒྱན་པ་དང་། ཞིང་ཆེན་གྱི་རྔ་ཐོགས་ཏེ་སྒྲུབ་པ་དང་རྟགས་གོང་མ་དང་མཐུན། བསྒྲུབ་པའི་ཐབས་གོང་མ་དང་ཚུལ་གཅིག །ཡོན་ཏན་འདི་མན་ཆད་ཀྱི་མ་མོ་ཀུན་འཁོལ་ལ། བསམ་དགུ་འགྲུབ། ལྷུར་ཡང་དགྲ་ལ་སྦད་པར་བཟང་ངོ་། །ད་ནི་ཨེ་ཀ་ཛུ་ཏི་བསྒྲུབ་པར་བྱ་སྟེ། སྟེགས་བུ་གྲུ་བཞི་པ་གཅིག་གི་སྟེང་དུ་གྲ་ཕྱིང་གསར་པ་གཅིག་བཏིང་ལ། དམ་རྫས་སྣ་ཚོགས་པ་བསྩལ་བའི་དམར་གཏོར་ཆ་གཅིག་གི་སྟེང་དུ་སྨན་གི་ཝང་གསལ་ཏེ། དར་དམར་པོ་ཁ་ཚོན་གང་གིས་ཁ་གཅད་ལ། ཁ་ནུབ་ཕྱོགས་སུ་བལྟས་ཏེ། སྲོག་གི་སྙིང་པོ་ནས་དྲངས། ཞག་བདུན་དུ་བསྙེན་པ་བྱས་ན། ཡུམ་མཚན་དང་ལྡན་པ་ལ་དབབ། སྲིད་པའི་བྱན་མོ་ཡལ་གམ་ཅན། །སྐྱེ་འགྲོ་རལ་ཅིག་འཇིག་རྟེན་སྒྲོལ། །མིག་ནས་ཁྲག་འཐོར་སྟོང་ཁམས་སྲེག ཁ་ནས་མེ་འབར་རྒྱ་མཚོ་སྐྱེམས། །མ་བྱུང་བ་ཡི་དུས་མཐའ་ནས། །འཇིག་རྟེན་ལས་ཀྱི་དབང་བསྒྱུར་ཏེ། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །སྙིང་རྗེའི་བྱམས་མའི་དཀྱིལ་འཁོར་དུ། །བརྩེ་བའི་ཤུགས་་རྐྱོས་༽གཤེགས་སུ་གསོལ། །ཞེས་བསྐུལ་ལ། ཡུམ་མཚན་དང་ལྡན་པ་ལ་བབ་སྟེ་དྲིས་ན། སྲིད་པ་གསུམ་གྱི་གཏམ་སྨྲའོ། །ད་ནི་སྐྲུན་གཉིས་བསྐུལ་བར་བྱ་སྟེ། ༷་མ་མོ་ཆེན་མོ་ཡལ་གམ་ཅན། །ནམ་མཁའ་དབྱིངས་ཀྱི་དཔལ་མོ་༼བརྩན་གས་ན༽། །གནམ་ཕྱེད་གོས་སུ་གྱོན་པ་མོ། །ས་ཕྱེད་སྟན་དུ་འདིངས་པའི་བདག །འཁོར་ནི་གནམ་སྨན་འབུམ་གྱིས་བསྐོར། །ཆིབས་སུ་གསེར་གྱི་ཤ་མོ་ཆིབས། །མ་གོལ་གཡུ་ཡི་རུ་བཅུ་འབར། །ཕྱག་ན་གསེར་གྱི་དྲིལ་ཞགས་བསྣམས། །བདུད་དང་མུ་སྟེཊ་དབང་དུ་སྡུད། །ཆེ་ཞེ་སྲིང་གཅིག་མ་གཡེལ་ཅིག །ད་ནི་བུ་མོ་ཆུང་བདུན་བསྐུལ་ཏེ། ཧུ༷་མ་མོ་ཆེན་མོ་ཡལ་གམ་ཅན། །གནམ་ཕྱེད་གོས་སུ་གྱོན་པ་མོ། །ས་ཕྱེད་སྟན་དུ་འདིངས་པའི་བདག །དན་ཏིང་གཡུ་ཡི་གོ་ཅོག་ཅན། །གསེར་དང་གཡུ་ཡི་ཅོད་པན་འཕྲོ། །གཡུ་ཡི་དྲིལ་སྙན་འབུམ་གྱིས་བརྒྱན། །ཆིབས་སུ་དུང་ཤ་དཀར་པོ་ཆིབས། ཁས་བླངས་དམ་བཅས་བསྙེལ་ལ་ཅིག །བསྐུལ་ལ་མ་བཞེས་ད་ཚུར་སྤྱོན། །གསེར་ཆང་དམ་གསེར་བུས་བསྟེན་ན། །བྱེས་ཡུལ་གར་འགྲོ་ཡང་བསམ་པ་འགྲུབ་བོ། །དུང་དང་དུང་སྟེ་ཧཱུཾ༷། འདི་རྣམས་ནང་དུ་བསྟན་བཅོས་བཀའོ། །མ་མོ་ཕྱི་མའི་བསྒྲུབ་ཐབས་རྣམས་བྱས་ན་ཕྲག་དོག་ཆེ་ལ་བཅོས་དཀའ་བས། བློ་ཆུང་བ་རྣམས་ཀྱི་དོན་དུ་མི་རུང་བས་འདི་ལས་ང་ཡིས་མ་གསུངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། དམན་མོ་རྣམས་ཀྱི་སྒྲུབ་ཐབས་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །ཡེ་ཤེས་རང་བཞིན་དམན་མོ་གྲངས། །མ་མོ་དབང་སྡུད་རིམ་པ་རྣམས། །ཡང་དག་རྫོཊ་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །མ་མོ་དབང་སྡུད་འདི་ལྟར་བཤད། །ཡེ་ཤེས་ལས་བསྐྱེད་མ་མོ་ཡིས། །སྲིད་པའི་ལས་གྲུབ་མ་མོ་རྣམས། །དེ་ཡིས་དབང་དུ་བསྡུ་ཞིང་བཀོལ། །ལས་ལ་དགེ་ཞིང་འཕྲིན་ལས་བཞི། །ཇི་ལྟར་འདོད་པ་བཅོལ་བར་བྱ། །ཇི་ལྟར་མི་མཐུན་ཆ་མཐུན་པས། །དེ་ཡི་དབྱེ་བའི་བྱེ་བྲག་རྣམས། །མཁས་པས་བརྟགས་ཏེ་ཤེས་པར་བྱ། །སོ་སོའི་ལས་གཉེར་གཏད་པར་བྱ། ཡུལ་དང་དྭངས་མ་རྩ་རྣམས་ལས། །རིགས་ཀྱི་མ་མོ་ལ་སོགས་པ། ཁྲོས་སྦས་གསང་བའི་ཡུམ་བཞི་དང་། །རྐྱེན་གྱི་མ་སྲིང་བཤད་པར་བྱ། །འདི་ནི་ཡེ་ཤེས་མ་མོ་ཡི། །རྒྱུ་རྐྱེན་ཡིན་པར་ཡང་དག་གསལ། །ཡུལ་ལ་ཕྱི་ཡི་མ་མོ་སྟེ། །རྩ་ལ་ནང་གི་མ་མོར་གྲགས། །དྭངས་མ་གསང་བའི་མ་མ་ཡིན། །མཁའ་སྙིང་གསང་བ་དེ་གཉིས་ཀྱི། །རྩ་གྲངས་རྣམ་པར་དག་པ་མིང་། །ཡེ་ཤེས་རྩེ་མོ་མཁའ་འགྲོ་ལྔ། །ཕྱི་མ་རིམ་པ་བཞིན་དུ་བཀོད། །སྡེ་གསུམ་མ་མོ་ཤེས་པ་ཡིས། །དེ་ནི་མ་མོ་དབང་དུ་སྡུད། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། དབང་དུ་བསྡུ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །འཇིག་རྟེན་དབང་ཆེན་འདི་སྙེད་ཀུན། །སྲོག་ཆགས་ཀུན་ལ་གནོད་བགྱིད་པ། །བསྐང་བའི་ཆོ་ག་ཇི་ལྟར་ལཊ། །འཇིག་རྟེན་མགོན་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །འཇིག་རྟེན་མགོན་གྱིས་བཀའ་བསྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །སརྦ་རུ་པས་ཐམས་ཅད་སྐོངས།།ཏིང་འཛིན་གསལ་བར་བྱེད། །ཡང་ན་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་འཐིང་ནག་རལ་པ་ཅན། །དབུ་གསུམ་པོ་ལ་ཕྱག་དྲུག་པོ། །དབུས་མཐིང་གཡས་དཀར་གཡོན་དམར་ཏེ། །གཡས་ཀྱི་དང་པོ་རྡོ་རྗེ་ལ བར་མ་ཞིང་གི་དབྱུག་པ་སྟེ། །ཐ་མ་སྦྲུལ་གྱི་ཞགས་པ་ཡིས། ཁམས་གསུམ་མ་མོ་དབང་དུ་སྡུད། །གཡོན་གྱི་དང་པོ་བསྟོ་ལ། །བར་མ་ཞིང་གི་གཡང་གཞི་ཡིས། །མ་མོ་ཐམས་ཅད་འགུགས་འདྲེན་པའོ། །ཐ་མ་དུང་ཆེན་གའུ་ལས། །གནམ་ལྕགས་གཟེར་གྱིས་བཏབ་པ་རུ། །མི་ཕྱུགས་གཉིས་ཀའི་ཚེ་ལ་དབང་། །ཡི་གེ་ཧཱུཾ༷་དུ་བསྡུད་པ་སྟེ། །ཡུམ་ཡང་དུག་གསུམ་དབང་སྡུད་མ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །གཉིས་སུ་མེད་པའི་མཆོད་པ་འབུལ། །དཔལ་མཆོག་ཧེ་རུ་ཀ་དང་། །དབང་མཆོག་ཧེ་རུ་ཀ་ཡབ་ཡུམ་ལ་འདུད་པའི་མཆོད་པ་དབུལ་བར་བསམས་ལ། ཕྲ་མེན་མ་ཡན་ཆད་འཁོར་དུ་གཞག་པའི་བསྙེན་པ་ནི། ཧུ༷་ཧེ་རུ་ཀ་ཀྲོ་ཏི་ཤཱ་རི་སྟ༷། ཧུ༷་ཧ་ཧེ་ཕཊ། མ་མོ་ཡོ་གི་ནི་རུ་ལུསྦྱོ། མ་མོ་ཡོ་གི་ནི་རུ་ལུ་སྨྱོ། མ་མོ་ཡོ་གི་ནི་རུ་ལུ་སྨྱོ། ཞག་གསུམ་བར་དུ་འབུམ་བཟླས་ཏེ། །དེ་ནས་སྐོང་ཟློག་གཏོར་མ་གཏང་། །གོང་དུ་སྤགས་པའི་གཏོར་མ་ལ། །ཧེ་ར་་ཀ་སོཊ་མཆོག་ཏུ་མཆོད། །ཧཱུཾ་བཅོམ་ལྡན་དཔལ་ཧེ་རུ་ཀ །མཐིང་ནག་འབར་བའི་ཆ་ལུཊ་ཅན། །དཀར་ནག་དམར་བའི་ཞལ་མངའ་ཞིང་། །ཕྱག་དྲུག་ཕྱག་ཆས་སྐྱེ་ཤི་སྒྲོལ། །སྦྲུལ་ཆེན་ཞགས་པས་མ་ཚོཊ་འགུགས། །གཡང་གཞིའི་གཡབ་མོས་ཐམས་ཅད་འདུས། །ཡུམ་དང་གཉིས་སུ་མེད་པ་སྟེ། ཁྲོ་བོའི་ཚོགས་ཀྱི་མཆོད་པ་ཡིས། །ཐུགས་ཀྱི་རྗེ་དབྱིངས་ནས་རོལ་པ་མཛོད། །ཅེས་བསྟོད་པ་ལ་སོཊ་པ་དཔལ་གྱི་འཁོར་ཚོགས་གཞུང་བཞིན་མཆོད། བཤགས་བྱང་བགྱིས་ལ་ཚུལ་བཞིན་མཆོད། །འཕྲིན་ལས་བཅོལ། །དེ་ནས་མ་མོ་རྣམས་ཀྱི་སྲོག་གི་སྙིང་པོཀུན་བསྡུས་ལ། ཨ་མྲི་ཏས་བདེན་པར་བདར། བདག་ཉིད་ཆེན་པོ་ང་རྒྱལ་འདི་སྐད་བསྐྱེད། །ཧུ༷་ནི་ཁྲག་འཐུང་ཀུན་གྱི་རྗེ། ཁམས་གསུམ་སྙིང་ཁྲག་དྭངས་མའི་ཁྲག །ང་ནི་རུས་ཆ་ཆེན་པོ་སྟེ། ཁམས་གསུམ་རྐེང་རུས་དུར་ཁྲོད་བདག །ང་ནི་ཤ་ཟ་ཆེན་པོ་སྟེ། ཁམས་གསུམ་མང་ས་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་དབུཊ་ཀྱི་བདག །ང་ནི་སྐྱེ་འགྲོ་བཀྲག་གི་བདག །མ་མོ་ཀུན་གྱི་རེ་གནས་ཡིན། །མ་ཐོགས་སྐོང་ཟློག་གཏོར་མ་ལོངས། །ཚ་དང་དབང་ཐང་མངོན་པར་སྤེལ། །ཕག་རྒོད་དུད་པ་བཏང་ནས་ཀྱང་། །གཏོར་མ་གཏང་བའདི་སྐད་དོ། །ཧཱུཾ་མ་མོ་ཚོགས་ནི་མཉམ་མཆོད་ཕྱིར། །འབྲུ་སྣ་མང་པོ་དང་། རིན་ཆེན་སྣ་ཚོགས་ལས། །གླིང་བཞི་ནི་གཏོར་མ་བགྱི། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེ། །རྒྱན་དང་ནི་ཆ་ལུགས་ལྡན། །འཇིག་རྟེན་ནི་ཟས་ཀྱིས་སྐོར། །དཀོན་པའི་རྫས་ཀྱིས་བརྒྱན། །མུ་མེན་ནི་སྟེགས་བུ་ལ། །རིན་ཆེན་ནི་གསལ་བཀྲམ་སྟེ། །བྱི་རུའི་སྐས་བཙུགས་ནས། །སྤོས་ཀྱི་ནི་ས་གཞི་ལ། །དབང་གི་ནི་དཀྱིལ་འཁོར་ལྡན། །དར་དཀར་གྱི་ཡོལ་བྲིས་ཏེ། །གསལ་བའི་མེ་བུས་ནས། །རྒྱལ་མཚན་ནི་སྣ་ཚོགས་བཙུགས། །ལེབ་རྒན་གྱི་གདུགས་ཀྱིས་བཀབ། །དུད་པ་ནི་གཉན་ཕྱུང་ཤིང་། །གསེར་གྱི་ནི་སྐྱེམས་བདར་ནས། །ཚེ་སྲོག་གི་སྐྱིན་དུ་འབུལ། །ཆུ་སྲིན་ནི་གླུད་དུ་བཞེས། །ལོངས་སྤྱོད་ནི་གླུད་བཞེས་ཤིག །ཧྲུ༷་རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ། །མ་མོ་ཚོགས་ཀྱི་རྒྱལ་མོ་སྟེ། །སྲིད་པ་ཡོངས་ཀྱི་བདག་མོ་ལགས། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ། །ན་བཟའ་སྟོང་གསུམ་གཡང་གཞི་ལ། །ཐོད་རློན་མང་པོའི་ཕྲེང་བ་ཅན། །ལག་ན་སྙིང་གི་འོ་ངས་སྤྱོད་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོས་མདོས་ལོངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་ཤིག །ཧུ༷་རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ། །ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དཀར་མོ་སྤྲིན་དཀར་གོས་ཟུང་ཅན། །ལག་ན་གསེར་གྱི་སྤྲི་ཐོགས། །སྲིད་པ་ཀུན་གྱི་རུས་འཆའ་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་། གླུད་བདག་ །ཧཱུཾ་རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །ནག་མོ་གཡུ་ཡི་གོས་ཟུང་ཅན། །བསྐལ་པ་མེ་ཡི་འོད་འབར་ཞིང་། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །སྐྱེ་འགྲོ་ཡོངས་ཀྱི་ཚེ་འཕྲོག་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོས་མདོས་ལོངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་རྩ་བརྒྱད་གཙོ་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་མངའ་བདག་མ། །མ་མོ་ཆེན་མོ་གཤེགས་སུ་གསོལ། ། མདོས་བདག་ཆེན་མོས་མདོས་ལོངས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ་ཆེ་ཞེ་ཆེན་མོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ། །སྙིང་གི་ཞགས་པ་བསྡོག་ཅིང་འཕེན། །སྤྲུལ་པ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ །གླུད་བདག་ །ཧུ༷་ཆེ་ཞེ་ཆེན་མོ་དཀར་མོ་ཉི་མའི་མདངས། །སྲིད་པ་གསུམ་ཅར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་ཐོགས། ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་ ཧྲུ༷་ཆེ་ཞེ་ཆེན་མོ་ཁྲག་འཐུང་མ། །སྲིད་པ་གསུམ་ཅར་ཐལ་བར་སྩོག །ལག་ན་ཐོད་པ་ཁྲག་གིས་བཀང་། ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་ །ཧུ༷་ཆེ་ཞེ་དམར་མོ་བདུད་རྩི་ལྡག །སྲིད་པ་གསུམ་ཅར་གསོ་མཛད་མ། །ལག་ན་བདུད་རྩིའི་བུམ་པ་བསྣམས། ཁྲོས་་པའི་རྒྱལ་མོའི་མིང་ནས་ཕྱུང་། མདོས་བདག་། གླུད་བདག་། ཧུ༷་ཆེ་ཞེ་ལྗང་ནག་གན་སྤྲུལ་མ། །སྲིད་པ་གསུམ་ཅར་གནས་ལ་སྦྱོར། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོས་མདོས་ལོངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་ཤིག །ཧུ༷་མཚན་ནི་འཇིག་རྟེན་རྒྱན་བྱེད་མ། །ལག་ན་སྐྲ་ཡི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ། །ལག་ན་ཞིང་གི་དབྱུག་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོས་མདོས་འོ།ངས་ལ། །གླུ་བདག་ཆེན་མོས་གླུད་བཞེས་ཤིག །ཧུ༷་མཚན་ནི་བདག་ཉིད་ཆེན་མོ་སྟེ། །གཞི་རྡེབས། །ལག་ན་ཞིང་གི་རྒྱུ་ཞགས་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོས་མདོས་འོ་ངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་ཅིག །ཧུ༷་མཚན་ནི་གཅིག་པུ་ཆེན་མོ་སྟེ། །ལག་ན་ཞིང་གི་གཡང་ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོས་མདོས་འོ།ངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་ཤིག །ཧུ༷་གླིང་བཞི་ཕྱོགས་ཀྱི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་མངའ་བདག་མོ། །དཀར་མོ་ཆེན་མོ་མིག་གཅིག་མ། །ལག་ན་བནྟྲ་ཟླུམ་པོ་ཐོགས། །སྐྱེ་བར་ལེན་པའི་མིང་ནས་ཕྱུང་། ། མདོས་བདག་ཆེན་མོས་མདོས་འོ།ངས་ལ། །གླུད་བདག་ཆེན་མོས་གླུད་བཞེས་ཤིག །ཧྭ༷་སྲིད་པ་ལྷོ་ཡི་མངའ་བདག་མོ། །ནག་མོ་ཆེན་མོ་མཆེ་བ་ཅན། །ལག་ན་བནྟྲ་སུལ་མང་ཐོགས། །སྲིད་པར་བྱེད་པའི་མིང་ནས་ཕྱུང་། མདོས་བདག་ །གླུད་བདག་ །ཧུ༷་སྲིད་པ་ནུབ་ཀྱི་བདག་མོ་སྟེ། །དམར་མོ་དབང་གི་རྒྱལ་མོ་ལ། །ལག་ན་བསྟོ་ལྕང་འོ།་ཅན། །འཆི་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་ །ཧུ༷་སྲིད་པ་བྱང་ གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་ཐོད་པ་རྒྱ་གྲམ་ཐོགས། །ལེན་པར་བྱེད་པའི་མིང་ནས་ཕྱུང་།མདོས་བདག་ །གླུད་བདག་ །ཧུ༷་སྲིད་པ་ཡོངས་ཀྱི་ཟ་བ་མོ། །ཤང་ཤང་ནེའུ་ཚོགས་ཀྱི་རྗེ། ། གོས་སུ་མི་ལྤགས་རློན་པ་ལ། །ཐ་མ་བནྟྲ་སྟོང་གིས་བསྐོར། །སྲད་པ་ཀུན་གྱ་བདག་ཉད་མ། །ཟངས་ཀ་ ན་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ཧུ༷་ཧ་ལ་ཧ་ལ་གདོང་བརྒྱ་མོ། །སྲིད་པ་གསུམ་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞི་གོས་སུ་གོན། །ཧེ་རུ་ཀ་སྣིའི་མིང་ནས་ཕྱུང་། །མདོས་བདག་ །གླུད་་་་་བདག་ །ཧྭ༷་འཇིག་རྟེན་ཀུན་གྱི་བྱན་མཁན་མོ། །སྤྲིན་དཀར་མཛེས་པའི་ན་བཟའ་གསོལ། །ལག་ན་ཞིང་གི་ལག་ལྤགས་ཐོགས། །ཨེ་ཀ་ཛུ་ཏའི་མིང་ནས་ཕྱུང་། །མདོས་བདག་ །གླུད་བདག་ །ཧུ༷་ཆ་བྱད་སྔོན་མོ་ཆེན་མོ་ལ། །མུ་ཏིག་ཁུ་འཕང་གོས་ཟུང་ལ། །ཚེ་དང་གཡང་ལ་རྐུ་འཕྲོག་བྱེད། །ནམ་མཁའི་རྒྱལ་མོའི་ མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ཧུ༷་ཆ་བྱད་དཀར་མོ་ཆེན་མོ་ལ། །ལག་ན་ལྕགས་ཀྱུ་འབར་བ་ཐོགས། །གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་ །ཧུ༷་དངོས་སུ་ཆ་བྱད་ནག་ མོ་ལ། །འཇིགས་སུ་རུང་བའི་རལ་པ་ཅན། །སྐུ་སྟོད་སྟག་ལྤགས་གཡང་གཞི་ལ། །སྐུ་སྨད་ཟངས་ཀྱི་ཞབས་མ་ཅན། །མི་་་་ གས་གསོད་པའི་ཁྲག་བམ་ཐོགས། ཁྱོད་ནི་འདོད་ཁམས་གཙོ་མོ་ ། ། ངན་རྗེ་མ་ཆེན་ མིང་ནས་ ང་། མདོས་བདག་ ད་བདག་་ །༷་ལྷ་ཆེན་བརྒྱད་ཀྱི་མ་ཆེན་མོ། །སྲིན་མོ་ཆེན་མོ་རྐན་མ་དང་། །སྲིན་མོར་་་རབ་ཏུ་བརྐྱམ་མ་དང་། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྲིན་མོ་དྲི་མ་འཐོར་མ་དང་། །སྲིན་མོ་ཆེན་མོ་གཡང་གཞི་མ། །སྲིན་མོ་རབ་ཏུ་གསོད་བྱེད་མ། །སྲིན་མོ་ཆེན་མོ་ཟ་བ་མོ། །འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་མ། །སེམས་ཅན་རྣམས་ལ་གནོད་བྱེད་མ། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙིམ་པ་ ཤིན་ཏུ་བཀང་ནས་ནི། །ཟ་ཞིང་རྣམ་པ་ཀུན་ཏུ་རྒྱུག །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུག །མི་མགོ་ཐོད་པ་ཁྲག་གིས་བཀང་། །གྲོང་ སྒོར་འཐོར་ཞིང་ནད་འཐེབས་མ། །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །གླིང་བཞི་ཀུན་ཏུ་རྒྱུག་འགྲོ་སྟེ། །ས་འོག་ཀུན་ནས་གཉོགས་བྱེད་ཅིང་། །འཇིག་རྟེན་མྱོས་བྱེད་ཟ་བ་མོ། །ས་བདག་ཆེན་མོའི་མིང་ནས་ཕྱུང་། མདོས་བདག་ གླུད་བདག་་ །དམག་གི་རྒྱལ་མོ་ཆེན་མོ་བཞི། །རིག་བཞིའེ་དམག་དཔུང་འཁོར་གྱིས་བསྐོར། །མཁར་རྗེས་ཟ་ཀའི་བདག་མོ་སྟེ། །དམག་དཔོན་ཆེན་མོའི་མིང་ནས་ ཕྱུང་། །མདོས་བདག་གླུད་བདག་་ ཧྭ༷་རི་རབ་གླིང་བཞིའི་གྲུ་འདེགས་མ། །ཆ་བྱད་དཀར་མོ་སྒེག་མ་ལ། །ལག་ན་རྡོ་རྗེ་ཁ་གདེངས་ཐོགས།ང།ཤན་ཏིང་དཀར་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་། ཆ་བྱད་ནག་མོ་ཆེན་མོ་སྒེག་མ་ལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ཆ་བྱད་དམར་མོ་སྒེག་མ་ལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །ཧར་ཏིང་དམར་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་། ཆ་བྱད་སེར་མོ་སྒེག་མ་ལ། །ལག་ན་རླུང་གི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སེར་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །གླིང་བཞི་ དག་ནས་སྲིང་མོར་གྲགས། །སྲིང་བཞི་ཆེན་མོའི་ཕོ་ཉའི་ཚུལ། །ཕོ་ཉ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ནག་མོ་ཆེན་མོ་ཧྲལ་ཧྲལ་མོ། །ཐབས་དང་འབྲོག་སྲིན་བསྡེབ་ཟླ་སྟེ། །མ་ཡམས་ཆེན་ མོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །ཚེ་སྲོག་གི་གླུད་དུ་འབུལ། །ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ། །དབང་ཕྱུག་མ་དང་བརྟན་མ་ལ་ཡང་བསྔོ། བོད་ཡུལ་དུ་གྲགས་པའི་མ་མོ་ཐམས་ཅད་ལ་ཡང་བསྔོའོ། །དེ་ནས་གཏོར་མ་གཏོང་ཀ་མྲ །ཆེ་ཆུང་རྔ་ཡབ་བརྡུང་ནས་སུ། །གླུ་སྙན་དབྱངས་དང་བླངས་ནས་ནི། ཁྲོམ་ལམ་དུའམ་རི་རྩེར་བསྐྱལ། །མན་ངག་ལྡན་པས་ཚེ་དཔལ་དྲངས། །དེས་ནི་བསམ་པ་ཡིད་བཞིན་འགྲུབ། །དེ་སྐད་ཅེས་ནི་བཀའ་བསྩལ་ནས། །ལྟ་རྣམས་འཆི་བས་འཇིགས་གྱུར་ཏེ། །རབ་ཏུ་དངངས་ཤིང་སྐྲག་གྱུར་ནས། །གནོད་འདུལ་ལྷ་ཡིས་འདི་སྐད་གསོལ། །ལྷ་ལ་སྲོག་ཀྱང་མཆིས་པར་འགྱུར། །འདི་བསྟན་ཆོ་གའི་ཕན་ཡོན་གང་། །འཇིག་རྟེན་མི་ལ་ཇི་ལྟར་བསྒྲགས། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །འདི་བསྟན་ཕན་ཡོན་བསམ་མི་ཁྱབ། །འཇིག་རྟེན་མི་འགྲུབ། །དབྱིག་ལ་སོགས་པ་དེ་བཞིན་རྙེད། །ཆོ་ག་འདི་ལ་བརྟེན་བྱེད་ན། །རྨད་པོས་ཡུལ་གྲུ་ཕྱོགས་བཞིར་འཛིན། །དེ་ན་ན་ཚ་སྡུག་བསྔལ་མེད། །ཕ་རོལ་དམག་དཔུས་རྣམ་པར་འཇིག །ལོ་ཕྱུག་རྟག་ཏུ་འཕེལ་བར་འགྱུར། །ཆོ་ག་འདི་ནི་བརྟེན་བྱེད་ན། །འཇིག་རྟེན་དབང་ཅན་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ལྟར་བཀུར་ཞིང་བསྟི། །ཚེ་དང་ཆུང་སྲིད་འཕེལ་བ་དང་། །བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན། །འདི་ཡི་ཡོན་ཏན་བསོད་ནམས་ཀྱིས། །ཕྱི་མའི་དངོས་གྲུབ་མཆོག་ཡིན་ཏེ། །བསོད་ནམས་ཉིད་དུ་གོང་ན་མེད། །འདི་ལ་ཡོན་ཏན་བརྗོད་མི་ལང་། །དེ་སྐད་གསུངས་པས་ལྷ་རྣམས་དགའ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས།མདོས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དབང་ཆེན་མོ་རྣམས་བསྐངས་ལགས་ན། །དབང་བྱེད་མོ་ལ་མི་འཚལ་ལམ། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། །འདོད་ཆགས་ང་རྒྱལ་ཆེ་བ་དང་། །ཞེ་སྡང་བྱེད་ལ་དབང་མོ་ཆེ། །སྲིད་པའི་མ་ཡིན་འཇིག་རྟེན་བསྐྱེད། །འདི་བསྐངས་སྐོང་བཟློག་ཆོ་ག་རྫོགས། །དེ་ནས་ཕོ་རིགས་མཆོད་འདོད་ན། །སྟེགས་བུ་གོ་འཕང་མཐོན་དམན་དབྱེ། །ཆོ་ག་རྫས་ནི་འདི་ལྟར་རོ། །འབྲུ་སྣ་བཅུ་ན་མོ། །སྲིད་པ་ནི་བྲང་དཀར་བ། །ཞིག་འཛིན་ནི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་བཞེས་ཤིག །རིམ་པ་ནི་བཅུ་གསུམ་ལ། །གནམ་གྱི་སྟེང་ཤེད་ན། །ལྕགས་མཁར་སྔོན་པོ་ལ། །གསེར་གྱི་ནི་བད་བསྐོར་ ཞིང་། །ཟངས་ཀྱི་ནི་སྒོ་སྩལ་པ། །དེ་ཡི་ནི་བདག་པོ་སྟེ། །དབང་ཕྱུག་ནི་ཆེན་པོ་ལ། །མཧྭ་ཤྭ་རི་ཞིག །ཡ་བདུད་ཀྱི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་།དེ་ཡི་ནི་གླིང་ཕྲན་ན། །ཡར་གྱི་ནི་ཡང་ལ་ཤོད། །བདུད་པས་ཐབས་མཁས་ཏེ། །བདུད་པས་ནི་དྲག་ཤུལ་ཆེ། །འགྲོ་བ་ནི་ཀུན་གྱི་བདུད། །སྐྱེ་འགྲོ་ནི་ཚེ་དཔལ་འཕྲོག །སྐྱེས་བུ་ནི་སྐྱེས་ཏོ་རེ། །ཡ་བདུད་རྒྱལ་ཐེབ་མིང་ནས་ཕྱུང་། །མདོས་བདག་གླུད་བདག་་། ལྷོ་ ཕྱོགས་གླིང་ན་གནས་པ་སྟེ། །རུས་མཁར་ནི་གླིང་དགུའི་བདག །ཕོའིཤ་བདག་ས་ཀུན་གྱི་ཁྲམ་འདེབས་པ། །གཤིན་རྗེ་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་།གནམ་གྱི་མཐོང་ན་གན་པ་སྟེ། །འཛམ་གྱི་ང་ནི་ནོར་གྱི་བདག །མཧྭ་དེ་བ་ལྷ་ཆེན་པོ། །བགོ་མོ་དབུ་མ་འཁོར་དང་བཅས། །ནོར་ལྷ་ཆེན་པོའི་མིང་ན་ཕྱུང་། །མདོ་བདག་ གླུད་བདག་་ ། བྱང་ཕྱོགས་གནམ་གྱི་མཐོངས་ན་་་གནས། །དུང་ མཁར་ནི་དཀར་པོ་ལ། །གཡུའི་ནི་བད་སྐོར་ཞིང་། །བསེ་ཡི་ནི་སྒོ་སྩལ་པ། ཁྱབ་འཇུག་དུང་གྱི་ཐོར་ཚུགས་ཅན། །གནམ་ལྷ་དཀར་པོ་མིང་ནས་ཕྱུང་། །མདོས་བདག་ །བྱང་ཤར་གྱི་མཚམས་ཤེད་ན། །བསེ་མཁར་ནི་གླིང་དགུ་ལ། །དུང་གི་ནི་བད་སྐོར་ཞིང་། །ལྕགས་ཀྱི་ནི་སྒོ་སྩལ་ཏེ། །དེ་ཡི་ནི་བདག་པོ་སྟེ། །ཤར་ཕྱོགས་གནམ་ཕྱེདཀྱི་བདག །ཚང་ཐུར་ལུས་ལ་ཐོར་ཚུགས་མགོ །བཙན་འགོང་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ སེར་བཙན་རོལ་པོ་རྐྱ་རོལ་པོ། །སེ་ཏྲེ་སེ་བཙན་མིང་ནས་ཕྱུང་། །མདོས་བདག་ གླུད་བདག་་ །བཙན་ལ་སོགས་པ་ལ་དེ་བཞིན་བསྔོའོ། །ད་ནི་མཧྭ་ཤན་ཏིང་གི །ཆོ་ག་ལེགས་པར་བཤད་ བྱ་སྟེ། །གསང་ནི་ཁལ་ཕྱེད་བཏགས་པ་ལ། །ཇི་ལྟར་འདོད་པའི་ཟས་བྱ་སྟེ། །དཀོར་ཆ་སྤྱན་གཟིགས་ཡང་དག་ལྡན། །དེ་ནི་ཕྱི་རྒྱུད་ཤན་ཏིང་ངོ་། །དེ་ཡི་འཇིག་རྟེན་ཤས་བསྐོར་ཏེ། །དམར་གཏོར་དམ་རྫས་ལྡན་པ་ནི། ཁྲན་ཏིང་གསང་བའི་ཆོ་གའོ། །བསྙེན་པའི་ས་ནི་དབེན་པ་མྲ །གྲུ་བཞི་སྤོས་ཆུ་མཎྜལ་ལ། །ཟངས་ཀྱིས་སྟེང་དུ་གང་བར་བྱ། །ལས་དང་ཕན་ཡོན་གོང་མ་བཞིན། །བསྔོས་ནས་སྦྲ་བཤུས་དེ་བཞིན་གཞག །ཕྱི་རྒྱུད་མཐུན་ཏེ་དཀར་པོས་གོས། །གསང་བར་མཐུན་ཏེ་གཉིས་ཀ་འདྲ། །འདི་བརྩམས་བསམ་པ་མ་གྲུབ་ན། །འཇིག་རྟེན་དབང་ཅན་ཕུང་བར་འགྱུར། །ལས་རྣམས་ཀུན་གྱི་བརྣབ་པ་སྟེ། །ཆོ་ག་རྫོགས་ལུང་ཆེན་པོ་འདི། །གང་གིས་རྟོཊ་པའི་དངོས་གྲུབ་སྟེ། །ངས་གསུངས་པ་ལ་གདོན་མི་ཟ། །དེ་སྐད་ཅེས་ནི་བཀའ་བསྩལ་པ། །འཇིག་རྟེན་དབང་ཅན་རབ་ཏུ་དགའ། །ལྷ་རྣམས་ཐམས་ཅད་མཐུ་བསྐྱེད་ནས། །སེམས་ཅན་ཀུན་ལ་ཕན་པར་བསྒྲུབས། །དམ་ཚིག་མཐའ་ལ་དེ་བཞིན་གནས། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ཕོ་མདོས་ཀྱི་ལེའུ་གཉིས་པ་སྟེ། བཅུ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དགུག་དང་འདྲེན་པའི་ལ་།་རྣམས་ནི། །ཕོ་ཉའི་ལས་རྣམས་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲིད་གསུམ་འདུལ་བའི་ཕོ་ཉ་ནི། །བདག་ཉིད་མན་ངག་སེམས་ལྡན་ཏེ། །སེམས་ཀྱི་དཀྱིལ་ནས་བསྐུལ་བ་ནི། །ཧུ༷་དཔལ་གྱི་ཕོ་ཉ་བཀའ་སྡོད་མ། ཁྱུང་གི་ཁྲ་ཆེན་ལྡིང་བ་ལས། །ལྕགས་ཀྱི་མི་མོ་འབར་མ་ཞོན། །མགོ་གསུམ་མ་ལ་ཕྱག་དྲུག་མ། །གཡས་པ་རྡོ་རྗེ་ཁ་ཊ༷་ཀ །བར་མས་སྨུ་གྲི་སྲིད་གསུམ་སྒྲོལ། །ཐ་མ་དྲིལ་ཞགས་མུ་སྟེགས་འཆིང་། །གཡོན་པ་བསྟོ་རཀྟ་འབར། །བར་མ་འཁོར་ལོ་བསྐལ་པའི་མེ། །ཐ་མ་ལྕགས་ཀྱུ་འབར་བ་འཕྲོ། །གནས་ནི་དུར་ཁྲོད་དཀྱིལ་དུ་བཅས། །བཀུག་ནི་ཐུགས་ཀྱི་དཀྱིལ་དུ་བཀུག །བཏོན་ནི་ལྕགས་ཀྱི་རྩེ་ལ་བཏོན། །དབང་ནི་སྲིད་པ་གསུམ་ལ་བྱེད། །ཟ་ནི་སྐྱེ་འགྲོ་ཡོངས་ལ་ཟ། །ཉུལ་ནི་གླིང་གཞི་ཁྱབ་པར་ཉུལ། །བང་ནི་གློག་པས་ངེས་པར་མགྱོགས། །སྦད་ནི་དངོས་པོ་ ཅི ་ལ་སྦད། །རྐྱལ་ ་ཆེན་པོས་བ ད་དཔུང་འཇོམས ཚ་ངམ་ཆེན་པོས་བ ས་རི ས་་ལ ང་རྒྱལ་ཆེན་པོས་མུ་ ས་འ ལ ་ ལ་ཆེན་པོས་རི་རབ་བ ལ ཁྱོད་ནི་སྲིད་ སུམ་སྒྲོལ་བྱེད་པས། །ཆེད་དགའ་དྲག་ཏུ་བསྐུལ་བའི་ཚེ། །གང་ལ་བྱ་བ་འགུགས་པར་བྱེད། །དེ་ཡི་ཕོ་ཉ་བཀའ་སྡོད་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །ཕྱག་དྲུག་ཟུར་མིག་གཅིག་ལ་བལྟ། །མགོ་ལ་ཚིལ་གྱི་ཡིབ་ཞུ་གོན། །མཚོན་ནི་སྤྲིན་དཀར་གོ་གཅིག་ཅན། །ཕྱག་གཉིས་པད་མའི་སྡོང་བཟུང་ཞིང་། །མཚན་ནི་འཇིག་རྟེན་དབང་སྡུད་མ། །གཡས་ན་ཞིང་གི་རྒྱུ་ཞགས་འཕེན། །བདུད་དང་མུ་སྟེགས་འཆི་བྱེད་མ། །མཚན་ནི་སྦྲུལ་ཆེན་ཞགས་པ་ཅན། །གཡོན་གྱི་དང་པོས་བསྣམས་པ་ནི། །བནྟྲ་རློན་པའི་ཕོར་བུ་སྲ །ཞིང་ཁྲག་རློན་པས་བཀང་ནས་སུ། །རྣམ་ལྔ་བདུད་རྩི་བསྲེས་ནས་ཐོར། །བསྒྲུབ་པ་པོ་ལ་དངོས་གྲུབ་འབེབས། ། མཚན་ནི་བདུད་རྩི་ལོངས་སྤྱོད་མ། །གཡས་ཀྱི་ཐ་མར་བསྣམས་པ་ནི། །ཞིང་གི་རུས་པའི་ཕུར་བུ་འགྲིལ། །དགྲ་བགེགས་གནན་པའི་ལས་ལ་བརྩོན། །མཚན་ནི་གསང་བའི་མཆོག་ཕུར་ཅན། །གཡོན་གྱི་ཐ་མར་བསྣམས་པ་ནི། །ཟངས་དང་ལྕགས་ཀྱི་དྲིལ་ཞགས་ལུ། །མི་སྙིང་བརྒྱུས་པའི་ཞགས་པ་ཡིས། །སྲིད་པ་གསུམ་ཆར་འཆིང་མཛད་མ། །མཚན་ནི་གསེར་གྱི་དྲིལ་ཞགས་ཅན། །སྤྲུལ་པའི་ཕྱག་བརྙན་རྡེབས་པ་ནི། །ཞིང་ལྤགས་རློན་པའི་གཡང་གཞི་ཡིས། ཁམས་གསུམ་རྡུལ་ཕྲན་བཞིན་དུ་རློག །མཚན་ནི་གཡང་གཞིའི་རུ་མཚོན་ཅན། །སྐུ་ལ་ཞིང་ལྤགས་རློན་པ་གསོལ། །སྟོང་ཁམས་ཐམས་ཅད་མྱོས་མཛད་མ། །མཚན་ནི་ཞིང་གི་ན་བཟའ་ཅན། ཁ་་་ནས་མི་ཁྲག་རློན་པ་འཐོར། །སྟོང་གསུམ་ཐམས་ཅད་སྲེག་མཛད་མ། །མཚན་ནི་ཁ་ནས་མེ་འབར་མ། །སྐུ་ལ་ནིར་མགོ་སེ་རལ་ཁ། །སྐྱེ་འགྲོ་ཐམས་ཅད་སྐྱོང་མཛད་མ། །མཛད་ནི་མེ་ཏོག་ཆུན་འཕྱངས་ཅན། །འབར་གཏུམ་ཆེན་མོ་ཁྲོ་མོ་འདུལ། ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད། །བཀའ་ཡི་ཕོ་ཉ་མགྱོགས་མ་སྟེ། །ང་རྒྱལ་ཅན་རྣམས་དབང་དུ་སྡུད། །གང་ལ་བྱ་བ་རྡུལ་དུ་རློགས། །འདི་གཉིས་ཕོ་ཉའི་གཙོ་མོ་སྟེ། །བཅོལ་བའི་ལས་རྣམས་གྲུབ་པར་བྱེད། །ངས་གསུངས་པ་ལ་ཐེ་ཚོམ་མེད། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ཕོ་ཉའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉེན་པོ་འཇིག་བྱེད་ཅིང་། །ལུ་གུ་བརྒྱུད་ལ་འགལ་བྱེད་དེ། །སེམས་ཅན་ཀུན་ལ་གནོད་བགྱིད་པར། །རྟག་ཏུ་གདུག་པའི་སེམས་འགྱུར་བའི། །ནན་ཏུར་ལས་རྣམས་ཇི་ལྟར་འཚལ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། །རྟག་ཏུ་གདུག་པའི་སེམས་འགྱུར་ཏེ། །སེམས་ཅན་རྣམས་ལ་གནོད་པ་ལ། །ནན་ཏུར་ལུས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གནོད་འདུལ་ཡང་དག་པ། །ཇི་ལྟར་ཡིད་འཐད་གནས་སུ་ནི། །དཀྱིལ་འཁོར་མཚན་དང་ལྡན་པར་བྱ། །དབང་གི་དཀྱིལ་འཁོར་ཁ་སྤྲོད་ལ། །དབུས་སུ་ཀུན་ཏུ་བཟང་མོའི་ཁ། །མཛུབ་གང་པོ་ལ་དྲག་པོར་བྲི། །ཟེ་བ་སོར་བཞི་ཆ་སྙོམས་ལ། །དགུག་དང་སྤོར་འཕང་སྔགས་ཀྱིས་བརྒྱན། །དབང་གིས་དཀྱིལ་འཁོར་ཁ་རན་ལ། །གནན་དང་སྤར་བའི་སྔགས་ཀྱིས་བསྐོར། །དེ་ནས་ཁ་རན་གྲུ་བཞི་ལ། །སོར་ལྔ་པ་ཡི་ཚུལ་དུ་བྱ། །རྡོ་རྗེ་པཟློ་སྤེལ་མ་བྲི། །དེ་ནས་མཎྜལ་རྒྱས་པ་ལ། །འོད་ཕུང་ཐོད་པའི་ཕྲེང་བས་བརྒྱན། །སྒོ་བཞི་མདའ་བཞིས་བརྒྱན་པར་བྱ། །དེ་ནས་རྗེས་ཀྱིས་ངོ་བོ་ནི། །རྒྱུ་ཡི་གཙོ་བོ་དགུ་བསོགས་ཏེ། །གྲུབ་པའི་རྣལ་འབྱོར་དགུ་སྦས་པ། །གཉིས་ལ་ཆགས་འཛིན་སྐྲུན་གཉིས་བྲི། །བདུན་ལ་མ་བདུན་བསྔགས་བྲིས་ཏེ། །དྲག་པོའི་ཁ་རན་འཁོར་བར་བཞག །དབང་དང་དྲག་པོར་ལྡན་པ་ཡི། །ལྕགས་ཟངས་ ཤིང་བུ་ གང་ཡང་རུང་། ་།སོར་བརྒྱད་པ་ཡི་ཚུལ་དུ་བྱ། །དབང་དྲག་ཕུར་བུ་དགུ་པོ་ལ། །མགོ་ལ་མགོ་འགྲོ་ལྔ་བསམས་པ། །ངོས་ལ་རྣལ་འབྱོར་བཅུ་བཞི་བསྒོམ། །སྐྱེས་པར་ཆགས་འཛིན་ལ་སོགས་བསམ། །རྩེ་མོར་ མ་བདུན་བསྒོམ་ནས་སུ། །དམིགས་པའི་དངོས་པོ་གང་ཡང་རུང་། །དཀར་ནག་དཀྱིལ་དུ་བརྒྱབ་ནས་སུ། །དགེ་སྡིག་ལས་ཀྱི་མཚམས་བྱེད་ནས། །དྭངས་མའི་དངོས་པོ་ཐམས་ཅད་ཀུན། །རྔུབས་ནས་མ་མོས་ཟོས་བསམས་ན། །དེ་ལྟར་བརྒྱབ་ན་ལྷ་ཡང་འཆི། །དང་པོར་བདག་ཉིད་བསྒོམས་བྱ་ལ། །ཕྲ་མེན་རྒྱ་མཚོ་ཉིད་ཀྱི་སྐུ། །དབང་དྲག་སྐུ་མདོག་ཆེན་མོ་ལ། །དབུ་གཅིག་ཞལ་ལྔ་འཇིགས་པའི་སྐུ། །དབུ་ལ་མཁའ་འགྲོ་ལྔ་བསྒོམས་ཤིང་། །མཆེ་བ་ཅན་ལ་གཙིགས་ཤིང་བཞད། །མ་མོ་ཐམས་ཅད་དབྱིངས་ནས་འགྱེད། །ཕྱག་ན་དབང་དྲག་ཕུར་བུ་འདྲིལ། །འདྲེན་དང་གནན་དང་སྤར་བ་ཡི། །སྔགས་རྣམས་དྲག་ཏུ་བཟླས་ནས་ནི། །རྣལ་འབྱོར་མ་རྣམས་སྦད་ནས་སུ། །གང་ལ་བྱ་བའི་དངོས་པོ་དེ། །དབང་དྲག་དཀྱིལ་དུ་བཟུང་ནས་སུ། །རྣམ་ཤེས་དབྱིངས་སུ་བསྟབས་པ་དང་། །དགེ་སྡིག་ལས་རྣམས་སྦྱངས་པ་དང་། །ལྷུ་གཟུགས་ཕྲལ་ཏེ་ཟོས་བསམས་ན། །རྡོ་རྗེ་བྲག་ཀྱང་འཇིག་པར་འགྱུར། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཅེས་བཀའ་བསྩལ་པ་དང་། དེ་ནས་རིགས་ལྔའི་གཙོ་བོ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། གར་གྱི་བརྡ་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །དབང་དྲག་དཀྱིལ་འཁོར་བྱིན་རླབས་དང་། །དབང་དྲག་ཕུར་བུའི་ཆོ་འཕྲུལ་གྱིས། །འདྲེན་གནོན་སྤོར་འཕངས་སྔགས་ཀྱི་མཐུ། །མགོན་པོ་ཆེན་པོས་བསྟན་དུ་གསོལ། །དེ་སྐད་རྡོ་རྗེ་སེམས་དཔས་གསོལ་པ་གསན་ནས་ཀྱང་། ཅི་ཡང་མི་གསུངས་པར་དབང་དྲག་གི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་བཞིན་དུ། བཛྲ་སྙོ་དྷི་ཛ་ལ་མ་དྷ་ལ། བ་ག་རུ་་། བ་ཀྟ་ཐ་ཏྲ། ཧྲོ་སྟ༷་བ༷་ཀི་ལ་ཡ། ཛ་ཧུ༷་ནན། སྤ་ར་ན་ཡན། ཙིསྟ་སུ་ཀ །ཞེས་གསུངས་པས། ཁམས་གསུམ་ཐམས་ཅད་གྲུ་གསུམ་གདེངས་པའི་དཀྱིལ་འཁོར། གཏིང་དཔག་མེད་པའི་གཞལ་ཡས་ཁང་དབང་དྲག་གི་དཀྱིལ་འཁོར་དུ་གྱུར་ནས། དབང་དྲག་གི་ཕུར་བུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བརྒྱབ་པའི་སྟེང་ནས་ཆར་དུ་ཕབ་པས། དབང་དྲག་གདེངས་པའི་གཏིང་ཁུང་དུ། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རིགས་ལྔའི་སངས་རྒྱས་དང་། ལྷ་གནོད་འདུལ་ནི་ཁས་བུབ་ཏུ་བརྒྱལ། དབང་དྲག་གི་དཀྱིལ་འཁོར་གྱི་གདེངས་ཀར་སྲིད་པའི་དམ་ཅན་མང་པོ་ནི་གན་རྐྱལ་དུ་བརྒྱལ་ཏེ། སྙིང་དཀར་ནག་གི་མཚམས་སུ་ཕུར་པ་ཕོག་སྟེ། དགེ་སྡིག་གི་ཤ་མདངས་ཕྱེ་ནས། སེམས་ཀྱིས་སེམས་སུ་བྱིན་གྱིས་བརླབས་སོ། །དེ་ནས་ཐམས་ཅད་བརྒྱལ་བ་སངས་པ་དང་། །འདི་སྐད་ཅེས་གླུ་བླངས་སོ། །དབང་དྲག་དཀྱིལ་འཁོར་་་་ཡུམ་གྱི་མཁའ། །མཁའ་ཡི་དཀྱིལ་འཁོར་བདེ་གཤེགས་ནས། །གཏིང་དཔག་མེད་པའི་གཡས་ཡས་སུ། །དབྱིངས་ནས་དབང་དྲག་ཕུར་བུ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །རང་རྒྱུད་སྙིང་ནས་དྲངས་ནས་སུ། ། དབང་དྲག་མཁའ་ལ་བཞག་ནས་ཀྱང་། །སླན་ཆད་གསང་བའི་དབྱིངས་སུ་སྦྱོར། །གུ་རྒྱ་ག་ས་མ་ཡ་སྟམ། །ལྷ་མ་ལྷ་མ་མ་ཧྭ་ཙི་ཏ་ཏོ། །ཞེས་གསུངས་པ་དང་། སྔར་བརྒྱལ་བ་ཐམས་ཅད་དྲན་པ་སླར་རྙེད་ནས།དབང་དྲག་གི་དཀྱིལ་འཁོར་ན་སྙིང་འདར་ཡེད་ཡེད་བྱེད་པ་རང་རང་གི་ཚོར་རོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པས་གསོལ་པ། དཀྱིལ་འཁོར་ཆེན་པོ་ཨ་ལ་ལ། །དབང་དྲག་དཀྱིལ་འཁོར་བདེ་བའི་མཆོག །གསང་་་་་སྔགས་ཆེན་པོ་ཨ་ལ་ལ། །འདྲེན་གནོད་སྤོར་འཕང་ཆོ་འཕྲུལ་ཆེ། །མཚོན་ཆ་ཆེན་པོ་ཨ་ལ་ལ། །དབང་དྲག་ཆེན་པོ་དགེ་སྡིག་སྦྱོང་། ཁྲག་འཐུང་ཆེན་པོ་ཨ་ལ་ལ། །བླ་མེད་ཁྲག་འཐུང་རྗེ་བཙན་མཆོག །མཁའ་འགྲོ་ཆེན་པོ་ཨ་ལ་ལ། །ཡེ་ཤེས་མཁའ་འགྲོ་སྤྲུལ་པའི་མཆོག །ཅེས་གླུ་བླངས་སོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། རྫུ་འཕྲུལ་ཐམས་ཅད་ཀྱི་མཆོག །མུ་སྟེགས་ཐམས་ཅད་ཀྱི་གཉེན་པོ་ནི་བདག་ཡིན་པས། བདག་གི་མིང་ཡང་རྡོ་རྗེ་སེམས་དཔར་བཏགས་པ་ཡིན་ན། འདི་བླ་མེད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དབང་དྲག་གི་དཀྱིལ་འཁོར་ཆེན་པོ་ཡིས། བདག་དང་བརྒྱལ་བར་འགྱུར་ན། མི་མཐུན་པ་གཞན་ལྟ་སྨོས་ཀྱང་ནི་ཅི་འཚལ། དབང་དྲག་གི་དཀྱིལ་འཁོར་ཆེན་པོ་འདི། དུས་གསུམ་དུ་མི་འགྱུར་བར་བསྟན་པ་ཉིད་དུ་བགྱིད། གསང་བ་མཆོག་ཀྱང་དེ་བཞིན་འཛིན། །ཞེས་གསོལ་བ་དང་། དེ་ནས་དབང་དྲག་གི་དཀྱིལ་འཁོར་ཆེན་པོ་ཡིས། མུ་སྟེག་ཀ་ལ་ཆེན་པོ་ཡང་གཏན་དུ་ནོན་པར་གྱུར་ཏོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། བསྒྲུབ་པའི་བར་ཆད་བྱེད་པ་དང་། རྣལ་འབྱོར་པའི་དགྲ་བགེག་གནན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཅན་འདི་རྣམས་ཀུན། །སྲོག་གིས་བསྐངས་ན་ཇི་ལྟར་བསྐང་། །མདངས་ཀྱིས་བསྐངས་ན་ཇི་ལྟར་བསྐང་། །རྒྱུ་ཡི་བསྐངས་གསོ་ཇི་ལྟར་ལགས། །ཉག་གཅིག་འབུལ་གྱིས། །བདག་གི་ལས་བཅོལ་འགྲུབ་པར་མཛོད། །བྱང་གི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དབུགས་ལ་མངའ་མཛད་མ། །འདི་ཡི་དབུགས་ཀྱིས་བསྐངས་བྱས་ནས། །མཐུན་པའི་རྫས་ཆེན་ད་འབུལ་གྱིས། །བདག་གི་ལས་བཅོལ་འགྲུབ་པར་མཛོད། །ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །འདི་ཡི་བཀྲག་གིས་བསྐངས་བྱས་ན། །མཐུན་པའི་རྫས་ཆེན་འདི་འབུལ་གྱིས། །བཅོལ་བའི་ལས་རྣམས་འགྲུབ་པར་མརྫོད། །སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་སྟེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་དང་ཞལ་གྱིས་སྟོང་ཁམས་ཁེངས། །རིན་ཆེན་རལ་པས་སྣ་ཚོགས་གསལ། ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ། །ཕུད་ཀྱི་བདག་མོའི་ཐུགས་དམ་བསྐང་། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་དང་། །གཉིས་སུ་མེད་པར་ཚོགས་ཀྱི་བདག །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དཔག་བསམ་ཤིང་གི་ཡལ་ག་ལ། །དཀར་མོ་གཡག་ཐོད་རལ་གཅིག་མ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས། །མི་ཁྲག་བཤུལ་བའི་དྲི་སྣོམ་པ། །རལ་པའི་ཟར་བུ་གཅིག་ཏུ་འཁྱིལ། །སྲིད་པ་ས་གཞི་ཁེབས་མཛད་མ། །ལག་གཡས་ལྕགས་ཟངས་དྲིལ་ཞགས་ལ། །སྙིང་གི་ཞགས་པ་བསྡོག་ཅིང་འཕེན། །གཡོན་ན་བནྟྲ་ཁྲག་འཛག་མ། །ལྷ་ཆེན་བརྒྱད་ཀྱི་མགོ་གཅད་ནས། །ཉི་ཟླ་སྟོང་གིས་སྐུ་ལ་བརྒྱན། །སྣང་སྲིད་སྙིང་གི་བདག་མོ་སྟེ། །འདི་ཡི་སྙིང་གིས་སྙིང་བྱས་ན། །མཐུན་པའི་རྫས་ཆེན་འདི་འབུལ་གྱིས། །ང་ཡིས་ལས་བཅོལ་གྲུབ་པར་མཛོདཆེ་ཞེ་དཀར་མོ་ཉི་མའི་མདངས། །དཀར་མོ་རལ་གཅིག་ཐུགས་དམ་བསྐང་། །ཆེ་ཞེ་ཉི་མ་ཁྲོས་པའི་དབང་མོ་ཆེ། ཁམས་གསུམ་ཐམས་ཅད་གསོས་མཛད་མ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཆེ་ཞེ་དཀར་མོ་ཉི་མའི་མདངས། །དཀར་མོ་རལ་གཅིག་ཐུགས་དམ་བསྐང་། །ཆེ་ཞེ་ཉི་མ་ཁྲོ་ས་པའི་དབང་མོ་་ཆེ། ཁམས་གསུམ་ཐམས་ཅད་གསོ་ས་མཛད་མ། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །ཆེ་ཞེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། ཁམས་གསུམ་ཐམས་ཅད་གསང་བར་སྦྱོར། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྲིད་པོ་བདེ་བོའི་ཁྲོས་པའི་དབང་མོ་ཆེ། །ཆེ་ཞེ་དམར་མོ་རལ་གཅིག་མ། ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །མཐུན་པའི་རྫས་ཆེན་འདི་ཕུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་མཛོད། །སྣང་སྲིད་ཀུན་གྱི་བརྒྱན་མཛད་མ། །བརྒྱན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །བདག་ཉིད་ཆེན་མོའི་ཐུགས་དམ་བསྐང་། །མཚན་ནི་དབྱིངས་ཕྱུག་ཆེན་པོ་སྟེ། །ལག་ན་མི་མགོའི་ཕོར་པ་ཐོགས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །མཚན་ནི་གཅིག་པུ་ཆེན་མོ་ལ། །ལག་ནི་ཞིང་གི་ཕོར་པ་ཐོགས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་།།ཐུགས་ཀྱི་དགེས་སྡེ་ཆེན་མོ་བཞི། །བསྒྲུབ་པ་པོ་ལ་རྟགས་འབྱིན་མ། །རྟག་ཏུ་དབང་ཕྱུག་ཆེན་པོ་འགྲོགས་མརྫོད་ཅིག །སྲིང་ཅིག་ཤར་གྱི་མངའ་བདག་མོ། །དཀར་མོ་མིག་གཅིག་རལ་པ་ཅན། །འཁོར་ནི་དཀར་མོ་འབུམ་སྡེར་བཅས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྲིད་པ་ལྷོ་ཡི་བདག་མོ་སྟེ། །ནག་མོ་ཆེན་མོ་མཆེ་བ་ཅན། །འཁོར་ནི་ནག་མོ་འབུམ་སྡེར་བཅས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྲིད་པ་ནུབ་ཀྱི་བདག་མོ་སྟེ། །དམར་མོ་དབང་གི་རྒྱལ་མོ་ལ། །འཁོར་ནི་དམར་མོ་འབུམ་སྡེར་བཅས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །བྱང་ཕྱོགས་སེར་མོ་འབུམ་སྡེར་བཅས། །ཐུགས་དམ་གཉེན་པོ་བདག་བསྐོང་གིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །སྲིད་པ་ཀུན་གྱི་ཁྱབ་བདག་མོ། །ཧེ་རུ་ཀ་སྣའི་ཐུགས་དམ་བསྐང་། །སྲིད་པ་ཆགས་བྱེད་ཐུགས་དམ་བསྐང་། །ཤང་ཏིང་དཀར་མོའི་ཐུགས་དམ་བསྐང་། །དུན་ཏིང་ནག་མོའི་ཐུགས་དམ་བསྐང་། །ཧར་ཏིང་དམར་མོའི་ཐུགས་དམ་བསྐང་། །གྲུབ་ཏིང་སེར་མོའི་ཐུགས་དམ་བསྐང་། །སྲིད་པའི་གྲུ་འདེགས་ཆེན་མོ་ཡིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དཀར་མོ་མཆེ་གཙིགས་མིག་གཅིག་མ། །ནག་མོ་ཆེན་མོ་ཁ་རླན་མ། །དམར་མོ་ཆེན་མོ་ཆུ་འཇིབ་མ། །སེར་མོ་ཆེན་མོ་རྐང་ལྡག་མ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཐུགས་དམ་གཉན་པོ་བདག་བསྐོང་གིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཨེ་ཀ་ཛུ་ཏི་དཔལ་གྱི་ཡུམ། །ལྕགས་ཀྱི་སྭ་ལ་ཟངས་ཀྱི་སྐྲ། །སྣ་ཚོགས་ཞལ་དུ་ཞིང་གསོལ་ཞིང་། །ཐུགས་དམ་གཉེན་པོར་བདག་བསྐོང་གིས། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །སྲིད་པའི་མ་མོའི་ཐུགས་དམ་བསྐོང་། །སྲིན་མོ་ཆེན་མོའི་ཐུགས་དམ་བསྐོང་། །སྲིང་བཞིའི་ཐུགས་ དམ་གཉེན་པོ་བསྐང་། །སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི། །ཐུགས་དམ་གཉེན་པོ་བདག་བསྐོང་གིས། །སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །མ་མོར་གྲགས་པ་ཐམས་ཅད་ཀྱི། །ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིག །ནང་གི་དམ་རྫས་དང་ལྡན་པས། །ཤེལ་གྱིང་དཀར་སྨུག་གང་ཡང་རུང་། །མཁའ་ལྡིང་ལ་སོགས་པ་ཡིས་བསྐང་། །འབྱུང་ལྔས་ཡེ་ཤེས་ཁ་འགྲོ་བསྐང་། །ཤ་ཁྲག་བཅས་པ་ཐམས་ཅད་ཀྱིས། །འཁོར་གྱི་མ་ མོ་ཐུགས་དམ་བསྐང་། །དེ་ལྟར་བསྐང་པས་དམ་ཅན་མཉེས། །རྣལ་འེབྱོར་བསམ་པ་ཡིད་བཞིན་འགྲུབ། །དེ་སྐད་དཔའ་བོ་ཡང་དག་བཤད། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། སྲོག་མདང་རྒྱུ་བསྐང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །རྡོ་རྗེ་རྒྱལ་པོས་བཀའ་བསྩལ་པའི། །རྒྱུད་ལུང་ཆེན་པོ་འདི་དག་ལ། །སྐྱེ་བོ་གང་ཞིག་ཡིད་རངས་ཏེ། །མོས་པའི་དངོས་གྲུབ་ཇི་ལྟར་འབྱུང་། །གང་ཞིག་འདི་ལ་མི་དད་པའི། །སྐུར་པ་འདེབས་པའི་སྐྱེ་བོ་ལ། །རྣམ་པར་སྨིན་པ་ཇི་ལྟར་འབྱུང་། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡང་དག །ངས་གསུངས་པ་ཡི་ལུང་འདི་ལ། །སྐྱེ་བོ་གང་ཞིག་བརྩོན་འགྲུས་པའི། །ལུས་འདི་ཉིད་ཀྱིས་སྲིད་པའི་རྗེ། །ཚེ་འདི་ཉིད་ལ་དགོངས་པ་རྫོགས། །རྒྱལ་པོ་བཞིན་དུ་ཆེ་བར་ངེས།། ངས་གསུངས་པ་ཡི་ལུང་འདི་ལ། །རྣལ་འབྱོར་གང་ཞིག་དད་མོས་པ། །སྲིད་གསུམ་དབང་ཆེན་ཐམས་ཅད་ཀྱི། །ཤེས་རབ་མིག་གིས་བལྟས་པའི་ཚེ། །སྲིད་གསུམ་དཀྱིལ་འཁོར་རྫོགས་པ་མཐོང་ དེ་ལ་རིམ་གྲོ་མཆོད་པ་བྱེད། །བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན། །ངས་གསུངས་པ་ཡི་རྒྱུད་ལུང་ལ། །གང་ཞིག་སྐུར་པ་འདེབས་པ་དེ། །དམ་སྲི་དབང་པོར་ངེས་པར་སྐྱེ། །དམ་ཅན་ཀུན་གྱིས་སྡིག་མཐོང་ནས། །ཚེ་འདི་ཉིད་ལ་སྙོ་འབོག་ཅིང་། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་བསྒྲིབས་པ་ཡུན་རིང་འགྲོ། །ངས་གསུངས་པ་ཡི་ལུང་འདི་ལ། །དོན་མེད་ཕྱལ་པ་སྒྲོགས་པ་དེ། །དམྱལ་བའི་རྡོ་རྗེར་ལྷུང་ནས་ཀྱང་། །ཐར་པའི་དུས་མེད་འོ་དོད་འབོད། །སླན་ཆད་སྡོམ་བྱེད་སྨྲ་བར་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །མི་འདོད་སྤོང་བའི་སེམསཅནདེ། །གཤིནརྗེའིཞགས་པས་བཟུང་ནས་ཀྱང་། །ངེས་དམིགས་ཁྲམ་ལ་