Ngb-pt-0966-vol-10-text
Front
Body
བྱ་སྟེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །མི་འཇིགས་ཟད་མེད་རྟག་པ་ནི། །གདོད་མ་བྱེད་ཅིང་དང་པོ་སྤངས། །ཡོད་ཉིད་དང་ནི་མེད་ཉིད་ཀྱང་། །དབང་པོ་དང་བཅས་དབང་པོ་མེད། །འབྱུང་བ་ཀུན་ཏུ་མ་མཐོང་བ། །སྦྱོར་བའི་ལམ་གྱིས་མཐོང་བ་འོ། །སྦྱོར་བ་རྣམ་པ་གཉིས་གསུངས་ཏེ། །ཕྱི་དང་ནང་དུ་གནས་པ་འོ། །ཕྱི་ནི་གཟུགས་ཀྱི་ཕུང་པོ་སོགས། །འབྱུང་བ་རྣམ་པ་ཀུན་རྫོགས་ཏེ། །སྣ་ཚོགས་གཡོ་དང་མི་གཡོ་བ།ཁམས་གསུམ་དག་ནི་མ་ལུས་པར། །དེ་གཅིག་པོས་ནི་ཁྱབ་པ་སྟེ། །ཐམས་ཅད་རྣམ་ཤེས་ཁོ་ན་འོ། །ཅི་ཕྱིར་སེམས་ཅན་བདག་མེད་རྣམས། །རྣམ་ཤེས་ཕུང་པོ་བརྟེན་པ་ཡིན། །བླུན་སེམས་སྙིགས་མའི་མི་རྣམས་ཀྱིས། །འགའ་ཡང་ཤེས་པ་མ་ཡིན་ནོ། །སེམས་ལས་མ་བྱུང་སེམས་ཀྱི་ངོས། །ཡེ་ཤེས་ཤེས་བྱའི་ངོ་བོ་ཉིད། །ཐམས་ཅད་རྣམ་ཤེས་གཅིག་ཉིད་དོ། །གང་ཚེ་ལུས་ལ་རྐྱེན་ཉིད་འགྱུར། །ཆོས་རྣམས་དང་ནི་ཆོས་གཅིག་འགྱུར། །དངོས་པོ་དག་ནི་དེ་ཚེ་འགྱུར། །ཅི་ཡི་ ཕྱིར་ན་ཆོས་རྣམས་ཀྱི། །མང་པོ་ཉིད་དུ་ཆོས་རྣམས་ཀྱང་། །ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ། །ཐར་པ་དང་ནི་གཅིག་ཁོ་ནས་ཏེ། །མང་པོ་ཉིད་དུ་རྙེད་སྟེ། །ཅི་ལྟར་ནང་དུ་ཆེར་གནས་པ། །བླ་མའི་ཞལ་ཁོ་ནས་ལས་ཐོབ། །བྷ་གའི་པད་མར་ནམ་མཁའ་གང་། །ནམམཁའ་ལྷ་ཡིས་བརྒྱན་པ་སྟེ། །སྙིང་དང་སྙིང་པོ་རྣམ་ལྡན་ཞིང་། །འདབ་མ་བརྒྱད་ཀྱིས་རྣམ་པར་བཀླུབས། །དེ་དབུས་རྡོ་རྗེ་རྣམས་བཞུགས་ཏེ། །བྱང་སེམས་བདུད་རྩི་དང་ལྡན་པ། །ཆ་ཤས་ཆས་མིན་རྣམ་འགྲེལ་བ། །ཐིག་ལེ་དེ་ཡིས་རྣམ་པར་སྤངས། །དེར་གནས་རྟག་ཏུ་ཟག་པ་ནི། །བདུད་རྩི་བྱང་ཆུབ་སེམས་ཀྱི་གཟུགས།ཁམས་གསུམ་ཀུན་གྱི་གཞི་ཡིན་པ། །སྟེང་འོག་ཏུ་ཡང་རྣམ་པར་ཁྱབ། །དེ་ནི་མཐོང་བ་ཐོས་པ་ཡང་། །སྣོམ་པ་དང་ནི་མྱང་བ་དང་། །རེག་དང་བདེ་བའི་འོ།ངས་སྤྱོད་ནི། །ཟས་དང་མེ་ཏོག་ཕྲེང་བ་དང་། །རྒྱན་དང་གོས་ཀྱིས་བརྒྱན་པ་སྟེ། །ངག་གི་སྣ་ཚོགས་གྲགས་པ་ཡང་། །བླང་བ་དང་ནི་གཟུང་བ་རྣམས། །རོལ་དང་ཀུན་ཏུ་འགྲོ་བ་དང་། །འདུག་དང་དེ་བཞིན་ཉལ་བ་དང་། །སད་པ་དང་ནི་འོ་ག་པ་དང་། །ཐམས་ཅད་རྨི་ལམ་མཐོང་བ་དང་། །བཞད་དང་དེ་བཞིན་ཆོ་ངེ་དང་། །ཤིན་ཏུ་ཡིད་འཕྲོག་གར་དང་ནི། །ཎྜ་རྣམས་དག་ཀྱང་བརྡུང་བ་སྟེ། །སྣ་ཚོགས་དག་འདིར་ནི་བརྗོད་པ་དང་། །སྨོན་པ་དང་ནི་མོས་པའི་གཟུགས། །གཏི་མུག་འདོད་ཆགས་དེ་དེ་ཉིད། །གཟུགས་མེད་མང་པོས་གཟུགས་ཅན་ཏེ། །ཕོ་དང་མོ་དང་མ་ནིང་རྣམས། །དུ་མའི་གཟུགས་ཅན་ཀུན་གྱི་བདག །སྣ་ཚོགས་གཟུགས་ནི་ནོར་བུ་བཞིན། ཁྱད་པའི་དངོས་ཀྱི་ ཁྱབ་ནུས་ནི། །དེ་ཉིད་དམ་པ་ཆེར་གནས་སོ། །དེ་བཞིན་ཉིད་དེ་མ་མ་ཞི། །བཟླས་མེད་འཛིན་པ་ཡང་མེད་དེ། །བགྲང་ཕྲེང་བྱ་བ་འགའ་ཡང་མེད། །ཟས་སྤངས་པ་ཡང་མི་བྱ་འོ། །བྷ་གའི་པད་མ་མཆོད་བྱས་ཏེ། །མཁས་པས་བདུད་རྩི་བཟླ་བར་བྱ། །རྡོ་རྗེ་བདུད་རྩི་བདེ་བ་ ཆེ། །དེ་ཡིས་དེ་ཉིད་འགྲུབ་པ་འོ། །གང་དེ་བདུད་རྩི་འབབ་པའི་རྩ། །བྷ་གའི་དབུས་སུ་གནས་པ་སྟེ། །རྩ་གཞན་སུམ་ཅུ་རྩ་གཉིས་ལ། །དེ་ཡི་དབུས་སུ་དེ་གཙོ་སྟེ། །དེ་དག་ལས་གཞན་ཤིན་ཏུ་མཆོག །རྩ་དག་དགུ་ནི་རྣམ་པར་གནས། །སྒོ་དག་ལ་གནས་རིག་པ་དག །སྒྲུབ་པ་པོས་ནི་མཆོད་པར་བྱ། །འདོད་པའི་ཡོན་ཏན་ལྔ་ལྷ་མོ་། །རྟག་ཏུ་རྡོ་རྗེ་ཅན་མཉམ་ལྟ། །དེ་བས་དེ་དག་རབ་དབྱེ་བ། །ཆགས་བྲལ་ཞེས་གསུངས་ཀུན་རིག་པས། །དེ་དག་གསང་ཆེན་མཆོག་རབནི། །ཞལ་བཟང་མ་སྐྱེ་སྦྱོར་བར་བཤད། །སྣ་ཚོགས་རྣམ་སྣང་མཛད་སོགས་པ། །དེ་བཞིན་གཤེགས་པའི་མི་ཤེས་ཏེ། །གཏན་དུ་དགའ་བའི་ཡིད་བདེ་བ། །སྦྱོར་བ་དམ་པ་རབ་བསྟན་ཏོ། །གསང་བའི་པད་མ་མཐོང་ནས་དང་། ཁེན་ཏུ་རྒྱས་པའི་མྱ་མ་ཀི །དེ་ནས་རྡོ་རྗེ་བདུད་རྩི་ཡིས། །བདེ་ཆེན་དེ་ནི་བདག་གིས་བཤད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་ཆེ་བ་ཡིས།།རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས་དེ་བཞིན་ཉིད་སྦྱོར་བ་ཡེ་ཤེས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མགུ་བའི་ལྷ་མོ་དེས། །ཧ་ར་ནུ་ཕུར་གྱིས་བརྒྱན་ཏེ། །འདི་དག་དབང་ནི་བླངས་ནས་སུ། །སེམས་དཔའ་ཆེན་པོ་དགེས་པར་བྱེད། །ཕུར་མཛད་བདེ་ཆེན་རྡོ་རྗེ་ལས། །བདག་གིས་མཆོག་གི་ཡིག་འབྲུ་བཙལ་བར་བྱ། །བྷ་གའི་པད་མར་བདེ་བ་ཆེན་པོ་སྟེ། །རྡོ་རྗེའི་དོན་དེ་བདེ་བ་ཆེན་པོ་ལགས། །ས་འཛིན་པ་དང་སྐར་བྲན་དང་། །དྲུག་ལྡན་ལ་སོགས་མཐའ་འཁོབ་ཚུལ། །སྣ་ཚོགས་ཐུན་མོང་རྣམ་དག་གི །སྙན་པའི་སྒྲ་ཡིས་བླང་བར་བྱ། །དེ་རྣམས་དབྱངས་དག་བླངས་ནས་སུ། །དགའ་བའི་ཡིད་བདེ་རྣམས་སྤྲུལ་གྱིས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱ། །གསལ་བའི་དཀྱིལ་འཁོར་བཀའ་སྩལ་བས། །དེ་བཞིན་ཉིད་ཀྱིས་ཐེ་ཚོམ་བཅད། །རྡོ་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །རྟག་པར་ཡེ་ཤེས་བྱ་བ་བགྱི། །བཅོམ་ལྡན་ཆགས་པ་དང་བྲལ་བའི། །རྡོ་རྗེ་བདུད་རྩི་འབྱུང་བ་འདི། །རྡོ་རྗེ་ཐེག་པ་འབྱུང་བ་ཡི། །སྦྱོར་བ་བདག་གིས་བསྟན་པར་བགྱི། །ད་དུང་བདག་ལ་ཐེ་ཚོམ་མཆིས། །ཕྱག་རྒྱ་གཉིས་ཀྱིས་རྣམ་སྒྲུལ་པ། །ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་། །དེ་དག་གསང་སྔགས་ཇི་ལྟར་ལགས། །སྔགས་རྣམ་གང་ལས་སྐྱེ་བ་ལགས། །ཁྱད་པར་དུ་ནི་ལྷ་རྣམས་དང་། །ལྷ་དེ་རྣམས་ལ་བདག་ནི་ཐེ་ཚོམ་ན། །མདོར་བསྡུས་ནས་ནི་བདག་ལ་གསུངས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་ཅན་འདི་གསུངས། །ཕྱག་རྒྱ་སྔགས་དང་འབྱུང་བ་ནི། །བཤད་དེ་ཉོན་ཅིག་བཱ་མ་ཀི །ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། །སྐུ་དང་གསུང་དང་ཐུགས་ལས་འབྱུང་། །སྐུ་ནི་ཕྱག་རྒྱ་མཆོག་འགྱུར་ཏེ། །གསུང་ནི་ཕྱག་རྒྱ་མཆོག་གི་ལས། །ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ནི། །བསམ་གཏན་རི་མོ་གཉིས་མེད་གནས། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལ། །སྦྱོར་བའི་ཕྱག་རྒྱ་ཞེས་བྱ་སྟེ། །མཚན་མའི་ཕྱག་རྒྱ་མི་བྲི་འོ། །ཕྱག་རྒྱ་མངོན་སུམ་གཟུགས་ཡིན་ཏེ། །ལྷ་ནི་ལྷ་མོ་བུད་མེད་དེ། །དབང་པོ་ཐམས་ཅད་བདེ་བ་སྲ །བྷ་གའི་པད་མར་མཆོད་པར་བྱ། །རྡོ་རྗེ་པད་མ་མཉམ་སྩོར་ཞིང་། །ལས་ཐམས་ཅད་ནི་འགྲུབ་པར་བྱ། །ཅིའི་ཕྱིར་དཔག་བསམ་ཤིང་ཆེན་གྱི། །ཡལ་ག་བརྒྱ་ཕྲག་སྟོང་ཅན་དང་། །རྩ་དང་དེ་ལ་གཟུང་བ་ནི། །སྐྱེ་བའི་རྐྱེན་དུ་འགྱུར་བ་བཞིན། །དེ་ལྟར་བདུད་རྩི་འབབ་པའི་རྩ། །སྔགས་དང་ཕྱག་རྒྱ་ཡུམ་ཡིན་ཏེ། །སྔགས་འདི་རྣམས་ཀྱི་སྐྱེ་བ་ནི། །བྷ་གའི་དབུས་སུ་གནས་པ་འོ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །སྐྱེ་བའི་རྐྱེན་དུ་འགྱུར་བ་བཞིན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །རྡོ་རྗེ་བཅུག་ནས་མུ་མ་ཀི །ཉོན་ཅིག་སྔགས་རྣམས་མཚན་ཉིད་ནི། །དང་པོ་རྣམ་སྣང་མཛད་སྦྱོར་ཏེ། །བཛྲ་ཨ་མྲི་ཏ་མཧྭ་སུ་ཁ། །ས་བོན་བཞི་དང་མཉམ་ལྡན་ལ། །གྲྭ་ཧྭ་ཡི་གེ་ཡང་སྦྱོར་རོ། །རྣམ་པར་སྣང་མཛད་ཡང་འབུལ་ལོ། །ཡི་གེ་གཉིས་དང་བཞི་པ་སྟེ། །བཞི་པ་ཡིས་ནི་མཉམ་ལྡན་པ། །མྱ་མ་ཀི་ཡི་སྙིང་པོའི་མཆོག །བརྒྱད་དག་ཁོ་ནའི་དབུས་སུ་གང་། །བརྒྱད་ལ་བརྒྱད་ཀྱིས་རྣམ་པར་བརྒྱན། །འདབ་བརྒྱད་ལ་ནི་སྦྱར་བྱས་ཏེ། །ལྷ་མོ་སྔགས་ཀྱི་སྔགས་ཕྱུང་ངོ་། །སྒོ་སྲུང་ དག་གི་སྔགས་རྣམས་ནི། །ཉོན་ཅིག་སྐལ་བཟང་མྱ་མ་ཀི། །སྡེ་བའི་༄༅ མཐའ་མ་སྔགས་ཕྱུང་སྟེ། །ས་བོན་བརྒྱད་ནི་སྔགས་དྲགས་པས། །སྟོང་པའི་ལྷ་ཡི་གནོན་བྱས་ཏེ། །རྣམ་པར་སྣང་མཛད་དང་ལྡན་ལ། །གྲྭ་ཧྭ་ཡི་གེ་མཉམ་པར་ལྡན། །དངོས་གྲུབ་ཐམས་ཅད་རབ་སྦྱིན་རྣམས། །བཞི་ནི་སྒོ་བསྲུང་ཀི་ཡིན་ཏེ། །བཞི་ནི་སྤོས་དང་་རྙུ་པེ་སོགས། །མ་ནི་ཡི་གེ་གྲྭ་བཞི་ལ། །སྣ་ཧྭ་རྣམ་པར་སྣང་མཛད་ཡང་། །ལྷ་མོ་གསང་བའི་མུ་མ་ཀི །སྔགས་སོགས་ཀུན་གྱི་མཆོད་པར་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། བཅོམ་ལྡན་འདས་རྡོ་རྗེས་དེ་བསྲུངས་སོ། །དེ་བཞིན་གཤེགས་པཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། སྔགས་ཕྱུང་བའི་བསྟན་པ་ཞེས་བྱ་བའི་ལེའུ་གསུམ་པའོ།། །།དེ་ནས་སྦྱིན་སྲེག་ལས་དག་གིས། །ཆོ་གའི་རིམ་པ་བཤད་པར་བྱ། །སྦྱོར་བའི་རྒྱུད་ཀྱི་ཆོ་ག་ཡིས། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིན། །ཞི་བ་དང་ནི་རྒྱས་པའི་ལས། །དེ་བཞིན་ དབང་དང་མངོན་སྤྱོད་དང་། །འཐབ་དང་བསྐྲད་དང་དེ་བཞིན་དུ། །སྔགས་དང་ ཕྱག་རྒྱའི་ སྒྲུབ་པ་རྣམས། །དེ་ཀུན་བདག་གིས་བཤད་པར་བྱ། །རྡོ་རྗེ་བདུད་རྩི་འབྱུང་བ་འོ། །རྡོ་རྗེ་སེམས་དཔའ་འགྱིང་བྱེད་པ། །སྐུར་བསྟན་བཅས་པ་གཉིས་གནས་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་བྱས་ཏེ། །རྐང་མཉམ་དང་ནི་ས་གཉིས་པ། །ས་ནི་སྦྱང་བར་བྱེད་མ་ཐག །ས་ལ་རེག་ནས་འཇམ་སྐྱེ་བོ། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། ཁམས་གསུམ་རྣམ་པར་རྒྱལ་གྱུར་ནས། །རྐང་གཉིས་གཡས་བརྐྱང་བྱ་བ་དང་། །གཡོན་བརྐྱང་བྱ་བ་སྤངས་བྱ་སྟེ། །རྐང་མཉམ་དང་ནི་ས་ག་ཡིས། །ས་ནི་སྦྱང་བར་བྱེད་མ་ཐག ། ས་ལ་རེག་ནས་འཇམ་ སྐྱེ་འོ། །དེ་ནས་བགེགས་རྣམས་སྲད་ནས་སུ། །གཞན་ཡང་སྤྲུལ་པོ་ལ་སོགས་པ། །གོང་དུ་བླ་མ་ཕྱག་འཚལ་སྟེ། །ཕྱི་ནས་ས་ཡི་ལྷ་མོ་དགུག །ཨོ་ཧེ་་རྒྱ་ལྷ་མོ་ཆེ། །ས་ཡི་བརྟན་མ་འཇིག་རྟེན་ཡང་། །གཞན་ཡང་སྤྲུལ་པོ་ལ་སོགས་པ། །གོང་དུ་བླ་མར་ཕྱག་འཚལ་སྟེ། །ཕྱི་ནས་ས་ཡི་ལྷོ་མོ་དགུག །ཨོ་ཨེ་རྒྱ་ལྷ་མོ་ཆེ། །ས་ཡི་བརྟན་མ་འཇིག་རྟེན་ཡུམ། །རིན་ཆེན་ཐམས་ཅད་རབ་རྫོགས་པའི། །ལྷ་ཡི་རྒྱན་གྱིས་བརྒྱན་བྱེད་མ། །ཧ་རུ་ནུ་ཕུར་སྒྲ་འབྱིན་མ། །རྡོ་རྗེ་སེམས་དཔའ་རབ་ཏུ་མཆོད། །ཡོན་འདི་དག་ནི་བཞེས་ནས་སུ། །སྤྱིན་སྲིག་ལས་ནི་གྲུབ་པར་མཛོད། །ཧྲི་ཧྲི་ཧྲི་ཧྲི་གྲྭ་ཧྭ། བཤང་ལྕི་ཁྲག་དང་ཁུ་བ་ཡིས། ། དཀྱིལ་འཁོར་ས་ལ་གཏོར་བྱ་བ། །བྱིན་རླབས་བྱ་བའི་ཕྱིར་སྤོགས་ནི། །ཤཱ་ཆེན་གྱིས་ནི་དབུལ་བར་བྱ། །དེ་ནས་རིག་མ་འཇུག་བྱས་ཏེ། །གདོལ་པ་མ་དང་སྨེ་ཤ་མ། །གར་མཁན་མོ་དང་བྲམ་ཟེ་མོ། །དེ་ཁོ་ན་བཞིན་རྒྱལ་མ་དང་། །དམངས་རིགས་མོ་དང་རྒྱལ་རིགས་མོ། །དྲི་དང་སྤོས་ཀྱི་མཆོད་བྱས་ཏེ། །ལྷ་ཡི་རྒྱན་གྱིས་བརྒྱན་པར་བྱས། །ཡན་ལག་ལྔ་ལ་ཡི་གེ་ཧྲི། །བྷ་གའི་དབུས་སུ་ཡི་གེ་བྲུམ། སྤྱན་མ་སྒྲོལ་མ་གོས་དཀར་མོ། །ཡིད་དགའ་མ་དག་བསྒོམ་པར་བྱའོ། །བྷ་གའི་དབུས་སུ་སློབ་དཔོན་གྱིས། །མེ་ཏོག་གཏོར་བ་ཁོ་ནར་བྱ། །དེ་ནས་སྔགས་པས་ཧོམ་ཁུང་ནི། །ཚད་མར་ཀུན་ཏུ་བྲི་བྱས་ཏེ། །ཞི་ལ་ཟླུམ་པོར་བྱས་པ་སྟེ། །ཁྲུ་གང་ཙམ་དུ་ཐིག་བཏབ་བོ། ཁྲུ་ཕྱེད་ས་ལ་བརྐོས་ནས་སུ། །དཀར་རྩི་ཚོན་གྱིས་བྱུགས་པ་བྲི། །ཀུན་ཏུ་འཁོར་ལོ་ཚུལ་བསྟན་ཡང་། །གློ་རུ་མཉམ་པོར་བྲི་བ་འོ། །རྒྱས་པ་ཡིས་ན་ཁྲུ་དོ་སྟེ། །དེ་ལ་ཁྲུ་གང་བརྐོ་བར་བྱ། །གྲུ་བཞི་པ་ནི་མཐའ་མཉམ་དུ། །སྨུག་དང་བཙག་གིས་བྲི་བ་འོ། །མངོན་སྤྱོད་ལ་ནི་ཟུར་གསུམ་སྟེ། །སོར་མོ་ཉི་ཤུ་ཡང་བའི་ཚད། །ཉི་ཤུ་ཕྱེད་ནི་བརྐོ་བྱས་ཏེ། །དབུས་སུ་རྡོ་རྗེ་རྒྱ་གྲམ་ཡང་། །འབར་བའི་ཕྲེང་གིས་འཁྲུག་པ་བྲི། །དེ་བཞིན་དབང་དང་དགུག་པ་ལ། །ཟླམ་གམ་ཡང་དག་བྲི་བ་འོ། །ཧོམ་ཁུང་ཡང་དག་སྟོན་པ་ནས། །ཕྱོག་ཀྱི་ཆ་ཡང་སྟོན་པར་བྱ། །བྱང་ཆུབ་མངོན་དུ་ཁ་གྱུར་ཏེ། །སྔགས་པས་ཞི་བ་བརྩམ་པར་བྱརྒྱས་པ་ལ་ནི་ཤར་དུ་ཡང་། །མངོན་སྤྱོད་ལ་ནི་ ལྷོ་ན་སྟེ། །དབང་ནི་ནུབ་ཏུ་ཁོ་ན་བཤད། །འགུག་དང་བསྐྲད་ཀྱང་དེ་བཞིན་ནོ། །མངོན་སྤྱོད་རྟོག་པར་ན་བོས་ཏེ། །མཚན་ལྔ་ཡི་ནི་དབང་རྫོགས་བྱ། །འབྲས་བུ་ཏིལ་དང་འོ་མ་དང་། ། མར་དང་སྦྱང་རྩི་ལྷན་ཅིག་པར། །བདུད་རྩི་ལྷ་དང་ལྡན་པ་ཡིས། །ཞི་བ་རྒྱས་པ་སྤྱིན་སྲེག་བྱ། །བསྲེགས་ཤིང་རྣམས་ཀྱང་ཐམས་ཅད་ལ། །དྲི་ཞིམ་འོ་མ་ཅན་གྱི་ཤིང་། །སྣ་ཚོགས་ཟས་སམ་གཏོར་མ་ཡང་། །འབྱུང་པོ་ཐམས་ཅད་སྦྱིན་པར་བྱ། །གཏོར་མ་གང་ཡང་སྒྲུབ་པ་པོས། །ཁྲག་འཐུང་ཕྱག་རྒྱ་ཆེན་པོས་སྤྱིན། །གང་ཞིག་ཡིད་ཀྱི་འདོད་པ་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་འགྲུབ། །དབྱར་གྱིས་དུས་ན་ཞི་བ་འགྲུབ། །རྒྱས་པ་དེ་བཞིན་དགུན་གྱིས་དུས། །སྤྱིད་ཀ་མངོན་སྤྱོད་ལས་རྣམས་ནི། །སྒྲུབ་པ་པོས་ནི་ཐམས་ཅད་བྱ། །ཟུར་དུ་ཞི་བ་རབ་ཏུ་གསུངས། །རྒྱས་པ་དེ་བཞིན་སྲོད་ལས་ཏེ། །དབང་ལ་ཉིན་ཕྱེད་ནམ་ལངས་ལ། ། བརྟགས་པས་མངོན་སྤྱོད་བྱ་བ་ལ། །ཧོམ་ཁུང་དབུས་སུ་ཡི་དམ་ལྷ། །ཡི་གེ་ཧུ༷་གིས་བསྐྱེད་ནས་སུ། །ཞལ་ནི་གདངས་པ་བསམས་ནས་སུ། །སྤྱིན་སྲེག་དེ་ལ་དབུལ་བར་བྱ། །སྤྱིན་སྲེག་འབུམ་ཕྲག་འབུལ་འགྱུར་ན། །མདུན་དུ་མངོན་སུམ་ཁྲོ་ནས་འཡུར། །དང་པོ་མེ་ནི་འགུག་བྱ་བ། །ལྷ་ཐམས་ཅད་ཀྱིས་མཆོད་པའི་གནས། །འོད་ཟེར་ཕྲེང་འཁྲུག་དྲག་པོའི་ལྷ། །སངས་རྒྱས་བྱང་ཆུབ་འགྲུབ་པ་འོ། །ཨོ་རྒྱ་གྱི།འདིར་གཤེགས་གདོན་མི་ཟ་བ་ཁྱོད། །མེ་ལྷ་མངོན་སུམ་དངོས་གྲུབ་སྤྱིན། །དྲག་པོ་ཁམས་གསུམ་གྱིས་མཆོད་པ། ཁྱབ་འཇུག་ཚངས་པས་ཕྱག་འཆ་ཐབ། །འདི་དག་ཡོན་ཡང་བཞེས་ནས་སུ། །ཞལ་ཡོན་རྫས་ཀྱང་རྡོ་རྗེ་ཅན། །ཨོ་ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། །དང་པོ་ལ་ནི་ཡོན་འབུལ་ཏེ། །ཕྱི་ནས་ལྷ་བཤོས་མེ་ཏོག་འབུལ། །ཨོ། ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ནི། མེ་ཏོགདེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་པར་གསོལ། །ཧུ༷་མེ་ཏོག་གི་སྔགས་སོ། །ཨོ། མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོ་འཇིགས་པ་འཇོམས་ བྱེད་པ། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། །མར་མེ་ཁྱོད་ཀྱིས་བཞེས་སུ་གསོལ། །ཧྲུ༷་མར་མེའི་སྔགས་སོ། །ཨོ། ཙན་དན་ཕུར་དང་བཅས་པ་ཡི། །དྲི་ཞིམ་སྤོས་མེ་དགེ་བ་ནི། །མཐུ་དང་བཅས་པ་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཧྭ༷་སྤོས་ཀྱི་སྔགས་སོ། །ཨོ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་བུར་རྣམ་བརྒྱད་པ། །སྣ་ཚོགས་ཡི་གེ་ཧུ༷་ལས་བྱུང་། །དྲི་འདི་འབུལ་སྟེ་བཞེས་སུ་གསོལ། །ཧཱུཾ་དྲིའི་སྔགས་སོ། །དང་པོར་མཆོད་པ་ཆོ་ག་ནི། །ཐེ་ཚོམ་མིད་པར་མེ་ལྷ་བྱ། །ཕྱེ་ནས་རང་གི་ཡི་དམ་ལྷ། །བཟླས་སྔགས་རིག་པ་བརྗོད་པར་བྱེད། །དབྱངས་དང་གར་དང་ཟས་་་་་་་་ཀྱིས། །རྣམ་པ་དུ་མས་རོལ་བྱས་ཏེ། །རིག་མ་དང་ནི་སྒྲུབ་པ་པོས། །ཚོགས་ལ་མཆོད་པས་མཉེས་པར་བྱ། །གལ་ཏེ་དངོས་གྲུབ་འདོད་པ་ན། །སྐུ་གསུང་ཐུགས་ནི་འགྲུབ་པ་པོ། །བླ་མ་མེ་ལྷ་རྡོ་རྗེ་འཛིན། །མཆོད་པ་བྱས་ནས་རྫོགས་པར་བྱ། །ཨོ་མེ་ལྷ་ལས་ནི་གྲུབ་པར་མཛད། །སེམས་ཅན་ཐམས་ཅད་བདེ་བ་འདྲེན། །སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་དོན། །ལྷ་རྣམས་ལས་ནི་རྗེས་སུ་སྐྱོབས། །མེ་ལྷ་ཞི་བར་གཤེགས་ནས་སུ། །འདི་ལ་བྱིན་གྱིས་བརླབ་པར་གསོལ། །ས་གཞི་ཞི་བར་མཛད་མཛོད་ཅིག །རྒྱུ་དང་མི་རྒྱུ་བཅས་པ་ཡི། །སྒྲུབ་པ་པོ་དང་ཐམས་ཅད་དང་། ། བདག་གི་བསོད་ནམས་འབྲས་འཀྱུར་དང་། །སྔགས་ཀྱི་དངོས་གྲུབ་རབ་སྤྱིན་ཅིག །ཨ་ཨུ། ཨི་ལྐི། ཨུ་སྐྲུ། རེཤཱ། ལི་ལྟོ། ཨེ་ལྒེ། ཨོ་ཨཱོཾ། ཨ༷་ཨུ། ལྐུ་སྭ་ཧྭ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །བཅོམ་ལྡན་རྡོ་རྗེ་དེགསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩིའི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། སྤྱིན་སྲེག་གི་ཆོ་ག་བསྟན་པ་ཞེས་བྱ་བའི་ལེའུ་བཞི་པའོ།། །།སྤྱིན་སྲེག་ཆོ་ག་བཤད་ཟིན་ནས། ཁྱོད་ལ་མིག་སྨན་བཤད་པར་བྱ། །ཚིལ་ཆེན་གྱི་ནི་སྙིང་པོ་ཡི། །བན་དྷ་ལ་ནི་དུད་པ་བླང་། །འུག་པའི་མགོ་ནི་བསྲེགས་ནས་སུ། ཁྲག་ཆེན་དངནི་བསྲེས་པར་བྱ། །མཚན་མོལ་ནིབརྟགས་ནས་སུ། །ཞིབ་མོ་ཁོ་ནར་ཕྱེ་མར་བྱ། །བྱ་རྒོད་རྗེ་ངར་རྐང་ནས་སུ། །མི་ཡི་རུས་པའི་ཐུར་མ་ཡིས། །མིག་ལ་བསྐུས་ནས་གཟུགས་ ཀུན་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱེད། །རྡོ་རྗེ་བདུད་རྩི་ལས་བྱུང་བའི། །མིག་དངོས་གྲུབ་པར་སྦྱར་བ་ནི། །ནག་པོའི་ཚེས་བརྒྱད་བཅུ་བཞི་ལ། །བྷ་གའི་དབུས་སུ་བསྒྲུབ་པར་བྱ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་འགུག་ལས་བྱེད་དོ། །སྣ་ཚོགས་དྲག་པོའི་གདོན་ རྣམས་དང་། །ཞག་བཞི་པ་ཡི་རིམས་དང་དུག །ཐམས་ཅད་མེད་པར་བྱེད་ལྷ་མོ། །དགའ་བ་ཁྱོད་ལ་བདེ་བར་བཤད། །རྒྱལ་པོའི་ཁབ་ནས་ཆེན་པོར་མཆོད། །དགྲ་བོ་རྣམས་དང་ཟད་བྱེད་དོ། །དེ་བཞིན་གཤེགས་ཀྱང་འགག་པར་བྱེད། །མིག་སྨན་ལྡན་པར་བཟླ་བར་བྱ། །ཨོ། འདོད་པའི་གཟུགས་ཅན་མིག་ཡངས་མ། །་ཤང་ལྕི་ཁྲག་ལ་དགའ་བྱེད་མ། །ཞལ་གསུམ་ཕྱག་དྲུག་པའི་ལྷ་མོ། ། དྲག་པོ་གཟུགས་ཅན་མྱ་མ་ཀི །དྷི་ཧི། ཧུ༷་ཧུ༷། ཨོ་ཨུཿཧུ༷་གྲྭ།དང་པོའི་ཞལ་ནི་ནག་པོ་སྟེ། །དེ་ཁོ་ན་བཞིན་གཡས་ནི་དཀར། །གཡོན་ནི་དམར་པོ་དེ་རིག་ནས། །གཡས་ཕྱོགས་རལ་གྲི་འཁོར་ལོ་བཅས། །གཡོན་དུ་ཞགས་པ་དང་ལྕགས་ཀྱུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཡང་། །བྷ་གའི་དབུས་སུ་བསྒོམ་བྱ་སྟེ། །དེ་ལ་མིག་སྨན་བསྒྲུབ་པར་བྱ། །བྷ་ག་གུར་གུམ་གྱིས་བཀང་ནས། །ཕྱི་ལིང་བྷ་གར་བཞུགས་པར་བྱ། །དེ་ལ་བརྗོད་པར་བྱ་ སྔགས་ནི། ཨོ་ཡིག་སྒྲ་ཡིག་ཕྱེ་བ་དང་། །བཛྲ་ཨ་མྲི་ཏ་ཞེས་བརྗོད། །སྒྲ་སྒྲོགས་སྤྲིན་དང་ཕཊ་ཡིག་གོ །བདུད་རྩི་དང་ནི་མཉམ་ལེན་པས། །བྷ་གའི་ དབུས་ནས་འབྱུང་བར་འགྱུར། །དེ་ལ་སྔགས་འབུམ་བཟླས་ནས་སུ། །དེ་ཡིས་ཐིག་ལེ་ཁོ་ནས་བྱ། །བུད་མེད་དཀྱིལ་འཁོར་འཁོལ་འགྱུར་ཏེ། །མདུན་ན་འདོན་བྱས་རྒྱལ་པོ་ཡང་། །སྐྱེས་པ་གང་གི་དེར་བྱས་ནས། །བུད་མེད་ཀུན་ལ་སྐལ་ཅན་འགྱུར། །རྒྱལ་པོ་ཁབ་ཅན་ཆེན་པོར་མཆོད། །དགྲ་བོ་རྣམས་ནི་ཟད་བྱེད་དོ། །དུ་རུ་ཨར་ཀའི་འབྲས་བླངས་ཏེ། །བདུད་རྩི་དང་ནི་བསྲེག་བྱས་ནས། །ཞལ་གསུམ་དྲག་པོའི་གཟུགས་དང་ནི། །གཤིན་རྗེ་གཤེད་ཁྲོ་བཟླས་ནས་སུ། ཁྲ་ཆེན་དང་ནི་ལྡན་བྱས་ཏེ། །ཆང་དང་བསྲེས་ལ་སྤྱིན་པར་བྱ། །རྟག་ཏུ་ མྱོས་ནས་འཁོར་ནས་སུ། །མི་ནི་བསྐམས་ནས་ཤིང་འགྱུར་རོ། །ཨོ་ཧྲི་ཏྲི་བི་ཀྲི་ཏ་ན་ན་སརྦ་ཤ་ཏྲུ༷་་ན་ཤ་ཡ་སྟ༷་བྷ་ཡ་མ་ར་ཡ་ཧུ༷་ཧུ༷་ཕཊ་ཕཊ། སྔགས་པས་གི་ཝང་བླངས་ནས་སུ། །བྷ་ག་ལ་ནི་ཡིག་འབྲུ་བྲི། །ཙན་དན་གྱིས་ནི་མཉམ་བྱུགས་ནས། ཁྱོད་དང་ལྷན་ཅིག་གནས་པར་བྱ། །གནས་མ་ཐག་ནི་བདེ་ཆེན་སྟེ། །འཁོར་གཡོག་བསྔོས་པར་འགྱུར་བར་རོ། །བཤང་གཅིའི་གཟུགས་ བརྙན་བྱས་ནས་སུ། །ཤ་ཆེན་གྱིས་ནི་སྤོས་འབུལ་ཏེ།།ཞག་བདུན་གྱིས་ནི་ཤི་འགྱུར་རོ། །བཤང་གཅི་ཁྲག་དང་བསྲེས་པ་ཡི། ཁྲ་ཆེན་གྱིས་ནི་སྤྱིན་སྲེག་བྱ། །དུར་ཁྲོད་ཀྱི་ནི་བསྲེག་ཤིང་བྱ། ། ཤིང་གཅིག་པ་དང་ལམ་མདོ་ན། །མེ་ཡི་ཧོམ་ཁུང་བྲུས་ནས་སུ། །ཉིན་ཕྱེད་ནམ་ཕྱེད་སྤྱིན་བསྲེག བྱ། ཁྲོ་ཆེན་གཤིན རྗེ གཤེད་པོ་འོ། །སྐུ་ལ་ཐལ་བས་བསྐུས་པས་ནི། །བསྒོམས་ནས་དགྲ་ལ་ཆེར་གནོད་ན། །གདོན་མི་ཟ་བར་ཤི་འགྱུར་རོ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། ལས་ཆེན་པོ་བསྟན་པ་ཞེས་བྱ་བའི་ལེའུ་ལྔ་པའོ།། །།རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་ལས། །དཔལ་ལྡན་རྡོ་རྗེ་ཧུ༷་མཛད་ཀྱིས། །སྒྲུབ་པ་མདོར་བསྡུས་བཤད་པར་བྱ། །དཀྱིལ་འཁོར་ཆོ་གའི་རིམ་པ་ཡང་། ཁམས་གསུམ་རྣམ་རྒྱལ་ལས་བྱུང་ཞིང་། །གྲུ་བཞི་བ་ནི་ཐིག་གདབ་སྟེ། ཁྲུ་གང་ཡང་ན་་་དོ་འོ། །ཟླ་བའི་དཀྱིལ་འཁོར་དང་འདྲ་བ། །འོད་ཟེར་འབར་བ་འ་གས་པ་ལ། །དཔལ་ལྡན་རྡོ་རྗེ་ཧུ༷་མཛད་བཞག །ཞལ་གསུམ་དེ་བཞིན་ཕྱག་དྲུག་སྟེ། །རྒྱན་ཐམས་ཅད་ཀྱིས་ཡོངས་རྫོགས་པ། །ཕྱག་རྒྱ་ཡིས་ནི་ཕྱག་བརྒྱན་པ། །རིག་མ་བཞི་དང་མཉམ་ལྡན་པ། །ཨུ་མའི་སྲ་བའི་ནུ་མར་བཞུགས། །ཅུང་ཟད་མཆེ་བ་གཙིག་པ་པོ། ཁྲོ་དང་ལྡན་པར་བཞག་བྱེད་ཞལ། །གཡས་པ་ལ་ནི་མདའ་བྲིས་ཏེ། །དེ་ཁོ་ན་བཞིན་གཡོན་ན་གཞུ། །ཕྱག་བཞི་པ་ནི་བྲིས་པ་ལ། །ཕྱག་གཉིས་པ་ནི་ནུ་མ་བསྣམ། །རིགས་མ་ཐམས་ཅད་ཞལ་གསུམ་སྟེ། །དེ་བཞིན་སྒོ་བསྲུང་ལྕགས་ཀྱུ་དང་། །དེ་བཞིན་མེ་ཏོག་སྤོས་མེ་མར། །དྲི་ཡང་ཡང་དག་བྲི་བར་བྱ། །སྒེག་མོ་ཕྲེང་བ་དེ་བཞིན་དབྱངས། །གར་མཁན་མ་ཡང་ཕྱག་དྲུག་ཉིད། །དེ་བཞིན་གླིང་བུ་མ་བྲིས་ཏེ། །པི་ཝང་མ་དང་རྔ་ཆེན་མ། །རྫ་རྔ་མ་དང་སིལ་སྙན་ཀུན། །དཀྱིལ་འཁོར་ལ་ནི་བྲི་བ་འོ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །སྐལ་པ་བཟང་པོ་ཡང་བཞག་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །བཟང་པོ་དེ་དག་ཁོ་ན་འོ། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །སྒྲུབ་པ་པོ་ཡང་མདུན་བྲི་བའི། །བགྲང་ཕྲེང་དེ་བཞིན་རྡོ་རྗེ་དང་། །དྲིལ་བུ་འཛིན་པ་བྲི་བར་བྱ། །གཏོར་མ་དང་ནི་མཆོད་རྫས་དང་། །ཆང་སྐྱེམས་རོ་དང་དགའ་སྟོན་མཆོད། །ནག་པོ་བརྒྱད་དང་བཅུ་བཞི་དང་། །དཀྱིལ་འཁོར་ལ་ནི་མཚོན་གདབ་པ། །དབུས་སུ་གྲུ་བཞི་བྲི་བ་འོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔགས་ཡིག་གཅིག་པ་གཙོ་བོ་ནི། །རྡོ་རྗེ་ཧུ༷་མཛད་བསྒྲུབ་པར་བྱ། །ཕྱི་ན་སློབ་དཔོན་ལ་མཆོད་པ། །བདག་གམ་རྒྱལ་སྲིད་དབང་ཉིད་དམ། །བྱན་མོ་བུ་མོ་དེ་བཞིན་དུ། །མ་དང་སྲིང་མོ་དབུལ་བར་བྱ། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡི། །དངོས་གྲུབ་གལ་ཏེ་བདག་འདོད་ན། །ཁམས་གསུམ་རྣམ་རྒྱལ་ལས་བྱུང་ནི། །སྔགསབས་་རྟག་ཏུ་བསྒྲུབ་པར་བྱ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །རྡོ་རྗེ་བདུད་རྩི་ལས་བྱུང་ངོ་། །བདུད་རྩི་ལྔ་དང་མཉམ་ལྡན་པ། །ངན་སོང་ཐམས་ཅད་མེད་བྱེད་པ། །རྡོ་རྗེ་སེ་གོལ་མཉམ་སྦྱོར་བས། །དཔལ་ལྡན་རྡ་རྗེ་ཧུ༷་མཛད་འགྲུབ། །རྣལ་འབྱོར་པ་དང་རྣལ་འབྱོར་མའི། །བྱངས་སེམས་རྣམ་པར་སྤྲུལ་པར་གསུངས། །ལན་གྲངས་དུ་མར་རིག་མ་དང་། །དཀྱིལ་འཁོར་དུ་ནི་རོལ་བར་བྱ། ། བྷ་གའི་དབུས་ལ་མྱོང་བྱས་པ། །གང་དག་དཔའ་བོ་སྔགས་ལ་གནས། །པད་མར་ཁ་ཡིས་འོ་བྱས་ནས། །བདུད་རྩི་ཁུ་བ་ཁོ་ནར་བླང་། །ལག་པ་ཡི་ནི་སོར་མོ་ཡིས། །གནས་དེ་ལས་ནི་ བླང་མི་བྱ། །བླང་བར་གྱུར་ན་འཇིག་འགྱུར་ན། །མཐུ་ཡང་འཇིག་ནས་འབྲས་བུ་མེད། །རི་མ་ཆེན་མོ་ཡང་ཕྱུང་ནས། །རྡོ་རྗེ་ལ་ཡང་འོ་བཏབ་ནས། །དེ་ནི་སངས་རྒྱས་ཉིད་དུ་འགྲུབ། ཁུ་བའི་གཟུགས་ཅན་བདུད་རྩི་ནི། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡིས། རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། རྡོ་ རྗེ་ཧུ༷་མཛད་ཀྱི་སྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་དྲུག་པའོ།། །།དེ་ནས་ལྷ་མོ་མྱ་མ་ཀི །དགའ་བས་རོལ་པ་ཆེར་བཞུགས་པས། །ཐལ་མོ་སྦྱར་ནས་ཕྱག་བྱས་ནས། །དབྱངས་འདི་དག་ནི་ཆེད་དུ་བརྗོད། །དཔའ་བོ་ཆུ་སྐྱེས་སྔོན་པོའི་སྐུ། །དཔའ་བོ་གཞན་གྱིས་ཡོངས་བསྐོར་ཞིང་། །ཕྱག་རྒྱ་མ་ཚོགས་མཉམ་ལྡན་པའི། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །སྟོན་གྱི་ནམ་མཁའ་དང་འདྲ་བ། །ང་རོ་བུང་སྒྲ་སྒྲོགས་པ་ལྟར། །དགའ་བར་ཞུགས་པ་སྐལ་བཟང་པ། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །ཐམས་ཅད་ཐམས་ཅད་གཟུགས་མེད་པ། །ཐམས་ཅད་མཁྱེན་པ་ཐམས་ཅད་མཛས། །ཡང་དག་དབང་པོ་ལམ་གྱིས་ནི། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །མ་ལུས་པ་ཡི་ཁམས་གསུམ་ལས། །རྡོ་རྗེ་བདུད་ རྩི་དཔེ་མེད་པས། །ཉི་ཤུ་རྩ་བཞི་རིགས་ཆེན་མོ། །ཤིན་ཏུ་ཆགས་པས་དགའ་བྱེད་པ། །སེན་མོ་རྗེས་དང་བཅས་པའི་སྐུ། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །ཨུཏུལ་སྔོན་པོའི་འདབ་མ་ལྟ་བུར་ཕྱག་སྔོན་པོ། །སངས་རྒྱས་དེ་བཞིན་གཤེགས་པ་རྡོ་རྗེ་ཁྱོད་ཀྱིས་བདག་ལ་ནི། །ཤིན་ཏུ་དགའ་བའི་རྗེས་སུ་ཆགས་པས་ལོངས་སྤྱོད་ཅིག །ཁམས་གསུམ་ལ་ནི་བསྒྲུབ་པར་བྱ་བའི་དོན་ཕྱིར་རོ། །ཁྱོད་ནི་སྐྱོན་མེད་དམ་པའི་བསྟོད་པ་ལས། །ཡིག་འབྲུ་རྡོ་རྗེ་གྱུར་པའི་མགོན་པོ་ཁྱོད། །རྒྱུ་དང་མི་རྒྱུ་གང་གིས་ཁྱོད་མཐོང་ན། །དེ་དག་འཁོར་ནི་གང་འགྲོ་བ། །དེ་ལྟར་དབྱངས་ནི་བླངས་ནས་སུ། །རྡོ་རྗེ་གར་ནི་རྣམ་པར་བྱེད། །སྐེད་པ་དང་ནི་རྐང་པ་དང་། །དཔུང་པ་དང་ནི་སྨིན་སྐྱེད་གར། །ལག་པའི་ཕྱག་རྒྱ་སྦྱོར་བ་ཡིས། །སྟབས་བརྒྱད་ཀྱིས་ནི་གར་བྱེད་བྱ། །བཞུགས་ཤིང་མི་གཡོ་བར་རིག་མོ། །བདུད་རྩི་བསམ་གཏན་བརྩམ་པར་བགྱི། །དེ་བཞིན་ཉིད་མཆོག་སྩལ་བ་ནི། །བདུད་རྩི་ཐིག་ལེའི་གཟུགས་ཅན་ཏེ། །ནམ་མཁའི་དབུས་སུ་ཟླ་བ་འདྲ། །སྟོང་པ་དེ་ཉིད་ཆེད་དུ་བརྗོད། །འཇིག་མེད་ཟད་མེད་ཕྲ་མོ་ནི། །རྡོ་རྗེ་སེམས་དཔའ་འཇོམས་བྱེད་པ། །ལྟ་བའི་དབུས་སུ་གནས་ལྷ་མོ། །སྙིང་པོ་གསང་བའི་སྤྱོད་ཡུལ་ལ། །ཁུབའི་གཟུགས་ཀྱིས་ཟགས་ནས་སུ། །བྷ་གར་ལིང་གའི་དཀྱིལ་དུ་གནས། །འདི་ནི་སྲོག་ཆགས་རྣམས་ཀྱི་སྲོག །རྣམ་པར་ཤེས་པའི་ཕུང་པོ་བསྟན། །སངས་རྒྱས་དེ་བཞིན་རྡོ་རྗེ་འཛིན་པ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་མ། །ས་དང་ཆུ་དང་དེ་བཞིན་མེ། །རླུད་དང་ནམ་མཁའ་ཁོ་ན་ཡང་། །གཡོ་དང་མི་གཡོ་སྣ་ཚོགས་པའི། །ཁམས་གསུམ་ལ་ནི་མ་ལུས་པར། །དེ་ནི་བདག་གིས་རྟག་ཏུ་བསམ། །དེ་ལ་བསྐྱེད་དེ་བདག་དང་ཁྱོད། །ཚངས་པ་ལྷ་དབང་ཁྱབ་འཇུག་སོགས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། ཁྲེས་བྱ་ཤེས་པའི་བདག་ཉིད་གཙོ། །དེ་ཉིད་དམ་པ་དེ་བསམ་མོ། །སྐྱེ་བ་དང་ནི་ཤི་བ་དང་། །ཐམས་ཅད་དེ་ལས་འདུས་པ་ཡིན། །སྐྱེ་བ་བྱེད་པ་པོ་དེ་གཅིག །རང་བདག་གྱུར་པ་ལྷན་ཅིག་པ། །ཐམས་ཅད་མཁྱེན་པ་ཀུན་ནས་ཀུན། །ཞི་ནས་ཞི་བ་ཁྱབ་པ་པོ། །ཅི་ཕྱིར་ཁང་པ་དེ་རྐང་པས། །དེ་བས་སྐྱེས་བུར་བཤད་པ་ཡིན། །ལུས་ལ་གནས་ཕྱིར་ལུས་བྱས་ཏེ། ཤེས་བྱའི་ཕྱིར་ན་ཤེས་པར་འདོད། །བདག་ལ་བདག་གིས་རིག་པའི་ལྷ། །དེ་ཕྱིར་ལྷ་ཞེས་འདོད་པ་ཡིན། །འཇུག་པས་ཁྱབ་འཇུག་ཞེས་གཟུགས་ཏེ། །ངག་གིས་རྡོ་རྗེ་འཛིན་ཏུ་འཀྱུར། །བསྟན་དུ་མེད་པ་གསང་བ་འདི། །ནན་ཏན་དུ་ནི་གསང་བར་བྱ། །སྐྱོན་ཅན་མིན་དང་གཡོན་ཅན་མིན། །དམ་ཚིག་ལ་ནི་མི་མདའ་བར། །ཆད་པར་ལྟ་བ་མེད་པལ། །བླ་མ་ལ་ཆགས་འདུལ་བ་ཅན། །ཕྲག་དོག་ཆགས་པ་ཡང་བྱེདཔ། །དཀྱིལ་འཁོར་ལ་ནི་ཞུགས་པ་དང་། །རྡོ་རྗེ་བསྟན་པའི་ སློབ་དཔོན་དག །དེ་ལ་རྒྱས་པའི་བསྟན་པ་ནི། །དེ་བཞིན་ཉིད་མཆོག་བཤད་པར་བྱ། །སློབ་དཔོན་རིག་མ་དང་ལྡན་ནས། །དེ་ལ་དབང་བསྐུར་སྦྱིན་པར་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡིས། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། དབྱངས་དང་གར་དང་དབང་བསྐུར་བ་དང་དེ་བཞིན་ཉིད་ཆེར་དམིགས་པ་དག་བསྟན་པ་ཞེས་བྱ་བའི་ལེའུ་བདུན་པའོ།། །།དེ་ནས་ལྷ་མོ་ཡར་ལངས་ནས། །བཤད་ནས་འདི་དག་ཞུ་བ་སྟེ། །བཅོམ་ལྡན་འདི་ལ་ཐེ་ཚོམ་ཟོས། །དམ་པའི་ངོ་མཚར་བདག་བསྐྱེད་སྟེ། །ཞི་གཟུགས་རྡོ་རྗེ་ཅན་དེ་ལས། ཁྲོ་བོའི་གཟུགས་སུ་ཇི་ལྟར་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོས། །རྡོ་རྗེ་པད་མ་མཉམ་སྦྱོར་སྟེ། ཁྲོ་བོའི་གཟུགས་ནི་རྣམ་པར་ཕྱུང་། །འབར་བའི་ཕྲེད་འཁྲུགས་དྲག་པོ་ཅན། །འཇིགས་བྱེད་ལ་ཡང་འཇིགས་པར་བྱེད། །།ཞལ་བཞི་ལ་ནི་ཕྱག་བརྒྱད་དེ། །ཐོད་པའི་དབུ་རྒྱན་འཇིགས་པར་བརྒྱན། །ཁ་ཊ༷་ག་དང་མགོ་རྣམས་ཏེ། །ཐོད་པ་དང་ནི་ཁྲག་དགའ་བོ། །གཏུམ་པོ་རྒྱས་པའི་ཕྲེང་འཁྲུགས་པ། །རིག་མ་བརྒྱད་ཀྱིས་ཡོངས་སུ་བསྐོར། །དུར་ཁྲོད་ཆེན་པོ་བཞིར་བཞུགས་ནས། །ཕཊ་ཡིག་སྔགས་ཀྱི་ང་རོ་ཅན། །འབྱུང་པོ་རོ་ལངས་ཚོགས་པ་དང་། །དུར་ཁྲོད་ལ་ནི་རོལ་མཛད་པས། །དེ་འོང་དབང་དང་བཅས་པའི་ལྷ། །ཚངས་པའི་ཁྱབ་འཇུག་དབང་ཕྱུག་ཆེ། །བཟའ་བྱེད་རྡོ་རྗེ་ཅན་ཆེན་པོ། །དཔལ་ལྡན་ཁྲག་འཐུང་གཟུགས་ནི་ཕྱུང་། །དང་པོའི་རིག་མ་འཇིགས་ཅན་མ། །མི་སྡུག་གདོལ་པ་སྨེ་ཤ་ཅན། །སེར་མོ་རིགས་ཅན་དྲག་མོ་དང་། །འཇིགས་པར་མ་བྱེད་བརྒྱད་དུ་འདོད། །སྔགས་འདི་དག་ནི་བཟླས་བྱས་ཏེ། །གར་ཡང་བྱེད་ནས་དབྱངས་བླངས་སོ། །འཇིགས་བྱེད་ཆེན་པོ་མཆེ་བ་གཙིགས་། །རྒྱུ་མ་ཕྲེང་གི་རྒྱན་སྐུད་བརྒྱན། ཁྲ་ཆེན་དག་ནི་གསོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་བདག་ཕྱག་འཚལ། །སྒྲུབ་པ་པོ་རྣམས་ཕན་བྱེད་ ཕྱིར། །བཟླས་པའི་སྔགས་ནི་བཤད་པར་བྱ། །གསུམ་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་བཞི་པ་སྦྱོར། །བདུན་པ་ལ་ཡང་གསུམ་པས་ཏེ། །གཉིས་ཀྱི་ཚིག་ནི་གཉིས་སུ་སྦྱོར། །ཀུན་ལ་དེ་བཞིན་ཉིད་ལྡན་ཏེ། །ཡིག་བྱེད་ཀྱིས་ནི་རྣམ་པར་བརྒྱན། །དྲུག་པའི་བཞི་པ་ཕྱུང་བྱས་ཏེ། །བདུན་པའི་དང་པོས་བདུན་དུ་བྱ། །བཅུ་གསུམ་པའི་སྟེ་མནན་པ་ཡི། །སྲུ་ཧྭ་མཐའ་བཞག་སྔགས་ནི་ཕྱུང་། །དང་པོ་རྣམ་པར་སྣང་མཛད་འབུལ། ཁྲག་འཐུང་རྩ་བའི་སྔགས་ཡིན་ནོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱི། །མཐུ་ཆེན་ཉོན་ཅིག་མྱ་མ་ཀི །ལན་ཅིག་ཙམ་གྱིས་སྔགས་བཟླས་ནས། །སྐད་ཅིག་འཇིག་རྟེན་གསུམ་འཇིག་གོ ཁམས་གསུམ་མ་ལུས་པ་རྣམས་ཀྱང་། །ཟོས་པར་བྱེད་པ་ཐེ་ཚོམ་མེད། །འདི་ཡི་འདོད་པ་ཐམས་ཅད་སྤྱིན། །དཔལ་ལྡན་ཁྲག་འཐུང་མཉམ་འགྱུར་རོ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་དེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། དཔལ་ཁྲག་འཐུང་བསྐྱེད་པ་བསྟན་པ་ཞེས་བྱ་བའི་ལེའུ་བརྒྱད་པའོ།། །།དེ་ནས་བདུད་རྩི་འཁྱིལ་བ་ཡི། །གཟུགས་ནི་ཡང་དག་བཤད་པར་བྱ། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །དྲག་པོ་ནག་པོ་དུད་པའི་འོད། །འོད་ཟེར་ཕྲེང་བ་འཁྲུགས་པ་དང་། །གཏུམ་པོ་སྦྱན་ནི་དམར་པོ་ཅན། །དམར་བའི་སྨིན་མ་ཨག་ཚོམ་འབར། །དྲག་ཆེན་པོ་ནི་ཟིལ་གྱིས་གནོན། །ཕྱག་ན་དགྲ་སྟ་བསྣམས་པར་བརྩོན། །གཏུན་ཤིང་ཞགས་པ་རྡོ་རྗེ་དང་། །གཡོན་པ་ཕྱག་གི་སྡིགས་མཛུབ་ཀྱིས། །སྡང་བ་ཐམས་ཅད་བསྡིགས་པར་བྱེད། །རལ་གྲི་ཕྱག་མཚན་བསྒོམ་པར་བྱ། །རིག་མ་བརྒྱད་དང་མཉམ་ལྡན་ཞིང་། །སྒོ་བསྲུང་དང་ཡང་ཡང་དག་ལྡན། །གསང་བའི་པད་མ་བསྒོམ་བྱས་སྟེ། །འདབ་མར་རིག་མ་བརྒྱད་ནི་བཀོད། །བདུད་རྩི་མ་དང་བདུད་རྩི་ཞལ། །བདུད་རྩི་ཙན་དན་བདུད་རྩི་སྤྱན། །གྲངས་མེད་མ་དང་གཟུགས་བཟང་མ མཛེས་པའི་གཟུགས་ཅན་བདེ་འགྲུབ་མ། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་སྟེ། །ཕྱོགས་དང་མཚམས་ལ་བཀོད་པར་བྱ། །ཕྱག་གིས་པད་མ་བསྣམས་ པར་བརྩོན། །དེ་དག་ལྷ་མོ་གར་བྱེད་ནས། །སྣ་ཚོགས་གཟུགས་རྣམས་མཆོག་སྤྱིན་མ། །བཞེད་ཅིང་རོལ་པར་མཛད་བྱེད་དོ། །སྔགས་ཀྱི་རྒྱལ་པོ་ཕྱུང་བར་བྱ། །རྣམ་པར་སྣང་མཛད་ལ་ཕུལ་ནས། །ཚིག་འདི་ཡིས་ནི་ཡོངས་སུ་གང་། །དང་པོ་ཡི་ནི་གཉིས་པས་ཏེ། །སྟོང་པ་ཉིད་ནི་བདེན་ལྡན་མ། །སྟོང་པས་སྟེང་ན་གནོན་པའི་སྔགས། །མཐའ་ན་གྲྭ་ཧྭ་སྦྱོར་བྱེད་དོ། །བསྟན་དུ་ཤིན་ཏུ་དགའ་འབྱོར་ནས། །བདུད་རྩི་བདུད་རྩི་ཕྱུང་ནས་སུ། །བདུད་རྩི་བདུད་རྩི་སྦྱོར་བ་ཡིས། །བདུད་རྩི་༄༅ འཁྱལ་བ་བསྒྲུབ་པར་བྱ། །དོན་ཀུན་དངོས་གྲུབ་ཐབས་ཅད་ཡང་། །འད་ཡས་མྱུར་བར་འགྲུབ་པར་འགྱུར། །ཕོ་འམ་གལ་ཏེ་མོ་དག་ ས། །བདུད་རྩ་འཁྱལ་པ་དྲན་བྱེདན། །རྒྱུ་དང་ ་རྒྱུ་འཇིག་རྟེན་གསུམ། །དེ་ཡི་ཕྱག་མཐིལ་ལ་བཀུག་ནས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །དུས་རྟག་པར་ནི་བསྒོམ་པར་བྱ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡིས། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། དཔལ་བདུད་རྩི་འཁྱིལ་བ་ཞེས་བྱ་བའི་ལེའུ་དགུ་པའོ།། །།དེ་ནས་རོ་ལངས་ཆེན་པོ་ཡི། །སྒྲུབ་པ་གཞན་ཡང་བཤད་པར་བྱ། །ནག་པོའི་ཚེས་བརྒྱད་བཅུ་བཞི་ལ། །ལིང་ག་གཅིག་དང་ལམ་མདོ་དང་། ཁེང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་ཆུ་འགྲམ་དེ་རྣམས་ལ། །ལས་རྣམས་ཐམས་ཅད་བསྒྲུབ་པ་སྟེ། །དེ་བཞིན་རོ་ལངས་ སློང་བ་ནི། །འགག་ནས་ཤི་བ་མོ་རྣམས་ནི། །མཚན་རྣམས་ཐམས་ཅད་ཀུན་རྫོགས་པ། །གདོལ་པ་མོ་དང་སྨེ་ཤ་དང་། ཁྱིམ་ཆོས་མ་རྣམས་དེ་དག་ནི། །མཛེས་པ་བཟང་བ་རྨ་མེད་པ། །སུམ་ཅུ་རྩ་གཉིས་བསྔགས་པ་སྟེ། །ལོ་ནི་ཉི་ཤུ་རྩ་ལྔ་བསྐྱེད། །བུད་མེད་རོ་ཡི་སྐྲ་བཟུང་སྟེ། །གཙང་མའི་ཆུ་ཡིས་བཀྲུ་བར་བྱ། །སྔགས་དང་སྨན་གྱི་གྲོ་ལེབ་ལ། །ག་བུར་ཙན་དན་དཀར་པོ་ཡིས། །དེ་ལ་བྱུག་པ་བྱ་བྱས་ཏེ། །སྣ་ཚོགས་མེ་ཏོག་སྦོས་རྣམས་ཀྱི། །མཆོད་ཅིང་གཏོར་མ་འབུལ་བར་བྱ། །མར་ཁུ་ཆེན་པོས་བསྐུས་ནས་སུ། །ཡུང་དཀར་གྱི་ངོ་ལ་བརྟག་པར་བྱ། །དཔལ་ཁྲག་འཐུང་ཞེས་བྱ་བའི་སྒྲུབ་པའོ། །དེ་ལ་དཀྱིལ་འཁོར་ཡང་བྲིས་ཏེ། །ཐོད་པ་ཞེས་བྱ་ཟླ་གམ་མམ། །གཞུ་ཡི་ཚུལ་གྱི་བཀང་བར་བྱ། །ཐོད་པས་ཉེ་བར་ བརྒྱན་བྱེད་ཅིང་། །རིམ་པ་བརྒྱད་དང་ལྡན་པར་བྱ། ཁེ་བའི་ཁམས་ཅན་ཐོད་པ་དབང་།ཁ་ཊ༷་ཐམས་ཅད་ཀྱིས་འཛིན་ཏེ། །ཞལ་གསུམ་པ་ལ་དྲག་པོའི་གཟུགས། །ཕྱག་དྲུག་རལ་གྲི་ཕྱག་ན་འཛིན། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་དུ། །སྒོ་སྲུང་མ་ནི་རབ་ཏུ་རྟགས། །གླང་སྣ་དང་ནི་གླང་ཆེན་སྣ། །ཞལ་མཛེས་དེ་བཞིན་ཞལ་གདུག་མ། །དྲག་མོ་ཞགས་པ་ལྕགས་ཀྱུ་འཛིན། །མི་སྡུག་འཇིགས་པ་འཇིགས་བྱེད་རྣམས། །ཞལ་གཅིག་པ་ལ་ཕྱག་གཉིས་སོ། །མེ་ཏོག་མཆོད་པ་ཡང་དག་བྲི། །རྣམ་པ་སྣ་ཚོགས་རིག་མ་ཡང་། །དཀྱིལ་འཁོར་ལ་ནི་མཆོད་པ་བྲིས། །དེ་ནས་དབང་པོ་སྒྲུབ་པ་པོས། །དུང་ཆེན་གྱིས་ནི་རྒྱན་བྱས་པ། །ཐོད་པའི་ཕྲེང་བས་ཐོད་བཅིངས་པ། ཁྲག་འཐུང་གཟུགས་ནི་སྒོམ་བྱེད་པ། །དེ་ལ་ཅང་ཏེའུ་བརྡུངས་ནས་སུ། །གར་ཡང་བྱེད་ཅིང་ཁང་པར་འཇུག །དེ་ཡི་སྙིང་ཁར་གནས་པའི་སྔགས། །སྨྱོ་ཡིག་དེ་ལ་བཟླས་བྱ་སྟེ། །ལྷ་ཡི་དཀྱིལ་འཁོར་མཆོད་ནས་སུ། ཁྲག་ཆེན་གྱིས་ནི་གཏོང་བར་བྱ། དཔལ་ལྡན་ཁྲག་འཐུང་སྔགས་ཆེན་ནི། །སྒྲུབ་པ་པོས་ནི་བཟླས་མ་ཐག་ཁྲོ་དང་ལྡན་པའི་ཨག་ཙར་བྱ། །རོ་ལངས་ཀྱིས་ནི་གད་སྒྲོགས་བྱེད། ། དེ་ཚེ་སྔགས་པ་མི་འཇིགས་སྟེ། ཁྲག་འཐུང་སྔགས་ནི་དྲག་པར་བྱ། །ལངས་པའི་རོ་ལངས་དེ་ཡིས་ ཀྱང་། །སྒྲུབ་པ་པོ་ལ་འདི་ སྐད་སྨྲ། །དཔལ་ཆེན་པོ་ཨེ་ལས་གང་ཡང་།བདག་ལ་བཀའ་སྩོལ་རྡོ་རྗེ་ཅན། །རལ་གྲི་མིག་སྨན་ས་འོག་དང་། །མཁའ་ལ་རྒྱུ་བར་འདོད་པ་དག །བསྒྲུབ་པ་པོས་ནི་གང་འདོད་པ། །ལས་དེ་དག་ནི་འགྲུབ་པར་བགྱི། །དེ་ནས་སྒྲུབ་པོས་དེ་ལ་ནི། །ཡིད་ལ་གང་དང་གང་འདོད་བླང་། །དེ་ལྟར་ཐམས་ཅད་བསྒྲུབ་བྱ་བ། །སངས་རྒྱས་པདྨ་མྱ་མ་ཀི །རོ་ལངས་སྒྲུབ་པའི་མཆོག་འགྱུར་བ། །རྡོ་རྗེ་བདུད་རྩི་ལས་བྱུང་ཡིན། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །སྒྲུབ་པ་པོའི་བདེ་བ་ཡང་འདྲེ། ། རྡོ་རྗེ་བདུད་རྩིའི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་དེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡི། །རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། རོ་ལངས་སྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །རྡོ་རྗེ་པད་མ་མཉམ་སྦྱོར་ཏེ། །ཅང་མི་གསུང་བར་ཆེར་བཞུགས་སོ། །དབུགས་འགག་ཕྱིར་ན་མི་གཡོ་ནས། །མི་འཇིགས་པ་དང་མི་གསུང་བར། །ཏིང་འཛིན་མཆོག་ལ་བཞུགས་པ་ལ། །མྱ་མ་ཀི་ནི་ཡང་ཞུས་ཏེ། །བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཇི་ལྟ་ རྣམ་པ་གང་གིས་ནི། །དེ་བཞིན་ཉིད་དེ་ཐོབ་པར་བགྱི། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །བཞད་པ་མཛད་ནས་གསུང་འདི་ནི། །སྤྱན་ཡང་ཕྱེ་ནས་བཀའ་སྩལ་པ། །དེ་ཉིད་སྔོན་བཞིན་བཤད་པས་ཏེ། །བདུད་རྩི་གཟུགས་ནི་ཁུ་བ་ཡིན། །བདུད་རྩི་ལྔ་དང་ལྡན་བྱས་ཏེ། །རྟག་པར་རྒྱུན་དུ་མྱོང་བར་བྱ། །རྫས་ནི་རེ་རེའི་མཐུན་དག་ནི། །བཤད་པ་ཉོན་ཅིག་མུ་མ་ཀི །ཡེ་ཤེས་བྱ་བ་སྒྲུབ་བྱེད་པའི། ཁུ་བ་དང་པོ་བཟའ་བར་ བྱ། །སྐུ་གསུང་ཐུགས་ནི་བསྒྲུབ་དོན་དུ། ཁྲག་ཆེན་རབ་ཏུ་བསྒྲུབ་བྱ་སྟེ། །གང་ཞིག་བུད་མེད་ རྣམས་ཀྱི་ལམ། །བུ་མོ་ཡི་ནི་རྟག་ཏུ་བླང་། ཁྲག་ཆེན་དེས་ནི་མྱ་མ་ཀི །དོན་དེ་ཐམས་ཅད་བྱེད་པ་པོ། །དྲག་ཤུལ་ཤི་བ་རྙེད་ན་ནི། ཁྲ་ཆེན་པོ་ཡང་བཟའ་བྱ་སྟེ། །གསལ་ཤིང་བཙུགས་དང་འགགས་པ་འམ། །གཡུལ་དུ་གསད་པ་གང་དེ་ནི། །ཟབ་ཅིང་བསྟན་པས་ཟ་བྱེད་ན། །ཚེ་དང་ནད་མེད་འཕེལ་བར་འགྱུར། །དེ་བཞིན་འདོད་པའི་བདེ་བ་དང་། །སངས་རྒྱས་བྱང་ཆུབ་འགྲུབ་པ་ཡང་། །རྡོ་རྗེ་སེམས་དཔའ་བཞིན་དུ་ཆེ། །འདོད་ཀུན་འབྲས་ བུ་དེས་བྱིན་ནོ། །རྡོ་རྗེའི་ཆུ་དང་བཤང་ལྕི་ནི། །རང་གིས་བཟའ་བར་རིག་པར་བྱ། །ཕྱེ་མ་ཞིམ་མོར་བྱས་པ་ལ། ཁྲག་ཆེན་གྱིས་ནི་བསྲེས་པར་བྱ། །སྔ་དྲོ་དེ་བཞིན་ཉིད་ཕྱེད་དང་། །ཕྱི་དྲོ་དེ་བཞིན་བཟའ་བར་བྱ། །དུས་གསུམ་ཟོས་ན་རྣལ་འབྱོར་པས། །དེ་ནས་རྡོ་རྗེ་ཆུ་ནི་བཏུང་། །ཉིན་དང་ཉིན་དུ་མྱ་མ་ཀའི། །སྒྲུབ་པ་པོ་ཡང་སྒྲུབ་བྱེད་པ། །ལུས་ལ་ནད་ནི་མེད་འགྱུར་ཞིང་། །རྒས་པའི་ནད་ཀྱང་མེད་པར་འགྱུར། །སྐལ་བཟང་རྒྱས་པའི་མདངས་ལྡན་ པ། །རྒྱལ་པོའི་སྒོ་ཡང་རྒྱལ་བ་འདྲེན། །དེ་ནི་འདོད་པ་ཀུན་བྱིན་པས། །མཆོག་རབ་དེ་ཉིད་ཐོབ་པ་ཡིན། །རྣལ་འབྱོར་དེ་ཡང་ཀུན་ཤེས་ཏེ། །རྡོ་རྗེ་སེམས་དཔའི་ཡོན་ཏན་ལྡན། །འདོད་ཆགས་ཞེ་སྡང་ལས་གྲོལ་ནས། །རྐམ་པ་ཕྲག་དོག་རྣམ་སྤངས་ནས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །དེ་ཡིས་སྒྲུབ་པ་འགྲུབ་པ་འོ། །རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི། །དོན་མང་གསང་བ་རིམ་པ་ཅན། །མ་ལུས་རྡོ་རྗེ་ཐེག་པ་འདི། །འདི་ལས་བྱུང་འགྱུར་སྐྱེ་བ་མེད། །རྒྱས་པའི་པདྨ་ནཱ་མ་ཀིས །འདོད་ཆགས་ཀྱི་ནི་བདེར་འགྱུར་བས། །ཁྱོད་ལ་དམ་པ་དངོས་སྟོན་ནོ། །བདག་གིས་གང་ལ་ཡང་མི་སྟོན། །འདི་ནི་གསང་ཆེན་དམ་པ་ཡིན། །འདི་དག་ཀུན་གྱིས་བདག་ལ་གནས། །བྱང་ཆུབ་སེམས་དཔའ་མ་ཤེས་ཏེ། །གཟུགས་མེད་སྟོང་པ་མ་འགྱུར་པ། །དོན་ དེ་ཉིད་ནི་རིན་པོ་ཆེ། །རྡོ་རྗེ་སྤྱི་གཙུག་ནོར་བུ་འདོད། །ཤིན་ཏུ་གསང་ནས་གཟུགས་ལ་མོ། །ཕ་དང་བུ་ལའང་བསྟན་མི་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གཏན་དུ་གསང་བ་བསྟན་པ་དང་། །བླ་མ་ལ་ཆགས་བརྟུལ་ཞུགས་བརྟན། །དེ་ལ་བྱིན་ནས་དེ་ཉིད་བསྟན། །རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི། །བདེ་འགྲུབ་ཤིན་དུ་ཐོབདཀའབ། །