Ngb-pt-0965-vol-10-text
Front
Body
དྲུག་ཅུ་པའི་རྒྱུད་ལལས་གསང་བ་བཞི་ཕྱི་ནང་དུ་བསྐྱེད་ཅིང་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དགེས་པ་ཆེ། །དང་པོ་དམ་བཅས་ཇི་ལྟར་ལགས། །མཆོད་པའི་རིམ་པ་ཇི་ལྟར་བགྱི། །དེ་ཡི་བཟླས་པ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དེ་ནས་དཔལ་ཆེན་པོས་ཡང་གསུངས་པ། དང་པོ་དམ་དུ་བཅས་པ་ཡང་། །སངས་རྒྱས་ཀུན་དང་མཉམ་སྦྱར་ནས། །སངས་རྒྱས་གཞན་དུ་བདག་བགྱིད་པས། །འཇམ་དབྱངས་འདུས་པའི་དཀྱིལ་འཁོར་འདིར། །དངོས་གྲུབ་མ་ལུས་རྫོགས་པར་གསོལ། །དེ་ནས་མཆོད་པའི་རིམ་པ་ཡང་། །བདེ་བར་གཤེགས་པ་བཅོམ་ལྡན་འདས། །རྒྱལ་བའི་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྱིན་མཆོག་ཏུ་རོལ། །བདུད་རྩི་ལྔ་ཡིས་རྒྱས་པར་མཆོད། །རང་གོ་དམ་ཚིག་བདུད་རྩི་མྱང་། །མཆོད་པ་ཉིད་དུ་འབུལ་བར་བྱ། །དགོངས་ཤིང་ལས་ཀྱི་འཇུག་བསྡུ་བའི། །སྨོན་ལམ་དག་ཀྱང་བཏབ་པར་བྱ། །དེ་ཡི་བཟླས་པ་བྱ་བ་ནི། །ཕྱི་ཞིང་བཟླས་སམ་ང་རྒྱལ་ལྡན། །ཨཱོཾ་བ་གི་ཤྭ་རི་མུ༷་གྲྭ་ཧྭ། རྟག་ཏུ་མ་ཡེངས་པ་ཡིས་བཟླས། །ཞེས་གསུངས་པས་དགྱེས་པར་འགྱུར་རོ། །དེ་ནས་གསང་བའི་བདག་པོས་དཔལ་ཆེན་པོ་ལ་ངོ་མཚར་དུ་གྱུར་པའི་མཆོད་ཅིང་བཤགས་པ་ནི། བཅོམ་ལྡན་འདས་པའི་དབང་པོ་ལ། །གདུག་པ་འདུལ་མཛད་ཡེ་ཤེས་སྐུ། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །མཚན་མའི་གཟུགས་སྐུར་སྣང་ལས་བཟོད་པར་གསོལ། །གཟུགས་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ། །ཏིང་འཛིན་གསལ་བ་མ་བསྒོམས་བཟོད་པར་གསོལ། །བཟླས་བརྗོད་གསུང་གིས་རང་བཞིན་འཕགས་པའི་གསུང་། །གྲ་ཆག་ཚད་ལས་ཉམས་པ་བཟོད་པར་གསོལ། །མཆོད་པའི་ལོངས་སྤྱོད་ཆེན་པོ་སྟེ། །རྒྱུ་ཆུང་སེར་སྣས་བཅིངས་པ་བཟོད་པ་གསོལ། །ཞེས་བརྗོད་པས་མཉེས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དམ་བཅས་མཆོད་ཅིང་བཟླས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བའི་བདག་པོས།ཀྱེ་ཀྱེ་དགའོ་དགྱེས་པ་ཆེ། །སྔགས་བཟླས་པ་ཡི་ཡོན་ཏན་རྣམས། །ངེས་པ་ཉིད་དུ་བཤད་དུ་གསོལ། དེ་ནས་གསུངས་པ། སྔགས་ཀྱི་རྒྱལ་པོ་འདི་ཤིན་ཏུ་བཟླས་ན། ལས་ཐམས་ཅད་བྱེད་དེ། ཆུ་ལ་མངོན་པར་སྔགས་ནས་བླུད་ན། འབྲུམ་བུ་ལ་སོགས་འབྱུང་བར་མི་འགྱུར་རོ། །དོམ་ལ་སོགས་པ་སྲོག་ཆགས་གདུག་པའི་ཁ་ཆུས་ཐོབ་སྟེ། དུག་ཆེན་པ་ལ་ནི། ཡུང་བ་དང་། ཨ་རུ་ར་དང་། རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ། བྱུག་ན་སོས་པར་འགྱུར་རོ། །སྔགས་མདུད་བྱས་ཏེ་བཅིངས་ན། ནད་ཀྱི་གདུངས་པ་ཐམས་ཅད་སོས་པར་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་ཚེ་ཟད་པ་ཡང་ལོ་རྒྱ་འཚོ་བར་འགྱུར་རོ། །ཏིལ་དང་མར་གྱིས་སྒྱིན་བསྲེགས་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །སྨན་ལ་མང་བར་སྔགས་ཏེ་བླུད་ན། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །མར་ཁུ་ལ་མངེན་པར་སྔགས་ཏེ། མགོ་བོ་ལ་མཉེས་ན།ཀླད་གཟེར་ཞི་བར་འགྱུར་རོ། །ཆུ་ལ་མངོན་པར་བཟླས་ཏེ་གཏོར་ན་རྨ་མ་རུང་པ་ཞི་བར་འགྱུར་རོ། །མཆེར་པའི་སྟེང་དུབ་རྟ་ཀུག་གཞག་སྟེ། སྔགས་བཟླས་པའི་མཚན་གྱིས་བཅད་ན། མཆེར་པའི་ནད་གཅོད་པར་འགྱུར་རོ། །ནི་རྒུ་དི་དང་ད་བའི་རྩ་བ་དང་གཙུག་ཕུད་ཅན་གྱི་མཇུག་སྒྲོ་གཅིག་ཏུ་སྦྱར་ཏེ། སྔགས་ལན་རྒྱ་རྩ་བརྒྱད་བཟླས་པའི་དུད་པས་བདུག་ན། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང་། འབྱུང་པོ་དང་། ཤ་ཟ་དང་། བྲམ་ཟེ་དང་། སྲིན་པོ་ལ་སོགས་པའི་གདོན་སེལ་བར་འགྱུར་རོ། །བུམ་པའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་ཏེ། བུད་མེད་བུ་མི་འཚོ་བ་རྣམས་འཚོ་བར་འགྱུར་རོ། །གྲོ་ག་ལ་སྔགས་བྲིས་ཏེ་ལག་གམ། མགུལ་དུ་བཏགས་ན་མངལ་བསྲུང་བར་འགྱུར་རོ། །སྔགས་དྲན་བཞིན་གཡུལ་དུ་ཞུགས་ན་གཡུལ་རྒྱལ་བར་འགྱུར་རོ། །གཞན་ཡང་རྟག་ཏུ་བཟླས་ན། ཇི་ལྟར་བསམཔ་འགྲུབ་པར་འགྱུར་རོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། སྔགས་ཀྱི་ཕན་ཡོན་གསང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོས་གསུངས་པ། ཀྱེ་ཧོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །དངོས་པོའི་བཟླས་པ་ཇི་ལྟར་ལགས། །མགོན་པོ་ཆེན་པོས་བཤད་དུ་གསོལ། །དེ་ནས་ཡང་གསུངས་པ། གཅིག་དང་དུ་མར་བྲལ་བའི་མཐའ་དང་དབུས་མེད་དེ། །དེ་བཞིན་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །བདག་དང་གཞན་མེད་རྟོགས་པའི་རྒྱུན། །རང་སྤྱི་བརྟགས་པས་གཉིས་སུ་མེད། །གཞན་སྣང་སེམས་ཕྱིར་ཡུལ་མེད་དེ། །སེམས་ཉིད་དབྱིབས་དང་ཁ་དོག་རིམ་བརྒྱུད་མེད་མིན་ཀུན། །ངོ་བོ་ཉིད་ཕྱིར་མི་གནས་ཡེ་ཤེས་ཆེ། །སྐྱེ་འཇིགས་འབྱུང་ཕྱིར་མཐའ་དག་མེད། །རང་རྒྱུད་དངོས་པོ་བྲལ་བའི་ཕྱིར། །བླ་དྭགས་ཙམ་སྟེ་སྣང་བ་སྤངས། །དངོས་པོ་དག་པས་སྣང་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །མཐོ་དམན་ཀུན་གྱི་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །རང་རིག་ཀུན་ཏུ་རང་སྣང་བས། །གང་ཡང་མི་ལྡན་བྲལ་བ་མེད། །སྣོད་བཅུད་རྒྱུད་རྣམས་རང་རིགས་ཕྱིར། །དག་པ་རྣམ་གསུམ་ཡེ་ནས་རྫོགས། །གཞན་ཡང་སྐལ་ལྡན་ཆེན་པོས་ཉོན། །སྣང་བྲལ་དོན་དམ་ལས་འདས་པའི། །དམ་པ་ཀུན་ཀྱང་དཀོར་མདུན་ཆེ། །རང་སར་འབྲས་བུ་ལྷུན་གྲུབ་པས། །རྣམ་སྨིན་མི་ལྟ་ཡེ་ནས་དག །ལྷག་པའི་ཀུན་རྫོབ་སྣང་བ་ཀུན། །སྣང་དུ་ཟད་མེད་འཁོར་ལོ་ཆེ། །གདོད་ནས་སྤྱོད་ཡུལ་ཡོངས་དག་པའོ། །རྒྱུ་འབྱུང་བ་ལྔ་སེམས་ཉིད་པས། །འབྱུང་བ་ཆེན་པོ་རྒྱུ་ནས་དག །འབྲས་བུ་དྲུག་གི་ཕུང་པོ་དང་། །སེམས་ཕྱིར་གཉིས་མེད་སྐུ་རུ་དག །དེ་ལ་མིང་ལས་འཁོར་བ་མེད། །སྐྱེ་འགགས་གནས་དམིགས་འགྲོ་དང་འོང་། །ཉིད་དང་གཉིས་མེད་མ་སྐྱེས་ལ། །བསྒོམ་དང་བསྒྲུབ་པ་ག་ལ་ཡོད། །དེ་ཕྱིར་དཀྱིལ་འཁོར་ཕྱག་རྒྱའི་ཚོགས། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ལས། །འཁོར་བ་འདས་པ་རིགས་མེད་སྟེ། །ལྷུན་གྲུབ་བྱང་ཆུབ་ཆེན་པོར་ཤར། །དོན་དུ་རྣམ་གྲངས་རང་རིག་ཕྱིར། །ཡུལ་དང་ཡུལ་ལྟ་ངང་གིས་མེད། །ཡེ་ཤེས་སྒྲོན་མ་རང་གསལ་ཕྱིར། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་མཁྱེན་པ་དེ་ལྟ་ཉིད། །རྒྱལ་བ་ཇི་ལྟར་དགོངས་པས་འཕགས། །གཡོ་ཞིང་རྟོགས་དང་སེམས་དཔའ་ཆེ། །ཇི་ལྟར་བྱིས་པ་ཤེད་མ་ཕྱེད། །བྱ་བྱེད་མང་པོས་བདག་མེད་དེ། །ཏིང་ངེ་འཛིན་གྱིས་དབང་བསྐུར་ཏེ། །མཚན་མ་མཉམ་པའི་གནས་སུ་མནན། །དེ་ཕྱིར་རྣལ་འབྱོར་ཉིད་ལ་འཕང་། །དང་པོ་རང་སེམས་བསྟན་བྱའི་ཕྱིར། །མཉམ་ལ་མི་ལྟོས་ཟུང་འཇུག་སྐུ། །རིམ་པ་འམ་ཆུ་ལས་ཉ་ལྡང་ཚུལ། །དམིགས་པ་མེདཔ་རང་གསལ་བས། །བདེ་བའི་རིག་པ་ངང་གིས་མེད། །བྱུང་ཚོར་སྐུ་གསུང་ཐུགས་སུ་སྦྱར། །ཞེས་གསུངས་པས་དགྱེས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ལྷ་ཕྱི་རོལ་པ་གསང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པས་ཀྱང། ལས་ཀྱི་གཤིན་རྗེ་མ་རུང་པ་དེ་བདག་ཏུ་རྟོགས་པའི་འཛིན་པ་དང་། རྟག་པའི་ལམ་ལ་མངོན་པར་འཚོལ་བས་མ་ནོར་བའི་ལས་དང་བྲལ་བ་དེ་དག །གབ་པའི་གསང་བ་མ་རྟོགས་པ་དང་། སྦས་པའི་གསང་བ་ལ་ཆེར་ཞེན་པས། རྒྱུ་འབྲས་མ་རྟོགས་ཏེ། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་ནས། ཚ་བ་དྲག་པོས་གདུངས་པ་དང་། གྲང་བར་མོས་པ་ཙམ་གྱིས་ཀྱང་པད་མ་ལྟ་བུ་ལ་སོགས་པའི་གྲང་བ་དྲག་པོ་ཉམས་སུ་མྱོང་ངོ་། །དེ་ལྟ་བུ་བསྐལ་པ་གཅིག་ཉམས་སུ་མྱོང་ངོ་། །དེ་ནས་ལས་དེ་ཟད་ནས། ཡི་དྭགས་བཀྲེས་སྐོམ་གྱི་ནད་ཀྱི་སྒྲིབ་པ་ཅན་ཉམས་སུ་མྱོང་ངོ་། །དེ་ནས་ལས་ཀྱི་སྒྲིབ་པ་དེ་ཟད་ནས། སྔོན་གྱི་ལས་ཀྱི་སྲིད་པའི་མཚམས་སྦྱར་ནས། ཡི་དྭགས་ཆེན་པོ་མ་རུང་པ། རྒྱུ་ཞེ་སྡང་ལ་སོགས་ལྔ་དང་། གསུམ་ལས་གྲུབ་པ། དེའི་མིང་ནི་བདུད་བྱེ་བ་དགུ་རི་ཞེས་བྱ་བ། མགོ་དེ་ཙོང་ཞེས་ཀྱང་བྱ། ཆོས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། ནག་པོ་སྟོབས་ཆེན་ཞེས་ཀྱང་བྱ། །ཚེ་བདག་ནག་པོ་ཞེས་ཀྱང་བྱ། ཉི་མའི་བུ་ཞེས་ཀྱང་བྱའོ། །དེ་ལས་ཅི་བྱེད་ན་སེམས་ཅན་ཁྲིད་ཅིང་གསོད་པའི་ངང་ཚུལ་ཅན་ནོ། །ཟས་སུ་སེམས་ཅན་གྱི་སྲོག་ཟ། ཤ་རློན་དང་ཁྲག་རློན་ཟ་ཞིང་འཐུང་། གོས་སུ་ལྤགས་རློན་གྱོན་ནོ། །དེ་ནི་ཡི་དྭགས་སུ་སྐྱེས་ཏེ། རི་རབ་ཆེན་པོའི་མགོ་དང་། གསེར་གྱི་ས་གཞི་སྤྲིས་མ་བདུན་གྱི་འོག །ཆུའི་འང་འོག །རླུང་གི་དཀྱིལ་འཁོར་གྱི་སྟེང་ན། བཞི་ལྕགས་ལས་གྲུབ་པའི་སྟེང་ནས། ལྕགས་ཀྱི་ཁང་པ་ཤིན་ཏུ་ཆེ་བ་བཅུ་བདུན་གནས་ཏེ། ཕྱི་ལྕགས་ལས་གྲུབ་པ། ནང་ནི་རོའི་རྩིག་པར་བྱས་པ། རྟ་རོ་གཅལ་དུ་བཀྲམ་པ། ཁྲག་གི་མཚོ་རུ་སྣང་བ། ཁང་ཟུར་རབ་ཏུ་རྣོ་བ། སྒོ་མེད་པ་ཡིད་ཀྱི་སྒོ་ཅན་དེའི་ནང་ན་གནས་ཏེ། ཆུང་མ་གཏུམ་མོ་དུ་ཀུ་ལའི་གོས་ཅན་མ་གཉིས་དབུས་ཀྱི་ཁང་པ་ན་གནས་ནས། སེམས་ཅན་རྣམས་ལ་འཚེ་བ་དང་། དེས་ཉི་མའི་གུང་ལ་ཕོ་བརྒྱ་གསོད། ནུབ་མོ་སྦྱོར་བ་བྱེད་ཅིང་དུད་འགྲོ་ལ་ནད་གཏོང་། ནངས་ནུབ་བྱིས་པ་ལ་ཕྱགས་མ་ཡིས་འདེབས་སོ། །དེ་དང་སྦྱོར་བ་བྱས་པ་ལས། ཕྱི་དེ་ལ་ལོ་དུས་སུ་བུ་བཞི་སྐྱེས་ཏེ། ཡ་མ་ར་ཙ་དང་མྱོས་བྱེད་འབར་བ་དང་། མ་རུ་ཙ་དང་རལ་པ་ཚར་དགུ་དང་བཞིའོ། །དེའི་ཆུང་མ་ནི་སྲིན་མོ་ཆེན་མོ་ལག་བརྒྱ་མོ་དང་། ཤ་ཟ་མོ་དང་། སྟོབས་ཅན་མ་དང་། སེང་གེ་མ་དང་། སྲིན་མོ་འབར་མ་དང་། དེ་རྣམས་ལྕགས་ཁང་བཞིའི་ནང་ན་གནས་སོ། །བུ་ཆེན་པོ་དང་ཤ་ཟ་མ་ལས་བདུད་འཇོམས་དང་། དམར་པོ་དང་། ཀོང་ཙེ་དང་གསུམ་སྲིད་བུ་གཉིས་པ་དང་། སྟོབས་ཅན་མ་ལས་མིག་དམར་དང་། དུད་ཀའི་སྲིད་བུ་གསུམ་པ་དང་། སེང་གེ་མ་ལས་གླང་མགོ་དང་། ཡ་བ་ཏི་གཏེལ་པ་གསུམ་སྲིད་བུ་བཞི་འབར་མ་ལས། ཕྱུ་སངས་དང་ཆོས་ཀྱི་རྒྱལ་པོ་སྐྱེས་ཏེ། ཕྱི་སྐོར་ལྕགས་ཀྱི་ཁང་པ་ན་གནས་སོ། །དེའི་ཆུང་མ་སྲིན་མོ་ནག་མོ་དང་། མགོ་འཕྱངས་མ་དང་།སེར་མོ་དང་སྲིན་མོ་མིག་བརྒྱ་མོ་དང་། དམར་མོ་དང་། འབྲུག་སྒྲོགས་མ་དང་། དབུགས་འཕྲོག་མ་དང་། ཁྲག་འཐུང་མ་དང་། སྲིན་མོ་སྤྱིན་བསྲེགས་མ་ལ་སོགས་པ་གནས་ནས། ནད་སྣ་ཚོགས་གཏོང་ཞིང་བཀྲ་མི་ཤིས་པར་བྱེད་དོ། །དེ་རྣམས་ལས་ཡི་དྭགས་འབུམ་ཁྲི་སྲིད་དོ། །འཆི་བའི་དུས་མཐའ་ལ་དབང་བྱེད་དོ། །དེ་ལྟ་བུའི་སེམས་ཅན་མ་རུང་པ་དེ། ཐུགས་རྗེ་ཆེན་པོས་བཏུལ་བའི་དུས་ལ་བབ་ནས། བཅོམ་ལྡན་འདས་ཀྱི་མཛོད་སྐྲུ་ནཱས། བྱང་ཕྱོགས་ཀྱི་འཇིག་རྟེན་དུ། སངས་རྒྱས་ཀླུའི་དབང་པོའི་སྤྱན་སྔར་བཀྱེའོ། །དེ་ནས་ལྷོ་ཕྱོགས་ཀྱི་ཁམས་སུ་ཕྱིན་པས་བཀའ་སྒོ་སྟེ། རང་གི་རིགས་དང་བརྟུལ་ཞུགས་དང་། སྔགས་ཟློས་ཤིང་གསུངས་ཏེ། ཨོ་ཨ་ཀྲོ་ཏ་ཀ་ཡ་མརྙ་ཀ་ས་ཧ་ན་མ་ཏ་བྷརྫི་ཧུ༷་ཕཊ། །ཞེས་བརྗོད་པས་རིགས་ཀྱི་ཁྲོ་བོ་ཆེན་པོར་གྱུར་ཏོ། །དེ་ནས་བཏུལ་བར་གྱུར་པས། འདར་ཞིང་བྲེད་ལ་ཞུམ་ནས་འབངས་སུ་འཆི། འབངས་སུ་འཆིའབངས་ལ་ནན་ཏན་མ་བྱས་ན། །མགོ་དང་ལུས་ནི་འགས་འགྱུར་ཞིང་། །སྙིང་ཡང་དུམ་བུར་བཏུབ་པར་ཤོག །ལུས་རུལ་ཚིག་ནས་ཉམས་འགྱུར་ནས། །དམྱལ་བའི་སྡུག་བསྔལ་མྱོང་བར་ཤོག །དམ་བཅས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ལོ་རྒྱུས་དང་གདུལ་བྱ་གསུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ལས་ཀྱི་གཤིན་རྗེ་རྣམས་ཀྱིས་རང་རང་གི་རྟགས་ཕུལ་བ་ནི་འདིའོ། །ཡམ་ར་ཙ་ས་དོ་མེ་ཡུ། ཡ་མེ་དོ་རུ་ན་ཡོ་ཏ་ཡུ། ཡ་ཏ་ཡོ་ནི་རྭ་ཡ་སྟེ་ཡ། ཡསྣེ་ཡ་ཙ་ནི་ར་མ་ཡ་ཨ་སུ། བི་དུ་ཛ། མ་མུ་དུགི། ཞེས་ཕུལ་ནས་ཁས་བླངས་ཏེ། དེ་ནས་ཡང་ནས་ཡང་དུ་ཁས་བླངས་པ་ནི། དེ་ནས་དཔལ་ཆེན་པོ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལས། མི་དགེ་བ་བཅུ་དག་པ་ལས། ཕྱོགས་བཅུའི་སངས་རྒྱས་སུ་འགྱུར་རོ། །དེ་ནས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་སྣ་ཚོགས་སུ་གྱུར་ནས། བཛྲ་ཡཀྟ་ཀྲོ་ཏ་མ་འདའ་ཧུ༷་ཧུ༷་ཧུ༷། ཞེས་མནའ་བསྒགས་སོ། །དབུས་ཀྱི་ཡི་དྭགས་ཀྱིས་སྨྱོ་འབོག་གི་ནད་གཏོང་། ཡ་མ་ར་ཙས་གྲུམ་བུ་དང་མགོ་འཁོར་གཏོང་། མྱོས་བྱེད་འབར་བས་ལྷོག་པ་དང་ཡིད་ཞབྲུག །མ་རུ་ཙེས་ཕོ་ལོག་དང་ཁྲག་སྒྱུག །རལ་པ་ཚར་དགུས་གླང་ཐབས་དང་གསོད་པར་ཁས་བླངས། བདུད་འཇོམས་ཀྱིས་གཟེར་ནད་དམར་པོ་ཁྲག་ནད། ཀོང་ཙེས་ཚ་བའི་ནད། མིག་དམར་གྱིས་ཆོ་འཕྲུལ། དུད་ཁས་མཁྲིས་ནད། གླང་མགོས་མཛེ་ནད། ཡ་བ་ཏི་བློ་གསེར་དང་སྐྱ་རྦབ། རྟེལ་བས་ཤུ་བ་དང་རྒྱ་ནད། ཕྱུ་སངས་ཀྱིས་རིམས་ནད། སྟོབས་ཆེན་དཔོན་གཡོག་གིས་ཡུལ་ཁམས་གཞོམ་པར་ཁས་བླངས་སོ། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་གཞོགས་སྐམས་བཏང་བར་ཁས་བླངས་ཏེ། ཡང་དམ་བཅས་གྱིས། བདག་ཅག་སོ་སོར་འཁོར་རྣམས་ཀྱིས། །གཙོ་འཁོར་འདུས་པའི་དཀྱིལ་འཁོར་དུ། །མིང་ཙམ་རྟགས་ཙམ་འབྱུང་འགྱུར་བ། །གཙུག་གི་ནོར་བུ་ལྟར་བཀུར་བར་བགྱིའོ། །དེ་ཡིས་དགོངས་པ་སྣ་ཚོགས་དང་། །མ་ལུས་པ་ནི་བདག་ཅག་སྒྲུབ། །བདག་ཅག་རྣམས་ཀྱིས་མ་བསྒྲུབས་ན། །མགོ་ལུས་དུམ་བུར་འགས་པར་ཤོག །ཅེས་མནའ་བསྐྱལ་ལོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། རང་རྟགས་ཕུལ་བ་དང་། དམ་བཅས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། རང་གི་ལྷ་བསྐྱེད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དེའི་ཆོ་ག་གསུངས་པ་ནི། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏེ་སྦྱ། ཕྲ་ཏ་མུ་ཀ་ཁ་ཏ་ཁ་སྐྲུ་ཧྭ། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་སྦྱ། ཨ་ཀྲོ་ཏ་བི་ཛ་ཡ། ཨག་ནི་ར་ཛ་ལ་ཏི་ཛི་ཧ་པྲ་ཏི་ཤི་ཧུ༷་ཕཊ་སྭ་ཧྭ། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏེ་སྨྱོ། ཕྲེ་ཏོ༷ང་ཀྭ་ཡ་ཧུ༷་ཕཊ། ཨོ་ཕྲེ་ད་ཏ་བིག་ནན་ཏ་ཀ་པི་ས་ར་སྭ། ཨཱོཾ་པྲེ་ཏ་ཛ་ལ་ཧུ༷་ཕཊ། ཨོ་ཀྲོ་ཏ་ཕྲེ་ཏོད་ག་༷ཏ་ཧུ༷་ཕཊ། ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏེ་སྒྱུ། པྲེ་ཏ༷་ལ་བི་ཀི་ཏ། གུ་ཧེ་བི་ཙི་ཀ་མུ་གི་སརྦ་ར་ག་ཤོ །པ་ཙུ་ས་ཤི་ཧུ༷་ཕཊ། ཨཱོཾ་ཨེ་ཀ་བི་ར་ཡ་མན་ཏ་ཀ་པི་སི་ར་གྲྭ་ཧྭ། ཨོ་ཏ་ཀ་ཙི་ཏི་གྲོ་ནི་དྷ་རརྟ་སད་བྷ་ན་དྷ་བི་གྲ་ཧ་གྲྭ་ཧྭ། ཨཱོཾ་དི་བ་བྷ་སྲོག་མ་ལ་དྷ་རི་ནི་གྲྭ་ཧྭ། ཨཱོཾ་ཛི་ཏྲི་དུབ་པ་ཡ་ཡ་གྲྭ་ཧྭ། ཨོ་དབི་པ་ཛི་ཏ་བྲ་ཏེ་སྭ་ཧྭ། ཨོ་བི་མན་ཏ་ཀ་ཙ་བྷ་ལི་ནི་གྲྭ་ཧྭ། ཨཱོཾ་སརྦ་ཨ་་མྲི་ཏེ་ཤ་བྷ་བྷ་ཧི་ར་ནི་གྲྭ་ཧྭ། ཨོ་ད་བི་བྷ་ནན་པི་ཙི་རི་ཧ༷་ར་ཧ་ར་ཧྲི་ཧྲི་ཁ་སྭ་ཧྭ། ཨོའ་ཁུ་ཁུ་རི་ཕྲེ་ཏོད་ག་ཏ་པེ་ཏ་མ་ལེ་ལི་ནི་གྲྭ་ཧྭ།མ་མ་གླེ་དྷ་གླེ་དྷ་པྲེ་ཕྲི་དོ་ཤི་ཧྲི་མ་ཧྲི་ཏྲི་ཏང་། ཁུ་ཁུ་ནི་ར་ཀི་ཧ་ན་འབའ་གྲྭ་ཧྭ། ཨོ་ཧུ༷་སི་ཏི་ཧུ༷་ཛ་ཛ། ཨོ་ཧུ༷་ཨ་གྲོ་ཏ་ཨ་མྲི་ཏ་ཛ་གད་པྲ་བྷ་གྲྭ་ཧྭ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཏ་པ་ན་ཛ་ཧྭ༷་ཕཊ། སྔགས་ཀྱི་གྲངས་ནི་བཅུ་བདུན་པའོ། །ཐོས་པ་ཙམ་གྱིས་མོད་ལ་ཡང་། །དེ་དག་ཀུན་ཏུ་རྨོངས་འགྱུར་བ། །བཟླས་པའི་གྲངས་ནི་ངེས་པ་དག །ཆོ་ག་བཞིན་དུ་བཤད་པར་བྱ། །ཐོག་མ་དྲུག་འབུམ་བཟླས་ནས་ནི། །སྔོན་དུ་བསྙེན་པ་བྱས་པར་འགྱུར། །དེ་ནས་རི་མོའི་ཆོ་ག་ཡིས། །ཕྱིས་ཀྱང་སུམ་འབུམ་བཟླས་པར་བྱ། །བསྐྱེད་རིམ་ལ་ནི་སེམས་གཏད་དེ། །མགོ་ནི་རྨ་བྱ་བཞིན་དུ་བཀུག །རུ་ནི་རཀ་ཤའི་ཕྲེང་བ་ཡིས། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །རྩེ་གཅིག་སེམས་ཀྱིས་བཟླས་བྱས་ཏེ། །སྐྱོ་ན་བཟླས་པ་བཏང་བར་བྱ། །དེ་བཞིན་རི་རྩེར་འབུམ་བཟླས་ནས། །གྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཕྱིས་ན་མཁས་པས་ཅི་འདོད་པར། །སྒྲུབ་པ་ལ་ཡང་འཇུག་པར་བྱ། །དེ་ཡིས་འཁོར་ལོ་རྒྱས་པ་སྟེ། །ཧེ་ལ་མ་ལ་རྒྱས་པར་བསྐོར། །མ་གྲུབ་སྤོགས་པའི་ཆོ་ག་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཕྱི་ཀྲི་ཡ་ལས་གསང་བ་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་གསུངས་པ། །ཆོ་ག་གསུམ་མམ་བྱང་ཆུབ་ལྔས། །བདག་ཉིད་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་བེ་ཅོན་གཡོན་སྡིགས་མཛུབ། །རྒྱན་དང་ཆ་ལུགས་ལྡན་པར་བསམ། །ཧུ༷་ལས་ལྷ་མོ་བརྒྱད་ཀྱིས་བསྐོར་བར་བསམ། །མཆོད་ཅིང་བཟླས་པའི་སྔགས་གསུངས་པ། །སྐུ་གསུང་བཅུད་འདུས་གང་རུང་བཟླས། །འཁོར་ལོ་རྐྱང་པ་གཉིས་སུ་བསྐོར། །མ་གྲུབ་ཐུན་གྱིས་སྤོགས་པར་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། བདག་ཉིད་རྣལ་འབྱོར་སྒྲུབ་པ་གསང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་བཞིན་གཞན་ཡང་བཤད་པ་ནི། །རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །མི་དམིགས་མཁའ་མཉམ་བྱང་ཆུབ་སེམས། །དངོས་པོ་མཚན་མར་མི་དམིགས་པས། །ཆོས་ཉིད་ངང་དུ་དབྱེར་མེད་མཉམ། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ། །སྒ་མའི་སེམས་ཉིད་དེ་དང་འདྲ། །ནམ་མཁའ་འཇའ་ཚོན་སྣང་བ་ཡང་། །ནམ་མཁའི་ནང་དུ་རོ་གཅིག་མཉམ། །ཡོད་དེ་ཡིན་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་ཡུལ་ལས་འདས། །མེད་དེ་མེད་པ་མ་ཡིན་ཏེ། །ནྟྲང་ཆུབ་སེམས་ལས་ཆོ་འཕྲུལ་འབྱུང་། །བྱང་ཆུབ་སེམས་ནི་ཧུ༷་དུ་འགྱུར། །ཧུ༷་གི་འཕྲོ་འདུ་སྦྱོར་བ་ལས། །འཇིག་རྟེན་ཁམས་འདི་རབ་འབྱམས་ཀུན། །ར༷་ཡ༷་ཁ༷་གིས་སྲེག་སྦྱངས་བཀྲུས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །སྟེང་འོག་འཁོར་ལོ་པད་མར་གནས། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཡེ་ཤེས་འབར་བའི་གནས་ཆེན་པོ། །མཐའ་དང་དབུས་མེད་ནམ་མཁའི་དབྱིངས། །ཕྱི་དང་ནང་མེད་ཆོས་ཉིད་དང་། །དུག་ལྔ་གདོད་ནས་དག་པའི་ཕྱིར། །ཞེ་སྡང་འབར་བའི་ནམ་མཁའ་ལ། །ཕྲག་དོག་འབར་བའི་རླུང་ནག་འཁྲིགས། །འདོད་ཆགས་འབར་བའི་མེ་ཆུར་ཆགས། །གཏི་མུག་འབར་བའི་ས་གཞི་གཏམས། །ང་རྒྱལ་འབར་བའི་ཀེང་རུས་བརྩིགས། །བདུད་དང་མུ་སྟེགས་ཐམས་ཅད་དང་། །གནོད་སྦྱིན་སྲིན་པོ་གདན་དུ་བཏིང་། །གཤིན་རྗེ་ཕོ་མོ་ཁྱོ་ཤུག་སྟེང་། །མ་ཧེ་གླང་ཆེན་བརྫིས་པ་འོ། །འཁོར་ལོ་རྩིབས་དང་སྒོ་བཞི་ལྡན། །མུ་ཁྱུད་གྲུ་ཆད་བཞི་ཡིས་བརྒྱན། །རྡོ་རྗེ་ཐོད་པས་རྒྱན་པ་སྟེ། །རྡོ་རྗེ་རྒྱ་གྲམ་སྒོ་བཞིར་བདུད། །འཕྲོ་འདུ་ལྔ་ལྡན་ཆོ་ག་ཡིས། །བདག་ཉིད་འཇམ་དཔལ་སྐུ་ར་གྱུར་ཏེ། །གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྒོམ། ་ས་རབ་ཡུམ་གྱི་མཁའ་དབྱིངས་སུ། །དག་པའི་མུ་ཏིག་བདུད་རྩི་སྤྲོ། །བདེར་གཤེགས་ཐམས་ཅད་བསྐྱེད་མཛད་མ། །ཆོ་གས་གནས་སུ་དག་པར་འགྱུར། །ཐབས་ལ་མཁས་པའི་ཐུགས་རྗེ་ཡིས། །མཁའ་དབྱིངས་རྣམ་དག་ཀློང་དབྱིངས་སུ། །རིག་པ་ཡེ་ཤེས་གནས་འཕྲོས་པས། །འབྲས་བུ་གཉིས་མེད་སྐུ་རུ་བསྒོམ། །ཞེས་གསུངས་པས་སྐུའི་དཀྱིལ་འཁོར་གསལ་བར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དཔའ་བོ་ཆེན་པོའི་སྒྲུབ་ཐབས་གསང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དེའི་ཆོ་ག་ཡང་གསུངས་པ། ཏིང་འཛིན་གསུམ་ལྡན་དབང་ཆེན་རྫོགས། །གཞལ་ཡས་གདན་ལྡན་ཆོ་ག་ལྔས། །བདག་ཉིད་དཔའ་བོ་གཅིག་ཡབ་ཡུམ། །གཡས་དམར་གཡོན་ལྗང་དབུས་མཐིང་་་་་་། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོད་པ་སྡིགས་མཛུབ་ཕུར་པ་གཡོན། །རང་དང་འདྲ་བ་ཡུམ་གྱི་སྐུ། །མཆོད་ཅིང་བསྟོད་པ་གསུང་གི་སྔགས། །རྟག་ཏུ་མ་ཡེངས་རྣམ་པར་བཟླས། །ལྔ་དང་གསུང་གི་བྱིན་རླབས་ངང་། །ངེས་པར་ལྡན་པ་ཉིད་དུ་བསམ། །དགོངས་པ་གཉིས་ལྡན་མཁས་པས་བསྒོམ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དཔའ་བོ་ཆེན་པོའི་སྒྲུབ་ཐབས་གསང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ངེས་པར་བསྟན་པ་ལ། །གསུམ་དང་འབྱུང་བ་བརྩེག་མར་ལྡན། །གཞལ་ཡས་གདན་ལྡན་རིམ་པ་ལས། །བདག་ཉིད་གཙོ་བོ་ཡབ་ཡུམ་སྐུ། །བསྐྱེད་ལ་རྟོགས་པའི་བྱིན་རླབས་འབྱུང་།།གཤེད་བཞི་ཡབ་ཡུམ་ངེས་པར་འགྱུར། །དེ་ལ་མཆོད་བྱས་ཐུགས་ཀྱི་སྔགས། །མི་དྲག་མི་ཞན་ངེས་པར་བཟླས། །ཕ་རོལ་ཕྱིན་དྲུག་ལྡན་པར་བསྒོམ། །ཏིང་འཛིན་ལྡན་པས་བསྒོམས་པ་ན། །བསྐྱེད་རྫོགས་གཉིས་ལྡན་མཁས་པས་བསྒྲུབ། །དེ་ཡིས་མཆོག་དང་ཐུན་མོང་འགྲུབ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གཙོ་འཁོར་ལྔའི་སྒྲུབ་ཐབས་གསང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་ཉིད་ཀྱི་གསུང་གི་གསང་བ་ནི། ཨོ་མ་ཧྭ་ཤུ་རྒྱ་ཏ་རྙོ་ན་ས་མ་ཏི་ཧུ༷། དྷརྨ་དྷར་ཏུ་ས་མ་ཏི་ཧྭ༷། ཙྭ་ན་བཛྲ་ས་མ་ཏི་ཧུ༷། སརྦ་ཏ་ཐུ་ག་ཏ་གརྙེ་ལ༷། པདྨ་ད་ར་ཨ་དྷི་ཁེ྅་ཨོ། ཨེ་ཨསྣེ་མཎྜལ༷་ཡ༷་རྐིརྨ་རསྒ་ཧ༷། མ་ཧྭ་རཀྟ་ཧྭ༷། ར༷་ཛ་ལ་མཆུལ་ཧྭ༷། ར་རཀྟ་ས་མུན་ཛ་ཧུ༷། སུ་བཛྲ་ཏིསྟ་མཎྜལ་ཧུ༷། རུ་ཏ་སྟི་ར་བ༷། ཨ་ནི་སྟོ་ར་བ༷། ཡསྒ་སྟི་ར་བ༷། རསྒ་སྟི་ར་བ༷། ཡ་མ་སྟི་ར་བ༷། མ་ཧེ་མཎྜལ། ཨ༷་ཙན་ཏྲ་མཎྜལ། པ་པང་རྨི་མ་ལ ་༷་བི་་ཇོ་ཛ་་ན་ཙཀྲ་ཧྭ༷། ཨཱོཾ་ཨ་སྐྲོ་ཏེ་ཀ་ཡ་མན་ཀ་ཧ་ན་ཐ་བ་ན་ཙ་ཧྭ༷། ཨོ་ཨ༷་ཧྭ༷་ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་མྲ ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་སྟེ་ཡུ་ཡསྤྱེ་ཡ་ཛེ་ནི་ར་མ། ཨཱོཾ་སརྦ་ཏ་ཐུ་ག་་ཏ་ཡ་མ་་ཀ་ཡ་ཀྲུཛྲ་སྭ༄་བྷ་བཙྭ་ཏོ་སྐྲུཏཱ་རྐོ྅ཧ༷༄། ཨཱོཾ་སརྦ་ཏ་ཙྭ་ག་།ཏ་ཝ་རྐོ་བརྫི་སྭ་བྷ་བ་ཨཏཱ་རྐེ་྅ཧྭ༷། ཨཱོཾ༷་རྨེརྦ་ཏ་ཐུ་ག་ཏ་ཙི་ཏ་བཛྲ་སྭ་བྷ་བ་ཨཏྣ་ཀོ྅ཧ༷།༷ཨཱོཾ༷་སྒྲི་སྟི་ཀུ་རུ་ཛ་ལ་ནི་ཧུ༷་ཕཊ། ཨཱོཾ་སྙི་སྟི་ཡ་ཧུ༷་ཕཊ། ཨོ་མ་ཧྭ་པ་ཏ་ཧུ༷། ཨོ་སསྣོ་དེ་བ་རི་ཞི་ཏ་ཧྭ༷་ཕཊ། ཨོ་སརྦ་ཏྲི་ཨ་ཧྭ༷་ཕཊ། ཨཱོཾ༷་སརྦ་དེ་བ་ཧྭ༷་ཕཊ། ཨོ་ཨ་མྲི་ས་ན་ཙ་ཧྭ༷་ཕཊ། ཨཱོཾ་ཧྲི་སྟི་བ༷་ཧུ༷་ཕཊ། ཨོ་ཨབྱ་དྷརྨུ་ཧུ༷་ཕཊ། ཨཱོཾ་ཛ་ལ་ར༷་ཧུ༷་ཕཊ། ཨོ་རྒྱུ་ཏ་ཀུ་ལན་ཏེ། བཛྲ་ཀུ་ལན་ཏེ། རཏྣ་ཀུ་ལན་ཏེ།ཀརྨ་ཧཱུཾ་ལན་རྟོ།་ཧེ༄་ཧེ་ཧོ་ཧོ། ཧུ༷་ཕཊ། ས༄་མ་ཡ་ཧུ༷་ཕཊ། ས་མ་ཡི་སྟོ༷། ས་མ་ཡ་ར་ག་ས་མ་་ཡ་ར་ག་ཡ་མི། སྔོན་དུ་བསོད་ནམས་ཚོགས་ཀྱི་ལམ། །ཏིང་འཛིན་ལས་ཀྱི་སྦྱོར་བའི་ལམ། །ལྷར་བསྐྱེད་བསྒོམ་པའི་ལམ་དང་ལྡན། །ཡེ་ཤེས་སེམས་སོགས་མཐོང་བའི་ལམ། །བཟླས་དང་བསྒོམ་བསྒྲུབ་མཐར་ཕྱིན་ལམ། །དེ་དོན་ལྡན་པ་རྣལ་འབྱོར་དེས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གསུང་གི་དཀྱིལ་འཁོར་གསང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་ངེས་པའི་དཀྱིལ་འཁོར་ནི། དབུས་ཀྱི་གཙོ་བོའི་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་མཐིང་གའི་མཆོག །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོད་པའི་སྡིགས་མཛུབ་ཕུར་པ་གཡོན། །ཡུམ་གཉིས་གཡས་གཡོན་གཙོ་ལ་འཁྱུད། །ཡ་མ་ར་ཙ་ཞལ་གཅིག་ཕྱག་གཉིས་སྨུག །གཡས་ན་མ་ཏང་གཡོན་འཁོར་ལོ། །མྱོས་བྱེད་ཞལ་གཅིག་ཕྱག་གཉིས་སེར། །མ་ཏང་འཁོར་ལོ་ཞལ་གཅིག་ཕྱག་གཉིས་དམར། །རོ་དང་འཁོར་ལོ་ཐོགས་པ་ཉིད། །ཚར་དགུ་གཅིག་པ་ལྗང་ནག་ཉིད། །མ་ཏང་འཁོར་ལོ་ཐོགས་པ་ཉིད། །ནག་འཇོམས་ཞལ་གཅིག་ཕྱག་གཉིས་གནག །དགྲ་སྟ་འཁོར་ལོ་ཐོགས་པ་ཉིད། །ཀོང་ཙེ་ཞལ་གཅིག་ཕྱག་གཉིས་དཀར། ཁྲག་དང་འཁོར་ལོ་ཐོགས་པའོ། །གླང་མགོ་ལྗང་ཁུ་ཕྱག་གཉིས་ཞལ། །ཏྲི་ཤུལ་འཁོར་ལོ་བསྐོར་བའོ།།ཡབ་ཏི་ཞལ་གཅིག་ཕྱག་གཉིས་སེར། །ལྕགས་ཀྱུ་འཁོར་ལོ་བསྣམས་པོ། །ཕྱུ་སངས་ཞལ་གཅིག་ཕྱག་གཉིས་མཐིང་། །རལ་གྲི་འཁོར་ལོ་ཐོགས་པའོ། །སྨིག་བུ་ཞལ་གཅིག་ཕྱག་གཉིས་དམར། །ཐོད་ཕྲེང་ཞོབོར་ལོ་བསྐོར་བ་འོ། །རྟེལ་པ་ཞལ་གཅིག་ཕྱག་གཉིས་སུ། །དབྱུག་ཐོ་འཁོར་ལོ་ཐོགས་པ་འོ། །དུད་ཀ་ཞལ་གཅིག་ཕྱག་གཉིས་ལྗང་། །ཐོ་བ་འཁོར་ལོ་ཐོགས་པ་འོ། །ཆོས་ཀྱི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་སྨུག །ཁྲམ་བམ་ལུབོར་ལོ་བསྐོར་བྱ་འོ། །མིག་དམར་ཞལ་གཅིག་ཕྱག་གཉིས་དམར། །ཤོ་རྡེའུ་འཁོར་ལོ་བསྐོར་བ་འོ། ཁྲོ་མོ་ཡུམ་རྣམས་ཕྱག་རྒྱ་ནི། །སྐུ་མདོག་སོ་སོའི་གཙོ་དང་མཐུན། །གཡས་འཁྱུད་གཡོན་པ་རཀྟ་སྟོབ། །སྒོ་མ་གསང་བའི་བསེ་མོ་བཞི། །སྐུ་མདོག་མ་ངེས་ཅིར་ཡང་སྣང་། །ཕྱག་ན་ཕུར་པ་ལྕགས་ཀྱུ་འཛིན། །གཡས་སྒོམ་དོན་རྟོགས་ཐོད་པ་ཡིས། །ཐུགས་ཀྱི་དོན་མཚོན་མཉེས་གྱུར་ཅིག །ཅེས་གསུངས་པས་མཉེས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཐུགས་ཀྱི་མཆོད་པ་གསང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་དཔའ་བོ་དགེས་པ་ཆེ། །མཆོད་པ་ཆེན་པོའི་བཤད་དུ་གསོལ། །དེ་ནས་ཡང་གསུངས་པ། མཁའ་ཀློང་དབུས་མཐའ་ཀུན་ཏུ་བཟང་མོའི་ཀློང་། །དབྱིངས་ལས་ཡེ་ཤེས་མཆོད་རྫས་མང་པོ་ཤར། །དེ་ཉིད་མ་བཅོས་ཡུམ་གྱི་རང་བཞིན་ཏེ། །དཀྱིལ་འཁོར་ལྷ་ཡི་མཆོད་པ་རོལ། །བདུག་པ་མེ་ཏོག་དྲི་དང་མར་མེ་དང་། །ཞལ་ཟས་ཚོགས་དང་བཅས་པ་དང་། །རཀྟ་ཨརྒ༷་ཚིལ་ཆེན་སྤོས། །ཏིལ་གྱི་མེ་མར་མང་པོའི་མེ་ཏོག་དང་། ཁྲ་ཆེན་བཤོས་དང་བཅས་པའི་མཆོད། །རང་བྱུང་གདོད་ནས་དག་པའི་རྫས། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་བསྒྲལ་བའི་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདིས། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་མ་ལུས་དང་། །མ་མོ་མཁའ་འགྲོ་མཐའ་དག་དང་། ཁྲོ་བོའི་རྒྱལ་པོ་མཐའ་ཡས་ཀུན། །ཐུགས་དམ་དབྱིངས་ཉིད་བསྐང་བའི་ཕྱིར། །མཆོད་པའི་ཚོགས་ཀྱི་རྣམ་པར་མཆོད། །སོ་སོར་མཆོད་ལ་དབང་ཡང་བླང་། །ཡབ་ཡུམ་གཉིས་མེད་སྦྱོར་བར་དགེས་པའི་སྲས། །དང་པོ་དབྱེར་མེད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་དཔའི་མཆོད་པ་དམ་པ་འདིས། །ཀུན་བཟང་དགེས་པའི་མཆོད་པ་འབུལ་ལགས་ན། །བླང་དོར་མེད་པའི་བདེ་བ་ཆེན་པོའི་ངང་། །གཉིས་སུ་མེད་པའི་དོན་དུ་བཞེས་སུ་གསོལ། །སྲིད་པའི་སྦྱོང་སྙིང་ཟད་པར་སྦྱར་བའི་ཕྱིར། ཁམས་གསུམ་ནད་སོས་མཛད་པ་གཉེན་པོའི་རྫས། །བདུད་རྩི་ཆེན་པོ་པ྅་ཨ་མྲི་ཏ། །བླ་མེད་སྨན་པའི་ཚོགས་ལ་འབུལ་ལགས་ན། །འགྲོ་བའི་རིམས་ནད་བཅད་ཕྱིར་བཞེས་སུ་གསོལ། །ཉོན་མོངས་ལས་ཀྱིས་བསླུས་པའི་མ་རིག་འཁྲུལ་པ་དང་།འཇིག་རྟེན་སྐྱེ་ཤི་རྩད་ནས་བཅད་པའི་ཕྱིར། །དུང་ཆེན་རཀྟས་བཀང་བའི་དམ་རྫས་འདི། །གཉིས་སུ་མེད་པར་བསྒྲལ་ནས་འབུལ་ལགས་ན། །བླང་དོར་མེད་པའི་ཚུལ་གྱིས་བཞེས་སུ་གསོལ། །བཅོམ་ལྡན་གཤིན་རྗེ་རྣམས་ཀྱི་སྤྱན་ལམ་དུ། །བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཤ་ཁྲག་དམར་གྱི་གཏོར་མ་མཆོད་པ་དམ་པ་དང་། །སྨན་གཏོར་སྨན་དང་བྱུང་བའི་མཆོད་པ་དང་། །བསྟན་པ་གཤིན་རྗེའི་དགྲ་བགེགས་མཆོད་པར་བཞེས། །རསྒ་དགྲ་བོའི་ཤ་ནི་ཟན་པས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །སྐུ་ཡི་མཆོད་པ་བཞེས་སུ་གསོལ། །རསྒ་དགྲ་བོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །གསུང་གི་མཆོད་པ་བཞེས་སུ་གསོལ། །རསྒ་དགྲ་བགེགས་རུས་པ་འཆོས་ཤིང་མངར། །ཞེ་སྡང་མཆོད་པ་བླ་ན་མེད། །ཐུགས་ཀྱི་མཆོད་པ་བཞེས་སུ་གསོལ། །རསྒ་དགྲ་བོའི་མཁྲིས་པ་སྨན་གྱི་རྒྱུ། །ང་རྒྱལ་མཆོད་པ་བླ་ན་མེད། །ཡོན་ཏན་མཆོད་པ་བཞེས་སུ་གསོལ། །རསྒ་དགྲ་བགེགས་བློ་སྙིང་གསོལ་བའི་རྒྱུ། །ཕྲག་དོག་མཆོད་པ་བླ་ན་མེད། །ཕྲིན་ལས་མཆོད་པ་བཞེས་སུ་གསོལ། །འདི་ནི་དུག་ལྔའི་མཆོད་པ་སྟེ། །བཅོམ་ལྡན་འདས་གཤིན་རྗེ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། འཁོར་བ་བརྒྱ་ཡི་ལིངས་ཆེན་ལ། །དུས་ངན་ཐ་མའི་སྙིགས་མ་བྱུང་། །དམ་སྲི་དགྲ་བགེགས་བསྒྲལ་བའི་ལས་བྱུང་གིས། །བ༷ཅོམ་ལྡན་གཤིན་རྗེ་རྣམས་ཀྱིས་བསྒྲལ་བར་མཛོད། །སྤྲུལ་པའི་ཕྲ་མེན་རྣམས་ཀྱིས་གནམ་ནས་ཁུག །རྣལ་འབྱོར་དུག་གསུམ་དབལ་གྱི་ཞལ་དུ་བསྟབས། །བསྟན་པ་བཤིག་པའི་དགྲ་བགེགས་ཞལ་དུ་བསྟབས། །ཨཱོཾ་ས་མ་ཡ་མསྣྲུ་ཤི། མུ་དྲ་ཡ་མརྙ་ཀ་བ་ཙ་ཏེ་རོ་ནི་ཧུ༷་ཛ། ཤི་བྱིན་བརླབ་ཏུ་གསོལ། རྟགས་མངོན་དུ་ཕྱུང་ཤིག །འགལ་བྱེད་ཀྱི་སྟེང་དུ་རྡོ་རྗེའི་ཐོག་ཕོབས་ཤིག །ཡ་མ་ཡ་མ་བཏང་ཤིག །ཞེས་གསུངས་པས། འཁོར་རྣམས་དགྱེས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། མཆོད་པ་གསང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དཀྱིལའཁོར་བྱིན་གྱིས་བརླབ་པ་གསུངས་པ། འཕགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་ལས། །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་བཞེས་སུ་གསོལ། །བདག་ཉིད་ཁྲོ་བོ་འབར་བའི་སྐུར་བསྟན་ནས། །ཚངས་དང་བརྒྱ་བྱིན་ལྷ་ཆེན་དབང་པོ་རྣམས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་བསྒྲལ་བར་མཛོད། །ཐུགས་རྗེ་ཆེན་པོའི་དབང་གིས་བཞེས་སུ་གསོལ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །དགྲ་བགེགས་འཇོམས་པར་མཛད་པའི་གཤིན་རྗེ་གཤེད། །ཐམས་ཅད་བརླག་ པར་མཛད པའི་གཤིནརྗེགཤེད། །མ་ཧེའི་གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །གཤིན རྗེཉིད ཀྱི་ཞགས་པས་བཅིངས་ནས་ནི། །བེ་ཅོན་དབྱུག་པ་དགྲ་བགེགས་རྡུལ་དུ་རློགས། །བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། །རང་བཞིན་གྲུབ་པའི་གནས་ནས་སྤྱན་འདྲེན་ན། །ཐུགས་རྗེ་ཆེན་པོའི་དབང་གིས་གཤེགས་སུ་གསོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཡ་མ་ཏ་ཀ་ཡབ་ཡུམ་གཤེགས་སུ་གསོལ། །ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཡ་མ་ར་ཙ་ཡབ་ཡུམ་གཤེགས་སུ་གསོལ། །ང་རྒྱལ་བྲག་ལྟར་གཏམས་པའི་དཀྱིལ་འཁོར་ནས། །མྱོས་བྱེད་འབར་བ་ཡབ་ཡུམ་གཤེགས་སུ་གསོལ། །འདོད་ཆགས་ཆུ་ལྟར་འབྲུབས་པའི་དཀྱིལ་འཁོར་ནས། །ཨརུ་དམར་པོ་ཡབ་ཡུམ་གཤེགས་སུ་གསོལ། །ཕྲག་དོག་རླུད་ལྟར་འ་་པའི་དཀྱིལ་འཁོར་ནས། །རལ་པ་ཚར་དགུ་ཡབ་ཡུམ་གཤེགས་སུ་གསོལ། །རུ་ཏྲ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །རྡོ་རྗེ་བདུད་འཇོམས་ཡབ་ཡུམ་གཤེགས་སུ་གསོལ། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ཀོང་ཙེ་བྲག་འཇོམས་ཡབ་ཡུམ་གཤེགས་སུ་གསོལ། །མེ་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ཨ་བ་གླང་མགོ་ཡབ་ཡུམ་གཤེགས་སུ་གསོལ། །སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ལྷ་མཆོག་ཕྱུ་སངས་ཡབ་ཡུམ་གཤེགས་སུ་གསོལ། །ཀླུ་རྒྱལ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ལྷ་མཆོག་སྨིག་་བུ་ཡབ་ཡུམ་གཤེགས་སུ་གསོལ། །རླུང་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ལྷ་མཆོག་རྟེལ་བ་ཡབ་ཡུམ་གཤེགས་སུ་གསོལ། །གནོད་སྒྱིན་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ལྷ་མཆོག་དུད་ཁ་ཡབ་ཡུམ་གཤེགས་སུ་གསོལ། །དབང་ལྡན་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གཤེགས་སུ་གསོལ། །ས་བདག་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །གཤིན་རྗེ་མིག་དམར་ཡབ་ཡུམ་གཤེགས་སུ་གསོལ། ན་མོ་བུརྙ་ཡ། དྷརྨུ་སང་གི་བྷ། པ་ར་ཙིསྟ་ཡ། ཨ་གད་ཛ་ཡ་ཧུ༷། ཧྲི་སྟི་ཡ་ཧུ༷་ཕཊ། ཞེས་གསུངས་པས། དཀྱིལ་འཁོར་རྣམས་བྱིན་དང་ལྡན་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དཀྱིལ་འཁོར་བྱིན་རླབས་གསང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དཔའ་བོ་ཉིད་ཀྱིས་སྒྲུབ་ཐབས་འདི་གསུངས་སོ། །དཀྱིལ་འཁོར་ཡི་དྭགས་ཕལ་ཆེན་བྱ། །བེ་ཅོན་རལ་གྲི་མཚན་མ་བྲིས། །འཐུབ་ཁུང་བྱང་དུ་བཞག་པར་བྱ། །སྟོང་པ་ཉིད་ལས་དབང་ཆེན་རིམ་པ་ནི། །བདག་ཉིད་ཀྱི་ནི་བསྲུང་བར་བསམ། །དེ་ནས་་སྒྱུ༷་ལས་གཞལ་ཡས་ཁང་། །ཆོ་ག་གསུམ་ལས་གཙོ་བོ་ཞ་ཐ་དྲུག་གཟུགས། །དེ་ཡི་ཐུགས་ཀའི་གནས་ལས་ཧྭ༷་བརྒྱད་ནི། །ཕྱོགས་མཚམས་འདབ་མ་ལ་སྤྲོས་པས། །བེ་ཅོན་ལས་ཀྱི་ཐར་བྱེད་བརྒྱད་བསྐྱེད་དོ། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། །ཡེ་ཤེས་བསྐལ་པ་ཆེན་པོའི་ཀློང་ཡངས་ནས། །ཐུགས་མཚོག་མི་འགྱུར་ཁ་དོག་ནག་པོའི་གཟུགས། །ཞལ་དྲུག་རྒྱུ་དྲུག་ཟད་པར་མཛད། །སྐྱེ་ཤིའི་རྩ་བ་གཅོད་པའི་ཚེམས། །རྣམ་པར་ཐར་གསུམ་གསུངས་པའི་སྤྱན། །བཅུ་གཉིས་ཕྱག་ལ་མཚོན་ཆ་རོལ། །ཞབས་དྲུག་ཐུར་དུ་གཤིན་རྗེ་གནོན། །གདུག་པ་འདུལ་བའི་དོན་ལ་སྤྱན་འདྲེན་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཏ་ན་ག་ན་སྦྱོར་དང་སྒྲོལ་བའི་ཡུམ། །གཡོན་ན་ཁྲོ་མོ་བི་ཏ་ལི། །གཡས་ན་རལ་པ་གཅིག་མ་སྟེ། །ཏ་ན་ག་ནའི་དོན་སླད་སྤྱན་འདྲེན་གཤེགས་སུ་གསོལ། །འཇམ་དཔལ་ཐུགས་ལས་སྤྲུལ་པའི་མཐར་བྱེད་བརྒྱད། །དམྱལ་བ་མཐར་བྱེད་ཡིད་དྭགས་མཐར་བྱེད་དང་། །བྱོལ་སོང་མཐར་བྱེད་ཀླུ་རྒྱལ་མཐར་བྱེད་དང་། །དམ་སྲི་མཐར་བྱེད་གནོད་སྤྱིན་མཐར་བྱེད་ཚོགས། །ཕྱོགས་བཅུ་བདུད་འདུལ་སྤྱན་འདྲེན་གཤེགས་སུ་གསོལ། །མཐར་བྱེད་ཆེན་མོའི་སྤྱན་སྔར་དམ་བཅས་གཤིན་རྗེའི་ཚོགས། །ཆོས་ཀྱི་རྒྱལ་པོའི་གཤིན་རྗེ་ཕྱུ་སངས་གཤིན་རྗེ་དང་། །ཡ་བ་ཏི་དང་གཤིན་རྗེ་དམིགས་པའི་ཚོགས། །གླང་མགོ་རྗེ་དང་རྟེལ་པ་དང་། །རལ་པ་ཚར་དགུ་གཤིན་རྗེ་མིག་དམར་ཚོགས། །ལས་ཀྱི་སྒྲོལ་གིང་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱག་དང་ཞབས་ལ་མཆོད་པ་འབུལ། །བཟླས་པ་འཁོར་ལོའི་ལས་ལ་སྦྱར། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།མཐར་བྱེད་གསང་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་གསུངས་པ་འདི་ལྟ་སྟེ། ཏིང་འཛིན་གསལ་བར་བྱ་ཉིད་དང་། །ཧུ༷། ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །གྲུབ་ནས་ཡི་གེ་ཧུ༷་དུ་གྱུར། །ཧུ༷་ཆེན་མཐིང་གའི་བྱིན་རླབས་ལས། །གསལ་ན་རྡོ་རྗེ་ལྔ་རུ་འགྱུར། །རྡོ་རྗེ་རྩེ་ལྔའི་འོད་ཟེར་ལས། །ཡི་གེ་ཡ་ཡི་སྐུ་རུ་ཀྱུར། །ཡི་གེ་ཡ་ལས་སྐུ་བསྐྱེད་པ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །ཡ་མརྙ་ཀ་གཤིན་རྗེ་གཤེད། །དབུ་གསུམ་པོ་ལ་ཕྱག་དྲུག་སྟེ། །གཡས་ནི་དཀར་ལ་གཡོན་པ་དམར། །དབུས་ནི་སྐུ་དང་མཐུན་པའི་ཞལ། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །ཞལ་བགྲད་རྡོ་རྗེའི་མཆེ་བ་གཙིགས། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །གཡས་པ་གསུམ་ན་བསྣམས་པ་ནི། །འཁོར་ལོ་རལ་གྲི་ཐོ་བ་གཡས། །གཡོན་པ་གསུམ་ན་བསྣམས་པ་ནི། །ཐོད་པ་སྡིགས་མཛུབ་ཕུར་པ་བསྣམས། །སྐུ་ཡང་ཆེ་ལ་བེམ་ལྡིང་བཟང་། །གླང་ཆེན་ཀོ་རློན་ན་བཟར་གསོལ། །ཞིང་ཆེན་གཡང་གཞི་ཡ་བ་བསྐོར། །སྟག་ལྤགས་བརྗིད་པའི་ཤམས་ཐབས་ཅན། །ཐྲོད་པ་སྐམ་པོའི་སེ་རལ་ཁ། །སྦྲུལ་ནག་སྟོང་གི་ལྷུ་ཚིགས་བརྒྱན། །ཞིང་ཆེན་བསྒྲལ་བའི་གདན་སྟེང་ན། །བརྐྱང་བསྐུམས་ཚུལ་དུ་བརྗིད་པར་བཞུགས། །གཡོན་ནས་ཁྲོ་གཉེར་གནས་པ་སྟེ། །ཟ་བྱེད་ནག་མོ་རྡོ་རྗེ་བི་ཏ་ལི། །གཏུམ་རྨོ་དུ་ཀུའི་རས་གྱོན་མ། །གདོང་ནས་མིག་ནི་ཁྲོས་ང།འི་ཚུལ། །མིག་གསུམ་གདོང་ལ་ཁྲོ་གཉེར་མང་། །གཟི་བརྗིད་རབ་ཏུ་མདངས་ཀྱི་ལྷ། །གྱེན་ལ་སྐྲ་བརྫེས་གསུས་པོ་ཆེ། །རབ་ཏུ་འཇིགས་པའི་ཁ་ཡང་གདངས། །ལུས་ནི་མེ་ཆེན་འབར་བ་ཅན། །གཟི་ཆེན་རབ་ཏུ་བསྲེག་པར་མཛད། །གཡས་ཀྱི་ཕྱག་ན་ཏྲི་ཤུལ་རྩེ་གསུམ་བསྣམས། །དགྲ་བགེགས་ཡབ་ཀྱི་ཞལ་དུ་སྟོབ། །ཡིད་ཙམ་གཙོ་ལ་འདུད་པའི་ཚུལ། །བདེ་གཤེགས་སྲས་ཀྱི་བཀའ་ནོད་མ། །ཞིང་ཆུང་བསྒྲིལ་མའི་གདན་སྟེང་ན། །བརྐྱང་བསྐུམ་ཚུལ་དུ་སྦྱོར་མཛད་མ། །སྐུ་རུ༷་ཀྱུར་ཅིག་དབང་བསྐུར་བྱིན་གྱིས་རློབས། །འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ཡི་དྭགས་འབར་བའི་གདན་སྟེང་དུ། །གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས། །བརྐྱང་བསྐུམ་ཚུལ་དུ་བརྗིད་པར་བཞུགས། །ཨཱོཾ་སརྦ་ཡ་ཏི་སྟ་ལྷན། འཇམ་དཔལ་ནག་པོ་གསང་བ་དྲུཀུ་ཅུ་པའི་རྒྱུད་ལས། དཀྱིལ་འཁོར་གསལ་བར་བསྐྱེད་པ་དང་། བརྟན་པར་བྱ་བ་གསང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་འཇམ་དཔལ་ཆེན་པོས་གསུངས་པ། ཨོ་མ་ཧྭ་ཤུ་རྒྱ་ཏ་སྭ་བྷ་བ་ཨཏྣ་ཀོ྅ཧ༷། ཨཱོཾ་དྷཨཱོཾ་ཙྭ་ན་སྭ་བྷ་བ་ཨཏྣ་ཀོ྅ཧི། ཧུ༷། ཧུ༷་གི་ངང་ལ་དབང་ཆེན་དཀྱིལ་འཁོར་གྱུར། ཡ༷་ཀརྨ་རསྒ་ཧ། བཛྲ་ཛ་ལ་ར༷། མ་ཧྭ་༷རཀྟ་ལི་ར་ག་མ་དྷ་ལ་ཧུ༷། སུ་སུ་རི་རི༷་ཏ་ས་མུན་ཏ་ཧུ༷། བཛྲ་ཀརྨ་རསྒ་ཧུ༷། བཛྲ་ཏི་སྟ་ཧུ༷། བཛྲ་ཛ་ལ་ར༷། བྲུ༷་ལས་ཁང་པ། བཛྲ་ཙཀྲ་ཧུ༷། མ་ཧྭ་པེ་ནེ་ཧུ༷། ཨ་ཙན་ཀྲ་དྷ་ལ་ཧུ༷། ཨོ་ཨ་ཀྲོ་ཏ་ཡ་མརྙ་ཀ་ཧ་ན་མ་ཐ་བརྫི་ཧུ༷། ཨཱོཾ་ཨ༷༷ཧུ༷་པེ་ཏ་ལི་རསྒ་ས་མ་ཡ་ཧུ༷། ཨཱོཾ་ཨ༷༷ཧུ༷་ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་སྒེ་ཡ། ཡསྒེ་ཡ་ཛ་ནི་ར་མ་ཡ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །བདག་གི་དད་པ་རྣམ་པར་དག་པ་དང་། །འཇམ་དཔལ་གཤིན་རྗེའི་སྔོན་གྱི་ཐུགས་རྗེ་ཡིས། །ཚུར་སྤྱོན་ཚུར་གཤེགས་འཇམ་དཔལ་གཤིན་རྗེ་གཤེད། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །འཁོར་གྱི་གཤིན་རྗེའི་ཚོགས་དང་བཅས་པ་གཤེགས་སུ་གསོལ། །དེ་དང་གཉིས་མེད་སྦྱོར་བའི་ཡུམ། ཁྲོ་མོ་ཆེན་མོ་བེ་ཏ་ལི། །ཨེ་ཀ་ཛ་ཏི་རྡོ་རྗེ་རལ་གཅིག་མ། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །འཁོར་གྱི་མ་མོའི་ཚོགས་དང་གཤེགས་སུ་གསོལ། །ལྐུག་པ་ལུག་གི་གདན་སྟེང་ནས། །གསུང་གི་སྤྲུལ་པ་མ་རུ་ཙེ། །འཁོར་གྱི་མ་མོ་དམར་མོའི་ཚོགས་རྣམས་གཤེགས། །ཆུ་གླང་སྔོན་པོའི་གདན་སྟེང་ནས། །ཐུགས་ཀྱི་སྤྲུལ་པ་ཡ་མ་ར་ཙ་ཡང་། །འཁོར་གྱི་མ་མོའི་ཚོགས་དང་གཤེགས་སུ་གསོལ། །ཉི་མ་དང་པོའི་ལས་མཛད་མ། །ཡ་བ་ཏི་དང་ཕྱུ་སངས་གཤེགས་སུ་གསོལ། །གཤེད་མོ་ལུ་གུ་རྒྱུད་དང་འབེབས་མ་གཤེགས། །ཉི་མ་གཉིས་པའི་ལས་མཛད་མ། །རྟེལ་པ་ཆོས་ཀྱི་རྒྱལ་པོ་གཤེགས་སུ་གསོལ། །གཤེད་པོ་ལྕགས་ཀྱུ་མ་དང་ཞགས་པ་མ་ཡང་གཤེགས། །ཉི་མ་གསུམ་པའི་ལས་མཛད་མ། །གླང་མགོ་ཅན་དང་སྨི་་པགཤེགས། །གཤེད་པོ་གསུམ་པོ་དག་དང་གཤེགས། །ཉི་མ་བཞི་ཡི་ལས་མཛད་མ། །རལ་པ་ཚར་དགུ་མིག་དམར་གཤེགས་སུ་གསོལ། །གཏུམ་ཆེན་རབ་བརྗིད་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཉི་མ་འབུམ་བས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དཔལ་ཆེན་གཤེད་ལ་སྦྱོར་བའི་ཡུམ། ཁྲོ་མོ་ཆེན་མོ་རྡོ་རྗེ་བེ་ཏ་ལི། །ཨེ་ཀ་ཛུ་ཏི་རྡོ་རྗེ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྤྲུལ་པ་འཇམ་དཔལ་ནག་པོ་དང་། །གསུང་གི་སྤྲུལ་པ་གཤིན་རྗེ་མ་རུ་ཙེ། །ཐུགས་ཀྱི་སྤྲུལ་པ་ཡ་མ་ར་ཙ་ལ་ཕྱག་འཚལ་ལོ། །དུར་ཁྲོད་གནས་ནས་ཉིན་མོ་རབ་ཏུ་རྒྱུ། །མི་ཤི་མགོ་ནས་ཆེམ་ཆེམ་གསོལ་བྱེད་མ། །ཟ་བྱེད་ནག་པོ་འཁོར་གྱིས་བསྐོར། །གཤེད་མོ་བརྒྱད་ལ་ཕྱག་འཚལ་ལོ། །དུར་ཁྲོད་གནས་སུ་ནུབ་མོར་རབ་ཏུ་རྒྱུ། །མི་ཤི་མགོ་ནས་ཆེམ་ཆེམ་ཟ་བྱེད་མ། །འཁོར་གྱི་གཤེད་མོ་བརྒྱད་ལ་ཕྱག་འཚལ་ལོ། །དུད་ཁྲོད་རྫས་དབང་བླངས་ལ་འཁོར་ལས་སྦྱངས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།༷དམར་ནག་གི་སྤྱི་སྒྲུབ་གསང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་གསུངས་པ། ཏིང་འཛིན་རྣམ་གསུམ་མེ་རི་སྨུག་ནག་བསྐྱེད། དེའི་ནང་དུ་ཧུ༷་ལས་སྐུ་གསུང་ཐུགས་རྣམས་མ་ལུས་བསམ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་བརྫི་ཧུ༷་ཕཊ། རྡོ་རྗེ་རྔེ་ཆུང་ལྕགས་ཀྱུ་གཡས། །ཐོད་པ་རྒྱུ་ཞགས་ཞིང་ཆུང་གཡོན། །སྦྱོར་སྒྲོལ་གཉིས་དང་བཅས་པ་འོ། །གཉིས་མེད་ལས་ཀྱི་འབྲས་གསུམ་སྐུ། །བསྐལ་པ་མེ་ལྟར་འབར་བ་ཡི། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཡ་མརྙ་ཀ་ཡབ་ཡུམ་གཤེཊ་སུ་གསོལ། །དུག་ལྔ་འཁྱིལ་བའི་དཀྱིལ་འཁོར་ནས། །གཤེད་པོ་ལྔ་རྣམས་གཤེགས་སུ་གསོལ། །མི་རོ་རྟ་རོ་བསྣོལ་བའི་དཀྱིལ་འཁོར་ནས། །འཆི་བདག་ཡབ་ཡུམ་གཤེགས་སུ་གསོལ། །རཀྟ་མཚོ་ལྟར་འཁྱིལ་བའི་ད༷ ཀྱིལ་འཁོར་ནས། །འཆི་བདག་གཤིན་རྗེ་ཡབ་ཡུམ་གཤེགས་སུ་གསོལ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨཱོཾ་ཤི་མཉུ་ཡ་མརྙ་ཀ །ཨ་ཀྲོ་ཏེ་བྱི་ཀྲོ་ཏི་ཤི་ར་རཀྟ་ཛ་ཛ། ཡཀྟ་ཛ་ཛ། ཨེ་ཀ་ཙཀྲ་ས་མ་སྟོམ། ཨེ་ཀ་མོ་ཏི་ཧྲིང་ཧྲིང་། ཤི་ཡ་མརྙ་ཀ་ཡ་མ་ར་ཛ་ས་དོ་མེ་ཡ། ནག་མོ་ཏྲག་ཤ་ཛ་ཏི་མ་སྨྱོ། ཨེ་ག་མོ་ཨེ་ག་མོ་སྨྱོ། ཏྲག་སྨྱོ་ཏྲག་སྨྱོ། རསྒ་ཙ་མུན་ཏ་སྨྱོ། ཏྲག་ཁ་ལི་ནག་མོ་དུན་ཏིང་རུ་ལུ་སྨྱོ། རེ་མ་ཏི་སྨྱོ། ཡང་ན་རྩ་སྔགས་རིང་པོ་ཉིད། །སྟོང་ཚིག་བཅས་པའི་བསྙེན་པ་བྱ། །ཉིན་མོ་འཁོར་ལོ་རབ་ཏུ་བསྐོར། །ནུབ་མོ་ཐུན་གྱིས་ཁ་ཐུན་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཁ་ཐུན་ནག་པོ་གསང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་བ། ཀྱེ་ཀྱེ་དཔའ་བོ་དགྱེས་པ་ཆེ། །སྤྱིན་སྲེག་དོན་རྣམས་བཤད་པར་མཛོད། དེ་ནས་དཔལ་ཆེན་པོས་གསུངས་པ། ལས་དང་མཐུན་ཐབ་དཀྱིལ་འཁོར་དུ། །ལེན་དང་ལས་ཐུན་ལྷ་བསམ་ལ། །བཀུག་ལ་སྲེག་རྫས་མཆོད་པ་འབུལ། །སྤྱིན་སྲེག་མ་བྱས་འབྲས་མི་འབྱིན། །དེ་བས་འབད་པ་ཉིད་དུ་བྱ། །ལས་དང་མཐུན་པའི་་ཐབ་དཀྱིལ་དུ། །ཚངས་པའི་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འཇིག་རྟེན་ཡོངས་ལ་སྐྱབས་པའི་ཕྱིར། །ཐུགས་དམ་དབང་གིས་སྐུ་སྤྲུལ་ཞིང་། །རིག་སྔགས་སྲུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་བྷརྙེ་བསྣམས། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཐུགས་རྗེ་སྤྲུལ་པ་ཁྱོད་ལ་འདུད། །ཧཱུཾ༷། རྒྱུད་ལྔ་འདུས་པའི་ཕུང་པོ་ལ། །ཡི་གེ་ལྔ་ཡི་འཕྲོ་འདུ་ཡིས། །ཉོན་མོངས་དུག་ལྔའི་གནས་བཅོམ་ནས། །སྟོངས་ཤིང་ཟད་པར་བསྒྲལ་དུ་གསོལ། །ཞེ་སྡང་དར་བའི་དགྲ་བགེགས་ལ། །ཡ་མའི་འཕྲོ་འདུ་ཞབྲུག་པ་ལས། །ཡ་མརྙ་ཀ་སྤྲིན་ཕུང་གཏིབས། །མཐིང་ནག་ཆེན་པོ་འབར་བའི་སྐུ། །ཞེ་སྡང་ཆེན་པོ་རྒྱུན་བཅད་ནས། །སྟོངས་ཤིང་ཟད་པར་བསྒྲལ་དུ་གསོལ། །གཏི་མུག་དར་བའི་དགྲ་བགེགས་ལ། །མེ་ཡི་འཕྲོ་འདུ་ཞབྲུག་པ་ལས། །ཡ་མ་ར་ཙ་སྤྲིན་ཕུང་འཁྲིགས། །དཀར་ནག་ཆེན་པོ་འཇིགས་པའི་སྐུ། །གཏི་མུག་ཆེན་པོ་རྒྱུན་བཅད་ནས། །སྟོངས་ཤིང་ཟད་པར་དབྱིངས་སུ་སྒྲོལ། །ང་རྒྱལ་དར་བའི་ཕུང་པོ་ལ། །མེ་ཡི་འཕྲོ་འདུ་འཁྲུགས་པ་ལས། །མྱོས་བྱེད་འབར་བའི་སྤྲིན་ཕུང་གཏིབས། །སེར་ནག་ཆེན་པོ་འཇིགས་པའི་སྐུ། །ང་རྒྱལ་ཆེན་པོ་རྒྱུད་བཅད་ནས། །སྟོངས་ཤིང་ཟད་པར་བསྒྲལ་དུ་གསོལ། །འདོད་ཆགས་དར་བའི་དགྲ་བགེགས་ལ། །རྟ་ཡི་འཕྲོ་འདུ་འཁྲུགས་པ་ལས། །གཤིན་རྗེ་དམར་པོ་སྤྱིན་ཕུང་འཁྲིགས། །དམར་ནག་ཆེན་པོ་འཇིགས་པའི་སྐུ། །འདོད་ཆགས་ཆེན་པོ་རྒྱུན་བཅད་ནས། །སྟོངས་ཤང་ཟད་པར་དབྱངས་སུ་སྒྲོལ། ། ཕྲག་དོག་དར་བའ་དགྲ་བགེགས་ལ། །ཀྟ་ཡ་འཕྲོ་འདུ་འཁྲུགས་པ་ལས། །རལ་པ་ཚར་དགུ་ ན་ཕུང་འཐབས། །ལྗང་ནག་ཆེན་པོ་འཇིགས་པའི་སྐུ། །ཕྲག་དོག་ཆེན་པོ་རྒྱུན་བཅད་ནས། །སྟོངས་ཤིང་ཟད་པར་དབྱིངསསུ་སྒྲོལ། །གཤིནརྗེའདུས་པའི་དཀྱིལ་འཁོར་དུ། །ཕོ་མོ་འདུས་པའི་བྲོ་བརྡུངས་པས། །བྲོ་ནི་བདུད་བཞི་འདུལ་བའི་བྲོགླུ་ནི་ཕྱོགས་སྐྱོངས་བཅུ་ཡི་གླུ། །འཁོར་གྱི་འཚི་བདག་སྤྱིན་ཕུང་བཞིན། །འཆི་བདག་ཕོ་མོས་བྲོ་བརྡུངས་པས། །དགྲ་བགེགས་སྐྱེ་མཆེད་འཇོམས་པའི་བྲོ། །རྐང་པ་གཡས་པའི་བྲོ་བརྡུངས་པས། །དགྲ་བགེགས་ཕོ་རྣམས་འཇོམས་པའི་བྲོ། །རྐང་པ་གཡོན་པ་བྲོ་བརྡུངས་པས། །དགྲ་བགེགས་མོ་རྣམས་དམ་སྲི་གནོན། །གཤེད་པོ་འདུས་པའི་དཀྱིལ་འཁོར་དུ། །ཕོ་མོ་བརྒྱད་ཀྱི་བྲོ་བརྡུངས་པས། །དགྲ་བགེགས་རྣམ་ཤེས་རྡུལ་དུ་རློག །ཕྱོགས་སྐྱོང་འདུས་པའི་དཀྱིལ་འཁོར་དུ། །ཕོ་མོ་ཉི་ཤུའི་བྲོ་བརྡུངས་པས། །ཉི་ཤུ་ཉེ་བའི་ཉོན་མོངས་འཇོམས། །སྟོངས་ཤིང་ཟད་པར་དབྱིངས་སུ་སྒྲོལ། །བཀའ་ཉན་འདུས་པའི་དཀྱིལ་འཁོར་དུ། །ལས་ཀྱི་གཤིན་རྗེའི་བྲོ་བརྡུངས་པས། །དགྲ་བགེགས་མ་ལུས་རྡུལ་དུ་རློག །དཔོན་གཡོག་འདུས་པའི་དཀྱིལ་འཁོར་དུ། །ཉུངས་དཀར་སེར་པོ་བྲོ་བརྡུངས་པས། ། ལྕགས་ཀྱུ་འབར་བའི་བུ་ཡུག་འབེབས། །ཕུང་པོ་བསྒྲལ་བའི་རྗེས་ཤུལ་ལ། །གཤིན་རྗེ་འབུམ་ཁྲི་བྲོ་བརྡུངས་པས། །ཕུང་པོ་ལྷག་མ་མེད་པར་སྒྲོལ། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ། །གཤིན་རྗེ་རྔམ་པའི་སྒྲ་སྐད་ཙེ་རེ་རེ། །་ཤུད་པའི་བརྡ་སྐད་ཀྱུ་རུ་མྲ །སྟོང་ཁམས་སྐྱོང་བའི་ལས་མཁན་རྣམས། །བདུད་རྩི་སྨན་གྱི་གཡབ་དོར་ན། །དམ་ཚིག་སྲུང་ཞིང་ཕྲིན༷་ལས་མཛོད། །འ༷ཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ལས་བཞིའི་བྲོ་སྦྱང་བ་གསང་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་དཔལ་ཆེན་པོ་རང་བཞིན་གྲུབ་པའི་སྔགས་གསུངས་པ། ཤརྙི་ཀུ་རུ་སྣ་ཧྭ། སྤྲུརྨྱེ་ཀུ་རུ་གྲྭ་ཧྭ། མ་མ་ཨ་མུ་ཀ༷་བ་ཤ༷་ཀུ་རུ་ཧུ༷། མ་མ་སརྦ་ཤ་ཧུ༷་ཨ་མུ་ཀ༷་མ་ར་ཡ་ཧྭ༷་ཕཊ། མ་མ་ཤ་ཏྲུ༷་ཨ་མུ་ཀ༷་ཤུ་ར་པྲ་མ་ནན་ཀུ་རུ་ཧུ༷་ཕཊ། མ་མ་ཤ་ཏྲུ༷་ཨ་མུ་ཀ༷་ཛ་ན༷་ཀུ་རུ་ཧཱུཾ་ཕཊ། མ་མ་ཤ་ཧྲུ༷་ཨ་མུ་ཀ༷་མུ་ཁ་ཏི་ར་ཙ་ར་ན་མ་ཀུ་རུ་ཧུ༷་ཕཊ། ཨ་ཀ་ར་ཤ་རྣ་ཀུ་རུ་ཧུ༷་ཛ། ཨ་མུ་ཀ༷་ཤ་པ་རྣ་ཧུ༷་ཕཊ། ཨ་མུ་རྐ་པི་ཏ་ཡ་ཧུ༷་ཕཊ། ཤ་ཏྲུ༷་ཨ་མུ་ཀ༷ །ཛ་པ་ཡ་ཧུ༷་ཕཊ། ཨ་མུ་ཀ༷་དང་ས་ཧ་ཨ་མུ་ཀ༷་མ་ཧྭ་བི་ད་ཤ་ཡ་ཧུ༷་ཕཊ། ཤ་ཏྲུ༷་ཨ་མུ་ཀ༷་ཨུ་ཙ་ཏ་ན༷་ཀུ་རུ་ཧུ༷་ཕ༷ཊ། ཤ་ཏྲུ༷་ཨ་མུ་ཀ༷་ཨུ་ན་མ་ཏ༷་ཀུ་རུ་ཧུ༷་ཕཊ། ཨསྤྱོ་ན༷་ག༷་པྲེ་ཤ་ཨ་ཀརླ་ཡ། ཨ་སྟ་ན་ག༷། ཨ་ཏི་བྲིལྟི་ནི་མ་ར་ཡ། ་ལྷན་ག༷་པྲ་སྟ་ར་ཡ་པ་ཏ་ཡ་པ་ཏ་ཡ། པྲ་སྟ་རི་ད་ཧ་ད་ཧ། པ་ཙ་པ་ཙ་ནི། བི་ཏ་ཤ་ཡེ་ཤོ་ཤ་ཡ་ཧུ༷། ཨཱོཾ་ཤི་མསྐྲུ་ཡ་མན་ཡ་མརྙ་ཀ །པ་ཏི་ལི་ཀྲོ་ཏི་ཤོ་རི་ཡ་མ་ར་ཙ་ཆེ་གེ་མོ་ནི་དྷི་ཀི་ལི་ཡ་ཧྲུ༷་ཕཊ། ཨ་ཤི་མསྐྲུ་ཡ་མརྙ་ཀ་ལི་ཀྲོ་ཏི་ཤོ་རི། མ་ར་ཡ་ཆེ་གེ་མོ་མ་ར་ཡ། མ་ཏྲན་ཡ་ཧུ༷་ཕཊ། ཨོ་ཤི་་མརྫི་ཡ་མརྙ་པེ་ཏ་ལི་ཀྲོ་ཏི་ཤྭ་རི་ར་མ་ར་ཙ། ཆེ་གེ་མོའི་ཙིསྟ་ནི་ཤ་མ་ར་ཐུན་ཐུན། ར་ག་ཨ་བེ་ཤ་ཨ་ཨ། བསྙེན་དང་མཆོད་བསྟོད་རྩ་སྔགས་གདགས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ལས་སྣ་ཇོགས་བསྒྲུབ་པ་གསང་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་དཔལ་ཆེན་པོ་ལས་ཀྱི་གཤིན་རྗེ་སྒྲུབ་པ་ཁས་བླངས་པ་ནི། སུམ་མདོ་བྲག་དང་ཆུ་འཐབ་དང་། །བྱང་དུ་ཁ་བལྟས་གདུག་པ་གནས་པ་ཡི། །དབྱར་ཟླ་གསུམ་ལ༷་སྒྲུབ་པ་ཙམ། །ཕ་༷མེད་ལ་སོགས་ཐོད་པ་མཚན་ངན་དུ། ཁྲག་དང་མིང་བྱང་རྫས་རྣམས་གསོགས། །སྔོནཱ་དུ་གཏོར་སྤྱིན་རྒྱས་པར་བྱིན། །གསུམ་དང་ལྡན་པས༷ ་བསྒོམ་པ་ནི། །དབང་ཆེན་ལྡན་པའི་རང་སྤྱིན་ལ། །ཨཱོཾ་བྲེ་ཤ་ག་རྔཁྲུ་༷། ཨོ་ནག་པོ་ཏི་པ་ཛ་སརྦ་དུ་པ་ཙ་བ་བེ་བུ་ཤ་ཧུ༷། སྤང་ནག་པོ་ཏི་པ་ཏ་ཀ་ལ་ན་ཧུ༷་ཡ་ཤ་ཧུ༷། ཨཱོཾ་ན་ག་ར་རག་ཤ་བེ་བར་བུ་ཤན་པ་ལ་ག་ཤ་ཧཱུཾ། ཨོ་ན་ག་པེ་རཀླུ་ཛ་ལ་ཧུ༷། ནག་པོ་ཏི་པ་ཙ་ན་གར་ག་ཤ་ཆེ་གེ་མོ་ཧྲི་ནུ་ལ་བེ་ཤོ་ན། ཕོས་ཕོས་ཤིག་ཤིག་ཚུམ་ཚུམ་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་དགྲ་བོ་ལ་མ་ར་ཡ་ཛུ་ཛུ། བསྐལ་པ་སྦྲུལ་ནག་འཁྱིལ་པའི་དཀྱིལ་འཁོར་ནས། །རེག་པའི་ཁྲོ་རྒྱལ་འཆི་བདག་མགོ་དགུ་པ། །བདུད་སྡེ་འགྲོ་བ་ཀུན་གྱི་བདུད་དམ་ཉམས། །འདི་ཡི་བདུད་དུ་ཁྱོད་ལ་ལྷ་ག་པ་མེད། །ཁྱོད་ནི་མི་བཟད་ཡུན་གྱི་ལྷར་ཡང་གསོལ་འདེབས་ན། །བདག་གི་རྒྱལ་དུ་དཔུང་གཉེན་དུ་ཡང་ཁྱོད་ལས་མི་འཚལ་ན། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །ཡབ་ཡུམ་འཁོར་དང་བཅས་པ་གཤེགས་ནས་ཀྱང་། །མཐུན་པའི་ཞལ་ཟས་མཆོད་པ་འདི་གསོལ་ལ། །བདག་གི་དམ་ཉམས་དགྲ་བོ་འདི། །དགུ་བརྒྱུད་རྩ་བ་བཅད་པའི་དུས་ལ་བབ། །རྩ་བ་རླུད་ལ་བསྐུར་ཞིང་མཛེ་ཤུ་ཐོང་། །ཨོ་ནག་པོ་ཏ་པ་ཙི་པེ་ཙི་པེ་རསྒ་ཨུད་ཤན་ཏེ་ཀྲ༷་ནན་ནི་ནན་ཤན་ཀུ་རུ་ཙ་ཡ་ཡ༷་ཡ༷་ཛུ་ཛུ་ཛུ། རྒྱུ་ནི་རྒྱ་མཚོའི་གཏིང་ནས་རྒྱུ། །འོག་གི་ཀླུ་སྲིན་ཕོ་ཉར་འགྱེད། །དགྲ་བོ་འདི་ལ་མཛེ་དང་ལྷོག་པ་ཐོང་། །སྐུ་ནི་རིང་རབ་ངོས་ལ་བརྟེན།ཁམས་གསུམ་མ་ལུས་དབང་དུ་སྡུད། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །དབུ་ནི་བར་སྣང་ཁམས་ན་འཕྱོ། །སྔགས་པ་བདག་གིས་བོས་པའི་ཚེ། །སྐད་ནི་མི་ཟད་འབྲུག་ཏུ་སྒྲོགས། ཁམས་གསུམ་ཀླུ་རྣམས་དབང་དུ་སྡུད། །དགྲ་བོ་འདི་ལ་མཛེ་དང་ལྷོག་པ་ཐོང་། །ནག་པོ་ཏི་པ་ཛ་པ་ཙ་ར་ཙི་ར་ཙི་པ་ལ་འདུ་ཤེས་ཆེ་གེ་མོ་ལ་ཡམ། སྦྲུལ་ནག་འབར་བའི་ནལ་པ་ལ། །མཛེ་དང་ཤུ་བའི་ཚ་ཚ་འཕྲོ། །ཨི་ལ་ཤི་ཡི་སྒྲ་སྒྲོགས་པས།ཁམས་གསུམ་མ་ལུས་མཛེ་ཡིས་འགྱེལ། །ཉམས་པ་འདི་ལ་མཛེ་དང་ལྷོག་པ་ཐོང་། །མིག་ནས་ཁྲག་གི་བུ་ཡུག་འབེབས། །ཞལ་ནས་མེ་ཡི་རླངས་པ་འཐོར། །ཉམས་པ་འདི་ལ་མཛེ་དང་ཤུ་བ་ཐོང་། །སྔགས་པ་བདག་གིས་བོས་པའི་ཚེ། །གཡས་པ་བརྒྱད་ནི་སྦྲུལ་གྱི་ཞགས་པ་འཕེན། །གཡོན་པ་བརྒྱད་ནི་ཀླུ་སྲིན་ཕོ་ཉར་འགྱེད། །ཀླུ་ཆེན་བརྒྱད་ནི་ཐུགས་ཀྱི་དཀྱིལ་ནས་འཆར། །ཀླུ་བྲན་བརྒྱད་ནི་ཞབས་ཀྱི་འོག་ནས་རྒྱུ། །ཀླུ་བདུད་སྟོང་ནི་སྐུ་ཡི་གཡས་ནས་རྒྱུག །ས་བདག་སྟོང་ནི་སྐུ་ཡི་གཡོན་ནས་རྒྱུག །ས་བདག་སྟོང་ལ་དབང་བསྒྱུར་ཞིང་། །སྟོང་གསུམ་དགྲ་བོའི་ཁྱིམ་དུ་མཛེ་ཡིས་ཁེངས། །ནག་པོ་ཏི་པ་ཙ་པ་ན་ག་ཀྲོ་ཏི་ཤྭ་རི་ཧྲ་ཤན་རྦད། ཀུ་རསྒ་རྦད། ཏི་པ་ཙ་ལ་ཛལ། ཁཡ༷༷༷སྨྱུཆེགེ་མོ་མ་ར་ཡ་ཛ། དེ་དང་གཉིས་སུ་མེད་པར་སྦྱོར་བའི་ཡུམ། །བུད་མེད་ལུས་ལ་སྐྲུལ་གྱི་གཞུག །རྒྱུ་ནི་བར་སྣང་ཁམས་ན་རྒྱུ། །ཀླུ་བྲན་མང་པོ་སྐུ་ལ་རྒྱན། །ཀླུ་ཆེན་བརྒྱད་དང་སྦྱོར་བ་མཛད། །ས་བདག་མང་པ་ཕོ་ཉར་འགྱེད། །ཀླུ་བདུད་མང་པོ་ཕོ་ཉར་འགྱེད། །ཀླུ་སྐམ་སྟོང་ནི་མནན་གཟིར་བྱེད། །དགྲ་བོའི་བདུད་དུ་ཁྱོད་ལས་ལྷག་པ་མེད། །མི་བཟད་ཡུན་གྱི་ལྷར་ཡང་ཁྱོད་ནི་མི་གཏོང་ན། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །བདུད་རྩི་ཀུ་རུའི་ཞལ་ཟས་འདི་གསོལ་ལ། །བསྟན་པ་བཤིགས་པའི་དགྲ་བོ་འདི། །ཕོ་ཞིག་ཡིན་ན་ཁྲམ་ལ་ཐོབ། །མོ་ཞིག་ཡིན་ན་ནད་ཀྱིས་ཐོབ། །སྐུར་ཅིང་རྩ་བ་རླུད་ལ་སྐུར། །ཡང་ན་སྨྱོ་ཞིང་ལྐུགས་སུ་ཆུག །ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་མཛེ་དང་ལྷོག་པ་ཐོང་། །ཡང་ན་ཁྱོ་ཤུགས་སྟེང་དུ་ཁྲོལ། །ཡང་ན་བུ་སྡུག་མཆན་ནས་ཕྲོལ། ། ཨོ་ནག་པོ་ཏི་ཙ་པ་ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི་པི་དེ་རྦད། བ་རུ་བེ་ཤག་རྦད། ན་ག་བེས་ཨ་ཀྲ་མ་ཤ་ཤ་ཧུ༷་ནན། སྔགས་པ་བདག་གིས་གདུངས་པའི་ཚེ། །ལྷ་ཀླུ་ཁྱོད་ལ་མ་ཡིན་གྱི། །ལང་ཀའི་བདག་པོ་མགོ་དགུ་ཡང་། །ཕ་བས་བྱམས་ལ་ཁུ་བས་བརྩེ། །ལང་ཀའི་སྲིན་པོ་རལ་གཅིག་ཀྱང་། །མ་བས་བྱམས་ལ་སྲིང་ལས་གདུང་། །གདུག་པ་ཀླུའི་ཚོགས་ཀྱིས་བཟོད་ལགས་སམ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བདུད་རྩི་ཀ་རུའི་ཞལ་ཟས་འདི་གསོལ་ལ། །དམ་ཉམས་དགྲ་བོ་འདི་ཀས་ཕུང་བར་མཛད། །མནན་གཟིར་ལས་ཀྱི་མཐའ་བརྟུལ་བྱ། །ཞེས་དམ་བཅས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།མཛེ་ཐུན་ནག་པོ་གསང་བའི་ལེའུ་སྟེ་ཉི་ཤུ་ལྔའོ།། །།དེ་ནས་ཡང་མནན་པའི་ལས་བསྟན་པ། ཧོམ་ཁུང་སྟེང་དང་ན་གའི་གནས། །རྒྱ་ལམ་ཤིང་གཅིག་རི་རྩེ་ལའོ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཡ་མཚན་ཆེ་ལ་རྨད་དུ་བྱུང་། །མེ་དཔུང་འབར་བའི་དཀྱིལ་དུ་བཞུགས། །གཡས་པའི་ཕྱག་ན་རི་རབ་བསྣམས། །གཡོན་གྱི་ཕྱག་གི་རྒྱ་མཚོ་སྐོལ། །སྐུ་ལ་བསྡོ་བའི་དགྲ་བོ་འདི། །མནན་པའི་ལས་ནི་དུས་ལ་བབ། །སྐུ་ལ་འཁྲིལ་བའི་རལ་གཅིག་མ། །དམ་དུ་བཅས་པ་མི་སྲིང་ཚོགས། །ཕོ་ཉ་ལས་མཁན་མངག་བཞུགས་ཚོགས། ཁྱེད་ཀྱིས་མནན་པའི་ལས་མཇོད་ཅིག །ཉོན་མོངས་བྱུར་ངན་དུས་ངན་འདི། །བྱང་ཆུབ་མྱུ་གུ་མ་སྐྱེས་པར། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ། །སྔགས་འཆང་བསམ་པ་མ་འགྲུབ་བར། །རི་བོ་ཆེན་པོའི་འོག་ཏུ་མནན། །བསྟན་ཕུང་གཤེད་མ་ཁྱོད་ཀྱིས་གྱིས། །དམིགས་པའི་སྲོག་སྙིང་ཁྱོད་ཀྱིས་དྲོངས། ཁྲོ་རྒྱལ་འབར་བའི་ཞལ་དུ་དྲོངས། །ཡ་མ་ར་ཙའི་ཞལ་དུ་ཐོབས། །ལྕེ་སྤྱང་རྔམ་པའི་ཞལ་དུ་སྤྱིན། །མ་མོ་རོལ་པའི་རྔམ་ཟས་གྱིས། །གཤིན་རྗེ་ནག་པོའི་ལྟོ་རུ་ཆུག །གཤིན་རྗེས་ཟིན་པ་འཚོར་མི་སྲིད། །བེ་ཅོན་རྒྱབ་པས་འཚོར་མི་སྲིད། །རེ་མ་ཏི་ཡི་ཞལ་དུ་ཐོབས། །དྲེལ་རྟ་རྐང་གསུམ་འཕོངས་ལ་ཁོལ། །རླུད་ནག་འཚུབ་མའི་དཀྱིལ་དུ་སྐྱོལ། །བྱེ་མ་ལས་ཀྱི་མ་ནུ་རུ་ཆུག །དེ་ལས་སེལ་བའི་མཐའ་མེད་ཀྱི། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྒྱུར།།དེ་ལས་འཆོར་བའི་དུས་མེད་ཀྱིས། །རི་བོ་ཆེན་པོའི་རྨང་དུ་ཆུག །དེ་ལ་ཐར་བའི་མཐའ་མེད་ཀྱིས། །གསེར་གྱི་རི་བོ་བདུན་གྱིས་མནན། །མེ་དཔུང་འབར་བའི་དཀྱིལ་དུ་སྲེག། །ནམ་ཡང་བཏང་བར་མི་སྲིད་དོ།།གཤིན་རྗེ་ཁྱོད་ཀྱི་ལྷོ་བ་ན། །སྲིད་པ་དག་ནི་གསུམ་ཡོད་དེ། ཁྱོད་ཀྱིས་མི་འགྲུབ་གང་ཡང་མེད། །དམིགས་པའི་དགྲ་བོ་དམ་ཉམས་འདི། །དང་པོ་བདེ་བར་གཤེགས་པའི་བཀའ། །དེ་ནས་འབྱུང་བ་ལྔ་ཡི་གཏེར།།དེ་ནས་དབང་པོ་ལྔ་ཡི་བཅུད། །དང་པོ་འདོད་ཆགས་མི་བསྐྱེད་དུ། །འདོད་ཆགས་དང་པོ་མ་ལས་བྱུང་། །བར་དུ་ཞེ་སྡང་མི་བསྐྱེད་དུ། །ཞེ་སྡང་དང་པོ་ཕ་ལས་བྱུང་། །ཐ་མ་མནན་གཟིར་མི་བྱ་མྲ །ང་ཡིས་མ་ངེས་ཁྱོད་ཀྱིས་ངེས། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཕ་རོལ་ན། །གཤིན་རྗེ་ནག་པོ་ཆོས་འཆད་ཀྱིས། །དབང་པོ་སྨད་ལྔ་ཡོན་དུ་ཕུལ། །འཁོར་དང་བཅས་པ་ཞིང་དུ་བཅས། །གཤིན་རྗེའི་ལག་དུ་གཏད་ལ་བཏང་། །གཤིན་རྗེའི་ལག་ནས་འཆོར་མི་སྲིད། །གཏད་དོ་འཆི་བདག་ལག་ཏུ་གཏད། །འཆི་བདག་ལག་ནས་འཆོར་མི་སྲིད། །གཏད་དོ་བདུད་ཀྱི་ལག་ཏུ་གཏད། །གཏད་དོ་ཀླུ་ཡི་ལག་ཏུ་གཏད། །གཏད་དོ་ས་བདག་ལག་ཏུ་གཏད། །དེ་ལྟར་མནན་པ་རྫོགས་པ་དང་། །ལས་རྣམས་ཀུན་ལ་མཐུ་ལྡན་འགྱུར། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གཏད་ཁྲམ་གསང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ཡི་ལས་རྣརྨེས་བྱ་བ་ཡིང་། །ང་ཡིས་མདོ་ཙམ་བཤད་པར་བྱ། །ཀླུ་དང་གཏད་ཁྲམ་བྱ་བ་ལ། །ཐལ་བ་གྲི་བརྡའ་རྩེ་མོས་བསྡུ། །ག་ཏའི་ཆུ་སྦྲུལ་ནག་པོ་འབྱུང་། །གྲོ་ག་ཤིང་ཤུན་མིང་རུས་བྲིས། །ལ་ཆར་བཏུམས་ལ་སྙིང་ཁར་རྒེཞུག །དུར་ཁྲོད་རས་ལ་ཟིལ་ཆེན་དང་། །བདུག་པའི་རྫས་བྱུག་གཟུགས་བརྙན་བསྟིམས། །ར་གི་མི་ཡི་བཅུད་ཀྱིས་བསྐུ། །དྲག་པོ་རྫས་ཀྱི་ནང་དུ་བཏུམ། །རྡོ་རྗེ་རྒྱ་གྲམ་དག་དང་ལྡན། །ལག་ཐོགས་ཀུན་ལ་བསྙེན་པར་བྱ། །ན་ག་ངེས་པའི་སར་ཕྱིན་ལ། །བསྔོ་བ་བསྔོས་ཏེ་གཏད་པར་བྱ། །ས་ཕྱོགས་འདི་ན་གནས་པ་ཡི། །ཀླུ་བདུད་འཁོར་དང་བཅས་པ་ཀུན། །གཏོར་མ་དམ་པ་འདི་ཁྱེར་ལ། །ལུས་ངག་ཡིད་གསུམ་ཚིམས་གྱུར་ནས། །རྒྱལ་བའི་བསྟན་པ་འཛིན་པ་རྣམས། །རྒྱལ་བའི་བཀའ་ལས་མ་འདའ་བར། །ང་ཡིས་གཏད་པའི་དགྲ་བོ་འདི། །ཀླུ་བདུད་ཁྱོད་ཀྱིས་་།་ར་རེ། །བསྐལ་པ་དྲོངས་ཀྱང་མ་བཏང་ཞིག །ན་ག་དམིགས་དང་གསང་བ་དང་། ། རྭ་བ་རལ་སོགས་དག་པ་འོ། །ར་འམ་དྲེ་ འུའི་ཐོད་པ་རུ། །གཟུགས་བརྙན་དམར་སེར་མདོག་བསྒྱུར་ལ། །དེ་དང་དམིགས་པ་ངང་བཅུག་ལ། །ས་བདག་མཆོད་ལ་གསང་སྔགས་བཟླས། །ས་བདག་གནས་པའི་ས་རུ་སྦ། །ཀླུ་དེས་བདག་ལ་གཏད་པ་འོ། ། དྲེད་མོ་རལ་པ་གཉིས་འདྲ་བ། །དེ་ཡི་གནས་སུ་མནན་པར་བྱ། །ཕག་སོགས་ཐོད་པ་བླངས་ནས་ནི། །སྨེ་ཁྲག་གིས་བྱུག་མིང་རུས་གཟུགས་གཞུག་བྱ། ཁྱི་ཕག་དྲེ་འུའི་གཟུགས་བྱས་ནང་དུ་གཞུག །ཚིལ་ཆེན་དུད་པ་བཏང་ནས་ནི། །གདོན་བཀུག་གཏོར་མ་བསྔོས་ནས་ནི། །དེ་ལྟར་བྱས་ལ་སྣོད་ལ་གཏད་པའོ། །བྲག་ནི་ཆུ་སྲིན་ཁ་གདངས་འདྲ། །སྡོང་པ་མོ་རག་གཏུན་ནང་དུ། །དུར་ཁྲོད་རས་ལ་མིང་རུས་བྲི། །སྡོང་པོ་རྐང་གཅིག་ཐང་ཆུས་རྒྱུག །དེ་ལ་དྲག་པོའི་རྒྱ་ཡིས་བཏབ། །གཏོར་མ་བསྔོས་ལ་གཏད་པར་བྱ། །ཀླུ་སྲིན་གཏད་པའི་རིམ་པ་འོ། །རྒྱ་གྲམ་ལམ་དུ་སོང་ནས་ནི། ཁྲོས་པའི་སེམས་ཀྱིས་མནན་པར་བྱ། །ཚིལ་ཆེན་དུད་པ་བཏང་བྱས་ལ། །ལྷ་སྲིན་མང་པོ་དེར་བོས་ལ། །གསེར་སྐྱེམས་བཏང་ལ་ཚིག་འདི་བརྗོད། ཁྱོད་ལ་ད་ནི་ལས་འཆོལ་ན། །དམ་ལས་འདས་པ་འདི་གཏད་ཀྱིས། ། ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱི། །ང་ཡིས་གཏད་པ་་།ར་ར་རེ། །སྡེ་བརྒྱད་གཏད་པའི་རིམ་པ་འོ རེ་མོང་ཐོད་པའི་ནང་དུ་མིང་རུས་གཞུག །དཀོན་མཆོག་ཆོས་སྐྱོང་སྤྱན་དྲངས་མཆོདལས་བཅོལ་གཙོ་བོའི་ཞབས་འོག་མནན། །ལྷ་ཁང་མནན་པའི་རིམ་པའོ། །དུད་འགྲོ་མི་ཡི་ཐོད་ནང་དུ། །རོ་ཙས་མཚལ་ཆེན་མིང་རུས་བྲིས། །དེ་ལ་དྲག་པོ་རྫས་ཀྱིས་དྲིལ། །ཐོད་ཁྲག་མང་པོ་གཏོར་མ་ལ། །འབྲས་བུ་རྒྱས་པའི་རྫས་ཀྱིས་བརྒྱན། །གཡང་བཞི་བརྡབ་ཅིང་འོ་དོད་འབོད། །གཏོར་མ་བསྔོས་ལ་གཏད་པ་ནི། །མ་མོ་དག་ལ་གཏད་པ་འོ། །དྲ་ཕྱི་སྟེང་དུ་ཆང་དང་འབྲུ་སྣ་ཡི། ། གཏོར་མ་ལེགས་པར་བཤམས་བྱས་འ།། །གྲགས་པའི་བདུད་པོས་འདོད་པ་བྱིན་ནས་ནི། ། གླེན་པའི་ཐོད་པར་བཅུག་བྱས་ལ། །ཤ་བུད་མདོག་རུ་མནན་པར་བྱ། །བདུད་ལ་གཏད་པ་ཉིད་ཡིན་ནོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།མནན་པའི་གནས་སོ་སོར་གཏད་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་་་་་་དཔའ་བོ་ཆེ ངེས་པར་གཏད་པ་འདི་ཉིད་ལ། །ཏིང་འཛིན་ཇི་ལྟར་གནས་པར་བགྱི། །བཟླས་པའི་ངེས་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། འདི་འདྲ་ཉིད་ལ་དམིགས་པས་ཞི། །མཚན་མ་མེད་དང་བཅས་པ་རྣམས། །རྣལ་འབྱོར་དད་པས་དེ་འོག་ཏུ། །གཏན་དུ་ཡིད་ནི་མ་ཡེངས་པར། །དམིགས་པ་ཡིད་ལ་རྟག་གནས་པར། །མ་ཡེངས་སེམས་ཀྱིས་གནས་པར་བྱ། །དེ་ཡི་སེམས་གནས་རབ་བྱས་ནས། །སངས་རྒྱས་ཉིད་ཀྱང་བརླག་འགྱུར་ན། །སྲོག་དང་ལྡན་པ་སྨོས་ཅི་དགོས། །དེ་ཡི་ཡན་ལག་གསང་གནས་པ། །དམིགས་པའི་ཡུལ་རྣམས་ཐམས་ཅད་ཀུན། །བྲིས་སྐུའམ་དམིགས་པ་སྤྱན་དྲངས་ལ། །དེ་ཡི་གནས་སུ་བསམ་པར་བྱ། །འདིས་དེང་བརླག་པར་ཐེ་ཚོམ་མེདརྟགས་དང་མཚན་མ་བྱུང་བྱུང་དུ། །རབ་ཏུ་འབད་དེ་བྱ་བ་ཡིན། །དེ་དཀྱིལ་དབུས་སུ་དེ་གཞུག་ལ། །གང་དང་གང་གི་ལས་དག་དེས། །འབྲས་བུ་མིང་དང་སྔགས་བཟླས་ཤིང་། །སྙིང་ཁར་ལ༷་ལས་རི་རབ་བསྐྱེད། །ཤིན་ཏུ་བརྗིད་ཆགས་བསྟན་པ་དེས། ཁུམ་མི་ནུས་པར་མནན་པ་ཡིན། །མནན་པའི་སྔགས་ནི་མང་དུ་བཟླས།༷ །སོ་སོ་རང་རང་ལས་ཀྱི་ལྷ། །དེ་ཡི་སྟེང་དུ་བསྐྱེད་ལ་བཞག །དེ་ཡི་གསང་སྔགས་མང་བཟླས་ལ། །ཡང་ཡང་དུ་ནི་མི་འཆོར་བསམ། ། དེ་རྣམས་སྔགས་ནི་འདིར་ཤེས་བྱ། །ཨོ་བཛྲ་བི་མ་ར་ཡ་ཤན་ཏེ་ཧེ་དུན་ནན། ཨཱོཾ་ན་གི་བིཁྱི་ཤ་ཡ་བཛྲ། ནི་ཤ་ཡ་སྟམ་པ་ནི་ནན་ནན། ཨོ་བཛྲ་ཞུང་ཞུང་ཡ། ཏྲི་ཤ་མེ་ག་ཡ་ཡ། སྟམ་པ་ཡ་མྲི་བཛྲ་ནན་ནན། ཨཱོཾ༷་བོ་བོ་ཡ་བཛྲ་ཀི་ལ་ནི་བཛྲ་ནན་ནན། ཨོ་བཛྲ་ཁ་ད་ཡ་ཁ་ད་ཡ། བཛྲ་ཤན་ཀུ་ར་ཡ་ཛ། བཛྲ་དྲི་ནན་ནན། བཛྲ་ས་མ་ཡ་ཏིག་སྣ་ཏྲེ་ཤ་ན་ན། ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན། དྲི་སརྦ་ཤ་ཆུན་ནན་ནན།ཨཱོཾ་བཛྲ་སན་ཏྲི་ཡ་མ་ཏྲི་ཡ། ཛ་ན་ནན་ནན། ཨོ་བཛྲ་མེ་ཏྲི་ཡ་བཛྲ་ཏྲ་མ་ར་ཡ་དྲི་ཛ་ནན་ནན། ཨཱོཾ་བཛྲ་ཏྲ་ལ་མ་དུ་ཡ་ཏུང་ལ་ཏུང་ཡ། ནི་ཛ་ནན། དེ་དག་བཟླས་པ་ཚང་བ་དང་། །རང་རང་གནས་སུ་མནན་པ་སྟེ། །རྐང་པ་བྱང་ཤར་མཚམས་སུ་གཏན། ། མགོ་བོ་ལྷོ་ནུབ་མཚམས་སུ་གཏད། །ཡི་གེ་དུག་དང་མ་རུང་པ། །དེ་དུས་བྲི་དང་བྲི་བ་ཡིན། །དེ་འདྲའི་ལས་ནི་མར་གྱི་ལས། །འདི་བྱས་ཤོར་བ་ཡོངས་མི་འབྱུང་། །ང་ཡིས་བསྟན་པ་གཞུང་བཞིན་དུ། །ལས་རྣམས་མ་ནོར་མཁས་པར་བགྱི། །ནོར་བྱས་ལས་རྣམས་མི་འགྲུབ་ཅིང་། །དམིགས་པའི་རྒྱ་རྣམས་འཕེལ་འགྱུར་བས། །མཁས་པས་བརྟགས་ཏེ་འཕེལ་བར་བྱ། །རྟགས་བྱིན་གསོ་བའི་ལས་བྱ་འོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། སྔགས་དང་ཏིང་ངེ་འཛིན་མནན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་དཔའ་བོ་དགྱེས་པ་ཆེ། །དྲག་པོའི་ལས་རྣམས་སྒྲུབ་པའི་ཚེ། །ལྷ་དང་བྲལ་བ་ཇི་ལྟར་བགྱི། །ངེས་པ་ཉིད་དུ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། དྲག་པོ་ལས་ཀྱི་དུས་དག་ཏུ། །སྐྱོབ་པའི་ལྷ་ནི་འདི་དག་སྟེ། །ཡུལ་ལྷས་འཚོ་དང་ཕོ་ལྷས་འཚོ། །དགྲ་ལྷས་འཚོ་དང་མུ་སྟེགས་འཚོ། །སྲོག་ལྷས་འཚོ་དང་མོ་ལྷས་འཚོ། །གང་གིས་བསྲུང་དང་མ་མོས་བསྲུང་། །བཙན་གྱི་བསྲུངས་དང་ཐེའུ་རང་བསྲུང་། །དེ་དག་བྲལ་༄༅ བའི་ཐབས་བསྟན་པ། །དང་པོ་ཤེས་པ་དགུག་དུས་སུ། །སོ་སོའི་ངེས་པ་བརྟག་པར་བྱ། །ངེས་པ་ཉིད་དུ་མཐོང་བ་དང་། །དང་པོ་མཐུན་པའི་རྫས་བྱིན་ལ། །རང་གི་གནས་སུ་བསྐྲད་ལ་བཏད། །ཡང་ན་བདུད་དུ་དབབ་པར་བྱ། །དེས་ཀྱང་འབྲལ་དུ་མ་བཏུབ་ན། །སོ་སོ་ལས་ཀྱིས་ངེས་པར་འགྲོལ། །རྒྱལ་པོའི་བློན་པོ་ཡུལ་ལྷ་འོ། །ཡུལ་གྱི་རྒྱལ་པོ་ཕོ་ལྷ་དེས། །བོན་པོ་མུ་སྟེགས་ཉིད་དུ་འོ། །མི་དཀར་བྱུང་ན་སྲོག་ལྷ་འོ། །བུད་མེད་རང་གི་སྲུ་མོ་དང་། ། ཤ་བ་ཡུ་མོ་དེ་མཐོང་ན། །བུད་མེད་བདག་ལ་འཕྲོ་བ་དང་། །སྐྱེས་པ་མོ་དང་འགྲོགས་མཐོང་ན། །གྲོགས་མོ་མཛའ་མོ་མཐོང་བ་དང་། །བྲན་མོ་ཤེད་དམན་མཐོང་བ་དང་། །གངས་རི་གཡའ་རི་བྲག་ཆེན་དང་། ། བླངས་ཤིང་དག་ཏུ་མཐོང་བ་དང་། །མི་སྲུང་ངེས་པར་གྲུབ་པ་ནི། །རྟ་དང་གླང་དང་ཤ་བ་ལུག ཁྱི་དང་ཕག་པར་འབྱུང་བ་ན། །སྐྱོབ་པ་མེད་པར་ཤེས་པར་བྱ། །རྟ་དང་དྲེའུ་འདྲ་བ་དང་། །སྙནདང་དགོ་བ་འདྲབ་དང། ། གཙོད་དང་རྔན་ཆེན་དག་དང་ནི། །མཛོ་དང་བོང་བུ་འདྲ་བ་དང་། །སྤྱང་ཀི་གཅན་གཟན་དག་དང་ནི། །ར་དང་ཤུག་པར་བྱུང་བ་ནི། །བླ་མའི་སྤྲུལ་པར་ཤེསཔར་བྱ། །འདི་འདྲའི་རྟགས་རྣམས་འབྱུང་བ་དང་། །དེ་དག་འགྲོགས་པ་འབྱུང་བ་ནི། །བསྲུང་བར་ཤེས་བྱས་བྲབ་པ་ནི། ཁོ་དང་འདྲ་བའི་རྟེན་དག་ལ། །ཤེས་པ་བཀུག་ལ་བསྟིམས་བྱས་ཏེ། །གུ་གུལ་ཚིལ་ཆེན་ཞབས་མས་བདུག །སྡོང་པོ་མེ་རེག་ཤིང་ཤུན་དང་། །གོང་གི་རྫས་རྣམས་ཉིད་ཀྱིས་སོ། །ཚིལ་ཆེན་གུ་གུལ་རྒྱ་ཚིལ་བསྲེག །གོང་གི་རྫས་དང་རྟ་ཡི་སྡེར་མོ་བསྲེག །ར་དྲི་མ་ར་རུ་་་་་་སྲེག །གཏོར་མ་བྱིན་པ་བདུད་དུ་བབ། ཁོརྒོ་སའི་ལས་ལ་འབད་པར་བྱ། །སྙིང་ཁྲག་རྔུབ་པའི་ལས་བྱའོ། ཁྲོ་ཕུར་དག་གིས་གཟིར་བར་བྱ། །སོ་སོའི་མཐུན་རྫས་བྱིན་བྱས་ལ། །ཚིལ་ཆེན་གུ་གུལ་དུད་པས་བདུག །ཅང་མི་འོང་ན་ལས་ལ་འབད། །དེ་ལྟར་ལས་དེའི་དུས་དག་ཏུ། །ཕོ་ཉ་མང་པོ་མཉེས་པར་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དབྱེ་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་ཡང་གསང་པའི་བདག་པོས་གསོལ་པ། ཀྱེ་ཀྱེ་ཁྲོ་བོ་བདག་པོ་ཆེན་པོ་ཡིས། །དོན་ཉིད་མངོན་དུ་ཇི་ལྟ་བུ། །ངེས་པ་ཉིད་དུ་བཞུགས་པར་འཚལ། །ཞེས་གསོལ་པས། ཡང་དཔའ་བོ་ཆེན་པོས་གསུངས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །དབྱེ་བའི་རྣམ་པ་གཉིས་མེད་པ། །དེ་ཡི་དཔལ་ལྡན་བདེ་བ་ཆེ། །གཅིག་པར་གྱུར་པའི་རང་བཞིན་ལས། །འགྲོ་བ་རྣམས་ནི་རྣམ་པར་སྤྲུལ། །སྟོང་པར་དམིགས་པར་སྨྲ་བ་ཡིས། །རྫུན་དུ་སྨྲ་བས་བསླུས་པ་རྣམས། །རྣམ་རྟོག་རྨོངས་པས་བཅིངས་པ་ཡིས། །དེ་ནི་དམ་པ་ཉིད་མི་བརྟགས། ། ཐབས་དང་ཤེས་རབ་རྣམ་དག་ལ། །ཕྱི་རོལ་རྟོག་པ་ངེས་པར་རྟགས། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །བདེ་བ་ཆེན་པོ་གཅིག་པུ་ཉིད། །བརྟན་དང་གཡོ་བའི་དངོས་པོ་ཀུན། །གཉིས་སུ་མེད་པས་རྣམ་པར་དག །དེ་རྣམས་རང་བཞིན་རྣམ་དག་ཞིང་། །མཁའ་ལྟར་དྲི་མེད་རྣམ་དག་ལ། །རང་བཞིན་གྱིས་ནི་ཐ་སྙད་བརྟགས། །ཐ་སྙད་དེ་ཡང་ཡོད་མ་ཡིན། །གཉིས་མེད་བདེ་བ་ཆེན་པོ་ཡིན། །གང་ཡང་བསམ་མེད་རང་བཞིན་ཉིད། །ཡེ་ཤེས་གཅིག་པུ་གཉིས་མེད་པ། །རྣམ་པར་རྟོག་པ་ཀུན་སྤངས་ལ། ཁམས་གསུམ་འཁོར་བ་ཐམས་ཅད་ཀུན། །རྟོག་པའི་དྲ་བས་ཉེས་པར་འགྱུར། །ཡེ་ཤེས་གཅིག་པུ་གཉིས་མེད་པས། །རྣམ་པར་རྟོག་པ་ཀུན་སྤངས་ལ། །རྟག་ཏུ་ཆད་པ་ཇི་སྙེད་པས། །ཕུང་པོ་གཉིས་ནི་ཡོད་མིན་པས། །དབུ་མར་ཡང་ནི་མི་དམིགས་པའི། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །གཉིས་དང་གཉིས་མེད་རྣམ་རྟོག་སྟེ། །ཐབས་དང་ཤེས་རབ་རྣལ་འབྱོར་པས། །རོ་གཅིག་གཉིས་མེད་ཤེས་པར་བྱ། །དེ་ལྟར་ཤེས་ནས་རྟོགས་བྱ་བས། །རྣལ་འབྱོར་བློ་དང་ལྡན་པ་ཡིས། །སེམས་ཉིད་རང་བཞིན་བཞག་པ་འམ། །སྣང་སྟོང་ཉིད་དུ་དམིགས་པར་བྱ། །དེ་ལྟར་ཤེས་པའི་དུས་དག་ཏུ། །སྐྱོན་ཡོད་དག་ལ་རྣམ་པར་དག །བྱ་རུ་མེད་པ་ཐུགས་རྗེས་ཡིས། །ལྷུན་གྲུབ་སྤྱོད་པ་མ་འགགས་རྩལ། །དེ་ལྟར་དངོས་པོ་སྣང་བ་ལ། །གང་ཟག་དག་ནི་མེད་པ་དང་། ། གང་ཟག་ཆོས་མཆོག་མེད་པ་ཡི། །གཟུང་འཛིན་ལོག་ན་མེད་པ་ཡི། ། འཛིན་བྲལ་རང་བཞིན་བརྟགས་བཟོད་དང་། །བདེན་པ་གཉིས་སུ་མེད་པ་དང་། །དག་པ་ཆོས་ཉིད་ངེས་པ་དང་། །རྟོག་དཔྱོད་གོང་འོག་ལྟ་བ་དང་། །མཚན་མ་མེད་པའི་ཆོས་ཉིད་ལས། །བྱིན་གྱིས་བརླབས་ལས་ལྷར་ལྟ་བ། །དེ་ཡི་དེ་ཉིད་མཐོང་བས་ན། །གོང་ནས་གོང་དུ་རྟོགས་བྱ་འོ། །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བ་གཉིས་མེད་དག་ཆེན་པོའི། །དེ་བཞིན་གཤེགས་པའི་དོན་ཉིད་ནི། །སྐྱེ་བོ་བློ་རྩལ་རབ་ཀྱིས་རྟོགས། །ལ་ལ་ལྟ་བ་མཉམ་ཡང་ནི། །སྤྱོད་པ་དག་ནི་མི་མཉམ་མོ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་འདོར་རོ། ། སེམས་ཅན་འཛིན་པ་ཟློག་པའི་ཕྱིར། །མ་རྟོགས་དང་དུ་བླང་མི་བྱ། །སྣང་བ་མི་སྦོང་དོན་དམ་སྟེ། །ཐམས་ཅད་དངོས་པོ་མེད་པ་ཡང་། །དངོས་པོ་གསལ་དྭངས་མ་ཡིན་ཏེ། །ཐབས་ཀྱི་ཕྱག་རྒྱ་འབྱུང་ཕྱིར་རོ། །འ་ལ་བ་མི་འདོར་ལྟར་ཤེས་ཏེ། །རྡོ་རྗེ་ཕུང་པོ་ལྔ་རྣམས་ནི། །གཤེགས་པ་ལྔ་ཡི་རང་བཞིན་ཏེ། །རྡོ་རྗེ་མི་ཕྱེད་ཡན་ལག་ཀུན། །སྤྲུལ་པའིགཤིནརྗེའི་རྣམ་པ་སྟེ། །འབྱུང་བ་ཡུམ་གྱི་རང་བཞིན་ནོ། །ཅི་ཡང་མེད་ལས་ཅི་ཡང་སྣང་། །སྣང་བ་མེད་ལས་ཅི་ཡང་སྣང་། །དེ་ལྟར་རྟོགས་ན་ཐེག་ཆེན་ཞེས། །སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡིན། །མི་རྟོགས་མི་དམིགས་ཐིག་ལེ་ཡི། །བདེ་བ་རང་ལ་གནས་པ་ནི། །མི་བསྐྱོད་རྒྱ་མཚོ་ཆེན་པོ་དང་། །མི་གཡོ་འོད་གསལ་ཏིལ་མེ་འདྲ། །གོས་དང་ཟས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ལ་སོགས་ཆགས་སྡང་ཆུང་། །སྙིང་རྗེ་ཕན་སེམས་རབ་ཏུ་ཆེ། །ལུས་ལ་དྲི་དང་སྡིག་པ་མེད། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ལྟ་བ་རྒྱ་མཚོ་ལ་ལྟ་བ་གསང་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་བཅོམ་ལྡན་དགེས་པ་ཆེ། །ཚ་ཚའི་གྲུབ་པ་ཇི་ལྟ་བུ། །ཡང་དག་རྫོགས་པས་བཤད་དུ་གསོལ། །ཞེས་ཞུསླ་སོ། །དེ་ནས་ཡང་གསུངས་པ། སེམས་ཅན་དག་པར་བྱ་བ་དང་། །མཆོག་དང་མཆོག་མིན་གྲུབ་པའི་ཚེ ཚ་ཚ་བསྒྲུབས་ན་སྒྲུབ་འགྱུར་རོ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལས། །ལས་བཞིའི་མཆོད་རྟེན་རབ་ཏུ་བསྒྲུབ། །ཏིང་ངེ་འཛིན་གྱི་ལས་བསྒྱུར་ནས། །གང་འདོད་ལྷ་ཡང་ངེས་པར་བསྒོམ། །ཕུར་བུ་དང་ནི་མཎྜལ་ཡང་།དབྱིབས་དང་ཁདོག་སོ་སོ་བྱ། །མཆོད་རྫས་དག་ཀྱང་གང་འདོད་དབུལ། ། མཆོད་རྟེན་ཤ་རི་དང་བཅ་་་ལ། །བསྐོར་བ་གཡས་གཡོན་དམིགས་དང་སྦྱར། །རང་རང་སྔགས་ཀྱི་ཁྲི་འགྱུར་བཟླས། །ཏིང་ངེ་འཛིན་ལ་རྩེ་གཅིག་པར། །ཡིད་ནི་མ་ཡེངས་བཞུགས་པ་ཡིས། །གང་བསམ་སྦྱར་ལ་ཞུགས་འགྱུར་ན། །གང་དམིགས་དེ་ལ་ཐེ་ཚོམ་མེད། །སྤྱི་དང་བྱེ་བྲག་ཤེས་པར་བྱ། །བཀྲ་ཤིས་པ་ལས་བཀོད་བྱས་ཏེ། །གཏོར་བྱང་བྱིན་བརླབས་ཚོན་སྐུད་བསྐོར། །བཅུ་བདུན་པ་ཡི་གོ་བར་བྱ། །ཨོ་ཨ་མྲི་ཏ་ཧུ༷་ཕཊ། །ཆུ་ཉིད་བདུད་རྩི་དང་ལྡན་པའོ། །ཨོ་དྷརྨུ་དྷར་ཏུ། སརྦ་བོ་དེ་ཙིཉི་ཧུ༷། ཏིང་འཛིན་དག་དང་ལྡན་པར་བྱ། །དེ་ཉིད་དང་ལྡན་བ་་བར་བྱ། །ས་མ་ཡ་ར་ག །ཨཱོཾ་ཏ་ཐུ་ག་ཏེ་སྒྲོ་ན་པ་ཡ་ཏི་གྲྭ་ཧྭ། ཏིང་འཛིན་ལྡན་པས་གཉིས་མེད་ཤེས། །ས་མ་ཡ་སྟོམ། བཅུ་བདུན་པ་ཡི་ངེས་པའོ། །ཨཱོཾ༷་ས་མ་ཡ་སུརུ་ཨ་ཙནྟྲ་མསྐྲུ་དར་མ། ཀ་ཡ་ས་མ་ཡ་ཏི་སྟ་བཛྲ། སྤྱན་དྲངས་མཆོད་དང་བསྟོད་བྱས་ནས། །བྱིན་རླབས་བསྐོར་ཞིང་སྨོན་ལམ་བྱ། །ཞི་བའི་སེམས་དང་ལྡན་བྱས་ལ། །ཆོས་སྐུ་དཀར་པོ་བདབ་བྱ་སྟེ། །ཨོ་སརྦ་དྷརྨུ་ཨ་བྷ་བ་སྭ་བྷ་བ་བི་ཤུདྷ་བཛྲ། ཨ་ཨ་ཨ༷་ཨ། པྲཀྲི་ཏི་པ་རི་ཤུརྙ་སརྦ་དྷརྨུ་ཡ་ཏུ་སརྦ་ཏ་ཐ་ག་ཏ་ཙྭ་ནཀཡ། མསྣྲུཤིཔརིཤུདྷིཏ། མུ་པ་ཏ་ཡ་ཏི་ཨ། སརྦ་ཏ་ཐུ་ག་ཏ་ཡ་ཧྲི་དྭ་ཡ། ཧར་ཧ་ཨོ་ཧྭ༷་ཧྲི་བྷ་ག་བན་རྙོ་མུར་ཏི་བ་གི་ཤྭ་ར། མ་ཧྭ་པ་ཙ་སརྦ་དྷརྨུ་ག་ག་ན་ཨ་མ་ལ་སུ་པརིཤུརྙ་དྷརྨུདྷརཏུ༷སྒྲོན གསྙེཨ། ཏིང་འཛིན་ལྡན་པས་བསྒྲུབ་བྱ་སྟེ། །ན་མོ་བྲདྷ་ཡ། ༷ན མོ་དྷརྨུཡ། ན་མོསང་བྷ་ཡ། ཨརུ་མསྐྲུ་ཤི་མུ་བ་གི་ཤྭ་ར་ཙིན་དྷ་མ་ནི་སྐ་ནི་སྐ། སརྦ་བི་ཤུདྷི། ཆེ་གེ་མོ་ཤརྙི༷་ཀུ་རུ་གྲྭ་ཧྭ།བྱི༷ན་བརླབས་མཆད་སོགས་བསྐོར་བྱ་སྒྲུབ། །འདོད་པའི་ལྷབསྒོམས་ག༷དབ་བྱ་སྟེ། །ཨཱོཾཨ་ཀྲོ་ཏེཀ་ཡ་མན་ཏེ་ཀ་ཨ་ཡུ་ཙྭ་ན་བོ་དྷི་ཙིལྟི་ཨ་ཡུ་བ་ལ་པྲཁོ་ཀུ་རུ་ཡེ་གྲྭ་ཧྭ། །བྱིན་བརླབས་དབང་བསྐུར་བསྒྲུབ་བྱ་སྟེ། །ཨོ་ཧུ༷་སརྦ་ཧྲོ་རཀྟ་རཀྟ་མན་སརྦ་ཏ་ཐུ་ག་ཏོད་ཙྭ་ན་པ་ཡ་ནིཔྲཁོ་ཀུརུཨོ། གངའདོདཉིདདུ་ངེས་བྱ་ལ། །ན་མོ་རཏྣ་ཏྲ་ཡ་ལྭ། ན་མོ་བེ་ཤ་མ་ན་པྱེ། མ་ཧྭ་ར་ཙ་པྱེ་ན་མོ་ན་ཏ་ཀུ་པ་པྱེ། ཀུ་ཏེ་ཀརྟ་པ་ཏེ། དུ་མ་ནརྟ་ཀུ་༄༅ པ་ར་པ་ར་མ་ན་ནི། ཨ་ནུ་རུ་པ་ན་ཏ་སྒྱུ་རུ་པ༷ན་ཏ་ཀུ་པ་ར་ཙ་ན་ཀྲ་ག་ན། རྩ་སྐམ་ཧེ་མ་ཧྭ་སང་གེ་ན་ཏ་ཀ་རུ་ན་ཧེ་མ་ཀན་ཀུ་ཧུ་ཀ་ཙ་ལ་པ་ཙ་པ་ཙ་ཕུ་ལུ་ཕུ་༷པ་ཤ༷་ཀུ་རུ་གྲྭ་ཧྭ། དོན་དང་ལྡན་པས་བསྒྲུབ་བྱ་སྟེ། ཨོ་ཨ་ཀྲོ་ཏེ་ཀ་ལ་རུ་པ་བཛྲ་དུན་སྨྱོ། ཏི་ག་ས་མ་ཡ་སྟོ། ཆེ་གེ་མོ་ཨ་ཡུ་ཙྭ་ན་ཏེ་ཛོ་ཛ་ཏི་བྱི་ཤ་པུ་ཏྲ་ད་ལ་བམ་པོ་པ་ཤ༷་ཀུ་རུ་སྲུ་ཧྭ། བསམ་པ་དག་པ་ལྡན་བྱ༷ས་ལ། །ཨོ་ན་མོ་བྷ་ག་བྷ་ག་ཏོ་བཛྲ་ཀྲོ་ཏ་ར་ཙ་ཡ། ཡ་ན་ཀྲི་ཏ་ན་བན་ཛ་ན་ག་ར་ཙ་ཛ། མུ་ཧ་དུ་ན་པ་ཙ་ཙུན་དྷ་ཙུན་དྷ་སརྦ་བུ་ཏ་ན། ཛ༷་པ་ཡ་ནན། ཨོ་ལ༷་ཧུ༷་ལ༷། སུ༷་ལ༷་མ་ར་ཡ་ནན། དོན་ལྡན་ཉིད་ཀྱི་ངེས་པའོ། །ཨཱོཾ་ས་མཡཨརུམསྣྲུཤི་མུ་ཏྲ་ཡ་མརྙ་ཀ་པ་ཙ་ཏེ་རོ་ནི་ཧུ༷་ཛ།ཨོ་ཨ་ཀྲོ་ཏེ་ཀ་ལ་རུ་པ་ཧུ༷་ཕཊ། ཁེའ་ཀ་ལ་རུ་པ་ནི་དྲོངས་ཤིག་ཤི་ཏ༷་གྲོ་ཛ་ཏ་ཧ་ན་བི་ཛ་ཧི་ཐུམ་ནི་ཛ། འགལ་བྱེད་སོད། རླག་བྱེད་གཙོ་བོའི་ཀ་ཀ་ཐུམ་ས་མ་ཡ་མསྐྲུ་ཀུ་ག་ཏ་ཧུ༷། ཡ་མརྙ་ཀ་ཧྭ༷། དི་བི་ཐུམ་ཧེ་སྟ་ཧ་ཧ་དམ་དམ། ས་མ་ཡ་གུ་གུ་ཐུལ། ཡ་མ་བམ་རིལ་རིལ་རྦད་སོད་ཆོད། ཡ་མ་ས་རྙོ་མེ། ཡ་མ་ཕུ་ཏོ་མ། ཡ་མ་ཁྲག་ཏོ་མེ། ཡ་མ་མུགས་ཏོ་མེ། ཆེ་གེ་མོ་མ་ར་ཡ་མྱགས་དུམ་བུ། སྨོན་ལམ་བཏབ་རྩོང་བསྐོར་བྱ་ཞིང་། །གདབ་དང་བྱིན་བརླབས་ལེགས་བྱས་ལ། །ར༷་ཡ༷་ར༷་ཡ༷་ཧི་ལ་འཕྲོ། །ཤེལ་དྲི་ཕོབ་ཡ། ཨཱོཾ་པ་ཤ་མི་ཀི་དུ་རུ་པ་ཙ་པ་ཙ་སྟི་ར་ཧུ༷་ལ༷་ཡ༷་ར༷་རིལརིལ་ཤར་ཤར་ཧུ༷་ཕཊ། བྱ་ཁྱུང་དང་ལྡན་རྣལ་འབྱོར་པས། །ལྷོར་ཆུད་ལྡན་པས་ཟློག་པ་ནི། །གར་དང་བཅས་དང་བཟློག་པར་ནི། །ཤན་ཏིང་ལི་ཙི་རྦད་བདག་ཤིང་། །དོན་དང་ལྡན་པར་བྱའོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཆོས་སྐུ་ལས་བཞི་སྒྲུབ་པ་གསང་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་སེམས་དཔའ་ཆེན་པོ་ཡིས། །དམ་ཚིག་རྣམ་པ་ཇི་ལྟ་བུ། །ངེས་པ་ཉིད་དུ་བཤད་དུ་གསོལ། །དེ་ནས་ཡང་གསུང་པ། དམ་ཚིག་རྣམས་ནི་ངེས་བཟུང་པ། །བྱང་ཆུབ་སེམས་དང་སློབ་དཔོན་དང་། །སྔགས་དང་ཕྱག་རྒྱས་མཆོད་དང་ནི། །གསང་བ་བཅུ་པའི་རྩ་བ་ཉིད། །སྤྱི་དང་མི་སྤང་དང་དུ་བླང་། །བསྒྲུབ་དང་ཤེས་པ་ལྔ་རྣམས་ཐུན་མོང་འགྱུར། །སྤྱི་དང་དམ་ཚིག་དབང་འདྲེས་ན། །ཟབ་མོ་སྟོན་པའི་དམ་པའོ། །སེམས་ཅན་བྱང་ཆུབ་སྙིང་པོ་དང་། ཐེག་པ་གཅིག་ལ་ཞུགས་པ་དང་། །སངས་རྒྱས་པ་ལ་ཕྱོགས་པ་དང་། །བླ་མ་གཅིག་དང་དཀྱིལ་འཁོར་གཅིག །རྒྱུ་དང་བཟླས་པ་བསྐྱེད་པ་འོ། །ལས་དང་ཆོས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་ཉིད་ཡིན་ནོ། །ལྟ་དང་སྤྱོད་པ་ལྷ་མིང་དང་། །དངོས་གྲུབ་རྟགས་ནི་བཞི་པ་འོ། །གནས་དང་རྫས་དང་གྲོགས་དུས་བཞི། །འོས་དང་གདམས་པ་ཉིད་ཡིན་ནོ། །སྦྱོར་དང་སྒྲོལ་བ་མ་བྱིན་ལེན། ། རྫུན་དང་ངག་རླང་སྤྱད་པར་བྱའོ། །ཡང་དག་དུག་དང་ལོག་དུག་ལྔའོ། །དམ་རྫས་ལྔ་རྣམས་དང་དུ་བླང་། །གཤེད་ལྔ་ཡུམ་དང་བཅས་པ་དང་། །སྤྲུལ་པ་གཤིན་རྗེ་འདི་རྣམས་སྒྲུབ། །རྟོག་ཚོག་འབྱུང་བ་ལ་སོགས་པ། །སྐུ་དང་ཡེ་ཤེས་ལ་སོགས་ཤེས། །སྐུ་ནི་རྒྱལ་བ་ཉིད་དུ་བྱ། །བཟླས་དང་སྣང་བ་གཉིས་སུ་མེད། །ཡིད་དམ་ལྷ་བཞིན་རྟག་ཏུ་བསམ། །ཕངས་པ་མེད་པར་ནོར་རྫས་བཏང་། ། བསྙེན་བཀུར་བྲན་བཞིན་དང་དུ་བླང་། །བླ་མ་ཉེ་འཁོར་བླ་མ་བཞིན། །མལ་སྟན་གང་ཡིན་དེ་མི་འགོམ། །བརྡེག་པ་ལ་སོགས་སྤངས་བར་བྱ། །སྐྱོན་རྣམས་སྤངས་ལ་བསྟོད་པར་བྱའོ། ། གཡོ་སྒྱུ་ཕྲག་དོག་ངན་བྱ་སྤངས། །གང་གིས་བླ་མ་མཉེས་པར་བྱ། །སྐུ་ གསུང་ཐུགས་སུ་བསྒོམས་བྱས་ལ། །མཉམ་བཞག་ཆུ་བོའི་གཞུད་བཞིན་བྱ། །བསྟོད་པ་ལ་སོགས་འབད་བྱས་ལ། །རྣམ་པ་ཀུན་ཏུ་གསང་བ་ཡི། །དངོས་གྲུབ་མ་ལུས་འབྱུང་བར་ངེས། །རང་བཞིན་དབང་པོ་ཏིང་འཛིན་ཐབས། །མངོན་སུམ་དུ་ཡང་བསྒྲལ་བར་བྱ། །སློབ་དཔོན་སྐུ་དགྲ་ཉམས་ལ་འཁུས། །བར་ཆོད་སྤོངས་གནོད་ངན་སོང་གསུམ། །ངེས་པར་བསྒྲལ་བའི་ལས་བྱའོ། །དོན་དང་ལྡན་པའི་ཞིང་རྣམས་ལ། གཉིས་མེད་ཚུལ་དུ་སྒྲོལ་བར་བྱ། །རྟག་ཏུ་རྫུན་ཚིག་སྣ་ཚོགས་སྨྲ། །གསང་བ་བཅུ་པོ་རྫུན་བཅུ་སྨྲ། །བསྒྲལ་བའི་ཞིང་དུ་འགྱུར་བ་ལས། །བརླང་ཚིག་དག་གིས་ཞེ་གཅོད་དོ། །སློབ་མའི་རྒྱུས་གཅོད་བརླང་པོར་སྨྲ། །ཡིད་ནི་དགེ་ལ་དྲག་པར་བསྒྲལ། །སྣོད་དང་ལྡན་པར་བརླང་ཆོས་བཤད། །ལྟ་ངན་ཞིང་འཇོམས་ཞེ་སྡང་གཅོད། །མ་ལོག་ལྟ་བ་ཉིད་དང་ནི། །ཏིང་འཛིན་ང་རྒྱལ་མཆོག་ཏུ་ངེས། །ལྟ་སྤྱོད་བླང་དོར་མེད་པ་ནི། །གཏི་མུག་ངེས་པ་ཉིད་ཡིན་ནོ། །ཐེག་པ་དམན་པ་སྤོང་བ་དང་། །མ་སྨིན་གསང་བ་མི་སྒྲོགས་པ། །ཕྲག་དོག་དག་ཏུ་ངེས་པ་འོ། །དུག་ལྔ་རང་བཞིན་མེད་པས་ན། །རང་བཞིན་མེད་པ་ཉིད་དུ་ཤེས། །རྟོག་པ་ཟློག་ཕྱིར་དང་དུ་བླང་། །ཡེ་ཤེས་ལྔ་ཉིད་གྲུབ་པ་འོ། །རྟོག་ཚོགས་ལྷ་ཡི་ཤེས་པ་ཉིད། །བཀའ་གཅོག་སྡིག་པའི་གྲོགས་ལ་དགའ། །ལེ་ལོ་གཉིད་དང་གཡེང་བ་དང་། །གཏུམ་དང་ངོམ་པ་མེད་པ་དང་། །དྲེགས་དང་ཁེངས་དང་སྡིག་པ་སྤྱོད། །གཞན་ལ་སྨོད་པ་ཉིད་ལ་དགའ། །འཕྱར་ལ་གཡེང་བ་ལ་སོགས་པའོ། །ཡང་ན་ནད་དང་སྡུག་བསྔལ་འབྱུང་། །དུས་མིན་འཆི་དང་སྡུག་བསྔལ་འབྱུང་། །རྡོ་རྗེ་དམྱལ་བར་འཚེད་པར་ངེས། །བགེགས་རྣམས་ཐོགས་མེད་འོང་བ་དང་། །བྱིན་བརླབ་ནུས་པ་ཆུང་བ་དང་། །སྒྲུབ་དང་འགྲུབ་པར་མི་འགྱུར་རོ། ། སྨྱོ་འབོག་ཉམས་འཆལ་ལྐུགས་པ་འོ། །སྔགས་ལ་གཏད་མེད་སོགས་འབྱུང་འགྱུར། །ཟབ་མོའི་དོན་ཡང་ཐག་རིང་འགྱུར། །ལུས་ལ་ནད་མེད་ཡོན་ཏན་འཕེལ། །དགོངས་པ་ཐམས་ཅད་འགྲུབ་པར་འགྱུར། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དམ་ཚིག་བསྒྲགས་པ་གསང་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། །ཀྱེ་ཀྱེ་དཔའ་བོ་ཆེན་པོས་ནི། ཕྲིན་ལས་འཐར་འདོད་ཇི་ལྟར་ལགས། ། །ངེས་པ་ཉིད་དུ་བཤད་དུ་གསོལ། །ཞེས་པས། དཔལ་ཆེན་པོས་ཡང་གསུངས་པ། རིམ་པར་འཇུག་པའི་ཆོ་ག་ལ། །གནས་དང་བསོད་ནམས་གསོལ་བ་དང་། །མཚམས་དང་སྤྱན་དྲང་བཤགས་པ་དང་། །བཅའ་དང་བྱིན་བརླབས་བྱ་བ་དང་། །དབང་ཆེན་དང་ལྡན་གཞལ་ཡས་དང་། །བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། ། དམ་བཅས་འཕྲོ་འདུ་བྱིན་བརླབས་དང་། །མཆོད་པ་ཡེ་ཤེས་སེམས་དཔའ་དང་། །མཉེས་པས་མཆོད་པ་བཟླས་པ་དང་། །ཟ་བྱེད་ཚོགས་དང་སྨོན་ལམ་དང་། །ལྷག་མ་གཤེགས་འདུ་ཉིད་དང་ནི། །བསྲུབ་དང་རྒྱན་གྱི་དཀྱིལ་འཁོར་ཏེ། །ཉི་ཤུ་འཕྲིན་ལས་མཐར་ཕྱིན་ནོ། ། དཔེ་དང་སྐུ་དང་ཡེ་ཤེས་དང་། །ས་དང་ལམ་གྱི་རིམ་པར་ལྡན། །ཕ་རོལ་ཕྱིན་དང་ཡང་དག་ལྡན། །དེ་ཉིད་ཤེས་ན་རྣམ་གྲོལ་འགྱུར། །ཉི་ཤུ་ལྔ་དང་ལྔ་ཉིད་དང་། །བཅུ་གསུམ་ལྔ་ཡི་རིམ་པ་ལྡན། །བཅུ་པ་ངེས་པར་ཤེས་པ་འོ།གསུམ་ལ་གསུམ་པ་ཉིད་དུ་འོ། ། དང་པོ་གསུམ་ལྡན་ཆོས་སྐུའོ། །གཉིས་པ་ཞིང་ཁམས་ལོངས་སྐུ་འོ། །གསུམ་པ་ཕྱོགས་སྐྱོང་སྤྲུལ་སྐུ་འོ། །ཡེ་ཤེས་སེམས་དཔའ་ཡེ་ཤེས་སྐུ། །མཆོད་སོགས་སྒོམ་པ་དག་ལྡན་པ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བརྗོད། །ཏིང་འཛིན་གསུམ་ལྡན་ཆོས་དབྱིངས་སོ། །དེ་འབྱུང་དབང་ཆེན་གཞལ་ཡས་ཁང་། །མེ་ལོང་ལྟ་བུའི་ངོ་རྦའོ་ ། །ལྷ་དང་མཉམ་སྦྱོར་མཉམ་པ་ཉིད། །ཕྱག་རྒྱ་མཆོད་ཚོགས་སོ་སོར་རྟོག །བསྒོམ་དང་བཟླས་པས་བྱབ་གྲུབ། ། དང་པོ་གསུམ་ནི་ཚོགས་ལམ་མོ། །གཉིས་པ་ལྔ་ནི་སྦྱོར་བའི་ལམ། །གསུམ་པ་དོན་ལྡན་བསྒོམ་པའི་ལམ། །བཞི་པ་འདུན་ནི་མཐོང་བའི་ལམ། །ལྔ་པ་གཅིག་པ་མཐར་ཕྱིན་ལམ། །སྔོན་འགྲོ་རྣམ་གཉིས་སྤྱིན་པ་སྟེ། ། བསྲུངས་བའི་མཚམས་སོགས་ཚུལ་ཁྲིམས་ཉིད། །བཤགས་དང་དམ་བཅའ་བཟོད་པར་ངེས། །ལྷ་བསྒོམ་པ་ནི་བསམ་གཏན་ནོ། །ཕྱག་རྒྱ་མཆོད་སོགས་ཤེས་རབ་བོ།བརྩོན་འགྲུས་ཀུན་གྱི་གྲོགས་སུ་འགྱུར། ། འཕྲོ་འདུ་ཐབས་ལ་བཟླས་པ་སྟོབས། །སྨོན་ལམ་སྨོན་ལམ་ཕ་རོལ་ཕྱིན། །མཚན་མ་ཡེ་ཤེས་ཕ་རོལ་ཕྱིན། །དང་པོ་གནས་ནི་དགའ་བ་སྟེ། །བསྲུང་བམཚམས་སོགས་གཉིས་པ་འོ། །གསུམ་པ་དག་ནི་གཤེགས་པ་འོ། །དམ་བཅའ་དག་ནི་བཞི་པའོ། །བསྒོམ་པ་དག་ནི་ལྔ་པ་འོ། །ཕྱག་རྒྱ་ལ་སོགས་མཆོད་པ་དྲུག །གྲོགས་ནི་བརྩོན་འགྲུས་བདུན་པ་ཡིན། །འཕྲོ་འདུ་བརྒྱད་ལ་བཟླས་པ་དགུ། །སྨོན་ལམ་དག་ནི་བཅུ་པ་འོ། ། མཚན་མ་དག་ནི་བཅུ་གཅིག་པའོ། །གཤེད་དུ་བསྲུང་བ་བཅུ་གཉིས་པའོ། །རྒྱུན་གྱི་སྤྱོད་པ་བཅུ་གསུམ་ལ། །དང་པོ་གཉིས་གཉིས་ས་བཅུ་པ། །གསུམ་པ་གདན་བཞི་ས་བརྒྱད་པ། །ལྔ་པ་དག་ནི་ཉིད་ཡིན་ནོ། །དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་ནི། ས་དང་། ཚོར་བ་དང་། སེམས་པ་དང་། ཆོས་ཉེ་བར་བཞག་པའོ། ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་མ་སྐྱེས་༄་། །པརྣམས་མིབསྐྱེདཔ་དང་། །མི་དགེབ་རྣམསབསྐྱེད་པ་སྤོང་བ་དང་། དགེ་བའི་ཆོས་མ་བསྐྱེད་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་འདུན་པ་བསྐྱེད་པའོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའོ། །དད་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། དྲན་པའི་དབང་པོ་དང་།ཤེས་རབ་ཀྱི་དབང་པོའོ། །དད་པའི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྤྱངས་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་། །བཏང་སྙོམས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལམ་གྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ས་དང་པོ་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འབྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་ཏུ་འོད་དང་། མ་ཆགས་པདྨ་ཅན་དང་། ཡེ་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ལྟ་ཉི་ཤུ་བདུན་དང་ནི། །ས་དང་ལམ་གྱི་རིམ་པ་འོ། །ཕ་རོལ་ཕྱིན་དང་ཆོས་སྐུ་དང་། །ཡེ་ཤེས་དག་ཏུ་ངེས་རྟོགས་ན། །རྣམ་པར་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པས། འཁོར་རྣམས་གནས་པ་རྣམས་ཀྱིས་སྐྱེ་བ་མེད་པའི་དོན་རྟོགས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཕྲིན་ལས་མཐར་ཕྱིན་པ་གསང་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་ཡི་དྭགས་དེ་ཡང་འཇིགས་པའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་སྒྲོགས་པ་དང་། འཁོར་མང་པོ་མཚོན་ཆ་སྣ་ཚོགས་པ་དང་། ལས་སྣ་ཚོགས་བྱེད་པ་དང་། ལྷ་དང་ཀླུ་ལ་སོགས་བྲེད་པར་གྱུར་པའོ། ། དེ་ནས་དཔལ་ཆེན་པོ་ཉིད་ལས་ཡེ་ཤེས་ཀྱི་གཤེད་དང་། ཕྱོགས་སྐྱོང་བ་རྣམས་སྤྲུལ་ཏེ། དེའི་ང་རྒྱལ་བཅོམ་མོ། །ཡུམ་རྣམས་སྤྲུལ་ནས་འདོད་ཆགས་ཞི་བར་བྱས་སོ། །དེའི་ཚེ་ཡབ་རྣམས་རྒྱལ་བར་གྱུར་ཏོ། །དེ་ནས་དཔལ་ཆེན་པོས་ཡི་དྭགས་དེ་སྣམ་དུ་གསོལ། དེར་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ཐུགས་རྗེའི་ས་སྣ་ནས་ཕྱུང་ནས། དམ་ལ་བཞག་པ་ལས། ཧུ༷་ཧུ༷་ཧྭ༷་ཕཊ་ཕཊ་ཕཊ། ཅེས་པས་དེ་ནས་དེ་རྣམས་ཀྱི་ཆུང་མ་བུ་བཞི་རང་དང་ལྔ་སྐུ་ལ་འཁྲིལ་ཏོ། །སྤྲུལ་པའི་གཤེད་བཞི་ལ་འཚི་བདག་ཆུང་མ་རྣམས། ཡ་མ་ར་ཙ་ལ་གསུམ། མ་རུ་ཙེ་ལ་གསུམ་འཁྲིལ་ཏོ། །ལྷག་མ་གརྙས་གཉིས་འཁྲིལ་ཏེ། དབུས་སུ་ལྔ་འཁྲིལ། ཕྱོགས་གཉིས་སུ་གསུམ་འཁྲིལ། དེའི་དབུས་སུ་བདུད་བཞི་བཅོམ་མོ། །ཉོན་མོངས་པ་དག་གོ །འདོད་ཆགས་དང་རྟག་ཆད་སེལ་ཏོ། །དེ་ནས་ལས་ཀྱི་གཤིན་རྗེ་དེ་ཡིས་འབངས་སུ་ཁས་བླངས་ནས། ལྔ་བརྒྱ་ཐ་མ་ལ་བསྟན་པ་བསྲུང་བར་ཁས་བླངས་སོ། །འཁོར་རྣམ་བཞི་བསྲུང་བར་བྱས་སོ། །ནད་ཐམས་ཅད་གཅད་པར་ཁས་བླངས་ཏེ། དཀོན་མཆོག་དཀོར་ལ་འཕྲོགས་པའི་ཚེ ང་ཡིས་བསྟན་པ་དེར་བསྲུང་ངོ་། ། དཀར་པོ་དག་ལ་ང་དགའོ། ། ཞེས་གསོལ་ཏོ། །དེ་ནས་ཡི་དྭགས་ཆེན་པོ་དེས་དཔའ་བོ་ཆེན་པོ་ལགས་ཉིད་ཀྱི་བསྟན་པ་ནམ་འབྱུང་ལགས་བདག་གི་བསྟན་པ་ཇི་ལྟར་བསྲུང་ཞེས་གསོལ་ཏོ། །དེ་ནས་འདི་སྐད་ཅེས་གསུངས་སོ། །ལྔ་བརྒྱའི་ཐ་མ་བྱུང་བའི་ཚེ། །ང་ཡི་བསྟན་པ་དེ་འབྱུང་ངོ་། །དུས་ངན་ཉེ་བ་འཐབ་པའི་ཚེ། །ང་ཡི་བསྟན་པ་དེ་འབྱུང་ངོ་། །རྣལ་འབྱོར་གྲོང་བསྙེན་འཆར་བའི་ཚེ ང་ཡི་བསྟན་པ་དེར་འབྱུང་ངོ་། ། གསང་སྔགས་བོན་དུ་གྱེར་བའི་ཚེ། །ང་ཡི་བསྟན་པ་དེར་འབྱུང་ངོ་། །གོས་ངན་མཚོན་སྔོན་གྱོན་པ་དང་། །གོས་ངན་རེ་བ་གྱོན་པའི་ཚེ། །ང་ཡི་བསྟན་པ་དེར་འབྱུང་ངོ་། །ལྔ་བརྒྱ་ཐ་མ་འབྱུང་བའི་ཚེ། །ང་ཡི་གཟུགས་འཛིན་སྔགས་བཟླས་ན། །ང་ཡིས་བཀའ་ལ་གནས་པར་གྱིས། །ཞེས་གསུངས་སོ། །དེ་རྣམས་མཐུ་དང་ལྡན་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།ལས་ཀྱི་གཤིན་རྗེ་བཏུལ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་དཔལ་ཆེན་པོ་ལ། ཡི་དྭགས་ཀྱི་གཙོ་བོ་བདུད་གུང་རི་ནག་པོ་ལ་སོགས་པ། འཇིག་རྟེན་གྱི་གིང་ཕོ་མོ་ཡི་དྭགས་འབུམ་ཁྲི་ལ་སོགས་པས། འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་སྙིང་པོ་འབུལ་གྱིས་བཞེས་ལ་བྱིན་གྱིས་རློབས་ཤིག་ཅེས་གསོལ་ཏོ། །དེ་ནས་གཙོ་བོ་བྱེ་བ་གུང་རིས་ཕུལ་བ། ཨོ་སྤྱི་ཀྲི་སྣ་རྫ་རི་ཛ ཨ་ར་ལ་ཧྲི་ཧྲི༷་སིང་ཧ་ར་ན་ཧུ༷། ཨོ་སྤྱི་ཀྲི་སྣ་ཛ། རིང་མ་རིང་ཛ། ཨ་ལ་རི་ཧྲི་ཧྲི་སིང་ཧ་ར་ན་ཧུ༷། ཨོ་ཤི་ཀྲི་སྣ་ཛ་མ་རི་མ་རི་ཡ་ཡ། ཨ་མུ་ཀ༷་ཧྲི་ད་ཡ་ནི་བིད་ཡ། སྟ༷་པ་ཡ་ཧི་རུ་ཏི་ར། ཨ་ཀཁེ་ཡ། རཀྟ་ཙ་ར་ཡ། ཛི་བིད་ཧ་ར་ཡ། མ་ར་ཡ་མ་ར་ཡ མ་ར་ཡ་མ་ར་དུ་དུ་ན་མ་ར་དྷ། ཧྲི་གུང་ན་ཤ་ཡ་ཧུ༷་ཕཊ། ཅེས་ཕུལ་ལོ། །ནག་པོ་བཀྲག་མེད་ཀྱི་ཕུལ་བ། སྨྱོ་སྨྱོ་འདི་ལ་སྨྱོ། ཧེ་ལི་ཧེ་བ་ཧེ་ལ་ལི་ཧེ་བ། ལ་ཧོར་འདི་ལ་ཧིབ། ལ་ཧོར་འདི་ལ་ཧིབ། བན་ནན། ཞིང་ནན།ཏྲིག་ནན། ཞེས་ཕུལ་ལོ། །ཧི་ལ་ཁྱབ་པས་ཕུལ་བས། སྨྱོ་སྨྱོ་འདི་ལ་སྨྱོ། སྨྱོ་སྨྱོ་བདུད་སྨྱོ། རི་ཧི་ལ་སྨྱོ། ཛ་ལ་སྨྱོ། ནན་ཏྲག་ཞེས་ཕུལ་ལོ། །ཀ་ལ་ཡ་ག་ཤ་ཡིས་ཕུལ་བ། བལ་ཏྲི་བལ་ཏྲི་བོའི་སྙིང་ལ་ཁོང་།ཨེ་ཀ་ཙ་ར་སྲོག་སྲོག་ཕྱེ་ཤག་ཕྱེ་ཤག །དུན་ཏྲི་དུན་ཏྲི་ཨ་ག་ཡཀྟ་ཏྲི་སྙིང་ལ་རྒྱོབ། ཨ་ཏྲ་འབར་མས་སྲོག་ཆོད། ཨ་ཙི་ཨ་རུ་ཀ་ནན། ཞེས་ཕུལ་ལོ། །ཀ་ལ་ནག་པོའི་བུ་མོ་ཡིས་ཕུལ་བ། དྲི་ལིབ་དྲི་ལིབ་བམ་ནི་ལིབ།ཤ་ཨ་ཧེབ། ཞེས་ཕུལ་ལོ། །དེ་ནས་སྡེ་བརྒྱད་ཀྱིས་ཕུལ་བ། ཧྲི་ཤ་རུ་རག་ར་མ་ནི་ཀ་ཙི་ཏ་ཏྲ༷་མ་མ་ཡབ་ཟང་གྲ་མ་ཧ་ཧི་ཡོ་གི་ཤེ་ལ་ཛ་ཛ། ཙི་ན་ཤུ་པེ་དན་ཏང་སུ་ཀ་རི་ཀ་རུ་གུར་ཤང་མ་མ་དུ་ཀ་སྨྱོ་ཛ་ཛ། ལས་ཐུན་ཚར་གཅིག་རྫོགས་ཞེས་ཕུལ་ལོ། །ཨོ་བཛྲ་ལི་ཙ་རྦད་རྦད་སྦྱོ་སྨྱོ། ཨ་ཀྲོ་ན་པ་ལ་ཤ་རུ་པའི་ཀ་ལ་ཤག་སུ་པ་ཏྲི་ནན། ཟློག་ཤིག་སྨྱོ་སྨྱོ། ཞེས་ཕུལ་ལོ། །ཀླུའི་རྒྱལ་པོས་ཕུལ་བ་ནི། པྲ་ཏི་ཡ་ནི་ན་ག་ལེ་ན་ག་ལེ་ཡ་ཙ་བ་མ་ནི་ན་ལེ་པྲ་དུ་ན་ག་ལེ་ས་མ་ཡ་སྙིང་ཁ་རག །འབུམ་ལི་ལི་ན་ན་ཛ། ཞེས་ཕུལ་ལོ། །དེ་ནས་ཡང་། ཨོ་ཧུ་ཡུ་ཡ༷་ཡ༷་ཤར་ཤར་ཀ་དུ་ན་ཕོབ་རག་དུ་ན་ཕོབ། རག་ཤ་ཨ་ནི་ཕོབ། པི་པི་ཤང་ཤང་ཕོབ། །མང་གི་ནི་ཕོབ།ན་ག་གཤེད་མ་ར༷་གྲྭ་ཧྭ། མང་ག་ནི་སུ་རབ་ཏི་ཤིག་ཏ་ནན་ཕཊ་ཕཊ་ཕཊ། པི་པི་ད་རིལ་རིང་སྨྱོ་སྨྱོ་སྨྱོ། རུ་ལུ་རུ་ལུ་སུ་རུ་སུ་རུ་ཨོ་ཕཊ་སྲུ་ཧྭ། ཞེས་རྟོག་པ་འཇོམས་པར་ཕུལ་ལོ། །དེ་ནས་གིང་ཆེན་པོས་ཕུལ་བ་ནི།ཨཱོཾ་པ་ཙ་པེ་ཧ་ལི་ཧ་ཡསྒ་ཧྲི་ཡ་ཚལ༷ ་པ་ལ་ཧི་བ་འདར་སོད་ཡ་བས་སྙིང་ཁྲག་ཡང་ཕྱུང་ཧྲིལ། བ་ར་ལིག་ཤག་པ་ནན་ཛ་ཛ་བན་དྷ་ཧ་མ་ཀི་ཧུབས་ཕྱང་མ་ནི་ལངས་ཡ་ཤ་སྙིང་ཕྱར་ཚལ་པ་འཇིབས། ཨེ་ལ༷་ཤང་པ་ཕང་ཏི་ཕཊ། ཤ་ཧོ་ཧྲི༷་ཤ་ཤ་ཡ་སྨྱོ་སྨྱོ། ཨཱོཾ་ཧྲོ་ཏ་ནི་ཏོ་ཏ་ནི་པ་ཏྲ་པ་ཏྲ་ཤུལ་ཤུལ་ད་ཤ་པ་གྲོ་བ་ཡསྒ་གྲོ་བ་གིང་ཀ་ར་ལ་སྦྱོ། ཞེས་ཕུལ་ལོ། །ཏྲི་ཤ་རུ་ཏྲ་བཛྲ་ས་དུ་ས་མ་ཡ། རུ་ཏ་ཤག་ཚལ་རསྒ་སྙིང་ཀུ་རུ་བཛྲ་དུ་ཚལ་པ་ཏོ་ཏ་ཡ།སྙིང་རསྒ་དུར་སྨྱོ། རྒྱུད་བྲེང་ཐུམ་རིལ་ཏྲ་མ་བ་ཀ་སོ་སོ་པ་ཏི་བཛྲ་ལོ་ཀི །བཛྲ་ཀྱི་ལི་ཀྱི་ལ་ཡ་ཏྲི་ཤ་ར་ག་ར་ལི་ཕྲི་ཕྲི་མི་ལི་བཛྲ་ས་དུ་ས་མ་ཡ་ཧཱུཾ་ར་བེ་བཛེ་ཛ་དུན་དུན་སྨྱོ། ས་དུ་ས་མ་ཡ་ཏྲི་ཏྲི་ཐོག །ཀུ་མ་ཏྲི་ཁ་སོད་ནན་བཛྲ་གར་པ་འཕྲོ། ཨི་བ་ཤི་ཏྲི་ཛ་རྦད་ཐུམ་རིལ་ཛ། ཨེ་ར་ནི་ཛ། སྙིང་དུམ་རི༷ལ་ཛ། ཨུར་ནི་ཛ། ཞེས་དམར་པོ་དམ་དུ་བཅས་པའོ། །དེ་ནས་ཁྱབ་འཇུག་ལྕམ་བྲལ་གྱིས་ཕུལ་ལོ། །ན་ཕྱ་ན་ཕྱ་ན་འདི་ལ་འདི༷་འདུ་ལུ་འདུ་ལུ་རག་ཁ་མ་རག་ཁ་མ། ཏག་ཤ༷་སྒག་ཤ༷་སྒག་ཤ༷ །ཧུ༷་ཧུ༷་ཕཊ་གྲྭ་ཧྭ། མ་ཨཱོཾ་ཏབྱ་ཐུ་རག་མོ་སྙིང་རྩ་རུ་རུ་ཕུར་པ་མ་མ་ར་ཡ་ཕཊ་ཛ། ར་ཨཱོཾ་རྦད་ཡ་ཐ་ཐ་རག་མོ་སྙིང་རྩ་འགུལ་དྷ་ཁ་ན་མ་ར་ཡ་ཕཊ་ཛ། ཙ་ཨཱོཾ་ཏབྱ་ཐ་རག་མོ་སྙིང་ཨུ་པ་ར་མ་ཤག་མ་ར་ཡ་ཛ་ཛ། ཞེས་ཕུལ་ལོ། །དེ་རྣམས་ཀྱི་བྱད་ཁ་ངན་པ་ཟློག་པ་ཕུལ། ཨོ་བྷ་སྟ་ཡ། ཧ་ཧུ༷་ཟློག་ཡ། ཞེས་སོ་སོ་ཕུལ་བས། འཇིག་རྟེན་གྱི་ཁམས་ཞབྲུགས་ནས། དུས་མ་ཡིན་པའི་རླུད་དང་། ཐོག་སེར་མང་པོ་བབས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའ་རྒྱུད་ལས། ལས་ཀྱ་གཤན་རྗེའ་གང་ཕོ་མོས་སྲོག་ག་ ང་པོ་འཕུལ་བ་གསང་བའ་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ངེས་པར་བསྟན་པ་བསྲུང་པ་འདི་ལ་ནི། །འཁོར་ལོ་ངེས་པ་ཇི་ལྟ་བུ། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །དེ་ནས་དཔའ་བོ་ཆེན་པོས་གསུངས་པ། ལས་དང་མཐུན་པའི་ལས་དག་ལ། །རིམ་པ་དྲུག་ཏུ་བསྒོམ་བྱ་ཞིང་། །བཅུ་གཉིས་རྩིབས་ལྡན་འཁོར་ལོ་ལ། །མུ་ཁྱུད་ཀྱི་ནི་ལྡན་པའོ། །དང་པོ་ཨོ་ལྡན་གཉིས་པ་ཨ། །གསུམ་པ་ཧཱུཾ༷་དང་ལྡན་པ་འོ། །བཞི་པ་ལས་ཀྱི་སྔགས་བཀོད་པ། །དྲུག་པ་མིང་དང་མཚན་མར་སྦྱར། །ཧེ་ཡི་འཁོར་ལོ་ངེས་པའོ༷། །ལྷ་དང་ལྡན་པའི་མཚན་ངན་གྱིས། །དམིགས་པ་དམན་ལ་ལས་སྔགས་བཟླས། །དྲུག་ལས་དྲུག་སྦྱར་དྲུག་ལ་སོགས། །ཡང་སྤུན་པོ་རིན་ལས་ལ་སྦྱར། །ཧ་ཧ་གྲས་ཤངས་ཀ་ར་ལི་བ་དྷ་ན། མ་ཧྭ་ཀྲོ་ཏི་ཙ་ལ་ཙ་ལ་ཧུ། ལས་སྔགས་ཉིད་ལ་ངེས་སྦྱར་བྱ། །རིམ་པ་བདུན་དུ་བསྐོར་བྱས་ལ། །བཅུ་གཉིས་ད༷ང་ལྡན་པདྨས་བརྒྱན། །ཨོ་ཨ༷་དང་ནི་ཧུ༷་དང་ལྡན། །བཞི་པ་ལས་ཀྱི་སྔགས་སུ་ལྡན། །རྩིབས་ལ་སྒྲུབ་བྱ་བཞག་བྱས་ལ། །མཚན་མ་དང་ལྡན་ལས་ལ་སྦྱར། །མ་མ་མ་ཧྭ་ཀྲོ་ཏ་ཀ་ར་ལ། བ་དྷ་ན། གྲངས་གྲངས་བ་ཤ་ཀུ་རུ་སྭ་ཧྭ། །སྤོགས་པ་ལས་སྦྱར་ཐེ་ཚོམ་མེད། །བསྐོར་བ་ལྔ་དང་ལྡན་པ་ལ། །དགུ་དང་བཅུ་གཉིས་བཅུ་དྲུག་ལྡན། །གཉིས་ནི་ཐོད་པ་མེད་དང་ལྡན། །དེ༷་ལ་ཡི་གེ་དགོད་བྱ་བ། ཡཀྟ་ཡ་སྦེ་ད། ཡ་ཙ་ནི་ར་ཙ་ས་ཏོ་རུ་ན་ཡོ་ན་རི། ཐ་མ་སྔགས་ཀྱིས་མནན་པར་བྱ། །ཉིན་མོ་བསྐོར་ཞིང་ནུབ་མོ་ཐུན་གྱིས་བརྡེག །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཧོ་ལས་འཁོར་ལོ་རྐྱང་པར་བསྐོར་བའི་ལེའུ་སྟེ་སོ་དྲུག་པའོ།། །།རིམ་པ་གསུམ་དང་ལྡན་པ་ལ། །དགུ་དང་བཅུ་གཉིས་བཅུ་དྲུག་ལྡན། །གཤིན་རྗེ་ཉིད་ནི་དགོད་པར་བྱ། །དེ་ལ་ཡི་གེ་དགོད་པ་ཡང་། །ཡ་མ་ར་ཙ་ས་ཏོ་ཡ། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། །ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ། །ཡསྟེ་ཡ་ཙ་ནི་ར་མ་ཡ། །བཙོན་དོང་མིང་དུ་ལྡན་པ་འོ། །འབྲུབ་ཁུང་དང་ལྡན་པའི་འཁོར་ལོ་ལྡིང་བར་བྱ། ཕྱི་ནང་དགུ་རུ་བསྐོར་བ་འམ། །ཉིན་མོ་ཕྱེད་འོག་འབྲུ་འདེད་རོ་ལངས་ཉིད། །ནུབ་མོ་དག་ནི་བཟླས་པའི་སྔགས། །གཡོན་དུ་བསྐོར་བ་ཡང་དག་ལྡན། ཁ་བསྐོར་མསྣྲུ་དང་ལྡན་པའོ། །ཟ་ཁ་དང་ནི་ལྡན་པ་ཡང་། །ཉིན་མོ་གཡོན་ལ་ནུབ་མོ་གཡས་སུ་བསྐོར་བར་བྱ། །ཕྱེད་འོག་འགྲོས་ཀྱིས་གྲོགས་བྱེད་པ། །ཉི་མ་དང་པོ་དག་དང་ནི། །ཡ་བ་ཏི་དང་ཕྱུ་སངས་དང་། །གཤེད་མོ་གཉིས་ལྡན་མགོ་ཡི་ཞལ། །གཏེལ་པ་ཆོས་ཀྱི་རྒྱལ་པོ་དང་། །གཤེད་མོ་གཉིས་ལྡན་གཤིན་རྗེའི་ཞལ། །གླང་ཅན་མགོ་དང་དམིགས་པ་དང་། །གཤེད་མོ་གཉིས་ལྡན་ཀླུ་ཡི་ཞལ། །བཞི་པ་དག་ནི་བས་བྱེད་པ། །རལ་པ་ཚར་དགུ་མིག་དམར་དང་། །གཤེད་པོ་གཉིས་ལྡན་མུ་ལི་ཞལ། །ཟ་ཁ་སྡེམས་པའི་ལས་བྱེད་པ། །ཚར་དགུ་མིག་དམར་བདུད་ཀྱི་ཞལ། །གླང་མགོ་སྨིག་པ་ཀླུ་ཡི་ཞལ། །རྟེལ་པ་ཆོས་རྒྱལ་གཤིན་རྗེའི་ཞལ། །ཡ་བ་ཏི་དང་ཕྱུ་སངས་དང་། །བཞི་པ་དག་སྙེ་འགོང་པོའི་ཞལ། ཁྱིམ་གཤེད་དག་ལ་ནན་ཏན་བྱ། །རི་རབ་གླིང་བཞི་རྡོ་རྗེ་རྒྱ་གྲམ་ལྡན། །སྤྱིན་སྲེག་གནན་པས་མཐའ་འདུས་ཏེ། །ཨོ༷་ས་མ་ཡ་ར་ཙ་དུ་ཤག་བྱ་བ། ར་ཙ་དུ་ལི་ཤག་ཤག་ཏྲ༷་ཕྲ༷། བསྐོར་དང་ཟེར་གྱིས་འགྲུབ་པར་ངེས། །འཇལ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དམར་ནག་གསང་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དགུ་དང་བཅུ་གཉིས་དག་དང་ནི། །སུམ་ཅུ་རྩ་གཉིས་ཉིས་འགྱུར་ལ། །ཡི་གེ་དགོད་པར་ངེས་པ་ཡང་ ཡ་མ་ར་ཙ་ས་ཏོ་མེ་ཡ། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། །ཡ་ཏ་ཡོ་ན་ར་ཡ་སྟེ་ཡ། །ཡཀྟ་ཡ་ཙ་ནི་ར་མ་མ། །སོ་སོའི་ལྷ་རུ་ཤེས་ལ། མཚན་དང་དཔེ་བྱད་ཡི་གེས་བརྒྱན། །བཙོན་དོང་ལས་ཀྱི་མིང་དང་སྦྱར། །ལྡོག་དང་ཁྱབ་དང་གཅོད་པ་དང་། །བྲལ་དང་རྟག་ཏུ་འཁོར་བ་འོ། །དེ་ཡང་ངེས་པར་བཤད་པ་འོ། །ལྷག་ཆད་ཡི་གེ་ནོར་བ་དང་། །ཡི་གེ་ཤད་འདྲེས་རྣལ་འབྱོར་དང་། །རེག་ལ་གཏན་ཚིགས་མཚམས་འབྱོར་བ། །ལུས་ཀྱི་དྲི་མ་གོས་པ་དག །འཁོར་ལོ་ལྡན་པའི་རྒྱུད་ཉིད་དོ། །སྔགས་ལ་ནན་ཏན་ཆུང་བ་དང་། །འཛབ་རྫོགས་ཚད་དུ་ཕྱིན་པ་དང་། །གཉེན་པོས་བཀའ་བསྒོ་མ་བྱས་དང་། །ལས་ཀྱི་ཚོགས་་་་་་ཉམས་པ་དང་། གཏན་ཡར་ནན་ཏུར་ཆུངས་པ་དང་། །རི་རབ་བསྒོམ་ཐབས་མ་བྱས་པ། །ལས་མི་བྱེད་དེ་འཁོར་ལོ་ཁྱབ། །གཅིག་ཏུ་བསྙེན་པ་རྫོགས་པ་དང་། །སྒྲུབ་བྱའི་དཀྱིལ་འཁོར་ལ་བརྟེན་ནས། །བསད་པའི་ལས་རྣམས་རྫོགས་བྱ་སྟེ། །མནན་པའི་ལས་རྣམས་ནན་ཏན་བསྐྱེད། །འཁོར་ལོ་སྤྱོད་པ་ཉིད་དུ་འགྱུར། །དེས་ནི་དོན་རྣམས་མ་གྲུབན། །ཕྲིན་ལས་སྤོགས་དང་འཁོར་ལོ་སྤོགས། །ཐ་མའི་ལས་ལ་ནན་ཏན་བྱ། །མནན་པའི་ས་ནི་ཤིགས་པར་སྤ། །འཁོར་ལོ་ངེས་པར་གཅོད་པར་འགྱུར། །རྟགས་བྱུང་ནས་ནི་མ་བཏོན་ན། །དེ་ན་རྟག་ཏུ་འཁོར་བར་འགྱུར། །ཐ་མ་རྣལ་འབྱོར་ཉིད་ལ་འཁོར། །རང་གི་རྒྱུད་དག་ཕུང་བར་བྱེད། །ཡི་གེ་སོ་སོ་མི་མཉམ་དང་། །འཁོར་ལོ་ལོག་དང་རེའུ་མིག་ནོར། །བསྒྲུབས་དང་མི་འགྲུབ་ཐང་ཤ་ཆད། །ཡི་མུག་ཆོས་ལ་སྐུར་པ་འདེབས། །དེ་ལྟར་སྐྱོན་ཡོན་ཤེས་པར་བྱ། །དགུ་དང་བཅུ་གཉིས་སུམ་ཅུ་གཉིས། །དེ་འོག་སུམ་ཅུ་གཉིས་པ་རྣམས། །སྤྱིར་ནི་བརྒྱད་ཅུ་རྩ་གསུམ་པ། །ཞི་བ་ཆུ་ཡི་དཀྱིལ་འཁོར་མཚུངས། །ཕྱོགསབཞིརབཞིབཞིདབུསསུ་གཅིག །ཕན་ཚུན་དྲང་པོར་དགུ་དགུ་སྟེ། །གཅིག་པ་གཉིས་བགྲངས་སྤྱི་རྩ་བརྒྱད། །རྒྱས་པ་དབང་ཆེན་ལྟ་བུ་འོ། །གསུམ་དང་བདུན་ཅུ་དོན་དྲུག་གཉིས། །སྤྱིར་ནི་བཞི་བཅུ་རྩ་གཉིས་པ། །དབང་སྟེ་རླུང་གི་རྣམ་པ་འདྲ། །གཅིག་དང་གཉིས་དང་དྲུག་པ་གཉིས། །སྤྱི་རུ་རྣམ་པ་བཅྭ་ལྔ་པ། །མངོན་སྤྱོད་མེ་ཡི་འཁོར་ལོ་འདྲ། །རྒྱས་དང་མངོན་སྤྱོད་འཁྲུལ་པ་ཆེ། །ལས་དེ་གསུམ་ཀའི་ཆ་དང་ལྡན། །དེ་ནས་བྱིན་བརླབས་དང་བཟླས་པ་བྱས་ལ། མཆོད་པ་བསྟོད་པ་བྱས་པ་བྱ་བ་ཡང་། གདུག་པ་སྐྲག་བྱེད་འཁོར་ལོ་འབར། །དུག་གསུམ་ཁྲོ་རྒྱལ་ཁྲོ་བོ་ཀུན་གྱི་ཐུགས། །ལས་རྣམས་ཀུན་བྱེད་སྤྲུལ་པའི་འཁོར་ལོ་སྟེ། །མ་ལུས་ཚེམས་ཆོད་གསོལ་བས་སྐུ་ཡི་དང་། །ཧྭ༷་དང་ཕཊ་ཀྱི་གདུག་རྩུབ་སྦྱོར་བའི་གསུང་། །ཀུན་གྱི་རང་བཞིན་ཁྱོད་ཀྱི་གཤིན་རྗེ་ཡི། །ལྟོར་འཇུག་བཀའ་ལས་དེས་ཀྱང་མི་འདའ་ཞིང་། །ཕྱོགས་བཅུའི་སྤྲུལ་པ་གནས་ནས་འགུགས། །མ་ལུས་ཀུན་བྱེད་འཁོར་ལོ་་ཆེ་མཆོག་སྟེ། །གཞན་གྱི་དོན་ཕྱིར་མཆོད་བྱ་ཕྱག་འཚལ་བསྟོད། ཁྱོད་ནི་དཔའ་བོ་མཐུ་ཆེན་ཀུན་གྱི་བདུད། །ང་ཡི་ལམ་བསྟན་བདུད་རྣམས་མི་ཕྱེད་ཀྱང་། །དེ་ལས་འདས་ཤིང་ལྡོག་པ་ཀུན་བྱེད་པ། ཁྱོད་ཀྱང་བཀའ་ལས་མ་འདས་ལས་རྣམས་སྒྲུབས།ཚེ་དང་སྲོག་བསྡུས་ཡན་ལག་རྣམ་པར་ཚིམ། །བདུད་རྩི་ཆུ་རྒྱུན་རྣལ་འབྱོར་ང་ལ་སླང་། །ང་ནི་སྤྱིན་པ་བྱ་ཁྱོད་དམ་ལས་མ་འདའ་ཤིག །ཕྱག་བྱས་རྟེན་བརྗོད་བྱས་ལ་བཞག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ལ། །བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད། །དཀྱིལ་འཁོར་ལྷ་ཚོགསཐམས་ཅད་ཀྱིས། ཀུན་གྱི་བདག་ལ་དབང་བསྐུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་ལ། །ཇི་ལྟར་དེ་བཞིན་བདག་གིས་ཀྱང་། །དེ་དག་ལྷ་ཡི་ཆུས་དབང་བསྐུར། །ཨོམསྣྲུགྲིཡ་མརྙཀ །བཛྲ་ཀ་ལ་ཀྟ་ཨ་བི་ཁིན་ཙ་མ་མ། མ་ཧྭ་པ་ན་སེ་ཨ་བི་ཁིན་ཙ་མ་མ་ན་ཀ་ར་ཙ། བྱི་ཀྲི་ཙ་མ། ག་བྲི་ཤ །བཛྲ་ཀ་ལ་ཨ་བི་ཁིན་ཙ་མ་མ། ཨོ༷་མཉུ་རྣི་ཨ་བི་ཁིན་ཙ་མ་མ། ཨོ་བཛྲ་ཧྲི་ཧྲི་ཧུ༷། བཛྲ་དྷརྨུ་ཙཀྟ་ཧུ༷། བཛྲ་དེ་བ་ཤ་ཏྲ། བཛྲ་གུ་ཧེ་འགྱུར་ལ། བཛྲ་ཀ་བ་ཙ་ཧུ༷། བཛྲ་ཀི་ལི་ཀྱི་ལ་ཡ་ཧུ༷། ང་ནི་འཇམ་དཔལ་གཤིནརྗེ་གཤེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་བརླབས་ང་ཡིས་ཐོབ། །ཐམས་ཅད་ང་ཡི་བཀའ་ཉོན་ཅིག །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། འཁོར་ལོ་བ༷ཅའ་བའི་ལེའུ་གསང་བ་སྟེ་སོ་བརྒྱད་པའོ།། །།དེ་ནས་བསྐོར་བ་བཤད་བྱ་བ། །དར་དཀར་གྲོ་ག་རས་དཀར་ལ། །གི་ཝ༷་གིས་བྲིས་ཟླ་སྟེང་བཞག །ཞི་བའི་སྐུར་བསྒོམ་ཐུན་རྫས་མཆོད། །འོད་འཕྲོས་ཤསྟི་ཀུ་རུ་གདགས། །བདག་ཉིད་ལ་ཐིམ་ཉོན་མོངས་ཞི། །དེ་བཞིན་ཞི་བས་གདོན་རྣམས་ཞི། །རས་སེར་གུར་གུམ་དག་དང་ལྡན། །ཐམས་ཅད་སེར་པོ་ཉིད་དུ་བྱ། །སྤྲུསྤྱོ་དང་ལྡན་ངེས་པ་འོ། །དར་དམར་བུད་མེད་ཞབས་མ་ལ། །རྒྱ་སྐྱེགས་ཙན་དན་སོགས་བྲིས་ལ། །མ་ལུས་དམར་བའི་ལས་བྱས་ཏེ། །བྷ་ལིང་ཉིད་ལ་སྦྱར་བ་འོ། །དྲག་པོའི་རྫས་དང་སྣག་ཚའི་ཆོ་ག་རྫོགས། །ལས་དང་མཐུན་པའི་གའུར་གཞུག །དེ་དང་ལྡན་པའི་སྐུད་པས་དཀྲིས། །འཐུབ་ཁུང་དག་གམ་བར་སྣང་ལ། །དང་པོ་འགུགས་པའི་ལས་རྫོགས་བྱ། །དེ་སྐྱོབ་དབྱེ་བའི་ལས་རྫོགས་དང་། །སྨ་ཐབས་མཚོན་ཆ་སྣ་ཚོགས་བརྡེག །བསྐྱེད་བསྡུ་སྤྲོ་དང་ལྡན་པ་ཡི། །ལྷ་དང་བདུད་དང་གཟའ་ཀླུ་ཡི། །ཉི་མ་གཡས་གཡོན་ཕྱི་ནང་དང་། །ཐུན་གྱི་གཞུག་ཏུ་ས་མཚོན་བརྡེག །མནན་པའི་ལས་རྫོགས་ངེས་པ་འོ། །བདག་ཉིད་ལྷར་བསྐྱེད་མདུན་དུ་བསྒྲུབ་བྱ་བསྐྱེད། །སྐུ་གསུམ་བཅུ་འདུས་འཁོར་ལོ་དང་། ཁ་གནོན་མེ་དབལ་འཁོར་ལོ་ཡིས། །བསྐོར་བྱས་ངེས་པར་ཐེ་ཚོམ་མེད། །ལིང་ག་ཉིད་ལ་སྦྱར་བ་འོ། །རས་སོགས་མེད་པ་གཏན་མེད་དོ། །སེ་ར་བ་ལྟར་ངན་རིམ་བཞིན། །ངེས་པ་ཉིད་དུ་མ་ནོར་བྱ། །དེ་ལྟར་འཁོར་ལོ་དོན་བསྐོར་ནས། །བསྟེན་པ་གཉན་པར་ཐེ་ཚོམ་མེད། །དང་པོ་རྩ་སྔགས་ཉི་མ་ཤར་བ་དྲང་། །དྲག་པོ་བྱ་ཁྲ་གཞན་ཚོལ་འདྲ། །ལས་ཀྱི་དུས་སུ་བཙོན་དོང་བཅུག་པ་འདྲ། ཉི་མ་བཞི་པ་གོ་མཚོན་བསྟར་བ་འདྲ། །དྲག་པོ་མཚོན་རྣོན་རྒྱལ་བ་འདྲ། །མ་ཡེངས་ལྡན་ན་དངོས་གྲུབ་འབྱུང་། །སྤྱི་རྒྱུད་དག་གིས་ལས་བྱས་ཏེ། །ཉི་མ་བཞི་ལ་གཏོར་མ་བྱིན། །ཐོད་པ་སྤོ་ཞིང་གཏོར་མ་བྱིན། །ཐོད་པ་སྤྲ་ཞིང་བདུག་པར་བྱ། །ཕྱོགས་སྐྱོང་དག་གིས་གཤེད་བསྐོར་བྱ། །གཤིན་རྗེ་དཀར་ནག་རྩིས་སུ་གཞུག ཁྲམ་ཐོག་བདུད་དང་དྲི་ཐོགས་སྤང་། ཁྲམ་དམར་དག་གིས་ལས་ལ་སྦྱར། །ཉི་མ་བཞི་ཡི་རྩིས་བྱེད་བསྐུལ། །དྲང་སྲོང་ཁྱུར་མིད་དམོད་པ་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། འཁོར་ལོ་གསང་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། དེ་ལྟར་བསྟན་པ་འདི་ལ་ནི། །རྟགས་དང་བརྡའ་རྣམས་ཞུ་བར་འཚལ། །ཞེས་གསོལ་ཏོ། །དེ་ནས་གསུངས་པ། དང་པོ་དམན་པ་སྤྲང་པོ་དང་། །འབག་དང་སེང་གེ་བཙུན་པ་དང་། །སྐྱ་བཤར་ཞིབ་ཅན་གནས་བརྟན་དང་། །མོན་པ་མོན་མོ་པན་ཁི་ཏ། །སློབ་དཔོན་བསྡེ་ཆེན་པོ་དང་། །རི་བོ་དག་ལ་འཛེགས་པ་དང་། །བ་དན་ཕྱར་ཞིང་གདུགས་ཕུབ་དང་། །ལུས་ལ་མེ་སོགས་འབར་བ་དང་། །བདགཞིད་གོ་ཆ་གྱོནཔདང་། །སྟོང་གསུམ་དམག་གིས་དབང་བྱེད་དང་། །སྐྱེ་བོ་ཡོངས་ཀྱིས་ཁུར་བ་དང་། །དཀྱིལ་འཁོར་དམ་པ་མཐོང་བ་དང་། །འདོད་ཡོན་དྲུག་གིས་དངོས་གྲུབ་འབྱུང་། །ཆར་གྱི་རྒྱུན་གྱིས་མེ་ཤིང་དང་། །བདག་གི་ངག་གིས་གཞན་འབྲོས་དང་། །རིན་ཆེན་མང་པོ་རྙེད་པ་དང་། །སྟོང་གསུམ་ཀུན་ལ་དབང་བྱེད་དང་། །ཡུལ་ཁམས་མང་པོ་ཐོབ་པ་དང་། །རྒྱལ་པོ་དབང་དུ་འདུས་པ་དང་། །འ་་མ་མང་པོ་འབྱུང་བ་དང་། །སེམས་ཅན་མང་པོ་འཕྲོས་པ་དང་། །རླུད་ཆེན་དྲུག་དང་སྤྲུལ་པའོ། །གཞན་ཡང་སྲོག་ཆགས་ཁྲིད་པ་དང་། ཁྲོ་སྙིང་འདོད་དང་ཚིག་པ་དང་། །མཚོན་ཆ་མང་པོ་ཡོང་བ་དང་། །སྲོག་ཆགས་མང་པོས་གསོད་པ་དང་། །སྐྱེ་ཤིང་མང་པོ་བརྔས་པ་དང་། ཁྲ་ཡི་ཕུང་པོ་ཟོས་པ་དང་། །སྲོག་ཆགས་རི་ཡིས་མནན་པ་དང་། །ནམ་མཁའ་གཞའ་ཡིས་ཁེངས་པ་དང་། །ཡི་དམ་ལྷ་ཡིས་ལུང་བསྟན་དང་། །མེ་ཡི་ཕུང་པོ་འདམ་སྐྱེས་དང་། །མེ་ཡི་སེམས་ཅན་འཕྲོས་པ་དང་། །མེ་འོད་སེམས་ཅན་བྲག་རྙེད་དང་། །འོད་ལས་སེམས་ཅན་བཞའ་འདུ་དང་། །མེ་ཡིས་སེམས་ཅན་གཞན་ཚིག་དང་། །དང་པོ་ལུག་སྟོང་འཚོ་བ་དང་། །སྡོད་ལ་མི་ཐུབ་རྔ་བ་དང་། །བཀྲ་མི་ཤིས་པའི་སེམས་ཅན་སྤྱོས་པ་དང་། །ལུག་ཁྱུ་བཞིན་དུ་འདེད་པ་དང་། །བུད་མེད་མང་པོ་འོང་བ་དང་། །སྐྱ་ཤར་མང་པོ་འོང་བ་དང་། །བཤས་ཉིད་བཤས་དང་སྒྱུགས་པ་དང་། །ཆུ་ལ་འཁྲུད་ཅིང་རྐྱལ་པ་དང་། །ཐལ་བའི་རི་ལ་འཛེགས་པ་དང་། ཁྱི་ཕག་མི་རིགས་བྱེད་པ་དང་། །གཞན་གྱིས་ངན་པ་བསྐུས་པ་དང་། །བཙོན་དུ་བཟུང་དང་བཅིང་པ་དང་། །རི་བསྙིལ་བ་དང་མཁར་བརྡིབ་དང་། །ཐུར་ལ་བབས་དང་འདྲིལ་བ་དང་། །བདག་ཉིད་རྟ་ཞོན་གཞན་ རྒྱུག་དང་། །གཞན་ཡང་ངེས་པར་བཤད་པ་ལ། །མགོ་ལ་སོར་མོ་ལྔ་འཇོག་དང་། །ལྟེ་ལ་མཐེབ་སྲིན་གཉིས་འཇོག་དང་། །གསང་བའི་གནས་སུ་འཇོགས་པ་དང་། །རྣ་བར་ཡང་ནི་འཇོགས་པ་དང་། །ལུས་ལ་གྱོན་དང་གཏོད་པ་དང་། །མཐེ་བོང་རྡོ་རྗེ་སློབ་དཔོན་ཏེ། །གུང་མཛུབ་ཕལ་པ་ཉིད་དུ་འོ། །ཐལ་སྦྱར་མི་སྨྲ་བརྟུལ་ཞུགས་པ། །མཉམ་པར་བཞག་པ་བསྒོམ་པ་འོ། །ཀྱེ་ཧོ་གཟུགས་ཤེས་རྣལ་འབྱོར་པ། །མཉམ་ཉིད་ཆོས་ཀྱི་དོན་ཡིན་པས། །འདི་ལ་རྟོག་པ་བྱར་མི་རུང་། །རྟོག་པ་བྱས་ན་མཉམ་ཉིད་འགལ། །ཨ་ལ་ལ་ཧོ་དགེས་པར་མཛོད། །ཨ་ལ་ལ་ཧོ་དྲན་པར་མཛོད། །ཨ་ལ་ལ་ཧོ་རྟོག་མེད་བདེ། །བསྙེན་པ་བསྒྲུབས་པའི་དུས་རྟག་ཏུ། །དམ་མ་ལྡན་ན་རང་ཉིད་བརླག །ལྟ་བ་མེད་ན་བཀོལ་མི་ཐུབ། །ཏིང་འཛིན་ཆུང་ན་བཀོལ་མི་ཐུབ། །ཞེ་སྡང་མེད་ན་ལས་མི་འགྲུབ། །ཉམ་ཐག་མེད་ན་བར་ཆད་འབྱུང་། །གདུག་པ་མེད་ན་འཁོར་མི་འདོད། །ཐེ་ཚོམ་ཅན་ལ་གྲུབ་པ་མེད། །དམ་འདྲེས་ན་ནི་དངོས་གྲུབ་ཡལ། །མ་བླངས་བསྙེན་པ་རྟིང་ནས་དགོས། །འཇིགས་ན་གཙོ་འཁོར་ཕུང་བར་འགྱུར། །དགའ་བ་སྐྱེས་ན་དོན་མི་འགྲུབ། །རྫས་གཞན་འཇིག་རྟེན་ཕོ་མོ་ཁྲོ། །བསྙེན་བསྒྲུབ་ནོར་ན་བདག་གཞན་ཕུང་། །ཞེས་གསུངས་པ་ཡིས། འཁོར་རྣམས་དོན་དང་ལྡན་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།ཉམ་ཐག་གསང་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་དཔལ་ལྡན་དགེས་པ་ཆེ། །ཆོས་སྐུ་བྱིན་བརླབས་ཇི་ལྟར་མཆོད། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། མཚན་ཉིད་ལྡན་པའི་བླ་མ་ལ། །གསོལ་འདེབས་བསྙེན་པ་རྫོགས་བྱས་ལ། །ས་ཕྱོགས་སྟ་གོན་ལ་སོགས་པ། །མ་ལུས་བྱས་ལ་གསོལ་བ་གདབ། །གནང་བ་ཐོབ་ནས་མཆོད་པ་བྱ། །གདབ་དང་འཁོར་ལོ་ལ་སོགས་གཟུགས། །འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་། །རིན་ཆེན་ལས་གྲུབ་མཆོད་རྟེན་ད༷བྱིབས། །མཐུན་གསུམ་རིན་ཆེན་བརྒྱན་མཛེས་པ། །འོད་ཟེར་རྣམ་པར་འཕྲོས་པར་བསམ། །སྡུག་བསྔལ་སེལ་བ་མཆོད་རྟེན་ཚུལ། །རྒྱུ་འབྲས་མ་ལུས་རྫོགས་པར་བསྒོམ། །ཕྱག་རྒྱ་ལྡན་པའི་བྱིན༷ ་བརླབས་ཏེ། །ཨཱོཾ་ན་མ་སརྦ་སྟུ་ཏ་ནན། ཀྟ་ཧ་ར་ཤ་ཏ་ར་ཧྭ༷་སྣ་ཧྭ། ཨོ་ཨ་མི་ཏ་ཨུ་པ་སི་ན་ཙ་ཏ་རི་ཧུ༷། ཨོ༷་ཨ་སམ་མྱགས་པྲ་ཧི་ར་ཙ་ཏ་རི་ཧྲུ༷་གྲྭ་ཧྭ། ཨོ༷་ཨ་རི་ཏི་པྲ་ཏ་ཙ་ཏ་རི་ཧུ༷་སྲུ་ཧྭ། ཨོ་ཨ་བན་ཙ་ཨིནྟྲ་ཡ་སྲུ་ཧྭ། ཨོ་་ས་བན་བ་ལ་ཧུ༷་སྲུ་ཧྭ༷། ཨོ་ཨ་ཏི་ཨང་ག་ས་བ་ད་ཧུ༷་སྣ་ཧྭ། ཨོ་ཨབྱ་ཤག་མརྒ་ཧུ༷་སྭ་ཧྭ། ཨོ༷་ས་ཙ་ན་ཏྲ་རི་ཡ་ཏི་ཙྭ་ན་བ་རི་བུ་རྣམ་བྱ་ཧུ༷་སྲུ་ཧྭ། ཨོ་དྷརྨུ་དྷ་ཏུ་རྙོ་ན་བི་ཙྭཁྲེ་ཨ་ལི་ག་ཧུ༷་སྲུ་ཧྭ། ཨོ༷་སརྦ་བུརྙ། བུ་མི་ཏྲ་ནི། བ་ནིཔྲརྨྱེ་བྱོ་ཧུ༷་གྲྭ་ཧྭ། ཨོ་ཨ་པ྅ཀ་ཡ་སི་ཏི་བ་ལ་གརྦ་པན་ཙ་པ་རི་པྲརྨྱེ་སྨྱོ་གྲྭ་ཧྭ། ཨོ་ཨ་མ་ཧྭ་ག་རུ་ཡ་ཏི་མན་ཧུ༷་གྲྭ་ཧྭ།ཨོ་སརྦ་ཙྭ་ན་ལོ་ཀྟ་ཡ་མ་ཧྭ་ཧུ༷་གྲྭ་ཧྭ། ཨོ་ས་མན་ཏ་སརྦ་མ་ཧྭ་ཨ་པ་ཡི་བུར་རྣམ་སྒྱ་གྲྭ་ཧྭ། ཨོ་དྷརྨུ་ཙ་གཔ྅་བྷ་གིར་ཏི་ཧཱུཾ་སྲུ་ཧྭ། ཨོ་སརྦ་རྙོ་ན་མུ་ལ་ཧུ༷་སྣ་ཧྭ། ནུབ་པ་གཞལ་ཡས་ཁང་གདན་དང་བཅས་ལ་ལྷར་བསམ་དབང་བྱིན་བརླབ་བྱ། ད་ཧ་ད་ཧ་སརྦ་ན་ག་ར་ཏེ་ཧེ་དུན་ཧྲུ༷་ཕཊ། པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏ་ཧེ་དུན་ཧུ༷་ཕཊ། མ་ཏ་མ་ཏ་སརྦ་ཏིབྱ་ག་ཏོ་ཧེ་དུན་ཧུ༷་ཕཊ། འཁོར་ལོ་ལ་སོགས་རིམ་ པས་འབུལ། །ཡེ་ཤེས་རང་སྣང་སངས་རྒྱས་ཀུན་གྱི་གནས། །འཁོར་ལོ་པདྨ་ཐིག་བཞི་པད་རིམ་ཅན། །རྣམ་བཞི་དབྱིབས་ཚུལ་སྒོ་རྣམ་བཞི་དང་ལྡན། །རང་བཞིན་ལྷུན་གྲུབ་མཆོད་རྟེན་གཤེགས་སུ་གསོལ། །ཚད་མེད་རྣམ་བཞི་རང་སྣང་ལས་བྱུང་བ། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་བརྩེགས། །རྒྱུ་མཐུན་གླིང་བཞིར་འགྲོ་བའི་དོན་མཛད་པ། །བླ་མེད་མཆོད་རྟེན་བཞི་པོ་གཤེགས་སུ་གསོལ། །བཅོམ་ལྡན་སྤྲུལ་སྐུ་མཛད་པ་ལས་བྱུང་བ། །ལྷ་ལས་བབས་པའི་མཆོད་རྟེན་གཤེགས་སུ་གསོལ། །པདྨ་ཅན་གྱི་མཆོད་རྟེན་ཆེན་པོ་ནི། །སྐུ་ཡི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་དང་། །གསེར་གྱི་འོད་ཅན་མཆོད་རྟེན་དང་། །བཀྲ་ཤིས་སྒ་མང་གཤེགས་སུ་གསོལ། །མཛད་པ་རྫོགས་པའི་བྱིན་བརླབས་ལས་བྱུང་བ། །ལྷོ་ནས་ཡིད་བཞིན་སྣྲུན་གྲུབ་ཀ་ནི་ཀའོ། །ནུབ་ནས་དཔེ་མེད་བསམ་ཡས་རིན་ཆེན་མཆོད་རྟེན་དང་། །རྨད་གྲུབ་ཁམས་གསུམ་བདེ་རྒྱས་སྒྲོགས། ཁྲར་ནས་བྱམས་ལྡན་མཐའ་ལེགས་གཡུང་དྲུང་སྒྲོགས། །བྱིན་བརླབས་མཆོད་རྟེན་བཞ་པོ་གཤེགས་སུ་གསོལ། །སྐུ་གདུང་བྱིན་རླབས་རིན་ཆེན་སྐུར་སྣང་བ། །ནུབ་བྱང་རྒྱལ་པོ་མིག་ནང་ཞི་མཛད་མ། །ཐུགས་རྗེ་མཆོད་རྟེན་རྣམ་གཉིས་གཤེགས་སུ་གསོལ། །དྲེགས་པའི་ཕུང་པོ་དུར་ཁྲོད་བརྒྱད་ཀྱིས་བརྟེན། །མ་མོ་གནས་དང་དངོས་གྲུབ་སྒྲུབ་པའི་གཞི། །བདེ་ཆེན་མཆོད་རྟེན་རི་བོ་ལ་སོགས་པ། །སྒྲུབ་པའི་མཆོད་རྟེན་བརྒྱད་པོ་གཤེགས་སུ་གསོལ། །མཁའ་སོགས་འབྱུང་འགྱུར་ལ་སོགས་པ། །རང་བྱུང་ཡེ་ཤེས་སྣང་བས་བྱིན་བརླབས་པའི། །གདུལ་བྱ་ཇི་ལྟར་འདུལ་ཞིང་དོན་མཛད་པའི། །ཡིད་ཀྱི་མཆོད་རྟེན་མ་ལུས་གཤེགས་སུ་གསོལ། །དེ་དག་ཀུན་དང་ཐེག་པ་སོ་སོ་ཡི། །ཐ་སྙད་རྣམས་དང་མཐུན་པའི་སྐུ་བཞེངས་པའི། །སྤྲུལ་པའི་མཆོད་རྟེན་མ་ལུས་བཞུགས་སོ་འཚལ། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐབས་ཆེན་རྣམ་ཐར་མ་འདྲེས་ཅིར་ཡང་སྣང་། །དུས་བཞིའི༷་རྒྱལ་བ་རང་རིག་ཉིད་དུ་འདུས། །དཀྱིལ་འཁོར་རྣམ་གསུམ་རང་རིག་མི་གཉིས་ཕྱིར། །སྙིང་པོ་བྱང་ཆུབ་མཐའ་གཏུགས་བརྟན་པར་བཞུགས། །ཨེ་ཧ་ཧི་དྷརྨུ་ཀ་ཡ་ཁ་དྷ་ལ་སྨྱོ་སྒྱུ༷་ཏྲ་ཤ་ཧོ་ས་མ་ཧོ། ས་མ་ཡ་སྟོ། ཛ༷༷ཧུ༷་བ༷་ཧོ། །ཀ་ཡ་བ་ཀ་ཙིཀྟ་ཏིསྟ་བཛྲ། ཆོས་སྐུ་མུ་མཐའ་དཔག་མེད་ ཕྱག་རྒྱ་རྒྱུ་འབྲས་རྫོགས། །རང་བྱུང་རོལ་པ་རང་སྣང་ངང་།དུས་གསུམ་རྒྱལ་བའི་བཞུགས་གནས་ཁང་། །རང་བཞིན་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱིན་བརླབས་ཅིར་ཡང་སྣང་། །སྣ་ཚོགས་ཐབས་ཀྱི་དོན་མཛད་པ། །སྤྲུལ་པའི་མཆོད་རྟེན་བརྒྱད་པོ་དང་། །བླ་མེད་མཆོད་རྟེན་རྣམ་བཞི་དང་། །བྱིན་རླབས་རོལ་པའི་མཆོད་རྟེན་བརྒྱད། །ཐུགས་རྗེའི་མཆོད་རྟེན་ལ་སོགས་པས། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། རང་བཞིན་སྐྱོན་བྲལ་སྤྲོས་པ་རྣམས་དྭངས་ཀྱང་། །སེམས་ཅན་རྣམས་ཀྱི་དྲི་མ་བསལ་བ་དང་། །བསོད་ནམས་ཚོགས་ཆེན་རྫོགས་པ་དང་། །རང་རིག་ཡེ་ཤེས་གསལ་བའི་ཕྱིར། །སྲིད་ཞུ་རྣམ་དག་སྐུ་ལ་ཁྲུས་ཆབ་གསོལ། །ཨོ་ཨ་ཧ་ར་ཨ་ཧ་ར་སརྦ་བི་ད་ར་བྱུ་ཙ་ཡ༷་གྲྭ་ཧྭ། །བདེ་གཤེགས་སྐུ་གསུམ་མཚན་དང་དཔེ་བྲལ་ཡང་། །འགྲོ་བའི་དོན་དུ་སྐུ་གཟུགས་ཅི་ཡང་མངའ། །རིན་ཆེན་དབྱིངས་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་བཀུར་སྟིའི་ཚུལ་ཅན་དུ། །བདེ་གཤེགས་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཀུན་རྒྱལ་པའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་རྩ་བ་ཀུན་བསལ་ཏེ། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ཐེག་མཆོག་བླ་རེ་འགྲོ་བས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་མཚན། །འཁོར་ལོ་བཅུ་གསུམ་ཟླ་ཚེས་བུམ་པ་དང་། །ལྷ་དང་ལྷ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་ཀྱང་། །བླ་རེ་རྒྱལ་མཚན་རོལ་མོ་རྣམས་མཆོད་པས། །བདག་འགྲོ་བར་ནི་རབ་འགྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་ལ་ཀུན་ཀྱང་གནས་པར་ཤོག །མཆོད་རྫོགས་རྒྱལ་པོའི་ལས་བྱ་འོ། །སེམས་ཉིད་ཁྱབ་བརྡལ་གསེར་གྱི་ས་གཞི་ལ། །སེམས་བསྐྱེད་ལམ་བཞིན་དགེ་བཅུའི་རྨང་རིས་ནས། །གྱེན་དུ་བང་རིམ་རྣམ་གྲངས་དུ་མ་ནི། །བྱང་ཆུབ་མཆོག་དང་ལམ་སྟེགས་ཐེག་རིམ་གསལ། །བུམ་པ་རྟེན་བཅས་སྟོབས་དང་ཡན་ལག་ལས། །ཐིག་ལེ་ཆོས་སྐུ་བདེ་ཆེན་བཞི་དང་བཅས། །སྲོག་ཤིང་ཆོས་དབྱིངས་ཡེ་ཤེས་རྒྱུ་འབྲས་ལ། །འཁོར་ལོ་ས་གསུམ་འབྲས་བུ་ཁྱད་པར་ཆེ། །གདུགས་ནི་ཐུགས་རྗེའི་གདལ་ཁྱབ་ཡོངས་སུ་སྙོམས། །དྲིལ་བུ་གསུང་ལ་མ་འདྲེས་ཆོས་སྒྲ་སྒྲོགས། །དར་དཔྱངས་ཐོགས་མེད་ཡེ་ཤེས་ཕྱོགས་བཅུར་འཕྲོ། །རྟོགས་ན་མཉམ་པ་ཆེན་པོ་ཁྱད་པར་འཕགས། །ན་དྭ་རང་བྱུང་ཡེ་ཤེས་ཀུན་གྱི་གཞི། །ཐེམ་སྐས་རྣམ་པར་ཐར་བ་ཀུན་གྱི་ལམ། །བློ་འབུར་ལྷག་པ་ཡེ་ཤེས་ཅིར་ཡང་སྣང་།།འོད་ཟེར་ཁམས་གསུམ་མུན་ནག་་་སེལ། །ལོགས་དབྱིབས་སྤྲུལ་པའི་འཕྲོ་འདུ་འགྲོ་དོན་རྫོགས།ཁོང་སྟོང་ཕྱི་ནང་མེད་པར་མཉམ་པའི་དབྱིངས། །གཞལ་ཡས་རྒྱར་བྲན་གདན་ ལྡན་རྫོགས་པར་མཛེས། །དུས་གསུམ་རྒྱལ་བའི་འདུ་འབྲལ་མེད་པར་བཞུགས་ཁང་ན། །ཡེ་ཤེས་སྐུ་གཟུགས་ཅིར་ཡང་སྣང་ཕྱག་རྒྱ། །སྣོད་བཅུད་གཉིས་བྲལ་མ་འདྲེས་ཡོངས་སུ་རྫོགས། །སྐུ་ལྔ་ལྷུན་རྫོགས་གཅིག་ཏུ་བཟུང་དང་བྲལ། །སྣང་ལ་མ་འདྲེས་ཚོགས་ཉིད་ཡོངས་རྫོགས་སྐུ། །དེ་རྗེས་སྤྱོད་པའང་དེ་བཞིན་བྱིན་བརླབས་མཛད། །རང་བཞིན་ཉིད་མཐུན་སྐུ་གདུང་རིང་བསྲེལ་བཏོན། །ཉི་འོད་སྟོང་བས་ལྷག་པའི་གཟི་བྱིན་ལྡན། །རབ་གནས་ལྡན་ཕྱིར་དཀྱིལ་འཁོར་གཉིས་གཅིག་པ། །བྱིན་བརླབས་རྒྱལ་བ་ཀུན་དང་ཁྱད་མེད་སྐུ། །ཐམས་ཅད་ཟིལ་གནོན་མི་འཇིགས་སེང་གེའི་ཁྲི། །ཡོན་ཏན་འབྱུང་གནས་འགྲོ་བ་ཀུན་གྱི་དཔལ། །སེམས་བསྐྱེད་ཙམ་གྱི་བླ་མེད་ལམ་གནས་མཛོད། །རྣམ་པ་མ་ཡེངས་མཐའ་ཡས་སྐུར་སྣང་བའི། །ལེགས་སྐུ་ལྷུན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད། །སྤྱན་དབྱེ་དབུ་བསྲེགས་ཆོ་ག་མ་ལུས་ལྡན་པར་བྱའོ། །དབང་བསྐུར་རྫོགས་བྱས་་་་་་་དྲི་མ་བཀྲུ། །སྨོན་ལམ་རྫོགས་བཏབ་ཕྲིན་ལས་ཡོངས་སུ་རྫོགས། །ཞེས་གསུངས་པས། ཐམས་ཅད་སྐྱེ་བ་མེད་པའི་དོན་དང་ལྡན་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཆོས་སྐུ་མཆོད་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་ང་། ངེས་པར་བསྟན་པ་འདི་ལ་ནི།ཁོ་བོར་ཚམ་ངམ་བསྟན་པར་མཛོད། །ཅེས་གསོལ་པས། དེ་ནས་ཡང་གསུངས་པ། ཐོག་མར་ ཕྱག་རྒྱ་བཅས་ནས་སུ། ཁོ་བོ་ལས་ནི་མ་ལུས་དབང་བསྐུར་ཏེ། །ལས་རྣམས་ཚུལ་བཞིན་བྱ་བ་ཡང་། །འབྱོར་བ་དག་ནི་ལེགས་པར་བྱ། །གདོང་དང་ཁ་མིག་རྐང་པ་མཉམ། །རབ་ཏུ་དང་ལ་ཞི་བའི་སེམས། །སྙིང་ཡང་དེ་བཞིན་རབ་ཏུ་དགའ། །དབང་དུ་བྱ་བའི་ལས་གསུངས་པ། །ཤིན་ཏུ་མཉམ་པར་བཞག་པར་གྲུབ། །རྐང་པ་ཡ་གཅིག་དུར་དུ་གཞུག །གདོང་དང་ནུ་འབྱིང་གཅིག་སྟེ་གནས། ཁ་དང་མིག་ནི་ཡ་གཅིག་བཙུམས། །ཚམ་ངམ་གནོད་པ་ཆེན་པོ་བྱས། །བེ་ཅོན་ལ་ནི་མིག་གཉིས་ལྟ། །བསྒྲུབ་པར་བྱ་བ་བསྒྲུབས་ལ་འབད། །གང་དག་དབྱེ་བར་འདོད་པ་གཉིས། །དེ་དག་དབྱེ་བར་བརྩམ་པར་བྱ། །རྐང་པ་གཉིས་ལ་བཏེགས་པ་ཡི། །ཚམ་ངམ་བྱས་ལ་སླར་ཡང་བཞག །བཞིན་རྙེད་ཕྱག་རྒྱ་བཅིངས་ནས་ནི། ཁྲོས་པས་བལྟས་ཤིང་ཡིད་ཀྱང་ཁྲོས། །རབ་ཏུ་དཔའ་སྲ་དང་བཅས་པས། །བརྩལ་གྱིས་གནོད་པ་རབ་ཏུ་འདུལ། །སྔགས་པ་དོན་བཞིན་སྔགས་ཚུལ་གནས། །གང་འདོད་པར་ནི་གཞོམ་པར་བྱ། །དེ་ནས་རྐང་པ་ཡ་གཅིག་ཀྱང་། །དྲག་ཤུལ་ཅན་དུ་བརྐྱང་སྟེ་བཞག །གཟུར་ཏེ་འདུག་པའི་ཚུལ་དུ་གནས། །གདོང་ཡང་ཡོན་པོར་འགྱུར་བར་བྱ། །མཛུབ་མོ་བསྒྲེང་སྟེ་གདེངས་པ་དང་། །བེ་ཅོན་ཕྱག་རྒྱ་དག་གིས་བསྡིགས། །དགྲ་དག་བསྐྲད་པར་འདོདཔ་ནི། །མྱུར་དུ་བསྐྲད་པར་བྱས་པར་འགྱུར། །དེ་ནས་རྐང་པ་མཉམ་པར་བཞག །ཡན་ལག་གཡས་པ་མཐོང་བར་བྱ། །དཔལ་དང་ལྡན་པས་གཡོན་པ་སྨད། །ཞི་བར་འདོད་ན་ཞི་འགྱུར་བྱ། །ཕྱེད་ནི་དམ་པར་བསྐུམ་སྟེ་གནས། །རྐང་པ་གཡས་པ་ཚམ་ངམ་བྱེད། །སྔགས་ཚུལ་གནས་པར་བསྒོམས་ནས་ནི། །རྒྱས་པར་འདོད་ན་རྒྱས་པར་འགྱུར། །སླར་ཡང་དེ་ཉིད་ཤེས་པར་བྱ། །བཟློག་སྟེ་བྱ་བ་གཞན་དུ་མིན། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཚམ་ངམ་རིམ་པ་དྲུག་བསྟན་པ། །དང་པོ་མིང་ནི་ལེགས་པར་འཕོངས། །དེ་ཡི་འོག་ན་རྒྱབ་ཀྱིས་ཕྱོགས། །དེ་བཞིན་ཚམ་ངམ་གསུམ་པ་ནི། ཁྲོ་བ་ཅན་ཞེས་གྲགས་པ་ཡིན། །ལྔ་པ་ལ་ནི་སྟོབས་ཞེས་པའོ། །དྲུག་པ་སྟོབས་་་་་་་་ཞེས་བརྗོད་དོ། །ཚམ་ངམ་གདངས་པ་བྱས་ནས་ནི། །དགྲ་བོ་ལ་སོགས་སྦྱོར་བ་ངེས། །གྲགས་པ་ཆེན་པོ་ཐོབ་པར་འགྱུར། །ཐམས་ཅད་སྒྲུབ་པའི་བསྒྲུབ་པ་ཕེབ། །བདག་གཞན་དོན་མཆོག་གང་འདོད་པས། །ཤིན་ཏུ་ལེགས་པར་བསྒྲུབ་པར་གྱིས། །ཅེས་གསུངས་པས། ཐམས་ཅད་གྲུབ་པའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཚམ་ངམ་བསྟན་པ་གསང་བའི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་གསང་བའི་བདག་པོས་གསོལ་པ། ངེས་པར་བསྟན་པ་འདི་ནི་གནས་པ་བསྟན་དུ་གསོལ་ཞེས་གསོལ་པ་དང་། དེ་ནས་ཡང་གསུངས་པ། ཤིང་གཅིག་པ་འམ་དུར་ཁྲོད་དམ། ཁྱིམ་སྟོང་དང་ནི་བཞི་མདོ་དང་། །མཆོད་རྟེན་དང་ནི་མུ་གཉིས་དང་། ། ཐིབས་པོ་སྟོང་པའམ་སྲང་སྙིང་དང་། །སྐྱེད་མོས་ཚལ་དང་རི་བོའི་རྩེ། །ཆུ་བོའི་འགྲམ་དང་ནགས་ཚལ་དང་།།ཡང་ན་རྒྱ་མཚོའི་འགྲམ་ན་ནི། །ལྷ་ཆེན་གྱི་ནི་གནས་ཀྱང་ཡིན། །བ་གླང་ལྷས་སམ་གཡུལ་གྱི་ས། ཁྱད་པར་དུ་ནི་གཡུལ་ས་དང་། །གང་དུ་ཡིད་ནི་འཐད་པར་བྱ། །ནུབ་ནི་སྐྱོབ་ལ་ཤར་ནི་གཤོལ། །ལྷོ་ནས་བྱང་དུ་འབབ་པ་དང་། །མེ་ཏོག་དཀར་པོ་ཡོད་པ་དང་། །སྐྱེ་ཤིང་མང་པོ་ཡོད་པ་དང་། །ས་གཞི་གསེར་དང་ཙྭ་ཤིང་རྒྱས། །མེ་ཏོག་དཀར་པོ་སྐྱེ་བ་དང་། །འབབ་ཆུ་མང་པོས་བརྒྱན་པ་དང་། །ས་གཞི་དམར་དང་མེ་ཏོག་དམར། །ཚེར་མ་ལྕགས་འདྲ་ཡོད་པ་དང་། །བྱ་བྱེའུ་མང་པོ་འདུ་བ་དང་། །དམའི་གྲོགས་གཞུངས་པའི་རི་དང་ནི། །གྲོག་གླེ་ཆུ་གླེ་སུམ་མདོ་དང་། །དུར་ཁྲོད་ཚེར་མ་འདག་པ་དང་། །བ་ཚ་ཡང་དུ་ཡོད་པ་དང་། །མཁར་རྙིང་ཕུང་ཤུལ་དག་དང་ནི། །ཅོང་རོང་རྩུབ་པའི་ས་བདག་ནང་། །ལྷ་འདྲེ་མང་པོ་གནས་པ་འོ། །རི་བོ་འདུས་པའི་རྩེ་དང་ནི། །རི་བོས་བསྐོབབའི་ལྕག་ཕྲན་ཚལ། །དེ་ནས་ཡང་མ་མོའི་ཚོགས་ཐམས་ཅད་ཀྱིས་དམ་བཅས་ནས་ཕུལ་བ། ར་ཙ་ཡེ་ཧུ༷་ཕཊ། རུ་་ཙི་རུ་ཙི་ཧུ༷། ཧུ༷་མ་ཡེ་ཧུ༷། ཨ་ལོག་ག་ཤ་ས་དི་རུ་ཙི་ཕེ་ཏེ་ཧུ༷། ན་མན་ཙེ་ལེ་ཧུ༷་ཕཊ། སུ༷་གྲུ༷་སུ༷་གྲུ༷་མ་ར་ཡ་ཧྭ༷་ཕཊ། མ་ར་ཡ་རྙུ་ཏི་དྷི་ཧུ༷་ཕཊ། འདི་ལ་བཛྲ་ཕཊའདི་ལ་བཛྲ་ཕཊ། གང་འདའ་བཛྲ་ཕཊ། དུ་ཧུ་ར་ཀ་ཀ་ཧུ༷་ཕཊ། ཀ་ར་པ་ཙ་ཧུ༷་ཕཊ། ཨོ༷་ཐིབས་ཐིབས་སིལ་སིལ། ཤར་ཤར་ཁུ་རོ་རྗེ་ཤར་སིལ་སུ་རོངས་རྗེ་ཤར་ཕྲོ་་སིལ་གོངས་རོངས་རྗེ་ཤར་ཕྲོ་སིལ་ལེ་རོང་རྗེ་ཤར་ཕྲོ་སིལ། ལོ་ཏོག་རྫས་ཡ་ཡ་ཡ། ཨོ་བ༷་ཧ༷་ཧ་ཤད། ཏྲ༷་ཏྲ༷་བ་ར་ན་སུ༷་ཧ་ཧུ༷་ཕཊ་ཧྲི། བཅུ་གཅིག་དོན་དང་ལྡན་པས་གྲུབ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གནས་ངེས་པར་བསྟན་པ་དང་།དགྲ་བེ་སེར་བའི་ལེའུ་གསང་བ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་གསུངས་པ། ངེས་པར་བསྟན་པ་འདི་ལ་ནི། །རྫས་ཀྱི་ངེས་པ་ཇི་ལྟ་བ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། སྣོད་དང་མཆོད་རྫས་དཀར་བ་དང་། སྣོད་དང་རྫས་ཀུན་སེར་བ་དང་། །དགུག་པའི་ལས་གྲུ་བཞི་ཉིས་རྩེག་རྡོ་རྗེ་ས་མཚོན། དེ་ལ་ཡི་གེ་བཀོད་བྱ་བ། ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཆེ་གེ་མོ་ཁུམས་པར་གྱུར་ཅིག །ཨ་ཀ་ར་ཤ་ཡ་སྲུ་ཧྭ། བཟླས་ཤིང་སྤྲོས་ན་གྲུབ་པའོ། །ཨརུ་མརྙ་ཀས་མནན་པའི་ལས། །གྲུ་བཞི་རྡོ་རྗེ་རྒྱ་གྲམ་ནང་། །དེ་སྟེང་རྡོ་རྗེས་མཚོན་པ་ལ། །ཡི་གེ་ངེས་པར་བཀོད་བྱས་ལ། །ཨོ༷ཧྲི་ ་སྟི་བི་ཀྲི་ཏ་ན་ན་དགྲ་བོ་ཨ་མུ་ཀ་མ་སྟམ་ཡ་ཧུ༷་ཧུ༷་ཧུ༷་ཕཊ་ཕཊ་ཕཊ་སྭ་ཧྭ། དེ་ནས་མན་ངག་ཀྱང་གནོན། །མ་ཧྭ་ཀ་ལས་ཆར་པ་དབབ་པའི་ལས། །བརྒྱ་བྱིན་གཟུགས་བྱས་རྡོ་རྗེས་མཚན། །རྐང་པས་མནན་བྱས་བཟླས་པས་གྲུབ། །ཨོཁ་ར་བཛྲ་ཨིནྟྲ་མ། ཧད་ཉལ་ཡ་ཏི་ཧུ༷་ཧུ༷་ཧུ༷། ངེས་པའི་ས་ནི་གྲུབ་པར་འགྱུར། །ཨོ་པི་ཤུ་ནི་པི་ཤུ་ནི། ཨིན་ཏ་པ་རི་ཤ་པ་ཨ་ཏི་བ་བ་བ་གི་ག་གི་ག །ན་མ་ས་མན་ཏ་བུ་ཏ་ན་མ། ཨ་རད་ཏི་ཧ་ད་ས་ན་མྱོ། སྟོབས་ཆེ་ཡིས་འཛིབ་འདུམ་པར་བྱ་བའི་སྔགས། གྲུ་གསུམ་བསྣོལ་མ་ཟླུམ་པོ་ཉིད་དུ་བསྐོར། །བསྐོར་བསྒྲུབ་པའོ། །དྷིད་ད་ཧྲི་བ་དྷི་ད་དྷིད་དྷ། ཧྲི་སུ་ཧྲི་ཀུ་རུ་ཧྲི་དྷ། བསྐོར་ཞིང་སྤོས་ན་བྲོས༷་པར་ངེས། །ཨརུ་ཤེ་ཏྲས་དམག་མནན་པའི་ལས། རྡོ་རྗེ་རྒྱ་གྲམ་འཁོར་ལོ་བསྐོར། ཨོ་ཨ་ཙིན་དྷི་བེ་གཔྲ་ཧ་ར་ཆེ་གེ་མོ་སརྦ་དུ་་ཧུ༷་ཧུ༷་ཕཊ་ཕཊ། ཨརུ་ཤེ་དས་དབྱེ་བའི་ལས། འཁོར་ལོ་དེ་བཞིན་ཡི་གེ་བཀོད། ཨོ་བདྲོའུ་ཏྲེ་བྲ་ཙན་དྷིའི་བ་རེ་པྲ་ཧུ་སྲ འདི་དང་འདི་གཉིས་སརྦ་དུ་་ཧཱུཾ་སྤོ་ཏ་སྤོ་ཏ་གྲྭ་ཧྭ། །ཆེ་གེ་མོ་སརྦ་མ་རེར་བྱིན་ཏྲ་ཤ །ཡང་ཅི་གྲུབ་པའི་འཁོར་ལོ། ཟླུམ་པོ་རྡོ་རྗེ་རྒྱ་གྲམ་མཚན། །དེ་ལ་ཡེ་གེ་བཀོད་བྱས་པ། ། ཀླུ་ཡི་ལས་མཁན་ཉིད་དུ་འོ། །ཏབྱ་ཐུ། ཧ་ན་ག་ཛ་ལ་ཛ་ལ། ཀི་མི་ཀི་མི། ཧ་ན་ཧ་ན། པ་ཙ་པ་ཙ། ཨ་ཀྲ་མ། པི་གུ་མ་མ་ཧྭ་ན་ག །ཨ་ཏི་པ་ཏ་ཡེ་གྲྭ་ཧྭ། བསྐུལ་ཚིག་དང་བཅ༷ས་སྔགས་བཟླས་ན་སྤྲིན་འདུ་སེར་བ་འབབ། མི་རྒོད་དང་།ལོ་ཏོག་སེར་བ་བསྲུང་བར་ངེས། ཨོ༷་ཁ་ར་བི་རི་ཛི། ཨ་ན་ཏྲ་མ་ད་ཉ་བ་ཡ་ཏི་ཧུ༷་བ། ཨོ་པ་དེ་ཡ་པ་དེ་ཡ། གྲོ་ན་གྲོ་ན། ཧྲི་པ་རི་ཤ་ཡ། ཧུ༷་ཧུ༷་ཧཱུཾ། པ་རི་ཤ་ཡ་སྟོ། པ་ནི་ཧུ༷་ཧུ༷་ཧུ༷། ཨརུ་ཏ་རས་ཞི་བའི་ལས། །འདབ་རྒྱས་ལྡན་པའི་འཁོར་ལོ་ལ། །ཡེ་གེ་བཀོད་པ་བཟླས་པ་ཙམ། །རུ་རུ་ཆེ་གེ་མོ་རུ་རུ་ཆེ་གེ་ཤིརྙིང་ཀུ་རུ་གྲྭ་ཧྭ། རུ་སྲ མཆོད་ཅིང་བཟླས་ན་གྲུབ་པར་འགྱུར། ཏ་ཀ་རི་ཙས་ཆར་བབ་པའི་ལས། གཟུགས་བྲི་རྡོ་རྗེ་ཧུ༷་བཞིས་བསྐོར། །ཨོ་ཊ་ཀི་ར་ཙ་ཧུ༷་ཛ། ཆར་པ་ཕོབས་ཤིག །སྤྲོ་ཞིང་ལས་ལ་སྦྱར་ བར་བྱ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གོབོར་ལོ་བརྒྱ་རྩ་གཅིག་སྒྲུབ་པའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་གསང་བའི་བདག་པོས་གསུངས་པ། ཀྱེ་ཧོ་དཔའ་བོ་ཆེན་པོ་ལགས། །ངེས་པར་བསྟོད་པ་འདི་ལ་ནི། །དབང་གིས་ངེས་པ་བསྟན་དུ་གསོལ། །གོས་དང་རྒྱན་ཀུན་སེར་བ་དང་། །མཆོད་རྟེན་གཏོར་མ་སེར་བ་ཉིད། །ཟངས་སོགས་སྣོད་ནི་དམར་བ་དང་། །མཆོད་ཡོན་ལ་སོགས་གཏོར་མ་དམར། །མཆོད་རྟེན་རྒྱན་ཆ་དམར་བ་འོ། །ཐོད་པ་ལྕགས་ནས་གྲུབ་པའི་སྣོད། །ཆས་གནག་འཁོས་པས་མཆོད་རྟེན་གནག །ནས་དང་འོ་མ་ཞོ་དང་ནི། །འབྲས་ཡོས་ཏིལ་དང་དུར་བ་དང་། །ཀུ་ཤ་སྔོན་མོ་ཙན་དན་དང་། །འབྲས་སྭ་ལུ་དང་མེ་ཏོག་དམར་པོ་དང་། །ན་ག་གེ་སར་ཐང་ཆུ་དྲི་ཞིམ་དང་། །སྦྲང་རྩི་དམར་དང་བཅས་པ་དང་། །ཞོ་དང་སྦྲང་རྩི་དང་།ཏིལ་སེར་པོ་དང་འབྲས་ཆེན་དང་། སྭ་ལུ་དང་ན་ག་གེ་སར་དང་། འབྲུ་དང་ཉུངས་དཀར་དང་། ཉུངས་ནག་དང་ཁྲག་དང་ལན་ཚ་དང་། རོ་བསྲེགས་པའི་ཐལ་བ་དང་། སྐེ་ཚེ་དང་བོང་ང་དང་། རྔ་མོའི་སྦངས་དང་།སྒོ་ང་དང་བྱ་རོག་གཏོགས་པ་དང་། བཤང་གཅི་དང་། ཚེར་མ་དང་མི་རུས་དང་། མི་དང་ཁྱི་དང་བ་གླང་གི་ཤ་དང་། དུག་དང་ཁྲག་ལ་སྦགས་པ་དང་། ཙམ་པ་ཀ་དང་། སེང་ལྡེང་དང་། ཉུང་དམར་དང་། མེ་ཏོག་དམར་པོ་དང་། དམར་པོ་འོང་པ་རྣམས་སྤོས་ཆུས་སྤངས་པ་དང་། གསེར་དང་ཟངས་དང་། ལྕགས་དང་། ཤིང་ཙན་དན་ལས་བྱས་པ། པདྨའི་འདབ་མའི་དབྱིབས་ལྟ་བུ། ཡུ་བ་མཐེ་བོང་གི་ཚད་ཙམ་ལ། ཁྲུ་གང་སོར་བཞི་བྲུས་པའི་ནང་དུ། བཅུད་འཛག་པའི་ཁུང་བུ་དང་ལྡན་པའོ། །ཡང་ཁྲུ་ཕྱེད་པ་ཟླུམ་པོ་བྲུས་པ་དང་། རྡོ་རྗེ་ལ་སོགས་པའི་མཚོན་པའོ། །ཕྲིན་ལས་སྤྱིའི་ཐབས་ཁུང་དུ། པདྨ་འདབ་བརྒྱད་ལྟ་བུ་ལ་རྡོ་རྗེས་། །བསྐོར་བའོ། །གཤེད་ལྔ་ཡིས་བརྒྱན་པ་དང་། །ཡོན་ཏན་ཉི་ཤུའི་བརྒྱན་རྫོགས་པའོ། །ཞི་བ་ཤར་ལ་རྒྱས་པར་བྱང་། ། དབང་ནི་ནུབ་ལ་དྲག་པོ་ལྷོ། །དགུག་པ་དྲི་ཡི་ཕྱོགས་སུ་བྱ། །སྲེག་པ་མེ་ཡི་ཕྱོགས་སུ་སྟེ། །གཏད་པ་གཤིན་རྗེའི་ཕྱོགས་སུ་འོ། །སྲིན་པོའི་ཕྱོགས་སུ་གསད་པར་བྱ། །ཀླུ་རྒྱལ་ཕྱོགས་སུ་མནན་པ་བྱ། །དབྱེ་བ་རླུད་གི་ཕྱོགས་སུ་བྱ། །གནོད་སྤྱིན་ཕྱོགས་སུ་དྲག་པོ་བརྩམ། །དབང་ལྡན་ཕྱོགས་སུ་ལས་རྫོགས་བྱ། །ལམ་གྱི་ནང་ན་ཉེ་ལམ་བདེ་བ་དང་། །ཐོབ་ཀྱི་ནང་ན་མ་ནོར་དམ་པ་སྟེ། །བསྒྲུབ་ན་ཚེ་འདི་སངས་རྒྱས་ཆེ་བ་དང་། །བླང་དོར་མེད་པའི་སྐུ་གསུང་ཡང་དག་ཐོབ། །འདི་ནི་གསང་ཆེན་ངེས་པ་འོ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། རྫས་ཀྱི་ལེའུ་གསང་བ་སྟེ་ཞེ་ལྔ་པའོ།། །།དེ་ནས་དཔལ་ཆེན་པོས། ལས་སྣ་ཚོགས་པའི་འཁོར་ལོ་འདི་གསུངས་སོ། །སྣ་ཚོགས་ལྡན་པའི་གཞི་མ་ལ། །རིམ་གསུམ་ལྡན་པའི་པདྨ་བྲི། །འཁོར་ལོ་སྔགས་དང་མིང་སྦེལ་བྲིས། །ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཆེ་གེ་མོ་ཧུ༷་ཧུ༷་ཧུ༷་ཕཊ་ཕཊ་ཕཊ། ཡ་མརྙ་ཀས་མནན་པའི་ལས་སོ ཡ་མརྙ་ཀས་གསང་བའི་ལས། །དྲུག་ཅུ་པ་ལ་ཡི་གེ་དགོད། །ཨོ་ཁ་ཁ་ཁུ་ཧི་ཁའ་ཧི། གསྣྲོ་གསྣྲོ་། ནིར་མ་ཏ་ནིར་མ་ཏ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཀུ་རུ་ཀུ་རུ་ད་ཧ་ད་ཧ། པ་ཙ་པ་ཙ མ་བི་ལམ་པ། ཧུ༷་ཧུ༷་ཕཊ་ཕཊ། སྒྲོ་ཏ་ཡ་སྤྲོ་ཏ་ཡ་གྲྭ་ཧྭ། དེ་ནས་འཁོར་ལོ་སྦ་བར་བྱ། །འདབ་རྒྱད་ལྡན་པའི་འཁོར་ལོ་ལ། །ཡི་གེ་ངེས་པར་བཀོད་བྱས་ནས། ཁམ་ས་དག་ལ་བྲིས་ནས་ནི། །དུས་གསུམ་མཆོད་ཅིང་བསྒྲུབས་པས་གྲུབ། །ཨ་ས་ཧ་ཆེ་གེ་མོ་ཤརྙེང་ཀུ་རུ་སྲུ་ཧྭ། །ཨ་ཡ་མརྙ་ཀས་ཞི་བའི་ལས། །ཡ་མརྙ་ཀས་ཅེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། ལྷ་ཡི་སྣང་བ་ཐོབ་པ་ཡིས། །ལས་དང་མཚན་མའི་གནས་དག་ཏུ། །བསླང་ལ་ང་ཡི་གནས་བྱ་འོ། །བསྲེགས་དང་བཀྲུ་དང་སྦྱར་བ་དང་། །སྦྱར་བས་སངས་རྒྱས་ཐམས་ཅད་ཀྱིས། །སྒྲོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལས། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ཁྲཀྱ་སེང་གེའི་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་བཞིན་དབང་འགྱུར་ལྷ་མོས་འཀྱུར་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་རོ་སོལ་ཡོན་ཏན་ལྡན། །མ་བསལ་ན་ནི་འཚེ་བར་ངེས། །ས་ཡི་ལྷ་མོ་འཁོར་དང་བཅས། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡིས། །བྱང་ཆུབ་སེམས་ཀྱི་གཏེར་ནུབ་འདི། །ཡོན་ཏན་ལྡན་ཕྱིར་གཏེར་དུ་སྦ། །པྲ་ཤ་ཤ༷་པ་ནི་ཧུ༷་ཕཊ།ཤིས་མི་ཤིས་ཀྱི་བཀྲ་ཡང་བརྟགས། །བདུད་རྩི་དང་ནི་དྲི་ཆུས་བྱུག །དཀྱིལ་འཁོར་ལྡན་པ་ཉིད་ལ་ནི། །ཡེ་ཤེས་བཞི་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་ཏུ་མེད་པའི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་དཔའ་ཀུན་གྱི་སེམས་ཆེན་པོ། །མཚན་མེད་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པར་བཤད་དུ་གསོལ། །སེམས་དཔའ་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨོ༷་ཡ་མ་ཙཀྲ་མཎྜ་ལ།ཨུ་ཏི་ཤ་ཧ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་དྲི་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །གཤིན་རྗེ་གཤེད་པོའི་བཀའ་བྱུང་གིས། །གང་དག་མི་འགྲོ་དེ་དག་ལ། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །འཇིགས་པར་འགྱུར་ལ་གདོན་མི་ཟ། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུསོང་། །གཤིན་རྗེ་གཤེད་པོའི་བཀའ་བྱུང་གིས། །ཧུ༷་མཛད་བགེགས་ལ་ཕུར་པས་ཐོབས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དཀྱིལ་འཁོར་གྱི་གཞི་དག་པར་བྱ་བ་གསང་བའི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བུམ་པ་ལྷ་ཡི་དཀྱིལ་འཁོར་ལྡན། །ཚེ་འདིར་འབྲས་བུ་འདོད་པ་ཡིས། །ཕྱི་མའི་ཚེ་ལ་མི་འབྱུང་ངོ་། །སྐྱེས་བུ་ཚེ་ཕྱི་མར་འདོད་པས། །འདིར་ཡང་འབྲས་བུ་རྒྱས་པར་འགྱུར། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །བདག་ལ་བྱང་ཆུབ་སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་འཛུད་པར་འཚལ། །བུ་འདིར་ཤོག་ཅིག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། ཁྱོད་ལ་ཡང་དག་བསྟན་པར་བྱ། །ཚུལ་ཆེན་ཁྱོད་ནི་བསྙེན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་སྙེམས་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདིར་གྱིས་ཤིག །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་བདག་ནི་བསྩལ་པ་དང་། །རྗེས་སུ་བདག་ནི་ཡི་རང་བ། །བདེར་གཤེགས་སྤྱན་སྔར་ཕྱིན་ནས་སུ། །དུས་གསུམ་སྡིག་པ་བགྱིས་པ་རྣམས། ཁྱོད་ལ་མ་ལུས་སོ་སོར་བཤགས། །སངས་རྒྱས་བྱང་ཆུབ་སེམས་སོགས་དང་། །ཉན་ཐོས་རང་རྒྱལ་དགྲ་བཅོམ་སོགས། །ཀུན་གྱི་དག་པ་ཀུན་བསྡུས་ལ། །སེལ་མེད་རབ་ཏུ་ཡི་རང་ངོ་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་ཉན་ཐོས་དང་། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ། ། བདག་ནི་གུས་པས་སྐྱབས་སུ་མཆི། །སེམས་ཅན་མ་ལུས་ཐམས་ཅད་དང་། །འགྲོ་རྣམས་ཀུན་ལ་ཕན་བྱའི་ཕྱིར། །བདག་གིས་དུས་འདི་ཉིད་དུ་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་རྒྱལ་བ་སྲས་བཅས་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ཀུན། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་ཀྱི་སྡོམ་པ་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ཡི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྤྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །པདྨའི་རིགས་ཀྱི་དམ་ཚིག་ནི། །ཕྱི་ནང་གསང་བའི་ཐེག་པ་རྣམས། །དམ་པའི་སྡོམ་པ་མ་ལུས་བཟུང་། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། །དམ་ཚིག་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ནི་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱ་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བྱེད་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབས་ནས་ནི། །སེམས་ཅན་འཁོར་བར་བྱིང་བ་རྣམས། །བྱང་ཆུབ་ཏུ་ནི་སྒྲོལ་བར་བགྱི། །ཉེས་མེང་རས་བལ་ངབར་པོ་ལ། །བུ་མོ་བཙང་མས་བཀལ་ནས་ནི། །ཐིགས་རྣམས་མ་ནོར་པ་རུ་བཏབ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ནི་རབ་མཛེས་པར། །འདོད་ཡོན་རིན་ཆེན་ཕ་གུ་དང་། །དྲ་བ་དྲ་ཕེ༷་མངའ་ཡབ་ཧཱུཾཇི་པོར་ལྔན། །རྗོ་རྗེ་སྒྲིང་བ་དག་དཇི་ཐོརྡོ་པསི་བརྒྱན།། །འིཁོར་ལོ་རིམ་གཉིས་སྣམ་བུས་བརྒྱན། །དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་ལ་སྔོན་པོ་རིམ་བཞིན་ནོ། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ཟློ་ཛིབཧཱུཾ་ས་རི་སེར་པོར་རྨིཟློ། །ཇོབ་་ཀྱི་ཆ་རྣི་ཇིརྨིཇེ་པོ་སྡེ།། །བྱང་རྣི་ལྔང་གར་ཡང་དག་ལྔན། །དབུས་ཀྱི་ཕྱོགས་ཀྱི་ཆ་གཉིས་ནི། །སྟང་ཟིལ་བཅག་པ་འདྲ་བ་འོ། །རྟག་ཏུ་མ་ཡེང་པ་ཡིས་བྲི། །སྦ་མ་ན་ནད་རྣམ།ས་༷་་ང་ཀྲུར༄་འགྱར། །ཕྲ་ན་རྗེསྣོ་རྔམ་ས་ཡལབཇི།གྱུར། །རྐྱིག་ཀྱོག་ཧཱུཾཇེ་ན་རྩོད་པ་འོང་།། །ཆིད་ན་བླ་མ་སློབ་མ་འཆི། །གཡས་བསྐོར་དག་ཏུ་མ་བྲིས་ན། །རྡུལ་ཚོན་གྱི་ནི་དངོས་གྲུབ་ཉམས། །ཉེ་འཁོར་མཛེས་པའི་་སྐྱུ་ཡང་ངབརྨི མཆོང།་པ།་ཧཱུཾ་རྫིབས་མཛེས་པར་་གསོག །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། སྣོད་དང་རྡུལ་ཚོན་དག་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྗོ་ཉིར་སསྐྲུསྐྲུ་རྒྱས་ཆོས་ཀྲུདརྒི་པོས།། །རྡོ་རྗེ་སེམས་དེཔརྨེ་དབང་བསྐུར་ལྟར། །དེ་ལྟར་བདག་ལ་དབང་བསྐུར་ཏེ། །བདག་ལ་དོན་རྣམས་བསྩལ་དུ་གསོལ། །ཨོ་སརྦ་ཡོ་ག་ཙི་ཏ་ཨུད་པ་ཏ་ཡ་མི། །སུ་ར་ཏོ་ས་མ་ཡ་སྟོམ། ཧོ་སི་ཏ་བཛྲ་ཡ་ཐ་སུ་ཁམ། ཨོ་མལྗ་གྲི་ཧུ༷། འདི་ནི་རྡོ་རྗེ་དམ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོ་བཛྲ་ཨུ་ཐ་ག་ཏ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། པྲ་ཏི་གྲོ་ན་སྭ་མི་མ༷། ས་ཏོ་མ་ཧྭ་བ་ལ། ཆེ་བའི་ཡོན་ཏན་རབ་རྫོགས་ཤིང་། །བྱང་ཆུབ་སེམས་ཆུས་རབ་གང་བའི། །རྣམ་པར་དག་པའི་འབྲས་བུ་འདིས། །བུ་ཁྱེད་ལ་ནི་དབང་བསྐུར་རོ། །ཨོ༷་བཛྲ་ཨ་སྟི་ཁི྅་ཨོ༷། དེ་བཞིན་གཤེགས་པ་ཀུན་གྱིས་བརྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་༷དག་གིས་དབང་བསྐུར་རོ། །ཨོ་བཛྲ་ཀུར་དར་ན་ཏྲ༷། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་ཉིད་བྱང་ཆུབ་སེམས་ཡིན་པས། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨ་ཏི་པ་ཏི་སྟོ། ཨ་སྟི་ཁི྅་མི། འདི་ནི་ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་རང་བཞིན་ཏེ། ཁྲེས་ར༷བ་ཀུན་གྱི་རྗེས་སྒྲོལ་ལོ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོ༷་བཛྲ་ཨ་ཧུ༷་ཨ། ཁྱོད་ནི་སངས་རྒྱས་དངོས་ཉིད་དེ། །རབ་བསྔགས་པ་ཡི་རྡོ་རྗེ་ཡིས། །རྡོ་རྗེ་ཆེ་གེ་ཞེས་བྱ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོ་སྭ་ད་དྲ་ཧུ༷། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། །བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཤེས་རབ་ཐབས་ཀྱི་རང་བཞིན་དུ། །བསྒྲུབས་པའི་རྡོ་རྗེ་དྲིལ་བུ་འདི། ཁྱོད་ཀྱི་དད་པས་རབ་བཟུང་ལ། །རྣལ་འབྱོར་ཁྱོད་ཀྱི་སློབ་མ་བསྡུས། །གཞལ་ཡས་གྲུ་བཞི་འབྱུང་བ་ནི། །ཚད་མེད་བཞི་ཡི་རྣམ་དག་རྟགས། །བསྒོ་བཞི་དྲན་པ་ཉེར་བཞག་བཞི། །རྟ་བབས་ཡང་དག་སྤོང་བ་བཞི། །དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། །ཉོན་མོངས་ཆེ་ཆུང་རྣམ་པར་དག །ཀ་བ་བརྒྱད་ཀྱིས་བཏེགས་པ་ནི། །འཕགས་ལམ་བརྒྱད་པོ་དག་པའི་རྟགས། །རིན་ཆེན་ཕ་གུ་ལ་སོགས་པ། །ཚུམ་ཁྲིམས་རྣམ་པར་དག་པ་ཡིན། །འདོད་པའི་ལྷ་མོས་མཛེས་པ་ནིགཟུགས་སྒྲ་དྲི་རོ་རྣམ་དག་རྟགས། །རྡོ་རྗེ་ར་བས་བསྐོར་བ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །སེམས་ཅན་རྣམས་ནི་བསྒྲལ་བྱའི་ཕྱིར། །མཚོན་རྣམས་ཡེ་ཤེས་ལྔ་ཡིན་ནོ། །བླ་རེ་དག་གིས་བྲིས་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་རྟགས། །བུམ་པ་རྣམས་ཀྱིས་བསྐོར་བ་ནི། །བྱང་ཆུབ་སེམས་ཀྱིས་བརྒྱན་པའི་རྟགས། །དཔག་བསམ་ཤིང་གིས་བརྒྱན་པ་ནི། །ཐུགས་རྗེ་ཡོངས་ལ་ཁྱབ་པའི་རྟགས། །འདོད་ཆགས་ལ་སོགས་རྣམ་དག་པ། །གཤན་རྗེ་གཤེད་པོ་ལྔ་ཉད་དོ། ཁྲོ་བོ་ཀོང་ཙེ་དྲག་འཇོམས་ན། །ང་རྒྱལ་རྣམ་པར་དག་པ་འོ། ཁྲོ་བོ་ཨ་བ་གླང་མགོ་ན། །རྫུན་དུ་སྨྲ་བ་དག་པ་འོ། ཁྲོ་བོ་ཆེན་པོ་ཡ་བ་ནསྲོག་གཅོད་རྣམ་པར་དག་པ་འོ། ཁྲོ་བོ་ཆེན་པོ་ཕྱུ་སངས་ནི། །ལོག་པར་ལྟ་བ་དག་པ་འོ། ཁྲོ་བོ་ཆེན་པོ་རྨིག་པ་ནི། །ཕྲ་མ་རྣམ་པར་དག་པ་འོ། །གཤིན་རྗེའི་རྣམ་རྒྱལ་རྟེལ་པ་ནི། །མ་བྱིན་ལེན་པ་དག་པ་འོ། །གཤིནརྗེ་ལྷ་མཆོག་དུད་བ་ནི། །ཚིག་རྩུབ་རྣམ་པར་དག་པ་འོ། ཁྲོ་བོ་ཆོས་ཀྱི་རྒྱལ་པོ་ནི། །གནོད་སེམས་རྣམ་པར་དག་པ་འོ། །འོག་གི་ཁྲོ་བོ་མིག་དམར་ནི། །བརྣབ་སེམས་རྣམ་པར་དག་པ་འོ། །སྟེང་གི་ཁྲོ་བོ་ནག་འཇོམས་ནི། །མི་ཚངས་སྤྱོད་པ་རྣམ་དག་པ་འོ། །དེ་དག་ཀུན་གྱི་ཡོན་ཏན་གྱི། །ཆ་རྣམས་རྣམ་དག་ཡུམ་ཡིན་ནོ། །སྒོ་བཞི་ཁྲོ་མོ་བཞི་རྣམས་ནི། །ཚད་མེད་བཞི་རྣམས་དག་པ་ཡིན། །གསང་དང་ཤེས་རབ་ཡེ་ཤེས་དང་། །བཞི་པ་དག་ཏུ་ངེས་ཞེས་བྱ། །ཐབས་ལྔ་རྣམ་པར་དག་པ་འོ། །དབང་པོ་རྣོན་པོ་དབང་བྱས་ནས། །མངོན་སུམ་ཉིད་དུ་གནས་པས་ན། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་གསུངས་པ། ཐུན་མོང་གི་དངོས་གྲུབ་ངེས་པ་ནི། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །གཤིན་རྗེ་གཤེད་པོ་དབང་བསྐུར་༄༅ མཐའ་ལས་བསླང་བ་དང་། །སྣ་ཚོགས་དོན་རྣམས་བྱ་བའི་ཕྱིར།༷།མཁའ་འགྲོ་མ་ལུས་འདུ་བར་འགྱུར། །ཞིང་ཆེན་གཡང་གཞི་གོས་སུ་གྱོན། །བམ་ཆེན་གསར་པའི་གདན་ལ་འདུག །སྤྱོད་པའི་མཆོག་ནི་ཀུན་གྱི་སྟེ། །སྲིད་པ་དམ་ཚིག་ཐོབ་པར་བྱོས། །མ་ཧྭ་ས་མ་ཡ་ཨ་ཏི་པ་དེ་ཡ་སྟོ། །འདི་ལ་མི་བྱ་ཅི་ཡང་མེད། །རྟག་ཏུ་མི་བསམ་གང་ཡང་མེད། །སྨྲ་བར་མི་བྱ་ཅི་ཡང་མེད། །བརྟུལ་ཞུགས་མཐར་ཐུག་འཛིན་ཕྱིར་དང་། །ལས་ཀྱི་མཐར་ཐུག་སྤྱོད་པའི་ཕྱིར། །དོགས་པ་མེད་པའི་སེམས་ཀྱིས་སུ། །དཔའ་བོས་སེང་གེ་བཞིན་དུ་སྤྱོད། །ཅེས་གསུངས་པས། འཁོར་རྣམས་ཀྱི་དབང་དམ་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། བརྟུལ་ཞུགས་གསང་བའི་ལེའུ་སྟེ་ཞེ་དགུ་པའོ།། །།དེའི་ཚེ་བྱང་ཆུབ་སེམས་དཔའ་དེས་རང་གི་བརྟུལ་ཞུགས་དང་སྔགས་བཟླས་པས། ཚངས་པ་ལ་སོགས་པ་ཕྱོགས་སྐྱོང་བཅུ་ཡིས་ཕྱོགས་བཅུར་དོན་སྣ་ཚོགས་པ་བྱེད། དབྱར་ལྷ་ཡུལ་དུ་འགྲོ །ལོག་པའི་སེམས་ཅན་ལ་མི་མ་ཡིན་པའི་ལས་སྣ་ཚོགས་བྱེད་དོ། །ལོག་པའི་ང་རྒྱལ་དང་ལྡན་པ་རྣམས་དེར་སྐུ་ཡོངས་སུ་རྫོགས་པ་དེས། བརྟུལ་ནས་བསྟན་པ་གནས་པར་བྱས་སོ། །དུས་དེ་ནས་ཉེ་བར་བཟུང་ནས། འཁོར་རྣམ་བཞི་བསྐྱང་བར་ཁས་བླངས་སོ། །དུས་དེར་ཕྱི་རྡོ་རྗེ་རིགས་ཀྱི་སྲུང་མ་རུ་ཁས་བླངས་སོ། །ནང་ཕྱོགས་སྐྱོང་བཅུར་འགྱུར་རོ། །ལུས་གདན་དུ་ཕུལ་ནས་ཕྱོགས་བཅུར་གནས་སོ། །དེ་ལྟར་དཔལ་ཆེན་པོ་དེས་གདུལ་བྱ་ལ་སྤ་སྨད་པ་དང་། གཡོག་འཁོར་ཡོད་པས་ཉིད་ཀྱི་ས་དང་ཡེ་ཤེས་ཀྱི་ངོ་བོ་ཐབས་དང་ཤེས་རབ་ལས། ཡུམ་དང་སྲས་དང་འཁོར་སྤྲུལ་ནས་བཏུལ་བར་འགྱུར་རོ། །དེ་ལྟར་ཕྱི་ཕྱོགས་སྐྱོང་བཅུ་བཏུལ་བར་འགྱུར་རོ། །གསང་བའི་འདོད་ཆགས་ཞི་བར་གྱུར་ཏོ། །དོན་དམ་པ་མཐར་ཐུག་པར་ཉོན་མོངས་པ་བཅོམ་པར་གྱུར་ཏོ། །ཡང་དུས་དེར་འཁོར་གྱི་གཙོ་བོ་རྣམས་ཀྱི་སྙིང་༷པོ་ཕུལ་བ། ཏོ་ཏ་ནི་ཏོ་ཏ་ནི། ནི་ཏྲི་ནི་ཏྲི། པ་ཏྲ་པ་ཏྲ། ཀླུ་ལ་ཀླུ་ལ། དྭ་ཤ་གྲི་བ་དྭ་ཤ་གྲི་བ། ཡསྒ་གྲི་བ་ཡསྒ་གྲོ་བ། གིང་ཀ་ར་གིང་ཀ་ར། རཀྟ་རཀྟ། ཡ་མརྙ་ཀ་ཡ་མརྙ་ཀ །ཧ་ཧ་རུ་ལུ་ཧ་ཧ་རུ་ལུ། ཀར་མ་ཡག་ཤ །ཧུ་ཛ་ཛ་ཛ་ཛ། པ་རི་པ་རི་དུན་དུན། ཙ་ཙ་དུན་དུན། ས་མ་ཡ་དུན་དུན་དུན། པ་ཏྲ་ཡཀྟ་དུན་དུན། ཀྱུ་ལ་ཡན་ཏེ་ག་དུན་དུན། ཙ་ར་གིང་ཀ་ར་དུན་དུན། ཡསྒ་གིང་ཀ་ར་དུན་དུན།ཛུ་ཛུ་ས་མ་ཡ་དུན་དུན། ཆོ་ཧ་ཆོ་ཧ་རྫོ་ཐོ ཀྲོ་ཏ་ནི་ཀྲོ་ཏ་ནི། ནི་ཀྲི་དགྲ་བོ་མ་ར་ཡ། པ་ཏྲ་པ་ཏྲ་ཤུ་ལ་ཤུ་ལ་དགྲ་བོ་མ་ར་ཡ། དྭ་ཤ་གྲི་དྭ་ཤ་གྲི་༷བ་ཡསྒ་དགྲ་བོ་མ་ར་ཡ། གིང་ཀ་ར་གིང་ཀ་ར་ཡསྒ་དགྲ་བོ་མ་ར་ཡ ཡ་མརྙ་ཀ་ཧ་ཧ་དགྲ་བོ་མ་ར་ཡུ། དེ་ནས་ཉི་མའི་བུས་གསོལ་པ། འཁོར་ལོ་དྲུག་ལྡན་ལ་འབྱོར་པས། །མཆོད་ཅིང་གཏོར་མ་བཏང་རྗེས་བཟླས། ཨོ་པྲ་བྷ་ཙྭ་ན་བཀྟ་ཡ་ཧུ༷་གྲྭ་ཧྭ། འདི་མ་གྲུབ་ན་མགོ་འགས་པར་འགྱུར་ཞེས་དམ་བཅས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཕྱི་ལྟར་བརྟུལ་བ་དང་། ཕྱི་གདུག་པའི་ཚོགས་ཀྱིས། སྲོག་སྙིང་ཕུལ་བ་གསང་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་དཔའ་བོ་དགེས་པ་ཆེ། །ངེས་པར་བསྟན་པ་འདི་ལ་ནི། །ལྷ་ཡི་ངེས་པ་ཇི་ལྟ་བུ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དེ་ནས་ཡང་གསུངས་པ། བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །ཡེ་ནས་རང་བཞིན་ཡིན་པ་ལ། །རྟོགས་ན་ངེས་པ་ཉིད་དུ་འོ། །གཟུགས་ཀྱི་ཕུང་པོ་འཇམ་དཔལ་ནག །ཚོར་བ་མྱོས་བྱེད་འབར་བ་ཉིད། །འདུ་ཤེས་ཨབྱ་མ་རུ་ཙེ། །འདུ་བྱེད་རལ་པ་ཚར་དགུ་ཉིད། །རྣམ་ཤེས་ཡ་མ་ར་ཙ་ཉིད། །མིང་ནི་ཀོང་ཙེ་ཉིད་དུ་འོ། །གཟུགས་ནི་ཨ་བ་གླང་མགོ་འོ། །རྣ་བ་ཡ་བ་ཏི་ཞེས་བྱ། །སྒྲ་ནི་ཕྱུ་སངས་ཉིད་དུ་འོ། །སྣ་ནི་རྨིག་པར་ཤེས་པ་སྟེ། །དྲི་ནི་རྟེལ་པ་ཉིད་དུའོ། །ལྕེ་ནི་གཤིན་རྗེ་དུད་ཀ་སྟེ། །རོ་ནི་ཆོས་ཀྱི་རྒྱལ་པོ་འོ། །ལུས་ཀྱི་སྐྱེ་མཆེད་ནག་འཇོམས་སོ། །རེག་བྱ་མིག་དམར་རང་བཞིན་ནོ། །ཡིད་ནི་ཡེ་ཤེས་སྒོ་མ་འོ། །ཆོས་ཀྱི་སྐྱེ་མཆེད་ཕྱོགས་སྐྱོང་ཡུམ། །ས་ནི་ལྕགས་ཀྱི་སྤྱང་མོ་སྟེ། །ཆུ་ནི་རེ་ཏི་དྲི་སྣོམ་མ། །མེ་ནི་ཁ་འབར་མ་ཉིད་དེ། །རླུད་ནི་ཡེ་ཤེས་མཁའ་ལྡིང་ཡིན། །ནམ་མཁའ་བི་ཏ་ལི་ཉིད་དོ། །མ་རྟོགས་ཉོན་མོངས་སྐྱེ་མཆེད་དེ། །རྟོགས་ན་སངས་རྒྱས་ཉིད་དུ་འགྱུར། །འཁོར་བ་ལུགས་ལས་འབྱུང་བ་དང་། །ལུགས་ལས་ལྡོག་པ་དག་ཡིན་ཏེ། །གདན་བཞིའི་ཚུལ་གྱི་རང་བཞིན་ནོ། །དེ་བཞིན་ཐུགས་ཀྱི་དགོངས་པ་འདི། །ཉོན་མོངས་བག་ཆགས་སྲེག་པའི་ཡེ་ཤེས་ཡིན། །འཇམ་དཔལ་ཐུགས་ཀྱི་ཡེ་ཤེས་འཁོར་ལ་བསྐོར་བས་ནི། །སྲིད་གསུམ་རྨོངས་པའི་འཁོར་བ་རྩད་ནས་ཆོད། །འཇམ་དཔལ་ཐུགས་ཀྱི་འོད་ཟེར་སྤྲོས་པ་ནི། །མ་རིག་མུན་ཁང་འཇོམས་པའི་ཉི་མ་ཡིན། །འཇམ་དཔལ་ཐུགས་ཀྱི་རལ་གྲི་རྣོན་པོ་ཡིས། །སྐྱེ་བ་རྣམ་བཞི་རྩད་ནས་གཅོད་པས་ནི། །ཉི་མ་བཞི་བཞིར་ངེས་པ་འོ། །དེ་ནས་འདུས་པ་རྣམས་ཀྱིས་གསོལ་པ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཅོམ་ལྡན་ཡ་མན་ཏཀ། །ཡུམ་ཆེན་རྡོ་རྗེ་བི་ཏ་ལི། །དབུ་གསུམ་ཕྱག་དྲུག་མཐིང་ནག་སྐུ། །སྔོན་ཚེ་ཡེ་ཤེས་བསྙེན་ཅིང་བསྒྲུབས། །སྔོན་གྱི་ཐུགས་དམ་བདག་དང་གཅིག །ད་ལྟར་བདག་ཉིད་ཡི་དམ་ལྷ། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །དུར་ཁྲོད་འབར་བའི་གཞལ་ཡས་འདིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །ལྷ་ཆེནགཤིན་རྗེ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བདག་ཅག་རྣམས་ལ་དབང་བསྐུར་དངོས་གྲུབ་སྩོལ། །སྟི་སྟ་བཛྲ་ཧུ༷། ཡེ་ཤེས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་ཡེ་ཤེས་བཞི་ལས་གྲུབ་པའི་ལྷ། །ཡུམ་རྣམས་དག་དང་དགེས་པར་འཁྲིལ། །སྔོན་ཚེ་ཡེ་ཤེས་སྟོན་ཅིང་བསྒྲུབས། །སྔོན་གྱི་ཐུགས་དམ་བདག་དང་གཅིག །ད་ལྟར་བདག་ཅག་ཡི་དམ་ལྷ། །རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །དུར་ཁྲོད་འབར་བའི་གཞལ་ཡས་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །འཇིགས་བྱེད་ཁྲོ་བོ་བཅུ་རྣམས་ལ། །འཇིགས་བྱེད་ཁྲོ་མོ་བཅུ་རྣམས་ཞོབྲེལ། །སྔོན་ཚེ་ཡེ་ཤེས་བསྙེན་ཞིང་བསྒྲུབས། །སྔོན་གྱི་ཐུགས་དམ་བདག་དང་གཅིག །ད་ལྟར་བདག་ཅག་ཡི་དམ་ལྷ། །རང་བཞིན་གྲུབ་པའི་གཞལ་ཡས་ནས། །དུར་ཁྲོད་འབར་བའི་གཞལ་ཡས་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཅེས་གསོལ་པས། གཤེད་པོ་རྣམས་ཀྱི་ཐུགས་རྗེས་སུ་གནང་བར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། དཀྱིལ་འཁོར་རྩ་བའི་བྱིན་གྱིས་བརླབས་པ་གསང་བའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་དཔའ་བོ་ཆེན་པོ་ལགས། །ངེས་པར་བསྟན་པ་འདི་ལ་ནི། །བསྙེན་བསྒྲུབ་གོ་རིམ་ངེས་པ་དང་། །ཡང་དག་ཉིད་དུ་བསྟན་དུ་གསོལ། །ཞེས་གསུངས་སོ། །དེ་ནས་ཡང་གསུངས་པ། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་དང་། །ཕྲིན་ལས་ཡོངས་སུ་རྫོགས་པར་ངེསབསྙེན་པ་ལ་ནི་གསུམ་པ་སྟེ། །སྔོན་དུ་འགྲོ་དང་བསྙེན་པ་དང་། །ཞལ་ནས་འབྱུང་བ་ཉིད་དུ་ངེས། །མི་དམིགས་པ་དང་འཕྲོ་འདུ་དང་། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྟེ། །སུམ་ཅུ་རྩ་གཉིས་ལྕེ་ལ་བསྐོར། །སྒྲུབ་པ་ལ་ནི་བསམ་ངེས་ཏེ། །དགུག་པ་དང་ནི་དབྱེ་བ་དང་། །སྨ་ནི་དབབ་པར་ངེས་པ་འོ། །ཉི་མ་བཞི་རུ་བསྐོར་བ་དང་། །ཐུན་དང་གདབ་པའི་ལས་དང་ནི། །བྱིན་བསྲེགས་བྱས་ནས་མནན་པར་ངེས མེས་པོ་མི་གཡོ་རྒྱལ་པོ་མི་བསྐྱོད་པ། །བློན་པོ་མི་རྐུན་ཕྱོགས་བཅུར་པྲ་མ་ར་ཙས་ལས་བྱེད་དོ། །ཉི་མ་བཞི་ཡི་རྒྱལ་པོ་དང་། །དམག་དཔོན་ཕྱི་ནང་བློན་པོ་དང་། །སྲོག་ལེན་ཤན་པ་ཕོ་མོར་ངེས། །འཕྲོ་འདུ་བྱས་ནས་བསྐོར་བ་སྟེ། །དང་པོར་སྤྱི་བོར་ཚངས་པའི་རྩ། །གཉིས་པ་འདྲེན་པར་སྙིང་ཁྲག་འདྲེན། །གསུམ་པ་ལྟེ་བ་མྱོས་ཤིང་བརྒྱལ། །བཞི་པ་སྙིང་ལ་སྒྲོད་པར་བྱེད། །ཐ་མའི་ལས་རྫོགས་གྲུབ་པར་ངེས། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། བསྙེན་སྒྲུབ་ཀྱི་དབྱེ་བའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་དཔའ་བོ་དགེས་པ་ཆེན་པོ་ལགས། །འཁོར་བའི་གནས་སུ་ཇི་ལྟ་བུ། །ངེས་པ་ཉིད་དུ་བསྟན་དུ་གསོལ། །དེ་ནས་ཡང་གསུངས་པ། དངོས་པོ་ཐམས་ཅད་འདས་པ་སྟེ། །ཡང་དག་ཉིད་དུ་སྣང་འགྱུར་མོས། །དེས་ན་ཐམས་ཅད་ལྷུན་གྲུབ་པའོ། ཁེས་བྱ་རྣམ་གསུམ་ངོ་བོ་གནས། །དང་པོ་འཇུག་༄༅ པའི་རིམ་པར་རྟོགས། །གཉིས་པ་ལྔ་ཡི་ངང་གིས་གྲུབ། །སྐུ་སྟེ་འཁོར་ལོ་རྫོགས་པ་དང་། །གཅིག་གམ་ལྔ་རུ་དམིགས་པ་འོ། །ཡི་གེ་འཁོར་ལོ་བཟླས་པ་དང་། །ཉོན་མོངས་པ་ལ་འཁོར་ལོ་བསྐོར། །སྐུ་གསུམ་བཅུད་འདུས་རྟེན་མེད་བསྐོར། །བདག་ཉིད་འཁོར་ལོ་རྣམ་བཞི་སྟེ། །གསང་བའི་ཐིག་ལེ་ཤེས་རབ་དབྱིངས། །བཅུ་དྲུག་པ་ཡི་དཀྱིལ་ནས་བཞུགས། ཁེས་རབ་ཐམས་ཅད་སྙོམས་འཇུག་པ། །ཀུན་ཏུ་རྒྱས་བཏབ་དཀྱིལ་འཁོར་ཡིན། །བདག་ཉིད་ཆེན་པོ་ལྷར་བལྟ་ཞིང་། །ཐུར་དུ་འཕྲོ་ཞིང་གྱེན་དུ་འབར། །བདེ་བ་ཆེན་པོས་མཆོད་པ་ཡིས། །གོང་གི་སྙིང་ལ་བསྐུར་བར་བྱེད། །དེ་འོག་ཐིག་ལེ་མཉམ་སྦྱར་ནས། །ལྔ་གཉིས་དྲུག་གི་དཀྱིལ་ན་འོ། །བདེ་བ་ཆེན་པོ་རོ་ཡིས་ནི། །དགེས་པ་ཆེན་པོ་སྟོབས་པར་བྱེད། །ཤེས་བྱ་བཟུང་ཟད་བསོད་ནམས་ཀྱིས། །དེ་ཉིད་སྒ་མ་རང་སྣང་བ། །གཟིགས་མོ་བདེ་བ་མཐའ་ཡས་ཀྱིས། །བདེ་བ་ཆེན་པོའི་འབེན་ལ་ཕོག །སུམ་ཅུ་གཉིས་ཀྱི་དཀྱིལ་འཁོར་ན། །དེ་ཡི་ཐིག་ལེ་མཉམ་པའི་དབྱིངས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །བཅུ་དང་སྣྲུཞི་ནི་མངོན་རྫོགས་པ། །གསུམ་དང་གཉིས་ནི་ཡང་དག་གནས། །ཀུན་གྱི་དངོས་པོར་བདག་འགྱུར་བ། །དེ་ལ་དབང་བསྐུར་དམ་པ་ཡིན། །ཉིད་ལ་གནས་པ་གནས་ཡིན་ལ། །དེ་ལ་གཉིས་རྫོགས་ལྷུན་གྲུབ་ཡིན། །ཐམས་ཅད་དེ་ཡི་རྒྱན་དུ་ཆེ། །གཉིས་རྫོགས་ཐིག་ལེ་མཉམ་སྦྱར་བས། །སྙིང་རྗེ་ཆེན་པོ་ཡོངས་ཀྱིས་འཆར། །བཅུ་བཞི་སེམས་ཅན་འདུལ་བ་ལ། །སྒྱུ་མའི་སེམས་ཀྱིས་བསྒྲལ་བ་ལ། །རྣལ་འབྱོར་ཆེན་པོ་དོན་ལྟར་སྤྱོད། །བྱང་ཆུབ་སེམས་ལ་ཡོངས་སུ་བསྒོམ། །འཕྲོ་འདུ་སྐྱེ་མེད་ཉིདདུ་བྱ། །དངོས་པོའི་གནས་ལུགས་བསྒོམ་པར་བྱ། །དངོས་པོའི་བདར་ཤ་བཅད་པ་དང་། །སེམས་ཀྱི་བདར་ཤ་བཅད་པ་དང་། །ལས་ཀྱི་བདར་ཤ་བཅད་པ་དང་། །ལས་ཀྱི་བདར་ཤ་བསྐུལ་བ་དང་། །དེ་ལྟར་དོན་ལ་ངེས་པ་ནི། །དེ་ཡི་འབྲས་བུ་གཉིས་ཐོབ་འགྱུར། །དེ་ནས་འཁོར་རྣམས་ཀྱིས་གསོལ་པ། དབང་པོ་ཐ་མའི་སེམས་ཅན་རྣམས། །དོན་དང་ལྡན་པར་མ་ནུས་ན། །ལམ་ལ་ཇི་ལྟར་གནས་པར་ཞུ། །ཞེས་གསོལ་པས། དེ་ནས་ཡང་གསུངས་པ། ངོས་འཛིན་དཀྱིལ་འཁོར་དབང་ཞིག་བསྒོམ། ན་མོ་བུརྙ་དྷརྨུ་སང་ག་བཛྲ་ཙིཀྟ་ཡ། ཨ་གད་ཛ་ཡ་ཨ་གད་ཛ་ཡ་ཧུ༷་ཛ། ས་མ་ཡ་ལྷན། ཨོ་ས་མ་ཡ་ཨབྱ་མསྐྲུ་ཡ་མརྙ་ཀ །ཡ་མ་ར་ཙ། མ་མ་ཨེ་ཀ་ཛུ་ཏི་སྲུ་ཧྭ། ཨ་ཏི་པུ་ཧོ་པྲ་ཏི་པུ་ཧོ། ཨོ་ཨ་ཀྲོ་ཡ་མརྙ་ཀ་པི་ས་ར་གྲྭ་ཧྭ། ས་པན་ཙ་ཨ་མྲི་ཏ་ཁུ་ཧི། ཀ་ཡ་ཨོ་བ་ཀ་ཙི་ཏ་སིད་ཏི་ཧུ༷། ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཀྟ་ར་ལམ་བྷ་ཙ་མེ། ཨེ་ས་ཧུ༷་ཕེ་ས་ཧུ༷། ས་མ་ཡ་བ་ག་ཤཱ་ཤ་ཧུ༷།ཨོ་ན་མོ་བག་བག་ཏོ་བཛྲ་ཧྲོ་ཏ་ར་ཙ་ཡ། ཡ་མན་སྟེ་ད་ན། བན་ཛ། ན་ག་ར་ཡ། ཨོ་བཛྲ་མུན་ཧ་ན་ད་ཧ་པ་ཙ་ཚལ་པ་ཚལ་པ་ཙུན་ཚ་ཙུན་ཚ། ཐུམ་ཐུམ། མ་ཧུ་མ་ཏི་རུ་ཏུ་ན་ཡ་རྦད་རྦད། སྒག་རཀྟ་ཁ་མུན་ཏྲ། སྙིང་ཁ་རག་མོ་སྤྱོ། ནག་མོ་ཁ་ལ་བན་ཛ་སྨྱོ། ཨོ་ཧྲི་སྟི་བི་ཀྲི་ཏ་ན་ན་ཙི་ཏ་མ་ར་ཏ་ཡ། ཨོ་ཤི་ཕྲི་དུ་མན་ཙ་ཏ་པ་ན་ཙ་ཧ་ན་ཧུ༷་ཡ། ཨོ་དྷ་ཧེ་ད་ན་བླ་ཨ་མུ་ཀ་ཙི་ཏ་སྟི་སྟ་ཡ། ཨོ་ཡ་མརྙ་ཀ་དེ་བ་ཏ་ཏུ༷། ཙི་ཏ་མ་ར་ཡ་མ་ན་ར་ཀུན་ཙ་ཏོ་མུན་མ་ར་ཡ་ཕཊ། ས་མ་ཡ་སྲིན་ར་ཙ་ཏོ་མུན། ཡ་མརྙ་ཀ་ར་གྭ་ཧྭ་ན་མུན། ཡ་མརྙ་ཀ་ར་གྲྭ་ཧྭ་ན་མུན། ཡ་མ་ནེ་ཙ་ཡ་ཙ་མུན། ཡ་མ་ཏོ་མེ་དི་ཏུ་མུན། ཡ་མརྙ་པ་ཀུ་ཙ་ཧྲོ་མུན། ཡ་མན་ཧི་ཀ་ཏ་ཙི་ཏོ་མུན།ཡ་མ་ར་ཙ་ཧུ༷། ཧ་མོ་ར་མུན། ཡ་མ་ན་ཀྲེ་ཏྲ་མ་ཧྭ་དུན་མུན། ཡ་མ་རུ་ཡ་ཀ་ན་པན་ཏོ་མུན་མ་ར་ཡ་ཧུ༷་ཕཊ། ཡག་མོ་སྟ་སྟ་ཡག་མོ་ཏིཁྱི་ར་ལ༷་རྦད། ཡག་ཤ་ཧེད་ཡག་ཧེད་ད་ར་ལ༷་རྦད། མ་མ་ཧེད་མ་མ་ཧེད་ད་ར་ལ༷་རྦད།ར་ལི་ཧུ༷་ཧེད་ད་ར་ལ༷་རྦད། མ་མ་ར་དུན་དུང་ཤམ་ཟེར་སྦྱོ་རུ་ལུ་རྦད། བཛྲ་དེ་མ་སྨྱོ། རུ་ལུ་རྦད། ཡ་མ་དེ་མ་སྨྱོ་རུ་ལུ་རྦད། ཁ་རག་དེ་མ་སྨྱོ་རུ་ལུ་རྦད། ན་ག་དེ་མ་སྨྱོ་རུ་ལུ་རྦད། ཧེ་ཏི་དེ་མ་སྨྱོ་རུ་ལུ་རྦད། པུ་ཏྲ་དེ་མ་སྨྱོ་རུ་ལུ་རྦད། དེ་པ་ཡ་དེ་མ་སྨྱོ་རུ་ལུ་རྦད། ད་ར་དེ་མ་སྨྱོ་རུ་ལུ་རྦད། ཞེས་གསུངས་པས། འཁོར་ཐམས་ཅད་ཕྱིར་མི་ལྡོག་པའི་ངང་ལ་གནས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།འཁོར་ལེའི་གནས་ལུགས་དང་གསང་སྔགས་སུ་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་དཔའ་བོ་དགེས་པ་ཆེ། །སེམས་ཅན་ཚོགས་ནི་བསགས་པ་དང་། །འཕྲོ་འདུའི་ལས་ནི་གྲུབ་པའི་ཐབས། །རས་བྲིས་རབ་གནས་བཤད་དུ་གསོལ། །དེ་ནས་ཡང་གསུངས་པ། དུར་ཁྲོད་ལ་སོགས་རས་དག་ལ། །དམ་ཚིག་ལྡན་པའི་རི་མོ་ལས། །མཚན་དང་ལྡན་པར་བྲི་བ་ཡང་ རང་གི་འཐད་པ་ལྟ་བུ་སྟེ། །ཞི་དང་རྒྱས་སོགས་ཡི་རང་བྲི། །ལས་དང་མཐུན་པའི་ཡུལ་དག་ཏུ། །མཚན་ཉིད་ལྡན་པའི་བསྙེན་བྱས་ནས། །དཀྱིལ་འཁོར་ཐབ་ཁུང་བྲི་བར་བྱ། །ཡོ་བྱད་ལྡན་པས་ལས་བྱ་འོ། ཁྲུ་ས་གྲུ་བཞི་པདྨས་བརྒྱན། །བུམ་པ་དང་ལྡན་ཡིད་འོང་བཤམ། །ལྷ་སོགས་སྟ་གོན་བྱས་ནས་ནི། །དང་པོ་འདག་ཆལ་ཁྲུས་བྱ་འོ། །དེ་ནས་ཆང་ཟན་ཆུ་དང་བསྲེ། །རང་རང་ལྷ་རུ་བསྐྱེད་བྱས་ལ། །གང་འདི་བཅོམ་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱེད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང་། སྐྱེས་བུའི་སྐུ་བལྟ་བས་མཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་ གཟུགས་ཀྱི་སྐུ་འཁོར་བའི་མཐའ་ཐུག་བརྙེས་པ་དང་། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་བདག་གིས་རབ་ཏུ་གནས་པར་བགྱིའོ། །མ་ལུས་རྒྱས་པས་མཆོད་བྱས་ཏེ། །དྲི་ཞིམ་དགོས་པའི་རང་བཞིན་གྱིས། །གདབ་སྦྱིན་བསྲེགས་ཀྱིས་ལྷ་ཚོམ་བྱ། །གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་བདག་པོ་ཁྱོད་ཉིད་ཀྱིས། །ས་ནི་རབ་ཏུ་གནས་པར་འཚལ། ཁྲོ་བོ་ཉིད་ལ་བསྟོད་པ་དང་། །བདག་ཅག་བསོད་ནམས་བསྐྱེད་པའི་ཕྱིར། །ཐུགས་རྗེ་བདག་ལ་གནང་བར་མཛོད། །བྱིན་གྱིས་ཀྱང་ནི་བརླབ་ཏུ་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གང་ཡང་བྱང་ཆུབ་སེམས་མ་ངའ་བ། །གང་ཡང་རྡོ་རྗེའི་སྤྱན་མངའ་བ། །འརྒྱུང་པོ་བསྟན་ལ་དགའ་བ་དང་། །མ་ལུས་བདག་ལ་དགོངས་སུ་གསོལ། ཁྲོ་བོ་ཉིད་ནི་གཅིག་པུའི་མཆོག །གཤིན་རྗེ་གཤེད་ནི་རབ་གནས་ཕྱིར། ཁྱོད་ཀྱི་མཐུ་ཡིས་བགྱི་བར་འཚལ། །དེ་ནས་གསང་བ་མཛད་པར་རིགས། །དཀྱིལ་འཁོར་ལེགས་བྲི་ཆོ་ག་རྫོགས། །དང་པོ་ཆུ་བོ་དྲུག་གིས་བཀྲུ། །བུམ་པས་བཀྲུ་དང་སྐུ་ཕྱི་འོ། །ཡེ་ཤེས་བཅུག་ལ་བུམ་པས་བཀྲུ། །དབང་བསྐུར་རྫོགས་ནས་མཆོད་པ་བྱ། །སྤྱན་ལྔ་རྣམ་དག་རབ་རིབ་སྐྱོན་བྲལ་ཏེ། །དབྱེ་དང་མི་དབྱེ་མཚན་མ་གཉིས་མེད་དེ། །སྲི་ཞུའི་ཚུལ་དུ་གསེར་གྱི་ཐུར་མ་འདིས། །སྣ་ཚོགས་སྦྱངས་པའི་སྤྱན་ནི་དབྱེ་བགྱིས་པས། །རང་དང་སྤྱི་ཡི་མཚན་ཉིད་ཆོས་རྣམས་ལ། །ཆོས་ཀུན་ཇི་ལྟར་མཁྱེན་ཅིང་གཟིགས་པ་ལྟར། །སངས་རྒྱས་ཡེ་ཤེས་ཀུན་གྱི་དངོས་གྲུབ་སྟེ། །བདག་ཅག་མུན་ལོང་ལྟ་བུ་གསལ་བར་ཤོག །ཨོ་ཙཀླུ་ཤོ་དྷ་ནི། པྲ་བེ་ཤ་ཡ་ཕཊ། ཉེ་རིང་ཀུན་ནས་འཕྲུལ་གྱི་སྙན་མངའ་བ། །མ་འགགས་གསལ་བའི་སྐྱོན་རྣམས་རྣམ་དག་ཀྱང་། །སེམས་ཅན་བག་ཆགས་མ་ལུས་བསལ་སླད་དུ། །གསེར་གྱི་སྤབ་བཞར་སྙན་ཁུང་གསལ་ཕྱིར་འདིས། །བདག་ཅག་མ་ལུས་མཐའ་ཡས་ཐམས་ཅད་ཀྱི། །དུས་གསུམ་རྒྱལ་བས་ལེགས་པར་གསུངས་པ་ཡི། །བདེ་གཤེགས་བསྟན་པའི་ཐེག་པ་མ་ལུས་ཀུན། །སྐྱེ་བ་ཀུན་ཏུ་ཐོས་པའི་དངོས་གྲུབ་་༑ག །ཨོ་ཀརྣ་ལོ་མ་མར་དྷ་ར་ཧུ༷། ཤངས་ཀྱི་རླུད་གིས་ཁམས་གསུམ་སྦྱོང་མཛད་པ། །དབང་པོ་མཆོག་གིས་དྲི་མཆོག་ཡུལ་ལ་རོལ། །ཐབས་དང་ཤེས་རབ་ཚུལ་གྱེ་འགྲོ་བའི་དོན་མཛད་པ། །ཉོན་མོངས་སྐྱོན་བྲལ་ཡེ་ཤེས་རྣམ་དག་པ། །བཀུར་སྟི་རི་མོས་གསེར་གྱི་སྨད་ཚར་གྱིས། །ཤངས་ཀྱི་སྤུ་བསལ་བཏོག་པའི་ཟུག་རྔུ་སྟོན། །ཡེ་ཤེས་ཐོགས་མེད་རླུད་གིས་བཀང་བསྐྱོད་ནས། །འོག་མིན་བླ་མེད་གནས་སུ་ཕྱིན་པར་ཤོག །ཨོ་སརྦ་ལོ་མ་དྷ་ར་ཧུ༷། དཔལ་གྱི་མགུལ་ནས་ཚངས་པའི་གསུང་ཕྱུང་བ། །ཅིར་ཡང་སྟོན་པ་ལྗགས་ཀྱི་དྲི་བསལ་ཏེ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་སྟོན་མཛད་པ། །ཚམས་དཀར་བཞི་བཅུ་རྩ་གཉིས་རྣམ་དག་ལ། །རིན་ཆེན་མཆོག་གྲུབ་དངུལ་གྱི་ཚེམས་ཤིང་གིས། །བཀུར་སྟི་རིམ་གྲོས་ཚེམས་ཀྱི་སྒོ་བསལ་བས །བདག་ཅག་གསུང་གིས་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་དྲུག་སྐད་དུ་ཆོས་ནི་སྟོན་པར་་།ག །ཨོ་སརྦ་གླེ་ན་ཤ་པ་ཏ་ར་ན་ཧུ༷་གྲྭ་ཧྭ། །དབུ་ལོ་རིན་ཆེན་ལྕང་ལོར་འཁྱིལ་པ་འོ། །མཐོན་མཐིང་གཡས་སུ་འཁྱིལ་བའི་ལྕང་ལོར་འཁྱིལ། །མཛེས་པའི་གཙུག་ཏོར་འབར་བས་བརྒྱན་པ་ལྟར། །ལྷ་མིན་ཀུན་གྱིས་བལྟས་པས་མི་ངོམས་པར། །དུག་གསུམ་དྲི་བྲལ་མཚན་མ་མི་མངའ་ཡང་། །བཀུར་སྟིའི་རིམ་པར་དུང་གི་སོ་མངས་ཀྱིས། །ཤད་པ་དུག་གསུམ་འཁོར་བའི་སྐྱོན་བྱང་ནས། །བདག་ཅག་འགྲོ་ཀུན་རྣམ་གྲོལ་ཐོབ་པར་ཤོག །རྒྱལ་བའི་དབུ་གཙུག་མཐོན་མཐིང་ལྡན་པ་ལ། །ཉོན་མོངས་སྡུག་བསྔལ་དྲི་མས་མ་གོས་ཏེ། །རིན་ཆེན་འབར་བའི་སྡུག་བསྔལ་ཀུན་ནས་འཕགས། །ལྟ་བས་མི་ངོམས་མཚན་པའི་སྐྱོན་བྲལ་དང་། །བཀུར་སྟི་རིམ་གྲོ་གསེར༷་གྱི་ཆན་པ་ཡིས༷། །ད༷བུ་དང་ཞལ་གྱི་སྤུ་བྲེག་ཚུལ་བསྟན་པས། །དུག་གསུམ་ཟུག་རྔུའི་རྟོག་པ་ཀུན་བཅོམ་ནས། །སྡུག་བསྔལ་ཉེས་པའི་སྐྱོན་བྲལ་བདེ་ཐོབ་ནས། །ཐར་པ་མཆོག་ལ་བདག་ཅག་གནས་པར་ཤོག །ཨོ་སརྦ་ཀུ་མུ་ལ་ཧུ། ཨོ་སརྦ་ཤ་ད་ན་ཚེ་ད་ཛ་ན་སྲུ་ཧྭ། མཆོད་པ་རྫོགས་ཕུལ་སྦྱིན་བསྲེག་ཞི་བར་བྱ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཏེ། །དེ་ཡིས་བསྡུས་པ་དེ་ཉིད་དོ། །གཞན་གྱི་རབ་གནས་ཐམས་ཅད་ལ། །ཞི་བའི་དཀྱིལ་འཁོར་ཉིད་ཀྱི་གྲུབ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས།རབ་གནས་གསང་བའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་དཔའ་བོ་ཆེ་ཉིད་ཀྱིས། །རང་བཞིན་ལྷུན་གྱིས་གྲུབ་པའི་ཆེ་བ་འདི་གསུངས་སོ། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །དང་པོ་ཚེ་ཡི་བསྒྲུབ་པ་བྱ། །བསྐྱེད་དང་བཟླས་དང་དབབ་པར་བྱ་བར་ངེས། །ཡེ་ཤེས་འཁྱིལ་བའི་མཎྜལ་བསྐྱེད་སྟེ་གནས། །ཡེ་ཤེས་ཉི་མ་གསལ་བའི་ཐིག་བྲན་གདབ། །མུ་ཁྱུད་ཟླུམ་པོ་སྦྲུལ་གྱི་ཞགས་པ་བྲི། །དེ༷་ཡི་ཡི་གེ་བཀོད་པ་ནི། །ཨོ་ནི་དབུས་ཀྱི་ལྟེ་བ་སྟེ། ཤར་དུ་ཧུ༷་ལ་ལྷོ་རུ་ཏྲ༷། །ནུབ་དུ་ཧྲི༷་ལ་བྱང་དུ་ཨུ༷༷ཧྲི་མེར་ཡ་དགོད། །ཨ་ཡུ་བསྐྱེད་པའི་རིམ་པ་ལ་ཞུགས་པ་འོ། །ཧུ༷་བཛྲ་ཙན་དྷ་མན་དྷ་ལ། ཧུ༷་བཛྲ་ཨ་ཡུ་རྙོ་ན་སིརྙི་སྒྲོ། བཛྲ་ཡ་ཨུ་ཁེ་ཧུ༷་ཛ། ཨ་ཨུ།ཨི་སྙི། ཨུ་སྐྲུ། རི་རྡི། ལི་སྙི། ཨེ་ཉེ། ཨོ་ཨཱོཾ། དྲི་བྲུ༷་ཨཱོཾ་ཨ། པད་མ་དྷ་ར་ཧྲི། འཁོར་ལོ་ལ་སོགས་པ་ཡི་ནི། །ཡབ་ཡུམ་ཐབས་དང་ཤེས་རབ་ལས ཡ་མ་མ་མེ་བཞི་ཡིས་བསྐྱེད། །འཁོར་རྣམས་གསོ་ཞིང་གཟི་བྱིན་བསྐྱེད། །ཏིང་འཛིན་གསལ་བར་བསྒོམས་བྱས་ཏེ། །བཞི་ལ་ཚར་བའི་ཏིང་འཛིན་ལ། །རི་རབ་དབུས་ཀྱི་ལྟེ་བ་ལ། །རབ་བརྟེན་འོག་གི་གོ་གྱོན་ནས། །རྡོ་རྗེ་ཡི་ནི་དབང་གསོལ་ཏོ། །ཕྱོགས་བཅུ་འདུག་པའི་ཚེ་དྲངས་ཏེ། །གདུག་པ་མ་ལུས་འགུགས་པར་འགྱུར། །རྟག་ཏུ་བཟླས་པ་ཡང་བྱ་ཡང་། །ཨོསམཡམཉུ་ཤི་མུ་ཏྲ་ཨ་ཀྲོ་ཏེ་ཀ་ཨ་ཡུ་བ་ལ་སྭ་ཏི་བྲུ༷། བཛྲ་ཨ་ཡུ་ཁེ་ཧུ༷་ཛ། མགོན་པོ་མ་ལུས་བསྐུལ་ཞིང་དགུགས། ཨོ་བཛྲ་ཨེ་ཤ་ར་ན་ཨ་ཡུ་ཧ་ཧ་ཧོ་ཧོ་ཧུ༷། ཨོ་རཏྣ་ཀུ་ལན་ཨ་ཡུ་ཧ་ཧ་ཧོ་ཧོ་ཧུ༷་ཧུ༷། ཨོ་པདྨ་ཀུ་ལན་ཨ་ཡུ་ཧ་ཧ་ཧོ་ཧོ་ཧུ༷། ཨོ་ཀརྨ་ཀུ་ལན་ཨ་ཡུ་ཧ་ཧ་ཧོ་ཧོ་ཧུ༷། ཨོ་སརྦ་ས་ཏྭ་ཏ་ཐུ་ག་ཏ་ཨི་དི་ཏི་སྟ་མན་སྙོ་དྷི་ཙིསྟ་མ་ཧྭ་སུ་ཁ་ཧུ༷། དངོས་གྲུབ་བླངས་ལ་མ་ཉམས་རོལ། །དེ་ནས་ཡང་གསུངས་པ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཡིས། ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་གྱུར་ཅིག །མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག །རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག །ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དར་གྱི་ཅོད་པན་དང་། ལྷབ་ལྷུབ་ལ་སོགས་པ་རྣམ་པ་མང་པོས། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་མཆོད་པ་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཚན་དཔེ་དང་ལྡན་པར་བལྟ་བས་ཆོ་ག་མི་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཁྱད་པར་གནས་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །མདོ་སྡེ་འཇམ་དཔལ་རྒྱུད་སྡེ་ཆོས་སྐུ་བསྐྱེད། །མཆོད་རྟེན་ཆོས་སྐུ་ཉིད་དུ་ཤེས། །ཨོ་བཛྲ་ཨ་ཡུ་ཁེ་གྲྭ་ཧྭ། ཨོ་པྲ་མརྟ་ཡེ་གྲྭ་ཧྭ། ཨོ་བ་ཏ་ཀ་ལ༷་པ་སྲུ་ཧྭ། ཨོ་པ་ཏ་ཀ་ལ་ཡ་གྲྭ་ཧྭ། ཨོ་ཀུ་ཏི་ར་ཛུ་ཛ་གྲྭ་ཧྭ། ཨོ་པྲ་མརྟ་ན་ཡེ་སྲུ་ཧྭ། ཨོ་རཏྣ་མ་གུ་ཏྲ༷།གང་དུ་སྐུ་གཟུགས་ཟིན་ནས་ནི། །ཡུན་རིང་གནས་ཀྱང་མ་མཆོད་ན། །དེ་ལས་མི་ཤེས་སྐྱེ་བར་འགྱུར། །འཇིག་རྟེན་ཕལ་པའི་མི་དག་ལ། །འཇིག་རྟེན་ཀུན་གྱིས་བཀུར་མི་འགྱུར། །སྔགས་དང་བྲལ་བས་ཐལ་བ་ནསྦྱིན་བསྲེགས་བྱས་བཞིན་འབྲས་བུ་མེད། །ཅེས་གསུངས་སོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཚེ་སྒྲུབ་མདོར་བསྟན་པ་གསང་བའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །ངེས་པར་བསྟན་པ་འདི་ལ་ནི། །བསོད་ནམས་ཚོགས་བསགས་ཇི་ལྟ་བུ། །ངེས་པ་ཉིད་དུ་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། གསང་དང་བྱིན་བརླབས་ཕྲིན་ལས་དང་། །སྤྱན་དྲངས་ཕྱག་དང་བཞུགས་པ་དང་། །ཕྱི་ནང་ཕྱག་དང་མཆོད་དང་བསྐང་། །གསུང་གི་མཆོད་བྱ་རོལ་བར་ལྡན། །འགུགས་འདྲེན་གཏད་ཁྲམ་བྲོ་ཡིས་སྦྱངས། །མཎྜལ་དབུལ་ཞིང་དྲི་ཡིས་བྱུག །མེ་ཏོག་དབུལ་དང་ཡོ་བྱད་དབུལ། །གཟུགས་ལ་སོགས་པ་དྲུག་རྣམས་དང་། །དངོས་མེད་ནམ་མཁའ་འདྲ་བ་རྣམས། །ལོངས་སྤྱོད་ཡུལ་ནི་དུ་མར་སྣང་། ཁོརྐོལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྟག་ཏུ་རྣལ་འབྱོར་སྤྱོད་པར་་།ག །ཨ་ལ་ལ་ཧོ་རོལ་ཏུ་གསོལ། །ཨ་ལ་ལ་ཧོ་གནས་སུ་གསོལ། །མི་འཛིན་སྒྱུ་མ་ལྟ་བུ་ལས། །གར་གྱིས་དགྱེས་པར་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་ཏུ་གསོལ། །ཧོ་ཆགས་པ་མེད་པས་ཆགས་པར་མཛོད། །གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་བྱས་ནས་བཟའ། བདེ་བར་གཤེགས་ཤིང་ཆོས་ཀྱི་མཆོག །དྲི་མ་མེད་པའི་གནས་འདི་ལ། །གཟུང་དང་འཛིན་པ་རྣམ་པར་པར་གྲོལ། དེ་བཞིན་ཉིད་ལ་ཕྱག་འཚལ་ལོ། །ལྷ་མོ་གླུ་དབྱངས་སྣ་ཚོགས་བླངས། །ཚེ་འཕོས་དབང་བསྐུར་ལམ་བསྟན་བྱ། །དང་པོ་གཅེས་བྲལ་རིག་དྲུག་དྲང་། །མི་ཡི་གནས་སུ་སྡིག་པ་བཤགས། །དུག་སྦྱངས་སྡོམ་པ་མ་ལུས་བཟུང་། །གོས་དང་ཟས་སོགས་གཏད་པར་བྱ། །ལྷ་ཡི་གནས་སུ་དབང་བསྐུར་ནས། །ལམ་བསྟན་མེ་ཏོག་ཆར་པ་དབབ། །སྨོན་ལམ་མ་ལུས་བཏབ་པར་བྱའོ། །ཞེས་གསུངས་པས། འཁོར་རྣམས་ཚོགས་ཀྱི་ལམ་ཐོབ་པར་གྱུར་ཏོ། །དེ་ནས་འཁོར་འདུས་པ་རྣམས་ཀྱིས་གསང་བའི་བདག་པོ་ལ་གསོལ་པ། ཀྱེ་ཧོ་གསང་བདག་ཐུགས་རྗེ་ཅན། །ངེས་པར་བསྟན་པ་འདི་ལ་ནི། །མཚམས་དང་བྱིན་བརླབས་ངེས་པ་ཉིད། །གསང་བའི་བད༷ག་པོས་བསྟན་པར་མཛོད། །ཅེ༷ས་གསོལ་ཏོ། །དེ་ནས་གསང་བའི་བདག་པོས་གསུངས་པ། རྒྱལ་ཆེན་ཕྱོགས་སྐྱོང་གཙོ་བོའི་བྱིན་བརླབས་ཀྱིས། །རྣམ་པར་རྟོག་པས་ཚུགས་མི་འགྱུར། །ཨོ་ཡ་མན་བཛྲ་ཀྲོ་ཏ་ཧུ༷། ཨོ་བཛྲ་ཀྲོ་ཏ་རཀྟ་ཛ་ལ་རམ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧུ༷་ཕཊ། ཨོ༷་ཕཊ་རམ་ཨེ་རམ་ཛ་ལ་རམ་རྟ་ཁ་ར༷། པདྨ་ལྡན་པའི་བསྒོ་སྲ །བདུད་རྩི་ལྔ་རུ་སྨོས་བྱས་ཏེ། །ཡེ་ཤེས་ལྔ་ལ་གཏོར་བྱས་ནས། །སངས་རྒྱས་གཉིས་སུ་མེད་པར་འགྲུབ། །དམ་ཅན་ཚོགས་ལ་གཏོར་བྱས་པས། །ཐུགས་དམ་གཉེན་པོ་བསྐང་བར་འགྱུར། །རྣལ་འབྱོར་པ་ལ་གཏོར་བྱས་པས། །རྟོག་སྒྲིབ་ཉམ་ཆགས་བྱང་བར་འགྱུར། །མི་མཐུན་པ་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོའང་འཇིགས་པར་འགྱུར། །མཆོད་པའི་ཚོགས་ལ་གཏོར་བྱས་ལ། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །ཨོམཉུ་ཤི་ཡ་མརྙ་ཀ་ཨོ་ཨ༷༷ཧུ༷་བཛྲ་ཨ་ཕྲི་ཏ༷་ཧུ༷་ཕཊ། སྐུ་གསུང་ཐུགས་ཀྱི་འདོད་ཡོན་བྱུང་། །ཨེ་མ་ཀུན་ཏུ་བཟང་པེའོ་ ། །ངེས་འབྱུང་ཆོས་སྐུ་ཆེན་པོ་ལ། །བྷ་གར་ཇི་བཞིན་བཞག་པས་ན། །བྱང་ཆུབ་ཉིད་དེ་ལྟུང་གནས་མེད། ཨོམ་མཉུཤི་ཡམརྙཀ །ཨོ་ཨ༷༷ཧུ་བ་ལིང་ཏ་ཏེ་ཛོ་གུ་རྒྱ་ས་མ་ཡ་གྲྭ་ཧྭ། མཐའ་དབུས་མེད་པར་ཆོས་ཉིད་བརྡལ། །མཆོད་པ་ཀུན་གྱི་འབྱུང་གནས་གསོལ། །བྱང་ཆུབ་སེམས་འདི་ཀུན་ཏུ་དག །ཐིག་ལེ་ཆོས་སྐུ་ཁྱབ་པ་འོ། །ཡེ་ནས་བྱ་མེད་བྱ་མི་དགོས། །དབྱིངས་སུ་གྱུར་ནས་མཉམ་གནས་པའོ། །ཨོ༷་མསྐྲུ་ཤི་ཡ་མརྙ་ཀ་མ་ཧྭ་ར་ག་ཏ་ཛ་ལ་ས་མུན་ཏ་དྲི་ཐ། ཞེས་གསུངས་པས་འཁོར་ཐམས་ཅད་དོན་དང་ལྡན་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཇོགས་ཀྱི་མཆོད་པ་བྱིན་བརླབ་གསང་བའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་འཁོར་འདུས་པ་རྣམས་ཀྱིས། གསང་བའི་བདག་པོ་ལ་གསོལ་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །བདག་ཅག་འཁོར་དུ་གྱུར་པ་རྣམས། །བསྙེན་སྒྲུབ་བགྱིད་ན་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །གསང་བའི་བདག་པོས་གསུངས་པ། རྡོ་རྗེ་ཕོ་མོ་འདུས་པ་རྣམས། །ཡང་དག་དོན་ལ་བློ་གནས་ཏེ། །བསྙེན་བསྒྲུབ་རྫོགས་པའི་དོན་འདི་བརྩམ། །གཞལ་ཡས་མཆོད་པ་རྫོགས་བྱས་ནས། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་འཇམ་དཔལ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དྲེགས་པ་བསྣོལ་བའི་གདན་སྟེང་ནས། །ཡུམ་ཆེན་རྡོ་རྗེ་བི་ཏ་ལི། །དུར་ཁྲོད་འབར་བའི་ཆོས་ཀྱིས་བརྒྱན། །ཞལ་ནས་ཆོས་ཉིད་མཛབ་ཟློས་ཤིང་། །ཐུགས་རྗེ་སེམས་ཅན་རྣམས་དང་སྒྲོལ། །གཞལ་ཡས་འདི་ལ་བྱིན་གྱིས་རློབས། །སྒྲུབ་མཆོག་རྣམས་ལ་དབང་དང་དངོས་གྲུབ་སྩོལ། །བདག་ཅག་རྣམས་ལ་ཚེ་སྲོག་ཐུགས་རྗེས་སྐྱོབས། ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཏ་བྷརྫི་ཧུ༷་ཕཊ། ཨོ་བི་ཏ་ལི་ར་ཀ་ཤ་མན། ཏྲིག་ཏྲིག་སེར་སེར་ཁུལུ་མུ་ཁུ་ལུ་མུ། ཕྱོགས་བཞིར་རང་བྱུང་གྲུབ་པའི་ལྷ། །ཡེ་ཤེས་བཞི་འགྲོ་སྤྲུལ་པའི་ལྷ། །སྒྲུལ་པའི་ཁྲོ་མོ་བཞི་དང་ལྡན། །སྤྲུལ་པ་སྣ་ཛོགས་གདན་སྟེང་ནས། །དུར་ཁྲོད་འབར་བའི་རྒྱན་དང་ལྡན། །ཀུན་ཀྱང་སྔགས་ཀྱི་དགྲ་དང་ལྡན། །གཞལ་ཡས་འདི་ལ་བྱིན་གྱིས་རློབས། །སྲིད་གསུམ་ཟིལ་གྱིས་གནོན་ཅིང་གཤེགས།ཁམས་གསུམ་དབང་དུ་སྡུད་ཅིང་གཤེགས། །སྒྲུབ་མཆོག་རྣམས་ལ་དབང་དང་དངོས་གྲུབ་སྩོལ། །བདག་ཅ༷ ག་རྣམས་ཀྱི་ཚེ་སྲོག་བསྲུང་ཞིང་བསྐྱབ་ཏུ་གསོལ། །ཡི་དམ་ལྷ་ཡང་མ་གཡེལ་དུས་ཀྱི་མཆོད་པ་བཞེས། །ཨོ་ཡ་མ་ར་ཙ་ས་ཏོ་མེ་ཡ་ཧུ༷་ཕཊ། ཡ་མ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ། ཡཀྟ་ཡ་ཛ་ནི་ར་མ་ཡ་ཧུ་ཕཊ། ཤིརྙིང་ཀུ་རུ་གྲྭ་ཧྭ། སྤྲུཁོ་ཀུ་རུ་གྲྭ་ཧྭ། བྷ་ཤང་མན་ཛ་མ་ར་ཡ་ཕཊ། ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །ཡེ་ཤེས་ཁྲོ་བོ་བཅུ་རྣམས་དང་། །ཞལ་གཅིག་ཕྱག་གཉིས་འཇིགས་ཚུལ་ཅན། །ཕྱོགས་སྐྱོང་བསྣོལ་བའི་གདན་སྟེང་དུ། །དུར་ཁྲོད་འབར་བའི་རྒྱན་དང་ལྡན། །ཀུན་ཀྱང་སྔགས་ཀྱི་སྒྲ་དང་སྡུན། །གཞལ་ཡས་འདི་ལ་བྱིན་གྱིས་རློབས། །སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ། །ཡི་དམ་ལྷ་ཡང་མ་གཡེལ་དུས་ཀྱི་མཆོད་པ་བཞེས། །བདག་ཅག་རྣམས་ཀྱི་ཚེ་སྲོག་བསྲུང་ཞིང་བསྐྱབ་ཏུ་གསོལ། །ཨོ་བཛྲ་ཀྲོ་ཏ་བ་སྨི་ཧུ༷་ཕཊ། བཛྲ་ཀྲོ་དྷ་མ་མ། བཛྲ་ཀྲོ་ཏ་སྟི་ཏེ། བཛྲ་ཀྲོ་ཏ་ཏི་སྟི། བཛྲ་ཀྲོ་ཏ་ཀ །བཛྲ་ཀྲོ་ཏ་སྨིགས་ཤ ། བཛྲ་ཀྲོ་ཏ་ར་ཀ་ཁམ། བཛྲ་ཀྲོ་ཏ་ཏ་ཀི་ནི། བཛྲ་ཀྲོ་དྷ་ཀུན་དྷ་ལི། ཤརྙིང་ཀུ་རུ་གྲྭ་ཧྭ། སྤྲུཁོ་ཀུ་རུ་ཧོ། བཱ་ཤམ་ན་ཡ། མ་ར་ཡ་ཕཊ། ཡང་དངོས་གྲུབ་བླང་བའི་རྫས་ནི། གལ་ཕྱི་དང་། ཉེས་བྱས་དང་། ཛ་གད་དང་། བཟླ་ཕྲོམ་དང་། ཟླ་རྒྱས་དང་། ཚེ་དང་འོལ་ཀོན་དང་། མངར་གསུམ་དང་། སྤྱན་གཟིགས་སྣ་ཚོགས་རྣམས་སོ། །དམ་པོ་དམ་བཅས་དུས་ཀྱང་དེ་རིང་ཚང་། བཟླས་བརྗོད་བསྙེན་པའི་གྲངས་ཀྱང་དེ་རིང་ཚང་། །རྡོ་རྗེ་ སྒྲུབ་པའི་ནམ་ཡང་ལངས་སུ་ཆེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་རེ་རན། །སྐྱ་རེངས་དང་པོ་ཤར་ཙ་ན། །སྐུ་ཡི་དངོས་གྲུབ་སྩལ་རེ་རན། །སྐྱ་རེངས་བར་པ་ཤར་ཙ་ན། །གསུང་གི་དངོས་གྲུབ་སྩལ་རེ་རན། །སྐྱ་རེངས་ཐ་མ་ཤར་ཙ་ན། །ཐུགས་ཀྱི་དངོས་གྲུབ་སྩལ་རེ་རན། །སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་སྟེ་གསུམ་དུ་འདུས། །སྐུ་མཆོག་བཅོམ་ལྡན་གཤིན་རྗེ་གཤེད། །བརྡལ་བ་ཆེན་པོ་ཆོས་ཀྱི་སྐུ། །འགྱུར་བ་མེད་པ་རྡོ་རྗེའི་སྐུ། །སྐུ་ཡི་དངོས་གྲུབ་སྩཔ་དུ་གསོལ། །གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་སྟེ་གསུམ་དུ་འདུས། །ཚངས་པའི་ང་རོ་དྲག་པོའི་གསུང་། །བཟླས་པའི་འཕྲོ་འདུ་བསྙེན་པའི་གསུང་། །བཤུད་པའི་བརྡ་སྐད་མང་པོ་གསུང་། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་སྟེ་གསུམ་དུ་འདུས། །མི་གནས་ཡེ་ཤེས་ཐུགས་ཀྱི་ཐུགས། །ཧུ༷་གི་འོད་ཟེར་ཐུགས་ཀྱི་གསུང་། །ཐུགས་ལས་སྤྲུལ་པ་ཐུགས་ཀྱི་སྐུ། །བཅོམ་ལྡན་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསང་བའི་བདག་པོས་གསུངས་པ། འཁོར་རྣམས་ཀྱིས་ནི་དངོས་གྲུབ་ཐོབ་པར་འགྱུར། དེ་ནས་འཁོར་རྣམས་ཀྱི་དཔལ་ཆེན་པོ་ལ་མཆོད་པ་གསུམ་ཕུལ་ཏེ། བདག་ནི་གུ་རྒྱ་གསང་བའི་ཡུམ། །དུས་གསུམ་གསང་བ་དཔལ་གྱི་ཐུགས་དམ་བསྐང་། །དམ་ལས་འདས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཟླ་གམ་དཔལ་གྱི་གདན་སྟེང་དུ། །དམ་རྫས་བདུད་རྩི་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་རང་བཞིན་དབྱེར་མེད་ཅིང་། །དག་པ་ཆེན་པོ་བདུད་རྩིའི་རང་བཞིན་འདི། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །མི་འགྱུར་དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨ་ལ་ལ་ཧོ། དུར་ཁྲོད་གསང་བ་བམ་གྱི་དཀྱིལ་འཁོར་དུ། །ཨེ་མ་རང་བྱུང་གྲུབ་པའི་རྫས། །ཡེ་ཤེས་ལྔ་ལྡན་ཀ་བཱ་ལ། །ཐུགས་རྗེ་ཆགས་པའི་རཀྟ་གཏམས། ཁྲག་འཐུང་མ་མོའི་ཐུགས་དམ་བསྐང་བའི་ཕྱིར། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །མི་འགྱུར་དགེས་ཤིང་བརྟན་པར་ཨ་ལ་ལ་ཧོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཚོགས་གྲུབ་པ་གསང་བའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་འཁོར་འདུས་པ་རྣམས་ཀྱིས་ཐལ་མོ་སྦྱར་ནས། མགྲིན་གཅིག་ཏུ་གསོལ་པ། ཡ་མརྙ་ཀ་འཇམ་དཔལ་གཤིན་རྗེ་གཤེད། །ཡབ་ཡུམ་སྲས་དང་ཕོ་ཉ་གཡོག་འཁོར་བཅས། །གཡང་གཞི་ཐོད་པས་བརྒྱན་པའི་དཀྱིལ་འཁོར་འདིར། །འཁོར་དང་བཅས་པ་དགོངས་སུ་གསོལ། །སྲིད་གསུམ་དབྱིངས་ནས་བསྐྱེད་པའི་ཡུམ་གཅིག་མ། །དཔལ་ལྡན་ནག་མོ་མི་བཟད་སྲིད་གསུམ་མགོན། །གསང་བའི་ཡུམ་བཞི་འཇིགས་བྱེད་ཆེན་མོ་དང་། །ཕྱི་ཡི་མ་བདུན་ནམ་གྲུ་ཆེན་མོ་དང་། །ཕྱི་ནང་མ་སྲིང་མཁའ་འགྲོ་དམ་ཅན་ཚོགས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུངས་ལ་སོགས། །མ༷་ས་ཤ་ཆེན་ཁྲག་དང་ཚིལ་བུ་བཅས། །དམ་རྫས་བདུད་རྩི་ལྔ་ཡི་བཅུད་ཕྱུང་ཞིང་། །སོ་སོར་སྲོག་གི་སྙིང་པོས་སྤྱན་འདྲེན་ན། །མངོན་སུམ་འདི་རུ་གཤེགས་ཤིང་དགོངས་སུ་གསོལ། །བདག་ནི་རང་བྱུང་རྡོ་རྗེ་ཆེན་པོ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་རྟོགས་པ་དང་། །སྐུ་གསུམ་བླ་ན་མེད་པར་ཡིད་ཆེས་ཏེ། །ཐེག་ཆེན་བླ་ན་མེད་པའི་སྒོར་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །སྲི་ཞུ་ཆུང་བས་སློབ་དཔོན་ཐུགས་མ་མཉེས། །སློབ་དཔོན་ཐུགས་ཀྱི་དངོས་གྲུབ་མ་ཐོབ་སྟེ། །རྣམ་པར་མི་རྟོག་མདོ་སྡེ་ཕྱི་མ་ལས། །གསང་སྔགས་ལྟ་བའི་འབྲས་བུ་ཕྲུགས་བཅད་པས། །ལྟ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྣལ་འབྱོར་གང་ཡང་དམ་ཚིག་ཉམ་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་སྨྲར་མི་བྱ་ཞིང་། །ལུང་པ་གཅིག་གི་ཆུ་ཡང་མི་བཏུང་ཞེས། །ཐུགས་དམ་གཉན་པོའི་བཀའ་ལས་རྒྱུང་ལགས་ན། །དབང་མེད་ལས་ཀྱིས་འཁྲུལ་པ་ཆེན་པོའི་ས། །སྡིག་ལ་མི་འཛེམས་ཆོས་བྱེད་ཀུན་བསད་ནས། །འཇིག་རྟེན་འདིར་ནི་བསྐལ་པའི་མེ་ཡིས་བསྲེགས། །རྣལ་འབྱོར་བསད་པ་རྣལ་འབྱོར་ནང་གིས་བགྱིས། །ཉམ་པར་གྱུར་པའི་མུན་པ་ཆེན་པོ་ཡིས། །སྐུ་གསུང་ཐུགས་ཀྱི་སྒྲིབ་པར་མི་འགྱུར་ཏེ། །མི་འདུལ་སྒྲིབ་པ་ཅན་གྱི་སྐྱོན་རྣམས་ཀྱིས། །ཡི་དམ་ལྷ་ཡང་རྟག་ཏུ་འཕངས་པ་དང་། །སྲུང་མ་དམ་ཅན་རྣམས་ཀྱང་སྲོག་གི་གཉེན་པོར་བྱེད། འདི་འདྲའི་སྡུག་བསྔལ་མི་བཟོད་ཉམས་ཐག་ན། །བ་སྐྲུ་ལངས་ཏེ་གདུངས་པའི་འཆི་མ་འབྱིན། །ཕྱི་ནང་མཁའ་འགྲོ་མ་སྲིང་རྒྱ་མཚོའི་ཚོགས། །ནོངས་པ་མཆིས་ན་བཀའ་ཆད་མི་འཚལ་ཞིང་། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །འཁོར་བ་དཔག་ཏུ་མེད་པའི་ཆུ་ཀླུང་དུ། །ལས་དང་ཉོན་མོངས་སྡིག་པའི་བག་ཆགས་བསགས། །འཇམ་དཔལ་དཀྱིལ་འཁོར་དམ་པར་མཐོལ་ལོ་བཤགས། །མཐོལ་བཤགས་དབུལ་ལོ་ཚངས་པའི་དངོས་གྲུབ་སྩོལ། །ཞི་ཁྲོ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ། །ཡོན་ཏན་དཔག་ཏུ་མེད་པའི་བླ་མ་ལ། །དམ་ཚིག་སྡོམ་པ་གཉན་པོ་མནོས་སོ་འཚལ། །ཉམས་ཤིང་ཞིག་རལ་གྱུར་པ་ཅི་མཆིས་པ། །འཇམ་དཔལ་དཀྱིལ་འཁོར་དམ་པར་མཐོལ་ལོ་བཤགས། །མཐོལ་བཤགས་དབུལ་ལོ་ཚངས་པའི་དངོས་གྲུབ་སྩོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འཇམ་དཔལ་གཤིན་རྗེ་སྒྲུབ་པར་དམ་བཅས་པས། ། ཚུལ་ལམ་གཞུང་བཞིན་སྒྲུབ་རྗོ་མ་ཐོག་སྟེ། །འཇམ་དཔལ་གཤིན་རྗེ་མ་སྲིང་ཐུགས་དང་ཅི་འགལ་བ། །འཇམ་དཔལ་དཀྱིལ་འཁོར་དམ་པར་མཐོལ་ལོ་བཤགས། །མཐོལ་བཤགས་དབུལ་ལོ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་བཤགས་པས་རྣམ་པར་དག་པའི་ལམ་རྟོགས་པར་གྱུར་ཏོ། །དེ་ནསགསང་བའི་བདག་པོས་གསོལ་པ། ཀྱེ་ཧོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །སྐུ་གསུམ་ཡེ་ཤེས་འབྲས་བུ་རྣམས། །ཐུགས་རྗེ་ཅན་གྱིས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དཔའ་བོ་ཆེན་པོས་གསོལ་པ། །ཕ་རོལ་ཕྱིན་པའི་ཏིང་འཛིན་གསུམ། །དབྱིངས་དང་ཡེ་ཤེས་གཉིས་མེད་དང་། །ཆོས་སྐུ་དང་ནི་ལོངས་སྐུ་དང་། །སྤྲུལ་པ་འབྱུང་ཕྱིར་སྐུ་རུ་འདོད། །དབྱིངས་དང་ཡེ་ཤེས་གཉིས་མེད་དངོས། །བདག་ལོངས་སྤྱོད་དང་གཞན་ལོངས་སྤྱོད། ཁྲོ་བོ་ཁྲོ་མོ་སྣ་ཚོགས་སྣང་། །གཟུགས་སྐུ་ཆོས་སྐུ་རྣམ་གཉིས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས། །མཚན་དང་དཔེ་བྱད་མ་ལུས་འབྱུང་། །ས་བཅུའི་བྱང་ཆུབ་སེམས་དཔའ་ནི། །ཤེས་བྱའི་སྒྲིབ་པ་སེལ་བར་བྱེད། །འགྲོ་དྲུག་སྡུག་བསྔལ་སེལ་བར་བྱེད། །ནམ་མཁའ་མཐའ་དང་མཉམ་པ་ཡི། །གཞི་དང་སྙིང་པོ་མེ་ཏོག་ཅན། །སྟོང་གསུམ་འཇིག་རྟེན་ཁོར་ཡུག་ཏུ། །བདེ་གཤེགས་ཀུན་ལ་རྟག་ཏུ་སྣང་། །མཉམ་བཞག་བྱང་ཆུབ་སེམས་དཔའ་དང་། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ལས་ཀྱི་དབང་གིས་སྣང་བར་འགྱུར། །བཅུ་གཅིག་ཀུན་ཏུ་འོད་དག་དང་། །བཅུ་གཉིས་མ་ཆགས་པདྨ་དང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ལ། །རིམ་པ་བཞིན་དུ་སྐུ་གསུམ་གནས། །ནམ་མཁའ་སྤྲིན་དང་ཆར་པ་བཞིན། །ཤེས་པ་བག་ཆགས་ལས་གྲོལ་བ། །ཡེ་ཤེས་གཉིས་སུ་སྣང་བ་འོ། །གསལ་ལ་རྟོགས་པ་མེད་པ་ནི། །ཡེཤེས་ཀུན་གྱི་མཚན་ཉིད་དོ། །ཇི་བཞིན་གནས་པའི་ཆོས་ཐམས་ཅད། །དེ་ཤེས་པ་ནི་ཡེ་ཤེས་སོ། །གཟུང་འཛིན་སྤྲོས་པ་ལ་སོགས་པའི། །བག་ཆགས་བསྲེགས་པའི་ཡེ་ཤེས་ལས། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། །ཡེ་ཤེས་སྐྱེད་པར་བྱེད་པའི་རྒྱུ། །དམིགས་པ་མེད་ལ་གོམས་བྱེད་པ། །ཡེ་ཤེས་ཐོབ་པའི་རྐྱེན་དུ་བཤད། །འཇིག་རྟེན་ལས་ལས་འདས་པ་ལ།ཐུན་མོང་ཡེ་ཤེས་གསུམ་དུ་བཤད། །དང་པོ་དང་ནི་ལྔ་པ་དང་། །བརྒྱད་དང་བཅུ་ཡིས་ཤེས་པར་འགྱུར། །ནམ་མཁའ་མེ་ཏོག་ཉི་མ་དང་། ཁེལ་སྒོང་ཉེ་བའི་དབྱེ་ཞེས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སེམས་ཅན་མ་ལུས་ཀུན་ལ་གནས། །སྐུ་གསུམ་ལྷུན་གྱིས་གྲུབ་ནས་ནི། །གང་ཡང་དངོས་པོ་མེད་པར་སྦྱོར། །ཞེས་གསུངས་པས་འཁོར་མ་ལུས་པས་སྐྱེ་བ་མེད་པ་ཡི་དོན་རྟོགས་པར་གྱུར་ཏོ། ། འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཉམ་པ་བསྐང་བ་དང་། སྐུ་གསུམ་ཡེ་ཤེས་ཀྱི་དོན་གསལ་བའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་འཁོར་འདུས་པ་རྣམས་ཀྱིས་གསང་བའི་བདག་པོ་ལ་གསོལ་པ། ཀྱེ་ཧོ་གསང་བའི་བདག་པོ་ལགས། །བཀའ་ཡི་གཏོར་མ་ཇི་ལྟ་བུ། །ངེས་པ་ཉིད་དུ་བསྟན་དུ་གསོལ། ། ཞེས་གསོལ་ཏོ། །དེ་ནས་གསང་བའི་བདག་པོས་གསུངས་པ། བཀའ་ཡི་གཏོར་མ་དག་ལ་ནི། །ཡར་གྱི་གནས་ལ་མཆོད་དུ་ངེས། །དང་པོ་འཇམ་དཔལ་ཡབ་ཡུམ་ལ། །གཉིས་པ་གཤེད་བཞི་ཡབ་ཡུམ་ལ། །གསུམ་པ་ཕྱོགས་སྐྱོང་ཡབ་ཡུམ་ལ། །བཞི་པ་སྤྲུལ་པ་གཤེད་བཞིའི་འཁོར། །ལྔ་པ་སྒྲུལ་པའི་གིང་ཚུལ་ལ། །དྲུག་པ་མཁའ་འགྲོ་སུམ་ཅུ་གཉིས། །བདུན་པ་སྤྲུལ་པ་འབུམ་ཁྲི་སྟེ། །ཡར་ཏེ་ཡེ་ཤེས་ལམ་གྲུབ་པའོ། །མར་གྱི་མཆོད་ཅིང་ལས་བཅོལ་བ། །དང་པོ་གསོལ་བཏབ་ཕུད་དང་ལྷག་མ་དབྱེ། །གཉིས་པ་མགོ་བརྙན་དྲུག་པ་སྟེ། །གསུམ་པ་མཁའ་འགྲོ་སུམ་ཅུ་གཉིས། །བཞི་པ་ཁ་ཆུས་བཏབ་ཅིང་ཕྲ་མེན་གཉིས་པའོ། །ལྔ་པ་བདུན་པ་མ་མོ་ཉི་ཤུ་བཞི་པར་ངེས། །དྲུག་པ་གིང་ཆེན་ལྕམ་བྲལ་ལོ། །བདུན་པ་གཏོར་མ་ཆ་མགོ་བདུད་མོ་དཔོན་གཡོག་ལའོ། །ཕྱི་རོལ་ལྷག་མ་འཇིག་རྟེན་སྐྱོང་བ་དང་། །སེམས་ཅན་ཀུན་ལ་ཕན་པར་ངེས། །ཅེས་གསུངས་འཁོར་ཐམས་ཅད། ལྷག་ཕུད་མེད་པའི་དོན་དང་ལྡན་ནས། ཕྲིན་ལས་མཐར་ཕྱིན་པར་གྱུར་ཏོ། །དེ་ནས་གསང་བའི་བདག་པོས་ཡང་གསུངས་པ། ལས་གྲུབ་ནས་རྫས་བཏོན་ཏེ་བཀྲུས་ནས། ཤེས་པ་ཡུམ་གྱི་མཁའ་ལ་ལྷར་བསྐྱེད་དེ། ཕུང་པོ་རྗེས་ཤུལ་མེད་པར་བྱེད་པ་ནི། ཡེ་ཤེས་ངང་དུ་འདུས་པར་ངེས་སོཞེས་གསུངས་སོ། །འཁོར་རྣམས་དགའ་ནས་སྒྲུབ་པའི་དོན་གྲུབ་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། གཏོར་མའི་དོན་གསང་བའི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་དགེས་པ་ཆེན་པོ་ལགས། ཆོས་རྣམས་ཀུན་གྱི་དོན་བསྡུས་པ། །ངེས་པ་ཉིད་དུ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་ཡང་གསུངས་པ། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །དེ་དག་དེ་ཡི་རང་བཞིན་ཏེ། །བྱིས་པ་གདུང་བའི་ཤེས་པ་ལ། །ཆུ་ཡི་འདུ་ཤེས་བསྒོམ་བྱས་ཀྱང་། །ཚིམ་པའི་རྒྱུ་དེ་རྙེད་མི་འགྱུར། །དེ་བཞིན་རྟོག་པའི་ཁྱད་པར་ཡང་། །དེ་ཉིད་ཀུན་ནས་སྟོང་པ་ལ། །ཐ་སྙད་མིང་དུ་བཏགས་འགྱུར་ལ། །དེ་ནི་སྟོང་སྟེ་དེ་མི་རྙེད། །སྟོང་ཉིད་ཅི་ཡང་མེད་པ་ལ། །སྤྱོད་པའི་ཁྱད་པར་སྤྱད་བྱས་ཀྱང་། །སྤྱད་ལ་མ་ཆགས་ཇི་བཞིན་པས། །བརྟགས་ན་དམིགས་པ་ཀུན་དང་བྲལ། །གསང་སྔགས་གསང་བའི་བྱིན་བརླབ་དག །གང་གི་དོན་དུ་མེད་འབྱུང་བ། །ཅི་ཡང་མེད་ལ་ཅི་ཡང་སྣང་། །ཅི་ཡང་སྣང་ལ་གང་ཡང་མེད། །སྤྲོས་བྲལ་རང་བཞིན་སྟོང་པ་ལས། །ཆོ་འཕྲུལ་རྣམ་པར་ཅིར་ཡང་སྣང་། །ཆོ་འཕྲུལ་ཉིད་དུ་རྣམ་པར་ཟད། །ཇི་ལྟར་སྤྲུལ་པའི་རང་བཞིན་ལས། །མེད་བཞིན་གཅིག་ལས་དུ་མ་འབྱུང་། །གཅིག་འབྱུང་འཁོར་ལོའི་རྒྱུན་ལྟར་སྣང་། །སྣང་བའི་འབྱུང་རྒྱུ་མེད་པ་ཡིན། །མི་མཉམ་མཉམ་པའི་ངོ་བོ་ལས། །ཇི་ལྟར་བཞིན་དུ་རང་བྱུང་ལ། །གང་འདིར་འབྱུང་བ་རྒྱུན་མི་འཆད། །དེ་ལ་ཟད་དང་འཕེལ་བ་མེད། །གང་འདིར་གཟུགས་བརྙན་དེ་བྱུང་བ། །བརྟེན་ནས་དེ་བཞིན་གཟུགས་དེ་འོང་། །དེ་དང་དེ་གཉིས་ཐ་དད་མན། །གང་འདར་རྒྱུ་འབྲས་སོ་སོ་ལ། །རྒྱུ་ཉད་འབྲས་བུ་དེ་ཉད་རྒྱུ། །དེ་བས་དེ་ལ་དེ་ཉད་མེད། །ཆོས་སྐུ་ལྷུན་གྱས་གྲུབ་པའོ། །སྒྱུ་མ་རྣམ་ཉད་སྤྱོད་ཡུལ་ན། །སེམས་ཀྱ་ཆོས་ཉད་ངང་དུ་གཅག །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་པའི་བསམ་པར་སྣང་། །འགྲོ་ལ་སེམས་རྒྱུད་གཉིས་མི་མཆི། །དེ་ནི་དངོས་མེད་ཀུན་གྱི་གཞི། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་པ་ཕྲིན་ལས་ལས་རིམ་སྟེ། །ངེས་པ་ཉིད་དུ་དོན་བསྡུས་པའོ། །ཞེས་གསུངས་པས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་འཁོར་རྣམས་ཀྱིས་རྟོགས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པ་གསང་བ་དྲུག་ཅུ་པ་ལས་ལེའུ་དྲུག་ཅུ་པའོ།། །།དེ་ནས་འཁོར་ཀུན་གྱིས་བསྐོར་བ་བྱས། ཐལ་མོ་སྦྱར་ནས་བསྟོད་པ་འོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལ། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེ་གཟིགས་ལྡན་གདུག་པ་ཐབས་ཀྱིས་འདུལ། ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཡེ་ཤེས་ངང་ལས་མ་གཡོས་པས། །ཐུགས་རྗེའི་དབང་གི་ཁྲོ་བོའི་བསྐུར་བསྟན་ཅིང་། །ཡ་མརྙ་ཀའི་སྐུ་ལ་དགེས་པར་འཁྲིལ། །བི་ཏ་ནག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྟོང་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །དགྲ་བགེགས་མ་ལུས་དབྱིངས་སུ་སྒྲོལ་མཛད་ཅིང་། །གདུག་པ་སྐྲུ་གྲི་མཚོན་ཆ་ཕྱག་ན་བསྣམས། །རལ་པ་གཅིག་པའི་སྐུ་ལ་ཕྱག་འཚལ་བསྟོད། །མེ་ལོང་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ཞེ་སྡང་གདུག་པའི་ཚོགས་རྣམས་འཇོམས་མཛད་ཅིང་། །རག་ཏའི་དྲི་སྣོམ་མ་ལ་དགེས་པར་འཁྲིལ། །གཤེད་པོ་ཡ་མ་ར་་འསྐུ་ལ་ཕྱག་འཚལ་སྟོད། །མཉམ་ཉིད་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་གདུག་པའི་ཚོགས་རྣམས་འཇོམས་མཛད་པ། །སྤྱང་མོ་མགོ་དགུ་མ་ལ་དགེས་པར་འཁྲིལ། །གཤེད་པོ་བྱོསབྱེད་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཀུན་རྟོག་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ཕྲག་དོག་གདུག་པའི་ཚོགས་རྣམས་འཇོམས་མཛད་པ། །ཕྱག་བརྙན་དབུགས་ལེན་མ་ལ་དགེས་པར་འཁྲིལ། །རལ་པ་ཚར་དགུའི་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་མཉམ་པའི་ངང་ལས་སྐུར་སྤྲུལ་པ། །རུ་ཏྲ་གདུག་པའི་ཚོགས་ཀུན་སྒྲོལ་མཛད་ཅིང་། །སྲིན་མོ་ཁ་འབར་མ་ཡི་སྐུ་ལ་དགེས་པར་འཁྲིལ། །རྡོ་རྗེ་བདུད་འཇོམས་སྐུ་ལ་ཕྱག་འཚལ་བསྟོད། །མེ་ལོང་ཡེ་ཤེས་ངང་ལས་སྐུ་སྤྲུལ་པ། །དྲི་ཟ་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །རྡོ་རྗེ་རལ་གཅིག་མ་ལ་དགེས་པར་འཁྲིལ། །ཀོང་ཙེ་བྲག་འཛོམས་སྐུ་ལ་ཕྱག་འཚལ་བསྟོད། །བྱམས་པ་ཆེན་པོའི་ངང་ལས་སྐུ་སྤྲུལ་པ། །མེ་ལྷ་གདུག་པའི་ཚོགས་ཀུན་སྒྲོལ་མཛད་ཅིང་། །དྲང་སྲོང་དཀར་སྐྱ་མ་ལ་དགེས་པར་འཁྲིལ། །གཤིན་རྗེ་གླང་མགོའི་སྐུ་ལ་ཕྱག་འཚལ་བསྟོད། །མཉམ་ཉིད་ཡེ་ཤེས་ངང་ལས་སྐུ་སྤྲུལ་པ། །གཤིན་རྗེ་གདུག་པའི་ཚོགས་རྣམས་འཇོམས་མཛད་ཅིང་། །རེ་མ་ཏི་ཡིས་སྐུ་ལ་དགེས་པར་འཁྲིལ། །གཤིན་རྗེ་ཡམ་ཏིའི་སྐུ་ལ་ཕྱག་འཚལ་བསྟོད། །སྙིང་རྗེ་ཆེན་པོའི་ངང་ལས་སྐུ་སྒྲུལ་ཅིང་། །སྲིན་པོ་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། ཁྲག་གི་རལ་པ་ཅན་དང་དགེས་པར་འཁྲིལ། །གཤིན་རྗེ་ཕྱུ་སངས་སྐུ་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་ཡེ་ཤེས་ངང་ལས་སྐུ་སྤྲུལ་པ། །ཀླུ་སྲིན་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །ནག་པོ་སྤུ་མགོ་མ་ལ་དགེས་པར་འཁྲིལ། །གཤིན་རྗེ་རྨིག་པའི་སྐུ་ལ་ཕྱག་འཚལ་བསྟོད། །དགའ་བ་ཆེན་པོའི་ངང་ལས་སྐུ་སྤྲུལ་པ། །རླུད་ལྷ་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །རླུང་ལྷ་སྤྱན་གསུམ་མོ་ལ་དགེས་པརའཁྲིལ། །གཤིནརྗེརྟིལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །བྱ་བ་ནན་ཏན་ངང་ལས་སྐུ་སྤྲུལ་པ། །གནོད་སྤྱིན་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །ཨེ་ཀ་ཤིན་ཏི་སྐུ་ལ་དགེས་པར་ལུབྲེལ། །ལྷ་མཆོག་དུད་ཀའི་སྐུ་ལ་ཕྱག་འཚལ་བསྟོད། །བཏང་སྙོམས་ཆེན་པོའི་ས་ལ་སྐུ་སྤྲུལ་པ། །དབང་ལྡན་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །མེ་ལྷ་རལ་གཅིག་སྐུ་ལ་དགེས་པར་འཁྲིལ། །ཆོས་ཀྱི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །སྟོང་པ་ཆེན་པོའི་ངང་ལ་སྐུ་སྤྲུལ་པ། །ས་བདག་གདུག་པའི་ཚོགས་རྣམས་སྒྲོལ་མཛད་ཅིང་། །བ་ལང་འདྲེ་སྣ་མ་ལ་དགེས་པར་འཁྲིལ། །གཤིན་རྗེ་མིག་དམར་སྐུ་ལ་ཕྱག་འཚལ་བསྟོད། །ཚ་བ་ནད་ཀྱི་བདག་མོ་བསེ་མོ་བཞི། །མེ་ཏོག་དགུན་ན་སྐྱེས་པའི་རྒྱལ་པོའི་ཚོགས། །དཀྱིལ་འཁོར་སྒོ་སྐྱོང་ཕྲིན་ལས་རྣམ་བཞི་མཛད། །དམ་ཅན་བསེ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡ་མརྙ་ཀ་བཀའ་ཡི་ཕོ་ཉའི་ཚོགས། །སྒྲུབ་པའི་ལས་ལ་བརྩོན་མཛད་གིང་ཆེན་པོ། །དམ་ཚིག་ཉམ་པ་ཀུན་གྱི་སྲོག་འཕྲོག་པ། །བཀའ་ཉན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །འཁོར་དུ་མས་བསྐོར་བ་ལན་དུ་མས་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། རྗེས་སུ་ཡི་རངས་སྟོང་པའི་ལེའུ་སྟེ་རེ་གཅིག་པའོ།། །།འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་རྫོགས་སོ།། །།ཡེ་དྷརྨ་ཧེ་ཏུ་པྲ་བྷ་བ། ཧེ་ཏུན་ཏེ་ཥན་ཏ་ཐུ་ག་ཏོ། ཧ་ཡ་བ་དན་ཏེ་ཥན་ཙ་ཡོ་ནི་རོ་དྷ་ཨེ་བ༷་བྷ་དི་མ་ཧྭ་བྲ་མ་ཎ་ཡེ་སྭ་ཧྭ།རྒྱ་གར་སྐད་དུ། བཛྲ་ཨ་མྲི་ཏ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་བདུད་རྩིའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིསྐད་བདགགི་ཐོསཔོཛེདུ་གོགོན། བོམོལྡན་འད་དེ་བེགོ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེ་བདུད་རྩི་གསང་བའི་པད་མ་ལ་བཞུགས་སོ། །གཞལ་ཡས་སོགས་པའི་ཁང་པ་ན། །མུ་མ་ཀི་དང་ཐབས་གཅིག་ཏུ། །བཅོམ་ལྡན་རྡོ་རྗེ་ཅན་རོལ་ཏེ། །དེ་ལ་ལྷ་མོ་དེས་ཞུས་པ། །གསང་ཆེན་ཞེས་བྱ་ཆེར་གནས་པའི། །རྡོ་རྗེ་བདུད་རྩིའི་་མཆོག །སྔོན་་ལྷ་ཁྱོད་ཀྱིས་གསུངས། །བདུད་རྩི་སྒྲུབ་པའི་ཐབས། བདེ་བ་ཆེན་པོས་བཀའ་སྩལ་འཚལ། །དེ་ནས་བཅོམ་ལྡན་རྡོ་རྗེ་བཤད། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བསམ་མེད་ཟད་མེད་ཕྲ་མོ་སྟེ། །དོན་ཡོད་དབང་པོ་ལས་འདས་པ། །དམ་པ་ཞི་བ་རྣམ་དག་པ། །རྡོ་རྗེ་བདུད་རྩི་བརྗོད་པ་ཡིན། །དེ་ནས་བཅོམ་ལྡན་བདུད་རྩི་ཡིས། །མ་ཀིར་ཆགས་དང་རྡོ་རྗེ་བདུད་རྩི་ཏིང་འཛིན་གྱིས། །གསང་ཆེན་མངོན་སུམ་དུ་ནི་མཛད། །རྒྱུད་རྣམས་ཀུན་ལ་གསང་བ་ཡི། །ཡེ་ཤེས་རྡོ་རྗེ་བདུད་རྩི་མཆོག །དེ་ནི་བདག་གིས་བཤད་པར་བྱ། །བརྟན་པོར་འཁྱུད་དང་འོ་བྱེད་དང་། །དགའ་བའི་རོལ་པ་མཉམ་སྦྱོར་དང་། །དབྱངས་དང་སིལ་སྙན་གར་རྣམས་ཀྱིས། །རྡོ་རྗེ་བདུད་རྩི་བདུད་ཀྱི་མཆོག །དེ་ལྟར་མྱུར་བར་འགྲུབ་པར་འགྱུར། །བདུད་རྩི་ཁུ་བ་ཞེས་གསུངས་ཏེ། །འགྲོ་བ་གསུམ་ནི་དེས་བསྐྱེད་དེ། ཁྱོད་ལ་དགའ་མང་ཞལ་བཟང་བ། །དེ་ཡི་སྒྲུབ་པ་བདག་གིས་བཤད། །ཉོན་ཅིག་དེ་ཡི་སེམས་ཀྱི་ཚིག །མདོར་བསྡུས་ནས་ནི་བཤད་པར་བཤད། །སེམས་ཅན་ཐམས་ཅད་ཕན་དོན་དུ། །སྦྱོར་བ་ཡི་ནི་བདུད་རྩི་མཆོག །རྣལ་འབྱོར་གང་གིས་བཤིགས་གྱུར་ན། །འཁོར་བའི་ཆིངས་ལས་མྱུར་བར་གྲོལ། །བསྟན་དུ་མེད་ཅིང་ཡེ་ཤེས་ཆེ། །དངོས་གྲུབ་འཇིག་རྟེན་གསུམ་སྒྲུབ་བོ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །སྒྲུབ་པ་པོས་ནི་བདེ་བ་སྤྱོད། །རྡོ་རྗེ་པད་མ་མཉམ་སྦྱོར་བས། །རྡོ་རྗེ་བདུད་རྩི་ཕྱུར་བར་བྱ། །བྷ་གའི་་པད་མོར་འོ་བཏབ་སྟེ། །རྡོ་རྗེ་སྨྱུ་མ་ཀིས་འོ་བཏབ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ། །བྷ་གའི་པད་མར་འོ་བཏབ་པ། །དེ་ཚེ་དགའ་བའི་ལྷ་མོ་དེས། །རྡོ་རྗེ་བདུད་རྩི་ལས་བྱུང་བའི། །ཉམས་དགའ་གསང་བའི་དཀྱིལ་འཁོར་ཞུས། །ཆོ་གའི་རིམ་པ་གང་གིས་ནི། །མཆོད་པ་དཀྱིལ་འཁོར་བརྩམ་པར་བྱ། །འདིར་ནི་མཆོད་པ་ཇི་ལྟར་ཏེ། །དེ་བཞིན་དཀྱིལ་འཁོར་ཇི་ལྟར་བྱ། །དགའ་བ་ཆེན་པོ་ཐོབ་དགའ་བ། །རབ་ཏུ་དགྱེས་ནས་བཀའ་སྩལ་འཚལ། །དེ་ནས་བཅོམལྡན་རྡོ་རྡོ་ཡི། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །འོ་བཏབ་པས་ནི་དགའ་འགྱུར་ཏེ། །བཞུད་ནས་འདི་སྐད་བཀའ་སྩལ་ཏེ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དང་། །འཁོར་བའི་རྒྱ་མཚོ་བསྒྲལ་བའི་ཕྱིར། །དགའ་བ་ཆེན་པོ་སྦྱོར་བ་ཡི།ནཱ་མ་ཀིས་ནི་འདིར་བྲིས་པ། །ཟུར་གསུམ་དཀྱིལ་འཁོར་བྲིས་ནས་སུ། །གསང་བའི་པད་མ་མྱ་མ་ཀི །ནང་དུ་ སྙིང་པོ་དང་ལྡན་པའི། །པདྨ་འདབ་བརྒྱད་པ་ནི་བྱ། །དེ་དབུས་གསང་ཆེན་རིག་མ་དང་། །གཙོ་བོ་ཞལ་གསུམ་ཕྱག་དྲུག་པ། །དང་པོ་ཞལ་ནི་ནག་པོ་སྟེ། །གཡས་པ་ལ་ནི་དཀར་པོར་འདོད། །གཡོན་དུ་དམར་པོ་རབ་གསུངས་ཏེ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱས་པ། །ལྷ་ཡི་ན་བཟའ་མེ་ཏོག་ཕྲེང་། །ལྷ་ཡི་དྲིས་ནི་བྱུག་བྱེད་པ། །ལྷ་ཡི་དངོས་གྲུབ་བྱད་བཞི་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཕྱི་རོལ་དུ་ནི་དཀྱིལ་འཁོར་ཡང་། །སྒོ་བཞི་པ་ནི་རབ་ཏུ་ བརྟགས། ཁྲར་དུ་ཁྲོ་གཉེར་མ་བཞག་སྟེ། །ལྷོ་ནས་འཇིགས་པར་འཇིགས་བྱེད་མ། །ནུབ་ན་རྟ་ཡི་གཟུགས་ཅན་མ། །བྱང་དུ་ཚོགས་ཀྱི་འདྲེན་མ་མོ། །མཁས་པས་པད་མ་འདབ་བརྒྱད་ལ། །རིག་མ་བརྒྱད་ནི་མཉམ་པོར་བྲི། །མཛེས་པ་མོ་དང་ཞི་བའི་ཞལ། །ཟླ་བ་མོ་དང་དུང་ཅན་མོ རི་བོང་འཛིན་དཀྱིལ་འཁོར་མོ་དང་། །རི་བོང་འཛིན་མ་ཡིད་དགའ་མ། །ཡིད་ལ་བདེ་བར་བྱེད་མ་དག །རིག་མ་བརྒྱད་དང་སྒེགས་མ་བརྒྱད། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྣ་ཚོགས་གཟུགས་ནི་ཡིད་དགའ་མ། །ཕྱོགས་རྣམས་དང་ནི་མཚམས་དག་ལ། །རྟག་པར་རུ་ནི་བྲི་བར་བྱ། །མཆོད་པ་པི་ཝང་རྔ་དེ་བཞིན། །དེ་བཞིན་སྤོས་དང་མེ་ཏོག་སོགས། །དབྱངས་དང་གར་དང་མཆོད་པ་ནི། །དགའ་བར་རོལ་པ་སྦྱོར་བ་ཡིས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །གསང་བའི་དཀྱིལ་འཁོར་བསྒྲུབ་པར་བྱ། །མ་དང་བྱན་མོ་བུ་མོ་དང་། །སྲིང་མོ་གཉེན་མོ་དེ་བཞིན་ཏེ། །རྡོ་རྗེབདུད་རྩི་དེ་དག་ལས། །བླངས་ནས་གསང་བའི་དཀྱིལ་འཁོར་ མཆོད། །མ་ལུས་ བདུད་རྩི་བླངས་ པས་ ནི། །རྡོ་རྗེ་ བདུད་རྩི་ དང་ མཉམ་ འགྱུར། །སྲིང་ མོ་ ནད་ མེད་ ན་ སོ་གཞོན། །བུ་ མོ་ ཡིད་ ནི་ འདོད་ཀུན་སྤྱིན། །བྱན་ མོ་ ཡིད་ ནི་དོན་ ཡོད་གྲུབ། །གསང་བའི་དཀྱིལ་འཁོར་ལ་འདོད་བྱས། །ལྕེ་ནི་དྲིལ་ བར་བྱས་ནས་སུ། ཁ་ཡིས་པད་མར་བླངས་བར་བྱ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །དེ་ནས་ མྱུར་བར་དངོས་གྲུབ་བོ། །བུང་བ་རྩེ་ཡི་ཚུལ་གྱིས་ནི། །བུད་མེད་ཐམས་ཅད་འདོད་པ་ སྤྱོད། །འདུས་དང་གྲུ་མོ་དང་རྐྱང་པ། །ཡར་བཏག་དང་ནི་ཤིན་ཏུ་བརྐྱང་ ། །བྱེད་པའི་བཅིང་པ་སྦྱོར་བ་ཡིས། །ས་གསུམ་དག་ནི་བསྒྲུབ་པར་བྱ། ཁྲ་ཆེན་དང་ནི་ཁྲག་ཆེན་དང་ ། །དེ་བཞིན་བཤང་ལྕི་ཁུ་བ་དག །དེ་དག་བདུད་རྩི་ལྔ་པོ་ཡང་། །ཉིན་དང་མཚན་དུ་བསྒྲུབ་པར་བྱ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །གལ་ཏེ་དངོས་གྲུབ་བདག་འདོད་ན། །དེ་ཡིས་ དོན་ རྣམས་ཐམས་ཅད་ནི། །སྒྲུབ་པ་པོས་ནི་ མཆོག་ཏུ་བསྒྲུབ། །དབང་ དང་ དགུག་ དང་ འཐབས་ པ་ དང་ ། །གསོད་ དང་བསྐྲད་ པ་ ལ་ སོགས་ པ། །རྡོ་རྗེ་ བདུད་རྩི་ བདེ་ ཆེན་པོས། །བྱ་བ་ཐམས་ཅད་ཀུན་ཏུ་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་དེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དང་། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཀྱི་རྒྱལ་པོ་ལས། གསང་བའི་དཀྱིལ་འཁོར་བྱེད་པའི་མངོན་ཚུལ་བསྟན་པའི་ལེའུ་དང་པོའོ།། །།དེ་ནས་འགོ་བའི་ལྷ་མོ་དེ། །པད་མ་རྒྱས་པའི་མྱ་མ་ཀི །བརྟན་པོར་འཁྱུད་པར་བྱས་ནས་སུ། །དབང་པོ་ཐམས་ཅད་ལ་འོ་བཏབ། །མ་མཆུ་སོས་བཟུང་འོ་བཏབ་ཏེ། །སིད་སྒྲ་དེ་ནི་བརྗོད་པར་བྱ། །རྡོ་རྗེ་བཅིངས་པས་སྐུ་ཡང་འཛིན། །རྡོ་རྗེ་ཅན་གྱིས་གསང་བྱས་ཏེ། །པད་མར་རྡོ་རྗེ་བཅུག་ནས་སུ། །ཆགས་ནས་དགའ་སྟེ་འདོད་པ་བྱ། །སིད་སྒྲ་ སྙན་པའི་སྒྲ་རྣམས་དང་། །ཀོ་ལེ་ལ་དང་གླིང་བུ་སོགས། །ལྷ་མོ་བཱ་མ་ཀི་དང་རྩི། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །ནུ་མ་བཟུང་ལ་གཟིར་བྱས་ཏེ། །སེན་མོས་རི་མོ་གདབ་པར་བྱ། །དེ་ཡང་གོས་ནི་ཕུད་བྱས་ཏེ། །སྟེང་འོག་ལ་ཡང་བལྟ་བར་བྱ། །རྒྱས་པའི་པད་མར་འོ་བཏབ་ནས། །དགའ་བའི་ཚིག་ཀྱང་བརྗོད་པར་བྱ། །རྒྱས་པའི་པདྨ་མྱ་མ་ཀི། ལྷ་མོ་ཆེན་མོ་ལེགས་སོ་ལེགས། །གཏན་དུ་འདོད་ལ་ཆགས་པ་ཡིས། །བདག་གིས་ཁྱོད་ལ་དགའ་བར་བྱ། །གང་ཞིག་འདོད་པ་ཁྱེད་ཀྱིས་ཞུས། ཁྱེད་ལ་བདག་གིས་མཆོག་ཏུ་སྤྱིན། །དེ་ནས་ལྷ་མོ་མྱ་མ་ཀིས། །ཚིག་འདི་དག་ནི་ཆེད་དུ་གསོལ། །བཅོམ་ལྡན་ཉིད་ཀྱི་དེ་བཞིན་ཉིད། །བྱང་ཆུབ་སེམས་ཀྱི་རྣམ་སྤྲུལ་པ། །ཕྲ་བ་ཤིན་ཏུ་ཕྲ་བ་ཡིས། །ཟད་མེད་ཡེ་ཤེས་ཇི་ལྟར་རོལ། །དེ་ལྟར་ལྷ་ཡི་སྤྱོད་པ་ནི། །དབང་པོ་གཉིས་ནི་སྙོམས་འཇུག་པས། །དེ་དག་ཐེ་ཚོམ་འབྱུང་བས་ན། །བདག་ནི་ངོ་མཚར་དམ་པར་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཡིས། །རྡོ་རྗེ་བདུད་རྩི་བདེ་ཆེན་བཤད། །ཉོན་ཅིག་དེ་ཉིད་མྱ་མ་ཀི །ཡེ་ཤེས་སྦྱོར་བ་འཇིགས་བྱེད་མ། །ཤིན་ཏུ་ཕྲ་བ་གསང་ཆེན་པོ། །ཡེ་ཤེས་ཞེས་བྱ་ངོ་བོ་ཉིད། །དེ་ཉིད་བདག་གིས་བཤད་བྱ་སྟེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །མི་འཇིགས་ཟད་མེད་རྟག་པ་ནི། །གདོད་མ་བྱེད་ཅིང་དང་པོ་སྤངས། །ཡོད་ཉིད་དང་ནི་མེད་ཉིད་ཀྱང་། །དབང་པོ་དང་བཅས་དབང་པོ་མེད། །འབྱུང་བ་ཀུན་ཏུ་མ་མཐོང་