Ngb-pt-0964-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

མེད་པའི་སེམས་ཀྱི་བཟླས། ཁ་ལ་ཐོར་པ་བྱུང་བ་དང་། །སྙིང་ལ་ཤ་ཁྲག་འདོད་པ་དང་། །མི་དགའ་ཕྱ་སངས་ཁྱེར་བ་དང་། །སྔགས་རྣམས་གྲུབ་པའི་རྟགས་ཡིན་པས། ་བསྐང་གསོ་བྱ་ཞིང་ཏིང་འཛིན་སྤར། །སོ་སོའི་མཚན་ཉིད་ཤེས་པར་བྱ། །གྲུབ་པའི་མཚན་མ་བསྟན་པའི་ལེའུ་དྲུག་པའོ།། །།བསྙེན་པའི་དུས་སུ་བྱ་བ་ནི། ཁྲོ་བོ་ཆེན་པོ་ཉིད་ཀྱིས་གསུངས། །ཞེས་པས་སྤྲུལ་པའི་ཁྲོ་བོ་དེ་ཉིད་མི་སྣང་བར་བྱས་ནས།སྐད་ཅིག་མ་དེ་ཉིད་ལ་ཤིན་ཏུ་འཇིགས་པར་བྱེད་པའི་ཡེ་ཤེས་ཁྲོ་བོ་བྱུང་ནས། ཤིན་ཏུ་འཇིགས་པའི་རྒྱན་དང་ལྡན། །གདུག་པའི་མཚོན་ཆ་དབལ་དང་བཅས། །བཅུ་བདུན་ཡི་གེ་སྔགས་ཀྱིས་འཆི། །དྲག་ཏུ་ཟློས་ཤིག་རྒེཟི་བྱིན་ལྔན། །འཁོར་རྣམས་རབ་ཏུ་འཇིགས་ཤིང་སྐྲབ ཁྲོ་བོ་ཆེན་པོའི་གཟི་བྱིན་གྱིས། །འཁོར་རྣམས་རབ་ཏུ་སྐྲག་ནས་ནི། །བྲེད་ཤ་འཐོན་ནས་རབ་ཏུ་སྨྲས། །དཔའ་བོ་ཆེན་པོ་སྐྱབས་སུ་མཆི། །འཇིགས་བྱེད་ཟླེན་པོ་སྐྱཐོས་སུ་མཆི། ཁྲོ་བོ་ཆེན་པོ་བཀའ་སྩོལ་ཅིག །བདག་ཅག་རྣམས་ནི་བཀའ་བཞིན་བགྱིད། །ཡེ་ཤེས་ལྷ་ནི་ཇི་ལྟར་བསྒྲུབ། །བསྙེན་པའི་གྲངས་ནི་ཇི་ལྟར་དབུལ། ། ཞེས་གསོལ་བས། ཁྲོ་བོ་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་སྒྲོལ་གིང་རྒྱལ་པོ་ཁྱོད། །འཁོར་ན་གནས་པའི་དྲེགས་པ་ཅན། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། །དཀོན་མཆོག་གསུམ་གྱི་བཀའ་འདི་གསུངས། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། ཁྱེད་རང་རང་གིས་སྲོག་སྙིང་སྨྱོས། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཧུ༷་ལས་ཡེ་ཤེས་ཁྲོ་བོ་བསྐྱེད། །བཟླས་པའི་ཡི་གེ་བཅུ་བདུན་པོ། །གཡེང་བ་མེད་པའི་སེམས་ཀྱིས་བཟླས། །བྱང་ཆུབ་སེམས་ལ་ནན་ཏན་བསྐྱེད། ཁེས་རབ་ཆེན་པོས་མདུན་དུ་བསྒོམ། ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ལ། །ཚོགས་དང་མཆོད་པ་བཟང་དུ་བཤམ། ཁྲ་ཁྲག་དམར་གྱི་གཏོར་མ་དབུལ། ། གིང་བདུད་མ་མོ་ཁྱེད་རྣམས་ཀྱང་། །ཐུན་གཏོར་དམ་རྫས་གཏོར་མ་སྤྱིན། ཁྱེད་རྣམས་སྲོག་སྙིང་ང་ལ་བསླང་། །ཅེས་བཀའ་སྩལ་ཏོ། །དེ་ནས་འཁོར་རྣམས་ཀྱིས་བག་བཞི་ས་ལ་བརྡབས་ནས། ཨ་ལ་ལ་ཧོ། དཔའ་བོ་ཆེན་པོ་ངོ་མཚོར་རོབཀའ་བཞིན་བགྱིད་དོ། །ཞེས་ཁས་བླངས་སོ། །དེ་ནསདངས་ལ་གཤིན་རྗེ་གཤེད་ཀྱིས་སྙིང་ནས་དྲངས་པའི་སྔགས་འདི་གསུངས་སོ། །ཛ་ཧུ༷་བ༷༷༷ཧོ། །ཨེ་མ་ཧ་ས་ན་ཀན་ཏ་ཀ་ར་སེ་ན་ཛ་ཧུ༷་བ༷་ཧོ། །ས་མ་ཡ། ན་མོ་རཏྣ་ཏྲ་ཡུ་ཡ། ན་མོ་བི་ཤ་ར་མ་ན་ཡེ་ཧུ༷། ཏ་ཀུ་ཏ་ཀུ་པ་ར་མ་ར་དྲི་ཛ། ན་མོ་རཏྣ་ཏྲ་ཡུ་ཡ། ན་མོ་བི་ཤ་ར་མ་ནི་པྱེ་ཧ། ན་མོ་ཏན་ཀུ་རེ་པྱེ་ཧྭ། གུ་ཧེ་ཀ་ཏེ་པ་ཏི་པ་ན་ཏ་ཀུ་པ་ར། ཨ་ནུ་རུ་པ་སུ་ར་པ་ན་ཏ། ཀུ་པ་ར་ན།ཙནྟྲ་ཁ་ན་ཙ་ཁ༷་ཧེ་མོ་ཧ་ས་ཀ་ན་ན་ཏ་ཀུ་པ་ར་ན། ཧེ་མ་ཀ་ན་ཀུ་ཧ་ཀ །ཙ་ལ་ཙ་ལ པ་ཙ་པ་ཙ། པ་ལུ་པུ་ལུ་སྲུ་ཧྭ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཛ་ལ་ཛ་ལ་ཀ་ཡ་ཧུ༷་ཕཊ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་བསྒ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་ཨ་ཀྲོ་ཏེ་ཀ །ཡ་མརྙ་ཀ་ཙིསྟ་པ་ན་ཚིནྟྲ་ཚིརྙ་ཧུ༷་ཕཊ། ཨོ་ཐྲེ་མཉུ་ཡ་མ་ར་ཛ། མ་མ་ཨེ་ཀ་ཛུ་ཏི་དྲི་ཛ་ཛ། ག་་པོ་ཡ༷་ཡ༷་མ་རུ་ཙེ་ལ་ས་ལ་ཡ༷་ཡ༷། དུ་ཡ་ཏྲེ་ཏ་ས་མ་སྨྱོ། ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་གཤོལ་ལ་མེར། དཔྲིས་ལ་ཆུམ་ཐུ་བིས་ཐུ། ལྕགས་ཀྱི་སྒྲ་དྲག་པོའི་སྲོག་རྩ་མ་ར། བདུད་པྲ་མ་ཡ། བདུད་མུ་ར་ཡ། སྙིང་མགོ་ཆོད། དུ་རུ་དུ་སྲ ཧར་ཏི་ཧར་ཏི། དགྲ་བོའི་སྙིང་ལ་ཡའི། ནག་པོ་ཏི་པ་ཙ་བའི། དགྲ་བོའི་སྙིང་ལ་སྲོག་པ་རྩ་བ༷་རིལ་རྦད། ནག་པོ་ཧེར་ཧ༷་བ༷་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ། དུ་ར་དུ་ར་གློ་རྩ་བ༷་རིལ་རྦད། ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་རྩ་ལག་བདུན་རྒྱུད་ཆོད། དྲག་པོའི་སྔགས་རྒོད་ལུང་དང་ལྡན་པ་ཞེས་བྱ། ཏྲི་ལིང་ཤང་ཀ་དུ་ཏྲི་ཛ་ཡསྣ་རྦད་སུ། ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུ༷་དུ༷་ཤིག་ཤིག །དྲག་པོའི་སྲོག་རྩ་མྱར་ཡ་ཏོ་ཏ་ན་ཀྲོ་ཏ་ནི། པ་ཏྲ་པ་ཏྲ། གཤུལ་གཤུལ། མདའ་ཤ་ཁྲི་བ་མདའ་ཤ་ཁྲི་བ།གིང་ཁ་རག་ལང་སྨྱོ། ཏྲག་རཀྟ་ཁ་མུནྟྲ་མ་རུ་ལུ་རུ་ལུ་སྤྱོ། ར་ཀ་མོ་ཏེ་ཀེ་མ་ཛ་ཛ་སྨྱོ། རུ་ལུ་རུ་ལུ་མ་ཧི་སྨྱོ། རུ་རུ་རོ་རུ་ཙ་པ་ལ་ནག་མོ་དུན་སྨྱོ། པུ་ཀྲི་པ་ཡ་བ་ར་ཙིཏི་ཡོ་གི་ཤ་ར་ཡ། ཡ་མ་ཙིཀྟ་ཧུ༷་ཕཊ། སྒག་རཀྟ་རྦད་ཕཊ། ཉི་ཁྲི་བདུན་འབུམ་གྲངས་ཚང་ན། །དེ་མ་ཐག་ཏུ་གསོད་པར་བྱེད། །བྱེ་བ་ས་ཡ་གྲངས་ཚང་ན། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །བསྙེན་པ་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་འཇམ་དཔལ་ཁྲོ་བོ་༄༅ །ཡིས། །ལས་ལ་བཟུང་བའི་ཐབས་འདི་གསུངས། །དྲག་པོ་སྔགས་ཀྱི་བསྒྲུབས་ནས་ནི། །མྱུར་དུ་གསད་པའི་ལས་བྱའོ། །སྲོག་རྩ་བསྡམས་ཤིང་སྙིང་རྩ་གནོན། །དེ་ལ་མཁས་པས་ནན་ཏན་བསྐྱེད། །དྲག་པོ་སྔགས་ཀྱིས་གསད་པ་ན། །ཨོ་ཧྲི་ཏྲི་བྱི་ཀྲི་ཏ་མོན་ཏ་དགྲ་བོ་མ་རུ་དུ། ཧྲི་ཏི་བྱི་ཀྲི་ཏ་མོན་ཏ་དགྲ་བོ་མ་ར་ནན། ཨོ་ཧྲི་ཏི་བྱི་ཏྲི་ཏ་མོན་ཏ་དགྲ་བོ་མྱ་ར་ཡ། ཨོ་མ་ཛོ་ཏ་པ་ཀྲི་ཏ་སོད་སོད། དགྲ་བོ་ནི་སོད་སོད། མ་ར་ན་བོ་བོ་ཡ་ཡ། ཨོ་རུ་ཏ་རུ་ཏ་སྨྱུ་ར་ཡ་མ་ར་དུ། དགྲ་བོ་ནི་མུ་ར་ཡ་ཕཊ། གཤིན་རྗེ་ལས་ལ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །།ཨོ་ཁྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ༷་ཡ། ཙིན་ད་མ་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ་ཡ། སྙིང་ཟ་བའི་ཙིསྟ་མ་ལ་ཤ་རོ་ལ་ཁྲག་འཐུང་། ཀ༷་ཀ༷་ཀེ་ཀེ་ཀ༷་ཀ་ཡ། ཏང་པར་ལ་རོ་ཤ་ལ་གྱི་ཀྱི་སྟི་ཧུ༷་ཕཊ། ཤག་ཤག་རྒྱོབ་རྒྱོབ་ཡ་ཡ་རྦད། སྒག་རཀྟ་ཁ་མུན་ཏྲ་ཨེ་ཀ་ཛུ་ཏི་སྙིང་ཁ་རག་མ་སྨྱོ། སྒག་རཀྟ་ས་མ་ས་མ་ཡ། དགྲ་བོའི་སྙིང་ལིང་རྦུད། མ་མ་སྙིང་ཁ་རག་སྙིང་ཁ་རག །མ་རཀྟ་རག་མོ་སྙིང་ཁ་རག །རག་མོ་དུན་དུན། ར་ཏྲ་ག་ཤཱ་མ་སྙིང་ཏེ་ཀེ་མ་མ་མ་རུ་ལུ་རུ་ལུ་སྨྱོ། མ་མ་ནི་སྙིང་ཙིསྟ་ཛ་ཛ་ལ་ཐུན་ཐུན། སྙིང་ཁྲག་མ་མ་ཐུན། ཤ་ཏི་ཏ་རྦད། མ་སྙིང་ལ་ཡ་མ་སྨྱོ། མ་མ་ཤ་ཤ་མ་མ་ཧྲིང་ཧྲིང་། མ་མ་ས་མ་ཡ། དགྲ་བོ་ནི་མྱ་ར་ཡ་སོད་སོད། ཙིསྟ་ཛ་ལ་ར༷། སྙིང་ཙིསྟ་ལ་རིལ་ཐུམ་རིལ་སྨྱོ། མ་མོ་ལས་ལ་གཟུད་པའི་ལེའུ་སྟེ་དགུ་པའོ།། །།རྫས་སུ་བྱས་ན་རྣམ་པ་གཉིས། །བརྟེན་པའི་རྫས་དང་སྒྲུབ་པའི་རྫས། བརྟེན་པར་བྱའི་རྫས་དག་ནི། ཁྱི་ཕག་དམར་ཁྲའི་ཤ་དང་ཁྲག །ཙིསྟ་དུང་དཀར་དག་དང་བཅས། ཨ་མྲི་ཏ་དང་རཀྟ་དང་། ཁྲ་ཆེན་ཡོད་པའི་གཏོར་མ་དང་། ཁྲ་ཁྲག་སྣ་ཚོགས་བ་ལིང་དང་། ཤེང་ཏོག་སྣ་ཚོགས་དེ་བཞིན་ནོ། །མར་ཁུ་ཁྲག་དང་འོ་མ་སྦྲང་། །བསེ་ཞལ་ཅན་གྱི་ཟླ་གམ་དང་། །ཞལ་དང་ཆས་པའི་བཤོས་དག་བཞག །སྤྱན་གཟིགས་གསེར་སྐྱེམས་གཙང་མ་དང་། །འབྲུ་སྣ་ཚོགས་པའི་གཏོར་མ་བཤམས། །སྒྲུབ་པའི་རྫས་དག་བསྟན་པ་ན། ཁྲུ་གང་པ་ཡི་ལྕགས་ཕུར་དང་། །གནམ་ལྕགས་ཤིན་ཏུ་སྦྱངས༷་པ་ལས སོར་བརྒྱད་པ་དག་མངག་པར་བྱ། །ཙ་ར་དཀར་པོ་གཉའ་ནག་དང་། །ར་ཐོད་ལིང་ག་གདུག་པ་སྦྲུལ། །འཇིགས་བྱེད་ཐོད་པ་ནག་པོ་དང་། །གནོད་སྤྱིན་ཐལ་སྦྱར་ནག་པོ་དག །དུག་དང་ཉུངས་དཀར་ཧོ་ནག་དང་། །ཕོ་རོག་འུག་པའི་གུང་རུ་དང་། །གུ་གུལ་ནག་པོ་དབྱེ་བའི་རྫས། །ལྕགས་ཀྱི་སྤྱིལ་བོར་དམིགས་པ་བཅའ། །སྒྲུབ་པའི་རྫས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྒྲོལ་བྱེད་དམར་པོའི་འཁོར་གྱིས་བསད་པའི་ལས་བསྟན་པ། ཨོ༷་བ་བ་ཏྲ་ཏྲ་པེ་ཤ༷་རུ་བེ་ཤ༷་ཨ་བ་ཏ་ལོ་ཀེ །ཡ་ན་མ་ཤོ་ཧྲི་ཏི་སྙིང་ཁ་ལ་རཀྟ་ག་དུ་ན་ག་དུ་ན་ཨག་ག་ནེ་རྦད། ཏྲི་ཁ་ར་ལ་མ་རུ་དང་རྦད། ཧུ༷་ཐུ༷་རུ་ལུ་མ་ཧེ་སྨྱོ། ཡི་ཧྲི་རཀྟ་མུ་ཐུམས་ཏྲམ་ཏྲམ་དུན་དུན་ཡ༷་ཡ༷། ཨོ་ཤེལ་གྱི་རུ་གཉན་དཀར་པོ་ཐུ༷་རིལ་རྦད། ཨོ་ལིང་ག་ར་ལང་རཀྟ་བ༷་རིལ་རྦད། མ་ཏི་མ་ག་ཏི་རྦད། ཨོ་སྙིང་ཁ་ལ་རཀྟ་ག་དུ་ན་ག་དུ་ནེ་ཨ་ཀེ་ནེ་རྦད། ཧྲོ་ཁ་ར་ལ་མ་རུ་ཏྲ་དྲལ་དྲལ་སྙིང་དྲལ།སྲོག་སྲོག་སྣིང་སྲོག །ཐིག་ཐིག་ལ་རྦད། གུ་ཏོ་ཤི་ན་ལིང་། ར་ཏི་ཤི་ན་ལིང། ཁུཏོ་་ནལིང། ལཏོ་ཤི་ན་ལིང་། སྙིང་ཏོ་ཤི་ན་ལིང་། ཤོ་ཏེ་ཤི་ན་ལིང་། ཧུ་ཏེ་ཧ་ར་ཧུ་ལ་སྨྱོ་སོ་དཀར་པོ་དགྲ་བོ་ལ་སྨྱོ་སྨྱོ། ཐིམ་ཧབ་ཧ་ར་ཏི་ལ་ཏ་མ་ཧབ་ཧབ། གིང་ཀ་ར་གིང་ཀ་ར། ཤུ་ལ་ཤུ་ལ། པྲ་ཏྲ་པྲ་ཏྲ། ནི་ཏྲི་ཏ་ནི་ན་ཏྲ་ནི་ཡ་མརྙ་ཀ་ཡ་མརྙ་ཀ །ད་ཤ་ཁྲི་པ་ད་ཤ་ཁྲི་པ། ཧ་ཧ་རུ་ལུ་རུ་ལུ་ཧ་ཧ་རུ་ལུ། སྐདྨ་རཀྟ་སྐདྨ་རཀྟ། ཡཀྟ་ཡཀྟ། ཙིསྟ་ཡ་པ་ར་ཙིསྟ་ཛ་ཡ་བི་ཛ་ཡ། འཁོར་རྣམས་ཀྱི་གསང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡི། །དཀྱིལ་འཁོར་བྲི་བའི་ཐབས་བསྟན་པ། །དཀྱིལ་འཁོར་གྲུ་གསུམ་ཟླ་གམ་དམར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །སྒོ་དང་སྒོ་ནི་རི་མོ་འོ། ཁྲར་དུ་དམ་རྫས་མེ་ལོང་མི། །ལྷོ་རུ་མ་ཏང་ཧོམ་དང་རྫ། །ནུབ་ཏུ་ཁྲོ་རྒྱལ་བདུན་དང་བཅས། །བྱང་དུ་དབྱེ་བ་དུག་སྒྲོལ་བཅས། །དུག་དང་ཡུངས་དཀར་ཐལ་ཆེན་དང་། །ལྕགས་ཕྱེ་རྡོ་ཕྱེ་རྫས་སུ་བཅས། །ཧེ་ཞལ་བདུད་ཀྱི་སྒྲུབ་པ་ཡིན། །མ་ར་ཞལ་གྱི་དཀྱིལ་འཁོར་ལ། །ཐ་མ་མནན་པའི་ཐབས་སུ་བཅས། །གང་ལ་བྱ་བ་གདོན་མི་ཟ། །རྣལ་མ་བདུད་ཀྱི་སྒྲུབ་པ་ཤིས། །འབྲུབ་ཁུང་ནག་པོ་ཡི་དཀྱིལ་འཁོར། །ཏྲི་ལིང་ལྷ་སྲིན་སྡེ་བརྒྱད་ཡིན། །འཁོར་ལོ་དམག་དཔོན་ཞལ་དུ་བཅས། །དུག་སྒྲུབ་གིང་གི་ཡིན་པར་བཤད། །འབྲུབ་ཁུང་དབང་གི་ཟླ་གམ་བཞི། །ཕུར་ཐུན་དམར་པོ་བསེ་ཁྲབ་ཅན། །གྲུ་གསུམ་ཟླ་གམ་དམར་པོ་དང་། །གྲུ་བཞི་སྒོ་རུ་ཆས་པ་ནི། །ཨེ་ཀ་ཛུ་ཏི་ཧོང་གི་ལས། །འཁོར་ལོ་རྩིབས་བཞི་གཤེད་པོ་བཞི། །རི་རབ་རྒྱ་མཚོའི་འོག་ཏུ་མནན། །དཀྱིལ་འཁོར་བཅས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །མཚན་ནི་ཡང་དག་བཤད་པ་ནི། །གདོད་ནས་མ་སྐྱེས་རྣམ་དག་སེམས་ཀྱི་དབྱིངས། །སྙིང་རྗེ་ཆེན་པོས་ཡོངས་ལ་ཁྱབ་མཛད་ཅིང་། །ཧུ༷་ང་གཉིས་རྗེས་སུ་དྲན་པས་ཁྲོ་བོའི་རྒྱུད། །དབང་ཆེན་བརྩེགས་པའི་གཞི་སྟེ་གཞལ་ཡས་ཁང་། །དེ་ནས་འཇིགས་བྱེད་ཁྲོ་བོའི་མཚན་ཉིད་ནི། །མཐིང་ནག་ཆར་སྤྲིན་ནག་པོའི་མདོག་འདྲ་བ། །རྣམ་ཐར་གསུམ་ལྡན་དབུ་ནི་རྣམ་པར་འཇིགས། །ཡེ་ཤེས་དྲུག་ནི་ཕྱག་ན་བསྣམས་པ་ནི། །རྒྱུད་དྲུག་སྒྲོལ་བའི་ཕྱག་མཚན་རབ་ཏུ་འཇིགས། །དྲེགས་བྱེད་ཚར་གཅོད་གདུག་པ་འདུལ་བའི་ཕྱིར། །དུར་ཁྲོད་འབར་བའི་ཆས་ཀྱིས་རབ་ཏུ་བརྒྱན། །མེ་རི་སྨུག་ནག་འབར་བའི་དཔལ་དུ་བཅས། །གཡོན་ནཁྲོ་མོ་ཁྲོ་གཉེར་ཅན་གནས་པ། ཁྲོ་གཉེར་འཇིགས་པའི་ཁ་ཡང་གདངས། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །ཏྲི་ཤུལ་རྩེ་གསུམ་ཐོད་པ་ཁྱེར། །གཏུམ་མོ་དུག་ཧྲུལ་གོས་གྱོན་མ། །ལུས་ལ་མེ་ལྕེའི་ཕྲེང་བས་བརྒྱན། །གཡས་ན་ཁྲོ་མོ་གནས་པ་ནི། །སྨུག་ནག་ལན་བུ་གྱེན་དུ་བརྗེས། །རིན་ཆེན་སྣ་ལྔའི་དབུ་བརྒྱན་ཅན། །སྐྲུ་གྲིའི་མཚོན་ཐོགས་གསོད་ལ་དགའ། །ལྕང་ལོ་དམར་བཀང་སྙིང་དང་བཅས། །གཡས་ནས་བསྐྱེད་པ་ཁྲོ་བོའི་གཟུགས། །དམར་པོ་གཅེར་བུ་རལ་པ་འཁྱིལ། །སུམ་ཅུ་རྩ་གསུམ་དབང་དུ་སྡུད། །གསལ་བྱེད་གཡས་ལ་གསོད་བྱེད་གཡོན། །སྒྲོལ་བྱེད་དམར་པོའི་ཆ་ལུགས་ནི། །དམར་པོ་ཁམ་པ་སྐྲ་ཡང་བརྫེས། །རལ་གྲི་གཡས་ལ་སྡིགས་མཛུབ་གཡོན། ཁྲག་དང་ཞག་གི་མཚོ་རུ་འཁྱིལ། །མི་ཤ་རྟ་ཤ་ཐང་མར་བརྡལ། །དེ་ལྟར་ཡན་ལག་རྫོགས་པར་བསྐྱེད། །སྒོམ་ཁོག་ལྟ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །དམ་ཚིག་འདི་ནི་རབ་ཏུ་གསུངས། །དཀོན་མཆོག་མཆོད་ཅིང་སློབ་དཔོན་བཀུར། །བྱང་ཆུབ་སེམས་ནི་བཏང་མི་བྱ། །འདི་ནི་ཀུན་བཟང་སྤྱོད་པ་དག །རབ་ཏུ་གནས་པར་བྱ་བ་ཡིན། ཁ་ནས་གསང་སྔགས་རྒྱལ་པོ་བཟླས། །ཡིད་ལ་ཁྲོ་བོའི་རྒྱལ་པོ་བསྒོམ། །ཆོས་སྤྱོད་བགྱི་བ་རྒྱུན་མི་བཅད། །བརྟུལ་ཞུགས་སྡོམ་པ་དང་དུ་བླང་། ཁྱད་པར་སྤྱད་པའི་དམ་ཚིག་ནི། ཁང་པ་ཚིག་པའི་གམ་མི་འགྲོ། །ཡུགས་ས་མོ་དང་ཁ་མི་འདྲེ། །ཆལ་གྱིས་ཕོག་པའི་ཁྲུས་མི་བྱ། །བ་དམར་གླང་དམར་ཤ་མི་ཟ། །བ་དམར་འོ་མ་མི་བཏུང་ངོ་། །འདི་ཡིན་གཞན་ལ་སྨྲ་མི་བྱ། །ཞེས་བཤམས་ནས་ནི། །བྷན་དྷའི་བཟེད་ཞལ་ལྕགས་ཀྱི་གཟར། །འཇམ་དཔལ་ནག་པོའི་རབ་གནས་བྱ། །ཆེ་གེ་ནང་དུ་རྩལ་ནས་ནི། །མཆོད་པ་བསྟན་ཅིང་བསྐོར་བ་བྱ། །ཕྱོགས་རླུད་ལངས་ན་ཐུན་དག་འཕང་། །རབ་གནས་བཟང་པོའི་འོག་ཏུ་མནན། །དེས་ནི་རིག་སྔགས་གདོན་མི་ཟ། །གཉན་དང་ཐུན་གྱིས་བཟློག་པ་བྱ། །གཞན་གྱིས་རིགས་སྔགས་གཅད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ལས་ཀྱི་མཐའ་སྡུད་འདི་གསུངས་སོ། །གང་ལ་བྱ་བ་གནས་པའི་ས། །མཆོད་རྟེན་ལྷ་ཁང་དུད་ཁྲོད་དང་། །ཆུ་སྲིན་ཁ་དང་སྦྲུལ་གྱི་ལྕེ། །གོང་སུམ་ཟམ་སྡུར་རྒྱ་གྲམ་ལམ། །བཙན་དང་མ་མོ་ཀླུ་དང་བདུད། །ལྷ་སྲིན་སྡེ་ང་ཛངཙ་ང་ང་ང་་ང་ངདེ་ངངབརྒྱད་གནས་ཡན་ཏ། །ཡ་མ་རྭ་ འ་ཞལ་དུ་བ ང་། །ནག་པ་གཤན་རྗའ་འག་ཏུ་གཟར། །དན་ཡད་གྲུབ་པའ་ཕ་བྲང་གདབ། །ཞུགས་པར་བཀུག་ལ་རྒྱ་ཡས་གདབ། ། ་ལྟར་བྱས་ན་གདན་མ་ཟ། །ལས་ཀྱ་མཐའ་སྡུད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དྲེགས་པ་ཕོ་མོའི་ལས་རྒྱུད་རྫོགས་སོ།། །།དྲེགས་པ་ཕོ་མོའི་འདུས་པའི་རྒྱུད་རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པ། ཤུ་བྷ༷།རྒྱ་གར་སྐད་དུ། ཨུབྱ་མཉུ་གྲི་ཡ་མན་ཏ་ཀ་ཀ་ལ་གུ་ཧ། ཚ་བ་དྷ་ས་ཏན་ཏྲ་ར་ཙ་མ་ཧྭ་ན་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱབ། དཔལགཤིནརྗེགཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཐམས་ཅད་འཇམ་དཔལ་ཉིད་ཀྱི་ངང་། དེ་ལས་གཞན་པའི་ཆོས་རྣམས་ནི། །བདེར་གཤེགས་ཀུན་གྱིས་མ་གསུངས་སོ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ནི་ནང་གི་སངས་རྒྱས་སྐུ། །དུག་ལྔ་དག་ནི་ཡེ་ཤེས་ལྔ། །མ་ལུས་སེམས་ཀྱི་རང་བཞིན་ནོ། །དེ་ལས་གཞན་པའི་ཆོས་མི་འཚལ། །བཙལ་དང་རྙེད་པར་ཡོང་མི་འགྱུར། །ཆོས་རྣམས་ཡེ་ནས་སངས་རྒྱས་པར། །འཇམ་དཔལ་ཉིད་ཀྱིས་མཁྱེན་ཏེ་གསུངས། །དེ་ནས་ཡང་། ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་ན་མེད། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་སེམས་ནི་རིང་བར་མེད། །སྣ་ཚོགས་སྣང་ལ་ངོས་བཟུང་མེད་པ་ལ། །འགྲོ་བ་འཁྲུལ་པ་མ་རིག་ལས་ཀྱིས་འཁོར། །རང་རངགཟུགས་ལ་སྤྱོད་པདང་། །གནས་དང་བདེ་སྡུག་སོ་སོར་མྱོང་། །བདག་ཏུ་འཛིན་པས་དམ་པོར་བཟུང་། །གང་གིས་བཟུང་མེད་རང་གིས་རྟོག་པས་བཟུང་། །དེ་བས་དེ་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆོས་རྣམས་སོ་སོར་བསྟན་པར་ངེས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྤྲུལ་པའི་གཤེད་བཞི་ལ་སོགས་པ་སྤྲུལ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྤྲུལ་པའི་སྐུ་རེ་རེས་སེམས་ཅན་རྣམས་དང་། མཐུན་པར་ཚོགས་མཛད་དེ། སྐུ་བལྷམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་བཤད་པ་དང་། ཆོ་འཕྲུལ་བསྟན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་ཀུན་སྣང་བར་གྱུར་ཏོ། །དེ་དག་ཀུན་དང་འདུལ་བའི་དབང་གིས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཐེག་པ་བླ་ན་མེད་པ་རྣམས་ཀྱིས་མ་རིག་མ་རྟོགས་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་རྣམ་གྲངས་དུ་མ་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཐེག་པ་གསུམ་གྱི་ངེས་འརྒྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཡང་དག་ཆོས་ཉིད་རབ་རྟོགས་ནས། །དངོས་པོའི་རང་བཞིན་ཅིར་ཡང་སྣང་། །ཡང་དག་ཉིད་དུ་སྣང་འགྱུར་མེད། །སྣ་ཚོགས་སྣང་ལ་རང་གིས་གསང་། །དོན་ཉིད་ངོ་བོ་ཉིད་ཀྱིས་གསུངས། །གདོད་ནས་དག་ལ་རབ་ཏུ་གསང་། ཁོང་ནས་གབ་པའི་དོན་ཉིད་ནི། །སངས་རྒྱས་ཀྱི་ནི་ཐུགས་ལ་གནས། །དམ་ཆོས་འདུལ་བ་མདོ་སྡེ་རྣམས། །འགྲུབ་དང་སྒྲུབ་དང་དམ་ཚིག་རྣམས། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །དམ་ཆོས་འཇམ་པའི་དབྱངས་ལས་བྱུང་། །ཞེས་བརྗོད་པས་དགེས་པར་གྱུར་ཏོ། །འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཕྱི་རོལ་མུ་སྟེགས་པ་ལ་གསང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་ཞི་བ་འདི་གསུངས་ཏེ། རབ་ཏུ་དབེན་པའི་གནས་དག་ཏུ། །བཀྲ་ཤིས་ཁང་པ་བྱི་དོར་བྱ། །མེ་ཏོག་གཅལ་བཀྲམ་མཎྜལ་བཤམ། །སྟོང་པའི་ངང་ལས་ལྷར་མོས་བྱའོ། །མདུན་དུ་དཔའ་བོ་བདུན་གྱིས་གཤེགས། །དག་པའི་སྔགས་ཀྱིས་སྟོང་པར་བསམ། །གཞལ་ཡས་གདན་དང་ལྡན་པར་བསྒོམ། །རིག་པ་མུ༷་ལས་མཚན་པར་གསལ། །དེ་ལས་སྐུར་གྱུར་གུར་ཀུམ་མདོག །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས།༷།རྒྱན་ཀུན་གྱི༷ས་ནི་རབ་བརྒྱན་པ། །ཡང་དག་ཉིད་དུ་རྣམ་པར་གསལ། །རིག་པ་ཉིད་ལས་དབང་ཡང་བླང་། །རང་དང་འདྲ་བ་ཀུན་ལ་བསྟིམ། །མཆོད་པའི་ཡན་ལག་རྫོགས་པར་བྱ། །རྟག་ཏུ་བཟླས་པ་བྱ་བ་ནི། ཨཱོཾ་བ་གི་ཤྭ་རི་མུ། ལྷ་ལ་དམིགས་དང་སྔགས་ལ་དམིགས། །དམིགས་པ་བསྐྱེད་པའི་རིམ་པར་བསྒོམ། །བརྟེན་ནས་རྣམ་པར་བསྒོམ་པ་དང་། །སྣང་སྟོང་ཉིད་དུ་ཤེས་པར་བྱ། །འབྱུང་པོའི་གཏོར་མ་སྤྱིན་པར་བྱ། །དེ་ལྟར་ངེས་པར་བསྒོམ་པ་ནི། །ཉེས་པ་ཉིད་དུ་དག་པ་ཉིད། །ངེས་གཏོགས་སེམས་ཅན་ཐམས་ཅད་གཅག །སེམས་གཅག་པས་ན་ཆོས་སྐུ་ཉད། །དེ་ཕྱར་སེམས་ཅན་གཟུགས་ཀྱང་སྣང་། །རང་སེམས་མེད་པའ་ཕ་རོལ་ནས། །སངས་རྒྱས་བྱ་བའ་ ང་ཡང་མེད། །རྟོགས་པའ་ཡན་ཏེ་ཡེ་ཤེས་རྟོགས་པ་གཅིག་ལས་མེད། །དེ་ནས་དཔལ་ཆེན་པོ་ཉིད་ཀྱི་སྐུ་ སྒྲུབ་པར་གསུངས་པ་ནི། ཡིད་དང་མཐུན་པའི་གནས་དག་དུ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་བྲི། །འདོད་ཡོན་ཕ་གུ་དྲ་བ་དྲ་ཕྱེད་དང་། །ཟླ་བ་ཕྱེད་དང་རྟ་བབས་རྣམ་པར་བརྒྱན། །ཀུན་ཏུ་འདོད་པའི་ཡོན་ཏན་སོགས། །ཏིང་འཛིན་གསུམ་ལས་གཞལ་ཡས་ཧྭ༷༷་དང་བཅས། །དེ་ལས་ལྷ་རྣམས་བསམས་པ་ཡང་། །བཅོམ་ལྡན་འཇམ་པའི་དབྱངས་ཉིད་དང་། །གཞོན་ནུ་རྣོན་པོ་ཡེ་ཤེས་སེམས། །སྨྲ་བའི་སེང་གེ་གདན་དང་བཅས། །ལྷ་མོའི་ཚོགས་དང་བཅས་པ་འོ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྣ་ཀོ྅ཧ༷། བ་ག་བཛྲ་ཙ་ཏ་ཧུ༷། དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གཙོ་བོ་ཡབ་ཡུམ་སྐུ་ཡི་མདོག །དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཁོ།ས་རབ་རལ་གྲི་མདའ་གཞུ་ཐོགས། །མ་རིག་ཉོན་མོངས་གསུམ་ལས་རྒྱལ། །ཤེས་རབ་སྟོང་པའི་རང་བཞིན་ཏེ། །གཉིས་སུ་མེད་པའི་ངང་དུ་འཁྲིལ། །ཞེས་གསུངས་པས་འཁོར་ཀུན་དགྱེས་པར་གྱུར་ཏེ། འཇམ་དཔལ་ནག་པོ་གསང་བ་དྲུག་ཅུ་པའི་རྒྱུད་ལལས་གསང་བ་བཞི་ཕྱི་ནང་དུ་བསྐྱེད་ཅིང་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དགེས་པ་ཆེ། །དང་པོ་དམ་བཅས་ཇི་ལྟར་