Ngb-pt-0956-vol-10-text
Front
Body
བཞུགས། །རྡོ་རྗེ་འབར་བ་ཕྱག་ན་བསྣམས། །མེ་ཡི་རལ་པས་བར་སྣང་ཁེངས། ཁྲངས་ནས་དུ་བའི་སྤྲིན་དུ་འཁྲིགས། །ལྗགས་ནས་མེ་ཡི་རྦ་ཀློང་འཁྱིལ། ཁྲར་གྱི་ཕྱོགས་ནས་མེ་དྲོངས་ཤིག །ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི། །མེ་ཡི་རྒྱལ་པོ་ཆེན་པོ་སྟེ། །ཆུ་གླང་སྒོན་པོ་ཁྲི་ལ་བཞུགས། །སྐུ་མདོག་སྔོ་ནག་རལ་པ་ཅན། །དྲིལ་ཆེན་འབར་བ་ཕྱག་ན་བསྣམས། །མེ་ཡི་རལ་པས་བར་སྣང་ཁེབས། །ཤངས་ནས་དུ་བས་སྤྲིན་དུ་འཁྲིགས། །ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ། །ལྷོ་ཡི་ཕྱོགས་ནས་མེ་དྲོངས་ཤིག །ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི། །པདྨ་རིགས་ཀྱི་མེ་ལྷ་སྟེ། །སྐུ་མདོག་དམར་ལ་རལ་པ་ཅན། ཁེང་རྟས་གཏམས་ཁྲི་ལ་བཞུགས། །ཕྱག་ན་པདྨ་དཀར་པོ་བསྣམས། །མེ་ཡི་རལ་པས་བར་སྣང་ཁེབས། ཁྲངས་ན་དུ་བས་སྤྲིན་དུ་འཁྲེགས། །ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ། ནུབ་ཀྱི་ཕྱོགས་ནས་མེ་དྲོངས་ཤིག །བྱང་གི་ཕྱོགས་ནས་བསྐུལ་བ་ནི། །མེ་ལྷའི་རྒྱལ་པོ་ཆེན་པོ་སྟེ། །སྐུ་མདོག་ལྗང་སེར་རལ་པ་ཅན། །རྡོ་ལུག་གྲོ་མོའི་ཁྲི་ལ་བཞུགས། །རྡོ་རྗེ་རྒྱ་གྲམ་ཕྱག་ན་བསྣམས། །མེ་ཡི་རལ་པས་བར་སྣང་ཁེབས། ཁྲངས་ནས་དུ་བའི་སྤྲིན་དུ་འཁྲིགས། །ཞལ་ནས་མེའི་རྦ་ཀློང་འཁྱིལ། །བྱང་གི་ཕྱོགས་ནས་མེ་དྲོངས་ཤིག །དུང་སྦུད་མ་དང་དུང་མཆུ་མ། །དུང་གི་མི་མོ་ཆེན་མོ་དང་། །དུང་གི་སྐྲུད་མཆུ་ཆེན་མོ་དང་། །གཡས་ན་དུང་གི་སྦུད་པ་ཐོགས། །གཡོན་ན་ཁྱུང་གི་ཁྲག་ཐོགས་ཤིང་། །གཤོག་པ་གཡོབ་ལ་མེ་བུས་ཤིག །མཆེད་ལྔའི་དམ་ཚིག་བསྐུལ་བ་ནི། །ཨསྣེ་དམར་སེར་མེ་ཡི་ལྟ། །མེ་དཔུང་འབར་བའི་དཀྱིལ་འཁོར་ན། །སྐྱེས་ཆེན་ཁམ་པའི་ཁྲི་ལ་བཞུགས། །མེ་ཡི་རལ་པས་བར་སྣང་ཁེབས། །སྦྱན་ནས་མེ་སྟག་ཕྱོགས་བཞིར་འཕྲོས། །ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ། །ལྗགས་ནས་མེ་ཡི་དཀྱིལ་འཁོར་དྲིལ། །ཕྱག་ན་མེ་ཡི་བགྲང་ཕྲེང་འཛིན། །རྒྱལ་ཆེན་རིགས་བཞིས་ཕྱོགས་བཞི་སྲུངས། །བྲམ་ཟེ་ཕོ་མོ་ལྔ་བརྒྱ་ཡང་། །འཁོར་ན་གནས་པའི་འཁོར་ལགས་ཀྱིས། ཁ་འབར་མས་ནི་མེ་བུས་ལ། །བྲམ་ཟེ་རྒྱལ་པོས་མགར་སྐུལ་ཤིགས། །མེ་ཡི་ས་བོན་མ་བཅུག་ཀྱང་། །འབྱུང་བ་ཆེན་པོ་མེ་ཡི་རྒྱུད། །སོ་སོའི་རྒྱུ་ལས་མེ་དྲོངས་ལ། །རྒྱ་མཚོའི་གཏིང་ནས་མེ་དྲོངས་ལ། །འཁོར་བའི་རྒྱ་མཚོ་སྐམ་པ་དང་། །ཉོན་མོངས་བུད་ཤིང་སྲེག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས། །དེ་ཡི་བག་ཆགས་བསྲེགས་དགོས་ཀྱིས། །བུས་ཤིག་བུས་ཤིག་མེ་བུས་ཤིགས། །སྐུལ་ཞིག་སྐུལ་ཞིག་མགར་སྐུལ་ཞིག །མ་མ་མ་མོའི་ཚོགས་འབར་བ། །ཆུ་ཀླུང་སྐེམ་པར་བྱེད་པ་སྟེ། །རྒྱ་མཚོའི་གཏིང་དུ་མེ་བུས་པས། །རི་རབ་རྩེ་ལ་ལྗོན་ཤིང་ཆགས། །རྒྱ་མཚོའི་གཏིང་ཏུ་རྡོ་བཅག་པས། །རྡོ་རྗེ་ཁྲོ་བོར་གྱུར་ནས་སུ། །ཞེ་སྡང་བྱེད་པ་རྡུལ་དུ་རློགས། །སྲིད་གསུམ་སྲེག་པའི་མེ་སྦར་བས། ཁྲོ་བོ་འབར་བའི་ཐུགས་དམ་སྐོངས། །དབང་ཕྱུག་མ་དང་བྲན་མོའི་ཚོགས། ཁྱེད་རྣམས་འདུས་ལ་ལས་རྣམས་གྱིས། །དྲག་པོའི་ལས་ལ་ཁྱད་པར་བསྐུར་བའི་ལེའུ་སྟེ་ཐ་མའོ།། །།དེ་ནས་དཔལ་རྡོ་རྗེ་སེམས་དཔས་བསྲེག་ལས་ཀྱི་ལེའུ་འདི་གསུངས་སོ། །ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་མེ་བྱུང་བས། །དུ་བ་མཐོན་མཐིང་ཆོས་ཀྱི་སྤྲིན། །ཞི་བའི་མཆོད་པ་འབུལ་བ་ནི། །སྲིད་པའི་རྩེ་མོ་མན་ཆད་ནས། །བསམ་གཏན་གསལ་བའི་གནས་རྣམས་སུ། །སྐྱེ་མཆེད་ཕྱོགས་ཀྱི་ཐུགས་དམ་སྐོངས། །དཀོན་མཆོག་གསུམ་གྱི་མཆོད་སྤྲིན་ཐུགས་དམ་རྒྱུ། །རྒྱལ་བའི་བྱིན་བརླབས་འཕེལ་བར་ཤོག །མེ་ལྕེ་འབར་བས་མཆོད་པ་འདི། །བདེ་གཤེགས་ལྷ་ཡུལ་དགའ་ལྡན་དུ། །དགྲ་བཅོམ་འགྲོ་བའི་དོན་བྱས་ནས། རྒྱལ་བའི་བཀའ་དང་བྱང་ཆུབ་སེམས། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་གི་འབྲས་བུ་བསྐྱེད་པ་དང་། །དཔལ་གྱི་བྱིན་རླབ་འཕེལ་བར་ཤོག །མེ་འོད་འབར་བའི་མཆོད་པ་འདི། །ལྷ་དང་བཅས་པའི་སློབ་དཔོན་དང་། །སྲོག་གི་འབྲེལ་བའི་མཆེད་ལྕམ་ལ། །བདུད་རྩིའི་མཆོད་པ་དམ་པ་འདི། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །དགོངས་པ་མེ་འོད་འབར་བ་བཞིན། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས། །དཔལ་གྱི་བྱིན་རླབ་འཕེལ་བར་ཤོག །བདག་ལ་ཐུགས་རྗེ་དཔལ་གྱི་ཞིང་། །དབང་གི་མཆོད་པ་དམ་པ་འདིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཤོག །ཐལ་བ་ངན་སོང་གསུམ་དུ་བོར། །བདུད་རྩི་ཐལ་བ་བརླག་པའི་ཕྱིར། །ལས་ཀྱི་མཆོད་པ་དམ་པ་འདི། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་སྐོངས། །འདོད་ཁམས་གནས་རིས་ཉི་ཤུ་དང་། །གཟུགས་ཁམས་གནས་རིས་བཅུ་བདུན་དང་། །སྐྱེ་མཆེད་འགྲོ་དྲུག་གནས་རྣམས་སུ། །སོ་སོའི་ལས་དང་འདུ་ཤེས་ཀྱིས། །ཆགས་ཉམས་འཕམ་ལྟུང་ཅི་མཆིས་རྣམས། །ཆགས་ཉམས་འཕམ་ལྟུང་འཕྲོ་བས་ཏེ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཤོག །སྤྱིན་བསྲེག་གི་ལེའུ་ལས་འབར་བ་མེའི་སྲེག་གི་ལེའུ་སྟེ་དང་པོའོ།། །།དེ་ནས་རྫས་རྣམས་བསྲེགས་ནས། མེ་ཏོག་བསྲེ་བའི་མཆོད་པ་འདིས། །བྱང་ཆུབ་ཕྱོགས་དང་རྒྱལ་བའི་རིགས། །ཐུགས་དམ་དཀར་པོ་སྐོངས་གྱུར་ཏེ། །ཡོན་བདག་ཚེ་དང་གཟི་བརྗིད་རྣམས། །སྐྱེད་མོས་ཚལ་གྱི་ལྗོན་ཤིང་ལྟར། དཔལ་དང་གཟི་བྱིན་འཕེལ་བར་འགྱུར། །རྒྱལ་བའི་བྱིན་རླབ་འཕེལ་བར་ཤོག །མར་ནི་ཐམས་ཅད་ཀུན་གྱི་སྙིང་པོ་སྟེ། །འགྲོ་བ་ཀུན་གྱི་གསོས་ཡིན་པས། །བདུད་རྩིའི་མཆོད་པ་དམ་པ་ཡིས། །འདོད་ཁམས་གནས་རིགས་ཉི་ཤུ་དང་། །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །དམྱལ་ཁམས་བཅུ་དྲུག་ཡན་ཆད་དུ། །སོ་སོའི་ལས་དང་འདུ་ཤེས་དང་། །ཆགས་ཉམས་ཕམ་ལྟུང་ཅི་མཆིས་རྣམས། །ལས་ཀྱི་ཕམ་ལྷུང་འཕྲོ་བསྲེགས་ཏེ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ། །མེ་ལྷ་དྲང་སྲོང་འཁོར་བཅས་དང་། །བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན། །རྒྱལ་བའི་བྱིན་རླབ་འཕེལ་བར་ཤོག །འབྲུ་དྲུག་ཡིད་བཞིན་རིན་ཆེན་གཏེར། །སྐྱེ་འགྲོ་ཀུན་གྱི་ལོངས་སྤྱོད་གསོས། །ལོངས་སྤྱོད་མཆོད་པ་ཆེན་པོ་འདིས། །མེ་ལྷ་དྲང་སྲོང་འཁོར་བཅས་དང་། །བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ཏེ། །བདག་དང་ དེང་ གི་ ཡོན་ བདག་ རྣམས། །རིན་ ཆེན་ གཏེར་ ལ་ སྤྱོད་ པར་ ཤོག །ལག་ ཆེན་ འབྲས་ བུའི་ སྙིང་ པོ་ སྟེ། །འདོད་ པ་ ཀུན་ གྱི་ སྙིང་ པོ་ མཆོག །འགྲོ་ བ་ རྒྱ་ མཚོ་ ཐིམ་ པའི་ཕྱིར། །ཐིམ་གྱུར་མཆོད་པ་ཆེན་པོ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་དང་། །བྱང་ཆུབ་མཆོག་ཆེན་སུམ་ཅུ་ཡང་། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ཏེ། །དེང་གི་ཡོན་བདག་འཁོར་བཅས་རྣམས། །དབངགི་སྤྱོད་ཡུལ་ཚིམ་གྱུར་ཤོག །འོ་སྐོལ་བདུད་རྩི་མཆོད་པ་འདིས། །སྐྱེ་འགྲོ་ཀུན་གྱི་སྨན་དང་གསོས། །ཡིད་བཞིན་ལོངས་སྤྱོད་འཕེལ་བའི་སྨན། །བདུད་རྩི་ཞལ་ཟས་རིན་ཆེན་འདིས། །མེ་ལྷ་དྲང་སྲོང་འཁོར་བཅས་དང་། །བྱང་ཆུབ་མཆོག་ཆེན་སུམ་ཅུ་ཡང་། །ཉོན་མོངས་དུག་སེལ་སྨན་གྱི་མཆོག །རྣམ་པར་རྟོག་པའི་དུག་བཅོམ་ནས། །བྱང་ཆུབ་མཆོག་ཆེན་སུམ་ཅུ་བདུན། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ཏེ། །ཡོན་བདག་འཁོར་དང་བཅསཔ་རྣམས། ཁམས་གསུམ་པ་ཡི་བདུད་བཅོམ་ནས། །བྱང་ཆུབ་སྙིང་པོ་རྫོགས་གྱུར་ཤོག །ཞི་བ་ཤསྟི༷་ཀུ་རུ་སྭཧྭ། ཞི་བ་ལ་དུར་ཀུ་རུ་གྲྭ་ཧྭ། ཤག་ཐེའུ་ཡིད་རབ་འདི་སྐད་དོ། །ཐུགས་རྗེ་དབང་གི་དཀྱིལ་འཁོར་འདིར། །དེང་གི་ཡོན་བདག་འཁོར་བཅས་རྣམས། །ལུས་ངག་ཡིད་གསུམ་རང་བཞིན་ནི། །སྒོ་གསུམ་ཞབྲུལ་པའི་ཉེས་བྱས་ཀྱིས། །ལུས་ངག་ཡིད་གསུམ་འབྲས་བུར་སྨིན། །ཁམས་གསུམ་འཁོར་བའི་རྒྱུ་ཡང་ཡིན། །ངན་སོང་ལྷུང་བའི་གཞི་ཡང་ཡིན། །དེ་ཡི་སྒྲིབ་པ་སྦྱང་བའི་ཕྱིར། །ཡམ་ཐེའུ་ཐབས་དང་ཤེས་རབ་ཀྱིས། །ཚེ་རབསབགྲངས་པའི་ཉེས་བྱས་དང་། །དུས་འདིའི་ལས་ཀྱི་བག་ཆགས་རྣམས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་མེས་བསྲེགས་ཏེ། །ཕུང་པོ་ལྔ་ཡི་རང་བཞིན་ནི། །རྟོག་པས་འཁྲུལ་བའི་ཉེས་བྱས་ཀྱིས། །ཕུང་པོ་ལྔ་ཡི་འབྲས་བུ་སྨིན། །ངན་སོང་ལྔ་ཡི་གཞི་ཡང་ཡིན། །རྒྱུད་ལྔར་འཁོར་བའི་རྒྱུ་ཡང་ཡིན། །དེ་ཡི་སྒྲིབ་པ་སྦྱང་བའི་ཕྱིར། །ཡམ་ཐེའུ་ཐབས་དང་ཤེས་རབ་ཀྱིས། །ཚེ་རབས་བགྲངས་པའི་ཉེས་བྱས་དང་། །དུས་འདི་ལས་ཀྱི་བག་ཆགས་རྣམས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་མེས་བསྲེགས་ནས། །སྐུ་ལྔ་འབར་བའི་དཀྱིལ་འཁོར་དུ། །བྱང་ཆུབ་སྙིང་པོར་རྫོགས་པར་ཤོག །རྣམ་ཤེས་བརྒྱད་ཀྱི་སྤྱོད་ཡུལ་ནི། །འཁོར་བ་ལྔ་དང་དུག་གསུམ་གྱིས། །རྣམ་ཤེས་བརྒྱད་ཀྱིས་འབྲས་བུར་སྨིན། །སྡུག་བསྔལ་བརྒྱད་ཀྱི་གཞི་ཡང་ཡིན། །ཉོན་མོངས་བརྒྱད་ཀྱི་རྒྱུ་ཡང་ཡིན། །དེ་ཡི་སྡུག་བསྔལ་བསལ་བའི་ཕྱིར། །ཡམ་ཐེའུ་ཐབས་དང་ཤེས་རབ་ཀྱིས། །ཚེ་རབས་བགྲངས་པའི་ཉེས་བྱས་དང་། །དུས་འདི་ལས་ཀྱི་བག་ཆགས་རྣམས། །ཡེ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་མེས་བསྲེགས་ཏེ། །རྣམ་པར་ཤེས་པ་བརྒྱད་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ། །སྐྱེ་མཆེད་བཅུ་གཉིས་རང་བཞིན་ནི། །སྒྱུ་མ་རྟོགས་པའི་འཛིན་ཆགས་ཀྱིས། །སྐྱེ་མཆེད་བཅུ་གཉིས་འབྲས་བུར་སྨིན། །འདུ་ཤེས་འཚོལ་བའི་རྒྱུ་ཡང་ཡིན། །གཏི་མུག་འཁོར་བའི་ལམ་ཡང་ཡིན། །དེ་ཡི་སྡུག་བསྔལ་སྦྱངས་པའི་ཕྱིར། །ཡམ་ཐེའུ་ཐབས་དང་ཤེས་རབ་ཀྱིས། །ཚེ་རབས་བགྲངས་པའི་ཉེས་བྱས་དང་། །དུས་འདི་ལས་ཀྱི་བག་ཆགས་རྣམས། །ཡེ་ཤེས་འབར་བའི་མེས་བསྲེགས་ནས། །མཛེས་པའི་ལྷ་མོ་གཟུང་གཉིས་ཀྱིས། །དཀྱིལ་འཁོར་གསང་བའི་དབང་བསྐུར་ཏེ། །ཐུགས་རྗེ་དབྱིངས་སུ་རྫོགས་གྱུར་ཅིག །ཁམས་ཆེན་བཅོ་བརྒྱད་སྤྱོད་ཡུལ་ནི། །བྱས་བསགས་ལས་ཀྱི་རྣམ་སྨིན་གྱིས། །ཁམས་ཆེན་བཅོ་བརྒྱད་འབྲས་བུར་སྨིན། །བྱང་ཆུབ་ལྟུང་བའི་གནས་ཀྱང་ཡིན། །ངན་འགྲོར་སྐྱེ་བའི་ལས་ཀྱག་ཡིན། །དེ་ཡི་སྡུག་བསྔལ་སྦྱང་བའི་ཕྱིར། །ཡམ་ཐེའུ་ཐབས་དང་ཤེས་རབ་ཀྱིས། །ཚེ་རབས་བགྲངས་པའི་ཉེས་བྱས་དང་། །དུས་འདི་ལས་ཀྱི་བག་ཆགས་རྣམས། །སྟོང་པ་བཅོ་བརྒྱད་དཀྱིལ་འཁོར་གྱི། །ཡེ་ཤེས་ཆེན་པོའི་མེས་བསྲེགས་ནས། །ལས་ཀྱི་སྒྲིབ་པ་རྣམ་པར་སྦྱངས། །ཐུགས་དམ་དབང་གི་དཀྱིལ་འཁོར་དུ། །ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས། །བྱང་ཆུབ་ཆེན་པོར་རྫོགས་གྱུར་ཤོག །ཀུ་ཤ་བསྲེག་པའི་མཆོད་པ་འདིས། །རྒྱལ་བའི་བཀའ་དང་སྔགས་ཀྱི་དབང་། །མི་ཤེས་ཚུལ་ཁྲིམས་གཞུང་ཉམས་པའི། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ། །དེང་གི་ཡོན་བདག་འཁོར་བཅས་རྣམས། །དབང་དང་དངོས་གྲུབ་བསྐྱེད་པའི་ཕྱིར། །སྐྱེད་མོས་ཚལ་གྱིས་ལྗོན་པ་ལྟར། །བླ་མའི་བསྟན་ལ་འདུག་པར་ཤོག །ཏིལ་འབྲུ་བསྲེགས་པའི་མཆོད་པ་འདིས། །དེང་གི་ཡོན་བདག་འཁོར་བཅས་རྣམས། །བསྐལ་པར་བསགས་པའི་སྡིག་སྦྱངས་ཏེ། །ཀུན་གྱི་གནས་སུ་ཞེན་པ་ལས། །ཐུགས་ཀྱི་སྤྲུལ་པའི་བྱིན་བརླབས་ཀྱི། །བླ་མའི་གནས་སུ་སྦྱོར་བར་ཤོག །སྙིང་པོ་བསྲེགས་པའི་མཆོད་པ་འདི། །བདག་ཅག་རིག་འཛིན་སྔགས་མཁན་གྱི། །ལུས་ངག་ཡིད་དུ་ལྡན་པ་ཡིས། །འཕྲིན་ལས་ཡོ་བྱད་གཞུང་བསྲང་སྟེ། །སྲིད་པའི་རྩེ་མོ་མན་ཆད་ནས། །རྡོ་རྗེས་གཏམས་པ་ཡན་ཆད་དུ། །མེ་ལྕེ་དབལ་གྱིས་ཚིག་པ་རྣམས། །གསོ་ཞིང་གནས་སུ་བཀང་བའི་ཕྱིར། །བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ། །བདག་ཅག་སྔགས་མཁན་རྒྱལ་པོ་རྣམས། །ཆགས་ཉམས་འཕམ་ལྟུང་འཕྲོ་བསབས་ནས། །ཡུལ་གྱི་སྒྲིབ་པ་བྱང་གྱུར་ཤོག །སྤྱིན་སྲེག་ལས་ཀྱི་ལེའུ་ལས། །རྫས་ཀྱི་སྦྱིན་སྲེག་གི་ལེའུ་སྟེ་ཐ་མའོ།། །།དེ་ནས་སྦྱིན་སྲེག་བྱ་བ་ནི། ་་ཁྲག་སྲེག་པའི་མཆོད་པ་འདི། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། ཁྲོ་མཆོག་རྒྱལ་པོར་སྤྱན་དྲངས་ཏེ། །སྔོན་གྱི་སྒྲིབ་པ་བྱང་བའི་ཕྱིར། །འཕྲིན་ལས་རྣམ་བཞི་མངའ་གསོལ་གྱིས། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །སྲན་ཆེན་སྲེག་པའི་མཆོད་པ་འདིས། །ཕྲ་མེན་ཚོགས་དང་དབང་ཕྱུག་འཁོར། །ཕོ་ཉ་དྲུག་ཅུ་ཕྱག་རྒྱའི་ཚོགས། །ཐུགས་དམ་ཡོངས་སུ་སྐོངས་གྱུར་ནས། །ཕྲིན་ལས་རྣམ་བཞིའི་དབང་བྱིན་ནས། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ལྕགས་ཕྱེ་བསྲེག་པའི་མཆོད་པ་འདིས། །ལྷ་སྲིན་སྡེ་བརྒྱད་གནས་སུ་རྣམས། །གནོད་ཅིང་འདུལ་བའི་རྐྱེན་བྱེད་རྣམས། །རྡོ་རྗེ་ལྕགས་ཀྱུའི་འཕྲོ་འདུ་འདིས། །གདུག་པའི་ལུས་ངག་རྒྱུད་བརླགས་ནས། །བྱང་ཆུབ་ཀློང་དུ་བསྒྲལ་བྱས་ནས། ཁྲོ་ཚོགས་འབར་བའི་ཞལ་དུ་བསྟབས། །རྡོ་རྗེའི་ཕྱེ་མ་བསྲེག་པའི་མཆོད་པ་འདིས། །དམ་འདས་སྲིད་དང་ལས་ངན་བགེགས། །གཏུམ་ཆེན་འབར་བའི་དཀྱིལ་འཁོར་དུ། །མགྱོགས་པའི་ཚོགས་རྣམས་བསྡུས་བྱས་ནས། །རྡོ་རྗེས་ཕྱེ་མར་བརླགས་བྱས་ནས། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །འབར་བའི་ཚོགས་རྣམས་ཞལ་དུ་བསྟབས། །ཚ་དང་རྭ་སྙིང་བསྲེག་པ་ཡིས། །དུག་གསུམ་ལས་ཀྱི་རྣམ་སྨིན་གྱིས། །ངན་སོང་གསུམ་གྱི་འབྲས་བུར་སྨིན། །ཕྲིན་ལས་རྒྱ་མཚོའི་མཚོན་ཆ་འདིས། །འཁོར་བའི་རྒྱུ་ལྔ་བརླག་པའི་ཕྱིར། །རང་རྒྱུད་བརླག་པའི་མཚོན་ཆ་འདིས། །ཙིཀྟའིདཀྱིལ་ནས་དྲངས་བྱས་ནས། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །ཐབས་ཀྱིས་ཕྱག་རྒྱ་དྲངས་ནས་སུ། །རྔམ་པའི་ཚོགས་ཀྱི་ཞལ་དུ་བསྟབས། །སྐེ་ཚེ་བསྲེགས་པའི་མཆོད་པ་འདིས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྣམ་ཤེས་སེམས་ཀྱི་དཀྱིལ་འཁོར་དུ། ། དམ་ཚིག་ལས་ཀྱི་ཕམ་ལྟུང་གིས། །སྲིད་པའི་དམ་དྲལ་སྡིག་བྱེདརྣམས། །གཤིན རྗེགདུག་པའི་འཁོར་བཅས་རྣམས། ཁྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །ཐབས་ཀྱིས་ཕྱག་རྒྱས་བསྒྲལ་བྱས་ནས། །རཀྟའི་ཚོགས་ཀྱིས་ཞལ་དུ་སྟོབས། །ལྡོང་རུས་བསྲེགས་པའི་མཆོད་པ་འདིས། །བདག་དང་དེང་གི་ཡོན་བདག་ལ། །མཐོ་རིས་སྲིད་དང་འབྱུང་པོའི་གདོན། །རྣལ་འབྱོར་དམ་སྲི་དམ་བདུད་དང་། །ལས་ཀྱིས་ཉེས་བྱས་ཕམ་ལྟུང་རྣམས། །རྡོ་རྗེ་གཤོག་པའི་ཕྱག་རྒྱ་དང་། །མཆེ་བ་སྡེར་མོ་ཟང་ཡག་འདིས། །དཀར་ནག་མཚམས་ནས་དྲངས་བྱས་ནས། །ལས་ངན་གདུག་པ་བརླག་པས་ནི། །མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཕྲ་མེན་རྒྱ་མཚོས་སྤྱན་དྲངས་ནས། །ངན་སོང་རྒྱུ་ལྔ་བདག་པའི་ཕྱིར། །ཨ་ཛ་ལི་ཡི་དོག་པ་ལྟར། །ས་བདག་ཆེན་པོའི་ཞལ་དུ་བསྟབས། ཁྲོ་བོ་སྤྱིན་སྲེག་གི་ལེའུ་སྟེ་དང་པོའོ།། །།དེ་ནས་འདི་སྐད་དུ། ང་ནི་སྔགས་མཁན་རྒྱལ་པོ་སྟེ། ཁམས་གསུམ་ཐུགས་རྗེ་དཔལ་གྱི་ཞིང་། །ང་ནི་ཕྱག་རྒྱ་ཆེན་པོ་སྟེ། །རྒྱལ་བ་རྒྱལ་རིགས་ཀྱི་ཐུགས་དམ་ཡིན། །ང་ནི་སྨན་པའི་རྒྱལ་པོ་སྟེ། །ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་མེ་བྱུང་བས། །སྲིད་པའི་རྩེ་མོ་མན་ཆད་ནས། །དམྱལ་ཁམས་གནས་རིས་ཡན་ཆད་དུ། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །འཇིག་རྟེན་ལྷ་དང་སྲིད་པའི་དཔལ།གནས་རིས་ཀླུ་དང་དུག་རིས་སྨན། །ལྷ་སྲིན་སྡེ་བཅུའི་གནས་རིས་སུ། །མེ་ལྕེ་མཚོན་གྱིས་སྨས་པ་རྣམས། །ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ། །གསང་སྔགས་ཐབས་ཀྱི་ཕྱག་རྒྱ་ཡིས། ། བདུད་རྩི་སྨན་གྱིས་གསོ་བར་བྱ། །དེ་ཕྱིར་སྨན་པའི་རྒྱལ་པོ་སྟེ། །སྐྱེ་མཆོག་ང་ཡི་ལས་བྱས་ནས། །བགེགས་ཀྱང་བཏུལ་ནས་བྱང་ཆུབ་སེམས། །དུག་ཀྱང་སྦྱངས་ནས་སྨན་གྱི་མཆོག །སྨན་དུ་མ་གྱུར་གང་ཡང་མེད། །མེ་ལྕེས་སྨས་པ་སོས་པར་ཤོག །དབལ་གྱིས་ཚིག་པ་སོས་པར་ཤོག །དེ་ནས་མེ་ལྷ་སླར་གཤེགས་སུ་གསོལ་བ་ནི། མེ་ལྷ་ཨསྣེ་སྤྱིན་སྲེག་ལྷ། ཁྱོད་ཀྱི་སེམས་ཅན་ཀུན་གྱི་དོན། །ཚུལ་བཞིན་དུ་ནི་མཛད་ལགས་ཀྱིས། །སངས་རྒྱས་ཡབ་ཡུམ་གཤེགས་སུ་གསོལ། །གསྣྲོ་མུ་ཞེས་ཤར་ལྷོའི་མཚམས་སུ་གཤེགས་སུ་གསོལ། ཁྲོ་བོའི་སྦྱིན་བསྲེག་ལས་མེ་ལྕེ་མཚོན་གྱིས་ཚིག་པ་གསོ་བ་དང་། ལས་ཀྱིས་ཕམ་ལྟུང་བསལ་བ་དང་། མེ་ལྷ་གཤེགས་སུ་གསོལ་བའི་ལེའུ་སྟེ་ཐ་མའོ།། །།དེ་ནས་ཁྲོ་བོའི་ལས་བྱ་བའི་ཕྱིར། ཁྲོ་བོ་ཀི་ལི་ཀི་ལིའི་ཕྱག་རྒྱས་མེས་སྦྱངས་ནི། ལག་པ་གཡོན་པ་ཁ་ཕར་བསྟན་པ་དང་། །གཡས་པ་ཁུ་ཚུར་བསྟན་པ་གཉིས། །གཅིག་ཏུ་སྦྱར་ལ་སོར་མོ་བསྐྱོད། །སྔགས་འདི་བཟླས་སོ། །ཨོ་ཀི་ལི་ཀི་ལི་བི་ལི་རིའུ་དྲི་བ་ཀྲི་ཏ་མ་ཧྭ་བཛྲ་ཀྲོ་ཏ་ཡོ་ནི་ཀྲོ་དྷ་ན་ཧུ༷། དེ་ནས་དམ་ཚིག་གཙང་མར་བྱིན་བརླབས་སོ། །དེ་ནས་འབར་བའི་དཀྱིལ་འཁོར་རིམ་པར་འབར་བའི་སྦྱིན་སྲེག་གང་དུ་སྤྱན་དྲངས་པ་ནི། ལྷ་ཀུན་གྱི་ཚིག་བཤད་འདིས་བསྐུལ་ཞིང་། སྔགས་དང་སྦྱར་ཏེ་སྤྱན་དྲངས་སོ། །དེ་ཡང་ཕྱག་བཅས་ལ་འདི་སྐད་དོ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། ། འབར་བའི་ཁང་དུ་བཞུགས་ནས་ཀྱང་། །སྲེག་བླུགས་ཞལ་ཟས་བཞེས་སུ་གསོ༷ལ། །ཨེ་གྱི་ཧི་བྷ་ག་བན་མ་ཧྭ་ཀ་རུ་ནི་ཀ་དྲི་ཤུ་ཧོ། ས་མ་ཡ་སྟུ༷། ཛ༷༷ཧུ༷་བ༷་ཧོ། བཛྲ་ཨསྣེ་ཡེ་བཛྲ་ཨང་ཀུ་ཤ །ཨ་གསྣྲོ་ཨ་གསྣྲོ་ཞེས་སྤྱན་དྲངས་སོ། །དེ་ནས་བྱོན་པ་དང་མེ་ཏོག་གཅིག་གདན་བོར་ཏེ། པདྨ་ས་མ་ཡ་སྣྲོ། ཞེས་གདན་དུ་གཏིང་ལ། བཅོམ་ལྡན་འདས་ལྷའི་ཕྱེད་དུ་སྤྱིན་བསྲེག་བཙལ་ནས། །མེ་འབར་༄༅།་ །བའི་ནང་དུ་བཞུགས་གསོལ་ལོ་ཞེས་བརྗོད། དེ་ནས་བསྲེག་རྫས་ཀྱི་མཆོད་པ་ནི། སོ་སོའི་སྔགས་བརྗོད་ཅིང་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འབུལ་ལོ། །དེ་ནས་བསྟོད་པ་བྱ། དེ་ནས་དྲག་པོ་བྱ་བའི་ལས་བྱའོ། །དེ་ནས་སླར་གཤེགས་སུ་གསོལ་ལོ། །དེ་ནས་ཡང་མེ་སྦྱངས། དེ་ནས་ལྷ་ཕྱི་མ་རྣམས་སྤྱན་དྲངས་ཏེ། གོ་རིམ་གོང་མ་ལྟར་བྱའོ། །དྲག་པོ་ལས་ཀྱི་གོ་རིམ་ལས། མེ་སྨྲངས་པ་དང་སྤྱན་དྲངས་པ་དང་།གདན་འབུལ་ཞིང་བརྟན་པར་བཞུགས་སུ་གསོལ་བ་དང་། མཆོད་པ་འབུལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བསྟོད་པའི་བྱ་བ་འདི་སྐད་དོ། །ཧུ༷་ཁྱོད་ནི་མགོན་པོ་རྡོ་རྗེ་འཛིན། ཁྱོད་ནི་གླང་པོའི་རྣ་བ་ཅན།ཁྱོད་ནི་བཟང་པོ་རྒྱན་དང་ལྡན། ཁྱོད་ནི་རྣམ་པར་གནོན་པ་ཡིན། །ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད། ཁྱོད་ནི་བདེ་བ་སྦྱིན་པ་སྟེ། ཁྱོད་ནི་གཟུགས་ནི་མཛད་པའི་རྒྱན། ཁྱོད་ནི་མེ་ལྷ་རལ་པ་ཅན། ཁྱོད་ནི་གཟུགས་ནི་མཛད་པ་ཡིན། །དེ་ནས་དྲག་པོ་སྦྱོར་བའི་ལས་དང་སླར་གཤེགས་སུ་གསོལ། དེ་ནས་ཡང་མེ་སྦྱང་། ཕྱི་མ་སྤྱན་དྲངས་དབུལ་བ་དང་། བཞུགས་སུ་གསོལ་བ་དང་། བསྲེག་རྫས་མཆོད་པ་རེ་རེ་དང་། རྩ་བའི་སྔགས་རེ་རེ་དང་སྦྱར་ཞིང་། བདུན་གསུམ་ཉི་ཤུ་རྩ་གཅིག་དབུལ་ལོ། །རྡོ་རྗེ་སེམས་དཔའ་ཐུགས་རྗེས་འགྲོ་དོན་དུ། །འཇིག་རྟེན་འབར་བའི་རོལ་པའི་སྐུར་སྟོན་པ། །ཡེ་ཤེས་བསྐལ་པ་མེ་ཆེན་འབར་བའི་འོད། །སྲིད་གསུམ་མ་རིག་མུན་གསལ་གཏིང་ནས་འཇོམས། །གཞན་གྱིས་མི་ཐུབ་སྐུ་གསུང་ཐུགས་དང་ལྡན། །ཁྲོ་རྒྱལ་ཐུགས་རྗེ་རོལ་ལ་ཕྱག་འཚལ་ལོ། །མི་གཡོ་མགོན་པོ་རི་རབ་འཛིན། །རྣམ་རྟོག་བསྐུལ་བའི་རླུད་གིས་བསྐྱོད། །རྟོག་པའི་འདྲ་བས་དཀྲིས་པའི་བཅུད་རྣམས་འཇོམས། །སྲིད་གསུམ་བླ་མའི་་གནས་སུ་སྒྲོལ་མཛད་པ། །བྲན་དང་རེ་བ་སྐོངས་མཛད་པ། །ཡེ་ཤེས་འབར་བའི་དབྱིངས་ལ་ཕྱག་འཚལ་ལོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧུ༷་སྒྲ་ཅན། །ཐུགས་རྗེ་ཆེན་པོ་ཉོན་མོངས་ཀུན་གྱི་དགྲ། །མཆེ་བ་ཟིལ་གནོན་འཇིགས་བྱེད་རྒྱན་གྱིས་བཞུགས། །ཡན་ལག་དྲུག་ལྡན་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཅན་གྱིས་མ་རིག་མུན་སེལ་བ། །གཞོན་ནུའི་ཚུལ་འཆང་ཉིད་ཕྱག་འཚལ་ལོ། །ཧྭ༷་སྐུ་གསུང་ཐུགས་ཀྱི་བྱིན་རླབ་བསམ་མི་ཁྱབ། །མ་རིག་མུན་པ་སེལ་བའི་མཐུས། །དད་པའི་ཚུལ་གྱིས་ཆོ་འཕྲུལ་སྟོན། །ཡེ་ཤེས་དབྱུག་པས་དུག་གསུམ་རྡུལ་དུ་རློགས། །ཐར་པའི་གནས་སུ་སྒྲོལ་བར་མཛད་པ་ཡིས། །རྡོ་རྗེ་དབྱུག་ཏོ་བསྣམས་ལ་ཕྱག་འཚལ་ལོ། །ཧུ༷་ཡེ་ཤེས་ཧ་ཡ་སྒྲི་བ་ རྟ་མཆོག་དཔལ། །སྐུ་མམདོག་ཆགས་མེད་ནུབ་ཀའི་དམར་ཐག་འདྲ། །འབར་འཕྲོ་དབུ་དམར་རལ་པ་གྱེན་དུ་བརྫེས། །མརིག་ཚངས་པ་ཁ་སྦུབ་བསྣོལ་བའི་ལྷ། །པདྨ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ། །ཧཱུཾ༷། ཆགས་པའི་ཐབས་ལ་དབང་བསྒྱུར་ལ། །པདྨ་འདམ་གྱིས་མ་གོས་དག་པ་བཞིན། །འདོད་ཆགས་ཀུན་གྱིས་དབང་བསྒྱུར་འབར་བའི་སྐུ། །མཐོང་ཐོས་དྲན་པའི་རེ་བ་ཀུན་སྐོང་ཞིང་། །ཡེ་ཤེས་ནམ་མཁའ་ལྟ་བུར་དབང་བསྒྱུར་ཞིང་། ཁྲོ་རྒྱལ་འདོད་པའི་དཔལ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་མ་རྨོངས་ཕྲིན་ལས་མཛད་པའི་རྟགས། །སྐུ་མདོག་དམར་ནག་བསྐལ་བའི་མེ་ལྟར་འབར། །ཧྭ༷། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐུགས་རྗེས་རོལ། །སྲིད་པ་གསུམ་གྱི་སྐྱེ་གནས་རྡུལ་དུ་རློགས། །གཡོན་པས་ཞགས་པའི་སྡིགས་མཛུབ་མེ་ལྟར་འབར། །ངན་སོང་གནས་ནས་འགྲོ་དྲུག་འདྲེན་ཅིང་སྒྲོལ། །ཡེ་ཤིས་མི་གཡོ་རྡོ་རྗེ་བྲག །འོད་ཕུང་བརྗིད་པས་དོན་མཛད་འབར་བའི་སྐུ། ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ཧུ༷་མ་མ་ཆགས་པདྨ་འཁོར་ལོ་འབར་བའི་སྐུ། །ལོག་འདྲེན་བགེགས་ཀྱི་བདུད་དཔུང་འཇོམས་མཛད་པ། །ལོག་རྟོག་འདམ་སྐྱེས་བླ་མེད་གནས་སྟོབས་པ། ཁྲོ་རྒྱལ་པདྨ་འཁྱིལ་ལ་ཕྱག་འཚལ་ལོ། །ཧུ༷་མཛད་གསང་བའི་མཛོད་འཇོམས་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས། །ལྷ་དང་ལྷ་མིན་དབང་པོ་ཉེ་དབང་བཅས། །ང་རྒྱལ་མཐུ་བསྙེམས་དྲེགས་པས་ཁེབས་པ་ཡི། །སྲིད་གསུམ་གཙོ་བོ་དཔུང་དང་བཅས་པ་ཡི། །བཛྲ་ཧུ༷་གིས་བདུད་དཔུང་འཇོམས་མཛད་ཅིང་། །ཐར་པའི་གནས་སུ་བསྒྲལ་བར་མཛད་པ་ཡི། །ཧུ༷་མཛད་འབར་བའི་དབྱིངས་ལ་ཕྱག་འཚལ་ལོ། །གོང་མ་བཞིན་དུ་ལྷ་རེ་རེ་ལ་བསྟོད་པའི་རྗེས་ལ་དྲག་པོའི་སྦྱིན་སྲེག་བྱའོ། །ལས་ཀྱི་རིམ་པ་ལས། བསྟོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དྲག་པོའི་སྦྱོར་བའི་ལས་བྱ་བ་ནི། འདི་སྐད་བརྗོད་དོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བའི་གཏུམ་ཆེན་འབར་བ་ལ། ཁྲོ་བོ་ཡིད་མཆོག་སྤྱིན་བྱ་བ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟ་ལྔ་ལ། །མཚན་མའི་མིང་དུ་བཅས་པར་བྱ། །ཀུན་ནས་རྡོ་རྗེ་ཕུར་པས་བཏབ། །རྡུལ་དུ་བྱས་ལ་ཚོགས་བསྟབས་པས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྔང་རྡོ་རྗེ་འཁོར་བཅས་ཀུན། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། ཁྲོ་བོའི་ཆེན་པོའི་བྱིན་རླབས་ཀྱིས། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །དར་པུ་ཙར་པུ་ནར་པུ་ཨ་ཙ་ར་ན་ཧུ༷་ཕཊ། ཞེས་བསྐུལ་ལོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིང་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོས། །མྱོས་ནས་བསད་དེ་ཚིག་པར་འགྱུར། །ཞེས་བརྗོད་དོ། །ལས་ཀྱི་ལེའུ་ལས་དྲག་པོར་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷ་ཚོགས་རེ་རེ་རྫོགས་པ་དང་། དྲག་པོའི་ལས་བྱ་བར་གསུངས་སོ། །དེ་ལ་དང་པོར་དྲངས་བ་ནི། །གོང་དུ་མཆོད་པའི་ཁྲོ་མོ་རྣམས། །ཚིགས་སུ་བཅད་པ་ནས་བསྐུལ་ཏེ་འདི་སྐད་བརྗོད་དོ། །ཧུ༷་ཁྲོ་བོ་ཉི་མའི་དཀྱིལ་འཁོར་འོད་འབར་བ། །རྔམ་པའི་འོད་ཟེར་དཀྱིལ་ནས་གྲུབ་པ་ཐོག་ཐོག་འཕྲོ། །ཐུགས་རྗེས་གདུག་པ་འདུལ་དུ་གསོལ། །ཨུརུ་ཀྲོ་དྷ་ན་ཧུ༷་ཕཊ། ཁྲོ་ཆེན་མི་ཐུབ་འབར་བའི་སྐུ། །ཐུགས་རྗེ་བྱིན་རླབས་༷དཔལ་མངའ་བས། །ཐུགས་རྗེ་ཆེན་པོ་དབུ་གསུམ་སྡང་མིག་ཅན། །མཆེ་གཙིགས་རྩེ་ལས་རྡོ་རྗེ་གནམ་ལྕགས་འབབ། །རྔམ་པའི་ཞལ་ནས་རྡོ་རྗེ་མེ་སྟག་འཕྲོ། །བདུད་འདུལ་རྒྱལ་པོ་གདུག་པ་འདུལ་དུ་གསོལ། །ཨོ་བཛྲ་ཀྲོ་དྷ་ནི། ཛ་ལ་ནི་ཏིང་པ་ཏ་ཧུ༷་ཕཊ། ཧུ༷་ཁམས་གསུམ་སྣང་མཛད་སྐུ་གསུང་ཐུགས་ཀྱི་གཙོ། །ཧུ༷་མཛད་ཧྭ༷་གིས་དབུ་ལ་རིགས་ལྔའི་སངས་རྒྱས་བཀོད། །ཧུ༷་གི་དུས་གསུམ་རྒྱལ་བའི་གསུང་ལས་སྐྱེས་པ་ཡི། །མེ་དབལ་སྔོན་པོ་འབར་བའི་རང་བཞིན་ཅན། །མེ་དབལ་སྔོན་པོས་བགེགས་རྣམས་འདུལ་དུ་གསོལ། །ཏྲེ་ལོ་་ཀྱ་བི་ཛ་ཡ་ཧུ༷་ཕཊ། ཧུ༷་མཛད་འཕགས་པ་ཏ་ཀྲིཏ་མི་གཡོ་མགོན། །ཤེས་རབ་རལ་གྲི་བསྐལ་པའི་མེ་བཞིན་འབར། །མེ་ལྷ་རལ་པ་ཅན་དང་བྱི་ནུ་སྐུ་ལ་བཞུགས། །མི་གཡོ་རལ་གྲི་འཛིན་གྱིས་གདུག་པ་རྡུལ་དུ་རློགས། །ཨུརུ་ཨ་ཙ་ལ་ཀྲོ་དྷ་ནི་ཧུ༷་ཕཊ། ཧུ༷་མཛད་རིན་ཆེན་མཆོག་དེ་ཡ་མ་གཤིན་རྗེ་གཤེད། །བྱམས་དང་ཐུགས་རྗེ་ལྡན་པའི་འཇམ་དཔལ་རྣོན་པོ་ཡིས། །མ་རིག་དུག་གསུམ་དྲ་བ་གཅོད་མཛད་པའི། །དམ་ཚིག་སྒྲོལ་བར་མཛད་ཅིང་དཔལ་གྱི་གནས་སུ་འདོན། །བཅིང་པ་མ་ཧེའི་སྒྲོམ་དུ་ཁེངས་པར་གཟིར། །གཤིན་རྗེ་ཐོད་དབྱུག་འབར་བས་བདུད་འདུལ་མཛད། །ཡ་མརྙ་ཀྲིཏ་ཀྲོ་ཏ་པ་ཙ་པ་ཙ་ཧུ༷་ཕཊ། ཧུ༷་མཛད་ཏ་ཀྲིཏ་དབྱུག་སྔོན་འབར་བའི་སྐུ། །དབྱུག་སྔོན་འབར་བ་དང་ནི་རྡོ་རྗེ་ཞགས་པ་བརྡེགས། །རྒྱུ་ཚིལརྐང་དང་ཁོང་ཁྲག་དམར་པོ་གསོལ། །རི་རབ་རྒྱ་མཚོ་འབྲེད་ཅིང་ཧ་ལའི་དུག་ཀྱང་གསོལ། །ཆུ་སྲིན་རྒྱལ་པོའི་གཙུག་ནས་ཡིད་བཞིན་འབར་བ་འཕྲོ། །ཏ་ཀྲིཏ་དབྱུག་སྔོན་ཅན་གྱི་འདུལ་བར་མཛོད། །ནི་ལ་དཎྜ་ཀྲོ་དྷ་ད་ཧ་ད་ཧ་ཧུ༷་ཕཊ། །ཧུ༷་མཛད་རིག་པའི་རྒྱལ་པོ་རྟ་མགྲིན་འཕགས་པའི་སྐུ། །ཨསྨ་གར་བའི་དཀྱིལ་འཁོར་རྡོ་རྗེ་འབར་མ་འདྲེན། །དབུ་ལ་རྟ་སྐད་རྔམ་ཞིང་འཚེར་བས་ནི། །སྟོང་གསུམ་གཡོ་ཞིང་ཀླུ་རྒྱལ་འདུལ་བར་མཛད། ཁྱོད་ཀྱིས་ལྷ་མ་ཡིན་གྱིས་སྡུག་བསྔལ་སྦྱང་དུ་གསོལ། །ཧ་ཡ་གྲོ་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། །ཧུ༷་མཛད་ཏ་ཀྲིཏ་རྒྱལ་པོ་འབར་བའི་སྐུ། །ཕྱག་ན་གདུག་པའི་མཚོན་ཆ་ལྕགས་ཀྱུ་འབར་བ་འཛིན། །དམ་ཚིག་འདྲལ་བ་བསྒྲལ་ཏེ་སྙིང་དང་ཐོད་ཁྲག་གསོལ། །བགེགས་བྱེད་སྙིང་ནས་དྲངས་ཏེ་ཁྲག་འཐུང་ཐལ་བར་རློག །ཕྲ་མེན་ཀུན་དང་རོལ་པས་དུག་གི་སྤྲུལ་པས་ནམ་ཀ་འགེངས། །མི་ཡི་སྐྱེ་མཆེད་གདུག་པ་འདུལ་བའི་དུས་ལ་བབ། །ཤཱ་ཀི་ར་ཛ་སྣྲིནྟྲ་སྣྲིཇི་ཧུ༷་ཕཊ། ཧུ༷་མཛད་བདུད་རྩི་འཁྱིལ་བའི་དཔལ་འབར་ལས་ཀྱི་སྐུ། །ཕྱག་ན་བདུད་རྩི་རྒྱ་གྲམ་དང་ནི་བུམ་པ་འཛིན། །དངོས་གྲུབ་དཔལ་གྱི་བདུད་རྩི་མཆོག་གསོལ་ན། །ཧཱུཾ་མཛད་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གདུག་པ་འདུལ་དུ་གསོལ། །ཨ་མྲི་ཏ་ཀུམི་ལི་སྦྱིསྡེ་ཧུ༷། ཧུ༷་མཛད་མཧྭ་བ་ལ་འཕགས་པའི་སྐུ། །ཕྱག་ན་རྔ་ཡབ་དང་ནི་ཀླུའི་རྒྱལ་པོ་འཛིན། །མཆེ་གཙིགས་རྩེ་ལས་རྡོ་རྗེ་གནམ་ལྕགས་འབེབས། །བགེགས་ཀྱི་རྒྱལ་པོ་ཟི་ན་ཡ་ཀ་ནོན། །བཙུན་མོ་འཕྲོག་ཅིང་སྦྱོར་བའི་ཐབས་ཀྱི་རོལ། ཁྲོ་རྒྱལ་སྟོབས་པོ་ཆེ་ཡི་ཐུགས་དམ་བསྐུལ། །མཧྭ་བ་ལ་སྤྲོ་ཊ་ཧུ༷་ཕཊ། ཁྲོ་བོའི་རྒྱལ་པོ་ཀརྨ་མ་ལའི་མཚན། ཁྲོས་པས་སྤྱན་བགྲད་སྨིན་མ་གློག་བཞིན་འགྱུ། །དབུ་གསུམ་ཕྱག་དྲུག་ཞལ་ཚེར་བདུད་ཁྱིམ་མུན་ཁང་འཇོམས། གཟི་བྱིན་འབར་བས་ནམ་མཁའ་ཁེངས། །ཕྱག་དྲུག་མཚོན་ཆས་དམྱལ་བའི་སྡུག་བསྔལ་སེལ། །ཞལ་དྲུག་ཚེར་མས་ངན་སོང་ཀུན་བསྒྲལ་ཏེ། །ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་རྣམས་མཛད། །ཀརྨ་མ་ལ་ཀུན་ཌ་ལི་ཧུ༷་ཕཊ། ཧུ༷་མཛད་ཧཱུཾ་གི༷་རྒྱལ་པོ་ཧུ༷་ཀ་ར། །ཧུ༷་ནི་མི་སྐྱེ་བ༷་ཡི་ཆོས་ཉིད་ཅན། །ཧུ༷་ནི་དུས་གསུམ་རྒྱལ་བའི་གསུངས་ལས་སྐྱེས། །མེ་དབལ་སྔོན་པོ་འབར་བའི་རང་བཞིན་ཅན། །གོམ་པའི་སྟབས་ཀྱི་བརྐྱང་བསྐུམ་གར་བྱེད་ཅིང་། །རྒྱལ་བ་ཧུ་ཀ་ར་ལ་ཐུགས་དམ་བསྐུལ། །ཧྭ་ཀ་ར་གརྫ་གརྫ་ཧུ༷་ཕཊ། །ཅེས་བརྗོད་ལ།འགུག་འདྲེན་དྲག་ཏུ་བྱའོ། །དྲག་པོ་ལས་ཀྱི་ལེའུ་ལས། བསྐུལ་པ་འགུག་འདྲེན་གྱི་ལེའུ་སྟེ་དང་པོའོ།། །།དེ་ལྟར་འགུག་འདྲེན་ལགས་ན། ཕུར་པའི་ལས་བྱ་བ་ནི། ལྕགས་སྣ་ལྔའམ་ཤིང་ཚེར་མ་ཅན་ལ་སོགས་པར་སོར་བརྒྱད་དང་བཅུ་གཉིས་པར་བྱས་ལ། མགོ་མཇུག་མ་ནོར་བར་རྩ་བའི་ངོས་སུ་མགོ་བྱས་ཏེ། མགོ་སོར་གཅིག་ལ་རྒྱ་མདུད། སྟོད་ཟེར་བརྒྱད། རྐེད་པ་སོར་གཅིག་ལ་རྒྱ་མདུད། སྨད་ཟུར་གསུམ་པར་བྱས་པ་ལ། དང་པོ་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། ཆོས་ཀྱི་སྐུར་བྱིན་གྱིས་བརླབས། དེ་ནས་སྤྱི་བོ་རྒྱ་མདུད་གཞལ་ཡས་ཁང་དུ་བསྒོམས། ཕྱོགས་བཞི་དབུས་དང་ལྔར་ཧུ༷་སྦྲེལ་མ་ལྔ་བསྒོམ། དེ་ནས་དཔལ་ཧེ་རུ་ཀ་དང་ཁམས་གསུམ་རྣམ་པར་རྒྱལ བ དང། གཤིན་རྗེ་གཤེད་པོ་དང་། རྟ་མགྲིན་དང་། སྟོབས་པོ་ཆེ་དང་། འདི་རྣམས་སོ་སོའི་སྙིང་པོ་བརྗོད་པས། ཡུམ་དང་གཉིས་སུ་མེད་པར་བསྒོམ་མོ། །དེ་ནས་ཧེ་རུ་ཀའི་ཐུགས་ཀ་ནས། ཧུ༷་མཐིང་ནག་ལས་སྲས་ཕུར་བུ་སྐྱེས་ཏེ། ལྟེ་བ་མན་ཆད་མཐིང་ནག་ལ། དབུ་རལ་པ་ཁམ་ནག་ཟུར་གསུམ་དུ་འགྲེང་བ། སྦྲུལ་དཀར་ནག་གི་བརྒྱན་པ། ཐོད་རློན་གྱི་ཕྲེང་བས་བརྒྱན་པ། སྤྱན་གསུམ་བགྲད་ནས་གཡོན་དུ་གཟིགས་པ། མཆེ་བ་གཙིགས་ནས་ཞལ་རྔམ་པ། ཕྱག་བཞི་པ་ལ་དང་པོ་གཉིས་ན་དགྲ་སྟ་རྡོ་རྗེ་བསྣམས་པ། འོག་མ་གཉིས་ནི་རི་རབ་དང་ཕུར་བུ་ཟུར་གསུམ་བསྣམས་པ། སྟོབས་དང་མཐུ་དཔུང་ལ་སོགས་པ་ནི། ཁྲོ་བོ་ཐམས་ཅད་འདུས་པ་ལས་ཀྱང་ལྷག་པར་ཆེ་བ་ཞིག་བསྒོམ་མོ། །དེ་ནས་གནས་ལྔར་འབྲུ་ལྔར་བྱིན་གྱིས་བརླབས། སྐུ་གསུང་ཐགས་སུ་བྱིན་གྱིས་བརླབས། དེ་ནས་ལག་གི་འདུ་བྱེད་ཀྱི་བྱིན་གྱིས་བརླབ་ཅིང་དབང་བསྐུར་ལ། འདི་སྐད་བརྗོད་དོ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། ཁྲོ་བོ་ཁྲོ་མོའི་སྐུར་བསྒོམས་ལ། །དྲག་པོར་གྱུར་པའི་ཕུང་པོ་སྟེ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །གདུག་རྩུབ་གཞན་ལྷ་སྨོས་ཅི་དགོས། །བཛྲ་ཀྲོ་དྷ་ཁ་ད། སྦྱིསྔོ་སྦྱིསྡོ་ཧུ༷། མ་ར་ན་མ་ར་ན་ཧུ༷་ཕཊ། ཞེས་བརྗོད་དེ་གདབ་པའི་གནས་ལྔར་གདབ་བོ། །གཞན་ཡང་ཕུར་པའི་རྒྱུད་ལས་བྱུང་བ་བཞིན་བསྐུལ་ཞིང་གདབ་བོ། །དྲག་པོ་ལས་ཀྱི་ལེའུ་ལས་གསད་པའི་ཕུར་བུའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བརྡུང་བའི་ལས་ནི་ལྕགས་སམ། རྡོའི་ནག་པོའི་གཏུན་ཁུང་གྲུ་གསུམ་ནང་དུ།གང་ལ་བྱ་བའི་གཟུགས་བཅུག་ལ། ལྕགས་སམ་སེང་ལྡེང་པའམ། ཤིང་ཚེར་མར་ཅན་གྱི་གཏུན་བུས་ཞིབ་ལེགས་སུ་བརྡུང་ཞིང་། ཐབས་དང་ཤེས་རབ་ཀྱིས་མཚན་ཉིད་དུ་རྟོགས་པར་བྱས་ལ། འདི་སྐད་བརྗོད་དེ།ལྕགས་སམ་ནག་པོའི་ག་་ཁུང་ནི། ཁྲོ་མོ་རྣམས་ཀྱི་གཏུན་ཁུང་དུ། ཁྲོ་བོ་ཐོ་བས་བརྡུངས་བྱས་ནས། །དྲག་པོར་གྱུར་པའི་ཐོ་བ་སྟེ། །བརྡུངས་ན་ལྷ་ཡང་བརླག་པར་འགྱུར། །བརླག་པར་མ་གྱུར་གང་ཡང་མེད། །གནོད་བྱེད་གཞན་ལྟ་ཅི་ཞིག་སྨོས། །བཛྲ་ཁ་ཏ་མ་བཛྲ་ཀྲོ་དྷ་ཁ་ཐ༷། མ་ར་ན་ཁ་ཐ༷་ཞེས་བརྡུང་ངོ་། །དྲག་པོ་ལས་ལ་གསང་བའི་གཏོར་མའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དྲག་པོ་གཏོར་མའི་ལས་ནིལྕགས་སམ་ཤིང་ཚེར་མ་ཅན་གྱི་སྣོད་གྲུ་གསུམ་དུ། ལྕགས་དང་ཟངས་ཕྱེ་དང་རྡོ་ཕྱེ་དང་། དུག་སྣ་ཚོགས་ནས་ནག་གམ་སྲན་ཕྱེ་རྣམས་བསྲེས་ལ། ཁྲག་སྣ་ཚོགས་དང་བསྲེས་ལ་གཏོར་མ་བྱ། ཁ་སེའུ་ནག་གིས་བཅད་ལ། གང་ལ་བྱ་བ་དེ་ཁུག་པ་དང་། གཏོར་མ་ཁ་ཕྱེ་བས་དུག་གི་རླངས་པས། ཤི་བར་བསམས་ལ། གང་ལ་བྱ་བ་ལ་གཏོར་བས་ལུས་ངག་རྡུལ་དུ་བརླགས་པར་བསམས་ལ་འདི་སྐད་བརྗོད། ལྕགས་ཕྱེ་དུག་དང་རྡོ་ཕྱེ་རྣམས། ཁྲག་ལས་སྦྲུས་པའི་གཏོར་མ་སྟེ། །མརྒ་ཅན་དང་སྦྱར་བ་དག །དྲག་པོར་གྱུར་པའི་གཏོར་མ་སྟེ། །སྦྱར་བས་དེ་གཏོར་བརླག་པར་གྱུར། །བརླག་པར་མ་གྱུར་གང་ཡང་མེད། །ཙ་ར་ན་མ་ར་ན་ཕཊ།དྲག་ཁམས་མ་ར་ན་ཕཊ། ཞེས་བརྗོད་ལ་གཏོར་རོ། །དྲག་པོའི་ལས་ལ་་ཤིག་དྲལ་གཏོར་མའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཏུབ་པའི་ལས་ནི། གཏན་པ་དྲག་པོའི་ཤིང་ལ། གྲིའམ་རལ་གྲི་ལྕགས་ནག་ལ་བྱས་པས། སྐུ་གསུང་ཐུགས་དང་ལྡན་པའམ། ཡེ་ཤེས་ཀྱི་མཚོན་ཆར་དམིགས་ལ། གང་ལ་བྱ་བའི་གཟུགས་དུས་གསུམ་གྱི་གཞི་མོ་རྩད་ནས་བཅད་པར་དམིགས་ལ་ག་་བོ། །འདི་སྐད་བརྗོད་དོ། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་སྤྲུལ་པའི་བྱིན་བརླབས་ལས། །ཡེ་ཤེས་རྣོ་དབལ་མཚོན་ཡིན་ཏེ། །དྲག་པོར་གྱུར་པའི་མཚོན་ཆ་འདིས། །འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ། །འབྲས་་༄༅ འབྲས་བུ་ངན་སོང་གསུམ་དུ་འཁོར། །ལོག་རྟོག་འཁོར་བ་རྒྱུན་གཅོད་དོ། །ཙཀྲ་ཨོ་བྲུ༷། ཙཀྲ་ཧུ༷་བྲུ༷། ཙཀྲ་སྭ་བྲུ༷། ཙཀྲ་ཧྲི་བྲུ༷། ཙཀྲ་ཧ་བྲུ༷། བཛྲ་ཁ་ད་ཁ་ཧི། སྦྱིན་སྣྲིཇི་ཧ་ན་ཧྭ༷་ཕཊ། ཞེས་ལུས་དུམ་བུར་བཏུབས་སོ། །དྲག་པོའི་ལས་ལ་གཏུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བསྟབ་པའི་ལས་ནི། གཟུགས་ཀྱི་ཕུང་པོ་ནི་མཆོད་པའི་རྫས་སུ་བསྔོ་སྟེ། རྒྱལ་བ་རིགས་ལྔའི་གདན་ཁྲིར་གྱུར་པར་བསྔོ། སེམས་ནི་ང་རྒྱལ་བའི་སྲས་སུ་བསྐྱེད། འདི་སྐད་དོ། །འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ། །འབྲས་བུ་ངན་སོང་གསུམ་དུ་འཁོར། །དུག་གསུམ་རྒྱུ་འབྲས་སྦྱང་བའི་ཕྱིར། །ཤ་རུས་ལ་སོགས་ཁྲག་ལ་བསྟབས། །དེ་ནས་གནས་སྦྱང་བ་ནི། འདི་སྐད་དུ། དྲག་པོའི་ལས་ཀྱིས་བསྒྲལ་བ་རྣམས། །འཁོར་བའི་ལམ་རྣམས་སྒོ་གཅད་དེ། །རྣམ་ཤེས་ཧུ༷་གིས་བསྡུས་ནས་ནི། །ཧྭ༷་གི་ངན་སོང་སྟོང་པར་བྱེད། །ཆགས་པའི་བདེ་བ་བླ་ན་མེད། །རྒྱལ་བ་ཐམས་ཅད་ཧུ༷་གིས་བསྐྱེད། །འོག་མིན་བླ་ན་མེད་པའི་གནས་མཆོག་ཏུ། ཁྲོ་བོ་དང་ནི་ཁྲོ་མོ་ཡི། །སྦྱོར་བའི་མཚམས་སུ་ཕཊ་ཀྱིས་འཕང་། །ཧོ་ཡིས་གཡེང་ཞིང་ཡམ་གྱིས་བརྡེགས། །ཞེས་བརྗོད་ལ་སྤར་ནས་ཧུ༷་གིས་བསྟབ་བོ། །ཏ་ཐུ་ག་ཏ། བཛྲ་ར་ཙ་རཏྣ་ཙ་ཞེས་གནས་སྤར་རོ། །དྲག་པོའི་ལས་ལས་གནས་སྤར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དྲག་པོ་སྦྱར་བའི་ལས་ནི། གཟུགས་གཏུབ་པ་ལྟར། དུག་གཏོར་གཉིས་བསྲེས་ལ་ཐབ་ཏུ་གཏོར་བས། ཡེ་ཤེས་ཀྱིས་མེས་བག་ཆགས་དང་བཅས་པར་ཐུལ་གྱིས་བསྲེགས་པར་བསམས་ལ། འདི་སྐད་དོ། །རྡོ་རྗེའི་ཐུགས་རྗེས་བྱིན་བརླབས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །རྡོ་རྗེ་གཏུན་ཁུང་ལྡན་བྱས་ཏེ། །དྲག་པོའི་མཐུ་ཡིས་ལྡན་པར་མཛད། །ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །སྐད་ཅིག་ཡུད་ལ་བརླག་པར་མཛོད། །བརླག་པར་མ་གྱུར་གང་ཡང་མེད། །དར་ཕུ་ཙར་ཕུ་ནར་ཕུ་ཨ་ཙ་ར་མ་ར་ཡ་ཕཊ། ཆེ་གེ་མོ་ཞིག་མ་ར་ཡ་ཕཊ་ཞེས་བརྗོད་དོ། །དྲག་པོའི་ལས་ལས་རྗེས་དྲག་པོའི་ལས་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྫོགས་ནས་ལས་ཀྱི་ལྷག་ཆད་བསྐང་བའི་ཕྱིར། མེ་ལྷ་ལྷན་ཅིག་སྤྱན་དྲངས་ནས། དཀྱིལ་འཁོར་དུ་བཞུགས་སུ་གསོལ། མཆོད་པ་རྣམ་པ་ལྔ་དང་། སྤྱིན་སྲེག་གི་རྫས་ཅི་ལྷག་པས་མཆོད་དེ། ལས་མ་དག་པ་བཟོད་པར་གསོལ། མེ་ལྷ་སླར་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་ལྷ་བྱིན་ལ་བཟོད་པར་གསོལ་ཏེ། མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། ཁྱེད་ཀྱི་ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། །འགྲོ་ལ་ཕན་ཕྱིར་ཚངས་པ་བསྩལ་དུ་གསོལ། །དེ་ལྟར་བཤགས་པ་བགྱིས་ཏེ་བཟོད་པར་གསོལ། །དྲག་པོའི་ལས་ཀྱི་ལྷག་ཆད་བསྐང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མནན་པའི་ཆོ་ག་བགྱི་སྟེ། ཧོམ་ཁུང་གི་ནངདུ་ཐོད་ཆེན་ནམ། ཕག་ཐོད་དུ་བཅུག་ལ། ཐོད་པའི་ནངདུ་དགྲ་བགེགས་ཀྱི་མིང་རུས་བཅུག་སྟེ། གཡམ་པ་སྔོན་པོ་ལ་དབུས་སུ་འཁོར་ལོ་བྲི། ཕྱོགས་བཞིར་རྒྱ་གྲམ་བྲི། ཟུར་བཞིར་རི་རབ་བྲིས་ལ་མནན་ནོ། །ཚིག་ཏུ་ཡང་། མནན་ནོ་རི་རབ་ཀྱིས་མནན། །བསྐྱོན་ནོ་འཁོར་ལོའི་རྩིབས་ལ་སྐྱོན། །འཕང་ངོ་རྒྱ་མཚོའི་གཏིང་དུ་འཕང་། །སྤྱིན་ནོ་གནོད་སྦྱིན་ཟས་སུ་སྤྱིན། །གཏད་དོ་གཤིན རྗེ་ལག་ཏུ་གཏད། །དཔག་ཚད་ལྔ་བརྒྱའི་འོག་ཤེད་ན། །གཤིན་རྗེ་རྒྱལ་པོས་ཆོས་འཆད་ཀྱིས། །དེ་ཡི་དྲུང་དུ་ཆོས་ཉོན་ཅིག །བྱང་ཆུབ་སེམས་ནི་མ་སྐྱེས་ཚེར། །ནམ་ཡང་གཏང་བར་མི་བྱ་འོ། །ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས། །དེ་ཚེ་གནས་ངན་དེ་ལས་དྲངས་པར་བྱ། །ཨོ་ལ༷་སུ༷་ལ༷་པྲི་ལ༷། པྲ་ཏི་ཏ་ནན། བྱི་ཙི་ལ་སུསྦྱུ་ཡ།མཧྭ་ཡ། ག་ཏ་ཡ། བ་ག་མ་ནི། པ་ཙ་ལ༷་ལ༷་ལ༷། མ་ར་ནན་ནན་ནན། དྲག་པོའི་ལས་ལ་མནན་པའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་ངུར་མོའི་མེ་རྒྱུད་ལས་ཁྲོ་བོའི་ལས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨུབྱ་བ་ཀ་ཝ་ར་ཛྲ། མ་ལྭ་ལ་སརྒ་ཤ་ཏ་ས་ཧ་སྲི་ཀ་ལཀྟ་ཎ་སརྦ་ཏནྟྲ་ཨུ་ག་མ། སརྦ་ཏ་ཐུ་ག་ཏ་གུ་ཧུ་གུ་རྒྱ་གསྟེ་ཡུ་ཧི་ནེདཚ་པ་ལ་ནཱ་མ་ཙཀྲ་ཙིསྟ་ཕ་ལ་ན་མ། བོད་སྐད་དུ། འཕགས་པ་རྟོགས་པའི་རྒྱལ་པོ། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ལུང་གིས་དཔྱད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་