Ngb-pt-0946-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྫོགས་པའི་རྒྱུད་རྫོགས་སོ།། །།ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་བཞུགས་སོ། །༄་། །རྒྱ་གར་སྐད་དུ། ཨ་ཏི་ལ་བྷ་ཏི། བོད་སྐད་དུ། ཨ་ཏི་སྒྱི་གཅོད་ཀྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ རོ་ལངས་བདེ་བ་རངས་པ་ན། །པན་ཙ་ཨ་རྨིར་ཐ་བིན་དུ་ཕྲ་ཤ་སྟེན་ཏུ། ན་མ་ཤི་ཕ་ལ་མུན་ཏྲ་མརྙ་ཏྲ་ཨེ་ཀ་འདུ་ཏི་ཧི་ལ་ན་མ། རོལ་པ་རྒྱུན་གྱི་ཐིག་ལེའི་ཀློང་ནས། །བྱང་ཆུབ་ཤང་དྲུང་དུ་སྐུ་སྒྲུལ་ནས། །དེ་ཡི་འཇམ་དཔལ་བཤེས་གཉེན་དག་ལ་རྒྱུད། །མཐིང་གི་ཤུ་གུ་དག་ལ་བྲིས་པའི་གླེག་བམ་འདི། །འཇམ་དཔལ་བཤེས་གཉེན་ཁྱོད་ལ་གདམས་པར་བྱ། །ཞེས་གསུངས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་པའི་དུས་ན། །གཞི་དངོས་པོའི་གནས་ལུགས་ཇི་ལྟར་ལགས། སྣང་བ་ན་ཇི་ལྟར་སྣང་། མིང་དུ་འདོགས་ན་ཇི་ལྟར་འདོགས། །དེ་ལས་འཁྲུལ་པ་ཇི་ལྟར་ལགས། ཅེས་ཞུས་པས། ཨ་ཏི་སྨི་གཅོད་བསྟན་པར་བྱ། ཅེས་གསུངས་སོ། །ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། །གླིང་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཀའ་སྩལ་པ།སྣང་བ་ནི་རང་བཞིན་གྱི་སྣང་པ་ཞེས་བྱའོ། །དུས་དེ་ཙམ་ན་གནས་པའི་རྟོགོས་མེད་ཀུན་གཞི་ཞེས་ཀྱང་བྱའོ། ་མིང་དུ་འདོགས་ན་མི་ཟད་པའི་མརྫོད་ཀྱང་བྱའོ། །སྤྱི་པ་ཚེན་མོ་འཁོར་བའི་གཞི་ལ། །སེམས་ཅན་གྱི་ཐུགས་། ཆོས་ཉིད་སྤངས་པའི་ཀློང་ཞེས་ཀྱང་བྱ། །རང་སྣང་གི་ནམ་མཁའ་ཞེས་ཀྱང་བྱའོ། །དེའི་རྩལ་ལས་ཤེས་པ་རྐྱང་པ་ཁྱབ་པའི་ཤེས་པ། རྒྱུ་བའི་ཤེས་པ། མི་རྒྱུ་བའི་ཤེས་པ། ལུང་ལ་བསྟན་པའི་ཤེས་པ་ཞེས་ཀྱང་བྱ་སྟེ། །དུས་དེ་ཙམ་ན་ཐོག་མཐའ་མེད་པའི་སྙིང་པོ་ཞེས་ཀྱང་བྱའོ། ཞེས་གསུངས་སོ། །ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་གླེང་གཞིའི་ལིའུ་སྟེ་གསུམ་པའོ།། །།གཡོ་བ་ནི་སྦྱི་ས་ཆོས་ཀྱི་སྐུ་རྟོག་མེད་ཀྱི་སྦུབས་ནས་གཡོས། །སྒོ་ནི་གསུམ་ནས་འབྱུང་སྟེ། གསལ་བ་རྟོག་མེད་ཀྱི་སྒོ། །སྟོང་པ་མཚན་མེད་ཀྱི་སྒོ། །གསལ་སྟོང་བཙད་མེད་ཀྱི་སྒོ་ནས། རྣོན་པོའི་སྒོ་བྱེ་ནས་ཁྱབ་པའི་རིག་པ་བྱུང་སྟེ། རིག་པ་རྐྱང་པ་དེ་ལ་འགྲོ་བའི་སྒོ་མེད་པས། མ་ནིང་གི་སྒོ་བྱེ། རྒྱུ་བའི་རིག་པའི་ཕྱིར་ཐོན། རྟུལ་པོའི་སྒོ་ཕྱེ། མཚན་མའི་རིག་པ་ཤར། རྣོ་རྟུལ་གཉིས་མེད་ཀྱི་སྒོ་འགགས་པས། མྱོང་པའི་རིག་པ་སྨོན་ནོ། །ཡན་ལག་གི་སྒོ་བྱེ། རིག་པ་དངོས་སུ་སྨིན་ཏེ། ཆོས་དབྱིངས་རང་བྱུང་གི་སྦུབས་ཅེས་བྱ་སྟེ། སྣ་ཚོགས་ལ་འཇུག་གོ །ཅེས་གསུངས་སོ། །ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། རིག་པ་དངོས་སུ་སྨིན་ནས་ཞབྲུལ་པའི་དཔེ་སྟེ་ལེའུ་བཞི་པའོ།། །།དེ་ནས་མཚན་དང་དཔེ་བྱད་ལོངས་སྐུར་ཞབྲུལ་པ་བཀའ་སྩལ་པ། གསལ་བ་སྣོད་ཀྱི་སྒོ། །སྟོང་པ་བཅུད་ཀྱི་སྒོ། །འཛིན་པ་མ་ཞུགས་པའི་སྒོ། ཁ་དོག་གསལ་བ་ཡན་ལག་གི་སྒོ། །མཚན་མ་མ་རིག་པར་ཤར། མྱོང་བའི་རིག་པ་སྐྱེས།རྒྱུ་བའི་རིག་པ་ཡུལ་འོད་ལྔ་རུ་ཤར་ཏེ། དང་པོ་རྩི་ཡིན་མཉམ་དུ་ཤེས་པས། བར་དུ་ཡིན་མིན་གྱི་ཤེས་པ། ཐ་མར་ཡིན་གདེངས་ཀྱི་ཤེས་པས་གཅད་བས་ཡིད་འཁོར་ལོ་གསུམ་ཞེས་དེ་ལ་བྱའོ། །དུས་དེ་ཙམ་ན་ཡར་སངས་མ་རྒྱས། མར་འཁོར་བར་མ་འ་ས་པས་ལུང་མ་བསྟན་གྱི་སྒོ་ཞེས་བྱའོ། །བར་དེར་ཀུན་ཏུ་བཟང་པོས་རིག་པ་ཡེ་ཤེས་ལྡེ་མིག་ཅིག །འཕགས་པ་བློ་གྲོས་མི་ཟད་པ་ཞེས་བྱ་བ་མུན་པ་དམག་ཏུ་གྱུར་པ་ཁང་དགུ་རིམ་གྱི་ནང་ན་ཡོད་དོ། །དེ་ལྟ་རུ་ཕྱིན་པ། ཁང་པ་དང་པོ་ན་མུན་པ་གནག་ལ་འཇིགས། ཤཱཉིས་པ་ན་ཡ་མ་ནག་པོ་ཟ་ཚུལ་གྱི་དབུ། གསུམ་པ་ན་བདུད་སྤྱིན་གྱིས་སྲོག་གཅོད། བཞི་པ་ན་སྲིན་པོའི་རྒྱལ་པོའི་དབུགས་ལེན། །ལྔ་པ་ནི་གང་ལ་དཀར་པོ་ཕྱག་ན་དུང་གི་མཁར་བ་བསྣམས་ནས་བརྡོག་ཅིང་གསད། །དྲུག་པ་མུན་པའི་ནང་ན་མེ་རླུད་གིས་མ་བསྐྱོད་བར་དུ་འདུག །བདུན་པ་ན་ཉི་ཟླ་ཕྲུག་ཅིག་ལ་ཤར་ནུབ་མེད་པར་འདུག །བརྒྱད་པ་ན་ནོར་བུར་རིན་པོ་ཆེ་ལ་ལྷའི་བུ་རྣམས་རྩེ་ཞིང་སྣང་། དགུ་བར་ཕྱིན་པས་ཡིད་བཞིན་གྱི་ནོར་བུ། རིན་པོ་ཆེ་འོད་འབར་བའི་རྩར་འཕགས་པ་བློ་གྲོས་མི་ཟད་པ་ཞུགས་ནས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། འགྲོ་བའི་ལམ་ནོར་ཐར་པའི་གོ་ཡང་འགག །མ་རིག་རྨོངས་པ་ཐུགས་རྗེའི་ཞགས་པ་བཟུང་། འཕྲུལ་གྱི་སྒོ་མ་ཕྱེད་པས་མུན་པའི་ནང་དུ་འ་ས། ཅེས་ཞུས་བས་འཕྲུལ་གྱི་སྒོ་ཕྱེད་པས།མུན་པའི་ནང་དུ་འཁྱམས། ཅེས་ཞུས་པས། འཕགས་པ་བློ་གྲོས་མི་ཟད་པས་བཀའ་སྩལ་པ། ཐམས་ཅད་འབྱེད་པ་འཁྲུལ་གྱི་ལྡེ་མིག་འདི། །ཡིད་བཞིན་ནོར་བུའི་ནང་ནས་སྟོན་ལ་སྦྱིན། །ཉི་ཟླའི་སྒོ་ཕྱེ་སྣང་སྟོང་དབྱེར་མེད་འབྱུང་། ཁྲེས་རིག་སྒྲོ་་བརྟགས་དགྲ་ལ་ལྟོས། །མེ་མར་འོད་ལ་ལྟ་ནམ་མཁའ་གསེར་གྱི་སྒྲོན་མ་ལྷོས། །ཅེས་གསུངས་ནས། འཕགས་པ་བློ་གྲོས་མི་ཟད་པ་མི་སྣང་བར་འགྱུར་རོ། །མཚན་དང་དཔེ་བྱད་ལས་ཀུན་ཏུ་བཟང་པོར་སངས་རྒྱས་པའི་ལེའུ་སྟེ་ལྔ་པའོ།། །།ཁམས་གསུམ་གྱི་སེམས་ཅན་སེམས་ཅན་དུ་འཁྲུལ་པ་གསུངས་པ་ནི། གཞི་རིན་པོ་ཆེ་གསེར་གྱི་སྒྲོན་མ་ནས། མི་ཟད་པའི་ནོར་ལ་སྦྱང་པས། ཀུན་ལ་སྙོམས་པའི་ཟད་མ་ལ་སྤྱིན། ལས་ཀྱི་ལུས་བླངས་རྒྱུ་རྐྱེན་དུས་ཀྱང་མཚུངས། མ་རིག་ལེ་ལོས་སྙོམས་ལས་དམར་ལ་སྦྱར། སྲིད་ལེན་གཉིས་ཀྱི་དུས་མཚུངས། རིག་པ་ཡུལ་དང་མཚུངས། འབྱུང་དུ་ཐབས་མེད་རི་དྭགས་རྒྱར་ཆུད་འདྲ། མ་རིག་རྨོངས་པའི་སེམས་ཆགས་སྡུག་བསྔལ་མེད་སྐྱེས་དང་། ལས་ཀྱི་ཕྱིར་ཐོན་བཀུ་ཆགས་སྣ་་་གསབརྟས། ཕ་དང་མར་བལྟས་དགྲ་དང་གཉེན་དུ་བཟུང་། ཡུལ་ཁང་ཁྱིམ་ཁང་དག་ལ་རྟེན་བཅས་ནས། མ་བཅད་ཡུལ་ལུང་དང་བདག་གིར་བཟུང་འཛིན། མི་སྡོད་དབུགས་ཆད་གར་འགྲོ་ཤེས་པར་གྱིས། །འགྲ་དྲུག་ལས་ཀྱི་སྡུག་བསྔལ་ཆ་མཆིས་སམ། །འགྲོ་དྲུག་རྟག་ཏུ་འཡོས་པས་དོན་དང་རྩང་ཕྲད་དེ། །དེ་བས་མན་ངག་གདམས་པ་འདི་ལ་ལྷོས། །ཅེས་གསུངསསོ། །ཨཏི༷སྤྱིགཅོད་ཀྱིརྒྱུད་ལས་ཁམས་གསུམ་དུ་འཁྲུལ་པའི་ལེའུ་སྟེ་དྲུག་པའོ།། །།མན་ངག་གདམས་པ་བསྟན་དུ་གསོལ།བཀའ་སྩལ་པ། ཕྱིའི་མེ་ལོང་ལྟས་ཙམ་ན། འགྲོ་དྲུག་སྲིད་པ་ཝ་ལེ་གས་ལ། འགྲོ་དྲུག་སྙིང་པ་སྦུབས་ན་གནས། །མ་དག་འཁྲུལ་པའི་སྣང་བ་དེ། །རང་གྲོལ་ཡིན་པར་རྟོགས་ཙམ་ན། །རང་བྱུང་ཡེ་ཤེས་དྭགོངས་པ་ཐོབ། །ནང་གི་མེ་ལོང་ལྟས་ཙམ་ན། །རྒྱུད་དྲུག་ཆགས་སྡང་ཝ་ལེ་གསལ། །རྒྱུད་དྲུག་རང་གི་སྦུབས་སུ་གསལ། །རྒྱུད་དྲུག་རང་གྲོལ་དུ་ཤེས་ཙམ་ན། །རང་རིག་ཡེ་ཤེས་ཀྱི་དགོངས་པ་ཐོབ། །གསང་བའི་མེ་ལོང་ལྟས་ཙམ་ན། །འགྱུ་བ་ཐོགས་མེད་དུ་ཝ་ལེ་གསལ། །རང་ཤར་ཡེ་ཤེས་ཀྱི་སྦུབས་སུ་གསལ། །འགྱུ་བ་རང་གྲོལ་དུ་ཤེས་ཙམ་ན། །ལྷག་མཐོང་ཡེ་ཤེས་ཀྱི་དགོངས་པ་ཤར། །ལྷུན་གྲུབ་སྲིད་པའི་མེ་ལོང་གི་ནང་ན་ཐམས་ཅད་གསལ། །ཡེ་ཤེས་དྲི་མེད་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་རྒྱས། །མཚན་མ་སྣ་ཚོགས་ཀྱི་མེ་ལོང་དུ་ཐམས་མཆི། །ཆོས་སྐུ་མེ་ལོང་གི་ནང་ན་རྟོག་པ་སྐྱེ་མི་སྲིད། །སྤྲུལ་སྐུ་མི་ལོང་གི་ནང་ནས། །འགྱུ་བ་མེད་ན་ཡེ་ཤེས་གསལ་མི་སྲིད། །འབྲས་བུ་ཐིག་ལེ་ཉག་ཅིག་ལ། །སྐུ་གསུམ་འགྲུབ་མི་སྲིད། །རྣལ་འབྱོར་ཡེ་ཤེས་ངོས་ཟིན་དུས་སུ་ཤེས་པ་རྒྱུན་གཉིས་སུ་འཆར་མི་སྲིད་དོ། །ཅེས་གསུངས་སོ། །ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། མེ་ལོང་གནད་ཏུ་བརྡེག་པའི་ལེའུ་སྟེ་བདུན་པའོ།། །།ཡང་བཀའ་སྩལ་པ། རིག་པ་ཆོས་ཀྱི་སྐུའི་དོན་རྟོགས་ན། འགྱུ་བ་ཟང་ཐལ་གཅད་པས་དམྱལ་བ་ཡང་རྫོགས་པས་ཕྱིར་གཅད། །ཐིག་ལེ་རང་གྲོལ་དུ་ཤར་བས་ལྷ་མ་ཡིན་རྫོགས་ཏེ་སྤྲིར་གཅད། བྱང་ཆུབ་སེམས་ཀྱི་འོང་གསལ་རིན་པོ་ཆེ་ལ་ལོངས་སྤྱད་པས་ལྷ་རྫོགས་རི་སྤྱིར་གཅད། འགྲོ་དྲུག་རང་གྲོལ་དུ་ཤེས་ན། ཁམས་གསུམ་ལུས་དང་བག་ཆགས་འཁྲུལ་ཏེ་མཆིའོ། །ཅེས་གསུངས་སོ། །ཨ་ཏིག་ སྒྲོ་གཅོད་ཀྱི་རྒྱུད་ལས། འགྲོ་དྲུག་གཡང་ས་གཅད་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་བཀའ་སྩལ་པ། འོད་གསལ་དུ་མུ་གཅད་ནས་རིག་པ་ལ་སྟེགས་བཅས་པས་མུ་སྟེགས་ཀྱི་ལྟ་བཧཱུཾ་ ལྗོར་གཅད། ཐིག་ལེ་ཟང་ཐལ་ཡིད་ལ་འདོགས་པས་ཡི་དྭགས་རྫོགས་ཏེ་ཕྱིར་གཅད། ཐིག་ལེ་སྦྱོར་བ་ལས་བྱོལ་ནས་ཟང་ཐལ་དུ་སོང་པས། བྱོལ་སོང་རྫོགས་ཏེ་ཕྱིར་གཅད། དེ་ལ་ཞེན་པ་མི་མངའ་བསམི་ཡང་རྫགས་ཏེ་ཕྱིར་གཅད། རང་དོན་འོད་གསལ་ཟབ་མོ་ལ་སྤྱད་པས་རང་སངས་རྒྱས་སངས་རྒྱས་ཀྱི་ལྟ་བ་སྤྱིར་གཅད། སྒྲིབ་པ་ཐམས་ཅད་ཟང་ཐལ་དུ་བྱང་ནས་འོད་གསལ་དུ་སེམས་དཔའ། བྱང་ཆུབ་སེམས་དཔའི་ལྟ་བ་སྤྱིར་གཅད། ཀྲི་ཡ་ནི་འོད་གསལ་དུ་བསྐྲི་ནས་ཡང་དག་པའི་དོན་རྟོགས་པས། ཀྲི་ཡའི་ལྟ་བ་སྤྱིར་གཅད། འོད་གསལ་རྒྱ་ཆུང་དུ་མ་ཡིན་ཏེ། སྣང་སྲིད་ཡོ་ག་འོད་གསལ་དུ་རྟོགས་པས་ཡོ་གའི་ལྟ་བ་སྤྱིར་གཅད། ཐམས་ཅད་མ་ལུས་པར་འོད་གསལ་ཆེན་པོའི་ངང་དུ་རྫོགས་པས་ཡོ་གསལ་བས་མ་ཧྭ་ཡོ་གའི་ལྟ་བ་སྤྱིར་གཅད། སྐྱེ་བ་མེད་པས་ཨུ་གཉིས་སུ་མེད་པས་ནུ་རྩེས་བྱས་ཏེ། ཐམས་ཅད་གཉིས་སུ་མེད་པས། ཨུ་ནུའི་ལྟ་བ་སྤྱིར་གཅད། །ཐམས་ཅད་འོད་གསལ་ངང་རྫོགས་པས། ལྟ་བ་ཐམས་ཅད་ཆེ་བས་ན། རྫོགས་ཆེན་གྱི་ལྟ་བ་སྤྱིར་གཅད་པས། བདེ་བར་གཤེགས་པ་སྐུ་དང་ཡེ་ཤེས་སུ་འཁྲུལ་པའི་གོལ་ས་གཅད། ཅེས་གསུངས་སོ། །ཨུ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་མཚན་མ་ལམ་གྱི་གོལ་ས་གཅད་པའི་ལེའུ་སྟེ་དགུ་པའོ།། །།ཡང་བཀའ་སྩལ་པ་ཡེ་ཤེས་ངོས་བཟུང་བཤད་པར་བྱ། ཅེས་གསུངས་སོ། །དེ་ནས་འགག་པ་མེད་པས་ཡེ་ཤེས་ཀྱི་སྐྱེ་བ་བཤད་པ། དང་པོ་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། འགྱུ་བ་དེ་ལ་ཞག་ཅིག་ཏུ་ལྟ་བ་དང་གཅིག །ནུབ་གཉིས་པ་འོད་གསལ་ཐུན་དུ་བཅུག་ལ་བསྐོར་བ་དང་གཉིས། ནུབ་གསུམ་པ་འོད་གསལ་གྱི་མལ་དུ་བཟུང་བ་དང་གསུམ་མོ། །དང་པོ་ཞག་ཅིག་ཏུ་ལྟས་པས། འགྱུ་བ་བུན་ལོང་གི་སོང་བས། མཚན་མ་ཞི་བ་ནི་ཞི་གནས་རྩེ་ཅིག་གི་བསམ་གཏན་ཞེས་བྱས་ཏེ། གང་ཟག་བདག་མེད་ཉན་ཐོས་དང་ཁྱད་མེད་དོ། །སྣང་བ་འདི་སྟོང་པ་ལ་མེ་ལོང་གི་སྐར་མ་ལྟར་མཐོང་བ་ནི། ཆོས་ཀྱི་བདག་མེད་བསམ་གཏན་དེ། དེས་ཀྱང་སངས་མི་རྒྱ་བས། ཕལ་ཆེན་ལྟ་བ་ཁ་རྐྱངས་དང་དེ་གཉིས་ན་གནས་སོ། །དབུ་མའི་ལྟ་བར་ཀྱང་མ་བསླེབས་སོ། །ནུབ་གཉིས་པ་འོད་གསལ་དུ་བསྐོར་བ་ལ་གསུམ་སྟེ། སྣང་བ་འོད་གསལ་དུ་ཐུན་གསུམ་དུ་བསྐོར་བས་ནི་ཕྱི་ནང་རང་སྣང་དུ་ངོ་སྤྲད་དེ། རྟ་དཀྱུས་པའི་འདྲོག་ལ་མེ་ཏོག་ཆད་པ་དང་འདྲའོ། །ཐུན་གསུམ་ཚོགས་བདུན་བསྐོར་བས་ནང་སྣང་བར་རང་གྲོལ་ཏེ། དུག་ལ་སྔགས་ཀྱི་ཐེབས་པ་དང་འདྲའོ། །ཐུན་གསུམ་དུ་འགྱུ་བ་གསང་ལམ་འོད་གསལ་དུ་བསྐོར་བས་གསུང་སྣང་བ་རང་གྲོལ་དུ་ཤར་ཏེ་ག་བུར་ཚབ་ནད་ཀྱིས་ཟོས་པ་དང་འདྲའོ། །དེ་ནི་ཐུན་ཚད་བཟང་བ་བསྟན་པའོ། །ད་ནི་འོད་གསལ་ལམ་དུ་བཟུང་བ་བསྟན་ཏེ། ནུབ་ཐ་མ་ལ་ཐུན་གོང་དུ་བཤད་པ་འཁོར་ལོ་དེ་བསྐོར་བའི་གཏིང་ལ་ཇི་ཙམ་གནས་ལྟ་བ་ཤིན་ཏུ་གཅེས་ཏེ། འཁོར་ལོ་དང་གནས་པ་གསུམ་ཆ་གསུམ་གཉིས་མགོ་ལ་འཆར་རམ་ཕྱེད་འཆར་རམ། བཞི་ཅར་འཆར་རམ། ལྔ་ཆའམ་དྲུག་ཆའམ་ཇི་ཙམ་འཆར་བ་ནི། ལམ་དུ་འཇུད་པ་ཡིན་ཏེ། དབང་པོ་རབ་འབྲིང་རྟགས་དང་སྦྱར། མི་འཁོར་བའི་དབང་མེད་པའི་ཐབས་ནི། གོང་མ་སྣང་བ་བུན་ནེ་བ་དེ་ལམ་བཞག་པར། མིག་རྩ་མཐོང་བྱེད་ཏུ་གྱུར་པ་ལ་སྣང་བ་གཏད་པས། འགྱུར་བ་དེ་ཀྱུས་ཙེར་བྱུང་བའི་དུས་སུ།འབྲས་བུ་དྲིལ་སྐུ་ལ་བསྐོར་བསྐུལ། སྣང་བ་ལ་ཡན་དུ་ཆུག །ཡང་བསྐུལ་གྱིན་བསྐོར། བཙུན་མ་ཟོ་ཆུ་རྒྱུད་མ་འདྲ་བ་མི་དམིགས། སྐྱི་སེར་འདྲ་བའི་འགྱུ་བ། འཁོར་ལོ་ལྷ་བུའི་ཉམས། ཉི་ཟླ་ལྟ་བུའི་དོན། དཔེར་ན།འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་རིན་པོ་ཆེ་གསེར་གྱི་ཁང་པ་ལ་སོགས་པ་དང་། རིན་པོ་ཆེའི་སྟེང་རྣམས་ནས་འགྲོ་བ་ལས་ཐོག་མི་འགྲོ་བ་བཞིན། འགྱུ་བ་འོད་གསུམ་དུ་བསྐོར་ན་འོད་གསལ་གྱི་མལ་ལས་མི་འདའོ། །གསལ་གདབ་སྒྲར་འགྱུར་དུ་བསྐོར། ཝལ་གྱི་བྱུང་པའི་དུས་སུ་མལ་དུ་གཞུག །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཅེས་ཀྱང་དེ་ལ་བྱ། །རྫོགས་པ་སྤྱི་གཅོད་ཅེས་ཀྱང་དེ་ལ་བྱ། ཅེས་གསུངས་སོ། །ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་བཅུ་པའོ།། །།ཡང་བཀའ་སྩལ་པ། རྟགས་ཀྱི་རིམ་པ་བཤད་པར་བྱ། འགྱུ་བ་ངོས་ཟིན་ན་ཡེ་ཤེས་མི་འཆར་མི་སྲིད་དེ། དང་པོ་ལུས་འདར་བ་སྙམ་བྱེད་པ་དང་། འགྱུ་བ་དེ་ངོས་ཟིན་པའི་རྟགས། དེ་ནས་ལུས་འགུལ་མི་ཤེས་པ་མཉམ་བྱེད་པའམ་ཐང་དེ་མ་འོང་སྟེ། འགྱུ་བ་དེ་སངས་ཏེ་འོང་བའི་རྟགས། དེ་ནས་འདག་པ་ལ་སྐོར་ཕོར་བཏབ་པའམ། །སྦོས་དང་སྦོས་རྒྱ་ལྟ་བུ་འོང་སྟེ། ཡེ་ཤེས་འཆར་བའི་རྟགས། འགྱུ་བ་དེ་ལ་འཁོར་ལོ་མ་བསྐོར་ཀྱང་འོད་གསལ་སྐམ་དུ་ཞུགས་པ་ནི། འོད་གསལ་ལམ་དུ་ཚུད་ནས་བརྟན་པ་ཐོབ་པའོ། །བཀྲག་ཤེས་མདངས་གསལ་རིག་པ་ཁོང་ནས་གྲོལ། །སྐྲན་དང་ནད་ཀྱང་འབྱང་བར་བྱེད་པའི་གདམས་པ་འདི། །རྣལ་འབྱོར་ཉམས་སུ་ལེན་པ་འགའ་རྣམས་ལ། །བླ་མ་དམ་པའི་རྐྱེན་དུ་ཤར་ནས་ཀྱང་། །མྱུར་དུ་གདམས་པ་འདི་དང་ཕྲད་པར་ཤོག །ཅེས་གསུངས་སོ། །འཇམ་དཔལ་བཤེས་གཉེན་རྗེས་སུ་ཡི་རང་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཨ་ཏི་རྫོགས་པ་གསང་བ་སྤྱི་གཅོད་ཀྱི་རྒྱུད་ལས་ཉམས་ཀྱི་གདམས་ངག་ལྷུག་པ་རིན་པོ་ཆེ་སྒྲོན་མེ་ཞེས་བྱ་བ་ཨ་ཏི་སྤྱི་རྒྱུད་རྫོགས་སོ།། །།སསྐོ་ལ༷།། །།རྩོད་པའི་འཁོར་ལོའི་རྒྱུད་བཞུགས་སོ། ། ༄་། །རྒྱ་གར་སྐད་དུ། བྲེ་ཧུ་ཏེ་ཙཀྲ་་་ཏྲ། བོད་སྐད་དུ། རྩོད་པའི་འཁོར་ལེའི་རྒྱུད། བཅོམ་ལྡན་འདས་རོ་ལངས་བདེ་བ་ལ་ཕྱག་འཚལ་