Ngb-pt-0929-vol-10-text
Front
Body
རྒྱ་གར་སྐད་དུ། དེ་བ་ཡ་ཏྲ་སན་ཏྲ་རུ་ཉུ་ཏ་པི་ལ་ཡ་ནཱ་མ་ཧྭ་ཏན་ཏྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འོག་མིན་གྱི་གནས་མཆོག་དམ་པ་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ། འཁོར་དཔག་ཏུ་མེད་པ་ཡིས་བསྐོར་བའི་བསྐོར་བ་མེད་པའི་ཚུལ་གྱིས་བསྐོར་ཏེ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན། རང་གི་འཁོར་དུ་འདུས་པ་རྣམས་ཀྱི་ནང་ན་ལངས་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་བསྐོར་ཏེ་ཕྱག་འཚལ་ལོ མི་ཆགས་པའི་མཆོད་པ་སྣ་ཚོགས་ནི་མཆོད། ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་མང་པོ་གཏོར་ཏེ། པུས་མོའི་ལྷ་ང་གཡས་པ་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཐུགས་རྗེའི་བདག་པོ། འཇིག་རྟེན་གྱི་ཁམས་འདི་ནི། ལྷ་སྲིན་ཐམས་ཅད་ནི་འཁྲུགས་ཏེ། ལ་ལས་ནད་ཀྱི་བསྐལ་པ་བཏང་། །ལ་ལས་མཚོན་གྱི་ཆར་པ་ཕབ། །ལ་ལས་སད་དང་སེར་བ་ནི་བཏང་། །ལ་ལས་མུ་གེའི་བསྐལ་པ་ནི་བཏང་། །ལ་ལས་ཆར་གྱི་རྒྱུན་བཅད། །རྩི་ཐོག་ཐམས་ཅད་ཀྱང་བསྐམས། །མ་རུངས་པ་སྣ་ཚོགས་བཏང་སྟེ། །འཛམ་བུ་གླིང་གི་མི་རྣམས་ཟད་དུ་ཉེ། །འདི་ལ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསོལ་བའི་དོན་ཐུགས་སུ་ཆུད་ནས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷའི་གཙོ་རབ་ཏུ་ཉོན་ཅིག ཁྱོད་ཀྱིས་ཞུ་བ་སྤོབས་པ་ལེགས་སོ། །ངས་བསྟན་པའི་སྐབས་དབྱེའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བརྒྱ་བྱིན་གྱིས་ཞུ་བ་སྤོབས་པ་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དབང་དུ་བསྡུ་བ་ཞེསབྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་དྲེགས་པ་ཅན་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཐད་དུ་འུབ་ཀྱིས་འདུས་ནས། ལ་ལ་ནི་བརྒྱལ། ལ་ལ་ནི་ངུ་ཞིང་བྲང་བརྡུང་། ལ་ལ་རང་སྐྲ་རངའབལ། ལ་ལ་ཁྲག་ཏུ་སྒྱུག ལ་ལ་འགྱེལ། ལ་ལ་ནི་ཅི་བྱུང་བ་ཡིན་ཟེར་ནས་ཐམས་ཅད་བརྒྱལ་བར་གྱུར་ཏེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གསོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །ཞུགས་མ་ཐག་ཏུ་དྲེགས་པ་དེ་དག་ཐམས་ཅད་བརྒྱལ་བ་སངས་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་འུབ་ཀྱིས་འདུས་ནས། བཅོམ་ལྡན་འདས་ལ་བསྐོར་ཞིང་ཕྱག་འཚལ་ནས། འདི་སྐད་ཅེས་མགྲིན་གཅིག་ཏུ་སྨྲས། ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་བདག་པོ་ཆེན་པོ། བདག་ཅག་རྣམས་ཁྱོད་ཀྱི་འབངས་སུ་མཆིའོ། །ཇི་ལྟར་བསྒོ་བ་བཞིན་དུ་བགྱིའོ། །ཞེས་བཀའ་སྩོལ་ཅིག་ཅེས་གསོལ་ཏོ། །དེ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལཔ། དྲེགས་པ་ཁྱེད་རྣམས་ཀྱིས་ངའི་བསྟན་པ་སྲུངས་ཅིག འཁོར་རྣམས་སྐྱོངས་ཅིག དེ་ནས་ཡང་དྲེགས་པ་རྣམས་ཀྱིས་སྨྲས་པ། ཀྱེ་བཅོམ་ལྡན་འདས་བསྟན་པ་ཞེས་བགྱིབ་ཇི་ལྟར་ལགས། སྲུངས་ཅེས་བྱ་བ་ཇི་ལྟ་བུལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲེགས་པ་རྣམས་ཉོན་ཅིག བསྟན་པ་ཞེས་བྱ་བ་ནི་ཆོས་འདུལ་བ་དང་། མདོ་སྡེ་དང། མངོནཔ་ལསོགས་པ་མཐའདག་གོ །སྲུངསཞེས་བྱ་བ་དེ་རྣམས་དང་། རྣལ་འབྱོར་པ་རྣམས་ལ་འཚེབབྱེད་པ་རྣམས་སྒྲོལ་ཅིག་སོད་ཅིག་པའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བཅོམ་ལྡན་འདས་ཀྱིས་དྲེགས་པ་རྣམས་དབང་དུ་བསྡུས་ཤིང་ལས་ལ་བསྒོ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ལྷའིདབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །སྡེ་དང་རིགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའསྩལ་པ། །ཉོནཅིག་བརྒྱ་བྱིན་ལྷ་ཡིགཙོ། །དྲེགས་པའི་རྒྱལཔོའདི་རྣམས་ལ། །སྡེ་དང་རིགས་རྣམས་བསྟན་པ་ནི། །ལ་ལ་བྱང་ཆུབ་སེམས་དཔའི་སྡེ་དང་ས་ལ་གནས་པའི་ཚུལ། ལ་ལ་དེ་བལྷའི་རིགས་ཏེ་སྲིདཔའི་ནོརའཛིནབྱེད། ལ་ལ་ཞེ་སྡང་བདུད་ཀྱི་བུ་སྟེ་བདུད་གཅོད་ལས་རྣམས་བྱེད། ལ་ལ་ང་རྒྱལ་བཙན་གྱི་བུ་སྟེ་གཟེར་ནད་བདག་པོ་བྱེད། ལ་ལ་དཀོར་བདག་རྒྱལ་པོའི་བུ་སྟེ་སྲོག་གི་བདག་པོ་བྱེད། ལ་ལ་བདུད་མོ་མ་ཡམས་རིགས་ཏེ་གཟེར་ནད་ཁྲག་ནད་གཏོང་། ལ་ལ་ཐེ་བྲང་འཛ་ལའི་རིགས་ཏེ་སྟོང་གསུམ་སྨུག་འབྲོས་བྱེད། ལ་ལ་སྡེ་བརྒྱད་གདུག་པའི་བུ་སྟེ་སེར་བ་དྲེག་ཐོགས་འབེབས། ལ་ལ་གནོད་སྒྱིན་གདུག་པའི་སྡེ་ཚོགས་ཤ་དང་ཁྲག་ལ་དད། ལ་ལ་ས་བདག་ཀླུ་གཉན་རིགས་ཏེ་གདུག་པ་ནད་ཀྱི་བདག སྡེ་དང་རིགས་ནི་མང་དུ་མཆིས། །རྩལ་དང་ནུས་པ་དཔག་ལས་འདས། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་སྡེ་དང་རིགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ། ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ནི། །བྱང་ཆུབ་སེམས་ལ་གནས་པར་བྱ་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་བརྒྱ་བྱིན་ཉོན་ཅིགབདུད་ལྷ་སྦྱིན་བྱ་བ་དང་། བདུད་གངས་པ་བཟང་པོ་དང་། བདུད་སྐོས་རྗེ་དྲང་དཀར་དང་། བཙན་ཡེ་རིངས་རྒྱལ་བ་དང་། སྐྱེས་བུ་ལྡེ་བཙན་དང་། བཙན་འོད་ཁྱུང་དཀར་པོ་དང་། རྒྱལ་པོ་ཨི་ནི་སེམས་དཔའ་དང་།རྒྱལ་པོ་སེམས་དཔའ་དང་། འོད་ཆེན་དང་། རྒྱལ་པོ་འོད་དཀར་དང་། བདུད་མོ་རྒྱལ་བྱིན་མ་དང་། བདུད་མོ་ཡེ་ཀ་ལ་དང་། ཐེ་བྲང་ཨིན་ཏྲ་སེམས་དཔའ་དང་། །ཇ་ལ་དབང་སྡུད་དཀར་མོ་དང་། །ཀླུ་ཉེ་དགའ་དང་།ས་བདག་བརྟན་མ་དང་། གནོད་སྦྱིན་གང་པ་བཟང་པོ་དང་། །བཅུ་དྲུག་པོ་འདི་རྣམས་ནི། བགེགས་ཀྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ །དེ་ནས་ཡང་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཇི་ལྟ་བུ་ལགས། དྲེགས་པ་རྣམས་ནི་ཤིན་ཏུ་གསད་ལ་དགའ་སྟེ། སྲོག་དབུགས་ཀྱི་བདག་པོ་བྱེད་པ་ལ། ཤ་དང་ཁྲག་ལ་དད་པ་འདི་ལ། བྱང་ཆུབ་སེམས་དཔའ་ཞེས་ཅིའི་ཕྱིར་ཞེས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིགབགེགས་ཀྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་པོ་འདི་ནི་ཤ་དང་། ཁྲག་དང་། སྲོག་དབུགས་ཟ་བ་ལས་ལོག་ནས། ཤིན་ཏུ་རྣམ་པར་དཀར་བ་སྟེ། དུག་ལྔ་ནི་བྱང་། ཡང་དག་པའི་དོན་ལ་ཆུབ། མ་ཡེངས་ཏེ་སེམས་དཔའ་བྱང་ཆུབ་སེམས་དཔའོ། །དུག་ལྔ་ལ་དྲེགས་པའི་སྲོག་ལ་དམ་པས་དྲེགས་སོ། །ཞེས་གསུངས་སོ། །ལྷ་འདྲེ་སྲོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བགེགས་ཀྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་སྟོང་སྡེ་འདི་རྣམས་ལ། །བཅོས་པའི་ལས་རྣམས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲེགས་པའི་རྒྱལ་པོ་སྟོང་སྡེ་ནི། །བཅོས་པའི་ལས་རྣམས་བསྟན་པ་ནི། །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱིས་སྨྲས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དམུ་ལྕམ་མཆེད་བཞི་དང་། བདུད་མོ་དང་ཉིས་བརྒྱ་ལྔ་བརྒྱ་ལ་རང་རང་གི་བུ་ལ་མིང་པོ་ཕོ་བདུད་བདུད་རྣམས་བབས་ནས། འདི་སྐད་སྨྲས་སོ། །གསང་བའི་ལས་རྣམས་བྱ་བ་སྟེ། །གཙང་མ་དར་གྱི་གཞི་སྟེངས་སུ། །འབྲུ་སྣ་གཅལ་དུ་བཀྲམ་པའོ། །རིན་ཆེན་གཙང་མའི་སྐྱོགས་དག་ཏུ། །གསལ་བའི་མེ་མར་བརྒྱ་རྩ་བརྒྱད་གཏང་ལ་གཞག འབྲུ་གཙང་མེ་སྐྱོགས་གང་དུ་རིན་ཆེན་སྣ་ལྔ་ཁ་ཡང་བཅད། བྱ་རྒོད་མ་ཡི་མདའ་གཅིག་ལ། དར་སྣ་ལྔ་ཡིས་བརྒྱན་པའོ། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ལོ་སྙིག་བབས་བསག་པའི་ལེའུ་སྟེ་ལྔ་པའོ།། །།ཧུ༷། མིང་པོ་བདུད་ཆེན་རྣམས་ནི་ཚུར་ཉོན་དང་། །འོ་ཅག་ཞེ་སྡང་བདུད་ཀྱི་བུ། །ཞེ་སྡང་རང་གར་སྤྱད་པས་ནོངས། །མི་ལ་བདུད་བབས་བསྐོས་པས་ཏེ། །བདུད་ལ་བདུད་བབས་སྲིད་དེ་ན། །གསང་པ། དག་སྟོན་པའི་བཀའ་བསྒོ་ན། །འུ་ཅག་དྲེགས་པ་སྟོང་གནས་ཏེ། །བདུད་ལ་བདུད་བབས་མིང་པོ་བདུད་ཆེན་རྣམས་ལ་བསྡིག །བདུད་ཆེན་རྣམས་ནི་ཚུར་ཉོན་དང་། །འུག་ཅག་ཞེ་སྡང་བདུད་བུ་སྟེ། །ཞེ་སྡང་རང་གར་སྤྱད་པས་ནོངས། །ཞེ་སྡང་ཉིད་ཀྱང་སེམས་ཡིན་ཏེ། །སེམས་ཉིད་ཀྱང་ནི་ཞེ་སྡང་ངོ་། །སེམས་དང་ཞེ་སྡང་གཉིས་མེད་པས། །ཐམས་ཅད་སེམས་ཀྱི་རང་བཞིན་ནོ། །སེམས་དང་སངས་རྒྱས་གཉིས་སུ་མེད། །སེམས་ནི་སངས་རྒྱས་སངས་རྒྱས་སེམས། །གཉིས་བསྟན་པ་ཡི་ལུང་ལ་ཉོན། །ཞེ་སྡང་སྡུག་པ་ད་ཁྲོལ་ཅིག །སྣང་གསལ་འོད་ཀྱིས་ད་ཆོད་གྱིས། །སྣང་གསལ་འདི་ལ་དཔེ་མཆིས་ཀྱང་། །འདི་ནི་སྣང་གསལ་འོད་ཆེན་པོ། །དཀར་བ་རུས་པའི་གླུད་དུ་བསྔོ། །སྨུག་པ་ཤ་ཡི་གླུད་དུ་བསྔོ། །དམར་བ་ཁྲག་གི་གླུད་དུ་བསྔོ། །སེར་བ་ཆུ་སེར་གླུད་དུ་བསྔོ། །གནག་པ་སྐྲ་ཡི་གླུད་དུ་བསྔོ། །དུ་བ་དབུགས་ཀྱི་གླུད་དུ་བསྔོ། །གདངས་པ་སེམས་ཀྱི་གླུད་དུ་བསྔོ། །ཟེར་བརྒྱད་རྣམ་ཤེས་བརྒྱད་ཀྱི་གླུད་དུ་བསྔོ། །གཟུགས་ལྔ་ཕུང་པ་ལྔ་ཡི་གླུད་དུ་བསྔོ། །འབྱུང་བ་དག་གི་གླུད་དུ་བསྔོ། །སྣོད་ནི་ཕྱི་ཡི་ཡུལ་དུ་བསྔོ། །བཅུད་ནི་སེམས་ཀྱི་གླུད་དུ་བསྔོ། །འདི་ནི་སྣང་གསལ་འོད་ཀྱི་མངོས། །ཞེ་སྡང་བདུད་པོ་རྣམས་ལ་བསྔོ། །ཞེ་སྡང་བདུད་ཀྱི་མདུད་པ་ཁྲོལ། །སྲོག་བདག་རྒྱལ་པོ་སྲོག་བདུད་ཆེ། །སྣང་གསལ་འོད་ཀྱི་མདོས་འདི་བཞེས། །སྲོག་དབུགས་གཉིས་ཀྱི་མདོས་འདི་བཞེས། །སྲོག་དབུགས་གཉིས་ཀྱི་མདོས། །ཟླུད་ཀྱིས་སྲོག་སླུ་བའོ། །ང་རྒྱལ་བཙན་གྱི་ཚོགས། །བདུད་སེལ་ཐེ་བྲང་གིས། །གདུག་པ་མ་རུངས་འཁོར། །སྣང་གསལ་ནི་མདོས་འདི་བཞེས། །འབྲུ་མཆོག་ནི་སྟོང་ལས་སྦྱར། །གསེར་གཡུ་རིན་པོ་ཆེ། །གདུག་པའི་འཁོར་ཚོགས་རྣམས། །མདའ་མོ་ནི་སྐུ་ཡི་རྟེན། །དར་སྣ་འབྱུང་བའི་གཞི། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཅེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ལས། བདུད་ཉི་བབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་རྣམས་ཀྱིས་རང་རང་གི་བཅོས་ཐབས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །གཙང་མ་རས་ཀྱི་གཞི་སྟེང་དུ། །འབྲུ་སྣ་ཚོགས་པའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོར་བརྩིག ཁ་དོག་འདྲ་འབག་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བའི་དར་གྱིས་བརྒྱན་པར་བྱ། །དེ་ལ་ནམ་མཁའ་ལྔ་ཡང་གཟུགས། །ཐ་མ་བཤོས་བུ་བཅུ་གསུམ་སྟེ། །བདུད་ཀྱི་མདའ་ཁྲ་བཅུ་གསུམ་བརྒྱན། །ནམ་མཁའ་བཅུ་གསུམ་དེ་བཞིན་བྱ། །ངར་ནག་དྲངས་ཡང་དེ་བཞིན་ནོ། །བྱ་ནག་ལུག་ནག་གླང་ནག་དང་། །དྲ་དང་གདུག་པའི་གཟུགས་ཀྱིས་བསྐོར། ཁྲ་ཁྲག་ཕུང་དང་བཅས་པ་སྟེ། །རིན་ཆེན་ལྔ་དང་ཆས་སུ་ལྡན། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྲོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །ཡབ་བདུད་བཅུ་གསུམ་གྱི་ཡས་བསག་པའི་ལེའུ་སྟེ་བདུན་པའོ།། །།ཞེ་སྡང་ཆེན་པོ་བདུད་ཚོགས་རྣམས། །གདུག་པའི་དུག་ཆེན་མ་རུངས་པ། །བདུད་ལས་ནི་གཉན་མ་མཆིས། ཆེ་ཡང་ནི་བདུད་ཀྱིས་བསད། ཆུང་ཡང་ནི་བདུད་ཀྱིས་བསད། སྐྱེ་འགྲོ་ཀུན་གྱི་བདུད། །སྲིན་པ་ཡོངས་ཀྱི་བདུད། །བདུད་ཆེན་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་ལ་སྤྱོན། སྲིད་པའི་བདག་པོ་རྣམས་ཡང་བདུད་ཆེན་པོ། རི་སྟེ་འགོང་ཡག་རྗེ་ནག་པོ་བཀྲག་མེད་དང་། བདུད་རྗེ་ནི་རྨང་ཁུག་དང་། སྐོས་རྗེ་དྲང་དཀར་དང་། མ་ལེ་གེ་ཞགས་དང་། སྙ་སྟེང་ངག་བཙན་དང་། སྐྱིན་བུ་མཆུ་དམར་དང་། ཐོམ་པོ་ནི་ཐོམ་ཆུང་དང་། བཙན་བདུད་ནི་ཡོར་པོ་དང་། སྟག་ཞུ་ནི་མཆེད་བཞི་དང་། རལ་པ་སྤྱི་བཅིངས་དང་། ལྐུག་མ་འཛུ་མུལ་དང་། ཟངས་པའོ་ཆེན་དང་། རུ་བདུད་གདུག་པ་དང་། དམུ་བདུད་གཏོར་དཀར་དང་། གཟའ་བདུད་ནི་རྔམ་པ་དང་། ཉི་བདུད་འོད་ཆེན་དང་། བདུད་རྒྱལ་ན་སྦྱིན་དང་། བདུད་ཡེ་བདུད་དམ་པ་དང་། མཚམས་བདུད་རོལ་པོ་དང་། ཤར་བདུད་དཀར་པོ་དང་། ལྷོ་བདུད་སྔོན་པོ་དང་། ནུབ་བདུད་དམར་པོ་དང་། བྱང་བདུད་ལྗང་སེར་དང་། དབུས་བདུད་ནག་པོ་དང་། རོལ་པོ་སྐྱ་དགུ་དང་། རོལ་པོ་སྐྱ་བདུད་དང་། རོལ་པོ་སྐྱ་ལྔ་དང་། རོལ་པོ་སྐྱ་གཅིག་དང་། རོལ་པོ་སྐྱ་གསུམ་པོ། རྣམ་བདུད་ནི་རོག་ཏི་དང་། ས་བདུད་ཡེར་པ་དང་། དམུ་བདུད་ནི་སྔོན་པོ་དང་། མེ་བདུད་དམར་པོ་དང་། བདུད་ཡམ་རྗེ་ནག་པོ་དང་། བདུད་རོལ་གདུག་པ་མ་རུངས་པ། སིལ་མ་སྟོང་གི་ཚོགས་དང་། དུར་བདུད་རེར་བ་དང་། བྲག་བདུད་ནག་པོ་དང་། སོ་བདུད་རོལ་པོ་དང་། བདུད་ཀྱི་སྒོ་བ་བཞི། བདུད་ཀྱི་འཕྲང་པ་བཞི། གྱིང་པ་བཞི་དང་། ཕྱག་གཉན་ཆེན་པོ་བཞི། བདུད་ཆེན་ནི་འཁོར་དང་བཅས། དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཟང་ཟིང་ལོངས་སྤྱོད་རྒྱན་དང་ལྡན། །རིམ་པས་བསྐུལ་ཞིང་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་བཅོས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནང་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར།རྒྱལ་པོ་ཆེན་པོ་སད་བཞི་དང་བཅས་པ་རང་རང་གིས་བཅོས་པའི་ལས་རྣམས་སྨྲས་སོ། །བདག་ཅག་རྣམས་ནི་གདུག་པ་ནད་ཀྱི་བདག་པོ་སྟེ། བདག་ཅག་རྣམས་ནི་བཅོས་པ་ན། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་དར་གྱི་གཞི་སྟེངས་སུ། །བྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་བྱས་ནས་སུ། །ཆ་གང་བཤོས་ནི་རི་རབ་གཟུགས། ཁ་དོག་རིགས་དང་མཐུན་པར་བྱ། །དྲི་ཞིམ་མཐུན་པས་བྱུགས་པར་བྱ། །རྩེ་ལ་ཏིང་ལོ་བཞི་ཡང་གཞག །ཞུགས་མར་མར་དང་ཐང་ཆུས་བགྱི། ཁྲག་དང་མར་གྱིས་བགྱི། །མཁྲིས་དང་མར་གྱིས་བགྱི། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྲོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་སད་དང་བཅས་པའི་ཡས་བསག་པའི་ལེའུ་སྟེ་དགུ་པའོ།། །།ཧུ༷། རྒྱལ་པོ་བྱང་ཆུབ་སེམས་དཔར་ཆ་མ་མཆིས། གཡའ་བལ་ནི་ཕ་ཡི་རྒྱུ། རྨ་བ་ལ་ནི་མ་ཡི་རྐྱེན། ཉ་ལྕིབས་ནི་མཚོ་ཡི་གོས། གཡའ་བལ་ནི་སྔོན་པོ་ནས། མི་འཚལ་དེ་དགུ་རུ་འཚལ། མཚམས་རྗེ་དེ་ལྟེ་འོ་རྩལ། རྒྱལ་མི་སྔོ་ནི་རྟ་རུ་སྔོ། གཡུ་མིག་ནི་ཁྱི་ལི་ལི། འབོག་གི་བགོ་འདྲེ་མཛད། སྨྱོ་བའི་སྨྱོ་འདྲེ་མཛད། ལག་པ་ནི་བཅོ་བརྒྱད་ལ། གཡུ་དང་མུ་མེན་ལག གློ་དང་སྙིང་ལ་འདེབས། སྨྱོ་དང་འབོག་པ་མཛད། ཆིབས་སུ་ཅི་ཆིབས་ན། གཡུ་རྟ་བྱ་རོག་གདོང་ནི་ཆིབས་སུ་ཆིབས། ནམ་གྱི་གུང་སྨད་རྒྱུ། གཡུ་མིག་སྔོན་པོ་རྒྱས། བུད་མེད་སྔོན་པོ་ལ། གཡའ་སྔོན་ཐུལ་པ་ཅན། ཕྱག་ན་ཅི་བསྣམས་ན། གཡུ་ཡི་མི་མོ་དང་། གཡུ་ཡི་སྦྲུལ་གཅིག་བསྣམས། འཁྲིས་དང་རྩིངས་ཀྱི་བདག སྔོ་མོ་འཁོར་བཅས་ཀྱང་། མཆོད་ཀྱིས་མ་ཉན་ཅིག སྨོས་ཀྱིས་མ་སྐྱོན་ཅིག །རྨའི་སྐུ་ཟེར་བ་རྨའི་འདོད་པ་མ་ལམ། ཆེ་བཟང་ནི་ཐང་ཤིང་ལ། རྨ་བྱ་མདོངས་ཀྱི་ན་བཟའ་གསོལ། དབུ་ལ་ནི་གཞའི་ཐོད། གཞའི་ཐོད་མ་ལགས་ཏེ། ནད་ཀྱི་དབུ་རྒྱན་ཅན། རྨ་ཐུལ་ནི་མ་ལགས་ཏེ། དུག་གི་རི་མོ་ཅན། ནམ་གྱི་གུང་སྟོད་ལ། སྔོན་དམར་སྦྲུལ་ལྟར་འཁྲིལ། བཙན་བདུད་ནི་ཀུན་གྱི་རྗེ། ཇོ་བོ་ནི་མ་བདུད་མ། ཞོལ་ཞོལ་ནི་སྒྲ་ཡི་གཟུགས། རྨ་བ་ཀྲི་ན་ཆེན་མོ་བདུན། རྨ་ཡི་ནི་སྐུ་ཟེར་ལ། རྨ་ཡི་ནི་མདོས་ལམ་ལམ། ཞོལ་ཞོལ་ནི་རྨ་རི་ཞོལ། བུད་མེད་ཀྱིས་སྟོང་ཁམས་ཁེངས། རྒྱ་ནད་མིག་སེར་ལ། གཞོགས་སྐམས་དང་ཁ་ཡོན་བདག་པོ་ལགས། ཕོ་ཉའི་ཕྱག་བརྙན་པ། ཞོལ་ཞོལ་སྒྲའི་གཟུགས། རྨ་བ་ཀྲ་ཆེའི་བདུད། མཆོད་ཀྱིས་མ་ཉན་ཅིག སྨོས་ཀྱིས་མ་སྐྱོན་ཅིག ཆུ་བལ་ཉ་ལྕིབས་ལ། མི་སེར་རྟ་སེར་བྱུང་། ཀླུ་བདུད་ཀུན་གྱི་རྒྱལ་པོ་སྟེ། སེར་བྲག་ནི་ཉི་མའི་མིག མི་སེར་རྟ་རུ་སེར། ཁོལ་བརྒྱད་ནི་རྗེ་དང་དགུ། མི་གཅིག་ལག་པ་བརྒྱད། སེར་དང་ཟོར་དང་བཅས། གཡུ་ཡི་འཕྲ་དང་བཅས། ཟངས་ཀྱི་མདུང་དང་བཅས། ཤེལ་གྱི་ནི་སྐྱོན་དང་བཅས། ཟངས་ཀྱི་ཁྲི་དང་བཅས། ལྕགས་ཀྱི་མདའ་དང་བཅས། ཞགས་པ་བདུན་དང་བཅས། རྗེ་བཅས་ཁོལ་དུ་ཡང་བཅས། རྗེ་མཆོད་ན་ཁོལ་ཡང་མཉེས། སྔ་རུ་ཡང་མ་མཆོད་དེ། ད་རུང་ཡང་མཆོད་མི་འཚལ། མི་འཚལ་བའི་དབང་མ་མཆིས། རྡོ་རྗེ་ནི་བགེགས་པ་ཡིས། ཉི་འཆར་ཟླ་ཡང་འཆརའཆར་བ་ནི་ས་ལས་འཆར ཆར་འབེབས་ནི་ས་འབབ་ཀྱང་ བབ་པ་ས་ལ་འབབ། ཆོ་གཅིག་རྒྱལ་གྱི་ཆོ་འཕྲང་ཅིག་ན་རྒྱལ་གྱི་འབྲང་། ཕོ་བརྒྱ་ནི་ཕྱག་འཚལ་ནི། གླ་བ་སྤོས་ཀྱིས་བྲོས་དེ་མཆོད། བཅུ་གང་ག་པུར་གྱིས་མཆོད། མོ་བརྒྱ་ཕྱག་འཚལ་ན། གཡར་མོ་ཀྱུགས་ཀྱི་ཞོ། གཡག་དཀར་བཙོས་ཀྱི་བདག མེ་ཏོག་སྣ་དགུས་མཆོད། རྒྱལ་པོ་ཅིར་རྫུན། རྒྱལ་པོ་གཟའ་རུ་རྫུ། ལྷ་དཀར་ནི་པ་ཝ་སངས། གཟའ་ཆེན་ནི་དགུ་ཡིས་བསྐོར། རྫུ་ཡང་ནི་ཅིར་རྫུ་ན། གསེར་གྱི་ཉི་མ་དགུ་རུ་རྫུ། ཤེལ་གྱི་ཟླ་བ་དགུ་རུ་རྫུ། གཡུ་ཡི་ཉི་མ་དགུ་རུ་རྫུ། ཟླ་བ་ཕྱག་འཚལ་ན། བདུད་དུ་མ་འབབ་ཅིག ཉི་མ་ཕྱག་འཚལ་ན། གཤེད་ལ་མ་འབབ་ཅིག ནུབ་ཀྱི་དཀར་པོ་པ་ཝ་སངས། རྒྱལ་པོ་ཅིར་རྫུ་ན། གནམ་ལྷ་དཀར་པོ་སྐྲུན་དགུར་རྫུ། དུང་ཐུལ་དཀར་པོ་ལ། མཚལ་གྱི་ཉ་མིག་ཅན། གཡུ་ཡི་གཞའ་རིས་ལ། དར་གྱི་བྱ་ཕུར་རོ། །ཕྱག་ན་ཅི་བསྣམས་ན། ཤེལ་གྱི་གླིང་བུ་བསྣམས། དུང་གི་པི་ཝང་བསྣམས། གནམ་གྱི་ལྷ་ལ་གླུད་འབུལ་ལོ། །རྒྱལ་པོ་ཅིར་རྫུ་ན། གསེར་གྱི་ཁྱུང་ཆེན་དགུ་རུ་རྫུ། མེ་ཡི་གཤོག་པ་ཅན། གཡུ་ཐབས་གློག་ཏུ་འགྱུ། ཁྲོས་ན་འབྲུག་ཏུ་རྫུ། གཡུ་འབྲུག་གདུག་པ་ཅན། ཕ་རྡབས་ན་གསེར་གྱི་སེར་བ་འབབ། ཁ་ནས་རྨུ་ལྕགས་ཐོག་ཡང་འཕྲོ། འདབ་ཆགས་ནི་སྟོང་ཚོགས་ཀྱང་། ཁྱུང་ལས་ནི་མཉན་མ་མཆིས། ཅིར་རྫུ་ཅིར་སྤྲུལ་ཡང་། མཆོད་དོ་ཁྱུང་ལ་མཆོད། རྒྱལ་པོ་ཅིར་རྫུ་ན། གཡུ་ཡི་ནི་སེང་གེ་ལ། འོད་ཀྱི་རལ་པ་ཅན། ཁ་ནས་བདུད་རྩི་འཛག སྣ་ནས་རྨུ་ཐག་བརྐྱངས། གཅན་གཟན་སྟོང་ཚོགས་ཀྱང་། སེང་གེ་ལས་གཉན་མ་མཆིས། གངས་རི་སེངས་པ་སད། རྒྱལ་པོ་ཅིར་རྫུ་ན།གཡུ་འབྲུག་ནི་སྔོན་པོ་ལ། ཆུ་མིག་ནི་དགུ་ཡི་བདག ཁོང་ནས་ནི་མཆོད་དགུ་འཁྱིལ། སྤྱན་ས་ནི་མཛེ་དགུ་སྟེང་། ཀླུ་བྲན་སྟོང་གིས་བསྐོར། ཀླུ་རྗེ་རྒྱལ་བར་རྫུ། འབྲི་དཀར་འོ་མས་མཆོད། མཆོད་དོ་ནི་སྤྲུལ་སྤང་སང་། ཀླུ་རྗེ་སྤྲུལ་པ་སད། རྒྱལ་པོ་ཅིར་རྫུ་ན། གཉན་རྗེ་ནི་དུང་ལེ་རྗེ། ས་བདག་ནི་སྟོང་གིས་བསྐོར། གཉན་ལག་རྒྱལ་པོའི་བདག གཉན་འབྲུག་བདུད་ཀྱི་རྗེ། གཉན་རྗེ་གང་པ་སད། སད་ཆེན་བཞི་ལ་གླུད་འབུལ་ལོ། །ཞེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་སད་དང་བཅས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། མ་བདུད་བཅུ་གསུམ་གྱིས་བསྐོར་བ་དང་ཕྱག་འཚལ་ནས། རང་རང་གི་ལས་འདི་རྣམས་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ན། །གསང་བདག་ཏིང་འཛིན་ལྡན་པ་དེས། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་ན་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་གཟུགས། ཁ་དོག་འདྲ་འབག་རིགས་དང་བསྟུན། །དེ་ནས་བསམ་ཤིང་ནམ་མཁའི་གུར། །འབྱུང་བ་དར་གྱིས་བརྒྱན་པའོ། །བྱ་དང་བཤོས་བུ་བཅུ་གསུམ་སྟེ། །འབྲང་རྒྱས་ཡང་ནི་དེ་བཞིན་བྱ། །དེ་ལྟར་བྱས་ལ་བརྒྱན་པ་སྟེ། །ནམ་མཁའ་བཅུ་གསུམ་མདའ་དང་བཅས། །དེ་ལྟར་རི་རབ་དེ་ལ་གཟུགས། །ཡས་ནི་རྫས་དང་མཐུན་པ་སྟེ། ཁྲ་ཁྲག་ཕུད་དང་བཅས་པས་བརྒྱན། །མཛོ་རྟོལ་དྲེའུ་རྔ་མོ་བོང་བུ་དང་། །ནད་རྐྱལ་མཚོན་དྲུག་དགྲ་ཁྲམ་ཤིང་དང་། །གདུག་པའི་རྫས་རྣམས་རིམ་པས་གདག །དེ་ལྷར་རྫས་རྣམས་ཀུན་གྱིས་བརྒྱན། །རིམ་པས་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོའི་ཡས་བསག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།བདུད་མོ་ཆེན་མོ་མ་རུངས་མ། །མ་བདུད་བཅུ་གསུམ་གདུག་པ་ཅན། །གདུག་པའི་མ་བདུད་མ་རུངས་པ། ཁྱེད་ནི་ནད་ཡམས་ཀུན་གྱི་བདག །སྲིད་པའི་ནད་བདག་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །མ་བདུད་གདུག་པ་མ་རུངས་པ། །བདུད་ཡུལ་ནག་པོ་ཕ་གི་ན། །ཡུལ་དང་ཁྲི་རུངས་ཆེན་ན། །བདུད་ཀྱི་བྱ་ནག་དི་རི་རི། ཁྲག་གི་གྲུ་ཆར་སི་ལི་ལི། །ལྕེ་སྤྱང་ཀང་ཀ་ཚོགས་ནི་དི་རི་རི། །གདུག་པའི་གཅན་གཟན་དི་རི་རི། །དེ་ན་བདུད་མཁར་ལྡེམས་སེ་ལྡེམས། །མི་བདུད་སྡུག་པ་ཐོད་རུས་མཁར། །ཐོད་པའི་མཁར་ཆེན་ལྡེམ་པ་ན། །མ་བདུད་ཆེན་མོ་བཅུ་གསུམ་བཞུགས། །བདུད་མོ་ནག་མོ་བོང་ཞོན་མ། །མཐིག་ནག་རལ་པ་ཅན་ཏེ་སྟོང་གསུམ་རྒྱུག །སྲིད་པ་ཡོངས་ལ་དབང་བྱེད་མ། །ཤ་ཟ་ཁྲག་འཐུང་རལ་པ་ཅན། །གདུག་པའི་ཆ་བྱད་དུར་ཁྲོད་ཆས། །སྲིད་པ་ཡོངས་ལ་དབང་སྒྱུར་མ། །དབང་སྒྱུར་ནད་ཀྱི་བདག་མོ་ཁྱོད། །སྲིད་པ་ཀུན་གྱི་ཉུལ་ལེ་མ། །སྐྱེ་འགྲོ་ཀུན་གྱི་དབུགས་ལེན་མ། །བདུད་མོ་བརྒྱ་བྱིན་ཀུན་དགའ་མོ། །གདུག་པའི་ལུས་ལ་སྲིད་པའི་བདག །རལ་པ་ཅན་ལ་གདུག་བྱེད་མ། །བདུད་མོ་ཀུན་གྱི་གཙོ་མོ་སྟེ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་ཆེན་མོ་མ་རུངས་པ། །མཐིང་ནག་འབར་བའི་སྐུ་ལུས་ལ། །རལ་པ་གསིགས་ཤིག་མཆེ་བ་གཙིགས། །རལ་པ་འབར་བ་སྤྲུགས་པའི་ཚེ། །སྲིད་པ་ཀུན་ཡང་འདར་ཞིང་གཡོ། །ལ་ལ་འབུམ་བརྒྱས་གདུག་ཅིང་གཡོ། །ཆིབས་སུ་རྔ་མོ་ག་པ་བཅིབས། །པར་བུ་ཁྲག་གིས་གང་བ་བསྣམས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་ཆེན་མོ་གཡུ་བུན་མ། །སྔོན་མོ་རལ་པའི་ཟར་བུ་ཅན། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །གདུག་པའི་ལས་ལ་རྔམ་སྟབས་ཅན། །ཆིབས་སུ་གཡུ་ཡི་མཛོ་མོ་ཆིབས། །རྔམ་པའི་ལུས་ལ་གདུག་པ་ཅན། །དེ་རིང་སྲིད་པའི་མདོས་ལ་སྨྱོན། །གདུག་པའི་ཆ་བྱེད་མ་རུང་འཁོར། །སྲིན་མོའི་མགོ་ལ་བདུད་མོའི་གཟུགས། །མཐིང་ནག་འབར་བའི་རལ་ཀ་གསོལ། །རྔམ་ཆེན་སྦྲུལ་པ་འགྱེད་པ་སྟེ། ཁ་ནས་ཁྲག་གི་མདའ་འཕེན་མ། །རྔམ་སྟབས་ཅན་ལ་སྤྲུལ་པ་འགྱེད། །ནད་རྐྱལ་ཁུར་ནས་སྟོང་གསུམ་འགེངས། །སྣ་ནས་འཚུབ་མ་གཏོད་པར་བྱེད། །སྙན་ནས་འཇིགས་པའི་སྒྲ་སྒྲོགས་མ། །བདུད་མོ་མ་རུང་གདུག་པ་ཅན། །རིན་ཆེན་འབར་བའི་རྒྱན་སྤྲས་མ། །དྲེལ་འུ་འུ་རོ་ན་ཆིབས་སུ་ཆིབས། །སྔོན་དམར་མཚོན་གྱི་ཞགས་འཕེན་མ། ཁྱོད་ནི་གདུག་པའི་ནད་བདག་སྟེ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་དེ་ཡི་གཅུང་མོ་ནི། །བདུད་མོ་ལུས་ལ་ཁྲག་མིག་མ། །ཞིང་ལྤགས་གཡང་གཞི་གོས་སུ་གོན། ཁྲག་གི་ཕོར་པ་ལག་ན་ཐོགས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སྲིད་པ་ཡོངས་ལ་དབང་བྱེད་མ། །གཡོན་ན་བ་དན་རྩེ་གསུམ་བསྣམས། །གདུག་པ་མོས་ཏེ་སྲིད་པར་རྒྱུག །སྲིད་པ་ཡོངས་ལ་དབང་སྒྱུར་མ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་དེ་ཡི་གཅུང་མོ་ནི། །གདུག་པ་མོ་སྟེ་སྔགས་པའི་གཟུགས། །དམར་མོ་ལུས་ལ་ཞིང་ལྤགས་གོན། །གཡས་པ་གྲི་ལ་གཡོན་པ་ཐོད་པ་ཁྱེར། ཁ་ནས་ཁྲག་མདའ་འཕེན་པར་བྱེད། །མིག་ནས་མེ་ཡི་ཚུབ་མ་གཏོང་། །སྣ་ནས་རླུང་གི་ཚུབ་མ་གཏོང་། །སྲིད་པར་རྒྱུག་གྱིན་སྐྱེ་འགྲོ་སྒྲོལ། །གདུག་བྱེད་ཆེན་མོ་མདོས་འདི་ལོང་། །བདུད་མོ་དེ་ཡི་གཅུང་མ་ནི། །ཆུ་བདུད་སྔོན་མོ་ཟིལ་པ་ཅན། །སྔོན་མོ་གཡུ་འོད་འབར་བ་སྟེ། །གདུག་བྱེད་མ་རུངས་ནད་བདག་མོ། །ཆུ་དར་སྔོན་མོ་གོས་སུ་གོན། །ལག་ན་བར་བུ་ནད་རྐྱལ་བསྣམས། །ཆིབས་སུ་ཆུ་རྟ་གཞུང་ཆེན་ཆིབས། །ཆུ་རྟ་དེ་ནི་གཞུང་ཆེན་ལ། ཁུ།་དང་གཟིངས་ཀྱི་སྒ་གཏད་མ། །ཆུ་དེ་ཡི་སྟེང་ཤེད་ན། །དར་ཁྲ་སྔོན་མོ་གུར་དུ་ཕུག །གུར་ཆེན་དེ་ཡི་སྟེང་ཤེད་ན། །སྲིད་པའི་བདག་མོ་མ་རུངས་མ། །མཐིང་ནག་བྱ་ནག་ཆར་དུ་འབེབས། །དོམ་དང་ཀྱུང་ཀ་ཏ་ར་ར། གདུག་པ་ལུས་ཅན་མ་རུངས་པ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །མེ་བདུད་དམར་མོ་རལ་པ་ཅན། །རལ་ཅན་མ་རུངས་པ། རལ་པ་ཅན་ལ་མེ་འོད་འཕྲོ། སྲིད་པ་ཡོངས་ལ་དབང་སྒྱུར་མ། །གདུག་པ་ནད་ཀྱི་བདག་མོ་སྟེ། ཟས་སུ་སྲིད་པའི་ཤ་ལ་ཟ། སྐོམ་དུ་སྲིད་པའི་ཁྲག་ལ་འཐུང་། སྲིད་པ་ཡོངས་ལ་དབང་སྒྱུར་མ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་མ་རུངས་གདུག་པ་ཅན། །མཐིང་ནག་འབར་བའི་བདུད་མོ་སྟེ། །བདུད་མོ་རལ་ཅན་འཁོར་པ་མོ། བདུད་མོ་མཁའ་ལ་རྔམ་བི་བྱེད། །མིང་ནི་བདུད་མོ་མཚོ་སྐམས་མ། །རྔམ་བྱེད་ཆེན་མོ་མདོས་ལ་སྤྱོན། །སྲིད་པ་ཀུན་ལ་དབང་བྱེད་མ། །བདུད་མོ་སེར་སྐྱ་དང་མ་འབྱིན། །གཡག་གི་པགས་པ་གོས་སུ་གོན། །གཡས་ན་ཁྲམ་བམ་ནག་པོ་བསྣམས། །གཡོན་ན་བན་དྷ་ཁྲག་དང་བཅས། །གདུག་པའི་ལུས་ཅན་མ་རུངས་པ། །ཆིབས་སུ་རྔ་མོ་ག་པ་ཆིབས། །སྐྱེ་འགྲོ་ཀུན་ལ་ནད་གཏོང་མ། །བདུད་མོ་གདུག་བྱེད་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་མ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བདུད་མོ་ཆེན་མོ་གདུག་པ་ཅན། །གདུག་བྱེད་མ་རུངས་ནད་ཀྱི་བདག །བདུད་མོ་སྔོན་མོ་རལ་ཟེར་ཅན། །སྐུ་ལ་གཡུ་ཡི་ཐུལ་པ་གསོལ། །རལ་པ་གསིགས་པས་སྲིད་པ་སྒྲོལ། །བདུད་མོ་མ་རུངས་གདུག་པ་ཅན། །བདུད་མོ་ཆེན་མོ་སྤྲུལ་པའི་གཙོ། །གདུག་བྱེད་ནག་མོ་མ་རུངས་མ། །ལ་ལ་ཤ་ཟ་ཁྲག་འཐུང་རལ་པ་ཅན། །ལ་ལ་གདུག་བྱེད་ཧལ་བྱེད་མ། །མཐིང་ནག་འབར་བ་སྲིད་པ་འཇོམས། །བན་དྷ་ཐོད་ཁྲག་རྡེབས་བྱེད་མ། །སྲིད་པ་ཡོངས་ལ་དབང་སྒྱུར་མ། །ལ་ལ་མེ་བདུད་དམར་པོ་རལ་པ་ཅན། །རལ་པ་དམར་པོ་སི་ལི་ལི། །མེ་འོད་དམར་པོ་ལྟག་ནས་འཕེན། །བདུད་མོ་ཆེན་མོ་དྲག་ཤུལ་ཅན། །དེ་རིང་སྲིད་པའི་མདོས་འདི་བཞེས། །གདུག་བྱེད་སྤྲུལ་པ་ཁྱབ་བྱེད་མ། །སྨུག་ནག་འབར་བའི་ལུས་པོ་ལ། ཁྲག་གི་རེ་ལྡེ་དམར་པོ་གསོལ། །ཕྱག་ན་གདུག་པའི་མདུང་རིངས་དང་། །གཡོན་པ་བན་དྷ་ཐོད་ཁྲག་རྡེབས། །གདུག་བྱེད་ནག་མོ་མདོས་འདི་བཞེས། །བདུད་མོ་ཆེན་མོ་ཤམ་ཤམ་མོ། །དུར་ཁྲོད་གླིང་དུ་གནས་བཅས་ནས། །སྲིད་པ་ཡོངས་ལ་སྒྲོལ་བྱེད་མ། ཁྱབ་བྱེད་གདུག་པ་མི་སྲུན་མ། །མིག་ནས་མེ་འབར་ཁ་ནས་ཁྲག་འཐོར་མ། །དེ་རིང་སྲིད་པའི་མདོས་འདི་བཞེས། །བདུད་མོ་ཆེན་མོ་མ་རུངས་མ། །སྲིད་པ་ཡོངས་ལ་དབང་བྱེད་མ། །དམར་ནག་རལ་པས་སྟོང་གསུམ་འགེབས། །ལག་ན་ཐོད་པའི་མདའ་འཕེན་མ། །སྒྱུགས་པ་གླུ་ལེན་ཁྲེལ་བའི་བཞད་མོས་འདེབས། །སྲོ་ག་ཟན་ནག་མོ་མདོས་འདི་བཞེས། །གདུག་པའི་ནད་བདག་མ་རུངས་པ། །སྲིད་པ་ཡོངས་ལ་དབང་སྒྱུར་མ། །སྐུ་ལུས་སེར་ནག་འཁྱིལ་པ་ལ། །གཡས་ན་ཐོད་པ་གཡོན་ན་མདུང་དམར་ཁྱེར། །མི་ཡི་གཡང་གཞི་གོས་སུ་གོན། །དེ་རིང་སྲིད་པའི་མདོས་འདི་བཞེས། །བདུད་མོ་ཆེན་མོ་མ་རུངས་མ། །སྐུ་ནི་ལྗང་ནག་འབར་བ་ལ། །གདུག་པོ་རལ་གཙིགས་མཆེ་བ་གཙིགས། །སྐྱེ་འགྲོ་སྐེག་གི་ཁྲམ་ཤིང་གཡས། །ནད་ལྔ་མཚོན་གྱི་གྲུ་གུ་གཡོན། །སྲིད་པ་བསྒྱུར་ཅིང་སྐྱེ་འགྲོ་སྒྲོལ། །དེ་རིང་སྲིད་པའི་མདོས་འདི་བཞེས། །གདུག་པའི་བདུད་མོ་མ་རུངས་པ། །བདུད་མོ་ཆེན་མོ་སྤྲུལ་པའི་གཙོ། །ལ་ལ་ལྗང་ནག་དར་ནག་ཅན། །ལ་ལ་སེར་མོ་ཁྲིས་ཐོར་མ། །ལ་ལ་དམར་མོ་ནད་གཏོང་མ། །ལ་ལ་སྔོན་མོ་གདུག་བྱེད་མ། །ལ་ལ་དཀར་པོ་དུང་སྤྱོ་མ། །མ་བདུད་ཆེན་མོ་བཅུ་གསུམ་སྟེ། །དེ་རིང་སྲིད་པའི་མདོས་འདི་བཞེས། །བདུད་མོ་དེ་ནི་སྟོང་གི་ཚོགས། །སྲིད་པ་ཡོངས་ལ་དབང་བྱེད་མ། །ལ་ལ་བདུད་མོ་ཧལ་ཆེན་མ། །ལ་ལ་སྨན་མོ་ནད་གཏོང་མ། །ལ་ལ་བདུད་བྱེད་ཕུང་སྦོམ་མ། །ལ་ལ་སེནམོ་རྒྱུག་འགྲོ་མ། །ལ་ལ་ཐབ་དང་གཞོབ་འདྲེ་མ། །གདུག་པའི་བདུད་མོ་འཁོར་དང་བཅས། །རི་རབ་ནི་འབྱུང་བ་རྟེན་པའི་ཚུལ། །ནམ་མཁའ་ཡུལ་ལ་མདའ་ནི་མཁར། །འདི་ཡང་སྲིད་པའི་མདོས་སུ་བསྔོ། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་མདོས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་རྣམས་ཀྱིས་རང་རང་གིས་བཅོས་པའི་ལས་འདི་རྣམས་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ན། །གསང་བའི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིག ཁ་དོག་རིགས་ཏེ་ནམ་མཁའི་གུར། །དཔག་བསམ་ཤིང་དང་ནམ་མཁའིགུར། །ནམ་མཁའ་རིགས་བསྟུན་རྩ་གཅིག་གཟུགས། །གྲུབ་པའི་བཤོས་བུ་ལྔ་མཁར་ཐབས་མདའ་ཡིས་བརྒྱན་པར་བྱ། ཟུར་གསུམ་ཉི་ཤུ་རྩ་གཅིག་ལ། མཛེས་པའི་ནམ་མཁའ་ཉི་ཤུ་གཅིག ར་ལུག་ཤ་བ་དགོ་བ་དང་། བྱ་དང་ཁྱི་ལ་སོགས་པ་བསག ཕུད་དང་གཙང་མ་རིན་ཆེན་ལྔ། །དམར་པོ་དར་གྱིས་བརྒྱན་པའོ། །འབྲུ་སྣ་ལ་སོགས་བསག་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་རྫས་བསག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཧུ༷། རྒྱལ་པོ་ཆེན་པོ་བཙན་གྱི་འཁོར། །བཙན་ནི་སྟོང་དང་བཙས། བཙན་ལས་ནི་གཉན་མ་མཆིས ཁ་དྲག་ནི་བདུད་ལས་རྒོལ། མཆུ་ཆེན་ནི་ཆ་ལས་དགུ །དོ་སྔོ་རྒྱ་ལ་སྔོ། འགྲན་འཚོལ་ཀླུ་ལ་འཚོལ། བཙན་ཡུལ་ཕ་གི་ན། དོ་གསུམ་འོད་ཆེན་ན། ཟངས་མཁར་དམར་པོ་ལྡེམས་སེ་ལྡེམས། བྱུ་རུ་ཁ་བད་ཁྱི་ལི་ལི། དུང་གི་སྒོ་མོ་ཐམས་སེ་ཐམས། དེ་ཡི་ནང་ཤེད་ན། སྤྱི་བཙན་ཁ་བཞི་མིག་བརྒྱད་པ། སྐུ་ལ་དར་བེར་དམར་པོ་གསོལ། དབུ་ལ་བསེ་ཡི་རྨོག་ཞུ་གསོལ། ཕྱག་ན་བསེ་གཞུ་བསེ་མདའ་བསྣམས། ཆིབས་སུ་བསེ་རྟ་དམར་པོ་ཆིབས། ཁ་བཞི་པ་ལ་མིག་བརྒྱད་པ། བྲལ་སྣང་ཁ་གཅིག་མིག་གཉིས་པ། །ལྟག་ནས་ཁ་གཅིག་མིག་གཉིས་བྱུང་། གཡས་ན་ཁ་གཅིག་མིག་གཉིས་པ། གཡོན་ན་ཁ་གཅིག་མིག་གཉིས་པ། གདུག་པའི་བཙན་ཆེན་མ་རུངས་པ། འཁོར་ནི་བཙན་འཕྲན་སྟོང་གིས་བསྐོར། ཁྲག་གཟེར་དམར་པོ་མདའ་ལྟར་འཕེན། གཟེར་ནད་གཏོང་བར་བྱེད་པའོ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། འབྱུང་བ་ལྔའི་བཙན་ནི། མི་དཀར་རྟ་རུ་དཀར། ཉི་མ་ཤར་གྱི་བཙན། ས་དང་རླུད་གི་བུ། དུང་མཁར་དཀར་པོའི་ནང་ན་གནས། དུང་མདའ་དུང་གཞུ་ཕྱག་ན་བསྣམས། ཞགས་དཀར་ནི་མདའ་ལྟར་འཕེན། །འཁོར་ཡང་དྲི་ཟ་སྟོང་དང་བཅས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཉི་མ་ལྷ་་ཡི་བཙན། མེ་དང་དྲོད་ཀྱི་བུ། བཙན་སྔོ་རྟ་རུ་སྔོ། གནམ་སྔོ་མཆོག་ཏུ་སྔོ། མཆོག་དཀར་དྲ་རུ་བཅས། ཞགས་པ་མདའ་དང་བཅས། ལྕགས་མཁར་སྔོན་མོ་ནང་ན་བཞུགས། གདུག་པའི་བྱ་དང་ཁྱི། ལྷོ་བཙན་སྟོང་ལ་དབང་སྒྱུར་རོ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། ཉི་མ་ནུབ་ཀྱི་བཙན། ཆུ་དང་བརླན་གྱི་བུ། བན་དམར་ནི་རྟ་རུ་དམར། ཞགས་དང་མདའ་རུ་ཆས། བསེ་བྱ་ལིང་ངེ་ལང་། བསེ་ཁྱི་ནི་ཀང་ཀེ་ཀང་། གཞུ་མོ་དགྲ་དང་བཅས། ཞགས་པ་མདའ་དང་བཅས། ཀླུ་བཙན་སྟོང་ལ་དབང་སྒྱུར་རོ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། ཉི་མ་བྱང་གི་བཙན། འབྱུང་བ་རླུད་གི་བུ། བཙན་སྔོ་རྟ་རུ་སྔོ། གཡུ་མཁར་སྔོན་པོ་དེ་ན་གནས། དེ་རིང་སྲིད་པའི་མདོས་ལ་སྤྱོན། ཉི་མ་དབུས་ཀྱི་བཙན། འབྱུང་བ་རྣམས་ཀྱི་བུ། བཙན་སྨུག་རྟ་རུ་སྨུག མདའ་དང་གཞུ་རུ་སྨུག མཆོང་དཀར་སྨུག་པའི་ནང་ན་གནས།གདུག་པའི་སྒྲ་སྐད་དི་རི་རི། དབུས་བཙན་འབུམ་དང་བཅས། དབུས་བཙན་སྟོང་ལ་དབང་སྒྱུར་རོ། །དེ་རིང་སྲིད་པའི་མདོས་ལ་དབང་། བཙན་རོལ་པོ་རྐྱ་དགུ་དང་། རོལ་པོ་རྐྱ་བདུན་དང་། རོལ་པོ་རྐྱ་ལྔ་དང་། ཡ་མ་རྒྱ་ཚོགས་རྣམས། གདུག་པའི་ན་བཟའ་སྐུ་ལ་གསོལ། བསེ་ཕུབ་རེ་རེ་རྒྱབ་ན་ཁུར། །ཕྱག་ན་བསེ་མདའ་བསེ་གཞུ་བསྣམས། །མཚོན་གྱི་ཞགས་པ་བསྣམས་པ་སྟེ། །ན་བཟའ་མཛེས་དང་ལྡན། ཆིབས་སུ་བཙན་རྟ་རེ་རེ་ཆིབས། སྐྱེས་བུ་བཙན་ཆེན་པོ། རིན་ཆེན་རྒྱན་དང་ལྡན། དུང་མཚོ་དག་ལ་རྒྱུ་བ་སྟེ། གང་ལ་ཕྲད་པར་མཚོན་ཞགས་འདེབས། ་།ད་ཀྱིས་ཁ་ཡང་འཐོར། ཟེར་ནད་གཏོང་བའི་བདག དེ་རིང་སྲིད་པའི་མདོས་ལ་སྤྱོན། བཙན་གྱི་རྒྱལ་པོ་བ། གནམ་བཙན་འཕྲུལ་དུ་རྗེ། སྔོན་པོ་ཞགས་པ་ཐོགས། གངས་བཙན་རུམ་བུ་རྗེ། བཙན་དཀར་རྟ་རུ་དཀར། གདུག་པ་གང་རུམ་རྗེ། སྤང་བཙན་མི་སེར་རྟ་རུ་སེར། གཡའ་བཙན་མི་སྔོ་རྟ་རུ་སྔོ། གདུག་པ་ཁ་རུམ་རྗེ། བཙན་ཆེན་ནི་སྟོང་དང་ཆས། འབྱུང་བ་བྲག་གི་བཙན། གནས་པ་བྲག་དམར་ལོགས་ལ་གནས། རིན་ཆེན་འབར་བའི་བྲག་ཕུག་ན། །བསེ་སྒོ་ནི་དམར་པོ་གསལ། གཡས་ན་ཕུར་འཕང་ཅན། གཡོན་ནི་ཆོ་ལོང་རིས། དུང་གི་ར་གཞི་ཅན། དེ་ཡི་ནང་ཤེད་ན། བྲག་བཙན་དམར་པོ་བཞུགས། བཙན་དམར་རྟ་དམར་ཏེ། རིན་ཆེན་སྣ་ལྔ་རྒྱན་གྱིས་སྤྲས། །བསེ་མདའ་བསེ་གཞུ་དང་། ཞགས་པ་དམར་པོ་འཕེན། སྐྱེ་འགྲོ་མ་ལུས་སྒྲོལ། གཟེར་བའི་ནད་ཀྱང་འབེབས། །ལྟས་ངན་ནི་བྱང་ན་འབེབས། སྤྲུལ་པ་བཙན་ཕྲན་སྟོང་། དེ་རིང་སྲིད་པའི་མདོས་ལ་སྤྱོན། བཙན་གྱི་རྒྱལ་པོ་བསེ་བཙན་བུ་རྗེ། འབྱུང་བ་ས་ལ་དབང་སྒྱུར་རོ། །རྨུ་བཙན་ནི་རོལ་པོ་དང་། བསེ་བཙན་རོལ་པོ་དང་། སྐྱེས་བུ་ནི་ལུང་བཙན་དང་། སྤང་བཙན་ཐོད་དཀར་དང་། དུ་ར་ར་ཙེ་དང་། ཨ་མི་གཏེར་དང་ཧུ༷་མི་གཏེར། ཁྱེད་རྣམས་བཙན་གྱི་རྒྱལ་པོ་སྟེ། མ་ཐོགས་གླུད་ལ་སྤྱོན། སྐྱེས་བུ་ནི་ལུང་བཙན་དེ། དམག་གི་དཔུང་ཆེན་པོ། བཙན་ཡུལ་ནི་རལ་གསུམ་ན། བསེ་མཁར་དམར་པོ་ལྡེམས་སེ་ལྡེམས། གཡུ་ཡི་ཁ་བད་ཁྱི་ལི་ལི། དེ་ན་སྐྱེས་བུ་ཆེན་པོ་བཞུགས། སྲིད་པའི་བཙན་ཆེན་དང་། དམག་དཔུང་ནི་སྟོང་དང་བཅས། ཁྲག་གཟེར་ནད་གཟེར་འབེབས་པའི་བདག་པོ་སྟེ། བཙན་འཁོར་ནི་སྟོང་སྡེ་དང་། སྲིད་པའི་མདོས་ལ་སྤྱོན། སེ་ཡུལ་རུས་གསུམ་ན། སེ་བཙན་རོལ་པོ་བཞུགས། མཆོད་དཀར་སྨུག་པོ་ལྡེམས་སེ་ལྡེམས། གཡུ་ཡི་ཁ་བད་ཁྱི་ལི་ལི། དེ་ཡི་ནང་ཤེད་ན། སེ་བཙན་རོལ་པོ་བཞུགས། བཙན་སྨུག་རྟ་རུ་སྨུག ཞགས་པ་མདའ་ལྟར་འཕེན། གདུག་པའི་བཙན་ཆེན་འཁོར་དང་བཅས། མདུང་རིངས་ཕྱག་ན་བསྣམས། བཙན་དམག་སྟོང་དང་བཅས། སྲིད་པའི་མདོས་ལ་སྤྱོན། ཡུལ་དང་བཙན་ཡུལ་འོད་མ་ཚལ། དེ་ན་བཙན་ཆེན་རྒྱལ་བ་བཞི། བཙན་གྱི་ལུས་ལ་གཡག་གི་མགོལག་ན་ཤིང་རིངས་གདུག་པ་ཐོགས། ཁ་ནས་ཁྲག་གཟེར་མདའ་ལྟར་འཕེན། སྤྲུལ་པ་ནི་མང་པོ་བཀྱེ། གདུག་པའི་ལུས་ལ་ཆོ་འཕྲུལ་ཅན། བཙན་གྱི་ལུས་ལ་གླང་གི་མགོ ཁེང་ལོ་ནི་གོས་སུ་གོན། ་༑་རྡེ་འུ་ནི་ཕྱག་ན་བསྣམས། ཁྲགས་ཁྲག་གི་ཟེར་འཕེན་མ། སྤྲུལ་པ་མང་པོ་འགྱེད། བཙན་མིའི་ལུས་ལ་ལུག་གི་མགོ །དར་དེ་གོས་སུ་གོན། ཕྱག་ན་རུ་མཚོན་འཕྱར། གདུག་པའི་འཁོར་དང་བཅས། སྲིད་པའི་མདོས་ལ་སྤྱོན། རྒྱལ་གྱི་རྒྱལ་པོ་བ། མི་ལུས་བྱའི་མགོ་བོ་ཅན། སྲིད་པའི་མདོས་ལ་སྤྱོན། ཀླུ་བཙན་མཆེད་དེ་གསུམ། ཀླུ་བཙན་སེར་པོ་དང་། ཀླུ་བཙན་དམར་པོ་དང་། ཀླུ་བཙན་ནག་པོ་དང་། སྲིད་པའི་མདོས་ལ་སྤྱོན།དུར་བཙན་ཁྲ་བོ་དང་། དྲི་བཙན་དམར་པོ་དང་། སིལ་མ་སྟོང་གི་ཚོགས། གནས་ཀྱང་འབྱུང་བ་ལྔ་ལ་གནས། སྐྱེད་ཀྱང་འབྱུང་བ་ལྔ་ལས་སྐྱེད། སྡུད་ཀྱང་འབྱུང་བ་ལྔ་ལས་སྡུད། ད་ནི་སྲིད་པའི་མདོས་འདི་བཞེས།གཟུགས་བརྙན་སྐུ་ཡི་གླུད། ཟང་ཟིང་མང་པོ་ལོངས་སྤྱོད་གླུད། སྒྲ་སྙན་མང་པོ་གསུང་གི་ཟླུད། མདངས་ལྡན་སེམས་ཀྱི་གླུད། རིན་ཆེན་ལྔ་གཏེར་གྱི་བདག མདའ་བཀྲ་སྐུ་ཡི་རྟེན། ནམ་མཁའ་ཡུལ་གྱི་གླུད། ཅེས་རིམ་པས་སྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བཅོས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་སྲོག་བདག་མཆེད་བཞིས་རང་གིས་བཅོས་པའི་ལས་འདི་རྣམས་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །རས་དཀར་གཙང་མའི་གཞི་སྟེངས་སུ། །འབྲུ་སྣ་བཅུད་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པཚུལབཞིནབྱ། །དེལ༄༅ རི་རབ་ཆེན་པོ་བརྩིག །དཔག་བསམ་ཤིང་དང་ལྡན་པའི་གུར། །འབྱུང་བ་དར་གྱིས་བརྒྱན་པའོ། ཁ་དོག་རིགས་དང་མཐུན་པར་བྱ། །མདའ་དང་ནམ་མཁའ་དེ་བཞིན་གཟུགས། །རིན་ཆེན་གཙང་མའི་སྐྱོགས་བཞི་མྲ །བཤོས་བུ་ལྡེམ་པ་བཞི་དག་ལ། །མཁར་ཐབས་མདའ་རིས་བཞི་ཡིས་བརྒྱན། །ནམ་མཁའ་ཡང་དེ་ནི་བཞིན་བརྒྱན། །ཆང་བ་།ས་དག་མཐུན་པའི་ཡས་ཀྱིས་བསྐོར། དེ་ལ་རྟ་གཡག་ར་ལུག་བྱ་ཡིས་བརྒྱན། །སྤྱན་གཟིགས་དང་ནི་དར་ཟབ་ཀྱིས་བརྒྱན། ཕུང་དང་རིན་ཆེན་བཅས་པའོ། །འབྲུ་དྲག་གཅལ་དུ་བཀྲམ། དེ་ལྟར་བསགས་པ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱན་པོ་ལས་བསགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཧུ༷། རྒྱལ་པོ་ཆེན་པོ་སྲོག་གི་བདག སྲོག་བདག་སྲིད་པའི་རྒྱལ་པོ་ཆེ། ཕྱོགས་ཕྱོགས་ནི་ཕ་གི་ན། གདུགས་ཀྱི་ཤར་ཕྱོགས་ན། རི་ཡི་བྱང་ཤར་ན། ཡུལ་ཡང་ཤེལ་གྱི་ཡུལ། མཁརཡང་ཤེལ་གྱི་མཁར། ཤེལ་མཁར་རྩེ་དགུ་གནམ་དུ་ལྡེམས་སེ་ལྡེམས། དེ་ཡི་ནང་ཤེད་ན། ཡ་ཆོ་དཀར་པོ་བཞུགས། རྒྱལ་གྱི་ཕ་སྨོས་པ། ཡ་ལ་་།ད་ཀྱི་སྐྱེས་ཅིག་ཕ། མ་སྲིད་པའི་རྒྱལ་མོ་ཡིན། དེ་ཡི་རྒྱུད་ལས་སྐྱེད་པའི་སྲས། རྒྱལ་པོ་མིང་སྲིང་གཉིས་སུ་བྱུང་། མིང་པོ་ཡ་ཅོ་དཀར་པོ་དང་། མ་བདུད་རྒྱལ་པོས་བྱ། སྲིང་མོ་མོ་བཙུན་ཨུག་ཆོས་ཡིན། མ་བདུད་རྒྱལ་མོའི་མིང་ནས་བྱུང་། །རྒྱལ་པོ་གཅིག་ལ་མིང་གསུམ་བྱུང་། །ཡ་ཅོ་དཀར་པོ་ཞེས་པ་བྱ། ཁྲར་གྱི་ལྷ་ཆེན་ཞེས་པའང་བྱ། །བཙན་འགོང་རྒྱལ་པོ་ཞེས་པའང་བྱ། །རྒྱལ་པོ་ཆེན་པོ་དེ། རྒྱལ་དཀར་རྟ་རུ་དཀར། བླ་ན་མི་དཀར་ལྡེམས་སེ་ལྡེམས། །འོག་མ་་2་དཀར་ཕྱ་ར་ར། །སྐུ་ལ་དུང་ཐུལ་དཀར་པོ་གསོལ། །ཕྱག་ན་ཤེལ་མཁར་དཀར་པོ་བསྣམས། །ཟངས་གྲི་རྐེད་ལ་བཙུགས། འཛམ་བུ་གླིང་བཞིར་རྒྱུག སྐྱེས་པའི་སྲོག་ཀྱང་གཅོད། ན་ཆུང་གི་སྲིད་ཀྱང་འཕྲོག བྱིས་པ་ཆུང་གི་དུར་ཡང་འདབས། སྲིད་པ་ཡོངས་ལ་དབང་བྱེད་དེ། ལི་ཡི་ཡུལ་དུ་བྱོན། མིང་པོ་སྟོབས་མི་ཡིས། ལི་རྟ་དཀར་པོ་ལ། བསེ་ཡི་སྒ་ཡིས་བསྟད། རིན་ཆེན་ཕུམ་བུ་བཀལ། རྒྱལ་པོ་དེ་ལ་ཕུལ། མིང་ཡང་ལིང་པས་སད་དུ་བཏགས། དེ་ནས་ཡང་ལེ་ཡུལ་དུ་བྱོན། ཡང་ལེ་རྒྱལ་པོ་ཡིས། གཡུ་རྟ་བྱ་རྒོད་ཕུལ། མིང་ཡང་ཡང་པ་སད་དུ་བཏགས། དེ་ནས་མི་ཉག་ཡུལ་དུ་བབས། གཡག་དཀར་རུ་དམར་ཡང་ཕུལ། མིང་ཡང་ལྟེར་སད་དུ་བཏགས། དེ་ནས་ཞང་ཞུང་ཡུལ་དུ་བྱོན། ལུག་དཀར་བྱ་དཀར་ཕུལ། མིང་ཡང་ཤེལ་གེར་བཏགས། རྒྱལ་པོ་ཆེན་པོ་དེ། ཤ་ཁྲག་དབུགས་ཀྱི་བདག་པོ་ཡིན། དེ་རིང་སྲིད་པའི་མདོས་འདི་བཞེས། ཕྱོགས་ཕྱོགས་ཤར་ཕྱོགས་རྣམ་གྱི་དཀྱིལ་ཤེད་ན། །ཉི་ཟླ་བརྩེགས་པའི་མཁར་ཆེན་ལྡེམས་སེ་ལྡེམས། །དེ་ན་སྲོག་བདག་དཀར་པོ་སྤྱན་གཅིག་བཞུགས། ཁྱེད་ཀྱི་ཕ་སྨོས་པ། ཆུ་སྲིན་རྒྱལ་པོ་མ་བཏང་ཀ །མ་ནི་སྲིད་པའི་རྒྱལ་མོ་སྟེ། །དེ་གཉིས་རྒྱུད་ལས་སྤྲུལ་པའི་ལས། །རྒྱལ་པོ་མིང་སྲིང་གཉིས་སུ་བྱུང་། །མིང་པོ་དཀར་པོ་སྤྱན་གཅིག་པ། །སྲིང་མོ་ཨེ་ཀ་ཛ་ཏི་རལ་གཅིག་མ། །མིང་པོ་དཀར་པོ་སྤྱན་གཅིག་པ། །རྒྱལ་མི་དཀར་རྟ་རུ་དཀར། །དབུ་ལ་རལ་གཅིག་ཤ་ར་ར། །དཔྲལ་ན་མིག་གཅིག་ལྷངས་སེ་ལྷངས། ཁྲེལ་མི་དཀར་པོ་ལྡེམས་སེ་ལྡེམས། །ཞལ་ནས་ཚེམས་གཅིག་ཐམས་སེ་ཐམས། །ཕྱག་ན་སྐྱོགས་དཀར་ཐལ་ལ་ལ། །འཁར་བའི་རྔེའུ་ཆུང་གློ་ལ་བཏགས། །འཛམ་བུ་གླིང་ཡང་འོད་ཀྱིས་ཁེངས། །གནམ་གྱི་རལ་བྱེད་བདག་པོ་ནི། །ས་ཆུ་ཕྱེད་ཀྱི་བདག་པོ་ལ། །སྐུ་ལ་གཅན་གཟན་ཐུལ་པ་གསོལ། །སེང་གེ་དཀར་པོའི་ཐོང་ཀ་ཅན། །ཕྱག་ན་ཤེལ་གྱི་གྲི་གུག་བསྣམས། །སྐྱེས་པ་བརྒྱ་ཡི་སྲོག་ཀྱང་གཅོད། །བྱིས་པ་བརྒྱ་ཡིས་འུར་འདེབས་སོ། །ན་ཆུང་བརྒྱ་ཡི་སྲིད་འཕྲོག་གོ །དེ་རིང་སྲིད་པའི་མདོས་འདི་བཞེས། ཁྱོད་ཀྱི་གིང་མ་ནི། མགོ་ནི་མིག་གཅིག་ཡིན། ཕྱོགས་ཕྱོགས་ཕ་གི་ན། བྱང་ཤར་མཚམས་ཤེད་ན། བསེ་མཁར་དམར་པོ་ལྡེམས་སེ་ལྡེམས། །གཡུ་ཡི་ཁ་བད་ཁྱི་ལི་ལི། །བསེའི་སྒོ་མོ་ལ་གསལ། བྱང་རི་མཐོན་པོའི་ཁ་ཤེད་ན། །རྩེ་ལ་གནོད་སྤྱིན་སྟོབས་ཆེན་གནས། །ཟུར་ལ་ཡམ་ཤུད་དམར་པོ་གནས། །རྩ་ན་བཙན་བཙུན་ཕྱག་ཉན་འདྲོལ། །ཟངས་མཁར་དམར་པོ་ལྡེམས་སེ་ལྡེམས། །ལོ་རོམ་བསེ་ཡི་སྒོ་མོ་ལ། །མཐིང་ཤུལ་སྔོན་པོའི་རི་མོ་ཅན། །བྱུ་རུ་དམར་པོའི་གཡག་ཤིང་ཅན། །དེ་ཡི་ནང་ཤེད་ན། ཡམ་ཤུད་དམར་པོ་བཞུགས། ཁྱོད་ཀྱི་ཕ་སྨོས་པ། དཀར་པོ་འོད་པོ་ཆེ། ཁྱོད་ཀྱི་མ་སྨོས་པ། སྲིད་པའི་རྒྱལ་མོ་ཡིན། དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །མིང་པོ་ཡམ་ཤུད་དམར་པོ་དེ། །སྲིང་མོ་བ་ག་ཧྲི་ཏི་ལགས། །ཡམ་ཤུད་དམར་པོ་དང་། ཟངས་ཁྲི་དམར་པོའི་གདན་ལ་བཞུགས། ཡམ་ཤུད་དམར་པོ་དེ། སྐུ་ལ་སྟག་ལྤགས་ཞུལ་ཁུག་གསོལ། །དབུ་ལ་སྟག་ཞུ་རིང་པོ་གསལ། །ཕྱག་ན་ཟངས་ཀྱི་ཞགས་པ་འདོམ་དགུ་བརྒྱ་དགུ་བཅུ་བསྣམས། མོ་བརྒྱ་སྲོག་གི་བདག་པ་བསེ་ཁྲབ་བསེའི་མདུང་དང་བཅས། དེ་རིང་སྲིད་པའི་མདོས་ལ་སྤྱོན། ལྷོ་ཤར་རྣམས་ཀྱི་ཁ་གཤེད་ན། །དེ་ལ་ཁུ་ལེ་ལག་དགུ་བཞུགས། །གསེར་མཁར་སེར་པོ་ལྡེམས་སེ་ལྡེམས། །གཡུ་ཡི་ཁ་བད་ཁྱིལ་ལི་ལི། །དེའི་ནང་ན་ཁུ་ལེ་ལག་དགུ་བཞུགས། ཁྱོད་ཀྱི་ཕ་སྨོས་པ། བར་སྣང་སྟོང་གི་ཁ་ཤེད་ན། །འོད་དཔུང་སྟུག་པོ་ལམས་སེ་ལམས། །འོད་དཔུང་དེ་ཡི་ནང་ཤེད་ན། །ལྕགས་ཀྱི་སྡིག་པ་ཁ་དགུག་ནས། །དེ་ནི་ཁྱོད་ཀྱི་ཕ་ཡིན་ནོ། །རྒྱ་མཚོ་ཆེན་པོའི་གཏིང་ཤེད་ན། གསེར་གྱི་སྲོག་མ་ཁ་མེད་གནས། །དེ་ནི་ཁྱོད་ཀྱི་མ་ཡིན་ནོ། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །རྒྱལ་པོ་མགོ་གཅིག་ལག་པ་དགུ། །ལག་གཅིག་ནམ་གྱི་མཐོངས་སུ་ཉབ། །ལག་གཅིག་སྟེངས་འཇོམས་ལ་ཉག །ལག་ཅིག་སྟོང་ཁམས་ལོ་ཏོག་ཉབ། །ལག་གཅིག་སྲོག་གཅོད་ནང་དུ་གཏོར། །གཅིག་ནི་སྲིད་དང་དཀར་རྒྱུད་ནང་དུ་གཏོང་། །དེ་ལ་མིང་བཏགས་པ། ཏྲི་སེ་ལག་དགུས་བྱ། ཁུ་ལེ་ལག་དགུ་བྱ། འཇུག་པ་ཆེན་པོས་བྱ། རྫུས་པ་ཆེན་པོས་བྱ། གསེར་རྟ་སེར་པོ་ཆིབས།གསེར་མུ་སྐྱེད་ལ་བཙུགས། གསེར་ཁྲབ་སེར་པོ་གསོལ། རྒྱལ་པོ་འཁོར་བཅས་རྣམས། དེ་རིང་སྲིད་པའི་མདོས་འདི་བཞེས། ཅེས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ས་བདག་རྣམས་ཀྱིས་རང་རང་གི་བཅོས་ཐབས་འདི་རྣམས་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ནི། །གསང་བདག་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབས་པ་ཚུལ་བཞིན་བྱ། །དེ་ལ་གྲུ་བཞི་རི་རབ་ཚུལ། །སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་བཞི་བཞི། །མདའ་དང་ནམ་མཁའ་འཕང་རྣམས་དང་། །བྱ་དང་འབྲང་རྒྱས་ངར་གླུད་དང་དགུ། །རིམ་པར་འཚོགས་པར་སྙམ་སྟེ་རི་རབ་སྟེང་དུ་དགོད། །ངར་དགུ་བྱ་དགུ་འབྲང་རྒྱས་དགུ། །མདའ་དང་ནམ་མཁའི་གྲངས་ཀྱང་དེ་བཞིན་ནོ། ཁྱི་འབྲུག་གླང་ལུག་གཤེད་བཞི་ཡང་། །ཕྱོགས་མཚམས་བཞི་རུ་དགོད་པའོ། །ལོ་གཟུགས་རིམ་པར་དགོད་པའོ། །གཞན་ཡང་ཕག་ཁྱི་གླང་བུ་དང་། །བྱ་རྟ་ལ་སོགས་གཟུངས་ཀྱིས་བསྐོར། །སྦྲུལ་དང་སྦལ་པ་ཉ་དང་ས་བདག་གཟུགས། །མཐུན་པའི་འབྲུ་སྣ་ཆན་དང་བཅས། །སྨན་དང་བཅས་པ་དེ་བཞིན་ནོ། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །ས་བདག་གི་ཡས་བསགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཧུ༷། ས་བདག་ནི་གདུག་པའི་ཚོགས། ས་ལ་དབང་སྒྱུར་ཏེ། གཉན་ཆེན་ནི་སྤྲུལ་པའི་བདག དེ་རིང་སྲིད་པའི་མདོས་ལ་སྒྲོན། །དབུས་ཀྱི་ས་བདག་ཆེན་པོ་ནི། །ས་བདག་རིན་ཆེན་རྒྱལ་པོ་ཞེས་ཀྱང་བྱ། །རྩང་རྩ་འཁོར་བ་ཞེས་ཀྱང་བྱ། །པདྨ་གེ་སར་ཁྲི་ལ་བཞུགས། །གསེར་གྱི་འཁོར་ལོ་དག་ལ་བསྒྱུར། །སྲིད་པའི་ས་བདག་ཆེན་མོའི་མིང་ནས་ཕྱུང་། །དེ་རིང་སྲིད་པའི་མདོས་འདི་བཞེས། །འབྱུང་བ་ས་ལ་དབང་སྒྱུར་མ། །གསེར་གྱི་ཕག་མོ་ཆེན་མོ་སྟེ། །ས་ལ་དབང་ཡང་སྒྱུར། མཛེས་ལྡན་པའི་མངའ་བདག་མོ། །ལྷ་མོ་བརྟན་མ་ས་ཡི་བདག །རིན་ཆེན་གསེར་གྱི་ས་གཞི་དག་ལ་མངའ་མཛད་མ། །འཁོར་ནི་ས་བདག་ཀླུ་མོ་མང་པོས་བསྐོར། །དེ་རིང་སྲིད་པའི་མདོས་འདི་བཞེས། །ས་བདག་པ་ནི་ཆེན་པོ་དང་། །ཐེ་སེ་ནི་གདུག་པ་དང་། རྩང་ཀུན་ནི་མཛེ་པོ་དང་། ས་བདག་ནི་གདུག་པའི་ཚོགས། ཕྱོགས་མཚམས་ནི་སྲུན་པའི་བདག དགུག་པའི་ས་བདག་འཁོར། དེ་རིང་སྲིད་པའི་མདོས་འདི་བཞེས། ས་བདག་པ་ནི་ཆེན་པོ་སྟེ། དབུས་ཀྱི་སྤོ་ལ་གནས་པ་སྟེ། ས་བདག་གདུག་པ་སྟེ། དཀར་པོ་སྟག་ལ་ཤོན། གདུག་པའི་ནད་གཏོང་བྱེད། ཤིང་ལོ་དཀར་ཁྲ་གོས་སུ་གོན། ཤིང་རིས་ལག་ན་ཐོགས། རྒྱལ་རིགས་སྟོང་དང་བཅས། གདུག་པའི་ནད་བདག་སྟེ། དེ་རིང་སྲིད་པའི་མདོས་འདི་བཞེས། ས་བདག་ཆེན་པོ་ལྷོ་ཕྱོགས་ན་གནས་པ་སྟེ། སེར་པོ་གདུག་པའི་ལུས། ཤིང་ལོ་སེར་ཁྲ་གོས་སུ་གོན། རྗེ་རིགས་ཀུན་ལ་དབང་ཡང་བྱེད། ནུབ་ཀྱི་སྤོ་ལ་གནས་པ་ཡི། ས་བདག་དམར་པོ་བྱའི་བུ། ཤིང་ལོ་དམར་པོ་གོས་སུ་གོན། །གདུག་པའི་ཤིང་རིས་ཐོགས། བྱང་གི་སྤོ་ལ་གནས་པའི། ལྗང་ཁུ་ནི་བེམ་པ་ལ། ཤིང་ལོ་ལྗང་ཁྲ་གོས་སུ་གོན། གདུག་པའི་གཉེན་ཚོགས་ཀུན། སྐྲངས་དང་རྫིངས་དང་སྦུར་གྱི་བདག མཛེ་དང་ཤུ་བ་གཡན་པའི་བདག དེ་རིང་སྲིད་པའི་མདོས་འདི་བཞེས། ས་བདག་ནི་ཕྱོགས་བཞི་དབུས་དང་ལྔ། སྲིད་པའི་མདོས་བཞེས་དང་། ས་བདག་ཕ་སྨོས་པ། ཤི་རི་པཏ་བྱ་བ་ཡིན། མ་ནི་ཁྲག་ཆེན་སྡིག་མེད་མ། བུ་ས་བདག་ཁྲོ་བོ་དཔུང་དགུ་བྱུང་། ཕྱོགས་མཚམས་སྟེང་དང་དགུ་ན་གནས། སྲིང་མོ་ཕྲ་མོ་དཔུན་དགུ་བྱུང་། །འབྱུང་བ་ལྔ་ལ་གནས་པ་སྟེ། །ལ་ལ་འབྱུང་བ་ས་ལ་གནས། །ལ་ལ་འབྱུང་བ་བྲག་ལ་གནས། །ལ་ལ་འབྱུང་བ་ཤིང་ལ་གནས། །ལ་ལ་འབྱུང་བ་ཆུ་ལ་གནས། །ལ་ལ་སྐ་དང་རྫིང་དང་ལྟེང་ཀ་དང་། །ལུ་མ་གྱ་གྱུ་ལ་གནས། གདུག་པའི་ས་བདག་ཆེན་པོ་སྟེ། །ལ་ལ་བ་དང་གླང་བུ་གཟུགས། །ལ་ལ་གྲོག་ཁྱི་ཕག་གླང་བུ་གཟུགས། ལ་ལ་གྲོག་སྦུར་ནག་ཆགས་ཏེ། ལ་ལ་མཛོ་རྟོལ་རུམ་པའི་གཟུགས། །ལ་ལ་ཉ་སྦལ་རྩངས་པའི་གཟུགས། །ལ་ལ་དུད་འགྲོ་མ་རུངས་གཟུགས། །ལ་ལ་ཞེ་སྡང་སྦྲུལ་དུ་གནས། །ལ་ལ་གདུག་པ་ཁྱི་རུ་གནས། །ས་བདག་གཉན་གྱི་ཚོགས་ནད་ཀྱི་བདག སྲིད་པའི་མདོས་བཞེས་ཅིག གདུག་པའི་ནད་ཁྲོལ་ཅིག མཛེ་དང་ཤུ་བ་གཡན་པ་གཏོང་བའི་བདག །ཞ་གྲུམ་མ་ལུས་གཏོང་བའི་བདག །དེ་རིང་སྲིད་པའི་མདོས་ཅིག་འབུལ། །རིན་ཆེན་ས་གཞི་རྒྱས་པའི་འབྲུས། །གཏེར་ལྡན་མཐུན་པའི་ཡས་འབུལ་གྱིས། །དཀར་གསུམ་མངར་གསུམ་སྨན་རྣམས་འབུལ། །དབང་པོ་ལྔའི་གླུད་དུ་འབུལ། །དེ་རིང་སྲིད་པའི་མདོས་བཞེས་ལ། །ནད་ཀ་ཆོད་ལ་དལ་ཀ་བསྒྱུར། །མཛེ་དང་ཤུ་བ་གཡན་པ་མ་གཏང་ཞིག །སྲིད་པའི་མདོས་འདི་ལ། སྨན་ལྔ་སྦོས་ལྔ་མངར་གསུམ་རྫོང་འདབས་སོ། །དེ་ནི་གཤེགས་ཅིག་གནས་སུ་གཤེགས། །ས་བདག་འཀོར་བཅས་གནས་སུ་གཤེགས། །སྐྱོད་ཅིག་སྐྱོད་ཅིག་ནས་སུ་སྐྱོད། །ཅེས་ལུ་མའམ། ཆུ་མིག་གམ། གནོད་སར་བསྐྱལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །བམ་པོ་དང་པོ་རྫོགས་སོ།། །།རྒྱ་གར་སྐད་དུ། དེ་བ་ཡ་ཡ་ཏྲི་བན་ཏྲི་ཤུ་ཉ་པ་ཏི་པ་པ༷་མ་ཧྭ་ཏན་ཏྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་གསང་བའི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གནས་མཆོག་དམ་པ་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ་བཞུགས་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །དྲག་པོའི་སེར་བ་དབབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །ལས་དང་ནུས་པ་དཔག་འདས་དང་། །དྲག་པོ་སེར་ཆེན་དབབ་པ་ན། །གསང་བའི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །སྔགས་དང་བསྐུལ་དང་རྫས་དང་གསུམ། །བྱ་ཐབས་དག་ཏུ་བསྟན་པའོ། །དེ་ཡིས་སེར་བ་འབེབས་པར་བྱེད། །ཐོག་དང་སེར་བ་དབབ་པའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཞུས་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །དྲག་པོའི་སེར་བའི་ལས་བསྟན་པ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །རིམ་པ་བཞིན་དུ་བསྒྲུབ་པའོ། །བདུད་སེར་དྲག་པོ་འབེབས་པ་ན། །གསང་བའི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །བྲག་རི་ནག་པོ་མཆི་མ་ཅན། །ཡ་ག་རྟེན་དང་འབྲེལ་པ་སྟེ། །དྲག་པོའི་མཎྜལ་གཞུང་བཞིན་བྱ། །མོན་པ་ནག་པོའི་ཐོད་པ་སྲ །དུར་ཁྲོད་རྐང་གི་སྨྱུ་གུ་ཡིས། །མི་རྟ་ཁྱི་ཡི་ཁྲག་དག་གིས། །འཁོར་ལོ་རྩིབས་ནི་བཅུ་གསུམ་བྲི། །དབུས་ནི་ཟླུམ་པོ་དག་ཏུ་གཅད། །འཁོར་འོའི་རྩིབས་ལ་བདུད་ཀྱི་སྔགས། །ཤར་ནས་གཡོན་དུ་བསྐོར་ནས་དགོད། །དབུས་སུ་དམིགས་པའི་མིང་དང་རྟེན་ཡང་བཅའ། །དེ་ལ་གཙོར་ལྡན་སེང་ལྡེང་ཕུར་པར་གཟིར། །གཅན་གཟན་དགུ་དང་མདའ་ཆགས་དགུ། ཁྲ་ཁྲག་སྙིང་དང་བཅས་པ་དག །ཟི་རུ་དུག་དང་མྱོས་ཆང་བཅས་པས་དགང་། མཐིང་ནག་དར་གྱིས་ཁ་གཅད་ལ། །མཚོན་གྱི་གྲུ་གུས་བཅིང་བར་བྱ། །དེ་ལ་བསྙེན་ཅིང་བསྒྲུབ་པར་བྱ། ཁྲ་ཁྲག་མཉེས་པའི་གཏོར་མས་མཆོད། །སྔགས་བཟླས་རབ་ཏུ་བསྐུལ་བྱས་ལ། །རྟགས་རྣམས་བྱང་ནས་དབབ་པོ་དང་པོ་བསྙེན་པ་དེ་ལ་བསྙེན། བར་དུ་བསྒྲུབ་པ་དེ་ལ་བསྒྲུབ། །ཐ་མ་རྟ་ཡང་དེས་ཀས་བྱ། །དེ་ཡིས་སེར་ཆེན་འབེབས་པར་བྱེད། །དྲག་པོའི་ལས་སུ་བསྟན་པ་སྟེ། །དེ་ཡིས་རྟ་བཅས་བཅུག་པ་ན། །རྟེན་ལ་འཁོར་ལོ་བསྐོར་བ་བཞིན་ནོ། །ཨོ་ཡག་ཁ་ལ་དུན་ཚེ་ས་མ་ཡ་སྲི་སྲི་བམ་ཤལ་ཤལ་ཕོབ་ཡ་ཕཊ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས་སོ། །ས་མ་ཡ་ཧུར་གམ་རྨེ་དེ་རག་ཏི་རི་ཡམ་བྲག་ཁ་ལ་ཧུར་ཧུར་ཕྲོ༷་ཕྲོ༷་ལི་ཤར་སྨྱོ། དེ་ཡིས་འབེབས་པར་བྱེད་པའི་སྔགས། ཡ་ཏྲིང་ཁ་ལ༷་ས་མ་ཡ་དུ་རུ་དྲིལ་ཡ་ཕོབ། ཤམ་ཏྲི་ཙ་ཤོ་ཕོབ་ཡ། དེས་ནི་གཟིར་ཞིང་སྦྲུལ་པའི་སྔགས། དེ་ཡིས་ཇི་ལྟར་འདོད་པ་དབབ་པའོ། །ཧུ༷། ཞེ་སྡང་ཆེན་པོ་བདུད་ཆེན་རྣམས། །གདུག་པའི་ཞེ་སྡང་བདུད་ཀྱི་བུ། །ཞེ་སྡང་གདུག་པའི་དྲག་ཤུལ་ཅན། །གནས་ནི་བདུད་ཡུལ་ནག་པོ་དེ་ནང་གནས། །ལས་སུ་དྲག་པོ་བྱེད་པ་སྟེ། །ཡབ་བདུད་རྒྱལ་པོ་བཅུ་གསུམ་དྲག་ཤུལ་ཅན། །དྲག་པོ་སྣ་ཚོགས་གདུག་པའི་འཁོར། །སིལ་མ་བདུན་ཚོགས་མ་རུངས་པ། །བདུད་ལས་དྲག་པ་མེད་པ་སྟེ། །བདུད་ཡུལ་ནག་པོ་སྒོ་དགུ་ན། །ཞེ་སྡང་བདུད་ཚོགས་དི་རི་རི། །ལྕགས་མཁར་སྔོན་པོ་ལྡེམས་སེ་ལྡེམས། །དེ་ན་བདུད་ཚོགས་གདུག་པ་གནས། །ནག་པོ་བདུད་ཚོགས་མ་རུངས་པ། །སྐོས་རྗེ་དྲང་དཀར་སྲིད་པའི་བདག །སྲིད་པའི་དྲེགས་པ་ཐམས་ཅད་ལ། །དུང་སེར་འབེབས་པར་སྐོས་ཐོག་གཅིག །མ་རུངས་དུག་ཆེན་རི་སྟེངས་མགོ་ཡག་རྗེ། །སྲིད་པ་དཀྲུག་པའི་ལས་མཛོད་ཅིག །ནག་པོ་བཀྲག་མེད་སྤྲུལ་པ་ཆེ། །བདུད་དམག་དབྱུང་བའི་དུས་ལ་བབ། །མ་ལེ་གེ་ཤགས་ང་རྒྱལ་ཅན། །ང་རྒྱལ་བྲག་རི་དེ་རྩིགས་ཤིག །སྙག་ལྟེ་ངག་བཙན་གདུག་པ་ཅན། །བདུད་ཆེན་གདུག་པའི་འཁོར་དང་བཅས་ཏེ་རོལ། །བདུད་རྗེ་མང་གེ་སྤྲུལ་པའི་གཙོ། །སྐྱིན་པོ་མཆུ་དམར་ང་རྒྱལ་འདོད་ཆགས་འཁྲུག་ཅིང་སྤྱོན། །ཐོམ་མོཐུགས་ཀྱི་སྤྲུལ་པ་འགྱེད། །ཐོམ་ཆུང་མའུ་ཀུན་བུར་འདྲེ་བས། །སྟག་ཞུམ་ཆེད་བཞིས་ཕྱོགས་རྣམས་དཀྲུག །ཟངས་པ་བདུད་ཀྱི་ཚུབ་མས་ཐོབ། །བཙན་བདུད་ཡོར་པོ་མཁར་ལ་དར་ཆེན་ཕྱོར། །ཡ་བདུད་བཅུ་གསུམ་དྲག་སེར་ཕོབ། །འབྱུང་ལྔ་བདུད་ཀྱི་འབྱུང་བས་དཀྲུགས། །རོལ་པོ་སྐྱ་ཚོགས་དམག་གི་འཁོར། །གདུག་པ་བདུད་ཀྱི་འཁོར་ཚོགས་རྣམས། །བདུད་སེར་དབབ་པའི་དུས་ལ་བབ། །བདུད་ཀྱི་སྤྲིན་ནག་མཁའ་ལ་མདུན་ལྟར་དྲིལ། །རི་རབ་རྩེནས་འབྲུག་ཅིག་སྒྲོགས། །ཚ་གྲང་གདུག་པའི་སྒྲ་ཅིག་ཕྱུང་། །ཚ་གྲང་འོད་ཀྱི་མདའ་ཅིག་ཕྱུང་། །འབྱུང་བ་རླུང་གི་གཞུ་ཅིག་བདུངས། །དུང་སེར་དཀར་པོའི་མདའ་ཅིག་འཕོངས། །རྩི་ཏོག་ཤིང་ཏོག་རྩད་ནས་ཆོད། །བདུད་སེར་མཁའ་ལ་ཆར་ལྟར་ཕོབ། །ཅེས་བསྐུལ་ཞིང་སྔགས་བཟླས་དབབ་པ་སྟེ། །བསྒྲུབ་ཀྱང་ཐོད་པ་དེ་ལ་བསྒྲུབ། །ཐ་མར་རྟ་ཡང་དེ་ཀས་བྱ། །ངན་སྔགས་ཐེམ་བུར་སྒྲུབ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ལས། བདུད་ཀྱི་སེར་བ་དབབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་ནི་སྨྲས་པ། བཙན་གསེར་གདུག་པ་འབེབས་པ་ན། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་བྲག་དམར་གནས་སམ་དགོན་གནས་སུ། །དེ་རུ་དཀྱིལ་འཁོར་གཙང་བར་བྱ། །འཕར་བ་དམར་པོའི་ཐོད་པ་ལ། །ར་ཁྱི་རྟ་ཡི་ཁྲག་གིས་ནི། །འཁོར་ལོ་རྩིབས་ནི་དགུ་རུ་བྲི། །དབུས་སུ་དམིགས་པའི་རྟེན་དག་ལ། །གདུག་ཤིང་ཕུར་པ་སོར་ལྡན་པས། །རྟེན་དག་རིམ་པས་གཟིར་བའོ། །འཁོར་ལོ་རྩིབས་ལ་བཙན་གྱི་སེར་སྔགས་བྲི། །གཡོན་ནས་རིམ་པས་བསྐོར་བའོ། ཁྲག་སྣ་མང་པོ་སྙིང་སྣ་བསོག །ཝ་འཕར་རྟ་དང་ར་ཁྱི་བསོག །འདབ་ཆགས་བྱ་དང་གཅན་གཟན་རྣམས། །སྙིང་སྣ་ཁྲག་སྣ་གཏོར་མས་དགང་། །དུག་དང་མྱོས་ཆང་ཉུངས་ཀར་སྐེ་ཚེས་བྱས། །ཐོད་པ་ཆེན་པོ་དེ་བཀང་ནས། ཁ་ནི་དམར་པོ་དར་གྱིས་གཅད། །ཚོན་གྱིས་ཐག་པས་བཅིངས་ནས་སུ། །དེ་ལ་བསྙེན་ཅིང་བསྒྲུབ་པ་བྱ། །དབབ་དང་བྱུང་དང་དྲིལ་བའོ། །བསྙེན་ཅིང་བསྒྲུབ་པ་དེ་ལ་བྱ། །མཐའ་མར་རྟ་ཡང་དེ་ཀའོ། །དེ་ལྟར་རིམ་པར་གསལ་བར་བྱ། ཁྲ་ཁྲག་སྤྱན་གཟིགས་བཤོས་བུ་མདའ་དང་ནམ་མཁའ་བཅས། །བཙན་རྣམས་མཆོད་ཅིང་བསྐུལ་དང་སྔགས་བཟླས་དབབ་པའོ། །ཙ་ཙ་ཁ་དུར་ཕྲ་ཙ་ས་མ་ཡ་འུར་ལིང་ཙ་གུར་ཤག་ཤག་ཕྲ༷་ཧྲ་ལི་ཤར་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས་སུ་ཤེས་ཏེ། རྟགས་བྱུང་ལས་ལ་སྦྱར་བར་བྱའོ། །ཙ་ཤོ་ལིང་ཤར་ཁ་ལ་དུར་མ་ཀེ་ཙེ་དའི་ཙ་ཤ་ར་ཤལ་ལྟ་ཕོབ་ཡ། ལིང་ལིང་ཕྲ་ཤར་རི་ལི་རི་ལི་ཤར་སྨྱོ། དེ་ནི་དབབ་པའི་སྔགས་སུ་ཤེས། ཁུལ་ཤུལདརི་ཀ་བའི་འདུས་ཧུ༷་་ག་ལིང་ཐིག་ཤར་ཧི་ལ་ཡ། དེ་ནི་ཡུར་ཞིང་དྲིལ་བའི་སྔགས་སོ། །དེ་ལྟར་སྔགས་ལས་བསྐུལ་དང་ལས་བཅོལ་དབབ། དེ་ཡིས་སེར་ཆེན་དྲག་ཏུ་འབེབས། ཧུ༷། ང་རྒྱལ་ཆེན་པོའི་བཙན་གྱི་འཁོར། །གདུག་པ་བཙན་གྱི་འཁོར་རྣམས། །བཙན་གྱི་ང་རྒྱལ་འབར་བ་སྟེ། །རྗེ་རིགས་གདུག་པ་བཙན་གྱི་སྡེ། །སྤྱི་བཙན་ཆེན་པོ་དམར་པོ་གཙོ། །དམར་པོ་གདུག་པ་ལས་ལ་སྤྱོན། །འབྱུང་ལྔ་མཁའ་ལ་དབང་སྒྱུར་བཙན། །གདུག་པ་བཙན་ཆེན་མ་རུངས་འཁོར། །སྲིད་པ་ཡོངས་ལ་དབང་བྱེད་པ། །སྐྱེས་བུ་ལུང་བཙན་རྗེ་དང་སེམས་ཅན་རོལ་དང་རྗེ། །གདུག་པའི་བཙན་ཆེན་པོ་གཙོ། གདུག་པའི་བཙན་རོལ་པོ་ཡ་མ་ཚོགས།སིལ་མ་སྟོང་ཚོགས་གདུག་པ་བཙན་གྱི་འཁོར། སྟོང་སྡེ་ནི་མ་རུངས་པ། སྲིད་པ་ཀུན་ལ་དབང་སྒྱུར་བ། །བཙན་པོ་ནི་འཁོར་དང་བཅས། ཁྱེད་ནི་ང་རྒྱལ་བཙན་གྱི་བུ། །བཙན་སེར་དྲག་པོ་དབབ་པའི་དུས་ལ་བབ། །རི་རབ་རྩེ་ནས་འབྲུག་ཅིག་སྒྲོགས། །བར་སྣང་ཁམས་སུ་གློ་གཅིག་འཁྱུག །ཚ་གྲང་འོད་ཀྱི་མདའ་ཅིག་ཕྱུང་། །སེར་ཆེན་དབབ་པའི་དུས་ལ་བབ། །འབྱུང་བ་རླུད་གི་གཞུ་ཅིག་བརྡུངས། །དཀར་པོ་དུང་གི་མདའ་ཅིག་འཕངས། །ལོ་ཏོག་ཤིང་ཐོག་རྩད་ནས་ཆོད། །གདུག་པ་བཙན་མཁར་དུས་ལ་བབ། །ཕྱི་བཙན་ཆེན་པོ་དམག་དཔུང་བསྡུས། །འབྱུང་བ་བཙན་གྱི་འབྱུང་བ་དཀྲུགས། །རོལ་པོ་སྐྱ་ཚོགས་བ་དན་རྩི་ལ་ཕྱོར། །སྐྱེས་བུ་ལུང་བཙན་བཙན་སེར་དམར་པོ་དགོངས། །སེམས་ཅན་རོལ་པོས་བ་དན་རྫི་ལ་ཕྱོར། །གདུག་པ་སིལ་མ་ཚོགས་ཀྱིས་ནམ་མཁའ་དཀྲུགས། །བཙན་སེར་དམར་པོ་དབབ་པའི་དུས་ལ་བབ། །ཅེས་བསྐལ་ཞིང་འཕང་བ་སྟེ། སེར་བ་འབབ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་སེར་དབབ་པའི་ལེའུ་སྟེ་རྩ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་ནག་པོ་བཀྲག་མེད། སྤྱི་བཙན་དམར་པོ་དང་། རྒྱལ་པོ་དཀར་པོ་སྤྱན་གཅིག་དང་། ཡམ་ཤུད་དམར་པོ་དང་། གཟའ་ར་ཧུ་ལ་དང་། ཐེ་བྲང་རྡོ་རྗེ་ལེགས་པ་དང་། ཀླུ་འཇོག་པོ་དང་། བདུད་མོ་བོང་ཞོན་མ་དང་བརྒྱད་ཀྱིས་རང་རང་གི་སེར་བ་དབབ་པའི་ལས་འདི་སྨྲས་སོ། །དྲག་པོའི་སེར་ཆེན་དབབ་པ་ན། །གསང་བདག་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་དུག་རིག་གནས་ཆེན་དུ། །མོན་པ་ནག་པོའི་ཐོད་པ་མྲ །མི་ར་ཁྱི་ཡི་ཁྲག་གིས་ནི། །འཁོར་ལོ་རྩིབས་ནི་བརྒྱད་པར་བྲི། །དབུས་སུ་དམིགས་པའི་རྟེན་བཅས་ལ། །ཏིང་འཛིན་ལྡན་པ་དེ་ཡིས་ཕུར་པ་གཟིར། །འཁོར་ལོའི་རྩིབས་ལ་བདུད་དྲེགས་པའི་སྔགས། ཁྲར་དུ་རྒྱལ་པོ་ཤར་ལྷོར་གཟའ། །ལྷོ་རུ་ཡམ་ཤུད་ལྷོ་ནུབ་ཐེ་རང་ངོ་། །ནུབ་ཏུ་བདུད་ལ་ནུབ་བྱང་ཀླུ། །བྱང་ཤར་བདུད་མོ་དགོད་པའོ། ཁྲག་སྣ་ཚང་དང་སྙིང་སྣ་དང་། །ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་། །ཟི་ར་རྒྱ་འབྲས་ལ་སོགས་དགང་། །མྱོས་ཆང་དུག་དང་བཅས་པས་དགང་། །དར་གྱིས་ཁ་བཅད་ཚོན་གྱིས་བཅིང་། ༷།དེ་ལ་བསྙེན་ཅིང་བསྒྲུབ་དང་དབབ་པ་བྱ། །དང་པོར་བསྒྲུབ་ཀྱང་དེ་ལ་བསྒྲུབ། །ཐ་མར་རྟ་ཡང་དེ་ཀས་བྱ། །དེ་ལྟར་བྱས་ལ་བསྒྲུབ་པའོ། །དེ་ནས་གསང་བའི་སྔགས་སྨྲས་པ། །ཨོ་ག་ཏྲ་ཡ་ནི་ཏྲ༷་པ་ན་སིབ་འུབྲ་ཀར་ཕྲོ་དྷི་སྦྱོ། ཙ་ཤ་ལ་ཐུལ་ཏྲ༷་ཧའི་ཏི་ཐུལ་ཤར་སྨྱོ། ག་ཏི་ཙ་ཤར་ར་ཙ་ཤ་ཤ་ནི་ཤར་ཤར་ཏྲེ་མ་སྨྱོ། ག་པི་ག་པི་ཡ་མ་ཏི་ཤ་དྷི་ལ་དྷི་ལ་ཕོབ་ཡ་སྨྱོ། ཏྲི་ཙ་བ་ལ། ཤི་ལང་མ་ར་ཙ་ཤ་ཐུན་སྨྱོ། ཡ་མ་ཏྲི་ཤ་མ་ར་རྩེ་ཐུམ་རིལ་སྨྱོ། ཨོ་ནག་ལེ་རིལ་ཤར་འོད་འཕྲོ་ཤུ་ཤར་ཏི་ཐེན་རིལ་སྨྱོ། ཏྲག་རག་ཤ་སེ་ཁུ་དུ་ཧྲི་རུ་རུ་ཙི་དྷིལ་དྷིལ་སྨྱོ། དེ་ཡི་ཐིམ་བུར་བསྒྲུབ་པ་སྟེ། །སྔགས་འདས་བར་བར་བསྐུལ་བར་བྱ། །མཐུན་པའི་དམ་རྫས་དེ་ཡིས་མཆོད། །དེ་ཡིས་ཇི་ལྟར་འདོད་པ་དབབ། །ཐོད་པ་རྟར་གཞུག་བསྐུལ་ལ་དབབ། །དེ་ཡིས་ལས་གང་ཡང་ཐོགས་པ་མེད། །ཧུ༷། དྲེགས་ཅན་ནི་གདུག་པ་ཅན། སྲིད་པ་ཡོངས་ལ་དབང་བྱེད་ཅིང་། །གདུག་ཅིང་གཏུམ་པའི་དྲག་ཤུལ་ཆེ། །བར་སྣང་འོད་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་དྲེགས་པའི་སྟོང་སྡེ་དང་། །འབྱུང་བར་རྣམས་ཀྱི་སྟེང་ཤེད་ན། །སྲིད་པའི་རྒྱལ་པོ་འཁོར་བཅས་གནས། །འབྱུང་བ་ཆུ་ཡི་དབྱིངས་ཤེད་ན། །གདུག་པ་ཀླུ་ཡི་ཚོགས་ཆེན་གནས། །རི་རབ་ཆེན་པོའི་རྩེ་ཤེད་ན། །རྒྱལ་མཆོག་ཡམ་ཤུད་དམར་པོ་གནས། །དུར་ཁྲོད་ཆེན་པོའི་དབྱིངས་ཤེད་ན། ཁམས་གསུམ་དབང་བྱེད་བོང་ཞོན་མ། །དུག་མཚོ་དུག་རི་ཁ་ཤེད་ན། །བདུད་ཆེན་གཏུམ་པོ་ཚོགས་ཀུན་གནས། །ང་རྒྱལ་ཆེན་པོའི་བྲག་རི་ལ། །བཙན་རྒྱལ་པོ་ཤུ་བོ་གནས། །གདུག་པ་ཆེན་པོ་ཕ་བདུན་མོ་དང་བརྒྱད། །ས་གཞི་གཡོ་འགུལ་གདུག་ཆེན་ཕོབ། །ནག་མོ་བཀྲག་མེད་སྤྲིན་ནམ་མཁའ་ལ་བསྡུས། །བཙན་ཆེན་ཆུ་བོས་བ་དན་རྫི་ལ་ཕྱོར། །དཀར་པོ་སྤྱན་གཅིག་དུང་སར་བགོངས། །གཟའ་མཆོག་རྒྱལ་པོ་རི་རབ་རྩེ་ནས་འབྲུག་སྒྲོགས་ཅིག །དགའ་བོ་འཇོག་པོས་རྒྱ་མཚོ་གཏིང་ན་སྐྱོལ། །བདུད་མོ་བོང་ཞོན་རྒྱ་མཚོ་གཏིང་ནས་བཅོལ། །བར་སྣང་དེ་རིང་དམག་གིས་ཁོང་། །དྲེགས་པ་ཕོ་བདུན་མོ་དང་བརྒྱད། །འབྱུང་བ་རླུད་གི་གཞུ་ཅིག་བདུངས། །དཀར་པོ་དུང་གི་མདའ་ཅིག་འཕོངས། །ཚ་གྲང་འོད་ཀྱི་མདའ་ཅིག་ཕྱུང་། །རྩི་ཐོག་ཤིང་ཐོག་རྩད་ནས་ཆོད། །ཅེས་བསྐུལ་ཞིང་དབབ་བོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཕོ་བདུན་མོ་དང་བརྒྱད་ཀྱི་སེར་བ་དབབ་པའི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དམུ་ལྟེ་དཀར་དང་། བཙན་ལྟེ་དཀར་དང་། ཐེ་བྲང་དཀར་དང་། བཞིས་རང་རང་གི་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །དྲག་པོ་སེར་ཆེན་དབབ་པ་ན། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མའི་མཎྜལ་བྱས་ནས་ནི། །རབས་ཆད་ནག་པོའི་ཐོད་པ་ལ། །འཁོར་ལོ་རྩིབས་ནི་བཞི་པ་ལ། །དབུས་སུ་དམིགས་པའི་རྟེན་བཅས་ལ། །གཙང་མའི་ཕུརཔས་གཟིར་བར་བྱ། །འཁོར་ལོའི་རྩིབས་ལ་ལྟེ་དཀར་སྔགས། ཁྲར་དུ་དམུ་ལ་ནུབ་ཏུ་འདུད། །ལྷོ་རུ་ཐེ་བྲང་ལྟེ་དཀར་ལ། །བྱང་དུ་བཙན་གྱི་ལྟེ་དཀར་ཡིན། ་་ས་ཀར་དང་ཁྲག་བཅས་དགཔར་བྱ། །ར་ཙ་ཁྲག་དང་རི་དྭགས་ཁྲག །རྟ་ཡི་ཁྲག་དངཁྱི་ཡི་ཁྲག །མྱོས་ཆང་དུག་དང་སྦྱར་བས་དགང་། ཁ་ནི་དམར་པོ་དརགྱིསདགབ། །ཚོན་སྣ་ལྔ་ཡི་གྲུ་གུས་བཅིང་། །བཤོས་བུ་ཕུང་དང་སྤྱན་གཟིགསདང་། ཁྲ་དང་ཁྲག་ཏུ་བཅས་པས་མཆོད། །དེལྟར་སྔགས་བཟླས་བསྙེན་ཅིང་བསྒྲུབ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །དམུ་ཏྲི་ཁ་ལ་ཙ་ཤ་བདུན། །ཏོག་ཧོག་སིབ་ཁ་ལ་ཡམ་སྨྱོ། །པ་ཤ་ར་དུ་ཡ་ཏྲི་རེ་ར་ཏེ་ཡམ་ཤ་ར་ཤ་ར་ཕོབ་ཡ། ཙི་ཏིང་ཤ་ར་ལམ་པི་ཤ་ར་ལ་བྲི་ལི༷ ༷ལི་ཕོབ་ཡ། ཏྲི་ཏ་པ་ལ། ཤ་རཤར་པྲ༷་ལིང་ཕོབ་ཡ། དེ་ལྷརའདས་ཤིང་དབབ་པའོ། །ཏྲི་ནི་ཀ་ལམ་ཤ་ར་ལྷ་མྱག་མྱག་ཤར་ཡ་ཕོབ། མུ་ཏྲི་ཀ་ལ༷་ས་མ་ཡ། ཙབ་ཙབ་འུར་འུར་སྐྱེས་ལ་ནེ་ར་ཡ། འུརའུར་ཤར་ཤར་ཕྲོ་ཕྲོ་ཐིག་ནིག་ཕོབ་ཡ། དེ་ནི་དྲིལ་ཏེ་དབབཔའོ། །དེ་ཡིས་ཐིམ་བུ་བསྒྲུབ་པསྟེ། །སྔགས་བཟླས་བར་བར་བསྐུལ་བར་བྱ། །དེ་ཡིས་ཇི་ལྟར་འདོད་པ་དབབ། །ཐོད་པ་ལྟར་གཞུག་བསྐུལ་ལ་དབང་། །དང་པོབསྙེན་ཀྱང་དེལྟར་བསྙེན། །ཐ་མར་རྟ་ཡང་དེ་ཀས་བྱ། །ཧུ༷། ཐུགས་དམ་ཅན་དེ་སྲིད་པའི་བདག །དྲག་ལ་རྩ་དང་ལྡན་པ་དེས། །དྲེགས་ཅན་གདུག་པ་མ་རུངས་པ། །སྲིད་པ་ཀུན་ལ་དབང་སྒྱུར་ཅིང་། །མ་རུངས་འཇོམས་བྱེད་མཐུ་རྩལ་ཅན། །དམུ་བདུད་བཙན་དང་ཐེ་བྲང་ཚོགས། །དམུ་ཆེན་ལྟེ་དཀར་གདུག་པ་ཅན། །ལུས་ནི་སྨུག་ནག་འབར་བ་ལ། །རལ་པ་ཅན་ལ་གདུང་པའི་འཁོར། །བསེ་ཆེན་སྨུག་པོའི་ཐུལ་པ་གསོལ། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །ཕྱག་ན་བདུད་ཀྱི་མདུང་ཤིང་བསྣམས། །ཆིབས་སུ་དམུ་ཡི་རྟ་རྒོད་ཆིབས། །རིན་ཆེན་འབར་བའི་དབུ་རྒྱན་ཅན། ཁྱོད་ནི་དམུ་ཆེན་ལྟེ་དཀར་ཏེ། །དམུ་ཆེན་འབར་བ་བསྐྱོད་ཙམ་ན། །དྲེགས་ཆེན་ཀུན་ཡང་རྒྱུག་གུམ་གུམ། །གནམ་ལས་ཐོག་དང་སེར་བ་འབེབས། །ས་དང་བར་སྣང་དམག་གིས་འགེངས། །བདུད་རྗེ་མ་རུངས་དུས་ལ་བབ། །བདུད་ཆེན་གདུག་པ་ལྟེ་དཀར་ཏེ། །མ་རུངས་གདུག་པ་འདུལ་བའི་གཙོ། །མཐིང་ནག་འབར་བའི་རལ་པ་ཅན། །རལ་པ་ཅན་ལ་ཁྱུང་ཤོག་ཅན། །མཆེ་བ་གཙིགས་པ་ཐོད་པ་ཐོགས། །དར་ལྕེ་ནག་པོ་བསྣམས་པའོ། །ཆིབས་སུ་ནག་པོ་བདུད་རྟ་ཆིབས། །འཁོར་དུ་ཡང་འདུད་ཕྲན་ནག་མང་པོས་བསྐོར། །དྲག་པོ་སེར་ཆེན་དབབ་པའི་དུས་ལ་བབ། །བཙན་ཏ་སེར་ལྟེ་དཀར་མ་རུངས་པ། གདུག་པའི་བཙན་ཆེན་རྔམ་པའི་ཚོགས། །དམར་པོ་བེར་ཆེན་སྐུ་ལ་སོགས། །གཡས་ན་བསེ་ཡི་མདུང་དམར་བསྣམས། །གཡོན་ན་གདུག་པའི་དར་ལྕོ་བསྣམས། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། ཁ་ནས་བཙན་སེར་དམར་པོ་འབེབས། །གདུག་པའི་འཁོར་ཚོགས་དམ་ལ་བརྟགས། །དྲག་པོ་ཐོག་སེར་དབབ་པའི་དུས་ལ་བབ། །ཐེ་བྲང་ལྟེ་དཀར་གདུག་པ་ཅན། །སྤྲུལ་པ་དྲག་པོ་མ་རུངས་པ། །སྲིད་པར་རྒྱུད་པར་བྱེད་པ་སྟེ། །སེར་སྐྱ་ལུས་ལ་བ་དན་འཕྱར། །ལྟེ་བ་ཐེ་བྲང་གྲོང་ཁྱེར་བསྐང་། །སྲིད་པ་ཡོངས་ལ་དབང་སྒྱུར་ཅིང་། །བར་སྣང་ཁམས་ནས་དབང་སྡུད་བྱེད། །དྲེགས་པ་སྟོང་ཚོགས་དབང་བསྡུས་ནས། །སྲིད་པ་ཡོངས་ལ་དྲེགས་པ་སྟེ། །དྲག་པོ་སེར་ཆེན་དབབ་པའི་དུས་ལ་བབ། །གདུག་པའི་ཐེ་བྲང་འཁོར་དང་བཅས། །ལྟེ་དཀར་ཆེན་པོ་ཁྱེད་བཞི་ཡང་། །དྲག་པོའི་སེར་ཆེན་དབབ་པའི་དུས་ལ་བབ། །འབྱུང་བ་རླུད་གི་གཟུ་ཅིག་བརྡུངས། །དུང་སེམས་དཀར་པོའི་མདའ་ཅིག་འཕོངས། །ཅེས་ལས་བྱའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྟེ་དཀར་བཞིའི་སེར་བའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་ཆེན་པོ་བཞིས་རང་རང་གིས་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །རྒྱལ་སེར་དྲག་པོ་འབེབས་པར་འདོད་ན། གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །སྤྱང་ཀི་སྔོན་པོའི་ཐོད་པ་སྲ །སྨེ་བའི་ཁྲག་སྣ་གསུམ་པོ་ཡིས། །འཁོར་ལོ་རྩིབས་ནི་དྲུག་པ་བྲི། །དབུས་སུ་དམིགས་པའི་རྟེན་བཙུགས་ལ། །གདུག་ཤིང་ཕུར་པས་གཟིར་ལ་གཞག །འཁོར་ལེའི་རྩིབས་ལ་རྒྱལ་པོའི་སྔགས། །རིམ་པ་བཞིན་དུ་དགོད་པར་བྱའོ། །དེ་ལྟར་ཁྲག་ཉུངས་དུག་དང་མྱོས་ཆང་དག་གིས་དགང་། །དར་གྱིས་ཁ་བཅད་དེ་ལ་བསྒྲུབས། །བཤོས་བུ་ཕུ༷ད་དང་བཅས་པས༷་མཆོད། །བསྙེན་བསྒྲུབ་དབང་དང་སྤྲུལ་དྲིལ་ལ། །སྔགས་བཟླས་བསྐུལ་ལ་དབབ་པའོ། །དང་པོ་བསྒྲུབ་ཀྱང་དེ་ལ་བསྒྲུབ། ཐར་མར་རྟ་ཡང་དེ་ཀས་བྱ། །ཨོ་ཀ་ཏྲ་ས་ས་མ་ཡ་ར་ཙ་ཤུ་ལམ་པ་ཤ་ཕྲོ་དྲིལ་ཤར་ཤར་ཕྲོ་པྲིམ་ཕོབ་ཡང་། ག་ཏྲི་པ་ཤ་ར་ག་ཕྲིང་ལིང་པུ་ཙེ་ཤར་སྨྱོ་ལིང་ཡ། ཡུར་ཡུར་ལིང་ལིང་ས་མ་ཡ་ཀ་རུ་ན་རྦ་ན་རྦ་ན་རིལ་སྨྱོ། དེ་ཡིས་བསྙེན་ཅིང་བསྒྲུབ་པར་བྱ། ཕུར་དང་དབབ་པའོ། །དེ་ནས་དྲག་པོ་བསྐུལ་ཞིང་དབབ་པའོ། །ཧུ༷། རྒྱལ་པོ་ཆེན་པོ་གདུག་པ་ཅན། ཁྱེད་ལ་ཁྱབ་པའི་སྤྲུལ་པ་སྟེ། །བར་སྣང་ཡངས་པའི་ཁམས་ཤེད་ན། །འོབས་འཁར་ཡངས་པའི་ནང་ཤེད་ན། །སྲིད་པའི་རྒྱལ་པོ་སྲོག་བདག་བཞུགས། །སྲོག་བདག་གདུག་པ་མ་རུངས་པ། །གདུག་པའི་རྒྱལ་པོ་མཆེད་དེ་བཞི། །གཟའ་དག་སྤྲུལ་པ་ཁྱོད་ཡིན་ན། །གཟའ་རྒོད་དྲག་པོ་སེར་ཆེན་ཕོབ། །འོད་ཀུན་དབར་བ་ཁྱོད་ཀྱི་གནས། །སྤྲུལ་པ་ཟེར་གསུམ་ཟེར་ལ་ཆིབས། །གདུག་པའི་རྒྱལ་པོ་མ་རུངས་པ། །གནམ་ལ་དཀར་པོ་འོད་ཆེན་བཞི། །ཕྱོགས་མཚམས་སྲུན་ནས་སད་ཆེན་བཞི། །གདུག་པའི་རྒྱལ་པོ་གདུག་པ་ཅན། །ས་ལ་གནས་བྱང་ཕྱོགས་སྐྱོང་བདག ཁྱོད་ནི་རྒྱལ་པོ་ཆེན་པོ་བཞི་སྟེ། སྐུ་ནི་འབར་ལ་འོད་དུ་འབར། །དར་ཟབ་མཛེས་པ་གོས་སུ་གོན། །གདུག་བྱེད་འབར་བའི་འོད་འཁོར་བཅས། །དྲག་པོའི་སེར་ཆེན་དབབ་པའི་དུས་ལ་བབ། །སེར་ཆེན་འབར་བ་འདིར་ཕོབ་ལ། །གདུག་པ་མ་རུངས་འདུལ་བའི་དུས་ལ་བབ། །རྒྱལ་པོ་ཆེན་པོ་སྤྲུལ་པའི་གཙོ། །དྲག་པོ་སེར་ཆེན་དབབ་པའི་དུས་ལ་བབ། །སྤྲིན་དེ་དཀར་དམར་དྲིལ་བས་སྣ་ཚོགས་འོད་དང་བཅས་དྲོངས་ལ། །གདུག་པའི་རྒྱལ་པོ་མ་རུངས་འཁོར། །འབྱུང་བ་རླུད་གི་གཞུ་བརྡུངས་ལ། །དུང་སེར་དཀར་པོའི་མདའ་རུ་འཕོངས། །རྩི་འབྲས་རྩད་ནས་གཅད་པའི་དུས་ལ་བབ། ཅེས་བསྐུལ་ཅིང་དང་པོ་བསྙེན་བསྒྲུབ་དེ་ལ་བྱ། ཐ་མར་རྟ་ཡང་དེ་ཀས་བྱ། དེ་ཡིས་ལས་རྣམས་འགྲུབ་པར་བྱ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོས་སེར་བ་དབབ་པའི་ལེའུ་སྟེ་རྩ་བཞི་པའོ།། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྤྱན་སྔར། མ་བདུད་བཅུ་གསུམ་གྱིས་རང་རང་གི་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །བདུད་མོས་སེར་བ་འབེབས་པ་ན། །གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །རིམ་པ་བཞིན་དུ་བསྒྲུབ་པ་ནི། །བྲག་ནག་འཆི་རུ་འདུག་པ་ལ། །མཐུན་པའི་གནས་དེར་འདུག་ནས་ནི། །རིམ་པ་བཞིན་དུ་བསྒྲུབ་པར་བྱ། །དེ་རུ་མཎྜལ་གཞུང་བཞིན་བྲི། །མོན་མོ་ནག་མོའི་ཐོད་པ་སྲ །འཁོར་ལོ་རྩིབས་ནི་བཅུ་གསུམ་བྲི། །དབུས་སུ་དམིགས་པའི་རྟེན་བཅས་ལ། །གདུག་ཤིང་ཕུར་པས་གཟིར་བའོ། །འཁོར་ལོ་རྩིབས་ནི་བདུད་མོའི་སྔགས། །རིམ་པར་བསྟན་ཏེ་དགོད་པའོ། །གཅན་གཟན་དགུའམ་འདབ་ཆགས་དགུ། ཁྲག་སྣ་ཙང་བར་བླུག་པར་བྱ། ་་ས་མོ་སྐེ་ཚེ་ཟི་ར་དང་། ཏིལ་ནག་གང་བུ་བཅས་པའོ། །དུག་སྣ་མྱོས་པའི་ཆ་དང་བཅས། །དེ་ལྟར་བཅས་ལ་ཐོད་པ་དགང་། །མཐིང་ནག་དར་གྱིས་ཁ་བཅད་ལ། །ཐོད་པ་དེ་ལ་སྔགས་ཀྱི་ཐིམ་བུར་བསྒྲུབ་པར་བྱ། སྙིང་ན་ཤ་ཁྲག་གཏོར་མ་ཕུད་དང་བཅས། །སྔགས་ཟླས་བར་བར་བདུད་མོ་མཆོད་ཅིང་བསྐུལ་བར་བྱ། །བསྙེན་ཅིང་བསྒྲུབ་ཡང་དེ༷་ལ་བྱ། །ཐ་མར་རྟ་ཡང་དེ་ཀས་བྱ། །ངན་ངག་ཐིམ་བུར་བསྒྲུབ་པའོ། །དེ་ལ་གསང་བའི་སྔགས་རྣམས་བཟླས། །ཨོ་རག་མོ་རག་མོ་ཙབ་མོ་ཁྲག་ལ་མུ་ཤ བ༷་རིལ་ཤ་མ་ལ་སྨྱོ། རུ་ལུ་རུ་ལུ་ཤི་ལིང་རྦད་མིང་ས་མ༷་ཡ་ཕྲོ་ཡ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས་སུ་ཤེས། །རུ་རུ་ཤར་ཤལ་ཏ་ཕོབ་བ༷་ལིང་ལིང་ཤ་རུ་པུ་རི་པུ་རི་སྨྱོ་ཡ། དེ་ནི་དབབ་པའི་སྔགས་སུ་ཤེས། དུ་པའི་ལིང་ཤིལ་རག་མོ་ཙུབ་ཤ་རལ་རྦད་རྦད། ན་དུར་ཤ་ཕྲོ་ཐིག་ཐ་ཕོབ་ཡ། དེ་གཟིར་ཞིང་སྦྲུལ་ཏེ་དབབ་པའོ། །དེ་ལྟར་བཟླས་ལ་ལས་བྱའོ། །ཧུ༷། བདུད་མོ་ཆེན་མོ་གདུག་པ་ཅན། སྲིད་པ་གསུམ་ལ་དབང་སྒྱུར་མོ། །བདུད་མོ་མ་རུངས་དུས་ལ་བབ། །སྲིད་པའི་བདག་མོ་མ་རུངས་མ། །མ་བདུད་ཆེན་མོ་བཅུ་གསུམ་སྟེ། །བདུད་མོ་ཟ་ཤ་བཞི་ལ་བསྟོད། །བདུད་མོ་སྤྱུགས་འདྲེན་སྲིད་པར་རྒྱུག །འབྱུང་བ་ས་ལ་གནས་པའི་ཚེ། །ས་བདག་མ་ཆེན་སྲིད་པའི་ཡུམ། །འབྱུང་བ་ས་ཡི་མངའ་བདག་མོ། །བར་སྣང་ཁམས་ན་གནས་པའི་ཚེ། །སྲིད་པའི་རྒྱལ་མོ་སྨྱོ་བཟློག་མཁན། །གནམ་ས་མུན་རུམ་སྲེད་ཕྱེད་མ། །བར་སྣང་ཁམས་ཀྱིས་གློག་མ་སྲིན། །འབྱུང་བ་གནམ་ལ་གནས་པའི་ཚེ། །སྲིད་པའི་བདག་མོ་ཐོག་སེར་བདག །སྙན་ནས་འབྲུག་སྟོང་དི་རི་རི། །ལྗགས་ལས་གློག་འགྱུར་ལམས་སེ་ལམས། ཤངས་ནས་༷་ནག་ཚུབ་མས་འདེབས། །ལྗགས་ལ་ཁྲག་གི་སེར་ཆེན་འབེབས། །གདུག་བྱེད་མ་རུངས་སྲིད་པའི་བདག །བདུད་སྲིན་ནག་པོས་མཁའ་ལ་མདུང་ལྟར་འདྲིལ། །ཚ་གྲང་འོད་ཀྱིས་མདའ་ཅིག་ཕྱུང་། །འབྱུང་བ་རླུད་ག་གཞུ་ཅིག་བདུངས། །དཀར་བར་དུང་སེར་མདའ་ཅིག་འཕོངས། །རྩི་ཐོག་ཤིང་ཐོག་རྩད་ནས་ཆོད། །བདུད་མོ་ཆེན་མོ་མ་རུངས་མ། །ཐོག་སེར་བདག་མོ་སྤྲུལ་པ་ཅན། །གདུག་བྱེད་མ་རུངས་དམ་ལ་ཤོག །བདུད་མོ་ཆེན་མོ་བཅུ་གསུམ་ཡང་། །སྐུ་ནི་འབར་བའི་ཆ་ལུགས་ལ། །ཐུགས་ནི་སྒྲོལ་བྱེད་སྲོག་དང་བཅས། །གསུང་ནི་གདུག་པའི་སྒྲ་སྒྲོག་མ། །འཕྲིན་ལས་དྲག་པོའི་སེར་ཆེན་འབེབས། །གདུག་པའི་ལས་མཛད་ཤ་ར་ར། །སྒྱུགས་པའི་གླུ་ལེན་ཀྱུ་རུ་མྲ །དྲག་པོའི་ཐོག་སེར་འབེབས་པའི་དུས་ལ་བབ། །ཅེས་བསྐུལ་ཞིང་དབབ་བོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་བཅུ་གསུམ་གྱི་སེར་བ་དབབ་པའི་ལེའུ་སྟེ་རྩ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཀླུ་རྣམས་ཀྱིས་རང་རང་གི་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །གསང་བདག་ཏིང་འཛན་ལྡན་པ་དེས། །འདུག་པའི་གནས་སུ་འདུག་ནས་ནི། །ཕག་པ་རོག་པོའི་ཐོད་པ་ལ། །འཁོར་ལོ་རྩིབས་ནི་བརྒྱད་པ་བྲི། །དབུས་སུ་དམིགས་པའི་རྟེན་བཅས་ལ། །སེང་ལྡེང་ཕུར་པས་གཟིར་བའོ། །འཁོར་ལོའི་རྩིབས་ལ་ཀླུ་ཡི་སྔགས། །ཉ་དང་བྱི་དང་ཁྱི་ར་ཁྲག །དུག་ཆང་ཏིལ་རྣམས་ཐོད་པ་དགང་། ཁ་གཅད་དེ་ལ་བསྒྲུབ་པར་བྱ། །བསྙེན་ཅིང་བསྒྲུབ་དང་དབབ་དང་ཟིལ་ཕུང་བྱ། །མཐུན་པའི་རྫས་ཀྱིས་ཀླུ་རྣམས་མཆོད། །སྔགས་རྣམས་བར་དུ་ཀླུ་བསྐུལ་ལ། །དང་པོར་བསྒྲུབ་ཀྱང་དེ་ལ་བསྒྲུབ། །ཐ་མར་རྟག་གཟེར་དེ་ཀས་བྱ། །སེར་བ་རྟ་ལ་འཁོར་ལོ་བཞི་དབབ་པའོ། །ཨོ་ནཱ་ག་ཤ་དྷི་ལ་ཤར་ཤརའཕྲོལ་འཕྲོལ་ས་མ་ལ་ཡ་དུ་རུ་ཤ་ད་དྷི་ལ་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས་སུ་ཤེས། ཨོ་ནཱ་ག་ར་ག་ཤ་ཏས་ལ་ན་རེ་སྐྱེས་ལ་ནེར་པུ་ལུ་ཤ་ར་ཐིག་ཤ་ཡ་སྨྱོ། དེ་ནི་དབབ་པའི་སྔགས་སུ་ཤེས། བུ་ར་ཤ་འུར་འུར་ས་མ་ཡ་འཕེང་ལམ་ཙ་ཡ་ཕོབ་ཡ། དེ་ནི་ཡུབ་གཅིག་དབབ་པར་ཤེས། དེ་ལྟར་བཟླས་པ་དང་། ཧུ༷།ཀླུ་ཆེན་གདུག་པ་ཞེ་སྡང་ཅན། །གནས་པ་རྒྱ་མཚོ་རི་རབ་བང་ལ་གནས། ཁྱེད་ནི་གདུག་པ་ཀླུ་ཡི་བུ། །ཀླུ་གདུག་མ་རུངས་དྲག་ཤུལ་ཅན། །དགའ་བོ་འཇོག་པོ་མཐའ་ཡས་དུས་སྐྱོང་དང་། །པདྨ་ཆུ་ལྷ་དཀར་པོ་ཝ་རུ་ན། །གདུག་པའི་ཀླུ་ཆེན་བརྒྱད་པོ་ཡང་། །རི་རབ་སྟེངས་ནས་འབྲུག་སྒྲོགས་ཅིག །ཚ་གྲང་འོད་ཀྱི་མདའ་ཕྱུང་ཞིག །གདུག་པ་ཀླུ་སེར་ཆར་ལྟར་ཕོབ། །སེར་བ་དབབ་པའི་དུས་ལ་བབ། །རིབས་བཞི་ཀླུ་ཚོགས་གདུག་པ་ཀུན། །དྲག་སེར་དབབ་པའི་དུས་ལ་བབ། སྦྲུལ་མགོ་གཞོན་ནུའི་དུས་ལ་བབ། །རྒྱ་མཚོ་གཅོལ་དང་ངད་པས་ཐོབ། །གདུག་པའི་སེར་ཆེན་དབབ་པའི་དུས་ལ་བབ། །ས་བདག་ཀླུ་གཉན་མ་རུངས་ཚོགས། །དྲག་སེར་འབེབས་ཅིང་ད་ཚུར་སྦྱོན། །རྩི་འབྲས་རྩད་ནས་ཆོད་ལ་ཐོང་། །ཀླུ་སེར་ས་ལ་ཕོབ་ལ་ཐོང་། །ཞེས་བསྐུལ་ཞིང་དབབ་བོ། །ཐ་མ་གར་འབེབས་སར་ཡས་རྦ་དབབ། དེ་ཡིས་ལས་རྣམས་གྲུབ་པར་འགྱུར། ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུས་སེར་བ་དབབ་པའི་ལེའུ་སྟེ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེ་བྲང་རྣམས་ཀྱིས་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །ཐེ་བྲང་སེར་བ་འབེབས་པ་ན། །གསང་བདག་ཏིང་འཛིན་ལྡན་པ་དེས། །མདུན་པའི་གདུག་གསུམ་གནས་ཆེན་དུ། །དེ་རུ་མཎྜལ་གཞུང་བཞིན་བྱ། །རི་བོང་སྣ་རིངས་ཐོད་པ་མྲ །མི་རྟ་ར་ཁྱིའི་ཁྲག་རྣམས་ཀྱིས། །འཁོར་ལོ་རྩིབས་ནི་བཅུ་དྲུག་བྲི། །དབུས་སུ་རྟེན་གཟུགས་ཕུར་པས་གཟིར། །འཁོར་ལོའི་རྩིབས་ལ་ཐེ་བྲང་སྔགས། །རིམ་པ་བཞིན་དུ་འབྲིའོ། ་་་ཀར་ཁྲག་སྣ་མྱོས་ཆང་དུག་གིས་དགང་། །དམར་པོ་དར་གྱིས་ཁ་གཅད་ལ། ཐོད་ང་དེ་ལ་བསྒྲུབ་པའོ། །བསྙེན་བསྒྲུབ་དབབ་དང་སྤྲུལ་དྲིལ་བའོ། །སྔགས་བསྒྲུབ་བསྐུལ་དང་ལས་བྱའོ། །ཡི་ཏྲི་ར་ཤ་ར་ག་ཤ་ར་ཤ་ར་དྷིལ་སེན་སེན་ལུབ་བཞུ་པྲི་ཕོབ་ལ། དེ་ནི་བསྙེན་ཅིང་སྒྲུབ་པར་བྱེད། ཧྲུ༷་ཧུ༷་ཤ་དེ་བ་རྟ་འགའ་ན་དྷི་ཤ་ཡ་ཕོབ་ཡ། དེ་ནི་དབབ་པའི་སྔགས་སུ་ཤེས། །ར་གོ་ར་གོ་ཤ་ར་འུར་དྲིལ་སྤྲུལ་སྨྱོ། དེ་ནི་གཟིར་ཞིང་སྤྲུལ་པའོ། །དེ་ལྟར་བསྒྲུབས་ལ་དབབ་པའོ། །ཧུ༷། སྲིད་པའི་ཐེ་བྲང་གདུག་པ་ཅན། །གདུག་བྱེད་མ་རུངས་དྲག་ཤུལ་ཅན། །སྲིད་པ་གསུམ་གྱི་དབང་ཆེན་པོ། །སྟོང་གསུམ་རྒྱུག་ཅིང་དྲེགས་པའི་ཁ་ལོ་སྒྱུར། །གདུག་བྱེད་མ་རུངས་དྲག་ཤུལ་ཅན། །ལ་ལ་ས་ལ་གནས་པའོ། །ལྟ་ལྷའི་ནོར་འཛིན་པའོ། །ལ་ལ་བདུད་ཀྱི་དགུན་བུ་བ། །ལ་ལ་བཙན་གྱི་གྱིང་ཆེན་པོ། །ཐེ་བྲང་ཆེན་པོ་ཁྱེད་རྣམས་ལ། །དྲག་ཅིང་ག་་ཁ་རྒྱུག་འགྲོ་བདག །འབྱུང་བ་ལྔ་པོ་དབང་བསྡུས་ལ། །དྲག་སེར་དབབ་པའི་དུས་ལ་བབ། །སྤྲིན་ཆེན་མཁའ་ལ་བལ་ལྟར་འཁོད། །འབྲུག་ཆེན་ལྡིར་ལ་གློག་དགུར་འགྱུས། །ཟངས་སེར་དམར་པོ་དབབ་པའི་དུས་ལ་བབ། །ཅེས་བསྐུལ་ཞིང་ལས་བཅོལ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་གིས་སེར་བ་དབབ་པའི་ལེའུ་སྟེ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སྐྱེས་བུ་ལུང་བཙན་གྱིས་རང་གིས་སེར་བ་དབབ་པའི་ལས་འདི་སྨྲས་སོ། །བཙན་སེར་དྲག་པོ་འབེབས་པ་ལ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དེ་རུ་སེར་ཆེན་བསྒྲུབ་པར་བྱ། །དམར་པོ་ཁྱི་ཡི་ཐོད་པ་མྲ །འཁོར་ལོ་རྩིབས་ནི་བཞི་པ་བྲི།དབུས་སུ་རྟེན་དང་བཅས་པ་བྱ། །འཁོར་ལོ་རྩིབས་ལ་བཙན་གྱི་སྔགས། །རིམ་པ་བཞིན་དུ་དགོད་པར་བྱ། །ཚལ་བུ་ཏི་ཁྲག་དང་དམར་པོ་རིའི་ཁྲག བྱ་ཕོ་མཚའ་ལུའི་ཁྲག་དང་གསུམ། ་་་ཀར་དང་ནི་ཟི་ར་ཁྲག །དུག་དང་མྱོས་ཆང་སྦྱར་བར་བྱ། །དེ་ལྟར་ཐོད་པ་དགང་བྱས་ལ། །དམར་པོ་དར་གྱིས་ཁ་གཅད་བསྒྲུབ། །སྙིང་སྣ་ཕུད་དང་བཤོས་བསྐོར་འཆང་། སྤྱན་གཟིགས་རིམ་པར་བཅས་པ་ཡིས། །མཆོད་ཅིང་ལས་ལ་བསྐུལ་བར་བྱ། །དེ་ལྟར་གསང་བའི་སྔགས་བཟླས་བསྒྲུབ། །གསང་བའི་སྔགས་སུ་བསྟན་པ་ནི། ཨོ༷་ཙ་ཙ། ཁ་ལ་དུན་ཏིང་ས་མ་ཡ་དུར་ཏྲག་འུར་ཆོལ་གྱི་ལི་ཐ་རི་ཤར་ཡ་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས། །ཨོ་ག་རོ་ཤར་ཏྲག་གུར་ལིང་ཤ་ར་ཀ་ལིང་ས་མ་ཡ་ཏྲ༷་སྨྱོ། དེ་ནི་ཡུར་ཞིང་དབབ་པའི་སྔགས། །ཨོ་ག་ལེ་ཏྲག་ཤ་མ་ཏི་འུང་ཀ༷་ཤར་ཡ་སྨྱོ། དེ་ནི་དྲིལ་བའི་ས་གནན་ཏེ་དབབ་པའི་སྔགས། །དེ་ལྟར་རིམ་པ་བཟླས་དང་བསྟབ་པའོ། །ཧུ༷། བཙན་ཆེན་སྐྱེས་བུ་སྤྲུལ་པའི་བདག །སྲིད་པ་ཡོངས་ལ་དབང་བྱེད་མ། ཁམས་རྣམས་འཇོམས་ཤིང་ལས་ལས་དྲག །དམར་པོ་ལུས་ལ་བསེ་ཡི་ཆས། །སྐྱེས་བུ་གདུག་པའི་སྐྱེས་ཅིག་པ། །བར་སྣང་ཁམས་སུ་རྒྱུག་པའི་ཚེ། །མདུང་དམར་འདེབས་ཤིང་སྲིད་པ་སྒྲོལ། །བཙན་སྤྲིན་དམར་པོ་མཁའ་ལ་སྡུད། །བཙན་དམག་སྟོང་སྡེས་སྲིད་པ་དཀྲུག ཁམས་གསུམ་མ་ལུས་སྦྲུབ་པ་ཐོང་། །འབྱུང་བ་ས་ལ་དྲོད་གཡོས་ལ། །རྒྱ་མཚོ་གདུག་པའི་ཀླུ་དཀྲུགས་ལ། །ཐེ་བྲང་སྟོང་གི་བང་ཆེན་ཁྱེད། །དྲེགས་ཚོགས་མང་པོའི་དཔུང་སྐྱེད་ལ། །རི་རབ་ཁ་ནས་འབྲུ་གཅིག་སྒྲོགས། །རྒྱ་མཚོའི་གཏིང་ནས་མདའ་ཅིག་ཕྱུང་། །འབྱུང་བ་རླུད་གི་གཞུ་ཅིག་བདུངས། །དཀར་པོ་དུང་གི་མདའ་ཅིག་འཕོངས། །རྩི་ཤིང་འབྲས་བུ་རྩད་ནས་ཆོད། །དྲག་པོའི་ཆུ་འབྱགས་ཆར་ལྟར་ཕོབ། །འབྱུང་བའི་ཐིག་ཆེན་ཐོག་ལྟར་དྲངས། །ཅེས་བསྐུལ་ཞིང་དབབ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྐྱེས་བུ་ལུང་བཙན་གྱིས་སེར་བ་དབབ་པའི་ལེའུ་སྟེ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྦྱན་སྔར། བྲག་བཙན་དམར་པོས་རང་གི་སེར་བ་དབབ་པའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །ར་ཙ་དམར་པོའི་ཐོད་པ་མྲ །འཁོར་ལོ་རྩིབས་ནི་ལྔ་པ་འདྲི། །འཁོར་ལོ་རྩིབས་ལ་བཙན་གྱི་སྔགས། །དབུས་སུ་དམིགས་པའི་རྟེན་བཅས་བྲིས། །གདུག་པའི་ཕུར་པས་གཟིར་བའོ། །ཉུང་ཀར་ཁྲག་དང་དུག་ཆང་དག་གིས་དགང་། །དམར་པོ་དར་གྱིས་ཁ་གཅད་ལ། །དེ་ལ་རིམ་པ་བསྒྲུབ་པར་བྱ། །བཤོས་བུ་དམ་རྫས་དག་གིས་མཆོད། །ངན་སྔགས་ཐི་བུར་བསྒྲུབ་པར་བྱ། །དེ་ཡིས་བསྙེན་བསྒྲུབ་དབབ་པར་བྱ། །ཐ་མར་རྟ་ཡང་ཐོད་པ་དེ་ཀའོ། །དེ་ནས་གསང་སྔགས་སྨྲས་པ། ཨོ་ག་རུ་སད་ཙ་ཤོལ་བ་བར་རི་ཤར་ཤར་ཕོབ། འུར་ཤ་ལི་སྦྱོ།དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས། །ཨོ་ཙ་ཙ་ཤོ་ལ་བ༷་ར༷་ར༷་སྐོར་སྐོར་ལིང་ཤར་དུ་ཡ་ཕོབ་ཡ། ཀི་ལི་ཀི་ལི་ཏྲ༷་སྨྱོ། ཙ་ཙ་ཤ་ར་ཏྲི་སྨྱོ། དེ་ནས་གཟིར་དང་ཡུར་སྔགས་སོ། །ཧུ༷། བྲག་བཙན་དམར་པོ་དམ་ལས་བཞེངས། །སྲིད་པའི་ཐེ་བྲང་ཁ་ལ་གནས། །རྒྱུ་བ་བར་སྣང་ཁམས་སུ་རྒྱུ། །དམར་པོ་བསེ་ཡི་རྟ་ཕོ་བཅིབས། །བསེ་རྟ་ནི་དམར་པོ་ལ། ཁྲ་ཆེན་དར་མའི་གཤོག་པ་ཅན། །རིན་ཆེན་འོད་ལྔ་རྒྱན་སྤྲས་པས། །སྲིད་པ་ཡོངས་ལ་དབང་སྒྱུར་བྱེད། །བདུད་བྱེད་མ་རུངས་སྲིད་པའི་རྟ། །དེ་ལ་བྲག་བཙན་དམར་པོ་བཅིབས། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །བསེའི་བ་དན་ཅན། རླུད་གི་འཁོར་དང་བཅས། ཚ་གྲང་འོད་ཀྱི་ངར་དང་ལྡན། །གཅོད་པའི་སོ་དང་ལྡན། གཡོ་བའི་ཤུགས་དང་ལྡན། ནུས་པའི་དཔལ་དང་ལྡན། བར་སྣང་ཁམས་སུ་གཡབ་པའི་ཚེ། །དམར་པོ་སྤྱིན་ཆེན་མཁའ་ལ་སྡུད། །གདུག་པའི་རླུད་དམར་མཁའ་ལས་ལྡང་། །བཙན་སེར་དམར་པོ་ཆར་ལྟར་འབེབས། །གདུག་པའི་བཙན་སེར་དམར་པོ་ཡིས། །སྡུག་གུའི་རྩི་འབྲས་མྱལ་ཐེག་གཅོད། །ཅེས་བསྐུལ་ཞིང་དབབ་བོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྲག་བཙན་དམར་པོས་སེར་བ་དབབ་པའི་ལེའུ་སྟེ་རྩ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སེ་བཙན་རོལ་པོས་རང་གི་སེར་བ་དབབ་པའི་ལས་འདི་རྣམས་སྨྲས་སོ། །བཙན་སེར་དམར་པོ་འབེབས་པ་ན། །གསང་བདག་ཏིང་འཛིན་ལྡན་པ་དེས། །ཐུན་པའི་གནས་སུ་འདུག་པ་ནི། །དེ་རུ་དཀྱིལ་འཁོར་རིམ་བཞིན་བྱ། ཁྱི་རྒྱ་བོ་མིག་བཞིའི་ཐོད་པ་རུ་རྟ་ནག་པོའི་ཁྲག་གིས། འཁོར་ལོ་རྩིབས་ནི་བཞི་པ་སྟེ། དབུས་སུ་རྟེན་གཟུགས་ཕུར་པས་གཟིར། །འཁོར་ལོའི་རྩིབས་ལ་སེ་བཙན་སྔགས། །རིམ་པ་བཞིན་དུ་འབྲི་བའོ། །ཉུངས་ཁྲག་དུག་ཆང་སྦྱར་བས་དགང་། །དེ་ལྟར་དར་གྱིས་ཁ་གཅད་པ། །དེ་ལ་མཐུན་པའི་རྫས་རྣམས་ཏེ། །བཤོས་བུ་སྤྱན་གཟིགས་ཕུད་དང་བཅས་པས་མཆོད། །དེ་ལ་སྔགས་ཀྱིས་གྲུབ་པའོ། །ཨོ་ར་ཙེ་ར་ཙེ་ཏུ་ར་ཤཱ་ར་ཤུལ་ཤུལ༷ ་ཏྲག ཤར་ཕྲོ་སྨྱོ། འུ་རམ་ཕཊ་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས།ཨོ་ར་ཙུ་ཁ་ལ་སྨྱོ། རིལ་རིལ་ལི། །བའི་པི་པི་ཤི་སྨྱོ། དེ་ནི་དབབ་པའི་སྔགས་སུ་ཤེས། །ཨུ་ལི་ས་མ་ཡ་ལིང་ལིང་འུར་ཀམ་ཐིག་ཐིག་ཕྲོ་ཤར་སྨྱོ། དེ་ནི་ཡུར་དབབ་སྔགས་སུ་ཤེས། །དེ་ལྟར་རིམ་པས་བསྒྲུབ་པའོ། །ཧུ༷། བཞེངས་ཤིག་བཞེངས་ཤིག་སྲིད་པའི་བདག །ཞིག་འཇིགས་སྲིད་པ་ཀུན་ལ་དབང་མཛད་དེ། སེ་བཙན་རོལ་པོའི་ཁ་རུམ་རྗེ། །སྐུ་ནི་སྨུག་ནག་མཛེས་པ་ལ། །མེ་ཏོག་མཛེས་པའི་རྒྱན་དང་ལྡན། །འོད་འབར་འཇའ་ཁའི་ཐོད་ཅིག་བཅིངས། །གཡས་ན་ཐོག་གི་ཟོར་བ་བསྣམས། །གཡོན་ན་གློག་གི་ཞགས་པ་འཕེན། །ཞལ་ནས་འབྲུག་སྒྲ་ཆེམ་ཆེམ་སྒྲོགས། །སྣ་ནས་རླུད་ནག་ཚུབ་མས་འདེབས། །གདུག་པའི་བཙན་ཆེན་མ་རུངས་པ། །དྲག་པོའི་སེར་ཆེན་འབབ་པའི་དུས་ལ་འབབ། །ཅེས་བསྐུལ་ཞིང་དབབ་བོ། །དེ་ནས་དྲག་པོའི་ལས་རྣམས་བྱ། །ཚིག་གིས་སྤྱན་དྲངས་མཆོད་པ་དང་། །ལས་བཅོལ་དེ་བཞིན་བྱའོ། །སྔགས་ནི་ངན་སྔགས་ཐིམ་བུར་བསྒྲུབ། །དང་པོ་བསྒྲུབ་ཀྱང་ཐོད་པ་དེ་ལས་བསྒྲུབ། །ཐ་མ་རྟ་ཡང་ཐོད་པ་དེ་ཀས་བྱ། །གཟེར་གསུམ་ངེས་པར་དེ་ཀ་ནའོ། །གཞོམ་པའི་འཁོར་ལོ་བརྒྱད་པོས་བྱ། །ཕྱོགས་མཚམས་སྟེང་འོག་དེ་བཞིན་བསྲུངས། དེའི་ལས་ཀྱི་དོན་རྣམས་འགྲུབ་པའོ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སེ་བཙན་རོལ་པོའི་སེར་བ་དབབ་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ཐོག་སེར་གྱི་བམ་པོ་སྟེ་གཉིས་པའོ། །ཐོག་སེར་གྱི་བམ་པོ་རྫོགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེའི་བདག །དྲེགས་པའི་རྒྱལ་པོ་ཆེན་པོ་རྣམས། །མི་བུ་རྣམས་ལ་བདུད་བབས་ན། །མཉམ་པར་བརྗེ་བ་གང་གིས་བྱ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དྲེགས་པའི་རྒྱལ་པོ་འདི་རྣམས་ནི། །མཉམ་པར་བརྗེ་ན་སེམས་ཅན་དག་གིས་བརྗེ། །དེ་ཡིས་བརྗེ་ན་བཤོལ་བར་སྣང་། །ཞེས་གསུངས་སོ། །ར་ཙ་དཀར་པོ་དག་ལ་ནི། །སྐེ་རུ་དྲེགས་པའི་མིང་རུས་གདགས། །རྭ་ལ་གཡུ་ཡིས་བརྒྱན་པ་སྟེ། །འབྲུ་ཟས་ནོར་སྐལ་ཁལ་དུ་བཀལ། །ལུས་ལ་མཚལ་གྱིས་ཐིག་ལེ་བྱ། །དར་དང་ཟབ་ཀྱིས་མཛེས་པར་བརྒྱན། །དེ་ལྟར་བསགས་ལ་བསྔོ་བ་བྱ། ནག་པོ་སྤྱི་དཀར་བདུད་ལ་བསྔོ། །བྱང་ལུག་ར་རྣམས་དཀར་བ་ནི། །རྒྱལ་པོ་དག་ལ་སྔོ་བའོ། །བྱ་ནག་ལུག་ནག་ཁྱི་ནག་བདུད་མོ་ལ། རེ་འུ་རྒྱལ་པོ་ཐེ་བྲང་ལ། ལུག་སྨུག་བྱ་དམར་ཀླུ་དང་ས་བདག་ལ། དེ་ལྟར་བསགས་ལ་བསྔོ་བ་བྱ། །གང་ལ་དགོས་པའི་སོ་སོའི་བསྔོ་བ་བྱ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པའི་ཐོམ་ལུག་བསག་པའི་ལེའུ་སྟེ་སོ་གཅིག་པའོ།། །།དྲེགས་པ་ནི་སྟོང་གི་ཚོགས། ཞེ་སྡང་ནི་གདུག་པའི་ཚོགས། འདོད་ཆགས་ཆེན་པོ་ཆགས་པའི་ཚོགས། ང་རྒྱལ་གདུག་ཆེན་པོ། ཕྲག་དོག་གདུག་པའི་འབོརདེ་རིང་སྲིད་པའི་ཡས་ཅིག་འབུལ། །དེ་རིང་སྲིད་པའི་སྐོས་ཅིག་འདེབས། །མི་ལ་བདུད་བབས་ན། ཤིང་ལ་རྟ་བརྩམས་སམ། བདུད་ལ་གཞག་གཟུང་ན། དེ་རིང་མཉམ་ཉིད་ནི་བརྗེ་བར་བྱ། བདེན་མཐུན་གཉིས་བརྗེ་བར་བྱ། བདེན་པའི་ཆོས་ཅིག་བཤད། དག་གི་སྨྲད་ཅིག་འདྲོལ། ཡིད་ཀྱིས་ཀླུ་ཅིག་བསམ། མཉམ་ཉིད་ནི་བརྗེ་བར་བྱ། དྲེགས་ཆེན་ནི་སྟོང་གི་ཚོགས། མི་བས་ནི་གླུད་ལ་སྦྱོན། སེམས་ཅན་ནི་མཛེས་པ་ལ། ལྔ་ཕུང་ཡན་ལག་མཛེས་པའི་བཞི། །རུས་པ་རིན་ཆེན་མཁར་དུ་བརྩིགས། །རྩ་རྒྱུས་རིན་ཆེན་གསེར་གྱི་དྲ་བས་བསྡུས། །རིན་ཆེན་འབར་བའི་ཤས་བཙས་ནས། །རིན་ཆེན་ཟངས་ཀྱི་པག་གིས་གཏུམས། །མཉེན་བཅུད་ཁྲག་དང་ཆུ་སེར་སྤྲས། །དང་པོ་སེམས་ཀྱི་གཞི་མོ་བཏིང་། །སྲོག་གི་རླངས་པ་འབྱུང་བ་དབུགས། །དངས་མའི་མཚོ་བཞི་ནང་དུ་བཙས། །འབྱུང་བ་ལྔ་ཡིས་སྐྱེད་དེ་བསྟེན། །སྲིད་པ་ཆགས་དེ་བར་དུ་སྒོས། །དང་པོ་འཇའ་ཚོན་སྣ་ལྔས་འཆར། །ཕྱིས་ནི་སྲིད་པ་ཆགས་འཇིག་རྟེན། །བཅུད་སེམས་དག་པ་ཐིག་ལེ་བདེ་བའི་ངང་། །འདི་ནི་སེམས་ཅན་གཙོ་བོ་སྟེ། །གདུག་པའི་དྲེགས་ཆེན་ཁྱེད་ལ་འབུལ། །འཐོམ་མོ་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་འདོད་ཆགས་ནང་དུ་འཐོམས། །ལོ་གཅིག་སྲིད་པའི་དྲེགས་པ་རྣམས། །མ་རིག་རྨོངས་པའི་དྲག་པོའི་འཁོར། །འདི་ནི་བྱོལ་སོང་མངོན་ཤེས་ཅན། །ཕྱི་ལ་སྲིད་པ་ཆགས་འཇིག་ཚང་སྟེ་སྲིད་པའི་གླུད། །མི་དང་མཉམ་ཉིད་བརྗེ་བའི་གླུད། ཕྱིའི་གླུད་དུ་མཉམ། ནང་བཅུད་དུ་མཉམ། མཉམ་ཉིད་བརྗེ་བའི་གཟུང་བ་ཐོང་། །ཞེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་༄༅ ལང་ཐོམ་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་རང་རང་བཅོས་པའི་ལས་འདི་རྣམས་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བྱ། ཁ་དོག་འདྲ་འབག་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའི་སྤྱི། །འབྱུང་བ་དར་གྱིས་བརྒྱན་པའོ། །སྦྲུལ་རིས་བརྒྱན་གྱིས་རི་རབ་ཁ། །ཕྱོགས་མ་ནོར་བར་བརྒྱན་པའོ། །སྦྲུལ་དང་སྦལ་པ་རྩངས་པ་དང་། །དྲ་དང་གླང་དང་མཐུན་པ་དང་། །ཀླུ་གཟུགས་སྣ་ཚོགས་ཀྱིས་བསྐོར་བའོ། །འབྲང་རྒྱས་དང་ནི་དར་བྱ་དང་། །མདའ་དང་ནམ་མཁའི་རི་རབ་བརྒྱན་པའོ། །འོ་མ་སྨན་དང་འབྲུ་བཅས་པ་འགྲམ་པའོ། །དཀར་གསུམ་ཆན་དང་བཅས་པའོ དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་ཡས་བསག་པའི་ལེའུ་སྟེ་སོ་གསུམ་པའོ།། །།ཧུ༷། ཀླུ་ཆེན་ནི་འཁོར་དང་བཅས། ཞེ་སྡང་ནི་གདུག་པའི་ཚོགས། གཏི་མུག་ནི་བླུན་པའི་འཁོར། རིགས་བཞི་ཕྲག་དོག་ཅན། ཀླུ་ཚོགས་ནི་མང་པོ་རྣམས། སིལ་མ་སྟོང་གིས་བསྐོར། དེ་རིང་སྲིད་པའི་མདོས་ལ་སྤྱོན། ཀླུ་ཆེན་ནི་བརྒྱད་པོ་སྟེ། རི་རབ་བང་རིམ་དག་ལ་གནས། མཚོ་མོ་རུངས་ཀྱི་དཀྱིལ།སྨུག་ལུག་སྨུག་དེ་བཞིན་བསྐང་དང་རྟ། །གཏོར་མ་ཆ་དགུ་དབུལ། ཤར་དུ་དཀར་གཏོར། ལྷོ་རུ་འབྲུ་སྣ་ཚོགས་གཏོར་མ། ནུབ་ཏུ་སྨན་སྣ་ཚོགས་གཏོར་མ། བྱང་དུ་འོ་མ་སྣ་ཚོགས་གཏོར་མ། ཤར་ལྷོ་མེ་ཏོག་སྣ་ཚོགས་གཏོར་མ། ལྷོ་ནུབ་ཆུ་སྣ་ཚོགས་གཏོར་མ། ནུབ་བྱང་དུ་སྨན་སྣ་ཚོགས་གཏོར་མ། བྱང་ཤར་དུ་ཤ་ཁྲག་སྣ་ཚོགས་གཏོར་མ། དབུས་ཀྱི་གཏོར་སྦྲམ་འབྲས་ཆེན་ཞོ། །ཕུད་དང་སྤྱན་གཟིགས་དེ་བཞིན་བསག །གསོག་དང་ཤས་བརྒྱ་རྩ་བརྒྱད་དོ། །འཕུར་དགུ་འཛུལ་དགུ་གཟུགས་དང་བཅས། །དབུས་ཤར་དུ་དར་དཀར་གུར། ལྷོ་རུ་གུར་སེར། ནུབ་ཏུ་གུར་དམར། བྱང་དུ་གུར་ལྗང་། ཕྲ་མེན་སྐྱོགས་དགུ། གཏོང་སྣོད་དོ། །དེ་ལྟར་ཀླུ་གཟུགས་སྣ་ཚོགས་ཆང་བཤོས་དང་། །ཕུང་དང་རིན་ཆེན་དེ་བཞིན་ཏེ། །དེ་ལྟར་བསགས་ལ་བསྔོ་བ་བྱ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །མཚོ་སྨན་གུར་མདོས་བསག་པའི་ལེའུ་སྟེ་སོ་ལྔ་པའོ།། །།སྲིད་པ་ཀུན་ལ་དབང་བསྒྱུར་མ། །ཀླུ་དང་མ་མོས་བདག་ཐེ་བྲང་འཁོར། །གདུག་པའི་མཚོ་སྨན་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཨེ་ཀ་མ་ནི་ཆོས་ཀྱི་དབྱིངས། །ནག་མོ་བོང་ཞོན་རྒྱུག་འགྲོ་ཡུམ། །ཙ་མུན་ཏི་ནི་སྲིད་པའི་བདག །རྒྱལ་མོ་ལྔ་ནི་དབང་སྒྱུར་མ། །མཐིང་ནག་དཀར་མོ་དབུ་གུ་སྨན་འཁོར་བཅས། གདུག་པ་ནད་ཀྱི་བདག་མོ་ཁྱོད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། ཧུ༷། ཨེ་ག་མ་ནི་སྲིད་གསུམ་ཆོས་ཀྱི་དབྱིངས། །ནག་མོ་བོན་བཞིན་སྲིད་པ་ཀུན་གྱི་བདག ཁྲ་ཟ་ཁྲག་འཐུང་རལ་པ་ཅན། །མཐིང་ནག་ལུས་ལ་རྔམ་པ་མོ། །དུར་ཁྲོད་ཆས་ལ་སྤྲུལ་པ་མོ། ཁྲམ་བམ་ཐོད་པ་དབྱུག་པ་ཅན། །བྱ་དམར་ནད་རྐྱལ་མཚོན་གྱི་གྲུ་གུ། །གཡས་ན་ཁྲག་གི་བུད་མེད་བརྒྱད། །གཡོན་ན་ནད་བདག་བཅུ་གཉིས་ཏེ། །གདུག་བྱེད་ཆེན་པོ་མདོས་ལ་སྤྱོན། །ཙ་མུན་ཏི་ཏི་ཀླུའི་ཡུམ། ཁྲོས་པའི་ལུས་ལ་གདུག་པའི་ཆས། །ནད་ཀྱི་རྐྱལ་པ་ཁལ་དུ་བཀལ། །ཀླུ་མོ་ཆེན་མོ་ཙ་མུན་ཏི། །མ་མོ་ཆེན་མོ་ཙ་མུན་ཏི། །སྨན་མོ་ཆེན་མོ་ཙ་མུན་ཏི། །མི་བཟད་དུག་ཆེན་མདོས་ལ་སྤྱོན། །རྒྱ་མཚོ་ཆེན་མོ་འཇིངས་ཀྱི་བར་ཤེད་ན། །དར་དཀར་འབར་བའི་གུར་གཅིག་ཕུག །གུར་ཆེན་དེ་ཡི་ནང་ཤེད་ན། །ཉ་ཆེན་རྩ་མོ་གཅལ་དུ་བཀྲམ། །དཀར་མོ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་འབར་བའི་གཞལ་ཡས་ཁང་།རུས་སྦལ་དཀར་པོའི་ཁྲི་སྟེང་ན། །པདྨ་འབར་བའི་གདན་སྟེང་ན། །སྲིད་པའི་རྒྱལ་པོ་དབུ་དགུ་བཞུགས། །དབུ་ལ་དར་དཀར་ལ་བུ་གསོལ། །ཆིབས་སུ་ཆུ་སྲིན་པིར་ལ་བཅིབས། །ཕྱག་ན་བདུད་རྩི་བུམ་པ་བསྣམས། །འཁོར་ནི་སྨན་དང་མ་མོ་སྟོང་གིས་བསྐོར། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །གུར་ཆེན་དེ་ཡི་ཤར་ཕྱོགས་ན། །དར་དཀར་འབར་བའི་གུར་ཕུབ་ལྡི་རི་རི། །གུར་ཆེན་དེ་ཡི་སྟེང་ཤེད་ན། །ཉ་ཆེན་རྩ་མོ་གཅལ་དུ་བཀྲམ། །ཉ་ཆེན་དེ་ཡི་སྟེང་ཤེད་ན། །དཀར་མོ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །པདྨ་དཀར་པོའི་གདན་སྟེངས་ན། ཁྲར་ཕྱོགས་དབང་གི་རྒྱལ་མོ་བཞུགས། །འཁོར་ཡང་སྨན་ཚོགས་སྟོང་གིས་བསྐོར། །ཕྱག་ན་དུང་གི་བུམ་པ་བསྣམས། །དེ་རིང་སྲིད་པའི་མདོས་འདི་བཞེས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་དར་གྱི་གུར་དུ་ཕུབ། །གུར་ཆེན་དེ་ཡི་སྟེང་ཤེད་ན། །ཉ་ཆེན་འཁར་བ་གཅལ་དུ་བཀྲམ། །སྦྲུལ་ཆེན་སེར་ཁྲི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རི་ནི་གསེར་གྱི་གཞལ་ཡས་ཁང་། །པདྨ་འབར་བའི་གདན་སྟེངས་ན། །ལྷོ་ཕྱོགས་དབང་གི་རྒྱལ་པོ་བཞུགས། །འཁོར་ཡང་ཀླུ་དང་སྨན་མོ་སྟོང་། །དེ་རིང་སྲིད་པའི་མདོས་འདི་བཞེས། །གུར་ཆེན་དེ་ཡི་ནུབ་ཕྱོགས་ན། །དམར་པོ་དར་གྱི་གུར་དུ་ཕུབ། །གུར་ཆེན་དེ་ཡི་ནང་ཤེད་ན། །ཉ་ཆེན་སེ་བ་གཅལ་དུ་བཀྲམ། །སྦྲུལ་ཆེན་དམར་ཁྲ་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རིན་ཆེན་བྱུ་རུའི་གཞལ་ཡས་ཁང་། །པདྨ་དམར་པོའི་གདན་སྟེངས་ན། །ནུབ་ཕྱོགས་དབང་གི་རྒྱལ་པོ་བཞུགས། །ཀླུ་དང་མ་མོའི་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་འདི་བཞེངས། །གུར་ཆེན་དེ་ཡི་བྱང་ཕྱོགས་ན། །ལྗང་ཁུ་དར་གྱི་གུར་དུ་ཕུབ། །ཉ་ཆེན་གཏུམ་པ་གཅལ་དུ་བཀྲམ། །ལྗང་ཁུ་སྦྲུལ་གྱི་ཟ་ར་ཚགས། །གུར་ཆེན་དེ་ཡི་ནང་ཤེད་ན། །རི་ནི་གཡུ་ཡི་གཞལ་ཡས་ཁང་། །པདྨ་འབར་བའི་གདན་སྟེངས་ན། །བྱང་ཕྱོགས་དབང་གི་རྒྱལ་མོ་བཞུགས། །འཁོར་ནི་ཀླུ་དང་མ་མོའི་ཚོགས་ཀྱིས་བསྐོར། །དེ་རིང་སྲིད་པའི་མདོས་འདི་བཞེས། །རྒྱ་མཚོ་ཆེན་པོའི་ཕར་ཙམ་ན། །རིན་ཆེན་སྣ་ལྔའི་གཞལ་ཡས་ན། །དེ་ན་སྨན་མ་དང་མ་མོ་སྟོང་སྡེ་གནས། ས་བདག་ཀླུ་གཉན་སྟོང་སྡེ་དང་། །ཞེ་སྡང་གདུག་པ་ད་ཁྲོལ་ལ། ཁྱེད་ནི་མི་བཟད་གདུག་པའི་ཚོགས། །དེ་རིང་སྲིད་པའི་མཛེས་འདི་བཞེས། །ཅེས་རིམ་པས་སྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་བཅོས་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེ་བྲང་སྟོང་གི་རྩ་གཅིག་གིས་རང་རང་བཅོས་པའི་ལས་འདི་རྣམས་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །འབྲུ་སྣ་བཅུ་གསུམ་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་རྩིག ཁ་དོག་རིགས་དང་བསྟུན་པར་བྱ། །དཔག་བསམ་ཤིང་དང་ནམ་མཁའི་གུར། །འབྱུང་བ་དར་གྱིས་བརྒྱན་པའོ། །བཤོས་བུ་སྟོང་རྩ་བརྒྱད་ལ། མདའ་ཕྲ་སྟོང་རྩ་བརྒྱད་ཀྱིས་བརྒྱན་པའོ རི་རབ་དེ་ཡི་ཤར་དུའོ། །ངར་བུ་སྟོང་རྩ་བརྒྱད་ལ། ནམ་མཁའ་སྟོང་རྩ་བརྒྱད་བཙུགས་ལ་ལྷོ་སྲ འབྲང་རྒྱས་ལ་བྱ་སྟོང་རྩ་བརྒྱད་ཕོད་ཀྱིས་བརྒྱནཔ་ནུབ་ཏུའོ། །ཆང་ཤོས་སྟོང་རྩ་བརྒྱད་ལ་འགོང་ཐུམ་སྟོང་རྩ་བརྒྱད་ལ་བྱང་དུའོ། །རྟའི་ཐོད་པ་སྟོང་ལ་མཁར་སྟོང་བྲིས་པ་ཤར་དུ། དྲེའུའི་ཐོད་པ་ལ་མཁར་སྟོང་བྲིས་པ་ལྷོ་རུ། རྟོལ་ཐོད་སྟོང་ལ་མཁར་སྟོང་བྲིས་པ་ནུབ་ཏུ། བོང་སྟོང་ལ་མཁར་སྟོང་བྲིས་པ་བྱང་དུ། གཞན་དང་ཡང་རྟ་དངབྱ་དང་ཁྱི་དང་བ་སྐྱ་དང་བཅསཔས་བསྐོར། ཤ་ཁྲག་ཕུད་དང་རིན་ཆེན་བཅས་པས་མཆོད། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེནཔོ་ལས། ཐེ་བྲང་རྫས་བསགས་པའི་ལེའུ་སྟེ་སོ་བདུན་པའོ།། །།ཧྭ༷། ཐེ་བྲང་ནི་སྟོང་གི་ཚོགས། ལལས་འབྱུང་བ་སྟེན་པ་དེ། །སྲིད་པའི་ཐེ་བྲང་སྟོང་གི་བདག །སྟོང་གསུམ་ཀུན་ཏུ་རྒྱུག་འགྲོའི་བདག །སྐྱེ་འགྲོ་ཀུན་གྱི་ཉུལེ་བདག །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཐེ་བྲང་སྟོང་ནི་རྩ་གཅིག་སྟེ། །ལ་ལ་བྱང་ཆུབ་སེམས་དཔའ་སྟོང་སྡེ་ལ་གནས་པའི་ཚུལ། ལ་ལ་དེ་བ་ལྷའི་རིགས་ཏེ་ནོརའཛིན་བྱེད། ལ་ལ་ཞེ་སྡང་བདུད་ཀྱི་བུ་སྟེ་བདུད་གཅོད་ལས་རྣམས་བྱེད། ལ་ལ་ང་རྒྱལ་བཙནགྱི་བུ་སྟེ་གཟེར་ནད་གཏོང་། ལ་ལ་དཀོར་བདག་རྒྱལ་པོའི་བུ་སྟེ་གསོད་གཅོད་ལས་རྣམས་བྱེད། ལ་ལ་བདུད་མོ་མ་ཡམས་བུ་སྟེ་ནད་ཡམས་གཏོང་། ལ་ལ་ཐེ་བྲང་སྟོང་སྡེ་གསུམ་རྒྱུག་འགྲོ་བྱེད། ལ་ལ་གདུག་པའི་སྡེ་བརྒྱད་པའི་དྲག་ཤུལ་བྱེད། ལ་ལ་གནོད་སྤྱིན་ཤ་ཟའི་རིགས་ཏེ་ཤ་དང་ཁྲག་ལ་དང་། ལ་ལ་ཇ་ལ་སྟོང་གི་སྡེ་སྟེ་བཀའི་བང་ཆེན་བྱེད། ལ་ལས་བདག་གདུག་པའི་རིགས་ཏེ་གདུག་པའི་ནད་ཡམས་གཏོང་། ཐེ་བྲང་སྟོང་སྡེ་མ་ལུས་ཀུན། ཁྱེད་ནི་སྲིད་པའི་རྒྱུག་འགྲོ་བྱེད་དེ་ནད་ཡམ་གདུག་པ་གཏོང་བར་བྱེད། སྨྱོ་དང་འབོག་ནད་གཏོང་བར་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བརྒྱད་ནི་བྱང་ཆུབ་སེམས་དཔའ་སྟེ། །ས་ལ་གནས་པའི་སེམས་དཔའི་ཚོགས། ཁྱེད་ལ་གདུག་པ་མི་མངའ་ཡང་། །རིགས་ནི་འབྱུང་པོ་ཐེ་བྲང་སྟེ། ཁྱེད་ཀྱང་སྲིད་པའི་མདོས་འདི་བཞེས། །སྣང་གསལ་འོད་དང་བཅས་པས་མཆོད། །བརྒྱད་ཀྱི་སྡེ་ནི་ལྷ་ཡི་རིགས། །གཞོན་ནུ་མདེས་པའི་སྐུ་ལུས་ལ། །རིན་ཆེན་ལྔ་ཡི་རྒྱན་གྱིས་བརྒྱན། །ཆིབས་སུ་གྱི་ལིང་རེ་རེ་བཅིབས། །གསེར་གྱི་སྒ་ལ་ཕྲ་མེན་བརྒྱན། །རིན་ཆེན་སྣ་ལྔ་རྒྱན་དང་བཅས། །ཡིད་བཞིན་ནོར་བུ་ལུས་ལ་བཅངས། །ལ་ལ་དག་ལ་ཕན་པ་བྱེད། །ལ་ལ་དག་ལ་གནོད་པ་བྱེད། །དེ་ནི་ཐེ་བྲང་ཚོགས་ཏེ་ལྷ་ཡི་བུ་མོ་གཞོན་ནུ་སྤྱོད། ཡིད་བཞིན་ནོར་ལ་མངའ་མཛད་པ། རིན་ཆེན་གསེར་གྱི་མཁར་ན་གནས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་ཞེ་སྡང་བདུད་སྡེ་མཐིང་ནག་འབར་བའི་ལུས། རལ་པ་འབར་བ་གྱེན་དུ་འགྲེང་། །ཆིབས་སུ་སྟག་གུ་རིས་བཀྲ་བཅིབས། །གྲི་ཐོགས་སྟོངས་སུམ་དག་ཏུ་རྒྱུག །མི་ལ་བདུད་དུ་བྱེད་པ་སྟེ། །བདུད་ལ་ཕྱགས་མས་འདེབས་པར་བྱེད། །སྲོག་དབུགས་མ་ལུས་དབང་དུ་སྡུད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་རྟག་གི་ཧེ་དོམ་ཅན། །མཐིང་ནག་འབར་བའི་ལག་དགར་ཆིབས་སུ་ཆིབས། །སྟག་མོ་ཆིབས་ནས་རྒྱུག་འགྲོ་བྱེད། །ལ་ལ་གཟིག་ལ་ཆིབས་ན་རྒྱུག་འགྲོ་བྱེད། །ལ་ལ་རྔ་མོ་སྐེ་རིངས་ཆིབས་ནས་རྒྱུག །ལ་ལ་བྲེད་མོ་ལག་དཀར་ཆིབས་ནས་རྒྱུག །ལ་ལ་གྲེ་མོང་ལ་གར་ཆིབས་ནས་རྒྱུག །ལ་ལ་བ་ཀྱང་ཡུ་མོ་ཆིབས་ནས་རྒྱུག །རིན་ཆེན་འབར་བའི་རྒྱན་ཆ་ཅན། །རིན་ཆེན་རྒྱན་བྲན་སི་ལི་སི་ལི། །ལ་ལ་ཏི་རི་ད་ག་ཆིབས་ནས་རྒྱུག །ལ་ལ་བོང་བུ་རྔ་རེང་ཆིབས་ནས་རྒྱུག །སྟོངས་སུམ་དག་ཏུ་རྒྱུག་འགྲོ་བྱེད། །སྲིད་པའི་ཤ་ལ་འདྲེ་རྒྱལ་རྩེ་བ་མི་བུ་རིས་སུ་གཅོད་པར་བྱེད། །དུད་འགྲོ་ཕྱག་མས་འདེབས་པར་བྱེད། །གདུག་པའི་ནད་ཡམས་གཏོང་བར་བྱེད། །མ་རུངས་གདུག་པ་སྲིད་པའི་བདག །སྲིད་པའི་འཁོར་ཚོགས་ཐེ་བྲང་ཀུན། །ལྕགས་མདའ་ལྕགས་གཞུ་འགེངས་བྱེད་ཅིང་། །མཐིང་ནག་བདུད་མིག་ཞོན། ལ་ལ་ཙོ་མོ་རུ་རེ་ཞོན། ལ་ལ་ཐང་ཡག་རོག་མོ་ཞོན། །ཐབས་བདུད་མོ་མོ་བྲན་ལ་འཛུད། །གདུག་བྱེད་ཐེ་བྲང་མདོས་ལ་སྤྱོན། །ལྕགས་ཀྱི་མི་རིང་སྡོད་པོ་དགུ། །ལྕགས་མདའ་ལྕགས་གཞུ་ལག་ན་ཐོགས། །མཆེ་བ་གཙིགས་ཤིང་རྒྱུག་པར་བྱེད། །སྡིག་པའི་གང་ཀྱང་སྒྲ་ཡང་འབྱིན། །མ་རུངས་གདུག་པ་བདུད་ཀྱི་བུ། །སྲིད་པའི་ཐེ་བྲང་ལས་ལ་འགྱེད། །མ་རུངས་གདུག་འཁོར་མདོས་ལ་སྤྱོན། །བཙན་དགོང་དམར་པོ་མདོས་ལ་སྤྱོན། །དམར་པོ་ལུས་ནི་གདུག་པའི་ཆས ལ་ལ་འབར་བ་དམར་པོ་ཤོན། །ལ་ལ་འདབ་བཟང་བྱ་དམར་ཆིབས། །ལ་ལ་འོལ་པ་བཞད་ལ་ཆིབས། །ལ་ལ་འུག་པ་ཝ་ལ་ཞོན། ཁ་ནས་ཁྲག་གཟེར་ནད་གཟེར་འབེབས། །བཙན་ཤོད་དམར་པོ་འདེམ་པར་བྱེད། །གདུག་པའི་འཁོར་ཚོགས་མ་རུངས་པ། །སྲིད་པ་ཡོངས་སུ་རྒྱུག་པར་བྱེད། །ལ་ལ་ལིངས་བོན་ཁྲག་ལ་དང་པར་བྱེད། །སྤྲུལ་པ་སྒྲལ་ཞིང་རྒྱུག སྲིད་པར་ཤ་ལ་རྒྱུག་འགྲོ་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །རྒྱ་ནི་རྒྱ་དགོང་ཁྲ་བོ་འཁོར། །དཀར་པོ་འོད་ཆེན་སྟ་ལ་ཞོན། །སེར་པོ་སྣ་ཡོན་འཕང་བྱང་ཞོན། །དེ་འོ་ཁ་སེར་རྟ་རིང་ཞོན། །མ་རུང་ཁ་ཆེན་རྒྱལ་བྱེད་དེངས་པོ་ཞོན། །གནམ་ལ་འོད་ཆེན་སྤྱང་ཁུ་ཞོན། །ཐེ་བྲང་ཆེན་པོ་མ་རུངས་འཁོད། །སྲིད་པའི་སྲོག་དབུགས་བདག་པོ་སྟེ། །དེ་རིང་སྲིད་པའི་མདོས་འདིར་ཞེས། །ཐེ་བྲང་སྟོང་ཚོགས་མ་ལུས་ཀུན། །ལ་ལས་བདུད་མོ་མ་ཡམས་བུ། །མི་སྡུག་གཟུགས་ནི་ནད་རྐྱལ་བུད། །ལ་ལ་ཁ་རྔམ་མང་པོ་འགྱེད། སྤྱུག་པ་བརྡ་ཡིས་གར་བྱེད་ཅིང་། །མ་རུངས་གདུག་པའི་ཐེ་བྲང་ཚོགས། །ལ་ལ་སྟག་གུ་རིས་ཁྲ་ཞོན་ནས་རྒྱུག །ལ་ལ་དོམ་བུ་བྲང་དཀར་ཞོན་ནས་རྒྱུག །ལ་ལ་མཛོ་རྟོལ་དྲེའུ་ལ་ཤོན་ནས་རྒྱུག །མཚོན་དང་ནད་ཡམས་མང་པོ་འབེབས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་གནོད་སྦྱིན་ཤའི་བུ། །དམར་པོ་གཅེར་བུ་ཤ་ཟའི་ཚོགས། །དུར་ཁྲོད་དག་ཏུ་གནས་བཅས་ཤིང་། །སྐྱེ་འགྲོ་མ་ལུས་སྒྲོལ་བར་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་སྡེ་བརྒྱད་ཆོ་འཕྲུལ་དུ། །མི་ཡི་ལུས་ལ་འབྲུག་གི་མགོ །ལ་ལ་རྔམ་ཆེན་གཏུམ་པ་ཆེ། །བར་སྣང་ཁམས་ན་གནས་པ་སྟེ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་ཐེ་བྲང་ཀླུ་གདུག་བུ། །གཞོན་ནུ་མཛེས་པ་གསུམ་རྒྱུག་ཅིང་། །ཆིབས་སུ་ཕག་དང་སྲམ་ལ་ཆིབས། །ལག་ན་ཉ་ཆེན་བླུད་བུ་བསྣམས། །ནད་ཡམས་གདུག་པ་ཀྲམ་བུར་མཛེ་ནད་གཏོང་། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སྲིད་པའི་དགོང་པོ་སྐྲུན་དགུ་ལ། །གནམ་ལ་གནས་པའི་སྐྲུན་གསུམ་བྱུང་། །གནམ་གྱི་དཀར་པོ་འོད་ཆེན་དང་། །རྣམ་ཐེ་དཀར་པོ་དང་། གནམ་ལ་བྱང་ཆུབ་གསུམ། དར་དཀར་རལ་ཀར་རེ་རེ་སྐུ་ལ་གསོལ། །ཟ་འོག་ནི་ཐོང་ཀ་ཅན། ཤེལ་ཀར་དུང་དཀར་རེ་རེ་འཛིན། སླེའུ་གྲ་གོས་ནི་རེ་རེ་གསོལ། རྒྱལ་མཚན་དཀར་པོ་རེ་རེ་བསྣམས། །བཞུགས་པ་གནམ་ལ་བཞུགས། །རྒྱུ་བ་ས་ལ་རྒྱུ་བ། བར་སྣང་གནས་པའི་སྐྲུན་གསུམ་པོ། །ཏི་སྲི་ལག་གེ་ཅག་གེ་གསུམ། ཁྲི་ཅིག་ནག་པོ་དང་། ཏྲི་སེ་སེར་ཀྲ་དང་། བ་ཏི་ནག་པོའི་ན་བཟའ་རེ་རེ་གསོལ། །ཀྲ་ལྔ་རྒྱལ་མཚན་རེ་རེ་འཛིན། །པ་མཁར་འོ་མཁར་དུང་མཁར་འཛུགས། །བཞུགས་པ་བར་སྣང་ཁམས་ལ་བཞུགས། ཁུ།་བ་འཛམ་བུ་གླིང་དུ་རྒྱུ། །ས་ལ་གནས་པའི་སྐྲུན་གསུམ་པོ། །ཐེ་སེ་བདག་གི་ཆུ་རིངས་གསུམ། །ཟོ་ཀྱ་མཁར་སྐྱེ་རྡེ་རྒྱལ་འཛིན། །སླེ་ཀྲ་གོས་ནི་རེ་རེ་གསོལ། །བཞུགས་པ་ས་ལ་བཞུགས། རྒྱུ་བ་སྟོང་གསུམ་རྒྱུ། སྲིད་པའི་ཐེ་བྲང་སྐྲུན་དགུ་ཡང་། །སྐྱེས་པ་ཕོ་བརྒྱ་སྲོག་ལ་སྒོལ། །བྱིས་པ་བརྒྱ་ཡིས་དུས་སུ་ར་ས་འདེབས། །བསེ་མོ་དེ་རིང་སྲིད་པའི་མདོས་ལ་སྤྱོན། །བསེ་མཁར་དངེངས་པོ་སྒོ་གཅིག་ལ། །སྲིད་པའི་ཐེ་བྲང་སྐྱེས་ཏོ་རེ། །ཡང་ལེ་ཤོལ་གྱི་སྐྱེས་གཅིག་པོ། །འདུས་པ་བསེ་དོ་རོ། །མང་པ་ཚེ་ངོ་རེ། སྤྱི་རིངས་ལག་ཏོ་སྟེ་རེ། སྐྱེ་འགྲོ་ཡོངས་ལ་གནོད་པ་སྟེ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཐེ་བྲང་ཆེན་པོ་བ། བསེའི་མི་རིང་བདུན། བསེའི་སྦ་བ་བསྐུར་ཙམ་རེ་རེ་སྐྱེས། ལག་ན་བསེ་འཁར་རེ་རེ་ཐོགས། །འཛམ་བུ་གླིང་དུ་རྒྱུག་པ་སྟེ། ཁྱེད་ནི་བྱུར་སྒོ་སྤུན་བདུན་ཡིན། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཐེ་བྲང་སྤོམ་པོ་མཆུ་རིངས་ནི། །གནམ་ས་གཉིས་ལ་ཞབྲུག་པ་སྟེ། །ལྟས་ངན་ཆོ་འཕྲུལ་ཀུན་གྱི་བདག །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཡུལ་ཡང་བསེ་ཡུལ་དམར་པོ་གྲུ་བཞི་ན། །བསེ་མཁར་ལྡེམ་པ་ན། ཐེ་བྲང་སྐྲུན་ལྔ་སྟེ། བྱུང་སྒོ་སྐྲུན་བདུན་དང་། ངན་སྒོ་སྐྲུན་ལྔ་དང་། ལྟོག་མགོ་སྐྲུན་བདུན་དང་། གདུག་པའི་ཐེ་བྲང་ཚོགས། དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལ་ལ་རྒྱལ་འགོང་ཁྲ་བོ་སྟེ། །ལ་ལ་བཙན་འགོང་དམར་པོས་ཏེ། །ལ་ལ་བདུད་འགོང་ནག་པོས་བྱ། །ལ་ལ་གཟུ་དང་དཔང་པོ་མཛོད། །ལ་ལས་དྲག་པོའི་ཐོག་སེར་འབེབས། །ལ་ལ་ཤྭ་དང་འོད་པ་འགྱེད། །རླུད་དང་སེར་བུ་གཏོང་བར་བྱེད། །གདུག་བྱེད་ཐེ་བྲང་མ་རུངས་འཁོར། །འབྱུང་བ་རི་རབ་བརྡེག་པའི་ཚུལ། །མདའ་ནི་མཁའ་ལ་ནམ་མཁའ་ཡུལ། །ཟང་ཟིང་ལོངས་སྦྱོད་གླུད། །མདངས་ལྡན་སེམས་ཀྱི་གླུད། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཐེ་རང་ཁྲམ་ཁ་གཞན་དུ་བསྒྱུར། །ཅེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་སྟོང་རྩ་གཅིག་བཅོས་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།བམ་པོ་གསུམ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་རང་རང་གིས་ལྟས་ངན་དབབ་པའི་ལས་འདི་སྨྲས་སོ། །བདག་ཅག་རྣམས་ནི་དྲེགས་པའི་སྟོང་སྡེ་སྟེ། །ལས་དང་ནུས་པ་དཔག་ལས་འདས། །མི་བུ་རིགས་རྣམས་ཐམས་ཅད་ལ། །མ་རུངས་ལྟས་ངན་སྣ་ཚོགས་བཏང་སྟེ། ཞིང་པ་རྣམས་ལ་ཤུ་བ་ལྐུག་པ་བཏང་སྟེ། བདུད་རྣམས་ཀྱིས་ནི་ཉལ་བ་འདྲ་བ་ཅིག་བཏང་། བཙན་རྣམས་ཀྱིས་ནི་གྲུ་བཞི་བཏང་། རྒྱལ་པོ་རྣམས་ཀྱིས་གཞའ་བཀུག་པ་འདྲ་བ་གཅིག་བཏང་། མ་བདུད་རྣམས་ཀྱིས་སྐྱེ་འདྲ་བ་གཅིག་བཏང་། ཐེ་བྲང་རྣམས་ཀྱིས་གྲུ་གསུམ་འདྲ་བ་གཅིག་བཏང་། ཛ་ལ་རྣམས་ཀྱིས་ལོང་ག་འདྲ་བ་བཏང་། སྡེ་བརྒྱད་རྣམས་ཀྱི་ཐིག་བཏབ་པ་འདྲ་བ་གཅིག་བཏང་། གནོད་སྦྱིན་རྣམས་ཀྱིས་དར་མོ་གཅིག་བཏང་། སྨན་རྣམས་ཀྱིས་མངའ་འདྲ་བ་བཏང་། ས་བདག་རྣམས་ཀྱིས་སྦྲུལ་འཁྱུག་པ་འདྲ་བ་གཅིག་བཏང་། ཀླུ་རྣམས་ཀྱིས་ཟླ་བོ་གཅིག་བཏང་། སྤྱིར་ལྐུག་པ་གཅིག་བཏང་ངོ་། །དེ་ནས་ཡང་དྲེགས་པརྣམས་ཀྱིས་འཛིངས་པ་བཏང་སྟེ། བདུད་རྣམས་ཀྱིསགླག་སྡེར་འཛིངས་པ་བཏང་། བཙན་རྣམས་ཀྱིས་གཟའ་སྤྱང་སྡེར་འཛིངས་པ་བཏང་། རྒྱལ་པོ་རྣམས་ཀྱིས་ཤ་བ་རུ་འཛིངས་པ་བཏང་། མ་བདུད་རྣམས་ཀྱིས་སྟག་སྡེར་འཛིངས་པ་བཏང་། ཐེ་བྲང་གིས་གོང་སྲེག་འཛིངས་པ་བཏང། བྱ་ལ་མསའུག་པ་འཛིངས་པ་བཏང་། སྡེ་བརྒྱད་ཀྱིས་ཁྲ་སྤར་འཛིངསཔ་བཏང་། གནོད་སྦྱིན་བརྒྱད་ཀྱིས་བྱ་སྦར་གཤོག་འཛིངས་བཏང་། ཀླུ་ས་བདག་གིས་སྦལཔ་སྡེར་འཛིངསབཏང། ཉ་མོ་རྔ་འཛིངས་བཏང་། སྤྱིར་བསྡེར་འཛིངས་བཏང། དེ་ནས་ཡང་དྲེགས་པ་རྣམས་ཀྱིས་སྦྲམ་བཏང་སྟེ། བདུད་ཀྱིས་བྱ་སྦྲམ་དང་རྒོད་སྦམ་བཏང་། བཙན་རྣམས་ཀྱིས་གླ་བ་དང་དགོབའི་སྦྲམ་བཏང་། རྒྱལཔོ་རྣམས་ཀྱིསཤ་སྦྲམ་གཏང་། བདུད་རྣམསཀྱིས་གཅན་གཟན་སྦྲམ་བཏང་། ཐེ་བྲང་གིས་ཝ་དང་བོང་སྦྲམ་བཏང་། བྱ་ལ་མས་ཉ་སྦྲམ་བཏང་། ཀླུ་དང་ས་བདག་གིས་ཉ་སྦྲམ་དང་བྱ་སྦྲམ་བཏང་། དེ་ནས་ཡངདྲེགསཔ་རྣམས་ཀྱིས་འདི་རྣམས་བཏངསྟེ། བདུད་ཀྱིས་དམུ་ལོ་དང་མགོ་མངས་བཏང་། བཙནརྣམས་ཀྱིས་ཞ་བོབཏང་། རྒྱལ་པོས་ཁ་མེ་དང་ནོར་བར་བཏང་། མ་བདུད་རྣམས་ཀྱིས་སྐྲུ་མི་གདུག་པབཏང། ཐེ་བྲང་བྱ་ལ་མས་འགོ་མཇུག་ནོར་བར་བཏང་། ཀླུསབདག་གིས་རྐང་ལག་མེད་པར་བཏང་། དེ་ནས་ཡང་དྲེགས་པ་རྣམས་ཀྱིས་ཚེ་མ་བཏང་སྟེ། བདུད་རྣམས་ཀྱིས་མཛོ་ཚེ་མ་བཏང་། བཙན་རྣམས་ཀྱིས་ར་ཚེ་ལུགས་ཚེ་མ་བཏང་སྟེ། རྒྱལ་པོས་མི་ཚེ་མ་དང་རྟ་ཚེ་མ་བཏང་། བདུད་མོ་རྣམས་ཀྱིས་ཚེ་མ་བཏང་། ཐེ་བྲང་རྣམས་ཀྱིས་བ་ཚེ་མ་བཏང་། ཀླུ་ས་བདག་གིས་ཉ་ཚེ་མ་བཏང་། ཡང་དྲེགས་པ་རྣམས་ཀྱིས་ལྟས་ངན་བཏང་སྟེ། བདུད་ཀྱི་ཁྱི་ལ་རྩེད་པ་བཏང་། བཙན་གྱིས་ར་ལ་སྐར་མདའ་བཏང་། རྒྱལ་པོས་རྟ་ལ་དྲུག་ཁྲོམ་བཏང་། མ་བདུད་ཀྱིས་ལུག་ལ་རོ་ཁལ་བཏང་། ཐེ་བྲང་དང་བྱ་ལ་མས་མི་གདུག་པ་སྣ་ཚོགས་བཏང་། ཀླུ་ས་བདག་གིས་ཤ་བ་བཀྲ་བཏང་། དེ་ནས་ཡང་དྲེགས་པ་རྣམས་ཀྱིས་ལྟས་ངན་ཐན་པ་བཏང་།བདུད་ཀྱིས་བྱ་ནག་ཁྲ་བཏང་། བཙན་གྱིས་འུག་པ་བཏང་། རྒྱལ་པོས་གོ་བ་བཏང་། མ་བདུད་ཀྱིས་ཀྱུང་ཀ་སྐེ་ཀ་དང་། ཐེ་བྲང་གིས་སྲིན་བྱ་བཏང་། བྱ་ལ་མས་བྱ་རྒོད་བཏང་། སྡེ་བརྒྱད་དང་གནོད་སྦྱིན་གྱིས་ནེའུ་ལེ་བཏང་། ཀླུ་ས་བདག་གིས་ངང་པ་བཏང་། བདུད་ཀྱིས་འོད་ཟེར་བཏང་ངོ་། །བཙན་གྱིས་དམར་ལ་བྲེད་པ་བཏང་ངོ་། །རྒྱལ་པོས་དཀར་ལ་དགོངས་པ་བཏང་། མ་བདུད་ཀྱིས་ཉ་མིག་ཏུ་བཏང་། ཐེ་བྲང་བྱ་ལ་མས་དམར་ཕྲོ་བ་བཏང་། ཀླུ་དང་ས་བདག་གིས་སྔོ་ལ་འཁྱིལ་པར་བཏང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱིས་ལྟས་ངན་བཏང་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱིས། །ལྟས་ངན་བཏང་བ་དེ་བཞིན་ན། །བཟློག་ཅིང་བཅོས་པ་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །ལྟས་ངན་བཟློག་པའི་ལས་སུ་བཏང་བ་ནི། ཁུལ་མ་རྣམས་ནི་འབྱུང་བ་ན། །གང་བྱུང་རང་རེ་མདོས་དང་དྲག་པོ་སྲོག་གི་བཟློག །འཛིངས་པ་རྣམས་ནི་དྲག་པོ་འཐིང་འབུར་བཟློག །ཚེ་མས་རྣམས་ནི་རང་རེ་བམ་གྱིས་བཟློག་པའོ། །སྦྲམ་རྣམས་དེ་རང་བལ་གྱིས་བཟློག །བྱ་རྣམས་བྱུང་ན་ཐན་བསྒྱུར་ལ་བཏང་། འོད་རྣམས་བྱུང་ན་སྲིད་པའི་ཡས་ཀྱིས་བཟློག ཁམས་ཙད་དང་བཅས་པ་ཡ། དེ་རང་ཡས་སུ་བཏང་བས་བཟློག་པའོ། །སྤྱི་རྣམས་དྲག་པོ་ཡས་ཀྱིས་བཟློག །དེ་ཡིས་གང་ཡང་བཟློག་པར་འགྱུར། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྟས་ངན་བཟློག་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་ན་གསང་སྔགས་གང་གིས་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་པའི་ལས་སུ་བྱ་བ་ན། །གསང་སྔགས་འདི་ཡིས་བསྒྲུབ་པ་སྟེ། །སྔགས་ནི་དྲེགས་པའི་བླ་མཚོ་ཡིན། །སྣུ་གྲི་ནགས་ཚལ་མེ་བཞིན་གནས། །དམིགས་པ་རབ་ཏུ་སྤེལ་བྱས་ནས། །མ་བཟླས་ཡང་ནི་སྲོག་ལ་འཁོར་ལོ་བསྐོར། །བཟླས་ནས་དབང་དང་འབུད་དང་འདེབས་འདྲ་སྟེ། །གང་ལ་དམིགས་པ་སྒྲོལ་བར་བྱེད། །དེ་ཡིས་ལས་སུ་བསྟན་པ་ན། །གསད་པ་དང་ནི་གསོ་བ་དང་། །དབབ་པ་དང་ནི་གཅད་པ་དང་། །མནན་པ་དང་ནི་གཟིར་བ་དང་། །གདུག་པ་དང་ནི་གཞུག་པ་དང་། །བསྐྲད་པ་དང་ནི་ཞི་བ་དང་། །བཏང་བ་དང་ནི་བཟློག་པ་དང་། །བཅིང་བ་དང་ནི་ཁྲམ་རྣམས་སོ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །སྔགས་ཚིགས་རེ་ཡིས་གྲུབ་པར་བྱེད། །ཨོ་ཀྲོ་དྷ་ཡག་ཤ་ཁ་ལ༷་ཏུང་ཏྲི་སྲོག་ལ་ཡ་མ་ནི་ཛ། མུ་ཁ་ལ༷་པ་སད་ཧེའི་བ་ཏ་ཡ༷་ག་བུད་ད༷་རྦད་ཡ། མུ་ཙ་ཁ་དུ་ན་ཧེ་ལི་ས་མ་ཡ་རྦད་ཡ། མོ་རག་ཤ་ཁ་ལ་དུ་ཏྲི་ཤམ་བྱ། ནག་མོ་རྩ་ལ་ལ་ཧན་རྦད་ཡ། ཁ་ལ་དན་ཏྲི་ཤ་ལ་ཁ་ཐུན་རྦད་ཡ། ས་མ་ཡ་རུ་རུ་རྦད་ཏྲག་ལམ་ཡ། མུ་ཏི་ཁ་ར་ཤམ་རྦད་ཡ། ཧི་ལི་པ་ཏ་ས་མ་ཡ་ཀུ་རུ་ཤམ་རྦད་མུ་ཏུ་ཐིབས་ལིང་ཤ་རྦད་ཡ། ཀྱེ་ཚེ་རུ་རུ་རྦད་ཏྲི་ཡ། ཀ་ལ༷་ཏྲ༷་ཁ༷་རྦད། ས་མ་ཡ་རུ་རུ་བི་ཤ་བ་ཡ་རྦད། རག་ཏོ་མུ་ཙ་བ༷་རྦ། ག་ཙ་མུ་ཏོ་ཤག་ས་མ་ཡ། ཁ་མི་ཤ༷་རྦད་ཡ། ཏྲ་མུ་ས་ར༷་རྦད་ཡ། ཁ་ལམ་མ་ཏ་ཆུམ་ཡ། ཧི་པ་ཤ༷་དན་ཏི་རི་རྦད། དྲི་པ་ཤམ་དན་ཏིང་རི་རྦད། མུང་རྩེ་ཀྲ་ཧེ་ཀྲ་མ་ཡམ། སད་ར་ར་པྲ་མ་ཡ་ཏི་རྦད། ནག་པོ་ཙ་ལ་ཧེ་དུ་ན་རྦད། ཛ་དུར་སྙིང་ལ་ལ་རྦད། ས་མ་ཡ༷་ཀ་ཤ༷་ར་རུ་མུ་རུ་རྦད། བཛྲ་ཀ་ཤ་རྦད་ཡ། ས་མ་ཡ་རུ་ཆུད་ལུང་ཡང་། ཧི་ལི་མ་དེ་ཡམ་རྦད། ཀ་ཤ་ཏི་ཙ་པ་ར༷་རྦད་ཡ། མུ་ཙ་རམ་ཤ་རྦད། ཙུ་རུ་ཙུ་རུ་ཤལ་རྦད། ས་མ་དུག་ལ༷་རྦད་ཡ། ས་མ་ཡམ་སྟ་ག་རུ་ཐུ༷་ཡ། རུ་པའི་ཤ་ལ་ལ༷་རྦད་ཡ། ཁ་གདངས་པ་ཤ་རུ་རྦད་ཡ། མ་པ་ཤ་རུ་རྦད་ཡ། ཁ༷་ཁ༷་རུ་རུ་རྦད་ཡ་བ་ཤ་ཏ་ནི། ཡམ་མུ་སྟི་ཕྲ་མ་ཡམ། ཁ་རུ་ཁ་རུ་ཐིགས་ལིང་རྦད། བཛྲ་ཡ་ཤ་རམ་པ་ནི། སུ་རུ་པུ་ཤ་རྦད། ཁ་འདར་སྲོག་ལ་ཧུ༷་ཐུམས་ཡ་རྦདསུ་ནི་པ་ཤ་མུ་ར༷་ཁ་ར༷་སྟ་པ་ཤ་ནི་ས་མ་ཡོ་ཀི་ད་ར་ཐིབས་ལིང་ཡ། མུ་བ་ར༷་སད། ཏི་རིབ་རྦད། རུ་པའི་རྦད། ཤ་ཏི་རྦད། ཁ་ལི་རྦད། ཙ་ཙ་ཁ་ལ་་།་ལ་བ༷། པ་ནི་ཙ་་།་རུ་ཏོ་རྦད། ས་མ་ཡ་ཀ་ལམ་ཤ༷་རྦད་ནི་ལ། ག་ཏི་རུ་ཏི་ཙ་ཤ་མུ་རུ་ཏི་རྦད་ཡ། ག་ལམ་ཏེ་ཤ་ར་ག་ཏེ་དུ་ཙ་ཁམས་བོད། མུ་ཏ་བཛྲ་ས་དུ་ལ༷་ཤ་རྦད། ཙ་ཙ་ཁོ་རུ་ཤ་རྦད་ཡ༷། མུ་པ་ཤ་ར་མ་རྒྱུག་ལིང་རྦད་ཡ། ས་མ་ཡ་ཏ་རུ་ཐིབས་བོད། མུ་ར་ཤམ་པི་ནི་རྦད་ཙ་ཀ་ལ༷་མ་ཧེ་ནི་བ་ཐུམས་ལ་ཡ། པ་དྷ་ཡ་ཙ་་།་ལ་མུ་ཏོ་རྦད། པ་ཏ་ར་གེ་ཧེ་དུ་ཙ་་།་ལ། རུ་ཙ་ཡམ་རྦད་ནི། ཧེ་ལི་ཛྲ་དིང་རུ་རྦད་ཡ། ཀ་གསུམ་པ་ཤ་ཤ་ཏྲག་མི་ཡ། ཙ་ཙ་པ༷་པི་ལིང་ཤ་རྦུད་ཙ་་།་ཙ་ལ་རྒྱུག་བྲེང་ཤམ་རྦད་ཡ། མུ་ནི་པ་ཤ་ཕ་ལ་ཧེ་ཤ་མ་རྦད་ཡ། མུ་གན་ཏེ་ལིང་ས་མ་ཡ་རྦད། ཏ་ལང་ཤར་ཏིཡམ་རྦད། ཁ་ལ་ཙ་དུང་ཡམ་ཤད་དེ་སྨྱོ། རུ་ཏི་པར་སྟ་ཁ་ལ་ཤམ་དུངལིང་རྦད། ཙ་ག་ལ་མ་སི་དུ་ཡ་མ་ནི། མ་མརུ་ཤ་ལ་རྟོ་ཁ་ལམ་ཧེ་རྦད་ཡ། ཏྲིང་ཁ་ལ༷་ཧེ་ལིང་སད། བཛྲ་གཞུང་ཞུང་ལ་བསད་ཡ༷་ཡ༷། ཙ་་་་ལ༷་པ་ཡ་ས་མ་རུ་ཏི་ཛ་ཀེ་རྦད་རྦད། མུ་ཏི་ཀ་ར་ཡ༷། བཛྲ་ས་མ་ཡ་ཙ་་།་ལ༷་པ༷་བ༷་པ་ར་ལེ། རྒྱུགབྲང་སྐོར་ཚུ་རིལ་ཡ། ཧེ་ལེ་ཙག་ཀྲམ་པ་ཤ་བསད་དུ་ནི་རྦད་ནི་ཡ། ཀལ༷་ཧེ་འདུས་ཡ། མུ་རྟ་རུ་ཀ་ལ༷་བསད་ཡ། ཧི་ལི་ཀ་ཤ་རྦད་རྦད་ཡ། མུད་ཀ་ར༷་ཧེབ་དུ༷་ཡ། མུ་ཙ་ར༷་པ་སད་ཡ། ཡ་རུ་ག༷་ག༷་རྦད་ཡ། ཏྲ་ལིང་སད་ནི་པ་ཤ་རམ། ཧེ་ཀ་མུ་རི་པ་ས་མ་སྐོར་ཤ་སོང་།སྒ་་ཏྲ་རུརུ་མེ་ཡེ་རྦད་ཡ། ཀ་ལ༷་སད་རུམ་ཤ༷རྦད་ཡ། རི་ཏི་ཙ་ལ་སད་ཡམ། བ་རོ་་་་རྦད། ང་རོ་་།་རྦད། མུག་ཏོ་རྦད། ཀེ་ཤ་རྦད།། །།ཨོ་ར་ཙ་པ་ཤ་རུ་རུ་ཤ་ཁ་ལ་འུར་རྦད་ཡ། ཨོ་ལིང་ག་ར་གིང་ཀ་ར། པ་ཏྲ་པ་ཏྲ། ཏོ་ཏོ་ཤེ་ཏོ་ཏོ་ཤེ། མེས་མེས་པ་བ་རི་བ་བ་རི། ཤ་ཝ་རི་ཤ་ཝ་རི། སིལ་སིལ། ཡུ་ཏི་ཡུ་ཏི། གིང་ཀ་ར་སྲོག་ལཡམ་ཡམ། སེ་ཕུང་ཤག་སྨྱོ། ཁ༷་སྦྱོ། སྟ༷་སྨྱོ། ནི་སྨྱོ། མ༷ སྦྱོ། ཕྲི་སྨྱོ། ཡག་ཤ་སྟ༷་པ་ཀི་ལ་ཡ། རག་ཤ་སྟམ་པ་ཀི་ལ་ཡ། ཙ་རམ་ཁ་ལམ་དེ་ཀི་ལ་ཡ། དུ་ན་ཚལ་པ་ཀི་ལ་ཡ། ནཱ་ཤ་ཏ་མ་པ་ཀི་ལ་ཡ། གིང་ཀ་རཤ༷་ཤ་འུརའུར་།གརམརྦད། ར་དེ་ཛ་ད་སྲོག་ལ་ཤ༷་ཤ༷་རྦད། ཀ་ལམ་དུ་སྲིད་ཡམ་རྦདཡ། ཀལ༷་དུ་སྲིད་ཡ༷་རྦད་ཡ། མུ་རོ་ཤ་ལ༷་ཧེ་རུ་ཀ་སམ་རྦད་ཡ། རྭ་ཛ་སྲོག་ལ་ཧུར་ལང་རྦད་ཡ། ཁ་དར་པ་ཏྲམ་ལམ་སམ་ཡམ། པ་ཏྲ་ཁ་ལ་འུར་ཏྲ་མ་ཡམ་རྦད། སྲོག་ལ་ར་དྷི་བཛྲ་སན་ཏི་ཡ་ཤ༷་རྦད། གིང་ག་ར་སྲོག་ལ་ཧུར་ཐུམས་རྦད་ཡ་མུ་ཏྲ་ར་ཛ་ཤམ་རྦད་རྦད་ཡ་ཡ། ཨོ་ཏོ་ཐ་ན་ཧྲོ་པ་ནི། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། ད་ཤ་འདྲི་བ་གང་ཁ་ར། གིང་མོའི་སྲོག་ལ་ཤམ་ཤམ་རྦད། ཧུར་ཐུམས་ཙ་ལ་བྲེང་བྲེང་ཡ་ཡ། བེ་བེ་ར་ཡ་ཤན་དྷི་རྦད།པོ་པ་ཏི་ཏ་རྦད་ཤག་ཡ། བེ་བ་ག་དུ་ཤ་ཏི་རྦད་ཡ། ཀ་ཏྲ་རུ་རུ་ཤམ་སྨྱོ། མ་རུ་རུ་ཤ་ཙ་ནི་ཡ༷་ཡ༷་རྦད། ཛ་དུར་སྙིང་ལ་ཡམ་ཡམ། ཨིན་ཏ་ག་ལེ་ས་དུ་རམ་སྤྱོ། ཏྲི་ཤ་ར་ཀ་ཤམ་དུ་རྦད། ཁ་ལ་མ་དུང་ཤ་ཏྲིང་རམ་པ་ཡ་ཡ།མུ་ཙ་ཁ་ལ་ད་ར་ཙེ་སུ་ར་མ་རྦད་ཡ། ཧེལེ་མི་སད་ནི་ཡམ། ཏྲི་ཤ་ག་པ་རི་རྦད་ཨུ་ཏྲ༷་ཁ་ཡ། བཛྲ་གང་ལོ་ཤོམ་རྦད། ཏྲི་ཤ་ལ་ར་ག་ཡེ་རྦད། ཧྲི་དྲི་ར༷་ཕུམ་སད་སྨྱོ། ཁ་ལ་མ་དུ་ཙཤ་མ་རམ། སུ་རུ་ར་དག་ཡ་སྨྱོ། དུ་ཏྲི་ཁ་ལ་ཡམ། རྦད། ག་གྲོ་ག་ལ་དུ༷་རྦད། སེ་ཙ་ག་ལ་ཏྲ༷་བྷ། མུ་ཏྲི་ཤ་ར༷་རྦད་ཡ། ཁ་ལ་འ་དང་ཙེ་རུ་ཏྲི་པ་ཤ་ར༷་སྨྱོ། ཁ་དུརམ་དུར་ཙ་ཤ་ལ༷་སྨྱོ། སམ་ཡ་རུ་དུ་ཐིབས་ཏེ་ལིང་རྦད། ཤ་ཀ་ལ༷་དུ་ན་ཐིབས་ཡ། ཨིན་ཏྲ་བ་ཏི་ཁ་ལ་ཡ་རྦད། ཁ་དུར་ཁྲི་པ་ཙ་ལ་སྨྱོ། མུར་གཏིང་ཡ་ཡ། ཙུ་ཙུ་ཤ་རམ་རྦད་ཡ། མུ་ཏི་ཁ་ལ༷་ཡ། ཏྲང་ལ་ཏྲེ་ཏྲེང་ཁ་རེག་ཤ་སྨྱོ། གུ་ར་མ་ད་པ་ཤ་ཡ། མུ་ཀ་ར་ཏི་ཤ་བྱ། ཧེ་ལིང་ག་ཧག་ཤ༷་རྦད་ཡ། ས་མ་ཡ་མུང་ཏི་པ་ཏ་ཡ་མ་རྦད། པ་ཤམ་ཀ་ལ༷་ཏི་ཡང་། ཏེ་ཙོ་ཁུ་ལི་རྦད་ཡ། མེ་རུ་སད་ཡ་ལད་རྦད་ཡང་། ཏྲ་ཤ་ཁ་དུང་ལང་ག་པ། ཧེ་འདུ་སྲོ་ག་ལ་ཡམ་ཡ། ཏི་མ་ཤ་རག་ཤ་རྦད་ཡ་ཡ། ག་ལ་མ་སན་ཏྲི་ཡ་མ་སྨྱོ། རུརཏ་པ་ཡ། ཁ་ལ༷་སྟེ་ཙུ་ཏ་མ་བྱ། བེ་བ་དུ་སམ་རྦད་ཡ། ག་ལམ་ཧེ་ཏི་ཡ། མུ་ག་རམ་ཧེ་པ་རྦད། སན་སྦྱི་པན་ཏྲ་ར་ག་ཡམ་ཡམ། ཀ་ལི་ས༷་ཡ༷་ཡ༷། བཛྲ་ཀི་ལ་ཤ་ད་ཛྲ། མམ་རུ་རུཐིམས་འདའ་ལམ་པྲ་ཤ་ཡ་མ། རག་མོ་སྲོག་རྩལ་དུ་ན་ཏི་ཁ་ལ་སྨྱོ། མ་མ་དག་ཏུ་ཙར་ལིངས་ས་མ་ཡ་ནི་ཛ། ཁ་ལ་དན་ཏི་རུ་པའི་ཤ་རྦད། མུ་ཏ་ཁ་ལ་རྦད་ནི་ཡམ་ཡམ། ཁ་དུ་ས་མ་པ་ཤ་ལ་མ་རྦདཡ། ཧེ་ལེ་མ་སྐུ་པ་ཤ་རམ་པ་ནིཡམ། ནི་ལ་ནི་ལ་ཏྲག་ཏུ་ཙར་ཤ་རྦད། ཡག་ཤ་ཁ་འདའ་ཤ་མ་དུར་ལིང་རྦད། ས་མ་པུ་ར་ག་ལམ་ཤར་ཡ་རྦད། ཧི་ས་མ་ཡ་རྦད་ན་ཡ༷་ཡ༷། ཀ་ལ༷་པ་ཏ་པ་རུ་རུ་ས་ཏི་ལ་མལ་རྦད་ཡ། ཀ་ཤ་མ་དུ་ན་ལམ་རྦད་ཡ། བེག་བེན་སྨིག་སྨིག་ཤར་རུརུ་ཤམམ་ལ༷་སྨྱོ། རུ་རུ་ཙམ་ཤ་ཡག་མོ་ནི་ལ༷་སྨྱོ། རུ་ཏི་ཁ་ལ་འདའ་ཤམ་ཡ་སྦྱོ། ས་དུ་རམ། འགི་ལི་ལིང་ཡ། ར་ག་ར་་།ཀ་ལམ་རྦད། ཧེ་ལིང་མི་ལིང་ས་ཏྲ་ཡ་རྦད། དུ་ན་དུ་ན་ཐིབས་སུ་སད། རག་ཏོ་རགཏོཙམུརཤ་རྦད། ཁ་ལམ་ཧེ་སུ་རི་ཤ་རྦད། དེ་ན་དུར་ཏི་ཀ་ལ༷་ཤ་མ་ལ༷་ཡ་རྦད། བ༷་ཙིསྟ་ཀུ་དེ་ཧེ་ར་ཤ་ཡམ་རྦད་ཡ་ཁ་ལ་དུ་ཏྲི་རྦད་ཡ། ས་མུར་ཤམ་ཡི། ཁྲི་མུར་ཤ་ཡ། ཧ་ལ་ཏ་པ་ར་ཤ་ཡ། མ་རུམས་སད་ནེ་ཡེ་རྦད། ཁ་ལ་ཙ་ཤ་ཙ་བྲང་ཡ། ཏྲ་ས་ར་དུ་ཡམ། མ་མ་རུ་ཤ་ལ་རྦད་བྱ། རག་ཤ་ཁ་ལ་རྦད་དུ་ཡམ། མུ་ཏི་ཁ་ར་ཤད་དུ་ཡམ་ཡམ་དུ་ན་ས་དུ་ཕྲ་མ་རྦད། ཁ་ལ་དུ་ཤ་ར་ག་ཤམ་ཡམ་རྦད་ཡ། མུ་ར་ག་ཤམ་རྦད་ཡ། ཧེ་ཏྲི་ཁ་ལ་རུ་ཤ་བ་རྟ་ཡ༷་ནི་རྦད་ཡ། མུ་ཁམ་ཤ་ཡག་ཤ་རྦད། རག་ཤ་མུར་ཁ་ཡ་རྦད། རག་ཤ་ཁ་འདར་སྲོ་ག་ལ་ཡམས། ཡག་ཤ་ཁ་ལིང་རྦད་ཡ། ཙ་དུར་ཤམ་ལམ་རྦད་དུ་ཡ། ཁ་ལ་ཧེ་དུ་ས་མ་ཡམ་རྦད། ཏྲིང་ག་ལ་ཕ་ཤ་མུ་ཏི་ཡ༷། ཧེ་ཧིང་ཀ་ཤ་ར་མ་ཡ༷། ཡག་ཤ་ཁ་ལ་རུ་ཏྲི་རྦད་སྨྱོ། མུ་ཤ་ཁ་ལ་ར༷་རྦད།། །།ནཱ་ག་རག་ཤ་ཁ་ལ༷་ཡ། ན་ག་པེ་ཤེ་རམ་པ་ནི། ན་ག་གེ་སེར་མ་ཤ ན་ག་ཤི་ལང་ཁ་ཙར་པ་ཤ་ཡ། ནཱ་ག་ས་ར་དུ་ས་མ་པྲ་ཤ་ཡ་མ། ནཱ་ག་ལ༷་སེན་ཡ༷་ཏྲེ་ཀ་ར་ཤམ་བྷ། ནཱ་ག་ར་དུ་ཡ། ནག་ཧེ་ལ༷་བྷ། ནཱ་ག་ཤ་ཙེ་བྱ། ནཱ་ག་ཤ་ཙེ་བྱ། ནཱ་གྭ་པྲ་ས་ཡ། ནཱ་ག་སེ་ན་ཡ། ནཱ་ག་མི་པ་སྟེ་ཡ། ནཱ་ག་ལེ་ན་ག་ལེ། ས་མ་ཡ་འུར་ཆོ། ལིང་ལིང་ཤ་ཙ་ན་ག་རེ་ཡ། ཁ་ལ་རུ་རུ་ཤ་པད་ནི། ས་དུ་ཁ་ཙ་པ་ཤ་ཡ། ནཱ་ག་ཧུ༷་ལ༷་མ་བྱ། ནཱ་ག་འུར་ར༷། ནཱ་ག་ཤེ་རམ། ནཱ་ག་དུ་ནི་རམ། པེ་ར་ཧེ་ས་ཡ། ཉ་ལིང་ས་ལིང་ཤ་ཡ། ཁ་ལ་ཧེ་པེ་ཤ་ཡ། བེ་དུ་ད་ལ་པ་གཏང་ཙེ་ཧ། ཁ་ལམ་ཤ་བྱ། ཨི་ལམ་ས་དྷི་ནི་ཡ། བ་ལ་བ་ལ་ཤ་ཡ། ཧེ་ས་ར་མུ་ཏ་ཡ། མུ་ར༷་ཧེ་དུ༷་ཡ། ཁ་ལ༷་སན་ཏྲི་ཡ། མུ་ཏྲ་ཤ་དུར་ལ༷་ཡ། ཀ་ས་དུ་ན་ས་ར་ཐིབས། པ་ས་བ་ཤ་ར་མུ་གར་ར་མ་ཡ ས་མ་ཡ་ར་དུ་དཀའ་ལ༷་བྱ། ཧེ་ར་ཧེ་ར་ས་དུ་ཡ། ས་མ་ར་ག་ཤ་དུ་ཡ།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་གསང་བའི་སྔགས་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་པའི་ལས་རྣམས་བྱ་བ་ན། །བསྐྱེད་པའི་ཡི་གེ་གང་གིས་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱི། །བསྐྱེད་པའི་ཡི་གེ་བསྟན་པ་ནི། །ཡི་གེ་འདྲེན་པའི་ས་བོན་ཏེ། །དྲེགས་པ་བླ་རྩ་ཡི་གེར་གནས། །ཡི་གེ་དེ་ལས་བསྐྱེད་པའོ། །ཡ་ནི་བདུད་རྣམས་བསྐྱེད་པ་སྟེ། །ཙ་ལས་བཙན་རྣམས་བསྐྱེད་པ་ཡིན། །ར་ལས་རྒྱལ་པོ་བསྐྱེད་པ་སྟེ། །མ་ལས་བདུད་མོ་བསྐྱེད་པ་ཡིན། །ཏ་ལས་ཐེ་རང་བསྐྱེད་པ་སྟེ། །འ་ལས་ཛ་ལ་བསྐྱེད་པའོ། །ན་ལས་སྡེ་བརྒྱད་བསྐྱེད་པ་སྟེ། ་།་ལས་གནོད་སྤྱིན་བསྐྱེད་པའོ། །ས་ལས་ས་བདག་བསྐྱེད་པ་སྟེ། །ཕུ་ལས་ཀླུ་རྣམས་བསྐྱེད་པའོ། །དེ་ལས་བསྐྱེད་པའི་ཕྱི་ནང་གསང་བ་གསུམ། །རིམ་པ་བཞིན་དུ་བྱ་བར་གསུངས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་ཡི་གེ་བསྐྱེད་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །དམིགས་པ་གཏད་པར་བྱ་བ་ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །དམིགས་པ་གཏད་པའི་ལས་བྱེད་ནི། །བདུད་ལ་གཏད་པར་བྱ་བ་ན། གསང་བདག་ཏིང་འཛིན་ལྡན་པ་དེས། །ཐུན་པའི་གནས་སུ་འདུག་ནས་ནི། །གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མོན་པ་ནག་པོའི་ཐོད་པ་ལ། །འཁོར་ལོ་རྩིབས་ནི་བཅུ་གཉིས་བྲི། །སྨེ་བའི་ཁྲག་སྣ་གསུམ་གྱིས་སོ། །དབུས་སུ་དམིགས་པའི་གཟུགས་བྲིས་ལ། །མིང་དང་རུས་སུ་ལྡན་པར་བྱ། །འཁོར་ལོའི་རྩིབས་ལ་བདུད་ཀྱི་སྔགས། །གཡོན་ནས་བསྐོར་ལ་བྲི་བའོ། །དམིགས་དེ་ལ་དུག་ཤིང་ཕུར་པས་གཟིར། ཁྲག་དང་དུག་དང་བཅས་པ་དག ཁ་ནི་དར་ནག་དག་གིས་གཅད། །ཚོན་གྱི་སྐུད་པས་རྒྱ་གྲམ་བཅིང་། །མཐུན་པའི་རྫས་ཀྱིས་བདུད་རྣམས་མཆོད། །བདུད་བསྐུལ་ལས་བཅོལ་གཉེར་དུ་གཏད། །མ་ཉེས་དཔང་གཟུགས་འདིས་ཉེས་བྱ། །བདེན་པ་དར་ལས་བཅོལ་བསྒྲལ་བར་གཉེར་དུ་གཏད། གོང་གསུམ་དག་ཏུ་སྦ་བའོ། །དེའི་དམིགས་པས་ཁྲག་ཏུ་སྐྱུག་ཅིང་ནད་ཀྱིས་འཆི། ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ལ་གཏད་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།བཙན་ལ་གཏད་པར་བྱ་བ་ན། སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །འཕར་བ་དམར་པོའི་ཐོད་པ་ལ། །ཅང་ཤེས་རྟ་ཡི་ཁྲག་དག་གིས། །འཁོར་ལོ་རྩིབས་ནི་དགུ་པ་བྲི། །འཁོར་ལོ་རྩིབས་ལ་མཚན་ཉིད་སྔགས། །དབུས་སུ་དམིགས་པའི་རྟེན་བཅས་ལ། །མིང་དང་རུས་སུ་ལྡན་པའོ། །དེ་ལ་གདུག་ཤིང་ཕུར་པས་གཟིར། ཁྲག་དང་དུག་གིས་དག་པར་བྱ། ཁ་ནི་དམར་པོ་དར་གྱིས་གཅད། །ཚོནི་གྱི་སྐུད་པས་རྒྱ་གྲམ་བཅིང་། །མཐུན་པའི་ལས་ཀྱིས་བཙན་རྣམས་མཆོད། །བདེན་བདར་དཔང་གཟུགས་འདིས་ཉེས་བྱ། །དམིགས་པ་གཏད་ཅིང་བསྒྲལ་བའི་ལས་ཀྱང་བཅོལ། །གོང་གསུམ་དག་གམ་བྲག་གི་ཐེམས་ལ་གནན། །དེས་ནི་དམིགས་པ་ཁྲག་སྒྱུག་ནད་ཀྱིས་འཆི། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་ལ་གཏད་པའི་ལེའུ་སྟེ་ཞེ་བཞི་པའོ།། །།རྒྱལ་པོ་ལ་དམིགས་པ་གཏད་པ་ན། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །སྤྱང་ཁུ་སྔོན་པོའི་ཐོད་པ་ལ། །གཅན་གཟན་གདུག་པའི་ཁྲག་སྣ་ཡིས། །འཁོར་ལོ་རྩིབས་ནི་ལྔ་པའམ། །ཡང་ན་བརྒྱད་པ་བྲི་བར་བྱ། །འཁོར་ལོའི་རྩིབས་ལ་རྒྱལ་པོའི་སྔགས། །དབུས་སུ་དམིགས་པའི་གཟུགས་བྲིས་ལ། །མགོ་དང་ཡན་ལག་ཉིང་ལག་མིང་རུས་ཚང་བར་བྱ། །གདུག་པའི་ཤིང་གི་ཕུར་པས་གཟིར། །གདུག་པའི་རྫས་ཀྱི་དགང་བར་བྱ། །དར་གྱིས་ཁ་གཅད་ཚོན་གྱིས་རྒྱ་གྲམ་བཅིང་། །དེ་ལ་སྔགས་འདས་བསྒྲུབ་པའོ། །མཐུན་པའི་རྫས་ཀྱིས་མཆོད་བྱས་ལ། །བདེན་བདར་དཔང་གཟུགས་ལས་བཅོལ་གཏད། །རྒྱལ་པོ་དག་ལ་གཏད་པར་ལས་ཀྱང་བཅོལ། །གཙུག་ལག་མཆོད་རྟེན་མ་ཆད་པ་ལྷ་ཁང་དག་ཏུ་གཏད། དེ་ཡིས་སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།རྒྱལ་པོ་ལ་གཏད་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།མ་བདུད་ལ་བཏད་པ། གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། རབས་ཆད་ནག་པོའི་ཐོད་པ་ལ། །ཚེ་མ་རུངས་ཁྲག་དག་གིས། །འཁོར་ལོ་རྩིབས་ནི་བཅུ་གསུམ་འབྲི། །དབུས་སུ་དམིགས་པ་དེ་བཞིན་ཏེ། །མིང་དང་རུས་སུ་ལྡན་པར་བྱ། །འཁོར་ལོའི་རྩིབས་ལ་བདུད་མོའི་སྔགས། །གདུག་ཤིང་ཕུར་པས་དམིགས་པ་གཟིར། །གདུག་པའི་རྫས་ཀྱིས་དགང་བར་བྱ། །སྔོན་མར་བྱད་ཐག་དམ་དུ་དཀྲི། །དེ་ལ་བསྙེན་པ་བྱས་ནས་སུ། །བདུད་མོ་རྣམས་ནི་ཐུན་པའི་རྫས་ཀྱིས་མཆོད། བདུད་མོ་མཆོད་ཅིང་དམིགས་པ་གཏད། །དུར་ཁྲོད་དག་ཏུ་སྦ་བར་བྱ། །དེའི་དམིགས་པས་བརླག་པར་གདོན་མི་ཟ། ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་ལ་གཏད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།ཐེ་བྲང་དག་ལ་གཏད་པ་ནི། །བོང་བུ་སྣ་རིས་ཐོད་པ་སྲ །འཁོར་ལོ་རྩིབས་ནི་བཅུ་གཅིག་བྲི། །དབུས་སུ་དམིགས་པ་དེ་བཞིན་ཏེ། །མིང་དང་རུས་སུ་ལྡན་པར་བྱ། །དུག་ཤིང་ཕུར་པས་གཟིར་བའོ། །འཁོར་ལོ་རྩིབས་ལ་ཐེ་བྲང་སྔགས། །རིམ་པབཞིན་དུ་བྲི་བའོ། །དབུས་སུ་དམིགས་པའི་རྟེན་བཅས་ལ། །མིང་དང་རུས་སུ་ལྡན་པའོ། །གདུག་ཤིང་ཕུར་པས་གཟིར་པ་སྟེ། །གདུག་པའི་རྫས་ཀྱི་ཚོན་ཐག་བཅིང་། །བསྙེན་ཅིང་བསྒྲུབ་པ་ལས་བཅོལ་ཏེ། །ལུང་གདུམ་དག་ཏུ་སྦས་པ་ན། །དམིགས་པ་འགྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་ལ་གཏད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་ས་བདག་ལ་གཏད་པར་བྱ། གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །ར་རོག་ཐོད་པ་དག་ལ་ནི། །འཁོར་ལོ་རྩིབས་ནི་དགུ་པ་བྲི། །འཁོར་ལོ་རྩིབས་ལ་ས་བདག་སྔགས། །དབུས་སུ་རྟེན་དང་བཅས་པ་ལ། །མི་དང་རུས་སུ་ལྡན་པ་ལ། །དུག་ཤིང་ཕུར་པས་གཟིར་བྱས་ལ། །བསྙེན་ཅིང་བསྒྲུབ་ལ་གནན་པར་སྦ། །དེ་ཡིས་དམིགས་པ་རླག་པར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་ལ་གཏད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།ཇ་ལམ་ལ་གཏད་པ་ནི། སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །རྣེལ་དྲི་མོ་ཡི་ཐོད་པ་ལ། །འཁོར་ལོའི་རྩིབས་ནི་བཅུ་པ་བྲི། །དབུས་སུ་དམིགས་པའི་གཟུགས་བྲིས་ལ། །མིང་དང་རུས་སུ་ལྡན་པར་བྱ། །འཁོར་ལོ་རྩིབས་ལ་བྱ་ལའི་སྔགས། །གདུག་པའི་ཕུར་པས་གཟིར་བྱས་ལ། །དུག་རྫས་གདུག་པའི་རྫས་ཀྱིས་དགང་། ཁ་ནི་དར་གྱི་གཅད་པར་བྱ། །ཚོན་གྱི་སྐུད་པས་རྒྱ་གྲམ་བཅིང་། །མཆོད་དང་བདེན་བདར་དཔང་རྣམས་བྱ། །རྐང་གཅིག་ཤིང་ངམ་ཡལ་ག་ཅན། །སྤྱན་ན་དམིགས་པར་འགྱུར་ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མ་ལ་གཏད་པའི་ལེའུ་སྟེ་ཞེ་དགུ་པའོ།། །།ཀླུ་རྣམས་དག་ལ་་གཏད་པ་ལ། །ཀླུ་བདག་ཏིང་འཛིན་ལྡན་པ་དེས། །ཐུན་པའི་གནས་སུ་འདུག་ནས་ནི། །ཕག་པ་རོག་པོའི་ཐོད་པ་ལ། །འཁོར་ལོ་རྩིབས་ནི་བརྒྱད་པར་འདྲི། །འཁོར་ལོའི་རྩིབས་ལ་ཀླུ་ཡི་སྔགས། །དབུས་སུ་དམིགས་པ་བྲིས་ནས་སུ། །ཡན་ལག་ཉིང་ལག་ལྡན་པར་བྱ། །མིང་དང་རུས་སུ་ལྡན་པར་བྱ། །གདུག་ཤིང་ཕུར་པས་གཟིར་ལ་བྱ། ཁ་ནི་དར་གྱིས་གཅད་པར་བྱ། །ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིང་། །མཐུན་པའི་རྫས་ཀྱིས་ཀླུ་རྣམས་མཆོད། །དེ་ཡིས་བསྙེན་ཅིག་བསྒྲུབ་པར་བྱ། །བདེན་བདར་དཔང་གཟུགས་ལས་བྱ་སྟེ། །དམིགས་པས་ཀླུ་གཏད་ལས་ཀྱང་བཅོལ། །ཀླུ་ཡི་སྙིང་ལ་གནན་པར་བྱ། །དེ་ཡིས་དམིགས་པ་གདོན་མི་ཟ། །ཞེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་ལ་གཏད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །མི་བུ་གླུད་ཀྱིས་སླུ་བ་ལ། །མདའ་དང་ནམ་མཁའ་ཇི་ལྟར་ལགས། །འདི་ལ་ཟླུད་ཚད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་སྤྲུལ་པ་ཆེ། །དྲེགས་པའི་རྒྱལ་པོ་སྟོང་སྡེ་ལ། །མི་བུ་གླུད་ཀྱིས་སླུ་བ་ནི། །མདའ་དང་ནམ་མཁའ་བསླུ་བ་དང་། །མདའ་དང་ནམ་མཁའི་ཡོན་ཏན་བསྟན་པ་ནི། །ནམ་ནི་ནང་གི་བབ་ཡིན་ཏེ། །མཁའ་ནི་ཕྱི་ཡི་བཅ་ཡིན་ཏེ། །ནམ་ནི་རིག་པའི་ཡེ་ཤེས་ཏེ། །མཁའ་ནི་གཉིས་མེད་དག་པའི་དོན། །ནམ་ནི་སྐྱེ་བ་མེད་པའི་དོན། །མཁའ་ནི་གཉིས་མེད་དག་པའི་དོན། །ནམ་ནི་སྐྱེ་བ་མེད་པ་ལ། །མཁའ་ནི་འགག་པ་མེད་པའོ། །ནམ་ནི་སྐྱེ་འཆི་མེད་པའི་སེམས། །མཁའ་ནི་དམག་ཕུང་ཡན་ལག་གོ །ནམ་ནི་རིགས་པའི་ཡེ་ཤེས་ཏེ། །མཁའ་ནི་སྲིད་པ་ཆགས་པའི་དཔེ། །དག་པ་ཆེན་པོའི་གླུད་བསྔོས་པས། །འཆི་བའི་སྡུག་བསྔལ་གྲོལ་བའོ། །ནམ་མཁའ་འདི་ནི་གླུད་དུ་བསྔོ། །མདའ་ནི་སྐུ་ཡི་ཚད་ཡིན་ཏེ། །མཁར་ནི་བཞུགས་པའི་རྟེན་ཡིན་ནོ། །མདའ་ནི་དཔག་བསམ་ཤིང་བུ་སྟེ། །མཁར་ནི་རི་བྲག་ཆེན་པོ་སྟེ། །མདའ་ནི་སྐུ་ཚད་རྟེན་པའི་གླུད། །མཁར་ནི་རིན་ཆེན་མིག་མངས་རིས། །སྲིད་པས་བསྡུས་དང་འབྱུང་བས་བསྐྱེད། །འདི་ཡང་མི་ཡི་གླུད་དུ་བསྔོ། །མདའ་ནི་བཞུགས་པ་ཕྱི་ཡི་མཁར། །ནམ་མཁའ་འདྲེན་པའི་རིན་ཆེན་ཁང་། །འདི་ཡང་མི་ཡི་གླུད་དུ་བསྔོ། །དེ་ཡིས་འཆི་བ་ཟློག་པར་བྱེད། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མདའ་དང་ནམ་མཁའི་གླུད་དུ་བསྔོ་བའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཀླུ་བཙན་དམར་པོ་བཅོས་པ་འདི་སྨྲས་སོ། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་རི་རབ་གྲུ་བཞི་ལ། །ནམ་མཁར་དམར་པོ་ལྡེམ་པ་གཟུགས། ཁ་དོག་རིགས་སམ་དམར་བར་བྱ། །བཤོས་བུ་དམར་པོ་ཟུར་གསུམ་ལྡེམ་པ་ལ། །མདའ་བཀྲ་མཁར་ཐབས་རྒྱན་ལྡན་གཟུགས། །སྤྱན་གཟིགས་དཀོར་ཆ་ཕུད་དང་བཅས། །མི་དམར་རྟ་དམར་རྒྱན་དང་ལྡན། །བསེ་ཁྱི་བསེ་ར་བསེ་ལུག་བསྐོར། ཁྲག་གི་ཉ་དང་བསེ་ཡི་སྦལ། །ཟངས་ལ་སོགས་པའི་བསྐོར་བའོ། །བྱ་དམར་དག་གིས་བརྒྱན་པ་དང་། །དེ་ལྷར་བསགས་ལ་བསྔོ་བ་བྱ། །ཧུ༷། ཀླུ་བཙན་ནི་དམར་པོ་བ། གདུག་པ་ཆེན་ནི་མ་རུངས་པ། །བཙན་བཙུན་ནི་ཀླུ་ཡི་སྡེ། །གདུག་པའི་སྲས་གཅིག་པོ། གླང་ཐབས་ནད་དང་གདུག ནད་ཀྱི་བདག་པོ་ལགས། བཞུགས་པ་འབྱུང་བའི་བར་ན་བཞུགས། འབྱུང་བ་ཆུ་དང་ཁྲག་གི་བར་ཤེད་ན། །རིན་ཆེན་བསེ་མཁར་པོ་ལྡེམས་སེ་ལྡེམས། །གཡུའི་ཁ་བད་སྔོན་པོ་ཁྱིལ་ལི་ལི། །རྩ་ན་བསེའི་ཕ་འོང་གུར་ཙམ་གནས། བསེའི་ཕ་འོང་གུར་ཙམ་ལ། གདུག་པའི་མཚོ་ཆེན་བརླབས་སེ་བརླབས། །གསེར་ཉ་ཁྲག་མིག་ཁྱུར་རུ་སྲ །བསེ་སྦྲུལ་དམར་པོ་ཁྱུར་རུ་སྲ །བསེ་སྦལ་དམར་པོ་དིར་རི་རི། །བསེ་བྱ་ངུར་པ་དིར་རི་རི། །གཡུ་གཤོག་སྔོན་པོ་ལྡེམས་སེ་ལྡེམས། །བསེ་མཁར་དེ་ཡི་ནང་ཤེད་ན། །ཀླུ་བཙན་ནི་དམར་པོ་བཞུགས། ཁྱོད་ཀྱི་ཕ་སྨོས་པ། གནམ་གྱི་དྲོ་དེ་རྒྱལ་བ་ལགས། །མ་ནི་གདུག་རུམ་སྤྱན་གཅིག་མ། །དེ་གཉིས་རྒྱུད་ལས་སྤྲུལ་པ་ཡིས། །ཀླུ་བཙན་ནི་མཆེད་དེ་གསུམ། །ཐ་ཆུང་ཀླུ་བཙན་དམར་པོ་ལགས། །ཀླུ་བཙན་ནི་དམར་པོ་སྟེ། རྟ་དམར་པོ་བྱ་གདོང་ཆིབས། གདུག་པ་ཀླུ་ཡི་རྒྱན་གྱིས་སྤྲས། ཀླུ་བཙན་གྱི་སྐུ་ལུས་ལྡེམས་པ་ལ། དར་མདམ་རི་རལ་ཀ་གསོལ། སྦྲུལ་གྱིས་ནི་ཟ་ར་ཚགས། ཉ་ཚེ་ནི་ཟ་ར་ཚགས། མཐའ་མ་བསེ་སྦལ་ཆ་ག་ཅན། སྦྲུལ་དམར་གྱི་སྐུ་རེག་ཅན། གཡས་ན་སྦྲུལ་ཡང་འཁྱུག གཡོན་ན་བསེ་བྱ་ལྡིང་། བར་ན་གླང་བུ་རུ་དམར་རོལ་ཅིག་འུ་ཡིས་འདེབས། ཆུ་གླང་འབུམ་ཡང་ཁུ་ཡིས་འདེབས། ཕྱག་ན་བསེ་མདུང་དམར་པོ་བསྣམས། གདུག་པའི་དཔལ་དང་ལྡན། གཡས་ཀྱི་སྣ་ནི་བྲག་བཙན་དམར་པོས་འདྲེན། །གཡོན་ནི་སྣ་ནི་བསེ་བཙན་རོལ་པོས་འདྲེན། །གདུག་པའི་ཀླུ་འཁོར་སྟོང་དང་བཅས། །ཐེ་བྲང་མ་ལུས་བང་ཆེན་བྱེད། །ས་སྲིན་དགུ་བཅུ་བང་ཆེན་བྱེད། །སྲིལ་མ་ཀླུ་ཚོགས་ནད་ཡམས་གཏོང་། ཁྱོད་ནི་ཀླུ་ཚོགས་གདུག་པ་ཅན། །ཀླུ་བཙན་ཆེན་པོ་མ་རུངས་པ། །ཞ་གྲུམ་ནད་དང་སྐྲངས་ཀྱི་བདག །སྨྱོ་དང་འབོག་དང་ལྐུགས་ཀྱི་བདག །སྡིག་པ་དང་ནི་ལྟོལ་པོ་བདག །རྫིངས་དང་ནི་སྐྲངས་ཀྱི་བདག དེ་རིང་སྲིད་པའི་མདོས་འདི་བཞེས། །ཞེ་སྡང་གདུག་པའི་ནད་འདི་ཁྲོལ། །ཀླུ་བཙན་དམར་པོ་སླར་ལ་བཏུལ། ཁྱོད་ཀྱིས་ནད་རྣམས་སོས་པར་མཛོད། །ཀླུ་བཙན་ཆེན་པོ་ཁྱོད། སྟོང་གསུམ་རྒྱུག་པའི་ཚེ། རྟ་དམར་གློག་ལྟར་འཁྱུག བཙན་དམར་འོད་དུ་འབར། སྒྱུག་པའི་བརྡ་སྐད་ཕྱུར་རུ་སྲ །གདུག་པའི་དམག་དཔུང་སི་ལི་ལི། །དེ་རིང་གདུག་ཆེན་མདོས་འདི་བཞེས། །ཅེས་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་བཙན་དམར་པོ་བཅོས་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །སྟོང་གསུམ་བརྒྱུག་འགྲོ་ཇ་ལ་སྟེ། །འདི་རྣམས་བཅོས་པ་ཇི་ལྟར་ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་རུངས་རྒྱུག་འགྲོ་ཇ་ལ་བཅོས་པ་ནི། །གསང་བའི་བདག་པོ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མའི་རས་ཀྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབ་པ་གཞུང་བཞིན་བྱ། །དེ་ལ་རི་རབ་ཆེན་པོ་བརྩིག །དཔག་བསམ་ཤིང་དང་ནམ་མཁའོ། །རི་རབ་ཁ་དོག་རིགས་དང་བསྟུན། །ནམ་མཁའ་སུམ་བརྒྱ་དྲུག་ཅུ་སྟེ། །ངར་བུ་འབྲང་རྒྱས་སུམ་བརྒྱ་དྲུག་ཅུ་དེ་ལ་གཟུགས། །འབྲང་རྒྱས་སུམ་བརྒྱ་དྲུག་ཅུ་ལ། །མོ་འཕངས་སུམ་རྒྱ་དྲུག་ཅུ་གཟུགས། །བྱ་དང་གཟུགས་བརྙན་སུམ་བརྒྱ་དྲུག་ཅུས་བསྐོར། །ཤ་ཁྲག་རྫས་དང་མཐུན་པའི་ཡས་ཀྱིས་བསྐོར། །དེ་ལྷར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མའི་ཡས་བསགས་པའི་ལེའུ་སྟེ་ང་གསུམ་པའོ།། །།ཧུ༷། ཇ་ལ་ཆེན་པོ་མ་རུངས་པ། གདུག་བྱེད་སྟོང་གསུམ་ཕུང་ཁྲོལ་བྱེད། ནད་ཀྱི་བདག་པོ་རྒྱུད་འགྲོ་སྟེ། །སུམ་བརྒྱ་དྲུག་ཅུ་གདུག་པའི་འཁོར། །གདུག་ཚོགས་མ་རུངས་ཁམས་གསུམ་གནས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བྱ་ལ་ཆེན་མོ་གདུག་པའོ། །སྟོང་གསུམ་དབང་སྒྱུར་གདུག་པ་ཅན། །རྒྱུག་བྱེད་ནག་མོ་མ་རུངས་མ། ཁྲ་ཟ་ཁྲག་འཐུང་རལ་པ་སྦྲུགས། །བདུད་བོང་ཞོན་ནས་རྒྱུག་བྱེད་མ། ཁྲམ་བམ་གཡས་ལ་ཐོད་དབྱུག་གཡོན། །སྲིད་པ་ཡོངས་ཀྱི་ཉུལ་ལེ་མ། །གདུག་པ་ནད་ཀྱི་མངའ་བདག་མོ། །སྲིད་པ་ཀུན་ལ་དབང་སྒྱུར་ཞིང་། །མི་བུ་རིས་སུ་གཅོད་པར་བྱེད། །དུར་ཁྲོད་ཕྱགས་མས་འདེབས་པར་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཇ་ལ་གསུམ་བརྒྱ་དྲུག་ཅུ་སྟེ། །བརྒྱ་ནི་སྲིད་པར་ནད་ཡམས་གཏོང་། །བརྒྱ་ནི་འཇིགས་ཏེ་ཕུང་ཁྲོལ་བྱེད། །བརྒྱ་ནི་སྲོག་ལ་རྒོལ་ཞིང་འཇིག་རྟེན་དྲེགས་པའི་མངལ་གཞུག་ལས་ལ་བྱེད། ཉི་ཤུ་རྩ་གཅིག་བྷ་གའི་བང་ཆེན་བྱེད། །བཅུ་ནི་གཟུ་དང་དཔང་པོ་བྱེད། །བཅུ་ནི་དམག་གི་དཔུང་ཡང་བྱེད། །དགུ་ནི་འཇིག་རྟེན་ཐོག་སེར་འབེབས། །བཅུ་གཅིག་སོ་མཚམས་སྲུན་པར་བྱེད། །ཇ་ལ་ཆེན་པོ་མ་རུངས་མ། །གདུག་པའི་འཁོར་ཚོགས་མ་རུངས་བྱེད། །ལ་ལ་མཐིང་ནག་འབར་བ་བྱེད། །མཆེ་གཙིགས་རྔམ་ལ་བཅུ་གླུ་ལེན། །ལ་ལ་གཙོད་ལ་ཆིབས་ནས་རྒྱུག །ལ་ལ་རྔ་མོ་སྐེ་རིངས་ཆིབས་ནས་རྒྱུག །འཇིག་རྟེན་ཀུན་ཏུ་ཁྲག་མཐོང་མ། །མ་བུ་རིགས་སུ་གཅོད་པར་བྱེད། །དུད་འགྲོ་ཕྱགས་མས་འདེབས་པར་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །གདུག་པའི་ནད་གཏོད་ཇ་ལ་མ། །སྲིན་མོ་ལུས་ལ་སྟག་གི་སོ། །པགས་རློན་གྱོན་ཞིང་ཐོད་ཁྲག་འཐུང་། མི་ནད་མང་པོ་འབེབས་པར་བྱེད། །ལྟས་ངན་བྱ་རྣམས་སྣ་ཚོགས་གཏོང་། །གདུག་པའི་ཆ་བྱད་མ་རུངས་མ། །དེ་རིང་སྲིད་པའི་མདོས་བཞེས་ཅིག །ལྔ་ནི་ནག་པོ་ཁྲག་མིག་མ། །ནད་ཀྱི་རྐྱལ་པ་རེ་རེ་ཁུར། །མཚོན་གྱི་གྲུ་གུ་སྡོག་ཅིང་འཕེན། །སྲིད་པ་ཡོངས་ལ་དབང་གནོད་མ། །དེ་རིང་སྲིད་པའི་མདོས་འདི་བཞེས། །བུད་མེད་ནག་མོ་ཁྲག་མིག་མ། །མི་ཡི་གཡང་གཞི་གོས་སུ་བགོས། །ལག་ན་གྲི་ཐོགས་གསོད་ལ་དགའ། ཁྱོད་ནི་སྐྱེ་འགྲོ་སྒྲོལ་བྱེད་མ། །ཇ་ལ་ཁམ་རྗེ་མིང་ནས་ཕྱུང་། །གདུག་པའི་བུད་མེད་སྔོན་མོ་དགུ། །གཡག་ལྤགས་རློན་པ་གོས་སུ་གྱོན། །རལ་ནག་འཁྱིལ་ཅིང་ཁྲག་མིག་བཟློག །ལག་ན་དང་ཐེ་ཐད་པ་ཐོགས། །ཆིབས་སུ་གསལ་མོ་དགུ་ལ་ཆིབས། །དྲེའུ་དགུ་ནི་རོལ་ཏུ་ཁྲིད། །གཡས་ན་བཙོས་པོ་ཁྲལ་ལ་ལ། །གཡོན་ན་སྐྱུགས་མོ་ཁྲལ་ལ་ལ། །གནམ་ལས་ཐོག་དང་སེར་བ་འབེབས མི་ལ་ཡམས་ནད་འབེབས་པར་བྱེད། །གདུག་པའི་ཚོགས་ཆེན་མདོས་བཞེས་ཅིག །བཅུ་གཉིས་གདུག་བྱེད་ནད་དུ་གཏོང་། ཁྲ་རྐྱང་རྔ་མོ་བོང་བུ་དང་། །མཛོ་རྟོལ་དྲེའུ་དང་གཙོད་ལ་ཆིབས། །ཞིང་ནད་དལ་ཡམས་གཏོང་བར་བྱེད། །མཐིང་ནན་མ་རམ་ཆེན་མོ་སྟེ། །ལ་ལ་ནད་ཀྱི་རྐྱལ་པ་འབུད། །ལ་ལ་མཚོན་གྱི་གྲུ་གུག་འཁལ། །ལ་ལ་ཁྲག་བམ་རིས་སུ་བྲིས། །ལ་ལ་ཤོད་སྡེའུ་བགྲང་ཞིང་འགྲེམས། །ལ་ལ་བྱང་བུ་བམ་ལ་འདེབས། །ལ་ལ་བདུད་ཀྱི་བང་ཆེན་འགྲེམས། །ལ་ལ་ཁྲི་དང་ཁྲག་ཏུ་སྦྱོར། །ལ་ལ་གདུག་པའི་སྒྱུག་གུ་ལེན། །ལ་ལ་ནད་རྣམས་ཆང་ལྟར་སྟོར། ཁྱེད་ནི་གདུག་བྱེད་ནད་གཏོང་མ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སྲིད་པའི་བདག་མོ་བྱ་ལ་རྒྱུག་འགྲོ་མ། །དྲེགས་པ་རྣམས་ཀྱིས་སྣ་འདྲེན་མ། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཇ་ལ་ཆེན་མོ་མ་རུངས་མ། །ལ་ལ་བྱ་དམར་འདབ་བཟངས་བཅིབས། །ལ་ལ་བོང་བུ་སྣ་རིངས་ཆིབས། །ལ་ལ་ཁྱི་དམར་སྣ་རིངས་ཆིབས་ནས་རྒྱུག །ལ་ལ་ར་སྐྱེས་ཁམ་པ་ཆིབས་ནས་རྒྱུག་བྱེད་་མ། །ལ་ལ་སྦྲ་ཆེན་གདོང་དམར་ཆིབས། དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཇ་ལ་བང་ཆེན་ཉི་ཤུ་གཅིག །སྐྱེས་པའི་ལུས་ལ་དགེ་བསྙེན་ཆས། །རྒྱབ་ན་ཁྲེང་ཁུང་རེ་རེ་ཁུར། །ལག་ན་མདའ་གཞུ་བདུད་གྲི་ཐོགས། །གསད་དང་གཅད་ལ་རབ་ཏུ་བརྩོན། །འཇིག་རྟེན་ཀུན་གྱི་བང་ཆེན་བྱེད། །འཇིག་པའི་དཔོན་དུ་བྱེད། །དམག་ནི་དམག་དཔོན་བྱེད། །ཚོང་གི་ཚོང་དཔོན་བྱེད། །མདའ་སྒྲ་ཤར་ར་ར། །མདུང་སྒྲ་སིལ་ལི་ལི། །གཞུ་སྒྲ་འུར་རུ་སྲ །གདུག་པའི་ཚེ་བྲང་ཚོགས། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཇ་ལ་ནག་པོ་གདུག་པ་ཅན། །ལ་ལ་མཐིང་ནག་ཆས་ལ་བདུད་ཀྱི་བང་ཆེན་བྱེད། །ལ་ལ་དཀར་མོའི་ཆས་ལ་རྒྱལ་པོའི་བང་ཆེན་བྱེད། །གདུག་པའི་ཇ་ལ་མ་རུངས་པ། ལ་ལ་ནག་མོ་བདུད་གཅོད་མ། ལ་ལ་ཐབ་གཤོབ་སྣ་འདྲེན་བྱེད། །ལ་ལ་འདྲེ་ལྔའི་སྣ་འདྲེན་མ། །ལ་ལ་མཐིང་ནག་འབུམ་སྟོང་མ། །ལ་ལ་སྲིན་མོ་ཤམ་ཤམ་མ། །ལ་ལ་ངམ་གྲོག་ཕུག་ལ་གནས། །ལ་ལ་སྒྲེན་མོ་ཕུང་འཁོལ་མ། །ལ་ལ་ཉམས་མ་ཁྲག་གི་ཕོར་ཐོགས་མ། །ལ་ལ་དུར་ཁྲོད་གདུག་བྱེད་མ། །ལ་ལ་བྱིས་པ་ཕྱུང་གི་དུར་འདེབས་མ། །ལ་ལ་སྲིད་ཅན་དམ་ཟན་མ། །ལ་ལ་ཕུར་བྱེད་གདུག་ཁྲོལ་མོ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །གདུག་པའི་ཆ་ལ་སུམ་བརྒྱ་དྲུག་ཅུ་ཡང་། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཅེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མ་བཅོས་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་པའི་ལས་རྣམས་ཇི་ལྟར་ལགས། །གསད་པའི་ལས་རྣམས་གང་ལགས་པ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བསྒྲུབ་དང་གསད་པའི་ལས་བསྟན་པ། །དྲེགས་པ་བདུད་ཆེན་བསྒྲུབ་པ་ན། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དེ་རུ་དཀྱིལ་འཁོར་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །མཐའ་མར་གྲུ་གསུམ་ནང་དུ་རྩེ་གཏད་གསུམ། །དེ་དབུས་དམིགས་པ་གཞུག་པར་བྱ། ཚོན་སྣ་ལྔ་ཡིས་བྱ་དང་བཅས། གྲུ་གསུམ་མཐའ་མ་བདུད་ཀྱི་ཕུར་པས་བསྐོར། ཤ་ཁྲག་འཚོགས་པའི་གཏོར་མ་བཤམ། འདབ་ཆགས་གཅན་གཟན་སྙིང་འཕྲེང་དང་། ཕུད་དང་བཅས་པས་བསྒྲུབས་པ་སྟེ། སྤྱན་དྲངས་མཆོད་པ་བསྟོད་བཅོལ་བྱ། གསང་སྔགས་བཟླས་དང་སྒྲུབ་པར་བྱེད།གསལ་གསུམ་ལྡན་པས་གདབ་པར་བྱ། དེ་ལྟར་མ་ལུས་བདུད་བཅུ་གསུམ་བསྐུལ་དང་རང་སྔགས་གདབ་རང་རང་ཚིག་དང་བཅས་པས་བསྐུལ་ལ་ལས་བྱའོ། །ཧུ༷། བདུད་ཆེན་གདུག་པ་བཅུ་གསུམ་མོ། །སྲིད་པ་གསུམ་ལ་དབང་བྱེད་དེ། །བདུད་གཅོད་ལས་བརྩོན་གྱུག་སྟབས་ཅན། ཁྱེད་ནི་ང་རྒྱལ་དྲག་ཤུལ་ཅན། །དྲག་པོ་ལས་ལ་བསྐུལ་གྱིས་གཤེགས་སུ་གསོལ། །གདུག་བྱེད་གཏུམ་པོ་ཁྱོད་ནི་མ་རུངས་དྲག་ཤུལ་ཅན། །རྔམ་ཆེན་འབར་བ་གདུག་པ་ཅན། །གདུག་བྱེད་མ་རུངས་སྤྲུལ་པའི་བདག །སྤྲུལ་པ་གསོད་བྱེད་དྲག་ཤུལ་ཅན། །ཡ་བདུད་བཅུ་གསུམ་ཁྱེད་ལ་བསྟོད། །རི་ཏི་འགོང་ཡག་བདུད་རུམ་རྗེ། །ནག་པོ་བཀྲག་མེད་ལྡམ་ཆེན་གཙོ། །སྐོས་རྗེས་བྲང་མཁར་སྲིད་པའི་བདག །སྲིད་པའི་བདུད་རྗེ་མང་ཁུག་དང་སློན་པོ་ཆེ། མ་ལེ་གེ་ཤགས་ནང་འགྲོལ་འགྲེན། །སྙེ་ལྡེང་ངག་བཙན་ངག་རྣམས་འཇོམས། །སྲིན་བུ་མཆུ་དམར་སྙིང་འབྱིན་པོ། །ཐོམ་པོ་སྒྲོལ་བྱེད་གཏུམ་པོ་འཇོམས། །ཐོམ་ཆུང་དགུ་ནི་གསོད་ལ་དགའ། །རྟག་གུ་མཆེད་བཞི་ལྔ་ཕུང་འབྲེལ། །བདུད་ཆེན་ཡོར་བ་དཔག་ཆེན་བུ། །རལ་པ་ཆེན་པོ་ག་གོ་སྲེག །གདུག་པའི་བདུད་པོ་ལས་ལ་ཡང་། །དམིགས་པ་སྒྲལ་བའི་དུས་ལ་བབ། །ཅེས་བསྐུལ་ཞིང་ལས་བྱའོ། །མཐའ་མ་ལ་གནན་པའི་ལས་དང་སྦྱར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་བསྒྲུབ་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་བཙན་རྣམས་བསྒྲུབ་པར་བྱ་བ་སྟེ། གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །གདུག་པའི་གནས་ཀུ་འདུག་ནས་ནི། །དཀྱིལ་འཁོར་གྲུ་བཞི་ལྡན་པ་ལ། །དབུས་སུ་གྲུ་གསུམ་དམར་ནག་ཟླ་གམ་སྒོ་དང་བཅས། །གྲུ་གསུམ་ནང་དུ་དམིགས་པའོ། །དྲག་པོའི་རྫས་དང་བཅས་པའོ མཐའ་མ་བཙན་གྱི་ཕུར་པས་བསྐོར། །ར་དམར་རྟ་དང་བཅས་པའོ། །སེ་ཕོར་ཕུད་དང་བཅས། དམར་གསུམ་དང་བཅས་སྙིང་གི་རྫས། །དམར་པོ་དར་གྱི་ཡོལ་བ་བྱ། །སྤྱན་དྲངས་མཆོད་དང་བསྟོད་པ་བྱ། །གསལ་གསུམ་ལྡན་པས་གདབ་པར་བྱ། །བཙན་ལ་གཏད་དང་བསྒྲལ་བར་བྱ། །ཐ་མ་གནན་ཟོར་ཐུན་པས་བྱ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །ཧུ༷། བཙན་ཆེན་ང་རྒྱལ་མ་རུངས་པ། །ང་རྒྱལ་བཙན་འཁོར་གདུག་པའི་ཚོགས། ཁྱོད་ནི་རྗེ་རིགས་གདུག་པ་ཅན། །སྲིད་པ་ཡོངས་ལ་དབང་བྱེད་ཚོགས། །དྲག་པོ་ལས་ལ་གཤེགས་སུ་གསོལ། །ཧུ༷། བཙན་ཆེན་སྤྱི་བཙན་དམར་པོ་སྟེ། ཁ་བཞི་པ་ལ་གཟུགས་ཁམས་སྒྲོལ། །གཟེར་ནད་འཐེབ་ཚུགས་བདག་པོ་བྱེད། །དམིགས་པ་བསྒྲལ་བའི་དུས་ལ་བབ། །ལྔ་སྐྲུང་ཚོམས་ཅིག་སྤྱི་བཙན་རྗེ། །ལྔ་དཔུང་ཤིག་ཅིག་འབྱུང་ལྔ་བཙན། །དམིགས་པའི་ཁུག་ཅིག་རོལ་པའི་ཚོགས། །དབུགས་ཕྲོགས་བཙན་ཆེན་འཕྲུལ་པོ་ཆེ། །རུས་པ་ཆོམས་ཅིག་བྲག་བཙན་འབར། །གདུག་པའི་བཙན་ཁྱེད་ཀྱི་དུས་ལ་བབ། །དམག་དཔུང་བསྐྱེད་ཅིག་སིལ་མ་སྟོང་གི་ཚོགས། །གདུག་པའི་བཙན་གྱི་དུས་ལ་བབ། །ཅེས་བསྐུལ་བ་དང་། བཙན་གྱི་སྔགས་ཀྱིས་དམིགས་བསྒྲལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བསྒྲུབ་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་རྒྱལ་པོ་སྒྲུབ་པར་བྱེད་པ་ན། སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དེ་རུ་དཀྱིལ་འཁོར་གྲུ་བཞི་ལ། །གྲུ་གསུམ་བཞི་ནི་དཀྲིགས་པ་ལས། །ལིང་ག་རེ་དང་རྫས་རེའོ། །རྒྱལ་པོ་ཕུར་པ་རེ་རེའོ། ཁྲ་ཁྲག་རྫས་དང་བཅས་པས་མཆོད། བཤོས་བུ་ཕུང་དང་བཅས་པས་མཆོད། །དར་དཀར་གྱི་ནི་ཡོལ་བ་བྱས། །གདབ་དང་དབབ་དང་ལས་རྣམས་ནི། །སྔགས་དང་ཚིག་གི་རིམ་པས་བྱ། །དམིགས་པ་བསྟབ་དང་བསྒྲལ་བའོ། །བྱ་དཀར་ལ་བདོགས་རྟ་རུ་བྱ། །སྙིང་སྣ་རྟེན་རྫས་དེ་བཞིན་བསགས། །མཐར་ནི་གནན་པའི་ལས་དང་སྦྱར། །ཧུ༷། རྒྱལ་པོ་ཆེན་པོ་སྲོག་གི་གཤེད། །སྲོག་བདག་རྒྱལ་པོ་ཆེན་པོ་མཆེད་དེ་བཞི། །བཞུགས་ནི་བར་སྣང་ཁམས་ན་བཞུགས། ཁུ་ནི་འཛམ་བུ་གླིང་དུ་རྒྱུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧུ༷། སྲིད་པའི་རྒྱལ་པོ་གདུག་པ་ཅན། །སྲོག་བདག་ཆེན་པོ་མཆེད་དེ་བཞི། ཁྱེད་ནི་ཡེ་ཤེས་རྩལ་ཆེན་ཏེ། །གདུག་པ་སྒྲོལ་ལ་རབ་ཏུ་བརྩོན། །ཨ་ཅོ་དཀར་པོས་དམིགས་པའི་ལྔ་ཕུང་ཕྲོལ། །དཀར་པོ་སྤྱན་གཅིག་དོན་སྙིང་ཕྱུང་། །ཡམ་ཤུད་དམར་པོས་ནང་ཁྲོལ་བྲོབས། ཁུ་ལེ་ལག་གུས་རྩ་རྒྱུས་བྲོབས། །རྒྱུད་བཞི་མཆོད་ལ་སྒྲོལ་ལ་ཐོང་། །སྲིད་པའི་རྒྱལ་པོ་སྲོག་ལ་རྔམ། །གིང་ཆེན་འབར་བ་ལས་ལ་བརྩོན། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་བསྐུལ་ཞིང་ལས་ལ་བཅོལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །རྒྱལ་པོ་བསྒྲུབས་པའིལེའུ་སྟེ་ང་བདུན་པའོ།། །།དེ་ནས་མ་བདུད་བཅུ་གསུམ་བསྒྲུབ་ན། སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དཀྱིལ་འཁོར་གྲུ་གསུམ་ཟླ་གམ་སྒོ་དང་བཅས། །དབུས་སུ་དམིགས་བཞུགས་པ་སྟེ། སྔོན་དམར་ཐག་པས་བྲུངས་དང་བཅས། །དེ་ལྟར་བདུད་མོའི་ཕུར་པས་མཐའ་མ་བསྐོར། ཁྲ་ཁྲག་གཏོར་མ་ཚོགས་པར་བཤམས། །སྙིང་སྣ་ཁྲག་སྣ་ཚོགས་ཚད་བསོག །བྱ་མཚལ་སྙིང་དང་ར་རོག་སྙིང་། །སྐྱེས་པ་དར་མའི་སྙིང་དང་གསུམ། །མིང་གི་མེད་དུ་མི་རུང་ངོ་། །མཐིང་ནག་དར་གྱི་ཡོལ་བ་བྱ། །གསལ་གསུམ་ལྡན་པའི་བདུད་ཕུར་བཅུ་གསུམ་བསྐོར། །གདབ་ཅིང་བསྒྲལ་བའི་བསྟན་པའོ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །སྤྱན་དྲངས་མཆོད་བསྟོད་ལས་བཅོལ་བྱ། ཧུ༷། ཡུལ་དེ་བདུད་ཡུལ་མ་གི་ན། ཁྲི་ལོ་རུངས་ཆེན་མ་གི་ན། །དེ་ན་བདུད་མོ་སྟོང་ཚོགས་གནས། ཁྲག་གི་གྲུ་ཆར་སི་ལི་ལི། །བྱ་ནག་གདུག་པ་ཕང་མ་ཕུང་། །ཐོད་དུས་གདུག་པའི་མཁར་ཅིག་ལྡེམས་སེ་ལྡེམས། །དེ་ན་བདུད་མོ་བཅུ་གསུམ་གནས། །བདུད་ཀྱི་དམག་ཚོགས་ཤ་ཁྲག་ཚོགས། །བདུད་མོ་མ་ཚོགས་དམར་ལ་ཤོག །བདུད་མོ་དམག་གི་རྒྱལ་མོ་སྟེ། །རྒྱལ་མོ་ཁྱེད་ལ་རྟེན་ཅིག་འཛུགས། །མདུང་རིངས་གསོམ་པ་ལ། དམ་དཔངས་རིངས་ལྕག་གིས་འཐུད་ལ་བ་དན་གནག་གིས་བཏགས། སྲིན་པོ་སྲིན་མོའི་སྐྲ་ལགས་མོད། ཁྱོད་གཡབས་ལ་མ་གཞག་ཅིག གཡས་གཡོན་སོ་ལི་ག སྲིན་མོའི་རྐང་ལགས་མོད། འདྲད་ལ་མ་གཞག་ཅིག མདུང་རྩེ་དཔལ་དང་ལྡན།སྲིན་མོའི་ཚེམས་ལགས་མོད། གཅོད་པ་ལ་མ་གཞག་ཅིག དར་སྣ་མང་པོ་བཏགས། སྲིན་མོའི་ལྕེ་ལགས་མོད། སྔགས་མ་གཞག་ཅིག བྱ་ནག་རྟེན་དུ་གཟུགས། ཤ་ཁྲག་རྫས་ཀྱིས་མཆོད། མ་བདུད་བཅུ་གསུམ་གྱིས། དམིགས་པ་སྒྲལ་བའི་དུས་ལ་བབ། ལྔ་དཔུང་ཡན་ལག་ཆིངས་ལ་ཐོང་། ཙིཀྟ་དམར་པོ་ཕྱུང་ལ་ཐོང་། ནང་ཁྲོད་དམར་པོ་བྲོབས་ལ་ཐོང་། ཞེས་བསྐུལ་ལ་ལས་བྱའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བདུད་མོ་བསྒྲུབ་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་དེ་དག་ལ། །བསྒྲལ་བའི་ལས་རྣམས་དེ་བཞིན་ལ། །ཟོར་དང་ཐུན་གྱི་ལས་རྣམས་བཤད་དུ་གསོལ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་ཚོགས། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །ཟོར་དང་ཐུན་གྱི་ལས་བྱས་ལ། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །བདུད་ཀྱི་ཐུན་ཆེན་འཕང་བར་བྱ། །རབས་ཆད་ནག་པོའི་ཐོད་པ་སྲ ཁྲག་སྣ་ཚོགས་དང་དུག་སྣ་ཚོགས། །ཉུང་ནག་ཏིལ་དང་བཅས་པ་དང་། །མྱོས་པའི་ཆང་གིས་བསིངས་བྱས་ལ། །དམིགས་པའི་རྟེན་ཡང་དེ་ཡིན་ཏེ། །དེ་གས་པའི་ཐུན་གྱིས་བྲབ། ནག་པོ་དར་གྱིས་ཁ་གཅད་ལ། །བདུད་ཐུན་ནག་པོ་བརྡེག་པར་བྱ། །གང་ལ་བརྒྱབ་པ་འཆོར་མི་སྲིད། །བདུད་ཆེན་སྔགས་ནི་རིམ་པར་བཟླས། །ཨོ་ནག་པོ་བ་ཧུར་ཐུན་རྒྱོབ། ཁྲ་རམ་ཏ་ཐུན་ཡ། ཡ་ཤ་ཁྲ་ལ༷་ཐུན་ཡ། ས་མ་ཀ་ལ༷་ཐུན་ཡ། ཙིརྟི་ལ་རྦད། ཐུན་ཡང་དེ་ལྟར་བཟླས་ལ་བརྡེག་པའོ། །ཧུ༷། ཞེ་སྡང་གདུག་པའི་བདུད་ཕོ་བཅུ་གཉིས་ཀྱང་། །གདུག་རི་འཁང་རི་རྩེ་ནས་བཞེངས། །ཡ་བདུད་ཆེན་པོ་བཅུ་གསུམ་ཡང་། །མཐིང་ནག་འབར་བའི་གདུག་པ་ཅན། །མཆེ་གཙིགས་རལ་ནག་གྱེན་དུ་འཁྱིལ། །གཡས་ན་ཐུན་སྨྱོ་ཤར་ར་ར། །གཡོན་ན་ཐུན་འཕེན་སིལ་ལི་ལི། །བདུད་ཐུལ་དམིགས་པ་དེ་ལ་རྒྱོབ། །བདུད་ཀྱི་ཐུན་འདི་གདུག་ཆེན་སྟེ། །གང་ལ་བརྒྱབ་པ་རྡུལ་དུ་ཐོང་། །ཞེས་བསྐུལ་ཞིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཀྱི་ཐུན་གྱི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་བཙན་གྱི་ཐུན་བརྡེག་པ་ནི། སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །དུར་ཁྲོད་ཝ་ཡི་ཐོད་པ་སྲ །ཐུན་གྱི་རིམ་པ་བསག་པ་སྟེ། །རྟ་དང་ར་དང་ཁྱི་ཁྲག་གསུམ། ་་་ཀར་མྱོས་པའི་ཆང་བསིངས་ལ། །དམར་པོ་དར་གྱིས་ཁ་གཅད་ལ། །དེ་ལ་ཐུན་ནི་བསྒྲུབ་པར་བྱ། །བསྐུལ་དང་སྔགས་བརྡེག་དེ་ལས་བསྒྲུབ། །ཐུན་ཁོལ་ཐོད་པ་འཕར་བ་བྱུང་བའམ། །འོད་དང་དུ་བ་བྱུང་བ་ན། །ཐུན་ནི་རིམ་པར་བརྡེག་པའོ། །དེ་ཡི་ཐུན་སྔགས་དྲག་པོ་སྟེ། །ཙ་ཙ་ཁ་ལམ་ཤ་མ་དུང་ལིང་ཐུན་ཡ། ཕྲ་ནས་ནང་ཤ་ལང་ཐུན། རོ་ཏོ་བུ་ལ་ཤ་ར་ཐུན་ལ། རྒྱུད་བྲེངས་མ་ཡ་འུར་ཆུབ་ཐུབ་ཡང་། དེ་ལྟར་ཐུན་སྔགས་ལ་བརྡེག་པའོ། །ཧུ༷། བཙན་ཆེན་གདུག་པའི་དུས་ལ་བབ། ང་རྒྱལ་ཆེན་པོ་བཙན་གྱི་བུ། །གདུག་པའི་ཐུན་ཅེར་འཕེན་པའི་ཚེ། །བཙན་དམག་སྟོང་སྡེ་ཤར་ར་ར། །གདུག་པའི་བརྡ་སྐད་དིར་རི་རི། །སྒྱུགས་པའི་བརྡ་སྐད་ཕྱུར་རུ་མྲ ཁྲག་ཟོར་དམར་པོ་ཏལ་ལ་ལ། །བཙན་ཐུན་དམར་པོ་དམིགས་པ་དེ་ལ་རྒྱོབ། །ག་དུག་ཁྲག་ཐུན་འཕང་བའི་ཁྲག །ལྔ་དཔུང་ཡན་ལག་འབྲལ་བར་བྱེད། །སྲོག་རྩ་དམར་པོ་སྐམ་པར་བྱེད་དམ། །གདུག་པའི་ཐུན་གྱིས་བརྒྱབ་པའི་ཚེ། །སྲིད་པ་ཀུན་ཡང་དམྱལ་ཐག་གཅོད། །བཙན་ཐུན་བརྡེག་པའི་དུས་ལ་བབ། ཁྲག་ཟེར་འབབ་པའི་དུས་ལ་བབ། །སྤྱུགས་པའི་བརྡ་ཆེན་དེ་ལ་ཕོབ། །ལྟས་ངན་བྱ་་རྣམས་དེ་ལ་ཕོབ། །ཅེས་བསྐུལ་ཞིང་བརྡེག་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་ཐུན་གྱི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་མ་བདུད་འཕངས་པ་ནི། །གསང་བའི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གྲི་ལ་ཤི་བའི་ཐོད་པའམ། །སྐྱེས་པ་གྲིར་ཤི་བའི་ཐོད་པ་མྲ ་་་ནག་སྐེ་ཚེ་ཏིལ་དང་བྲའོ། །མི་རྟ་ཁྱི་དང་ར་ཡི་ཁྲག །གཞན་ཡང་གཅན་གཟན་ཁྲག་ལ་སོགས་པ་སྦྱར། དུག་ཆང་སྦྱར་བས་བསིངས་པ་ལ། །མཐིང་ནག་དར་གྱིས་ཁ་གཅད་ལ། །ཐོད་པ་དེ་ལ་བསྒྲུབ་པ་བྱ། །དེ་ལ་གསང་བའི་སྔགས་ཀྱིས་བརྡེག །ཨོ་རག་མ་ཤ་བ་ཏྲག་ལི་ཐུན་ཡ།ས་མ་ཡ་ག་རུ་ཐིབས་ལིང་ག་གི་ཐུན་ཡ། ས་མ་ཡ་ལིང་ཤད་དེ་ཐུན་ཡ། དེ་ཡིས་བརྡེག་ཅིང་བསྒྲུབ་པ་སྟེ། །གསང་བའི་གནས་སུ་བརྡེག་པའོ། །ཧུ༷། བདུད་མོ་ཆེན་མོ་གསོད་བྱེད་མ། ཁྲ་ཁྲག་དྲི་ལ་རབ་ཏུ་དགྱེས། །སྲིད་གསུམ་ཡོངས་སུ་རྒྱུག་ཅིང་སྙིང་ཁྲག་འཐུང་། །སྡིག་པའི་གད་མོ་རྒོད་ཅིང་གསོད་པའི་ལས་རྣམས་བྱེད། །མི་བུ་རིགས་སུ་གཅོད་ཅིང་དུད་འགྲོ་ཕྱགས་མས་འདེབས། །གདུག་པའི་བདུད་མོ་སྟོང་ཚོགས་ཀུན། །བདུད་མོ་མི་ཟད་བྲ་གྲ་འཆའ། །བདུད་མོ་མི་བཟད་སྒྱུག་གླུ་ལེན། །བདུད་མོའི་ནད་ཡམས་འབེབས་པར་བྱ། །སྲིད་པའི་ཐུན་འབེབས་དམིགས་པའི་སྒོ་ལ་རྒྱོབ། །བདུད་མོ་ཐུན་སྤྱོ་རྔམ་པའི་ཚོགས། །ཐུན་ཁྲག་སྤྱོ་ཞིང་སྒྱུག་གླུ་ལེན། །བརྡ་ཆེན་ཡོབ་ཅིང་ལས་རྣམས་བྱེད། །དམིགས་པ་སྒྲོལ་ཞིང་ལས་ལ་དྲག །ལས་བྱེད་གདུམ་མོ་མ་རུངས་མ། །བདུད་མོ་ཐུན་འཕེན་ཤར་ར་ར། །སྲིད་པའི་ཤ་ཟ་ལིངས་སེ་ལིངས དེ་རིང་དྲག་པོའི་ཐུན་འདི་ཕབ། །དམིགས་པ་ལྔ་ཕུང་ཡན་ལག་ཕྲོལ། །གདུག་པའི་ཐུན་ཅིག་རྒྱོབ་ལ་ཐོང་། །ཞེས་བསྐུལ་ཞིང་ལས་བཅོལ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་ཐུན་གྱི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་ཡང་བདུད་རྣམས་ཀྱིས་ལས་འདི་སྨྲས་སོ། །བདུད་ཀྱི་མདའ་ཟོར་འཕང་བ་ན། །མཐུན་པའི་གནས་སུ་ཁྲག་གི་གཏོར་མ་དང་། །ཕུད་དང་བཤོས་བུར་བཅས་པ་མཆོད་ཅིང་།མདའ་གཞུ་ལ་བདུད་ཀྱི་ཡི་གེ་བཀོད་ལ། དེ་བསྒྲུབས་ཏེ་འཕང་བར་བྱའོ། །ཧུ༷། སྲིད་པ་ཀུན་གྱི་བདག་ཆེན་པོ། །བདུད་ཆེན་མ་རུངས་དྲག་ཤུལ་ཅན། །ཡུལ་དང་བདུད་ཡུལ་ཡ་གི་ན། །ནག་པོ་སྒོ་དགུ་ཡ་གི་ན། །ཞེ་སྡང་གདུག་པའི་མཚོ་ཆེན་མེར་རེ་རེ། །གདུག་པའི་གཅན་གཟན་སྒྲ་སྐད་དིར་རི་རི། །སྤྲུལ་པའི་བྱ་སྐད་དིར་རི་རི། །གདུག་པའི་བྱ་མཁར་སྔོན་པོལྡེམས་སེ་ལྡེམས། །རྩེ་ལ་གཡུ་ཡི་ན་བུན་ཐུལ་ལུ་ལུ། །བསེ་ཡི་སྒོ་མོ་ཐབས་སེ་ཐབས། །དེ་ན་བདུད་ཆེན་མེས་པོ་བཞུགས། །ནང་གི་ཐོད་རུས་མཁར་དུ་བྱ། །མི་ཐོད་འབར་བའི་རྩིག་པས་བརྩིགས། །འཁོར་ཡང་ཕོ་བདུད་སྟོང་གིས་བསྐོར། །བདུད་པོ་འཁོར་བཅས་དེ་ན་བཞུགས། །བདུད་ལས་ཆེ་བའི་མཐུ་ཆེ་མེད། །སྐྱེ་འགྲོ་སེམས་ཅན་སྲོག་དབུགས་ལེན། །མི་བདུད་གྱེན་ལ་གཅོད། བདུད་འགྲོས་བདུད་ཤི་རྩི་དར་གཅོད། བདུད་གཅོད་འཁོར་བཅས་ལ། དྲག་པོ་ཟོར་གྱི་ལས་ལ་ཤོག ལྕགས་ཀྱི་གཞུ་མོ་ལ། ཟངསཀྱིམཆོགམཅན། བསེ་ཡི་ཤུལ་གཅིག་ཏང་། ལྕག་བུ་ནན་གྱིས་མནན། བདུད་པའི་རྒྱུད་ཀྱིས་སྦྲེངས། ལྕགས་མདའ་སྔོན་པོ་ལ། ལྟས་ངན་སྒྲོ་བཞིས་སྒྲོན། ཟངས་ཀྱིས་བཅས་ཀྱིས་མནན། གདུག་ཤིང་མདེའུ་གཅིག་གསལ། མདའ་དང་གཞུ་རུ་བསྡེབས། སྟག་མོ་ཧ་ར་ཤུབས་སྩལ། ར་ལྟག་གིས་ཧོར་ཤུབས་འཐབ་པ་བསལ། སྐ་ནག་སྐན་མ་ནན་མ་ཆུང་། །འཕྲུལ་གྱི་མེ་ལོང་སྤྱན་མ་བརྟུལ། །གཞུ་བཀང་རྒྱུད་དུ་མ་བཅད་ཅིག །མདའ་འཕང་སླར་ལ་མ་ལྡོག་ཅིག །བདུད་ཀྱི་མདའ་ཟོར་དུག་ཆེན་ནི། །དམིགས་པའི་སྐྲ་ལ་བརྒྱབ་པའི་ཚེ། །དམིགས་པའི་ལྔ་དཔུང་ཡན་ལག་ཕྲོལ། །དམིགས་པའི་སྒྱུ་མའི་ཕུང་པོ་གཏན་ནས་སུ་ཕྲོལ། ཅེས་བསྐུལ་ཞིང་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ལས། བདུད་ཀྱི་མདའ་ཟོར་གྱི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་བཙན་གྱི་མདའ་ཟོར་གྱི་ལས་བྱའོ། །གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེ། །མཐུན་པའི་གནས་སུ་འདུག་ནས་ནི། །སྒྲུབ་པ་ཆེན་པོ་གཞུང་བཞིན་བྱ། ཁྲ་ཁྲག་རྫས་དང་མཐུན་པའི་ཡས་ཀྱིས་མཆོད། །མདའ་གཞུ་མཛེས་པ་དག་ལ་ནི། །བཙན་གྱི་མདའ་ཟོར་སྔགས་སྡུབ་འཕང་། །ཨོ་ཙ་ཙ་ཁ་ལ་ཙུ་རུ་ཤ་རུ་ཡམ་རྦད་ཐུན་ཡ་སྨྱོ། ས་མ་ཡ་ཏྲག་ཤད་ཧེ་ཡ་སྨྱོ། དེ་ལྟར་འདས་དང་བསྒྲུབ་བྱས་ལ། །དེ་ནས་དམིགས་པ་དེ་ལ་འཕང་བའོ། །ཧུ༷། སྲིད་པའི་བཙན་ཆེན་སྟོང་གི་ཚོགས། །ཡུལ་དེ་བཙན་ཡུལ་ཡ་གི་ན། །གྲོ་རུ་མུ་རུང་བཙན་གྱི་བུ། །གདུག་པ་བཙན་ཆེན་རྡབ་པ་ཆེ། །གསད་དང་གཅད་དང་ལས་ལ་བརྩོན། །གསད་པའི་ལས་ལ་རྦད་པའི་ཚེ། །བཙན་ཡུལ་སྟོང་གསུམ་གྲུ་ཆེན་མེད། །བསེ་མཁར་དམར་པོ་ལྡེམས་སེ་ལྡེམས། །བསེ་མཁར་དམར་པོ་ལྡེམ་པ་ལ། །གཡུ་ཡི་བད་བཏགས་ཁྱིལ་ལི་ལི། །དེ་ན་གདུག་པའི་བཙན་གྱི་ཚོགས་ཆེན་གནས། །གདུག་པ་བཙན་གྱི་སྟོང་སྡེ་ཚོགས། ཁྲག་ཟོར་ནད་གཟེར་ཀུན་གྱི་བདག །གདུག་པའི་མདའ་ཟོར་འཕང་བའི་དུས་ལ་བབ། །སྤྱི་བཙན་ཆེན་པོ་བ་དན་ཕྱོར་ལ་དམག་དཔུང་བསྡུས། །བསའི་གཞུ་མོ་དྲུངས་ཅིག་སྐྱེད། འབྱུང་བ་ལྔའི་བཙན་ཆེན་གྱིས། མཚོ་མོ་དགྲུགས། སྐྱེས་བུ་ལུང་པ་ཙན་དམག་དཔུང་འཕལ་ལ་ཆུད། བསེ་བཙན་དོལ་པོས་གདུག་པའི་དུག་མདའ་རྒྱོབ། །སིལ་མ་སྟོང་གིས་དམག་དཔུང་སྐྱེད། །རོལ་པོ་སྐྱ་ཚོགས་སྐྱ་མདའ་ཁོངས། །མདའ་ཟོར་དམར་པོ་འཕང་བའི་དུས་ལ་བབ། །བསེའི་གཞུ་མོ་ལ། བསེའི་ཤུལ་ཅིག་བཏང་། ཟངས་ཀྱི་ནན་མས་མནན། ལྕགས་ཀྱི་མཆོག་མ་ཅན། འབྲོག་བུ་ངར་མའི་རྒྱུད་ཀྱིས་སྦྲེངས། སྟག་མོའི་ཧོར་ཤུབས་གསོལ།འཕྲུལ་གྱི་མེ་ལོང་སྦྱན་མ་བརྟུལ། སྐ་ནན་ཀ་ཆུང་བཏགས། བསེ་མདའ་དམར་པོ་ལ། མདའ་ཅིག་ཀ་ན་ཧར་པ་ན། བཛྲ་ཁ་ན་སྨྱོ། འདའ་ཅིག་ཁ་ན་འུག་པའམ། བཛྲ་མུ་ཁ་སྨྱོ། མདའ་ཅིག་ཁ་ན་གཏད་པའམ། ཁ་ཁ་ཁ་མུད་ཁ་སྨྱོ། ཟླ་ཅིག་ཁ་ན་ཕོ་རོག་མ། གསལ་ལྡན་ཧ་ཏི་སྨྱོ། སྟག་གི་ཧོར་ཤུགས་ཐེབ་མ་ཞན། འཕུལ་གྱི་མེ་ལོང་སྤྱན་མ་བརྟུལ། ཀ་ནན་ཀ་ཆུང་ནན་མ་ཆུང་། བཙན་གྱི་གཞུ་སྒྲ་འུར་རུ་སྲ གདུག་པའི་མདའ་ལྗགས། གདུག་པའི་བཙན་ཆེན་མ་རུངས་པ་། ཁེངས་པར་ཁེང་ལ་ཕོག་པར་རྒྱོབ། ཅེས་བསྐུལ་ལ་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་མདའ་ཟོར་འཕང་བའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་རྒྱལ་པོའི་མདའ་ཟོར་འཕང་བ་ནི། གསང་བའི་ཏིང་འཛིན་ལྡན་པ་དེས། །གནས་དང་བསྒྲུབ་པ་དེ་བཞིན་བྱ། །དེ་ལ་མཎྜལ་གཞུང་ལྟར་བསག །རྒྱལ་པོ་སྔགས་ནི་རིམ་པར་དགོད། །ཨོ་ཙག་ན་རྦད་ན་ཐུམས་པ་ཤ་ལ༷་ས་མ་ཡ་སྨྱོ། སྲི་ཤ་མཁའ་ལ་འུར་ཡ་སྨྱོ། དེ་ལྟར་བཟླས་པས་བསྒྲུབ་པའོ། །ཧུ༷། སྲིད་པའི་རྒྱལ་པོ་ཆེན་པོ་ནི། བཞུགས་ནི་བར་སྣང་ཁམས་ན་བཞུགས། །ཉི་ཟླ་འབར་བའི་གདུགས་ལ་མཁར། །སྲིད་པའི་རྒྱལ་པོ་ཆེན་པོ་སྟེ། །སྐུ་ནི་ནམ་མཁའི་མི་བོ་ཆེ། །བརྗིད་ལྡན་སྲིད་པ་སྲོག་གི་བདག །སྲོག་བདག་སྲིད་པ་མ་རུངས་པ། །སྲིད་པ་ཡོངས་ལ་དབང་བྱེད་ཅིང་། །སྐུ་ལ་གཅན་གཟན་ཐུལ་པ་གསོལ། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །ཆིབས་སུ་ཉི་ཟེར་ཟླ་ཟེར་ཆིབས། །སྐྱང་ཏྲང་ཁུ་ཏྲང་མི་པར་སད། སྲིད་པ་ཀུན་ལ་དབང་བྱེད་པ། །དེ་རིང་མདའ་ཟོར་གདུག་པ་འཕང་བའི་དུས་ལ་བབ། དུང་གི་གཞུ་མོ་ལ། བསེའི་མཆོག་མ་ཅན། ལྕགས་ཀྱི་ནན་དང་བཅས། གདུག་པ་འབྲོང་བུའི་རྒྱུད་ཀྱིས་སྦྲེངས། །མདའ་ནི་ལྟས་ངན་བྱ་བའི་སྒོ་བཞི་བསྐྱོན། །མདེའུ་གདུག་པའི་མེ་དབལ་ཅན། །ཉམས་པའི་ཡུལ་དུ་མདའ་ཟོར་ཡ། །ལྔ་དཔུང་བསྲེག་་ཐའི་དུས་ལ་བབ ཅེས་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་མདའ་ཟོར་གྱི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་བདུད་མོའི་མདའ་ཟོར་འཕང་བ། གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། མཐུན་པའི་གནས་སུ་གཞུང་བཞིན་དུ། ཤ་ཁྲག་རྫས་དང་བཅས་པས་བསྒྲུབ། །མཆོད་དང་བསྟོད་དང་ལས་བཅོལ་བྱ། །གསང་བའི་སྔགས་རྣམས་བཟླས་ལ་བསྒྲུབ། །ཨོ༷་རག་ཤ་མཐུན་ཟོར་ལ་རག་ཤ་ཁ་ལ་ཧང་ཤ་བཟོད་ཡ། ཡུ་ར་ཡམ་རག་ཤ་ཁ་ལ་སྨྱོ། ཞེས་མདའ་དང་གཞུ་ལ་ཡང་བྲི། མདའ་དང་གཞུ་ལ་བསྒྲུབ་པ་བྱ། ཁྲག་ཉུངས་འབར་བས་ཡང་ནི་བརྡེག །ལ་ལས་བདུད་ལ་འཕང་བའི་ཟོར་ལམ་བསྟན། །གང་ལ་བརྒྱབ་པ་རྡུལ་དུ་རློགས། །ཅེས་འཕང་ངོ་། །ཡུལ་དེ་བདུད་ཡུལ་མ་གི་ན། ཁྲི་ལ་གྲུ་ཆེན་མ་གི་ན། །བདུད་མོ་ཁྲི་བཞིར་ནག་མོ་བཞུགས། །བདུད་མོ་བཅུ་གསུམ་གདུག་པ་བཞུགས། །བདུད་མོ་གདུག་པ་མ་རུངས་པ། །ལ་ལ་ནད་ཡམས་མང་པོ་གཏོང་། །ལ་ལ་ཁྲག་ནད་རིམས་ནད་གཏོང་། །ལ་ལ་ནད་ལྔ་མདའ་དང་བཅས། །ལ་ལ་གདུག་པའི་ཐུན་ཆེན་འཐེན། །ཐུན་ཆེན་འཕང་བའི་དུས་ལ་བབ། །མདའ་ཟོར་འཕང་བའི་དུས་ལ་བབ། །བདུད་མོ་ཐུན་འཕེན་ཤར་ར་ར། །གདུག་པའི་གཞུ་སྒྲ་འུར་རུ་སྲ །གདུག་པའི་མདའ་སྒྲ་ལྗགས་སེ་ལྗགས། །བདུད་མོ་མདའ་འཕེན་དཔའ་ལ་རྔམ། །མཐིང་ནག་རལ་པ་སིགས་སེ་སིགས། །སྒྱུགས་པའི་གླུ་ལེན་ཀྱུར་རུ་མྲ །གདུག་པའི་སྒྲ་ཆེན་སྒྲོགས་པ་མོ། །བསེའི་ལྕགས་ཀྱི་གཞུ་མོ་ལ། །ལྕགས་ཀྱི་བཤུལ་མ་ལོ། །ཟངས་ཀྱི་ནན་མས་མནན། བསེའི་མཆོག་མ་ཅན། གདུག་པ་འབྲོང་གི་རྒྱུད་མོས་སྦྱོངས། གདུག་ཤིང་སྨྱུག་མ་ལ། ལྟས་ངན་སྣ་ཚོགས་སྒྲོན། གདུག་ཤིང་སྐྱེར་པའི་མདེའུ་གསལ། །བདུད་མོ་ཆེན་མོ་མདའ་ཟོར་འཕོངས། །སྐ་ནན་སྐ་མ་ཆུང་། སྟག་མོ་ཧོར་ཤུབས་མཐེབ་མ་ཞན། །འཕྲུལ་གྱི་མེ་ལོང་སྤྱན་མ་བརྟུལ། །གདུག་པའི་མདའ་མོ་ཤུགས་མ་ཆུང་། །གདུག་ཤིང་སྐྱེར་པ་དཔལ་མ་ཞན། །ཅེས་བསྐུལ་ལ་འཕང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བདུད་མོ་ཐུན་ཟོར་གྱི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་རང་རང་རྒྱུ་བའི་དུས་བསྟན་པ། མིང་ནི་ཀི་རྐང་དྲག་པོ་ཞེས་བྱ། དྲགས་པ་དང་གང་འདྲད་དེ་ཡང་བརླག སྲོད་ལ་བདུད་ནི་རྒྱུ་བ་སྟེ། །སྲོད་གུང་ཐེ་བྲང་རྒྱུ་བའོ། །ཐོ་རངས་དང་པོ་རྒྱལ་པོ་རྒྱུ་བའོ། །གུང་ཆུང་བདུད་མོ་རྒྱུ་བའོ། །སྲོད་པར་དག་ལ་བཙན་རྒྱུ་བའོ། །ཐོ་རངས་ཐ་ཆུངས་ཇ་མ་ལའོ། །ཡལ་ཡོལ་གནོད་སྤྱིན་རྒྱུ་བ་སྟེ། །རྩེ་ཤར་སྨན་རྣམས་རྒྱུ་བའོ། །ཟེར་ལས་བདག་རྒྱུ་བའོ། །དྲོས་ལ་ཀླུ་རྣམས་རྒྱུ་བ་སྟེ། ཉིན་གུང་ལ་ནི་སྟོང་སྡེ་ཀུན་རྒྱུ་བའོ། །ཕྱི་དྲོའི་དུས་ན་དམུ་རྣམས་རྒྱུ། །ཞེས་གསུངས་སོ། །ལྷ་དྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྒྱུ་བའི་དུས་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་སྟོན་པའི་སྦྱན་སྔར་དྲེགས་པའི་རྣམས་ཀྱིས་རང་རང་གིས་ཕྲད་པའི་དུས་སྨྲས་པ། བདུད་དང་ཕྲད་ན་ཚེ་ཕུང་། བཙན་དང་ཕྲད་ན་གཟེར་ནད་ཀྱིས་འཆི། རྒྱལ་པོ་དང་ཕྲད་ན་སྨྱོ་འབོག་གིས་འཆི། མ་བདུད་དང་ཕྲད་ན་ཡམས་ཀྱིས་འཆི། ཐེ་བྲང་དང་ཕྲད་ན་ཧུར་ཐོམས་འོང་། ཇ་ལ་མ་དང་ཕྲད་ན་བཏབ་བསྣོལ་འོང་། སྡེ་བརྒྱ་དང་ཕྲད་ན་འབྲོས་པའོ། །གནོད་སྤྱིན་དང་ཕྲད་ན་ཁྲག་སྒྱུག ས་བདག་དང་ཕྲད་ན་མཛེ་འོང་། སྨན་དང་ཕྲད་ན་ཧུར་ཐུམས་འོང་། དམུ་དང་ཕྲད་ན་འཐུམས་ནས་འཆི། དཔྱིད་ཟླ་ར་བའི་ཚེས་གཅིག་དང་། དགུ་དང་། བཅོ་བརྒྱད་དང་། ཉི་ཤུ་དགུ་ལ་རྒྱུ། དགུན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་གཅིག་ལ་རྒྱུ། སྟོན་ཟླ་ཐ་ཆུང་གི་ཉ་ལ་རྒྱུ། དབྱར་ཟླ་ར་བའི་ཚེས་དགུ་ལ་རྒྱུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས་ཀི་ཀང་རྒྱུའི་དུས་དང་ཕྲད་པ་ལས། རྟགས་རྣམས་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སྐྱེས་བུ་ལུང་བཙན་གྱིས་རང་གིས་བཅོས་པའི་ལས་འདི་རྣམས་སྨྲས་སོ། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །གཙང་མ་དར་གྱི་གཞི་སྟེངས་སུ། །འབྲུ་སྣ་དག་གི་ཕྱེ་མ་ལ། །བཤོས་བུ་ལྡེམ་སྤྱན་གཟིགས་བཅས། །མདའ་དང་ནམ་མཁའ་བཅས་པ་སྟེ། །ཕུད་དང་རིན་ཆེན་བཅས་པས་མཆོས། །འབྲུ་སྣ་ལ་ནི་གཟུགས་བརྙན་ཏེ། །རྟ་དང་བྱ་དང་ཁྱི་དང་གསུམ། །དམར་པོ་དར་གྱིས་བརྒྱན་པ་བསྐོར། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྐྱེས་བུ་ལུང་བཙན་གྱི་རྫས་བསགས་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།ཧུ༷། བྲག་དམར་རལ་གསུམ་ན། བསེ་མཁར་དམར་པོ་ལྡེམས་སེ་ལྡེམས། གཡུལ་བད་ཁྱིལ་ལི་ལི། བསེ་སྒོ་རིན་ཆེན་གཡུའི་རི་བཞི་ཅན། དེའི་ནང་ཤེད་ན། སྐྱེས་བུ་ལུང་བཙན་བཞུགས། ཁྱོད་ཀྱི་ཕ་སྨོས་པ། བཙན་རྗེ་ཁྲི་རུམ་རྗེ། སྐྱེས་བུའི་མ་སྨོས་པ། རྒྱལ་མོ་སྒེགས་ཀྱི་རྗེ། དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། སྐྱེས་བུ་ལུང་བཙན་དང་། སྲིང་མོ་སྲིག་གི་བདག་མོ་བྱེད། སྐྱེས་བུ་ལུང་བཙན་དང་། བཙན་ཆེན་མི་དམར་རྟ་དམར་བྱུང་། བཙན་དམར་ལྡེམ་པ་ལ། རལ་པ་དམར་པོ་འདའ་རྫམ་ཤར་ར་ར། །ཆིབས་སུ་བསེ་རྟ་དམར་པོ་ཆིབས། །དབུ་ལ་བསེའི་རྨོག་ཞུ་གསོལ། །སྐུ་ལ་དར་དམར་རལ་པ་གསོལ། །གསེར་སྒ་སེར་པོ་ཆིབས། ཆིབས་ནི་བསེ་རྟ་ལ། དུང་གི་སྒ་ཡིས་བསྟད། གསེར་གྱི་རྒྱན་གྱིས་སྤྲས། མཆོང་གི་གན་དང་བཅས། དར་སྟན་དམར་པོ་གཏད། སྲིད་པའི་བཙན་ཆེན་བཅིབས། རྒྱན་ནི་བསེའི་མདུང་དམར་བཙུགས། ཕྱག་ན་བསེ་མདའ་བསེ་གཞུ་བསྣམས། ཁ་ནས་ཁྲག་དམར་མདའ་ཡང་འཕེན། སྙན་ནས་རླུད་དུ་འ་། བཙན་ཤད་དམར་པོ་ཐོར། གདུག་པའི་གཟེར་ནད་གཏོང་། གཡས་ན་བྲག་བཙན་སྟོང་། གཡོན་ནས་བཙན་སྟོང་། སྐུ་སྟན་བྲག་བཙན་བརྒྱ། དབུ་ལ་གནམ་བཙན་སྟོང་། ཞབས་ལས་བཙན་སྟོང་། ཐུགས་ཀ་གསང་བཙན་སྟོང་། །སྨིན་མ་གཡག་བཙན་སྟོང་། །བཙན་དམག་སྟོང་སྡེ་འགྱེད། །སྲིད་པ་ཀུན་ཡང་སྒྲོལ་ལ་བརྩོན། །སྐྱེས་བུ་ཆེན་པོ་བསྐྱོད་ཙམ་ན། །བཙན་ཆེན་སིལ་བམ་སྟོང་གི་ཚོགས། །སྤྱུགས་པ་དིར་རི་རི། འོད་མདའ་དམར་པོ་ཚུབ་དམར་འ་། །མཛེས་པའི་རྟ་འདྲ་ཤར་ར་ར། །གདུག་པའི་བཙན་ཆེན་འཁོར་དང་བཅས། །སྐྱེས་བུ་ཆེན་པོ་ཁྱོད། སྲིད་པའི་མདོས་འདི་བཞེས། གདུག་པའི་ནད་འདི་ཁྲོལ། ཅེས་རིམ་པས་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྐྱེས་བུ་བཅོས་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བྲག་བཙན་ཆེན་པོ་རྣམས་ཀྱི་རང་རང་གིས་བཅོས་པའི་ལས་འདི་གསུངས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་དར་གྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱི་བརླབ་པ་བྱས་ནས་སུ། །དེ་ལ་རིན་ཆེན་སྐྱོགས་དག་ཏུ། །བཤོས་བུ་ལྡེམ་པ་དག་ནི། །མདའ་དང་ནམ་མཁས་ཁྱབ་པར་བརྒྱན་པར་བྱ། །དེ་ར་དམར་དང་བྱ་མཚལ་དང་། ཁྱི་དམར་དང་ནི་ཕུ་དང་བཅས། །སྤྱན་གཟིགས་ཕུད་དང་བཅས་པ། ཝ་དང་འུག་པ་བླ་རྒོད་དང་། །དེ་ལྟར་རིམ་པར་བྱ་བའོ། །བཙན་རྣམས་འདུ་བའི་གནས་སུ་བསྔོ་བའོ། །དར་ནི་དམར་པོས་ཡོལ་བ་བྱས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྲག་བཙན་གྱི་ལས་བསགས་པའི་ལེའུ་སྟེ་བདུན་ཅུ་པའོ།། །། ཧུ༷། གདུག་པ་ཆེན་པོ་བཙན་གྱི་བུ། །བཙན་གདུག་པ་མ་རུངས་པ། །གདུག་པ་ཀུན་ལ་དབང་བསྒྱུར་ཞིང་། །སྲིད་པ་ཀུན་གྱི་བདག་པོ་བྱེད། །བྲག་བཙན་ཆེན་པོ་གདུག་པ་ཅན། །གདུག་ཅིང་རྩུབ་ལ་མ་རུངས་པ། །སྲིན་མས་བཙན་ཆེན་གསད་ལ་དགའ། །བྲག་བཙན་ཆེན་པོ་གདུག་པ་ཅན། །འབྱུང་བ་བྲག་གི་ཐེམ་ལ་ཞོག །བྲག་དམར་འབར་བའི་ལོགས་བཟངས་ལ། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །དེ་ལ་གཡུའི་རི་བཞི་ཅན། །བསེ་སྒོ་ནི་དམར་པོ་གསལ། །དེའི་ནང་ཤེད་ན། །བྲག་བཙན་དམར་པོ་བཞུགས། ཁྱོད་ཀྱི་ཕ་སྨོས་པ། བྲག་རུམ་རྒྱལ་རྗེ་སྲས། བྲག་བཙན་མ་སྨོས་པ། སྲིད་པའི་རྒྱལ་མོ་སྒེགས་ཆེན་མ། །དེ་གཉིས་རྒྱུད་ལས་སྤྲུལ་པ་ལས། །བྲག་བཙན་མིང་སྲིང་གཉིས་སུ་བྱུང་། །མིང་པོ་བྲག་བཙན་དམར་པོ་སྟེ། །སྐུ་མདོག་དམར་པོ་ལ། །རལ་པ་གྱེན་དུ་འཁྱིལ། །སྐུ་ལ་དར་བེར་དམར་པོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །ལེ་བརྒན་དབུ་ཐོད་ཅན། །བསེའི་མདའ་གཞུ་བསྣམས། །ཚ་ཚ་ནི་དམར་པོ་འགྲོ། །བསེ་ཕུབ་རིན་ཆེན་གཟུགས། །མའི་གདན་ལ་བཞུགས། །ཆིབས་སུ་དམར་པོ་བྱ་གདོང་ཆིབས། །གདུག་པའི་བཙན་ཆེན་པོ། །རིན་ཆེན་སྣ་ལྔ་རྒྱན་དང་བཅས། །གདུག་མཛེས་རྒྱན་དང་ལྡན་པ་སྟེ། །སྤྲུལ་པ་བཙན་ཆེན་མང་པོ་འགྱེད། །བྲག་བྱ་འུག་པ་ཁ་རུ་ཐོགས། །སྲོད་ལ་སྲིད་བྱའི་བུ་མོ་གཏོང་། །གུང་ལ་བྲག་ཤ་གླ་བ་ཆིབས་ཅིང་རྒྱུག །ཐོ་རངས་བྲག་གི་ཝ་མོ་ཆིབས་ཅིང་རྒྱུག །འོད་དང་ནི་སྤྲུལ་པ་འགྱེད། །སྡང་བྱ་ཁྲ་བོ་ལྟས་ངན་འབེབས། །བཙན་ཆེན་ནི་གདུག་པ་སྟེ། །བྲག་བྱ་དམར་པོ་ལིངས་སེ་ལིངས བསེའི་ཟངས་ཀྱི་དམར་པོ་བསྐངས་སེ་བསྐངས། །བྲག་རུའི་གྱི་བར་ན་གནས། །གདུག་པའི་བཙན་ཆེན་པོ། །བཙན་ལས་ནི་བྲག་པ་མེད། །བྲག་པོ་ཁྲག་ཟེར་དམར་པོ་འཕེན་པར་བྱེད། །གཡས་ན་མདུང་དམར་ལྡེམ་པ་སྟེ། གཡོན་ན་མཚོན་སྣ་ལྔ་ཡི། ཞགས་པ་ཡི་འདེབས།གཟེར་ནད་གདུག་པ་གཏོང་བར་བྱེད། །གང་ཕྲད་པ་ཞགས་པས་འདེབས། ཁྱོད་ནི་ཁྲག་བཙན་གདུག་པ་ཅན། །དེ་རིང་སྲིད་པའི་མདོས་འདི་བཞེས། །རང་གི་གདུག་པའི་ནད་འདི་ཁྲོལ། །སྲིང་མོ་ཁྲག་གི་བུད་མེད་ལས། །བསེའི་ཐུལ་པ་གསོལ། གདུག་པའི་གད་མོས་འདེབས། གསོད་ཅིང་གསད་ལ་དགའ། ཁྲག་ནད་དུ་འབེབས། དེ་རིང་སྲིད་པའི་མདོས་འདི་བཞེས། །བཙན་གྱི་རྐྱལ་པ་ཁ་གཞན་དུ་བསྒྱུར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བྲག་བཙན་བཅོས་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སེམས་བཙན་རོལ་པོས་རང་གིས་བཅོས་པའི་ལས་འདི་སྨྲས་སོ། །སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །གཙང་མ་དར་གྱི་གཞི་སྟེངས་སུ། །བསེ་ཕོར་དམར་པོའི་དམར་པོའི་ནང་དུ་ནི། །བཤོས་བུ་ལྡེམ་པ་ཁྲུ་གང་ལ། །གཅན་གཟན་འདབ་ཆགས་ཚང་བས་བསྐོར། །སྤྱན་གཅིག་བསྐོར་ཆས་བརྒྱན་པའོ། །རྟ་པ་དམར་གྱི་ཁྲ་སྨུག་དག་ལ་ནི། །བཙན་གྱི་ཁྲམ་དང་བཙོན་དྲུག་བསྐུར། །དེ་ལྟར་ཕུད་དང་རིན་ཆེན་བཅས། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སེ་བཙན་གྱི་ཡས་བསག་པའི་ལེའུ་སྟེ་དོན་གཉིས་པའོ།། །།ཧུ༷། སེ་བཙན་གྱི་གདུག་པ་ཅན། སེ་བཙན་གྱི་སྤྲུལ་པའི་ཚོ། །རི་སུལ་ནི་དྲུངས་རྩེ་ནས། མཆོད་མཁར་སྨུག་པོ་ལྡེམས་སེ་ལྡེམས། དེའི་ནང་ཤེད་ན། བསེའི་སྒོ་ཐབས་སེ་ཐབས། དེ་ན་བཙན་རོལ་པོ་སྐྱ་བདུན་བཞུགས། བསེ་བཙན་ནི་རོལ་དང་རྗེ། ཁྱོད་ཀྱི་ཕ་སྨོས་པ། ཏུམ་ཏུམ་རྒྱལ་དྲུག་རྗེ། སེ་བཙན་མ་སྨོས་པ། ས་བྲ་ནི་ལྕམ་གཅིག་མ། བུ་ནི་བསེ་བཙན་རོལ་པོས་བྱ། སེ་བཙན་བུ་ནི་སེ་བཙན་རོལ་པོ་རྗེ། བསེའི་ལྷ་ཆེན་ཏེ། སྲིད་པའི་གཞི་འཛིན་བྱེད། བཙན་སྨུག་རྟ་རུ་སྨུག མཆོང་རྟ་ནི་སྨུག་པོ་ལ། བསེའི་སྒ་ཡིས་གཏད། རིན་ཆེན་འབར་བའི་རྒྱན་གྱིས་སྤྲས།གདུག་པའི་བཙན་ཆེན་དེ། དར་བེར་སྨུག་པོ་གསོལ། སྲིད་པ་ཡོངས་ལ་དབང་བསྐུར་བྱེད། མཆོང་གི་མདུངས་རིངས་འདེབས། ཡོངས་ལ་འབེབས་པར་བྱེད། བ་དན་སྤྱིན་ལྟར་ཁྲུག གདུག་པའི་སེ་བཙན་རོལ་པོསསེ་བཙན་མ་རུངས་གདུག་ང།་ཅན། གནས་ནི་བསེ་རི་དགོན་ལ་གནས། གདུག་པའི་བྱ་རྣམས་མང་པོ་འགྱེད། མ་རུངས་གདུག་པས་འགྲོ། སྲིད་པ་ཡོངས་སུ་རྒྱུག སེ་བཙན་སྟོང་དང་བཅས། ལ་ལ་མདུང་དམར་འདེབས། མེའི་བ་དན་དམར་པོ་ཁུག ལ་ལ་སྤྲུལ་པ་སྟོང་པ་དང་། བཙན་གྱི་ཤོད་རྡེའུ་འགྲེམ་པར་བྱེད། ལ་ལ་བསེའི་མདའ་གཞུག ལས་རྣམས་བསྒྲུབ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།དྲེགས་པ་ཧོམ་གྱི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །ལྟས་ངན་བྱ་རྣམས་གཏང་བ་གང་གིས་བགྱི། །ལས་རྣམས་བྱེད་དུ་མ་འདོད་ན། །གཟིར་ཤིང་ཤིས་བསྟན་པ་རྣམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱིས། །ལྟས་ངན་བྱ་རྣམས་བཏང་བ་ན། །སྟོབས་དང་ལྡན་པའི་ལྷ་སྒོམ་པས། །གཙང་མའི་གནས་སུ་འདུག་ནས་ནི། །དྲེགས་པ་རྣམས་ནི་མཆོད་བྱས་ལ། །དེ་ལ་གཙང་མའི་གཞི་སྟེངས་སུ། །འབྲུ་འཇམ་དག་ནི་སྦྲུས་པ་ལ། །འུག་པ་ཁྲ་དང་སྤྱང་ཁུ་དང་། གོ་བོ་བ་དང་གོང་སྲེག་གི གཟུགས་ནི་ལེགས་པར་བྱས་ནས་སུ། །ཚོན་གྱིས་ཁདོག་ལེགས་པར་བསྒྱུར། །དེ་དག་རིམ་པས་དགོད་པའོ། །མཆོད་དང་བསྟོད་པ་བྱས་ནས་སུ། །དེ་ནས་སྔགས་བཟླས་བྱ་རྣམས་བསྐྱེད། ཨོ་ཏོ་ཡ་ཏི་ཁ་ལ་ཏྲང་ཏྲང་ཡེང་ཡེང་སྐོད་བྲུག་ཡེང་རྦད་ཧ་དུ་ཡ། ཡ་ཏྲ་ས་མེ་མ་ཏྲ་ཡ། ཁ་ལ་ནི་ཤ་བ་རུ་ཡ། ཧུ༷། ལུ་ཀ་ཧེ་དྲུང་བྱ། དེ་ལྟར་བཟླས་པས་བྱ་རྣམས་ལྷབ་ལྷབ་འོང་ངོ་། །དེ་ནས་བྱ་རྣམས་ལ་ཚ་ལམ་བསྟན་པ། རུ་ཏི་ཡ་ཡན་ཤུལ་གང་གིས་རིན། ཤར་ཡ་སྨྱོ་ཁུ་ལེ་ཛ་དུ་ཁུ་ཛ་ཧེ་ཕཊ་སྨྱོ། དེ་ལྟར་བཟླས་ལ་གང་འབེབས་ཕྱོགས་སུ་བསྟན། །དེ་ཡིས་ལྟས་ངན་བྱ་རྣམས་འབབ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པས་ལྷས་ངན་བྱ་དབབ་པ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།། །།དྲེགས་པའི་རྒྱལ་པོ་འདི་རྣམས་ཀྱིས། ཤི་སའི་ལས་རྣམས་བསྟན་པ་སྟེ། །བསད་པ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་ཏུ། །གྲུ་གསུམ་མཐིང་ནག་དམར་ནག་སུམ་རིམ་བྱ། །དབུས་སུ་དྲེགས་པའི་གཟུགས་བྲིས་ལ། །དེ་ལ་སྙིང་པོ་ལྡན་པའོ། །ཟུར་གསུམ་ལྡན་པ་རྩེ་གསུམ་དག་ལ་ནི། །འཇམ་དཔལ་གསང་བདག་རྟ་མགྲིན་གསུམ་པར་བསྐོད་ལ་བསྒྲུབ་པའོ། ཁྲོ་བོ་གསུམ་གྱིས་གཟིར་ཞིང་འདི་འདས། ཛ་ཛ་པ་ཤ་ཡ་ཤ་ཛ་དུ་ཡམ། ར་རྩེ་ཀ་ལམ་ཤ་ཤ་ཡ་ཛ། རེ་ག་པོ་ཏོ་ནི་ཛ་ཛ། ཛ་ཛ་མ་མ་ཙ་ལ་ཛ། ཏྲི་ཐ་ར་བ་པ་ནི་ཛ་ཛ། ཨེ་ཏི་ཀ་ཛ། སེ་མེ་ད་ཡ་ཛ་ཛ། ནཱ་ག་ཧེ་རེ་དུ་ནི་ཛ། ས་མ་ཏི། དེ་ལྟར་འདས་ལ་གཟིར་བའོ། །ལྟས་ངན་གསོ་བའི་ལས་བྱའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པའི་ཤི་ས་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཡང་བསྔོ་བའི་ལས་འདི་བྱའོ། །དེ་རིང་སྲིད་པའི་མདོས་ཅིག་བསྔོ། དྲེགས་པ་ནི་སྟོང་མཆོད་ཕྱིར། རི་རབ་ནི་ཆེན་པོ་ལ། དཔག་བསམ་གྱི་ཤིང་ཕུ་དང་། གནམ་ལ་ནི་ཕུར་དགུ་དང་། ས་ལ་འཛུལ་དགུ་དང་། བར་ན་ནི་འགྲིམ་དགུ་དང་། ཤ་ཁྲག་ནི་སྣ་ཚོགས་དང་། འཇིག་རྟེན་ནི་དགེ་ནོར་དང་། རིན་ཆེན་ནི་སྣ་ལྔ་དང་། མཐུན་པའི་ནི་ཡས་ཀྱིས་མཆོད། འབྱུང་ལྔ་ནི་རྟེན་པའི་ཚུལ། རི་རབ་ནི་སྲིད་པའི་རྟེན། སྲིད་པ་ནི་རིམས་ཆགས་དང་། སྐྱེ་འགྲོ་ནི་གཟུགས་ཀྱིས་བསྐོར།རིན་ཆེན་སྣ་ལྔའི་བཅུད། མཛེས་པའི་རྒྱན་དང་ལྡན། འདི་ཡང་སྲིད་པའི་མདོས་སུ་བསྔོ། བཤོས་མཆོག་ནི་ལྡེམ་པ་འདི། ཆེ་བ་ནི་རི་རབ་ཚད། གྲུ་བཞི་ནི་མཛེས་པའི་གཟུགས། ཁ་དོག་ནི་རིན་ཆེན་ནོ། །མདའ་བཀྲ་ནི་སྐུའི་རྟེན། འདི་ནི་མཁར་ཡིན་ཕྱི་ནང་གསུམ། །ནང་ནི་གསང་ཆེན་འོད་ཀྱི་མཁར། །ཕྱི་ནི་རིན་ཆེན་འབར་བའི་མཁར། །འདི་ཡང་སྐུའི་རྟེན་དུ་སྔོ། །ནམ་མཁའ་འདི་ནི་ཡུལ་ཡིན་ཏེ། །ནང་གི་ཡིད་བཞིན་གསལ་བའི། །ཕྱི་ནི་རིན་ཆེན་སྣ་ལྔའི་ཡུལ། །ནམ་ནི་ནང་གི་བཅུད་ཡིན་ཏེ། །མཁའ་ནི་ཕྱིའི་ཡུལ་ཡིན་ཏེ། །ནམ་ནི་རིག་པའི་ཡེ་ཤེས་ཏེ། །མཁའ་ནི་གཉིས་མེད་དག་པའི་དོན། །ནམ་ནི་སྐྱེ་ཤི་མེད་པའི་དོན། །མཁའ་ནི་གསལ་བ་མེད་པའོ། །འདི་ཡང་དག་པའི་ཀློང་དུ་བསྔོ། །དར་གླུད་སྐུའི་ཚད་དུ་བསྔོ། །བྱད་ན་རྟེན་གྱི་མཁར་གླུད་དུ་བསྔོ། །འབྲང་རྒྱས་རྟེན་པའི་ཚུལ་བཞིན་ནོ། །ཟང་ཟིང་ལོངས་སྤྱོད་གླུད་དུ་བསྔོ། །གཟུགས་བརྙན་སྐུའི་གླུད་དུ་བསྔོ། །སྒྲ་སྙན་གསུང་གི་གླུད་དུ་བསྔོ། །སྣང་གསལ་ཐུགས་ཀྱི་གླུད་དུ་བསྔོ། །འབྲུ་སྣ་ལྔ་གོས་སུ་བསྔོ། ཞེ་སྡང་གདུག་པ་ཁྲོལ་ལ་བདེ་བའི་གནས་སུ་གཤེགས། ཅེས་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གླུད་བསྔོ་བའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྦྱན་སྔར། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་རང་རང་གི་སེར་བའི་ལས་འདི་སྨྲས་སོ། །དགེ་བསྙེན་བྲག་སེར་འབེབས་འདོད་ན། །སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །གྲོ་ག་ཤོག་བུ་དག་ལ་ནི། །འཁོར་ལོ་རྩིབས་ནི་ཉི་ཤུ་གཅིག །ཡང་ན་འཁོར་ལོ་བཅུ་པ་བྲི། དེ་ལ་དགེ་བསྙེན་སེར་སྔགས་དགོད། །འཁོར་ལོ་ཤུག་གུ་དྲིལ་བྱས་ལ། །སྐྱེས་པ་དར་མའི་སྙིང་བཤགས་པའི་ནང་དུ་གཞུག བཤགས་པ་དར་གྱི་སྐུད་པས་བཙེམས། དར་སྣ་ལྔ་ཡང་གདགས་པར་བྱ། །དེ་ཡི་ཝ་ཡི་ཐོད་པར་གཞག །ཐོད་པ་དེ་ལ་བསྒྲུབ་པ་བྱ། །ངན་སྔགས་ཐིམ་བུར་བསྒྲུབ་པར་བྱའོ། །དེ་ནས་གསང་བའི་སྔགས་སྨྲས་པ། ཀྱི་ད་ར་ག་ས་མ་ཡ་ཤ་ར་ཤ་ར་ཤལ་ཏ་ཡ། ཏྲི་རག་ཤ་ར་མ་ཕོབ་ཡ ས་མ་ཡ་དུ་ལི་པའི་པི་ཤར་ཤར་ལིང་ལིང་འུར་ཁ་མ་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས། །ས་མ་ཡ་འུར་འུར་ཐོག་ལིང་ཤར་ཁྲོམ་ཁ་ལིང་ཤི་ལ་ཕོབ་ཡ། དེ་ནི་དབབ་པའི་སྔགས་སུ་ཤེས། །བཛྲ་ཏྲ་གུང་ལ་རིལ་རིལ་འུར་ཤར་སྨྱོ། དེ་ནི་གཟིར་ཞིང་སྤུར་བའོ། །ངན་སྔགས་ཐིམ་བུར་བསྒྲུབ་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་སེར་བ་དབབ་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་ཀྱི་བཅན་པོ་ནག་པོ་རལ་པ་ཅན་དང་། བཙན་གྱི་བཅན་པོ་སྐྱེས་བུ་དམར་པོ་དང་། རྒྱལ་བའི་གཅན་པོ་གནམ་ལྷ་དཀར་པོ་དང་། ཐེ་བྲང་གི་གཅན་པོ་རྣམ་པ་འོད་ཆེན་དང་བཞིས། རང་རང་གི་བསྒྲུབ་པའི་ལས་འདི་རྣམས་སྨྲས་སོ། །བདག་ཅག་རྣམས་ནི་བསྒྲུབ་པ་ནི། གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། མཐུན་པའི་གནས་སུ་འདུག་ན་ནི། དཀྱིལ་འཁོར་གྲུ་གསུམ་བརྩེགས་མར་བྱ། དེའི་དབུས་སུ་དམིགས་པ་གཞག་པ་སྟེ། གཙོ་དང་བཞིའི་ཕུར་པས་བསྐོར་བའོ། ཁྲ་ཁྲག་འཐུན་པའི་གཏོར་མ་དང་། །བཤོས་དང་ཞལ་ཟས་མཐུན་པས་མཆོད། །ཅིག་གིས་སྤྱན་དྲངས་སྔགས་ཀྱིས་མཆོད། །བསྙེན་དང་བསྒྲུབ་པ་དེ་བཞིན་ཏེ། །བརྡབ་དང་རྟན་དང་གསད་པའི་ལས་བྱའོ། །དེ་ཡི་ལས་རྣམས་གྲུབ་པར་བྱའོ།། །།དེ་ནས་གསང་བའི་སྔགས་སྨྲས་པས། །ཡག་ཤ་ཁ་ལིང་རྦད་ཡ ཛ། ཙ་།ལམཔཤཤནི་རྦད། ཛ་ཛ་ར་ཙ་ཀ་ལ་མ་ཤག་འུར་སྨྱོ་ཡ། ཏྲི་གིང་ཀ་ར་ཤ་ཤ་ཏྲ་ག་འུར་སྨྱོ། དེ་ནི་བསྙེན་ཅིང་བསྒྲུབ་པའི་སྔགས་སུ་ཤེས། ཏྲ་ཡ་ཏྲ་ཡ་ཤ་ལ་རྦད་ཡ། ཙ་ག་ལ་དམ་ལི་ལི་ཙ་ཤ་རྦད་ཡ། ཀ་ལིར་ཙ་པ་ཤ་ག་གིང་ཀ་ར་རྦད་ཡ། ཏྲི་ལིང་ཤ༷་ཀ་ར་རྦད་ཐུ༷་ཡ། དེ་ནས་བརྡེགས་དང་བརྡབ་དང་བསྟབ། དེ་ཡིས་དམིགས་པ་བརླག་པར་བྱེད། །དེ་ནས་བསྐུལ་བའི་ལས་བསྟན་པ། །ཧུ༷། སྲོག་བདག་དབང་མཛད་གཅན་ཅེན་བཞི། །གདུག་པའི་མཁར་ཆེན་བཞི་ལས་བཞེངས། །མ་ཡེལ་གཅན་བཞི་དམ་ལ་་།ག །བདུད་ཀྱི་སྤྱན་པུ་མ་རུངས་པ། །མཐིང་ནག་རལ་པས་གཡོགས་པ་སྟེ། །མཆེ་བ་ཟོར་བ་བཀུག་པ་འདྲ། །ལག་ན་ཐོད་པ་ཁྲག་དང་གྲི། །བདུད་བེར་ནག་པོ་གསོལ། །ལས་སུ་བཅད་དང་གསད་ལ་དགའ། །ཟས་སུ་ཤ་དང་ཁྲག་ལ་དགྱེས། །གདུག་བྱེད་གྲལ་ཕྱིར་དམ་ལས་བཞེངས། །བཙན་གྱི་གཅན་པོ་སྐྱེས་བུ་རྗེ། །དམར་ནག་རལ་བསིག་མཆེ་བ་གཙིགས། །ཞགས་པ་ཚོན་དང་བཅས་པ་སྟེ། །གཟེར་ནད་ཁྲག་སྒྱུག་བདག་པོ་ཡིན། །རྔམ་ཆེན་འབར་བ་དམ་ལ་བཞེས། །རྒྱལ་པོ་གཅན་ཆ་གདུག་པ་ཅན། །མི་དཀར་རྟ་དཀར་སྲིད་པར་རྒྱུག །ཉི་ཟེར་ཞགས་པས་འགུག་ཅིང་འཛིན། །དུག་འཐུང་གཅན་ལ་མཆེ་བ་གཙིགས། །སྒྲོལ་བྱེད་འབར་བའི་དུས་ལ་བབ། །ཐེ་བྲང་གཅན་ཆེན་མ་རུངས་པ། །དཀར་པོ་འོད་ཆེན་འབར་བ་འཛིན། །སྒྲོལ་བྱེད་ཆེན་པོའི་དུས་ལ་བབ། །ཅེས་བསྐུལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གཅན་བཞི་བསྒྲུབ་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྦྱན་སྔར། མཁར་བ་ཅན་བཞིས་རང་རང་གི་གནས་བསྒྲུབ་པ་འདི་སྨྲས་སོ། །བདུད་ཀྱི་རྒྱལ་པོ་ལྕགས་ཀྱི་འཁར་བ་ཅན་དང་། རྒྱལ་པོ་དུང་གི་མཁར་བ་ཅན་དང་། གནོད་སྤྱིན་བསེའི་མཁར་བ་ཅན་དང་། བཞི་པ་ཏིང་ངེ་འཛིན་ལྡན་པ་དེས། མཐུན་པའི་གནས་སུ་འདུག་ནས་ནི། །དྲག་པོའི་དཀྱིལ་འཁོར་ཚུལ་བཞིན་བྲི། །སྤྱང་འཕར་ར་ཁྱི་སྙིང་བཞི་རྣམས། །བསེ་ཕོར་གཅིག་ཏུ་བཅུག་ལ་རྟེན། ཁྲ་ཁྲག་མཛེས་པའི་གཏོར་མས་མཆོད། །བསྐུལ་དང་སྔགས་དང་ལས་རྣམས་བྱ། །གདབ་དང་བསྟན་དང་གནན་དང་གཟིར། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །ལག་ཤ་ཁ་ལ་འདར་བའི་སེར་རྦད། ཙ་ཀེ་ལ་ཤར་རྦད་ཡ་མུ་ཁེ་རྦད་ཡ།༷ཤ་ཀི་ལ་ཡ་རྦད་ཡ། དེ་ལྟར་བཟླས་ནས་བསྒྲུབས་པ་ན། །རྟགས་རྣམས་བྱུང་ནས་གདབ་པའོ། །མི་ཀྱི་ལི་ཡག་ཤ་དུ་སྨྱུ་ར་ཡ་ཛ་དུར་རྦད། ཀི་ལི་ཤ་དུ་མྱ་ར་ཡ་ཛ་དུར་རྦད། ཀི་ལ་རཡཤཀེ་ཛ་དུར་རྦད། ཀི་ལི་མི་ལི་ཡག་ཤ་ཛ་དུར་རྦད། དེ་ལྟར་བཟླས་ལ་བསྒྲུབ་པའོ། །ཧུ༷། བདུད་ཆེན་གདུག་པ་མཁར་བ་ཅན། །མཐིང་ནག་རལ་ཆེན་རྔམ་པ་ཆེ། །སྲོག་རྩ་དམར་པོ་རྔུབས་ལ་ཐོངས། །བཙན་ཆེན་ཟངས་ཀྱི་མཁར་བ་ཅན། །དམར་ནག་རལ་པ་སྲིད་གསུམ་འཇོམས། །རྒྱལ་པོ་གདུག་བྱེད་མཁར་བ་ཅན། །དཀར་པོ་དུང་རལ་ཤེལ་གྲི་འཛིན། །སྲོག་རྩ་སྐམ་པའི་དུས་ལ་བབ། །གནོད་སྦྱིན་བསེའི་མཁར་བ་ཅན། །དམར་པོ་བསེའི་རལ་པ་ཅན། །གདུག་བྱེད་མ་རུངས་འཇོམས་པའི་བདག །ཉམས་པ་བསྒྲལ་བའི་དུས་ལ་བབ། །སྟོང་འཚོགས་གདུག་པའི་ནང་ཤེད་ན། །གདུག་བྱེད་མཁར་ཆེན་དྲག་པོ་བཞི། །དམིགས་པའི་ལྔ་དཔུང་གཞོམ་པའི་དུས་ལ་བབ། སྲོག་རྩ་ཆོད་ལ་འཕུར་པས་ཐོབ། །ཅེས་བསྐུལ་ཞིང་དམིགས་པ་བསྒྲལ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཁར་བ་ཅན་བཞི་བསྒྲུབ་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་ཀྱི་འཕྲང་པ་ནག་པོ་གྲི་ཐོགས་དང་། བཙན་གྱི་འཕྲང་པ་སེར་པོ་སྟོབས་ཆེན་དང་། །རྒྱལ་པོའི་འཕྲང་པ་དཀར་པོ་མིག་གཅིག་དང་། །བདུད་མོའི་འཕྲང་པ་ནག་མོ་བྲང་མིག་མ་དང་། ཐེ་བྲང་གི་འཕྲང་པ་སེར་པོ་ཁ་ཡོན་དང་། ཇ་ལའི་འཕྲང་པ་ནག་མོ་ཁྱབ་བྱེད་མ་དང་། གནོད་སྦྱིན་འཕྲང་པ་འཁོར་ལོ་ཅན་དང་། ཀླུ་གཉན་གྱི་འཕྲང་པ་འདུག་བྱེད་ཐོམ་པོ་དང་བརྒྱད་ཀྱིས་རང་རང་བསྒྲུབ་པའི་ལས་རྣམས་སྨྲས་སོ། །གསང་བའི་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དེ་རུ་དཀྱིལ་འཁོར་གྲུ་བཞི་ལྡན་པ་ལ། །ནང་དུ་དཀྱིལ་འཁོར་གྲུ་གསུམ་མཐིག་ནག་བྱ། །ནང་དུ་དམིགས་པའི་རྟེན་དང་བཅས་པའོ། ཁ་ལ་འཕྲང་བ་བརྒྱད་ཀྱི་ཕུད་དགོད། །དེ་ལྷར་ཤ་ཁྲག་གཏོར་མ་དང་། །སྙིང་ན་ནི་ཕུད་དང་བཅས། དེ་ལྟརབསགས་ལ་བསྒྲུབ་པ་སྟེ། །དེ་རྣམས་སྤྱན་དྲངས་མཆོད་བསྟོད་ལས་རྣམས་བྱའོ། །དེ་ནས་སྔགས་ཀྱིས་བསྒྲུབ་པ་སྟེ། །སྔགས་འདི་དག་ནི་ཐིམ་བུར་བསྒྲུབ། །ལག་ན་ཀ་ལ༷་ཏི་རུ་ཆུམ་དྲིལ་རྦད། ཡ་ཏི་ཁ་ལ་རྒྱུག་པོར་དིང་རྦད། ཏི་རི་ཏི་རི་འུང་ཏོག་ཡ། ཁ་ལ༷་ཁ་ཐུན་རྦད། ཡ་མ་ཏི་ཤ་རྦད་ལ་ཡ། ས་དུ་ས་ལ་རྦད་ན་ཡ། ཁ་དུ་ཁ་དུ་ཆོལ་བྱ་རྦད། རུ་ཏི་ན་ག་ཧྲི་ང་ཡ་བྱ། དེ་ལྟར་བཟླས་དང་གདབ་དང་བཏབ་པར་བྱ། དེ་ནས་རྦད་ཅིང་བཏབ་པའོ། །ཧུ༷། གདུག་བྱེད་འཕྲང་ཆེན་རུམ་ཆེན་ན། །འཕྲང་པ་ཆེན་པོ་གདུག་པ་ཅན། །འཕྲང་པ་ཆེན་པོ་མ་རུང་གདུག་ཆེན་པོ། །གདུག་ལ་རྔམ་པས་འཕྲང་ཆེན་བསྲུང་། །རྔམ་ལ་གདུག་སྟངས་འཇིག་པར་བྱེད། །གདུག་བྱེད་འཕྲང་ན་གནས་པ་སྟེ། །སྲིད་པ་ཡོངས་ལ་གནོད་ཅིང་གསོད། །མི་ཡི་ལུས་ལ་གདུག་པའི་མགོ །རལ་པ་ཅན་ལ་རྒྱ་ཟོར་དང་། །མདའ་དང་མདུང་རྩེ་མཚོན་ཆ་ཐོགས། །རྔམ་སྟབས་ཅན་ལ་འཕྲང་ཆེན་བསྲུང་། །སྒྲོལ་བྱེད་མི་སྲང་སྦ་བའི་གཟུགས། །མཚན་ཐོགས་སྐྱེ་འགྲོ་མ་ལུས་སྒྲོལ། །གདུག་པའི་སྒྲོལ་བྱེད་འཕྲང་པ་བརྒྱད། ཁྱེད་ནི་རྔམ་པའི་འབྲང་སྲུངས་པ། །འཛུར་མེད་འཕྲང་གི་བདག་པོ་ཡིན། །ལེགས་ཉེས་ཀུན་གྱི་ལྟངས་འཛིན་བྱེད། །མནའ་དང་གཟུ་ཡི་དཔང་པོ་མཛོད། །ཉམས་པ་སྒྲོལ་ལ་སངས་རྒྱས་བསྟན་པ་ཚུགས། །ཤ་ཁྲག་ཟ་ཞིང་སྒྱུགས་གླུ་ལེན། །དྲག་པོ་ཁྱེད་ཀྱིས་དུས་ལ་བབ། །ཅེས་བསྐུལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། འཕྲང་བ་བརྒྱད་བསྒྲུབ་པའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་རང་གིས་བསྒྲུབ་པའི་ལས་འདི་རྣམས་སྨྲས་སོ། །བདག་ཅག་དགེ་བསྙེན་ཉི་ཤུ་རྩ་གཅིག་སྟེ། །བདག་ཅག་རྣམས་ཀྱི་བསྒྲུབ་པ་ནི། །གསང་བ་སྟོབས་ཀྱི་ཏིང་འཛིན་ལྡན་པ་དེས། །མཐུན་པའི་གནས་སུ་འདུག་ནས་ནི། །དཀྱིལ་འཁོར་གཞུང་དང་ལྡན་པར་བྲི། །གྲུ་གསུམ་སུམ་བརྩེགས་དག་ཏུ་བྱ། །དམིགས་པ་ཕུར་པ་དེ་བཞིན་ཏེ། །མཐའ་མ་ཕུར་པ་ཉི་ཤུ་རྩ་གཅིག་པའོ། །ར་ཡི་སྙིང་ལ་རྟེན་དུ་བཅའ། །བཤོས་བུ་མདའ་དང་བཅས་པས་མཆོད། །ཕུད་དང་ཞལ་ཟས་དེ་བཞིན་མཆོད། །སྤྱན་དྲངས་མཆོད་དང་ལས་རྣམས་བཅོལ། །སྔགས་རྣམས་ཀུན་ཀྱང་གདབ་པར་བྱ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །ཨོ་བཛྲ་དུ་གིང་ཀ་ར་སྨྱོ། བཛྲ་ཤ་ལ༷་སྨྱོ་ཤ་སྨྱོ། བཛྲ་ཡག་ཤ་སེམ་ཏི་སྨྱོ། ས་མ་ཡ་གིང་ཀ་ར་ཛ་ཧུར་སྨྱོ། བཛྲ་ཤ་ཀ་ལམ་ཀ་རྦད། བཛྲ་བོང་བོང་ཏྲི་སྤྱོ། བཛྲ་པུ་ར་ཤ་ཏྲི་ཡ། བཛྲ་ནི་ཤ་ཀུན་ཤམ་རྦད། བཛྲ་ཀ་ལ་མ་སན་ཏི་ཡ། བཛྲ་ཀ་རུ་ཤ་ལམ་རྦད། བཛྲ་ཧུར་ཐུམ་སྲོག་ལ་ཡམ། ཏྲི་ལིང་ཤང་ཀ་རྦད། ས་མུ་རེ་པ་རྦད། ཁ་དུ་ཡ་མ་རྦད། མུ་ཏྲི་རམ་པ་ནི་རྦད། ཡམ་རྗེ་ནི་ཤག ས་མ་ཡ་ཤོལ་བམ་ཡ། ཏྲི་ཤ་ར་ག་རུ་དུམ་རྦད། ཏྲི་ལིང་ལིང་ཤ་རྦད། མུ་ག་རོ་ཤ་རྦད། འུར་ལིང་གིང་ཀ་ར་རྦད་ཡ། ཧུ༷། དགེ་བསྙེན་ཆེན་པོ་ཉི་ཤུ་གཅིག །དྲག་ལ་མཐུ་རྩལ་ལྡན་པ་དེས། །སྟོབས་ཀྱིས་ཕ་རོལ་དཔུང་རྣམས་འཇོམས། །གདུག་པའི་དྲག་ཤུལ་རབ་ཏུ་ཆེ། །གཟུ་དང་དཔང་པོ་ལེགས་ཉེས་འཛིན། །དྲེགས་པ་ཚོགས་ཀྱི་དམག་གཉེས་ཅིང་། །དྲག་པོ་གཡུལ་འགྱེད་རྩལ་འཆང་ཚོགས། །གདུག་བྱེད་མ་རུངས་ཉི་ཤུ་གཅིག །སྐུ་ནི་དཀར་དམར་འོད་དང་ལྡན། །མཛེས་པ་དར་གྱི་རལ་ཀ་གསོལ། །གདུག་པའི་མཚོན་ཐོགས་པ་ལ་རྔམ། །སྲོག་གཅོད་པ་ལ་རབ་ཏུ་འུར། །བརྒྱལ་ནད་བླང་ཐབས་གཏོང་བར་བྱེད། །དམིགས་པའི་མགོ་ལུས་འགྲེལ་བར་བྱེད། །པགས་བཤུས་རྒྱལ་མཚན་བྱེད་པ་སྟེ། །གདུག་པའི་གིང་དཔའ་ལོག་གེ་ལོག །དམིགས་པའི་ཙིསྟ་ཕྱུང་ལ་ཤོག །ལྔ་དཔུང་ཡན་ལག་དྲོངས་ལ་ཤོག གདུག་པའི་མཚོན་གྱིས་ཐོབ་ལ་ཤོག །དམིགས་པའི་དགྲ་བགེགས་མཁའ་ལ་བྱ་ལྡིངས། །སྐྱེས་ཆེན་སྟག་ལྟར་འཕྱོ་ཞིང་ཉམས་པ་སྒྲོལ་བར་བྱེད། །བར་སྣང་ཁམས་ན་བཞུགས་ཙམ་ན། །རི་རབ་ཁ་ནས་འབྲུག་སྒྲོགས་མ། བར་སྣང་ཚ་གྲང་མདའ་འབྱིན་མ། །དྲག་པོའི་སེར་ཆེན་ཆད་ལྟར་ཕོབ། །དམིགས་པའི་འབྲས་བུ་རྩད་ནས་ཆོད། ཅེས་བསྐུལ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དགེ་བསྙེན་བསྒྲུབ་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཡི་རང་ནས་བསྟོད་པ། ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། །བྱམས་མགོན་འགྲོ་བ་འདྲེན་པའི་དཔལ། །མ་རིག་མུན་སེལ་འགྲོ་བ་འདྲེན་པའི་མཆོག །སངས་རྒྱས་སྟོན་པ་ཁྱོད་ལ་བསྟོད། །ཨེ་མ་ཧོ་སངས་རྒྱས་སྟོན་པ་ཆེ། །དགོས་འདོད་སྐོང་བའི་ནོར་བུ་རིན་པོ་ཆེ། །འཇིག་རྟེན་རྣམས་ཀྱི་སྐྱབས་ཆེན་པོ། །དགོས་འདོད་སྐོང་བ་ཁྱོད་ལ་འདུད། །འགྲོ་བ་མ་ལུས་འདྲེན་པའི་དཔལ། །ཨེ་མ་ཧོ་ཐུགས་རྗེ་ཐབས་མཁས་པས། །ཉོན་མོངས་མ་ལུས་སྐྱོང་བྱེད་པ། །སངས་རྒྱས་དྲེགས་པའི་གཙོ་ལ་བསྟོད། །ཅེས་ཡི་རངས་ནས་བསྟོད་པའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཡི་རངས་ནས་བསྟོད་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །བཅོས་པའི་ཡོན་ཏན་ཇི་ལྟར་ལགས། །མ་བཅོས་སྐྱོན་རྣམས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །མ་བཅོས་པ་ཡི་སྐྱོན་བསྟན་པ། །སད་དང་སེར་བ་མུ་གེ་དང་། །མཚོན་གྱི་ཆར་ཆེན་དབབ་པ་དང་། །མི་རྣམས་ཚེ་ཐུང་ལོངས་སྤྱོད་ཆུང་། །དེ་བས་བཅོས་པ་རབ་ཏུ་གསུངས། །བཅོས་པའི་ཡོན་ཏན་བསྟན་པ་ནི། །ལོ་ལེགས་འབྲུ་འཁྲུངས་རྩི་ཐོག་རྒྱས། །མཚོན་དང་མུ་གེ་ནད་ཡམས་འཆད། །མི་རྣམས་དར་ཅིང་ལོངས་སྤྱོད་རྒྱས། །ཚེ་རིང་བསོད་ནམས་འཕེལ་བར་འགྱུར། །དེ་ལྟར་གྱུར་ན་འཇིག་རྟེན་བདེ། །དེ་བས་བཅོས་པས་རབ་ཏུ་གཅེས། །ཅེས་གསུངས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་བཅོས་པའི་ཡོན་ཏན་དང་། མ་བཅོས་པའི་སྐྱོན་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ལ་སོགས་འཁོར་རྣམས་ཀྱིས། ངའི་རྒྱུད་འདི་ཆོངས་ཤིག ཀློགས་ཤིག ཐུབ་པར་གྱིས་ཤིག ངེས་པར་གྱིས་ཤིག རིན་ཆེན་སྲོག་ལྟར་འཆང་བ་གྱིས་ཤིག མིག་གི་སྒྲོལ་མ་ལྟར་ཚོས་ཤིག ངའི་རྒྱུད་འདི་ཐམས་ཅད་གསོ་བར་བྱེད་པས། མཚོ་བྱེད་རྒྱལ་པོའི་རྒྱུད་ཅེས་བྱ་བར་ཟུང་ཞིག ཐམས་ཅད་གསད་པར་ནུས་པས། སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བར་ཟུང་ཞིག དགོས་པ་ཐམས་ཅད་འབྱུང་བས། ནོར་བུ་རིན་ཆེན་བྱ་བར་ཟུང་ཞིག ཅེས་གསུངས་སོ། །དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་རང་རང་ས་ལ་བཀོད་དོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཡོངས་སུ་བཟུངས་ཤིང་གཏད་པའི་ལེའུ་སྟེ་གྱ་དྲུག་པའོ།། །།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་རྫོགས་སོ།། །།