Ngb-pt-0925-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ནཱ་ག་ཀ་ལ་ཙཀྲ་ཏི་ར་ཡ་ཀ་ཧྭ་ལ་ཀྭ་ལ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོ། བྱོལ་སོང་ཧ་ལ་ནག་པོ། ཀླུའི་རྒྱལ་པོ་མགོ་དགུ་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བསྐལ་པ་རླུད་ནག་འཁྱིལ་བའི་རྒྱ་མཚོ་ནག་པོ་སྦ་ཚ་གཏིང་ཁོལ་དུ་འདུག་པའི་ཕོ་བྲང་དུ། །སྦྲུལ་ནག་འཁྱིལ་བའི་དབུས། ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་རྒྱ་མཚོ་ཆེན་པོ་ནི། །དཀར་ལ་ཤིན་ཏུ་དངས་པ་དང་། སེར་ལ་འ་་ཞིང་དམར་ལ་འཁྱུག །ནག་ཅིང་གཏིང་ནས་ཁོལ་བ་སྟེ། །དེ་ནི་རིགས་ཀྱི་བདག་པོའི་གནས་མཆོག་ཡིན། ཞེ་སྡང་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་ལས་གྱུར་པའི། །ཀླུའི་རྒྱལ་པོ་རིགས་ཀྱི་ཁྱད་པར་མངོན་པར་སྣང་བ་ནི། །བྱོལ་སོང་རིགས་བཞི་འདུལ་བའི་གཉེན་པོར་སྐུ་མདོག་ཕྱག་མཚན་སོ་སོར་བསྟན། །དེའི་འཁོར་ནི་ཀླུ་གཉན་ས་བདག་གསུམ་དུ་བསྟན། །ཆུ་དང་ས་དང་ཤིང་ལ་གནས་པ་ཁོ་ན་སྟེ། །ངེས་པར་མ་བསྟན་བྱང་ཕྱོགས་ཧོར་དང་མཚུངས་ཞེས་བཤད། །ཉི་ཤུ་རྩ་ལྔ་དབྱེ་ཞིང་མི་རིགས་སྦྱར་བར་ཡང་དག་གོ །མངའ་གསོལ་བསྐུལ་ཏེ་གཏད་དང་གཟིར་བ་གསུམ་དུ་སྦྱར། །མངའ་གསོལ་བ་ནི་མདུན་ས་རྐུ་བ་ཕོབྲངདགཏུའོ། །གཟིར་གཏད་གྲོང་ཁྱེར་མི་ལྡོག་རྒྱུན་སྲང་དུ། །ཆུ་མིག་ཉི་ཤུ་རྩ་ལྔར་ཕྱེ་ན་ཡང་། །ཕྱོགས་བཞི་མཚམས་བཞི་བརྒྱད་དུ་ཤེས་པར་བྱ། །དེ་ལ་གདོལ་པ་ནག་པོ་ལྔ་ནི་མིའི་བདུད་དུ་ཆེ་བས། ཁྲར་ལྷོ་རྒྱལ་རིགས་ལྷོ་དང་ལྷོ་ནུབ་རྗེའུ་རིགས་ཡིན། །ནུབ་དང་ནུབ་བྱང་ཤར་ལྷོ་བྲམ་ཟེ་དང་ནི་དམངས། །ས་དང་ཆུ་ཤིང་རབ་ཏུ་ནག་པ་ལ། །བྱང་དང་བྱང་ཤར་ཕྱོགས་སུ་ཁ་བལྟས་པ། །དེ་ན་ཤིན་ཏུ་གདུག་པ་གདོལ་པའི་རིགས། །ནག་པོ་ཤིན་ཏུ་གདུག་པ་མི་རིགས་ལྔའི་བདུད་དུ་ཆེ། །མདུན་སར་སྤྱན་དྲངས་མངའ་གསོལ་གཏད་པར་བྱ། །རུས་སྦལ་བསེ་བྱང་རོ་ཚས་བྱས་པ་ཡིན་ཞེས་བཤད། །ཕོ་བྲང་དག་ཏུ་རྐུས་ཏེ་གཏད་པར་ཁྱབ་བདག་བཤད། །ཐོད་ཅན་དུག་རྫས་བཅས་པ་བྷ་ར་ཏ། །གྲོང་ཁྱེར་ཆེན་པོར་གཟིར་ཏེ་ཐོག་བཅས་གཏད། །ཕག་ཐོད་དག་ཏུ་རྒྱུན་སྲང་ལམ་དུ་གཏད། །ཅེས་གསུངས་སོ། །མི་རིགས་ལྔ་དང་འགྲས་ན་ལྔ་གླིང་བསྒྲུབ་པ་བྱ། །ཀླུ་རིགས་ལྔ་ལ་གཏད་དེ་དཀར་སེར་དམར་སྔོ་ཤིན་ཏུ་གནག །ཕོ་བྲང་རྒྱ་མཚོའི་མདོག་ཀྱང་དེ་ལྟར་བརྟག་ཅེས་གསུངས། །དེ་ལྟའི་ལྷ་ལྔ་དག་ལ་བསྐྱོན་ལ་འཕང་བར་རིག་པས་བཤད། །སྦྲེལ་བ་ཤེས་པར་བྱས་ཏེ་ལག་ཏུ་གཏད་དང་ལམ་ལ་གཏད། །མནན་པས་ཤེས་པས་སྟེང་འོག་འཁོར་ལོས་གཅུན་པ་གསུམ། །ཧྲི་རྐི་བཟླས་པ་རྫོགས་དང་ལྟོ་བར་བསམས་ལ་མནན། །གནད་ལ་དབབ་ཅིང་གཅུན་གཟིར་ཨར་ལ་གཏད་པའོ། །བཅུ་གཉིས་རྩིགས་ལྡན་འཁོར་ལོ་ནཱ་ག་གཟིར། །ཅེས་གསུངས་སོ། །ཧོ། བྱོལ་སོང་གླང་མགོ་ཅན་ལས་སྐབས་དང་པོའོ།། །།དང་པོར་གནས་དག་ངེས་པར་བརྟག་པ་ལུང་གསུམ་མདོ། །བྲག་དང་ཆུ་འཐབ་བྲག་ཁུང་བྱང་བལྟས་དང། །རྩི་ཤིང་མངོན་ན་ཡོད་ཅིང་ཆུ་མིག་འཇིགས་པར་བྱ། །དུས་ཚོད་དབྱར་ཟླ་གསུམ་པོ་ངེས་པ་ཡིན་ཏེ་ར་བ་གསུམ་ལ་མཆོད། །འབྲིང་པོ་བདུད་དང་སྦྱར་ལ་སྟོན་ཏེ་ཐ་ཆུང་གཟའ་དང་སྦྱར་ལ་གཏད། །ཅེས་ཁྱབ་བདག་གསུང་། །དང་པོ་རྣལ་འབྱོར་ལས་ཅན་འདི་ལྟར་ངོ་བོ་ཤེས་བྱསྟེ། །ཡབ་ཡུམ་སྲས་དང་སྤྲུལ་བར་བཅས་པ་རྣམས་ནི་རང་ཉིད་དོ། །འཇམ་དཔལ་གཤིན་རྗེའི་ལྷ་ཉིད་དབྱེར་མེད་ངོ་བོ་ཉིད། །འཁོར་ལོ་ཐུན་དང་གཏད་ཁྲམ་རྫོགས་པར་བྱ། །མཆོད་དུས་འཇམ་དཔལ་ཞི་བས་ཀླུ་ལ་དཀར་གྱིས་མཆོད་པར་བྱ་བ་ཡིན། །སྒྲུབ་དུས་ཀླུ་བདུད་ནག་པོ་དམར་ལ་དབབ་པར་ཁྲོ་བོས་བཤད། །དཔང་གཟུགས་ཀླུ་མཆོད་དེ་ལ་གཏོར་མ་གཏང་བར་ཡང་དག་བཤད། །ཏིང་འཛིན་རྣམ་གསུམ་ངོ་བོ་ཡི་གེ་ཧུ༷་འ༷་ཡང་ན་ཕེན་ཞེས་རྒྱུ། །ར༷་ཡ༷་ཁ༷་ནི་འབྱུང་བའི་དཀྱིལ་འཁོར་གཞལ་ཡས་བསྐྱེད་པ་ཡན། ཨེ་ལས་བསྐལ་པ་སྦྲུལ་ནག་ཀློང་སྟེ་འཆི་བདག་གཤིན་རྗེའི་གནས། །ར་ལས་རཀྟ་དབང་སྟེ་སྲོག་གཤེད་གནས་སུ་གྱུར། །ཕ་ལས་སྦྲུལ་ནག་ཆུན་ཁོལ་གཞལ་ཡས་ཁང་དུ་བྱུང་། ཁང་ལས་ལྕགས་ཀྱི་ཁང་རོམ་ནང་ནས་ཕྱི་གསལ་སྒོ་མེད་ཡིད་ཀྱིས་རྒྱུ། །ཕེ་ཤག་ཏུ་སྦྱུ༷་ལས་རིན་ཆེན་གཞལ་ཡས་ཁང་པར་བསམ། །སྐྲུལ་ནག་ཀ་གདུང་དམངས་རིགས་སྦྲུལ་གྱིས་དྲལ་ཕྱམ་ཅན། །སྡོམ་དང་སྡིག་པ་ནག་པོའི་ཟར་ཚགས་ཏེ་ཞབས་གཉིས་རྒྱ་མཚོར་འཁྱིལ། །གཟས་པ་གཅལ་དགྲམ་སྒོ་སྐྱེས་སྦྲུལ་དང་རུས་སྦལ་ཐེམས་པར་ལྡན། །ཆུ་སྲིན་ཉི་མའི་ཁ་བད་གཏང་སྟེ་རླུད་ནག་ཚུབ་མའི་ནང་། །འདི་ནི་འཆི་བདག་ཆེན་པོ་གནས་ཏེ་མཆོག་ཆེན་པོ། །ཨོ་ནག་པོ་ཏི་པ་ཙ་ཡ་ཧུ༷། འབྲུ་བརྒྱད་འདི་དག་བཟླས་པར་བྱ་དང་བསྐྱེད་པར་བཤད། །བྱོལ་སོང་གླང་མགོ་ཅན་ལས་སྐབས་གཉིས་པའོ།། །།དེ་ནས་རྩ་བའི་སྙིང་པོ་ཀླུའི་སྲོག་དང་འདྲ་བས་དེ་ཉིད་ཏེ་ཐིག་ལེ་ཆེ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྒ་ཏེ། ཁུ་ལ་ཕེ་ཤརྙེ་ཕོབ་ཕོབ་ཤིག་ཆུམ་ཆུམ་ཧུ་ཡ་ཧུ་ཡ་ཀླུ་ནག་པོ་མགོ་དགུ་པ་དགྲ་བོའི་སྲོག་ལ་སྨྱུ་ར་ཡ་ཛ་ཛུ། བསྒྲུབ་པར་རིག་པ་ཡིན། ཨོ་ནཱ་ག་ལག་ཧུ༷། སྙིང་པོར་རིག་པའོ། །ཨོ་ཕོ་ལ༷་ཧུ༷། ཡང་སྙིང་པོ། །ཨོ་ནག་པོ་ཏི་པ་ཙ་ཡ་ཨ་ཕུག་ཤ་ཕེ་ཤན་དྲང་ནག་ཕེ་ས་ཡེ། ཨ་ཀྲ༷་ཤན་ཧུ༷། ཕེ་ལ༷་ཤག་ཤིག་ནིར་ཡན་དགྲ་བོའི་སྲོག་ལ་མྱ་ར་རྦད། བསད་པའི་མདེའུ་སྤུ་གྲིར་རིག་པ་ཡིན། དགྲ་བོ་ནི་ཛ་ཛ། དགྲ་བོ་དྲི་ཛ། དྲི་རྨི་རྫི་དྲི་ཛ་དྲི་རྨེ་རྫི་དྲ་ཛུ། དགྲ་བོ་ནཱ་ར་ཡ་ཛུ། འབྱུང་པོ་ནཱ་ར་ཡ་ཛ། ཁྲ་ཙ་ར་ཡ། ཁྲ་ཙ་ར་ཡ། ཛ་ཧྲིངཨུ་ཙུ་ད་ར་དུ་ནན། ཛ་ཧྲིང་ཨུ་ཙུ་ཏ་ར་དུ་ནན། ར༷་ཡ༷་ནན།ལ༷་ཁ༷་ནན། དུ་རུ་ཡ༷་ནན། ཁྲ༷་ཤིང་ཐེ་ཡ༷། ཙིསྟ་བི་མ་ལ། ཨུ་ཀར་ཤ་ཡ། ཨུ་ཀར་ཤ་ཡ། བཛྲ་པྲ་མ་ནི་ཧུ༷། མནྟྲ་ནཱ་ག་ལུབས། མྱ་ར་རྦད། འདིནིགཤིནརྗེའིཁཐུན་ནག་པོར་རིག་པའོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྒ་ཡསྒ་ཁ་ཡན་ཧྭ༷་ཡ་ཧུ༷་ཡདྲི་ཛ། ཙ་ར་ཐུམསཐུམས་རྦད་རྦད་རྦད་ཡ་རྦད་ཡ། འདི་ནི་བསདཔའི་འཁོར་ལོ་ཁོ་ནར་རིག་པའོ། །ནགཔོ་ཏི་པ་ཙ་ཡ་སརྦརུ་པ་ཙལེ་བེ་རུཤ་ཧུ༷། འདི་དགགིས་གཟུགས་དཔུང་བཤིག་ཅིང་བསདཔར་རིག་པའོ། །ནག་པོ་ཏི་པ་ཙ་ཡ་ནཱ་ག་རལྒི་ཡསྒ་ཡུ་ཤརྙེ་ཡུ་ནཱ་གཡུ་ཀུརུ་ཙ་ཡ་མྱ་ར་ཡརྦད་ཡ་རྦད། འདི་ལྕགས་ཀྱི་ཁང་པར་རིག་པར་བྱའོ། །ཡ༷་དྲིརྦད། ར༷་དྲི་རྦད། ཁྲ༷་དྲི་རྦད།ཡང་དྲི་རྦད། འདི་ནི་འབྱུང་བ་གནད་གཅོད་པརརིག་པར་བྱའོ། །ཨོ་ནག་པོ་ཏི་པ་ཙ་ཡ་ཛ་ལ་བརསྙིངལ་ཐུར་ཐུར་གཤོགས། འདི་དག་མཛེ་ནགལས་ཀྱི་སྐྲུ་གྲིར་རིག་པའོ། །ནགཔོ་ཏི་པ་ཙ་ཡ་ནཱག་རསྒདྲི་སྙིངལ་རྦད། རིལ་རྦད་རིལ་བ༷་ལི་ལི། ནཱ་གཀྲོ་དྷི་ཤཱ་རི་སྙིང་ལ་ཚ་ལ༷་པཚལ་པ་ཏྲག་མཏྲག་ཤི་ནི་སྙིང་ལ་ཁ་ར༷་ཁུཧི། ནག་པོ་ཤ་པ་ཏྲིཙ་པ་བ༷་རིལ་རྦད། ནག་པོ་ཧེར་ཧ༷་བ༷་རིལརྦད། ནག་སྙིང་མགོ་བོ་ཆོད། ཤ་ལ་ཟོ་སྙིང་ཁྲག་འཐུང་། རྩལ་རོད་པ། དྲི་སྙིང་ལ་ཛ་ཛུ་རྦད་རྦད། དྲི་སྙིང་ལ་ར༷་མེ་བ༷་རི་ལ་བ༷་རི་ལརྦད། དྲི་སྙིང་ལ་དུ་ར་དུ་ར་བློརྩ་བ༷་རིལ་རྦད། ཡང་ན་མྱོས་ཞིང་འབོག་ཏུ་ཆུག །ཡངན་མྱོས་ཤིང་ལྐུགས་སུ་ཆུག །ཡང་ན་དོན་སྙིངཕྱུང་ལཤོག །ཡང་ན་མཛེ་དང་འབྲུམ་དུ་ཐོང་། །ཡང་ན་རྩ་བ་བདུན་རྒྱུད་ཆོད། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྒ་ཡསྒ་བཛྲ་ཙཀྲ་ཙཀྲ་ཆེ་གེམོ་མྱརཡ་རྦད་ཡ། འདི་དག་ནིཀླུ་ནག་པོ་མགོ་དགུ་པས་འཁོར་ལོ་འཕངས་པ་དང་། མཛེ་ཟོར་འཕངས་པར་རིག་པར་བྱའོ། །བྱང་དང་བྱང་ཤར་ན་གནས་སོ། །ནཱ་ག་རྭ་ཛ་ཧུར་ཐུམས་ཤིག་ན་ག་ར་ཛ་མ་ས་ཁ། ཙིསྟ་རུ་བ་ཀ་ར་སི་བ་ཆོད། ན་ཤུ་ཤུ་ཐུན། སྲོག་ལ་ཛ། ལྦབས་ལ་རུབ།ནཱ་ག་ཤིག་ཤིག །ཐུ༷་ཐུ༷་སྲོག་ཆོད་རྦ་ཁང་ཤིག །སྲོག་ཐེར་ཐེར་འུར་ལ༷་སྲོག་ལ༷་དགྲ་བོ་མྱ་ར་ཡ་ཛ། འདི་དག་ནི་སྔགས་ནག་པོ་ཐུན་གཅིག་པར་རིག་པར་བྱའོ། །ཧུ༷་ཧུ༷་ཧུ༷། ནཱ་ག་ར་ཛ་ཨ་མུ་ཀ་ཁྲག་ཅི་བ་ཅི་བ་རྦད། མུག་མུག་མྱོག་མྱོག་ཐུ༷་རིལ་སོད། །སོད་སོད་རྦད་རྦད་ཐུ༷་ཐུ༷་རིལ་རིལ་པྲ་མ་རག་སོད་ཐུ༷་རིལ་རིལ། ཅེས་པ་འདི་ནི་ལྕོག་རྡུངས་སོ། །ནཱ་ག་རག་མྱལ་མ་མོ་མྱོགས་ཧུ༷་ཧཱུཾ་རིལ་སྲོག་ཧུར་ཤིག་སྒག་ཤིག །འདི་དག་གནད་དུ་དབབ་པའོ། །འདི་ནི་ཀླུ་ནག་པོ་སྣུ་ཏའི་སྙིང་པོར་རིག་པར་བྱའོ་། །ནུབ་དང་ནུབ་བྱང་ན་གནས་པ་ཡིན་ནོ། །ཀེ་ལེ་ཀེ་ལེ་ཧུ༷། ནཱ་ག་ལ་ནཱ་ག་ལེ་ཧུ༷། བ་ལེ་ཧུ༷་བ་ལེ་ཧུ༷། ཧུ༷་ཡ་ཧུ༷་ཡ། པྲ་ཙ་ལེ་པྲ་ཙ་ལེ་ཧུ༷། ཡ་མེ་ཡ་མེ་ཧུ༷པྲ་བེ་ཤ་ཡ་ཧུ༷། དུ་ར་ལི་དུ་ར་ལི་ཧུ༷། པུ་ར་ཡ་པུ་ར་ཡ་ཧུ༷། ན་མ་ལེ་ན་མ་ལེ་ཧུ༷། པྲ་ཙ་ལེ་པྲ་ཙ་ལེ་ཧུ༷། དགྲ་བོའི་སྲོག་ལ་མ་ར་ཡ་རྦད་རྦད། འདི་དག་ནི་ཀླུ་རྒྱལ་དུང་ཅན་གྱི་སྟེ། ཤར་ན་གནས་པར་རིག་པར་བྱའོ། །གཏོར་ཟོར་དང་མདའ་ཟོར་དུ་རིག་པར་བྱའོ། །ནག་པོ་བ༷་ཙི་ཙི་རྒྱས་སྒག་ཐུར་སྙིང་ཐུར་སྙིང་འགུལ་མྱགས་མྱགས་རྩ་བཞི་བསྐུམས། ཤན་ཤན་སྲོག་ལ་ཤན་ཐུར་སོད་སྲུཧྭ། འདི་དག་ནི་ཡང་སྙིང་ནག་པོའི་རྩ་བར་རིག་པར་བྱའོ། །ལྷོའི་ཕྱོགས་ན་གནས་པར་རིག་པར་བྱའོ། །ཕཊ་ཏ་ལ་ཙི་པྲ་ཏི་ཙ་ཡ་བྱི་ཛ། བ་ཏ་ལི་ཛུ། ས་མ་ཡ་ཛུ། པྲ་པྲ་ཡེ་ཛུ། བཛྲ་ཨ༷་ཀུ་ཤ་ཛུ། ཨུ་ཀཁེ་ཡ། ཨ་ཀར་ཛ་ལི་ཧུ༷་ཛུ་ཁེ་ན་ཧུ༷་ཛུ།ཝ་ཛུ་གིན་ཛུ། ཟིན་ཛ། ཁོ་ན་ཛ། ཏན་ཛ་ཧུ༷་ཛ། འདི་དག་ནི་ས་བདག་མཐའ་བཞི་དབུས་དང་ལྔའི་སྔགས་སུ་རིག་པར་བྱའོ། །བྱོལ་སོང་གླང་མགོ་ཅན་ལས་སྐབས་ཏེ་གསུམ་པའོ།། །།སྟོང་པ་ཉིད་ལས་ཕེ་བྱུང་དེ་ལས་རིག་པའི་རྒྱལ་པོ་མགོ་དགུ་བསྐྱེད། དེ་ལ་མཆོད་པའི་རྫས་ཀུན་རབ་རྩོགས་སྦྲུལ་ནག་ཏུ་པྲ་གཏང་ནས་ནི། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །འཆི་བདག་ཡབ་ཡུམ་འཁོར་ཚོགས་སྤྱན་འདྲེན་ན། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཛ༷༷ཧུ༷་བ༷་ཧོ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྣ་ཧུ༷་ཛ་ཡ། ཀླུ་དང་ས་བདག་གཉན་སྟོད་འཁོར་རྣམས་དང་། །ཀླུ་བཙན་ཀླུ་བདུད་ཀླུ་སྲིན་ལ་སོགས་པ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །ཀླུ་སྨན་དང་ནི་དཀར་གསུམ་མངར་གསུམ་རྣམས། །འབྲུ་བཅུད་རྣམ་གསུམ་སྣ་ཚོགས་ཞལ་ཟས་རྣམས། །འདོད་པའི་ཡོན་ཏན་ལྔ་དང་མཆོད་པ་ལྔ། །གསེར་དངུལ་ཟངས་ལྕགས་རིན་ཆེན་སྣ་ཚོགས་པ། །ཉ་སྦལ་སྦལ་ལྕོང་ཆུ་གནས་སེམས་ཅན་ཤ །དམ་ཉམས་དགྲ་བོ་བཅས་པ་མཆོད་པར་བཞེས། །ནག་པོ་ཏི་པ་ཙ་ཡ་ནཱ་ག་རསྒ་ཁ་ར༷་ཁུ་ཧི། མཆོད་པ་འདི་དག་གཙོ་འཁོར་རིམ་པར་དཔག་བཞེས་གསུངས། ཧུ༷། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཀླུ་བདུད་མགོ་དགུ་པ། །སྐྲུལ་དང་སྦལ་ནག་གཞལ་ཡས་ཆེན་པོའི་དབུས། །གཟས་པ་ཕོ་མོ་གཅལ་དུ་བཀྲམ། །ཀླུ་ནི་རི་རབ་ངོས་ལ་བརྟེན། །ཞལ་ནི་གནམ་ས་བར་དུ་གདངས། །དམ་ཉམས་དགྲ་བོ་ཁྱུར་མིད་བྱེད། །ཀླུ་སྨད་སྦྲུལ་གཞུག་རྒྱ་མཚོའི་གཏིང་དུ་བརྐྱང་། །རྒྱ་མཚོའི་ཀླུ་རྣམས་མ་ལུས་ཟས་སུ་ཟ། །ཕྱག་གིས་ཁམས་གསུམ་ཉུག་ཅིང་དམ་ཉམས་བྱད་དུ་འཇུག །དབུ་དགུ་མཐིང་ནག་རབ་ཏུ་འཇིགས་པར་བསྟན་པ་ན། །དབུས་ཀྱི་ཞལ་ནི་མཐིང་ནག་ཧ་ལ་མདོག །ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། །དབུས་བརྒྱད་སྦྲུལ་བརྒྱད་བར་སྣང་འཕྱོ་བ་ནི། །ས་བདག་ཆུ་སྲིན་མང་པོ་དབང་དུ་བསྡུས་ནས་ཀྱང་། །སྡང་བའི་དགྲ་ལ་ནད་རྣམས་གཏོང་བའི་བརྟགས། །འཆི་བདག་འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །གཡོན་ན་ཡུམ་ཆེན་ཀླུ་མོ་ནག་མོ་ནི། །སྦྲུལ་ནག་འཇོམས་པའི་རིམ་པས་དབུ་ལ་བརྒྱན། །སྤྱན་ནས་ཁྲག་འཛག་ཤངས་ནས་དུད་པ་འཐུལ། །ཞལ་ནས་སྦལ་ལྕོང་སྡོམ་སྡིག་ཕྲུལ་ལུ་ལུ། །གཡས་པ་གཙོ་ལ་ཞབས་སུ་འཁྱུད། །གཡོན་པ་པདྨ་ཀེ་ཀེ་རུས་བཀང་གཙོ་ལ་སྟོབ། །ཡུམ་ཆེན་ཀླུ་མོ་ནག་མོ་འཁོར་བཅས་རྣམས་ལ་འདུད། །ཅེས་པ་བསྟོད་པའི་དམ་པ་ཡིན་ཞེས་གསུངས། །བྱོལ་སོང་གླང་མགོ་ཅན་ལས་རྟོག་པའི་སྐབས་ཏེ་བཞི་ངའོ།། །།དེ་ནས་གཏད་བསྒྲུབ་འཆི་བདག་ཞལ་གྱི་བསྒྲུབ་པ་འདི་དག་སྟེ། །ཀླུ་གནས་ས་ལ་ཨེ་དབུས་ཨེ་ལྡན་བཞི་ཡོད་པའོ། །ཐ་མར་སྦྲུལ་གདུག་བརྒྱན་པ་ས་ཡི་ཨེ་གནས་ཡིན། །རབས་ཆད་མཛེ་ཅན་ཐོད་པ་ཤ་མེད་བཀྲུ། །ལག་པར་གནས་པ་འཆི་བདག་གཟུགས་བརྙན་རྟགས་ལ་ཁ་དོག་འགྱུར། །གཤིན་རྗེའི་དམོད་པ་ཁ་ནས་ཁ་ཁྱེར་བསྐོར་ཏི་མིང་རུས་དེས། །འཆི་བདག་ཁ་རུ་མིང་ཡིག་མང་པོ་བརྫང་བར་བྱ། །ཡུམ་གྱི་ལྟོ་བར་མུ་ཁྱུད་དང་པོར་ཕྱི་རོལ་ལྕགས་ཁང་ཡིན། །གཉིས་པ་འཇོམས་བྱེད་དྲག་པོ་ཙཀྲ་སྟེ། །གསུམ་པར་གཟུགས་ཕུང་འཇོམས་པ་བྲི་བར་བྱ། །རྩ་བར་འབྱུང་བའི་གནད་བྲི་ལྡིང་བའི་ཙཀྲ་བར་དུ་གཞུག །སྲིད་པ་གསུམ་ཞེས་བརྗོད་པའི་འཁོར་ལོ་དེ་ཉིད་ཡིན། །བསྙེན་བསྒྲུབ་ཉིན་མཚན་བསྣོལ་བ་བཀའ་ནན་རྒྱལ་པོ་ལྟར་ཡིན་ཏེ། །དགུག་དང་གསད་པ་དེ་ཉིད་རྟགས་དང་སྦྱར། །ཡང་ན་རྒྱུན་བསྐོར་ཡང་ན་ཉི་མ་བཞི། །དྲག་པོ་ཧ་ལ་ཞེས་ཏེ་བརྣག་པར་འདི་ལ་བརྗོད། །ནག་པོ་བ༷་གྱི་སྔགས་ནི་ཀུན་གྱི་སོ་ཡིན་ཀླུ་ཡི་སྐྲུ་གྲི་ཀ་མ་ལ། །འཁོར་ལོ་ནག་པོ་རྫོགས་ཁར་འབྱུང་བའི་སྤུ་གྲི་བརྡེག །ཨ་ས་བོ་དྷི་རིགས་འཛིན་རྒྱལ་པོ་ཡང་ནི་འཇོམས་བར་ནུས། །དེ་ནས་དུས་ཚོད་ངེས་པ་དེ་ལ་གཏད་འཇོག་བྱ། །ལིང་གའི་གནས་སུ་གང་འདོད་ནད་དགྲ་ཤེས་པར་བྱ་བ་ཡིན། །ཡུལ་དང་རུས་དང་མིང་དང་བླ་དགས་དང་། །འཁོར་དང་དུག་དང་དབེན་ཟླ་འཕྲ་མ་དང་། །དུར་ས་དང་ནི་གདུག་པའི་གདོན་འབྲེལ་ཅེས་པར་བཤད། །འདིར་སྙོགས་བྱ་བའི་དགྲ་ཡང་ཤིས་པར་བྱ། །དུག་དེ་འཇུག་ཏུ་བསམ་གཏན་གསུམ་ཞེས་བྱ། །རྟ་ལྔ་དང་ནི་མགོ་ཅན་མགོ་མེད་མི་ལྡོག་ཤེས་པར་བྱ། །མངའ་གསོལ་མུན་པ་དུར་ཁྲོད་བྱུག་པ་ཤེས་པར་བྱ། །དགུག་པ་འབྲེལ་པ་རྫས་ཀྱི་གནས་གཉིས་ཤེས་པར་བྱ། །འཕང་དང་མངའ་གསོལ་དུག་ཀྱང་ཤེས་པར་བྱ། །མནན་གཏད་འཕྲང་མ་དབང་དང་བོད་པར་ཤེས་པར་བྱ། །རྦད་དང་བསད་མནན་གསོ་བ་ཤེས་པར་བྱ། །གནད་རྫས་གཉན་པོ་མི་རིགས་ཤེས་པར་བྱ། །བདུད་དང་ཀླུ་རིགས་གཟའ་ཡི་རྒྱུ་བ་ཤེས་པར་བྱ། །མཆོད་བསྟོད་བསྡུ་བ་བསྐུལ་བ་ཤེས་པ་ན། ཁམས་གསུམ་ཕུང་ནུས་སེམས་དཔའ་འཛིན་མི་ནུས། །མི་རིགས་ལྔ་ལ་སྨོས་ཅི་དགོས་ཏེ་བདུད་ཀྱང་ཕུང་། །གཏད་པའི་དུས་སུ་འཇིག་རྟེན་དྲེགས་པ་བོད། །བདུད་དང་ལྷ་སྲིན་སྡེ་བརྒྱད་ར་མདའ་བཟློག །རྒྱུ་བའི་དུས་སུ་ཀླུ་དང་བཙན་ལ་མཆོད་ཅིང་རྦད། །དྲག་པོར་གཏད་དང་འཇམ་པོར་གང་ཡང་རུང་བར་ནི། །ལྟོ་འཕྱེ་བརྩིས་དང་རིགས་བཞི་དུས་ཚོད་མ་ནོར་བར། །ས་སྒོ་དབྱེ་ན་དྲག་པོས་སྔགས་འདི་ཡིན། །ཨ་ཉང་ཚེ། ས་མྱང་ཚེ། ཟེ་མྱང་ཚེ། རྦ༷་ཏྲི། ཙ་ཏྲི་རྩ་ཐད། རྩ་ཐང་། ཚ་ཁུར་ཚ་ཁུར་གྲྭཧྭ། བྱོལ་སོང་གླང་མགོ་ཅན་ལས། མར་ཡའི་ལེའུ་སྟེ་སྐབས་ལྔ་པའོ།། །།རིགས་བཞིའི་དགོངས་པ་རྒྱལ་པོ་མགོ་དགུ་ཉིད། ཁྲར་དུ་དབུ་གསུམ་དཀར་པོ་ཏི་པ་ཙ། །ལྷོ་རུ་མགོ་ལྔ་དམར་པོ་ཏི་པ་ཙ། །ནུབ་ཏུ་མགོ་གཅིག་གོར་ནི་སེར་པོ་ཏི་པ་ཙ། །བྱང་དུ་མགོ་བདུན་པ་སྟེ་སྔོན་པོ་ཏི་པ་ཙ། །དོན་ནི་གཅིག་སྟེ་གདུལ་བྱའི་ངོ་ལ་དེ་ལྟར་ཤར་ཞེས་སོ། །དེ་ཡི་རྩ་བ་དྲིལ་བ་ལས་འཁོར་ཡིན། །རྒྱལ་པོ་ཉེ་ན་མདའ་ཟོར་སྤུ་གྲིར་བརྡེག །བྲམ་ཟེ་ཉེ་ན་བུརྙའི་ཙོག་བརྡུངས་བརྡེག །རྗེའུ་རིགས་ལ་ནི་ཡང་སྙིང་ནག་པོས་བྱ། །དམངས་ལ་མཛེ་ཟོར་ནག་པོས་འཁོར་ལོ་འཕང་། །འདི་ནི་ཀུན་ལ་གཅེས་པ་སྙིང་དང་འདྲ། །ས་བདག་ཀླུ་ཡི་ཡང་སྙིང་མཛེ་ཟོར་ཡིན་པས་གཅེས། །མི་རིགས་གཏད་པ་ལྔ་གླིང་བཞི་གླིང་དང་། །གསུམ་གླིང་གཉིས་གླིང་དག་ཏུ་ཕྱེ་བ་སྟེ། །ལྔ་གླིང་བྱེད་ན་དཀྱིལ་འཁོར་མཐིང་ནག་ཨེ་དབུས་སུ། ཤར་དུ་དཀར་ནག་ལྷོ་ཡི་སེར་ནག་ཡིན། །བྱང་གི་ལྗང་ནག་ནུབ་ཀྱི་དམར་ནག་གོ །དེ་རྣམས་གཙོ་བོ་བདུན་རྣམས་རང་རང་གི །དེ་རྣམས་སྐུ་གསུང་ཐུགས་ལས་སྤྲུལ་པ་གསུམ་གསུམ་སྟེ། །སྟག་མགོ་ཐང་པོ་དགའ་བོ་ཡིན། །སྣ་ཚོགས་ཨོ་ལ་ཐང་པོ་ཨ་སྟེ་དགའ་བོ་ཧྲུ༷་ལས་གྱུར་པ་ཡིན། །གྲ་མ་སྐྱེར་པ་སེ་བ་རིམ་པས་སོ། །ཐོད་པ་ཁ་དོག་རེ་བ་སྐྲུལ་དང་རླུང་ཡིན་ཞེས། །ལུས་ངག་ཡིད་ལ་ཕུར་པ་གདབ་པ་ཡིན། །ཕུར་པ་རྣམས་ཀྱི་ཚད་ཀྱང་སོར་བཞི་སྟེ། །འབྱུང་བ་བཞི་པོ་དབང་དུ་སྡུད་པ་ཡིན། །དེ་ལྟར་སྔགས་དང་སྦྱོར་བ་རིགས་དང་སྦྱར། །ཕུར་པ་གདབ་པ་དག་ཀྱང་རིགས་དང་སྦྱར། །མདའ་ཟོར་བྱས་ལ་མདའ་ཡང་བརྡེག །མཚོན་གྱི་ཆར་པ་ཀུན་ཀྱང་དབབ། །གདུག་ན་ནད་རླུད་ཀུན་འདུས་བསམ། །ལྕགས་མཁར་འབར་བ་ཐོད་པ་སྟེ། །གདུག་སྔགས་སྒྱི་རྒྱུགས་ཆར་ཡང་འབབ། །ཧྲི་སྟི་བྱོས་སྨྱོར་ཞེས་བྱ་བ། །ཧྲི་ཏྲི་རོ་ཡམ་བཅུ་གཉིས་པ། །གནད་ཀྱི་འཁོར་ལོ་ཁ་གཅད་དོ། །ལྷ་སྲིན་ཀུན་ལ་གཏད་ཅིང་བཅོལ། །མ་ཉེས་དཔང་ཡང་དྲག་ཏུ་གཟུགས། །གདུང་བའི་སྨྲེ་སྔགས་རིང་དུ་གདོན། །དམིགས་པའི་མིང་ནས་ཕྱུང་ནས་ནི། །སྟག་མགོ་ཅན་ལ་གཏད་པར་བྱ། །མནན་པ་གནས་སུ་བསྐྱལ་བར་བྱ། །གླིང་བཞི་གྲུ་གསུམ་བཞི་ལ་བྱ། །གླིང་གསུམ་གྲུ་གསུམ་རེ་རེ་ལའོ། །གཉིས་ནི་དབུས་དང་བྱང་དུ་ཡིན། །ཞེས་གསུངས་སོ། །བྱོལ་སོང་གླང་མགོ་ཅན་ལས། རྟོག་པའི་སྐབས་ཏེ་དྲུག་པའོ།། །།གཏད་པའི་སྦྱོར་བ་རྫོགས་ནས་ནི། །ཀླུ་ཡི་དྲོད་ཚད་འབྱུང་བ་ངེས། །གཡག་གམ་མུན་པ་བྱུང་བ་ན། །འཁོར་ལོ་གོང་མ་སྤོགས་པ་ཡིན། །དམག་དང་བཤས་བྱེད་བྱུང་བ་ན། །དགྲ་རྟགས་མྱུར་དུ་འོང་བ་ཡིན། །གཏང་རག་གཏང་བའི་སྦྱོར་བ་བྱ། །དཀར་གཏོར་ཀླུ་ལ་དམར་གཏོར་བདུད། །དེ་ནི་ཉིན་དང་མཚན་མོ་བྱ། །རྒྱ་མཚོ་འཁྱིལ་པ་བྱུང་བ་ན། །མ་ཚོགས་གཏོར་མས་བྲིད་ལ་བསྐུལ། །རྒྱལ་རིགས་འབག་སེང་ཨ་ཙ་ར། །ལྷ་གང་ལ་སོགས་སྟོན་པ་ན། །གཏོར་མའམ་ནི་མདའ་ཟེར་༄༅ །བཅའ། །རས་སམ་རྒྱ་་།ག་དག་ལ་ཡང་། །སྦྲུལ་དཀར་ཁོངས་སུ་དགྲ་བོ་བྲི། །ནད་དང་དྲི་རྒོད་གང་འདོད་བྲི། །སྙིང་ལ་མདའ་ཟོར་གཟེར་བ་སྟེ། །ཞག་གྲགས་གསུམ་མ༷་ཉིན་གཅིག་ཡིན། །སྦལ་པ་ཁོང་སྟོང་ནང་དུ་གཞུག །རྒྱལ་རིགས་གནས་པའི་ས་རུ་མནན། །གཏོར་མ་དགྲ་བོའི་གནས་སུ་བརྡེག །རྒྱལ་རིགས་ལས་ཀྱི་མདེའུ་ཀའོ། །དམགས་དང་རྟ་པ་ཁྱི་སྤྱང་དང་། བུད་མེད་མང་པོ་བྱུང་བ་ན། །ཐོད་པ་ཉི་མ་ནུབ་ནས་བླང་། །རྣ་བར་དར་ལྕེ་བཏགས་ནས་ཀྱང་། །ཀླུ་ཆེན་བརྒྱད་ཀྱི་སྙིང་པོ་བྲི། །ནང་དུ་དགྲ་གཟུགས་ཨ་མུ་ཀ །སྦྲུལ་དང་སྦལ་པ་སྡིག་པ་དང་། །གཏོར་མ་གཞུག་པ་མཆོག་ཡིན་ཏེ། །ཅོག་རྡུངས་ཉིན་གཅིག་བཟླས་ཤེས་པས། །གཉེན་པོ་བཛྲ་ཧེ་རུ་ཀ །ནུབ་ཕྱོགས་ཆུ་མིག་ལྟེང་བག་ཅན། །འདི་ཉིད་གཏད་ན་ལས་འགྲུབ་པས། །བྲམ་ཟེ་བྱུ་ཏ་ནག་པོ་ཡིན། །ཐེབས་པ་རྟགས་ཀྱི་ཚད་མ་གཟུང་། །འདི་དག་མི་བཟད་ཧོམ་ཞེས་བྱ། །ཀླུ་བཙན་ཤ་རྐྱང་རྟ་བ་ནི། །མི་དམར་མང་པོ་མང་པོ་ན། །ཡང་སྙིང་ནག་པོའི་ལིང་ག་ནི། །རྒྱ་་།ག་དག་གམ་ཀ་རི་ཀ །དེ་ལ་གནས་པ་མིང་གཟུགས་ཞིང་། །སྦལ་པའི་ལྟོ་བར་དགྲ་གཟུགས་ལ། །ནག་པོ་ཡང་སྙིང་བསྐུལ་བས་བསྐོར། །འདི་ལ་ཞག་གྲངས་གསུམ་བཟླས་སམ། །ཡང་ན་གཞུང་བཞིན་ཤེས་པས་ན། །ཡང་སྙིང་ནག་པོ་ཞེས་བཤད་པ། །ཐོད་པ་བྱང་ཤར་མཚམས་སུ་སྟེ། །སྦལ་པ་ལྷོ་ནུབ་མཚམས་ན་ངཞེངརྗེངང་ང་ངངངཛེ་་འིང་་ཞེཡན། ། ས་བཤད་པ་ན་ འུ་རགས་གཏད། །ཚུབ་མ་འཁྱལ་དང་གཡག་རག་འགྱང་། །གདལ་དང་དམངས་ཀྱ་རགས་ཡན་པས། །མ ་ཟར་ནག་པ ་ལས་འད་བརྩམ། །འཁར་ལ་འཕང་དང་ཐུན་འཕང་བྱ། ། ས་ཐེཚོམེ་་་་དེངངངཚོ་་་ངངགསུངས་པ་ལས་ ་ མ་ ད། །བྱལ་སང་གླང་མག་ཅན་ལས་སྐབས་བདུན་པའ།། །། ་ནས་རྒྱལ་བའ་བཀའ་བསྟན་པ་བསྲུང་བའ་མན་ངག་ལས་ཀྱ་མ ན་ཆ་བྱལ་སང་ཧ་ལ་ནག་པ་འད་ན། །བཀའ་རྒྱུད་མཁའ་འགྲོས་ཚངས་པ་ཀླུ་གནས་ལྷ་ཁང་སྦས་ཏེ་བཞག །སྐལ་ལྡན་དབང་ཕྱུག་དཔལ་ལྡན་ཧུ༷་ཀ་ར། །དེ་ལས་རྒྱུད་པ་ཁྲག་འཐུང་ནག་པོ་སྟེ། །སྲོག་གི་རྟེན་པ་རིན་ཆེན་སྙིང་དང་འདྲ་བར་བཅངས། །ཅེས་གསུངས་ནས་རུ་ཁྲག་འཐུང་ནག་ནག་པོས་བ་སུ་དྷ་ར་ལ་གདམས་སོ། །ཀླུའི་འཁོར་ལོ་ནག་པོ་ཧ་ལ་འབར་བའི་རྒྱུད། བྱོལ་སོང་གླང་མགོ་ཅན་གྱིས་གསུངས་པ་རྫོགས་སོ།། །།