Ngb-pt-0922-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

འཁོར་བ་གཅིག་གིས་རྙེད་པར་ཤོག །ས་མ་ཡ། ས་ཏ་མ་ཏ་ཐ་ཏ། རྒྱ་རྒྱ་རྒྱ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་ན། གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་། འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་ཁང་པའི་ནང་དུ་གཤེགས་ནས་མཛོད་པུའི་བུ་ག་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། སོག་མ་མེད་ཀྱི་གནས་འོད་ཟེར་གྱིས་སྔོན་པོར་མཛད་ཅིང་། བཅོམ་ལྡན་འདས་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་དང་། ཀླུ་ཡི་རྒྱལ་པོ་སོག་མ་མེད་ཀྱིས་འོད་ཟེར་གྱི་སྣང་བར་བྱས་བའང་མཐོང་། བཅོམ་ལྡན་འདས་ཀླུ་ཆེན་པོའི་གཟུགས་སུ་བཞུགས་པའང་མཐོང་ནས། ཀྱེ་མ་ཀྱེ་མ་ཞེས་སྐྲག་ཅིང་ལུས་ཞུམ་སྟེ། བ་སྐྲུ་གྱེན་དུ་བསྒྲེང་ཞིང་ལུས་འདར་ནས། བཅོམ་ལྡན་འདས་ཀྱི་གཟི་བྱིན་མ་བཟོད་དེ། ཁྲོ་གཏུམ་པས་ཟིལ་གྱིས་ནོན་ནས། ང་ཡི་ཁྱིམ་དུ་དགྲ་གཞན་འོང་པ་འདི་དག་སུ་ཞིག་ཡིན། ཀླུ་ཆེན་པོ་དང་སྟོབས་འགྱེད་བར་ནུས་པ་འདི་སུ་ཞིག་ཡིན་ཞེས་བྱས་ནས། དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་ཁྲོས་ནས་འཁྲུགས་པར་འགྱུར། ཁྲོས་པའི་གད་མོའི་སྒྲའང་ཕྱུང་། སྨིན་མ་དཔྲལ་བར་བསྡུས། བཞིན་འགྱུར། ལྕེ་འདྲིལ། སྐྲ་བགྲེང་། སྐྲག་པར་བྱེད། ལག་ན་མཚོན་ཐོགས་ཏེ། སྒྲ་ཆེན་པོ་ཅ་ཅོའི་སྒྲ་ཕྱུང་ནས་འཇིགས་པ་ཆེན་པོ་གློག་འབར་བ་འབྱིན་ཞིང་། སྤྲིན་ནག་ཆེན་པོ་ལས་བཅོམ་ལྡན་འདས་ཀྱི་ཐོག་ཏུ་གནམ་ལྕག་དབབ་པར་འདོད་དོ། །གློག་གི་ཚོགས་ཀྱང་བརྡེག་པར་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་དང་ཐུགས་རྗེས་གཟིགས་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ། ཀླུའི་རྒྱལ་པོ་སོག་མ་མེད་སྡིགས་ཤིག །ཅེས་བཀའ་བསྩལ་ཏོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། སོགས་མ་མེད་ཀྱི་ཁྱིམ་དང་ཉེ་བར་རྡོ་རྗེ་གསོར་ཅིང་། ཁྲོ་བོའི་རྒྱལ་པོ་འདི་བརྗོད་ཅིང་གསུངས་སོ། །ན་མོ་རཏྣ་ན་ཏྲ་ཡ་ལྭ། ན་མ་ཙཎྜབཛྲ་བཱ་ན་ཡེ། མ་ཧྭ་ཡཀྟ་སེན་པ་ཏ་ཡེ། ཨོ་ཙཎྜབེ་ག་བ་རེ་བྷ་ས་ར་ས་ར་སྟི་རེ། ཧུ་ཏུ་ཏུ་མུ་ལ། ས་མ་ཡུ་བི་རེ། ཧུ་རུ་ཧུ་རུ་ཧུ༷། ཏིགི་ཏིསྒ སྟོ་བན་ནཱ་ག་ནད་པྲ་ཧ་ར་ཏུ། མ་ཧྭ་སྤྱོ་དྷ་རྭ་ཛུ། སྐྲུ་ཏ་སྤུ་ཏ། བི་རེ་བི་རེ།ས་ར་ས་ར། ས་མན་ཏ་རུ་ཏི། ཧུ༷་ཕཊ་ཧུ༷་ཕཊ་ཕཊ་གྲྭཧྭ། རིག་པའི་རྒྱལ་པོ་འདི་བརྗོད་མ་ཐག་ཏུ། དེ་ནས་ཁྱིམ་དང་བཅས་ཏེ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས། ཀྱེ་ཕྱག་ན་རྡོ་རྗེ་ཁྱོད་ང་དང་སྟོབས་འགྱེད་བར་ཅི་ཡི་ཕྱིར་དབུགས་དང་རྔུབས་གཅིག་གིས་བཟའ་བར་བྱའོ། །ཁྱོད་ཀྱི་སྲོག་འཕྲོག་བར་བྱའོ། །ཞེས་སྨྲས་སོ། །དེ་ནས་གནོད་སྦྱིན་གྱི་དེད་དཔོན་ཕྱག་ན་རྡོ་རྗེ་ཁྲོས་འཁྲུགས་ནས་ཟིལ་གྱིས་མནན་ནས། ལུས་རབ་ཏུ་འབར་ཞིང་ཁྲོ་བོའི་གད་མོ་འབྱིན། མཆེ་བ་བཙིགས། མིག་བགྲད་དེ་ཀླུ་ཡི་རྒྱལ་པོ་བཀའ་སྟོད་ཅིག །རིང་པོ་མི་ཐོགས་པར་བསྟན་པར་བྱའོ། །སྟོབས་གང་ཡིན་པའི་ཀླུའི་རྒྱལ་པོས་ལྟོས་ཅིག །རྡོ་རྗེ་རབ་ཏུ་འབར་བ་གསོར་ཞིང་ཀླུའི་རྒྱལ་པོ་དེ་ལ་རྡེག་པར་འདོད་ལ། བདག་གི་ཀླུ་སྟོབས་དང་བཅས་པ། གཞོན་པ་དང་བཅས་པར་གཞོམ་པར་བྱའོ། །ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། ཕྱག་ན་རྡོ་རྗེ་ཁྲོ་བོའི་དབང་དུ་མ་འགྲོ་བར། ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་སྐྲག་པར་བྱས་ལ་ཀླུའི་རྒྱལ་པོ་རྣམས་ལ་མ་འཚེ་ཞིག་ཅེས་བཀའ་སྩལ་བ་དང་། དེ་ནས་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེས། རྡོ་རྗེ་འབར་བ་དེ་གཅིག་རི་ཁྱིམ་ལ་བསྣུན་ནོ། །ཀླུའི་ཁྱིམ་དེ་དག་དུམ་བུར་དུམ་བུར་བཅོམ་ནས། རྡོ་རྗེ་འབར་བའི་མི་གཅེས་བྱ་བ་ཁྲོ་བོ་ཆེན་པོའི་སྔགས་སྨྲས་པས། ཨོ་པྲ་ཛ་ལ་སྦོ་ཏ་ཡ། ཀྱི་རྒྱ་དུ་བྷ་བ་ནན། ཧུ༷་ཧུ༷་ཧུ༷་ཕཊ་ཕཊ་ཕཊ་གྲྭཧྭ། དེ་ནས་ཀླུའི་རྐྱལ་པོ་དེ་དང་། ཀླུའི་བུ་མོ་རྣམས་ཤིན་ཏུ་འཁྲུགས་ཅིང་གཅེར་བུར་ཕྱུང་། འཕྲེང་གཏོར་ནས་འབྲོས་པར་འདོད།དེ་ནས་ཀླུའི་རྒྱལ་པོ་ཁྲོས་པ་དང་། དགྲ་ཐམས་ཅད་འཇོམས་པར་བྱེད་པ། མ་རུངས་པའི་ཀླུ་རྣམས་འདུལ་བར་བྱེད་པ། ག་་པོ་རྣམས་ཕུང་བར་བྱེད་པའི་ཆོ་ག་བརྗོད་པར་བྱའོ། །ཉུངས་དཀར་དང་། བའི་ལྕི་བ་དང་། རམ་ས་དང་། བའི་གཅིན་དང་སྦྱར་ལ་ཀླུའི་གཟུགས་མགོ་བདུན་པ་བྱས་ལ། ལི་ཁྲིས་བསྐུས་ཏེ། དཀྱིལ་འཁོར་གྲུ་བཞིར་བྱས་ནས། རྐང་པ་གཉིས་ཀྱིས་མནན་ཏེ། སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དབྱར་གྱི་ཚེ་ན། སད་དང་། རླུད་དང་།སེར་བ་འབབས་པ་རྣམས་ལ་ནི་སྤྱི་བོར་རྡོ་རྗེ་བསྣུན་ན། དེའི་ཚེ་རླུད་དང་། སེར་བ་དང་། སད་མི་བཟད་པ་རྣམས་དམ་ཚིག་ཉིད་ཀྱིས་ཀླུ་རྣམས་འབེབས་པར་མི་བྱེད་ཅིང་། ཇི་ཙམ་དུ་གཟུགས་བརྙན་ཡོད་ཀྱི་བར་དུ་ཕྱིས་ཀྱང་སེར་བ་མི་འབྱུང་ངོ་། །སེང་ལྡེང་གྱི་ཕུར་པ་སོར་བརྒྱད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། ལུས་དཀྱིལ་དུ་བཏབ་ན། སད་དང་། རླུང་དང་།སེར་སྤྲིན་ཐམས་ཅད་བསྡམས་པར་འགྱུར་རོ། །དུས་དུས་སུ་ཀླུ་རྣམས་ཆར་པའི་རྒྱུན་འབེབས་པར་བྱེད་དོ། །གང་ཏུ་ཀླུ་ཡིས་ལུས་ཀྱི་གཟུགས་བརྙན་མཐོང་བ་དེར་མེ་ཏོག་དང་། ལོ་མ་དང་། འབྲས་བུ་ལ་སུའང་གནོད་པར་མི་བྱེད་དོ། །རྣམ་པར་འཇིག་པར་མི་བྱེད་དོ། །གཟུགས་བརྙན་དེ་ཁྱིམ་ན་ཡོད་པར་མཐོང་ནའང་། ཐམས་ཅད་ཚིག་སྟེ་འཕྲོས་བར་འགྱུར་རོ། །འོན་ཏེ་དགྲ་ཐམས་ཅད་གཞམ་པར་བྱ་བར་འདོད་ན་ས་བོན་བདུན་པ་དང་པུ་རྩེར་བསྲེས་ལ། སྐེ་ཚེའི་ས་བོན་དང་བསྲེས་ནས་ལན་ཚྭ་ནག་པོ་དང་བསྲེས་པ་དང་། དེ་ཡི་མིང་གི་གཟུགས་བརྙན་བྱས་ཏེ། ལན་བརྒྱད་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཏི་ཙ་སྙིང་བའི་ནང་དུ་གཞུག་གོ །གང་གི་མིང་བཅུག་ན་དེའི་ཁོན་དང་། མི་བསྲུན་པ་དང་། ཁྲོ་བ་དང་། འཁྲུག་པ་དེ་དག་ཐམས་ཅད་ཞི་བར་འགྱུར་རོ། །དབང་དུ་གྱུར་ནས་སྐྱབས་སུ་འོང་བར་འགྱུར་རོ། །བྲན་བཞིན་དུ་གྱུར་ཏེ་འདུག་གོ །འོན་ཏེ་བསྐྲད་པར་འདོད་ན། ཧོམ་གྱི་ཐལ་བས་གཏོར་ན་ཞག་བདུན་གྱིས་བསྐྲད་པར་འགྱུར་རོ། །འོན་ཏེ་གསད་པར་འདོད་ན། སེང་ལྡེང་གི་ཕུར་བུ་སོར་བརྒྱད་ཀྱི་ཚད་བྱས་པ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས། །སྙིང་ཁར་གཙུགས་ཏེ། རིའི་རྩེ་མོར་གཞག་ན། ཀོང་གི་མིང་ཡིན་པ་དེ་ནི་ཞག་གསུམ་གྱིས་འཆི་བར་འགྱུར་རོ། །ལྷ་ཁང་དུ་བཙུགས་ན་ཐམས་ཅད་འཚིག་པར་འགྱུར་རོ། །འོན་ཏེ་བསྐྲད་བར་འདོད་པ་དང་། གྲོང་གཞོམ་པར་འདོད་པ་དེས། ལྕགས་ཀྱི་ཕུར་བུ་ཚད་སོར་གཉིས་པ་བྱས་ལ། རྡོ་རྗེ་འབར་བའི་མིག་ཁྲོས་པའི་སྔགས་ཀྱིས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། གྲོང་གི་སྒོའམ། རྭ་ཛ་གུ་ལི་སྒོའམ། ལྷ་ཁང་གི་སྒོར་བཙུགས་ན། གྲོང་ངམ་གྲོང་ཁྱེར་དེ་དག་ཏུ་བཙུགས་མ་ཐག་ཏུ་དུམ་བུ་ལྔ་བཅུར་འབྲིས་ཤིང་རྒྱན་དེར་འགྱུར་རོ། །འདིས་གནོད་པ་འབྱུང་བ་ཐམས་ཅད་ལ་བྱས་ན་སྨིན་པར་འགྱུར་རོ། །དུར་ཁྲོད་དུ་བཙུགས་ན། གནོད་སྤྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དྭགས་དང་། གནོད་སྦྱིན་གྱི་ཁྱིམ་ཐམས་ཅད་ཕྱེ་མར་འགྱུར་ཞིང་རྣམ་པར་འཇིག་གོ །ཀླུ་ཡོད་པའི་མཚོར་བཙུགས་ན། ཀླུའི་ཁྱིམ་ཐམས་ཅད་ཕྱེ་མར་རློག་གོ །གཞན་ཡང་ཡིད་ལ་ཇི་ལྟར་བྱས་པ་བཞིན་དུ་ལས་འབུམ་བྱེད་པར་འགྱུར་རོ། །དེ་ནས་གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། ཀླུའི་རྒྱལ་པོ་སོག་མ་མེད་ལ་འདི་སྐད་ཅེས། ཀླུའི་རྒྱལ་པོ་ཁྱེད་གར་འབྲོས་ཞེས་སྨྲས་པ་དང་། དེ་ནས་སོག་མ་མེད་ཁྲོས་པར་གྱུར་ཏེ། རྡོ་རྗེ་ཆེར་དབབ་པར་འདོད་དེ། དེ་ནས་གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡང་ཁྲོ་བོའི་རྒྱལ་པོ་ཞེས་བྱ་བའི་སྙིང་པོའི་དཀྱིལ་འཁོར་ཀླུ་ཐམས་ཅད་འཇོམས་པར་བྱེད་པ་བཤད་པར་འདོད་ནས། མ་རུངས་པ་ཐམས་ཅད་སེལ་བར་བྱེད། དགྲ་ཐམས་ཅད་འཇོམས་པར་བྱེད་པ། རླུད་དང་། སེར་བ་དང་། སྤྲིན་ནག་པོ་ཐམས་ཅད་སེལ་བར་བྱེད་པ་སྨྲས་པ། ན་མོ་རཏྣ་ཏྲ་ཡ་ཡ། ནམ་ཙཎྜབཛྲ་པ་ཎ་ཡེ། མཧྭ་ཡཀྟ་སེ་ན་པ་ཏ་ཡེ། ཏབྱ་ཐུ། ཨོ་པྲ་ཀུ་པ་ཏ། བེ་ག་དྷ་ར། ས་ར་ས་ར། མཧྭ་བེ་ག ཧེ་ས་ར་བི་ས་ར་ས་རྭ་སྟི་ར་ཀ་ར་ཀ་ར།པྲ་་ཛ་ལི་ཏེ་མ་ཧྭ་མེ་ཀ །མན་ཏ་ལི། པྲ་མ་ཧྭ་པྲ་ཙན་དྷ། བེ་ག་དྷ་ར། བེན་ན་གེན་ཏྲ། ཧུ༷་ཧཱུཾ་དུན་དུན། སྐྲུ་ཏ་སྐྲུ་ཏ། ནཱ་ག་ཤ་རི་རན། ཧ་ན་ཧ་ན་ནཱ་ག་ནན། པྲ་ཧ་ར། སརྦ་ཤད་ཀྲུན་བ་མ་ན་ཡུ། ནཱ་ཤ་ཡུ། བི་ཏྲ་བི་བ་ཡ།ཏྲ་ས་ཡུ། ནཱ་ག་ནན། བྷ་བ་ནན། ཀ༷་པ་ཡ། ཧུ༷་ཧུ༷་ཕཊ། ཕུ་ཡུ་ཏན་ཏུ་ ནཱ་ག་ནཱ་ག་ན་ནི། ཧུ༷་ཧུ༷་ཕཊ། ཕུ་ཡུ་ཏན་ཏུ། སརྦ་ཤ་ཏྲུ༷། ཧྲི་ད་ཡ་ནི། ཧུ༷་ཧུ༷་ཕཊ། བེ་གེ་བེ་གེ །བེ་ག་བ་ཧི་ནི། པོ་ཏ་ཡ་ཧུ༷་ཧུ༷་ཕཊ་གྲྭཧྭ། ནཱ་ག་བི་ད་ར་ན་ཡ་ཧུ༷་ཧུ༷་ཕཊ་ཕཊ་གྲྭཧྭ། སོ་བཤད་དྲུ་པྲ་མ་ཐ་ན་ཡ་ཧུ༷་ཕཊ་གྲྭཧྭ། བི་རེ་བི་རེ་གྲྭཧྭ། ཀྲོདྷ་ནཱ་ཤ་ཡ་ཕཊ། ཀྲོདྷ་དྷིདྷ་ཧ་ན་ཡ་ཕཊ། རོ་ཤ་ན་ཡ་ཕཊ། དྷིདྷ་ར་ན་ཡ་ཕཊ། མ་ར་ན་ཡ་ཕཊ། ཀུ་ལ་ཨུད་ས་དན་ཀ་ར་ཡ་ཕཊ། སརྦ་དུ་ཥལྒོནན་ཕཊ། བ་སྨི་ཀ་ར་ན་ཡ་ཧུ༷་ཧུ༷་ཕཊ་ཕཊ། གནོད་སྤྱིན་གྱི་དེད་དཔོན་ཆེན་པོ་ལགན་རྡོ་རྗེས། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཀླུ་རྣམས་འཆི་བས་འཇིགས་པར་བྱེད་པ་འདི་དག་ཐམསཅད་ཀྱི་སྲོག་གཞོམ་པའི་ཕྱིར་བཤད་མ་ཐག་ཏུ་རི་དང་། བྲག་དང་། ཚལ་དང་། ཁྱིམ་དང་། སྐྱེད་མོས་ཚལ་དང་བཅས་པ་འདི་དག་རྣམ་པ་དྲུག་ཏུ་གཡོས་སོ། །ཀླུ་རྣམས་ཀྱང་འདར་ནོན་ཏེ་བསྲེག་གོ །དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་འཇིགས་སྐྲག་སྟེ། ཁྲོ་བ་དང་བྲལ་ནས། སྙིང་སྟོར་ལུས་འདར་ནས། ལུས་ལ་རྔུལ་བྱུང་ནས། སྙིང་ནས་ངོ་ཚ་བ་དང་བཅས་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ག་ས། འདི་སྐད་ཅེས་བཅོམ་ལྡན་འདས་ལ་བཟོད་པར་གསོལ། བཟོད་པར་གསོལ། བདག་གི་སྲོག་མི་གཞོམ་དུ་གསོལ། གང་དུབ་དག་གིས་གནོད་སེམས་བགྱིད་པར་མ་འཚལ་ལོ། །བཅོམ་ལྡནའདས་ཕྱག་ན་རྡོ་རྗེས་བཤད་པ་ནི།ཁྲོ་བོ་ཆེན་པོའི་དྲག་ཤུལ་ཆེན་པོའི་གཏུམ་པོ་དྲག་པོ་འཇིགས་པར་བགྱིད་པ་ལ་གསན། བཅོམ་ལྡན་འདས་དེ་ལས་བདག་བསྐྱབ་པར་གསོལ། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་ཀླུའི་བདག་པོ་ལག་ན་རྡོ་རྗེ་ལ་བཟོད་པར་གསོལ་ཅིག །ཀླུའི་རྒྱལ་པོ་ཁྱེད་སྡུག་བསྔལ་མང་པོ་འབྱུང་བར་མི་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་ན་མཆིས་སྤྱིན་དུ། དེ་བདག་གི་སྙིང་འདུལ་བར་དཀའ་ཞིང་། རྡོ་རྗེ་མི་བཟད་པའི་གནམ་ལྕགས་འབེབས རིའི་ཆར་འབེབས། ལོ་ཏོག་རྣམས་འཇོམས། སད་དང་།སྤྱིན་དང་། རླུད་འབྱུང་བའི་སྤྲིན་དང་། གློག་འབར་བ་གཏོང་བར་བགྱིད་ན། བཅོམ་ལྡན་འདས་མ་འོངས་པ་ཕྱི་མའི་ཚེ། སེམས་ཅན་མི་སྲུན་པ་རྣམས་ཀྱི་ཆེད་དུ་མེ་མ་མུར་གྱི་ཆར་འབེབས་པར་ཅིས་ཏེ་མི་བགྱིད། དེ་མེ་འབར་བ་དང་། གློག་འགྱུར་བ་གཏོང་བར་བགྱིད་ན། རལ་གྲི་དང་། ག་་ཤིང་དང་། འཁོར་ལོ་དང་། མདའ་མདུང་གི་འབེབས་པར་བགྱིད་ལ། བཅོམ་ལྡན་འདས་ཀླུའི་སྒྲས་ཀྱང་ལོ་ཏོག་ཐམས་ཅད་ཀྱི་བཅུད་འཕྲོག་པར་བགྱིད། སེམས་ཅན་རྣམས་ཀྱི་མདངས་འཕྲོག་པར་བགྱིད་དོ། །བཅོམ་ལྡན་འདས་དེ་ལྟ་བུ་ལ་བདག་གིས་ཇི་ལྟར་དྲན་པ་ཙམ་དང་བརྗོད་པ་ཐག་ཙམ་གྱིས་ཀླུ་རྣམས་ཀྱི་ལུས་ཞིག་པར་འགྱུར་ཞིང་།ཀླུ་ཐམས་ཅད་ཀྱི་སྙིང་འགས་པར་འགྱུར་བ་དང་། ལན་བདུན་དྲན་པ་ཙམ་གྱིས། ཀླུ་ཐམས་ཅད་དུམ་བུ་ལྔ་བཅུར་ཆད་པ་དང་། དུམ་བུ་དུམ་བུར་འཆད་པ་དང་། ང་རྒྱལ་ཐམས་ཅད་འཇོམས་བར་འགྱུར་པ་དང་། དེ་བཞིན་དུ་མ་རུངས་བ་ཐམས་ཅད་དང་། ཕྱིར་རྒོལ་པ་ཐམས་ཅད་དང་། དགྲ་རྣམས་རྣམ་པར་འཇིག་པར་འཀྱུར་བ་དང་། རུལ་བར་འགྱུར་བ་དང་། ཕུང་བར་འགྱུར་བ་དང་། མྱོས་པར་འགྱུར་བའི་ལས་དེ་ལྟ་བུ་བརྗོད་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སེམས་ཅན་བདེ་བ་ཐོབ་པར་འགྱུར་བ་དེ་ལྟར་དེ་ལ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་གནོད་སྤྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་སོག་མ་མེད་དང་། ཀླུ་ཐམས་ཅད་ཀྱི་སྙིང་འཇོམས་པ་དང་བཅས་པར་འགྱུར་བ་དང་། ཀླུ་ཐམས་ཅད་འདུལ་བར་བྱེད་པ་འདི་བྱིན་གྱིས་བརླབས་ཟིན་གྱིས། །དཀྱིལ་འཁོར་གྱི་རྟོག་པ་ཀླག་པས་གྲུབ་པའམ། བྱས་པས་རིག་སྔགས་བརྗོད་པ་ཙམ་གྱིས་མོད་ལ་ལས་བྱེད་པར་འགྱུར་ཏེ། ཚེས་གྲངས་དང་སྦྱར་བ་མེད་དོ། །སྐར་མ་དང་སྦྱར་བ་མེད་དོ། །སྒྱུང་བ་བྱས་པ་མེད་པར་བཤད་དོ། །ལས་འདི་ལའང་བསྒྲུབ་མི་དགོས་སོ། །དེ་ལས་བྱེད་པ་ན་གཏོར་མའང་མི་དགོས་ཀྱི། ལས་བྱེད་པ་ན་ཁྲོ་བོའི་རྒྱལ་པོ་བརྗོད་པ་འབའ་ཞིག་ཏུ་ཟད་དེ། ལེགས་པར་ཁྲུས་བྱས་གོས་གཙང་མགོན་ཏེ། ལས་ཐམས་ཅད་བྱའོ། །དེ་ནས་ཁྲོ་བོའི་རྒྱལ་པོའི་ཆོ་ག་ནི། རལ་གྲིའམ། མཚོན་ཆའམ། དབྱུག་པའམ། རྡོ་རྗེའམ། ཀ་ར་བྲི་རའམ། སེའུ་ལྕུགས་གམ། དེ་བཞིན་དུ་ཁྲོ་བོ་ཆེན་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། ནས་གཙང་མར་གཞག་ལ། གང་གི་རླུད་དང་སེར་བ་སྦྲིན་ལས་འབབ་བར་འདོད་པ་དེའི་ཚེ་བསྐོར་བ་བྱས་ནས། གང་དུ་སེར་བ་དབབ་པའི་ཕྱོགས་དེ་ཉིད་དུ། སེར་བ་ལྟུང་བར་མི་འགྱུར་རོ། །དཔག་ཚད་ཀྱི་ནང་ཚུན་ཆད་དུ་ཡིད་ལ་བྱས་ན། ཡང་གཞན་དུ་འཕྲོ་བར་གྱུར་ན། ཉེ་བར་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་སྲན་ཆུང་གི་སོག་མ་ཞིབ་ཏུ་བཏགས་ཏེ། ཚགས་ཀྱི་ནང་དུ་བཙགས་ཏེ། ལི་ཁྲི་དང་བསྲེས་ནས་སྦྲང་རྩི་དང་སྦྲུས་ཏེ། ཀླུ་མགོ་སྒྲུལ་གྱི་གདེང་ཀས་བསྐོར་བས་ལུས་ཀླུ་མགོ་བདུན་བཞེང་སོར་བཅུ་དྲུག་པ། ཀླུའི་གཟུགས་སོ་སོར་བཅུ་གཉིས་པ་ཁང་བུ་དང་བཅས་པར་བྱས་ལ། ཁང་བུའི་དབུས་སུ་བཞུགས་པར་བྱའོ། ཁང་བུ་ནི་གྲུ་བཞིར་བྱས་ཏེ། གྲྭ་གཅིག་ཏུ་ཀླུའི་རྟ་གདོང་གཞག །གཉིས་པ་སེང་གེའི་གདོང་གཞག །གསུམ་པར་མ་ར་ཀའི་གདོང་གཞག །བཞི་པར་ཉའི་གདོང་གཞག་གོ །དབུས་ཀྱི་ཀླུའི་རྒྱལ་པོ་ནི་གསེར་གྱིས་གཞག་གོ །དེ་ནས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། ཇི་ལྟར་འདོད་པའམ། ཅི་སེམས་པ་བསམ་ཞིང་། མེ་ཏོག་དང་རྙུ་བ་དང་། གཏོར་མ་བསམ་ཞིང་དབུལ་བར་བྱའོ། །ཉུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ཀླུའི་སྟེང་དུ་གཏོར་མ་ཐག་ཏུ། ཀླུ་ཐམས་ཅད་ཀྱི་འདོད་དགུའི་གཏོར་མ་ཆེན་པོ་འབྱུང་བར་འགྱུར་ཏེ། ཀླུ་དེ་དག་ཀྱང་དགའ་བ་རྒྱས་པར་འགྱུར་རོ། །ཀླུ་དེ་དག་ཐམས་ཅད་ཆར་མི་འབབ་པའི་ཚེ། འཛམ་བུའི་གླིང་ཀུན་ཏུ་ཁྱབ་པར་ཞག་བདུན་དུ་འབེབས་སོ། །མཆོག་ཏུ་དགའ་བས་ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། ནགས་ཚལ་དང་། མགོ་ལྕོགས་དང་། སྨན་རྣམས་འཁྲུངས་པར་བྱེད། སྙེད་པར་བྱེད་དོ། །རོ་ཞིམ་པོ་དང་། འཇམ་པོ་དང་། མདངས་དང་ལྡན་པར་བྱེད་དེ། དེ་དག་ནི་ཆར་མི་འབབ་པའི་ཚེ་ཡིན་ནོ། །ཡང་ན་ཀླུ་རྣམས་མི་སྲུན་བསད་དང་། སེར་བ་དང་། རླུད་དང་། གློག་འགྱུ་བ་གཏོང་བ་ཡོད་ན། རིག་པ་འཛིན་པ་དེ་ཐལ་བ་དང་། ཉུངས་ཀར་དང་། ཆུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན། ཁྱིམ་གྱི་ནང་ཀུན་ཏུ་མཚམས་གཅད་པར་བྱའོ། །ཐལ་བ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ཡིད་ལ་བསམ་ཞིང་སྤྱི་བོར་གཏོར་རོ། །ཇི་ཙམ་འདོད་པར་འཚམས་གཅད་པར་བྱའོ། །ཕྱོགས་བཞིར་མཚམས་གཅད་པར་བྱའོ། །འོག་དང་སྟེང་དུ་ཡང་གཏོར་ན་ཡང་མཚམས་ཆེན་པོ་ཡང་བཅད་པ་ཡིན། དེ་གནམ་ལྕགས་དང་། རྡོའི་ཆར་པ་དང་། གློག་འགྱུ་བ་དང་། གཏོང་བར་འདོད་ན། དེ་དག་ཀྱང་ཐིགས་ཅིག་གཏོང་བར་སྤྲོ་བ་མེད་ཅིང་། ཕྱིས་ཀྱང་སྒྲ་འབྱིན་པར་ནུས་སོ། །དེ་ནས་རིག་པ་འཛིན་པ་ཉུངས་ཀར་རམ་ཆུ་ལ་བཟླས་བརྗོད་བྱས་ཏེ།ཕྱོགས་བཅུར་གཏོར་ལ་ཁྱིམ་གྱི་སྟེང་དུ་གཏོར་བར་བྱས་ན། ཀླུ་ཐམས་ཅད་ཀྱང་བཀྲོལ་བར་འགྱུར་ཞིང་ཀུན་ཀྱང་དབང་དུ་འཀྱུར། བཀའ་ཉན་ཅིང་འདུག་པར་འགྱུར་རོ། །རིག་པ་འཛིན་པ་ཁྲོས་པས་ཧུ༷་ཞེས་བརྗོད་པ་ཙམ་གྱིས་ཀླུ་ཐམས་ཅད་ཀླད་ནད་དྲག་པོས་ཐེབས་ཤིང་། མེ་འབར་བ་ལུས་ཀྱི་སྟེང་དུ་འབར་བར་འགྱུར་རོ། །གང་གི་ཐོག་དབབ་པར་འདོད་ན། དེའི་ཚེ་ཁྱིམ་དང་བཅས་པར་རྡོའི་ཆར་ཆེན་པོ་དབབ་པར་འགྱུར་རོ། ཁང་པའི་སྟེང་ངམ་རིལ་བའི་ལྕི་བས་མཎྜལ་གྲུ་བཞི་པ་བྱས་ལ། ལན་བདུན་བཟླས་བརྗོད་བྱས་པའི་ཉུངས་ཀར་གྱིས་ཁྱབ་པར་གཏོར་ཏེ། དེའི་དབུས་སུ་ཁྱིམ་གཞག་ལ། རླུད་འཆད་པ་བྱས་ནས། སེང་ལྡེང་གྱི་ཕུར་བུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་གྲུ་བཞིར་བཙུགས་ན། ཕུར་བུ་ཇི་སྲིད་མ་ཕྱུང་བར་དུ་རླུད་ཐམས་ཅད་འཆིང་བར་འགྱུར་རོ། །དེ་ལྟར་ཀླུ་མི་སྲུན་པ་རྣམས་ཆད་གཅད་ལ། མཆོག་ཏུ་དྲག་པོའི་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ནི། ཡིད་ལ་ཇི་ལྟར་བྱ་བ་བཞིན་དུ་ལས་ཐམས་ཅད་ལ་སྦྱར་བ་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་སྙིང་པོ་མི་བཟད་པ། དྲག་པོ་ཆེན་པོ་དང་ལྡན་པ། ཀླུ་རྣམས་ཀྱིས་དམཚིག་སྨྲས་པ། ཨོ་སྤུ་ཏ་སྤུ་ཏ་མཧྭ་ཀྲོདྷ། ཧུ༷་སིདྷི་སིདྷི་སྦོ་དྷ་ཡ་ཧུ༷་ཕཊ་གྲྭཧྭ། དེ་ནས་ཕྱག་ན་རྡོ་རྗེས་ཁྲོ་བོ་ཆེན་པོའི་དམ་ཚིག་ཆེན་པོའི་གཟུངས་བཤད་མ་དག་ཏུ། ཀླུའི་རྒྱལ་པོ་དང་། ཀླུ་ཆེན་པོ་དང་བྲང་གིས་འགྲོ་བའི་ཀླུ་དང་། ཉའི་ཀླུ་དང་། གྲུལ་བུམ་གྱི་ཀླུ་དང་།ས་སྲིན་གྱིཀླུ་དང་། རླུད་འབྱུང་བའི་ཀླུ་དང་། སྦལ་པའི་ཀླུ་དང་། ཤ་ཟ་ལ་སོགས་པའི་ཀླུ་དེ་དག་ཐམས་ཅད་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་།དམངས་རིགས་དང་། གདོལ་པ་དང་། ཀླུ་དེ་དག་ཐམས་ཅད་ཁས་བུབ་ཏུ་བསྒྱེལ་ནས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ་། །དེ་ནས་ཕྱོགས་བཅུ་ནས་ཀླུ་རྣམས་རིངས་པར་ཉེ་བར་འོངས་ནས། དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་བཤད་པ་ནི་མི་བཟད་པ་ལགས་ཏེ། འབྱུང་པོ་རྣམས་ཀྱི་བཟོད་པར་དཀའ་བ། འཆི་བའི་དཔག་པ་སྟོབས་ཆེན་པོ་ལགས་སོ་ཞེས་གསོལ་ཏོ། །སོག་མ་མེད་ཀྱིས་འདི་སྐད་ཅེས། བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ། དམ་ཚིག་ལའང་ཀླུ་རྣམས་བུ་དང་བཅས། གཉེན་དང་བཅས་ཏེ་གནས་པར་བགྱིའོ། །བདག་ཅག་བདེན་པ་ལ་གནས་པར་བགྱིའོ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་མགོན་ལགས་སོ། །དཔུང་དང་བཅས་བཞོན་པ་དང་བཅས་ཏེ། གསུམ་ལ་སྐྱབས་སུ་མཆི་བར་བགྱི། འདིར་མ་རྟོགས་པའི་རི་ལ་གནས་པའི་ཀླུ་ཁྱེའུ་གཏུམ་པོ་ཀླུ་མང་པོ་རྣམས་བསྟན་པའི་ནང་ནས་དགྲ་བགྱིད་པ། བདག་གིས་སྲོག་འཇོམས་པར་བགྱིད་པ་དེ་དགྲ་བོ་དེ་དག་བསལ་དུ་གསོལ། བདག་གི་ཁྱིམ་ལ་བསྐྱབ་ཏུ་གསོལ། གང་དང་གང་ན་ཁྲོ་བོ་ཆེན་པོའི་སྙིང་པོ་ཀླུའི་དཀྱིལ་འཁོར་བཟློག་པ་དང་། དྲན་པ་དང་། མིང་ཙམ་ཡང་འཛིན་པ་མཆིས་པའི་སྒོ་ནས་ཀྱང་། བདག་ཅག་ཀླུ་རྣམས་ཀྱི་སྟོབས་དང་བཅས་བཞོན་པ་དང་བཅས་པར་གནས་དེར་གནོད་པ་མི་བགྱིད་དོ། །དོན་ལ་སེམས་དཔའ་བཞིན་དུ་བགྱིད་ལགས་ཀྱིས་ཀྱང་། དེ་དག་ཐམས་ཅད་དམ་ཚིག་ལ་གནས་པར་བགྱིའོ། །ཡོངས་སུ་བསྐྱབ་པའི་ཕྱིར་ཀུན་ཏུ་དུས་དབབ་པར་བགྱིའོ། །བཅུད་གཏང་བར་བགྱིའོ། །ཐམས་ཅད་དུ་ཧུ༷་ཞེས་བརྗོད་པས་ཞི་བར་བྱའོ། །བདག་གིས་དམ་ཚིག་བསྐྱང་བར་བགྱིའོ། །དམ་ཚིག་ཅན་གང་ན་གནས་པར་ཡང་སྡིག་པ་མི་བགྱིའོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་སོག་མ་མེད་ཀླུའི་བདག་པོ་ལ་འདི་སྐད་ཅེས། ཀླུའི་བདག་པོ་དམ་ཚིག་སྨྲས་པ་དེ་བཞིན་དུ་དམ་ཚིག་སྲུངས་ཤིག །ཕྱི་མའི་ཚེ་ཕྱི་མའི་དུས་ན་བཅོལ་བ་འདི་དག་ཡིན་ཏེ། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་བསྐྱབ་པར་གྱིས་ཤིག །ལོ་ཏོག་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། འབྲས་བུ་དང་། ལོ་མ་དང་། འདབ་མ་དང་། ས་དང་། མགོ་ལྕོགས་དང་། སྨན་དང་། ནགས་ཚལ་ཐམས་ཅད་ཡོངས་སུ་བསྐྱང་བར་གྱིས་ཤིག །བསྲུང་བར་གྱིས་ཤིག །ཀླུ་དག་ངས་རྗེས་སུ་གདམས་པ་ཡིན་ཏེ། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱ་བ་ཡིན་གྱི། གཞན་དུ་ནི་མ་བྱེད་ཅིག །ཅེས་བཀའ་སྩལ་པ་དང་། དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་དང་། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་སྟེ་ཚིག་ལྔར་གསོལ་པ་ལས་གཞན་དུ་བགྱིད་ཅིང་མི་འགྲུབ་ན།བཅོམ་ལྡན་འདས་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསླུས་བར་གྱུར་ཅིག །ལུས་རུལ་ཅིང་དྲིང་བར་གྱུར་ཅིག །དུམ་བུ་ལྔ་བཅུར་ཞིག་པར་གྱུར་ཅིག །དམ་ཚིག་ཉམས་པར་གྱུར་བས།བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་མི་ཐོབ་པར་གྱུར་ཅིག །ཇི་སྟེ་བདག་ཅག་ཁྲོ་བོའི་རྒྱལ་པོ་དམ་ཚིག་ལས་འགལ་བར་བགྱིད་ན། རི་ལ་གནས་པའི་ཀླུ་གཞོན་ནུ་གཏུམ་པོ་མ་གཏོགས་པར་དགྲ་ཐམས་ཅད་འཇོམས་པར་བྱེད། ཀླུ་མང་པོ་དང་བདག་མི་མཐུན་པར་གྱུར་ཅིག །བཅོམ་ལྡན་འདས་རི་ལ་གནས་པའི་གཞོན་ནུ་གཏུམ་པོ་ལ་བདག་གིས་སྡོམ་པ་སྦྱིན་མི་ནུས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀླུ་ཡི་བདག་པོ་ཆེན་པོ་ལ་ལེགས་སོ་ལེགས་སོ། །དེ་བཞིན་དུ་བྱོས་ཅིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་གཞན་ཡང་ཁྲོ་བོའི་རྒྱལ་པོ་རྟོག་པ་འདི་དང་། རིག་པ་འཛིན་པ་ནི་སྟོན་པ་མངོན་པར་མཐོང་བ་བཞིན་དུ་བལྟའོ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་དང་མཉམ་པ་དང་འདྲ་བ་བདག་གིས་མ་མཐོང་མ་འཚལ་ཏོ། །དེ་བཞིན་གཤེགས་པའི་གཟུངས་བརྗོད་པ་རྣམས་ལ་བདག་གི་རྣ་བའི་བུ་གས་མཉན་པར་བྱའོ། །ཧུ༷་ཞེས་བྱ་བའི་སྒྲ་བརྗོད་ཀྱང་། བཅོམ་ལྡན་འདས་དང་།རིག་པ་འཛིན་པ་ལ་དེ་ཅི་བགྱི་ཞེས་བྱ་བའི་བྱེད་པ་པོར་འགྱུར་བ་བགྱིའོ། །བསྒོ་བ་བཞིན་དུ་རྗེས་སུ་བསྒྲུབ་པར་