Ngb-pt-0921-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་ནག་པོའི་སྐད་དུ། རོ་ཉ་ཀྲི་པྲ་ཤ་མ་ཏ་རི་ལ་ཧ་ར་ཁ་ན་ཏ། རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་ཙཀྲ་སབོ་ཀརྨ་ཨ་ཏི་ན་མ་ཏན་ཏྲེ་ར་ཛ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། །བཅོམ་ལན་འདས་ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་ཉིད། ཆོས་ཉིད་མཉམ་པའི་ངང་ལས་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། ཡེ་ཤེས་ཆེན་པོ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། འཁོར་མང་པོའི་ནང་ནས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམ་པ་བཞེངས་ཏེ། རིགས་ཀྱི་བདག་པོ་ལ་གསོལ་པ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །རྣམ་དག་ཆོས་སྐུའི་རང་བཞིན་ལས། །གདུག་པ་འདུལ་བའི་སྐུར་བཞེངས་ལ། །འཁོར་གྱི་དྲེགས་པ་དབང་བསྡུས་ལ། །རྡོ་རྗེ་འཆང་ཆེན་དཔག་མེད་པའི། ཁྱབ་བདག་ཡེ་ཤེས་བཤད་པར་མཛོད། །ཅེས་གསོལ་པས། དེ་ནས་ཀླུའི་བདག་པོ་འཇམ་དཔལ་ཉིད་ཀྱིས་ཐམས་ཅད་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ།ཕེ་ཤག་དུ་སྒྲུ༷་ཞེས་བརྗོད་པས་དེ་ཉིད་དུ་ཀླུའི་རིགས་ཀྱི་གཞལ་ཡས་ཁང་ཆེན་པོ་རྒྱ་ཡོངས་སུ་མ་ཆད་པ། མུན་པ་ཆེན་པོའི་སྨག་ཏུ་གྱུར་པ་ལ། རྒྱ་མཚོ་ཆེན་པོ་གཏིང་ནས་འཁོར་བ་ལྟར་འཁྲུག་པ། ཤིན་ཏུ་རྒྱ་ཡོངས་སུ་མ་ཆད་པའི་དབུས་ན། ལྕགས་ཀྱི་ཁང་རོམ་འབར་བ། སྒོ་མེད་ཅིང་ཡིད་ཀྱིས་རྒྱུ་བ། རུས་སྦལ་གྱི་འགྲམ་ལ། སྦྲུལ་ནག་འཁྱིལ་བས་བརྒྱན་ཅིང་། ཆུ་སྲིན་འབར་བས་ཐོག་ཕུབ་བ། ཉི་ཟླ་དང་གཟའ་སྐར་གྱི་མཐོངས་ཡོད་པ། གནམ་ལྕགས་ཐོག་གི་ཚ་ཚ་འཕྲོ་བ། ཕྱི་ནང་ཤིན་ཏུ་མི་འགྲིབ་པ། ཀླུའི་ཉ་སྦྲུལ་བསེ་སྦྲུལ་དང་། །དུང་དང་ཆུ་སྲིན་མང་པོ་གཏིབས་པའི། ཀླུའི་གཞལ་མེད་ཁང་ཆེན་པོར་གྱུར་ཏོ། །དེའི་ཚེ་དེ་ཉིད་དུ། ཕེ་རག་ཤ་ཧྲི་ཧྲི། ཞེས་བརྗོད་པས། དེ་ཉིད་དུ་ནི་ཀླུའི་རྒྱལ་པོ་འཇིགས་བྱེད་དབུ་དགུ་པ། ཁམས་གསུམ་དབང་དུ་སྡུད་པའི་ཏི་པ་ཙ་ཞེས་བྱ་བར་གྱུར་ཏོ། །སྐུ་སྦྲུལ་ནག་ཆེན་པོ་ལ། དབུ་བརྒྱད་ཆུ་སྲིན་འབར་བའི་དབུ་དང་དགུ། ཕྱག་གཉིས་བརྒྱ། རལ་པ་ལ་འོད་ཟེར་ཚ་ཚར་འཕྲོ་ཞིང་སྤྲུལ་པ་མང་པོ་འགྱེད་པ། རབ་ཏུ་འཇིགས་ཤིང་གང་རྒྱངས་ཆེན་པོ་སྒྲོགས་པ། ནཱ་ག་རག་ཤ་ཞེས་ང་འི་སྒྲས། འཇིག་རྟེན་གྱི་ཀླུ་ཐམས་ཅད་དབང་དུ་སྡུད་ཅིང་འཁོར་དུ་འདུས་པར་གྱུར་ཏོ། །དེ་ཡང་ཇི་ལྟར་བསྡུ་ན། དབྱིངས་ཀྱི་ཀླུ་འདུ་འབྲལ་མེད་པའི་ངང་དུ་འདུས། ཡེ་ཤེས་ཀྱི་ཀླུ་ནི་ཕྱག་རྒྱ་ཆེན་པོའི་ངང་དུ་རྫོགས་པར་འདུས། སྤྲུལ་པའི་ཀླུ་ཐམས་ཅད་སྐུའི་ཁྱོན་དུ་རྫོགས། འཇིག་རྟེན་གྱི་ཀླུ་ཐམས་ཅད་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་ཅན་གྱི་ཀླུ་ཐམས་ཅད་གན་བུབ་ཏུ་འགྱེལ་ཞིང་ཕྱོགས་དེ་ཉིད་དུ་ལྷགས་ཏེ་འདུས་སོ། །གཞན་ཡང་འཆི་བདག་གཤིན་རྗེའི་ཚོགས་དང་། བདུད་ཀྱི་ཚོགས་དང་། གཟའི་ཚོགས་དག་། གནོད་སྤྱིན་དང་། གིང་དང་། འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དང་། ས་བདག་གཉན་གྱི་ཚོགས་མང་པོ་སྟེ། འཇིག་རྟེན་གྱི་དྲེགས་པ་བསམ་གྱིས་མི་ཁྱབ་པ་རྣམས་འདུས་པར་གྱུར་ཏོ། །དེ་ནས་ཡང་ཨེ་ཙཀྲ་མཎྜལ་ཞེས་པའི་སྒྲ་བརྗོད་ཅིང་བསྒྲགས་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཁོར་ལོ་ཆེན་པོའི་རང་བཞིན་དུ་གྱུར་ཏེ། རྒྱ་མཚོ་ཆེན་པོ་རབ་ཏུ་དངས་པ་དང་། རྡོ་རྗེའི་ཤིང་ཡོངས་སུ་བརྩེགས་པ་དང་ལྡན་པ། རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན་རྒྱལ་རིགས་ཀྱི་བདག་པོ་ཏི་པ་ཙ་ཞེས་བྱ་བ། སེང་གེའི་དབུ་ལ་སྦྲུལ་གྱི་ལུས། སྐུ་མདོག་ཀུན་ད་ལྟ་བུ་སྦྲུལ་མགོ་མང་པོས་བར་སྣང་དུ་ཁྱབ་པ་ཉིད་འཁོར་ཀླུ་རིགས་བཞི་དང་བཅས་པ། ས་བདག་ཀླུ་གཉན་གྲངས་མེད་པས་བསྐོར་ཏེ། རིགས་ཀྱི་བདག་པོ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུས་ཤིང་འཁོད་དོ། །ཡང་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཁོར་ལོ་ཆེན་པོར་གྱུར་ཏེ། རྒྱ་མཚོ་ཆེན་པོ་རབ་ཏུ་དངས་པ་དང་། རིན་པོ་ཆེ་སྐྲུངས་པའི་ཤིང་དང་ལྡན་པ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན། བྲམ་ཟེའི་རིགས་ཀྱི་བདག་པོ་ཏི་པ་ཙ་ཞེས་བྱ་བ་སྟག་གི་མགོ་ལ་སྦྲུལ་གྱི་ལུས། སྐུ་མདོག་སེར་སྐྱ་སྦྲུལ་མགོ་མང་པོས་བར་སྣང་དུ་ཁྱབ་པ། ཉིད་ཀྱི་འཁོར་ཀླུའི་རིག་བཞི་དང་བཅས་པས་བདག་ཀླུ་གཉན་གྲངས་མེད་པས་བསྐོར་ཏེ། རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འདུས་ཤིང་འཁོད་དོ། །ཡང་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཁོར་ལོ་ཆེན་པོར་གྱུར་ཏེ། རྒྱ་མཚོ་ཆེན་པོ་རབ་ཏུ་དངས་པ་དང་། པདྨ་བརྩེགས་པའི་ཤིང་དང་ལྡན་པ། རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན། རྗེའི་རིགས་ཀྱི་བདག་པོ་ཏི་པ་ཙ་ཞེས་བྱ་བ། ཝའི་མགོན་ཅན་སྦྲུལ་གྱི་ལུས། སྐུ་མདོག་དམར་པོ་སྒྲུལ་མགོ་མང་པོས་བར་སྣང་དུ་ཁྱབ་པ། ཉིད་ཀྱི་འཁོར་ཀླུརིགས་བཞི་དང་བཅས་པ། ས་བདག་ཀླུ་གཉན་གྲངས་མེད་པས་བསྐོར་ཏེ། རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་འདུས་ཤིང་འཁོད་དོ། །ཡང་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཁོར་ལོ་ཆེན་པོར་གྱུར་ཏེ། རྒྱ་མཚོ་ཆེན་པོ་རབ་ཏུ་དངས་པ་དང་། ལས་ལ་བསྒྲུབ་པའི་ཤིང་དང་ལྡན་པ། རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན། དམངས་རིགས་ཀྱི་བདག་པོ་ཏི་པ་ཙ་ཞེས་བྱ་བ། བྱ་རོག་གི་མགོ་ལ་སྦྲུལ་གྱི་ལུས། མདོག་སྔོ་ནག་སྦྲུལ་མགོ་མང་པོས་བར་སྣང་དུ་ཁྱབ་པ། ཉིད་ཀྱི་འཁོར་ཀླུ་རིགས་བཞི་དང་བཅས་པ། ས་བདག་ཀླུ་གཉན་མང་པོས་བསྐོར་ཏེ། རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འདུས་ཤིང་འཁོད་དོ། །དེར་ཡང་མ་ཟད་དེ་ཕྱོགས་ཀྱི་མཚམས་ཀྱི་རྒྱ་མཚོ་དང་ཕོ་བྲང་ནས། གདོལ་པའི་རིགས་ཀྱང་འཆི་བདག་གདོལ་པ་ཅན་དང་། ས་གསེན་གདོལ་པ་ཅན་དང་། ཀླུ་མོ་གདོལ་པ་ཅན་དང་། ས་བདག་ནག་པོ་ལ་སོགས་པ་རང་རང་གི་འཁོར་བྱེ་བ་དཔག་མེད་ཁྲག་ཁྲིག་དང་བཅས་པ། རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་ཕྱོགས་དེར་དོང་སྟེ་རང་རང་འཁོད་དོ། །དེའི་ཚེ་དེའི་དུས་ན་ཆེད་དུ་བརྗོད་པ་ནི་འདི་དག་སྟེ། ཀླུ་ཡི་རིགས་ཀྱི་གནས་གཞན་ནི། །རིན་ཆེན་རི་རབ་གླིང་དག་སྟེ། །སྣང་སྲིད་ཐམས་ཅད་འཁོར་ལོ་བཞི། །འཇིག་རྟེན་གང་དག་ཀླུ་རྣམས་ཀྱང་། །རིགས་ཀྱི་བདག་པོའི་ཁྱོན་དུ་རྫོགས། །ཞེས་བརྗོད་པ་བརྗོད་དོ། །དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས་ཐམས་ཅད་ཟིལ་གྱིས་མནན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཕེ་རག་ཤ་ཧུ༷། ཞེས་བརྗོད་པས་འཁོར་གྱི་ཀླུ་རིགས་བཞིའི་བདག་པོ་རྒྱལ་པོ་དང་བཅས་པ། བློན་པོ་དང་བཅས་པ། དཔུང་དང་བཅས་པ། སྡེ་དཔོན་ཆེན་པོ་འཁོར་དང་། གཡོག་དང་། བྲན་དང་། ཕོ་ཉ་དང་། མངག་པ་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་བཅས་པ་ཐམས་ཅད་ཀྱང་རབ་ཏུ་ཟིལ་གྱིས་གནན་ཏེ། འདར་རབ་ཏུ་འདར་རོ། །འགྱེལ་ཞིང་གན་པ་དང་། བུབ་པ་དང་། བརྒྱལ་བ་དང་། སྐྲག་པ་དང་། རབ་ཏུ་སྐྲག་སྟེ། སྲོག་དང་མ་བྲལ་དྲན་པའི་དབང་པོ་ཉམས་པར་གྱུར་ཏོ། །དེའི་ཚེ་འཁོར་རྣམས་ཀྱིས་གདུང་བའི་སྨྲེ་སྔགས་ཆེན་པོ་བཏོན་ཏེ། དེ་ནས་ཡང་རིགས་ཀྱི་བདག་པོ་ཆེན་པོས་འཁོར་ལ་རང་བཞིན་བསྟན་པ་འདི་ལྟ་སྟེ། ཨེ་མ་ཧོ། སྐྱེ་མེད་དབྱིངས་ལས་རིགས་ཀྱི་ཁྲོ་བདག་ཙོ། །སྤྲུལ་པས་འཇིག་རྟེན་བརྟན་གཡོ་སྐྲག་མཛད་ཀླུ། །དོན་དམ་དེ་ཉིད་སྐྱེ་མེད་ཏི་བ་ཙ། །མ་གཡོས་གཡོས་མེད་གཡོས་ཀྱང་རྡོ་རྗེ་ཉིད། །རྡོ་རྗེ་སྐུ་ལ་ཅིས་ཀྱང་གཡོ་བ་མེད། །ཅེས་པས།འཁོར་རྣམས་ཀྱིས་སོ་སོ་རང་རང་གི་དེ་ཁོ་ན་ཉིད་མཐོང་བར་གྱུར་ཏོ། །དེ་ནས་ཡང་རིགས་ཀྱི་བདག་པོ་ཆེན་པོ་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་བྲན་དུ་འཁོལ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཕེ་རག་ཤ་ཕཊ།ཅེས་བརྗོད་པས། འཁོ་་ཐམས་ཅད་ཀྱང་སྙིང་ཟགས་ཤིང་བྲེད་ཧག་དང་དངངས་ནས་རང་རང་གི་སྲོག་གི་སྙིང་པོ་མ་ནོར་བ་དེ་ཁོ་ན་ཉིད་དེ་སོ་སོ་ནས་མདོངས་གསོལ་དུ་ཕུལ་ལོ། །དེ་ནས་རིགས་ཀྱི་བདག་པོས་སྲོག་གི་སྙིང་པོ་དེ་དག་བྱིན་གྱིས་བརླབས་ཏེ། ནུས་པའི་མཐུ་ཅན་དུ་བྱིན་གྱིས་བརླབས་སོ། །ཀླུའི་འཁོར་ལོ་འཕྲིན་ལས་ཐམས་ཅད་རྫོགས་པར་བཤད་པར་ཁྱབ་བདག་ཡེ་ཤེས་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་སྙིང་བོས། ཀླུའི་བདག་པོ་ལ་འདི་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ། འཇམ་དཔལ་དཔལ་དང་ལྡན་པ་ཡི། ཁྱབ་བདག་ཡེ་ཤེས་གང་ལགས་པའི། །ལས་ཀྱི་རིམ་པ་དབྱེ་བར་མཛོད། །ཅེས་གསོལ་པས། དེ་ནས་འཇམ་དཔལ་ཀླུའི་བདག་པོས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་འཆང་རྒྱལ་བས་གསུངས་པའི། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་བ། །འཇམདཔལགཤིནརྗེདཔལ་བོའི་མཆོག །ལེ་གྲངས་བརྒྱ་ཕྲག་བདུན་དང་ནི། །ཉི་ཤུ་རྩ་གཉིས་དག་ཏུ་བཤད། །ལས་ཀྱི་རིམ་པ་སྟོང་ཕྲག་བརྒྱ། །འཇམ་དཔལ་འབུམ་སྡེ་བཀོད་པ་ལས། །ཀླུ་ཡི་ཁྱབ་བདག་ཡེ་ཤེས་ཀྱི། །ལས་ཀྱི་རིམ་པ་ངས་བཤད་དོ། །བསམ་གྱིས་མི་ཁྱབ་བརྗོད་མེད་དེ། །སྐུ་ཡི་འཕྲིན་ལས་ཏི་པ་ཙ། །གཤིན་རྗེ་ཀླུ་དང་འཆི་བདག་གཟའ། །རྩ་བ་ཡན་ལག་འཕྲིན་ལས་གྲངས། །རྩ་བའི་བསྒྲུབ་པ་དྲུག་ཏུ་གསུངས། །གཤིན་རྗེ་འཆི་བདག་བསྒྲུབ་པ་དང་། །མཛེ་ནག་ལས་ཀྱི་འཁོར་ལོ་དང་། །ཀླུ་སྦྲུལ་ནག་པོའི་འཁོར་ལོ་དང་། །སྡིག་པ་ནག་པོའི་ཕུང་ཤིག་དང་། །སྦལ་ནག་ལྟོ་སྦྱོར་འཁོར་ལོ་དང་། །ས་བདག་སྲོག་གི་འཁོར་ལོ་བཤད། །དེ་ཡི་སྙེན་བསྒྲུབ་འཕྲིན་ལས་ནི། །ཕྱི་དང་ནང་དང་གསང་བ་དང་། །གཏད་ཁྲམ་འཁོར་ལོ་ཐུན་ལ་སོགས། །རྒྱས་དང་བསྡུས་པའི་བྱེ་བྲག་རིམས། །ཡན་ལག་རིམ་པ་དེ་བཞིན་ཏེ། །བསྲུང་དང་རང་གཤེད་ནོར་བུ་དང་། །ཆུ་འཁྱགས་དབབ་པ་ལ་སོགས་ཏེ། །ཟས་དང་དགྲ་དང་གྲོགས་སུ་གཏད། །བྱད་ཀྱི་བཀའ་ཉན་སྤུ་གྲིབ་རྡེབས། །གཏད་ས་ཆུ་དང་ལུས་ཚད་དང་། །ལྟོ་འཕྱེའི་དགྲ་གཤེད་གཏད་ཐབས་རྣམས། །དྲག་པོའི་མཐའ་རུ་བཤད་པ་ཡིན། །བཅུ་དང་གཟེར་གགས་འཁོར་ལོ་ནི། །གོ་ཆ་ཉིད་དུ་བཤད་པ་སྟེ། །མ་གྲུབ་སྤོགས་དང་མནན་གཅོད་པ། །འདི་དག་རྣམ་པར་བཤད་པ་ནི། །རྡོ་རྗེ་སྙིང་པོས་ངེས་པར་ལོང་། །གསང་བཅུད་ཡང་གསང་རྒྱུད་ཀྱི་རྒྱལ། །འབུམ་སྡེ་འཇམ་དཔལ་སྒྱུ་འཕྲུལ་གྱིས། ཁྱབ་བདག་ཡེ་ཤེས་ཏི་ཀར་བཤད། །ཀླུའི་འཁོར་ལོ་འཕྲིན་ལས་རྫོགས་པར་བཤད་པ་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། །ཉེ་བར་གྱུར་པ་གསང་རྒྱུད་འདིར། །འཆི་བདག་གཤིན་རྗེ་བསྒྲུབ་པ་དང་། །དབང་དུ་བསྡུ་བ་གང་གིས་བྱ། །ཟིལ་གྱིས་མནན་པ་ཇི་ལྟ་བུ། །ལས་ལ་གཟུད་པ་གང་གིས་གཟུད། །ཅེས་གསོལ་པས། ཀླུ་ཡི་བདག་པོས་ངེས་བཤད་པ། །དང་པོ་འཆི་བདག་བསྒྲུབ་པར་བྱ། །སྤྱི་རུ་བསྙེན་པའི་མཎྜལ་ནི། །དྲི་ལྔ་ལྡན་པས་ཆག་ཆག་གདབ། །ཀླུ་མཆོད་ལ་སོགས་གཞུང་བསྲང་ལ། །བསྒྲུབ་པའི་དཀྱིལ་འཁོར་འདི་ཉིད་དོ། ཁྲུ་གསུམ་མཐིང་ནག་ཟླ་གམ་དམར། །མུ་ཁྱུད་ནག་པོ་སྦྲུལ་གྱིས་བརྒྱན། །འཁོར་ལོ་རྩིབས་བརྒྱད་ནག་པོར་བྱ། ཁྲུ་ཆད་བཞི་ནི་རྒྱས་པ་སེར། །བར་ཁྱམས་ཆུ་རིས་ལྕགས་རི་ནག །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་རིག་པའི་རྒྱལ་པོའོ། །ཡབ་ཡུམ་བཅས་པ་དགོད་པར་བྱ། །ཟླ་གམ་ལ་ནི་སྲོག་གཤེད་གསུམ། །འཁོར་ལོ་བརྒྱད་ལ་གནས་པ་ནི། །ཀླུ་ཆེན་བརྒྱད་པོ་དགོད་པ་སྟེ། །སྐུ་ཡི་གཟུགས་བརྙན་དགོད་པའམ། །ཡང་ན་སྙིང་པོ་ཡི་གེ་དགོད། །གྲུ་ཆད་ལ་ནི་དྲེགས་པ་བཞི། ཁྱམས་ལ་ཀླུ་ཡི་མངའ་རིས་དགོད། །སྒོ་བཞི་གདོལ་པ་བཞི་དག་གོ །མཆོད་རྫས་གཏོར་མ་ཀླུ་སྨན་སོགས། །རབ་ཏུ་མཛེས་དང་མཆོད་པ་དགྲམ། །སྦྲུལ་ཤུན་གུར་དབུབ་སྦྲུལ་དུད་གཏང་། །སྟོང་ཉིད་དབྱིངས་ལས་སྤྲུལ་པ་ནི། །ཡི་གེ་ཕེ་ལས་གྱུར་པ་སྟེ། །འོད་ཟེར་འཕྲོ་འདུ་དབང་ཆེན་འབྲུ། །དེ་ནས་གཞལ་ཡས་ཁང་ཆེན་པོ། །ཐོད་པ་སྦྲུལ་དང་ལྕགས་ལས་གྲུབ། །དཀྱིལ་འཁོར་ཚུལ་དུ་བཤད་པ་ཉིད། །གཟས་པའི་གདན་ལ་ཡི་གེ་ལས། །འཆི་བདག་མགོ་དགུ་བསྒོམ་པར་བྱ། །ནག་པོ་སྦྲུལ་མགོ་དགུ་པ་སྟེ། །ཡུམ་དང་གཉིས་མེད་འཁྲིལ་བའོ། །སྐུ་གསུང་ཐུགས་ལས་འཕྲོས་པའི་སྲས། །བདུད་རྒྱལ་བགེགས་ཀྱི་གླང་པོ་དང་། །ས་བདག་ནག་པོ་འཛུམ་མེད་དང་། །བདུད་ཀྱི་རྒྱལ་པོ་སྒྱུ་མ་ཅན། །ཟླ་གམ་ལི་ན་གནས་པའོ། །སྟག་གཟིག་མུན་པ་དུག་གི་མདོག །གླང་རོག་གཡག་རོག་ཆུ་སྲིན་གདོང་། །སྦྲུལ་དང་ཆུ་སྲིན་རྒྱུ་ཞགས་དང་། །གྲི་གུག་འབར་བ་འཛིན་པའོ། །འཁོར་ལོ་ལས་ནི་ཕུ་ཡིག་ལས། །ཀླུ་རྒྱལ་ནག་པོ་ཆེན་པོ་བརྒྱད། །ཀུན་ཀྱང་སྦྲུལ་ནག་འཁྱིལ་པ་ལ། །སྦྲུལ་ཞགས་གྲི་གུག་འཛིན་པའོ། །གྲུ་ཆད་ལ་ནི་གང་གནས་པ། ཁྲར་ལྷོ་མཚམས་ན་ཀླུ་བདུད་དེ། །ནག་པོ་ཕག་མགོ་འཁོར་བཅས་སོ། །ལྷོ་ནུབ་མཚམས་སུ་ཀླུ་བཙན་ཏེ། །ཨ་མི་སྟེང་གི་འཁོར་བཅས་སོ། །ནུབ་བྱང་མཚམས་ན་བྲག་སྲིན་ཏེ། །བ་ར་ཏི་ཡི་འཁོར་བཅས་སོ། །བྱང་ཤར་མཚམས་ན་བཙན་བདུད་དེ། །འཁོར་ལོ་ནག་པོ་འཁོར་བཅས་སོ། ཁྱམས་ལ་ཕེར་ག་ཤ་ཡི་སྒྲས། །རྒྱལ་རིགས་བྲམ་ཟེ་རྗེའུ་དམངས། ཁྲར་ལ་སོགས་པ་རིམ་པ་སྟེ། །ཀླུ་གཉན་ས་བདག་མང་པོ་ཀུན། །སྤྲིན་མེད་མཁའ་ལ་སྐར་ཚོགས་བཞིན། །ཡོངས་སུ་ཁྱབ་པ་འཆི་བདག་འཁོར། །བསྐྱེད་པ་རྫོགས་དང་སྤྱན་དྲངས་ལ། །མཆོད་པ་ལྔ་དང་གཏོར་མ་དབུལ། །རྟགས་ཀྱི་མཚན་མ་མ་བྱུང་བར། །བསྒྲུབ་པ་རྒྱུན་གྱི་གསང་སྔགས་བཟླས། །དེ་ནས་བཅོམ་ལྡན་འདས་ཀླུའི་བདག་པོས་གསང་སྔགས་འདི་དག་ཆེད་དུ་བརྗོད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཧེ་ཁུ་ལམ་ཕེ་ཤན་ཆོ་ག་རག་ཤ་ས་མ་ཡ་ཛ་ཛ་། དེ་ལ་ཀླུ་རྟགས་འབྱུང་བ་ནི། །གཡག་དང་བ་གླང་ནག་པོར་སྟོན། །སྦྲུལ་དང་སྦལ་ནག་གཏོར་མ་ཟ། །དེ་རྟགས་ཀླུ་ཡི་ཆོའི་འཕྲུལ་འབྱུང་། །རྟགས་བྱུང་ཀླུ་ཡི་གཏོར་མ་གཏང་། །རྟག་ཏུ་མཆོད་པར་བྱ་བ་ནི། །ཟངས་སམ་འཁར་བ་རྡོ་དག་གམ། །དུང་ངམ་ཉ་ཕྱིས་རུས་སྦལ་དུ། །པདྨ་འདབ་བརྒྱད་བྲིས་བྱས་ལ། །དབུས་སུ་སྦྲུལ་མགོ་དགུ་པ་དགོད། །དེ་མཐར་མགོ་བརྙན་གསུམ་ཡང་དགོད། །པདྨ་བརྒྱད་ལ་སྦྲུལ་ནག་བརྒྱད། །བཞུགས་པའི་ཚུལ་གྱིས་གཙོ་ལ་བསྟན། །བར་བར་ཆ་རུ་གནས་པ་ནི། །བ་དམར་གླང་དམར་འབྲི་རོག་དང་། །ཤ་བ་རྟ་དང་ར་དམར་དང་། །ཉ་སྦྲུལ་སྦལ་པ་ལྕོང་ཀེའི་གཟུགས། །སྣ་ཚོགས་འབྲུ་ལ་བྱས་པ་ལ། །འོ་མ་རྩི་སྨན་སྣ་ཚོགས་བླུག །རྟག་ཏུ་བྱས་ཤིང་གཏང་བ་ནི། །མཆོད་གཏོར་རྒྱུན་གྱི་མདོས་ཞེས་བྱ། །སེམས་ཅན་གཟུགས་བརྙན་དེ་དག་ཀུན། ཁ་མིག་དབང་པོ་རབ་ལྡན་པར། །བྱིན་གྱིས་བརླབས་ལ་མཆོད་རྫས་དང་། །བཅས་པ་འཆི་བདག་ཚོགས་ལ་དབུལ། །ཨོ་ཀྲི་སྣ་ནཱ་ག་རྭ་ཛ་རུ་པ་ཀ་ན་དྷ་གྲྭཧྭ། སྔགས་ནི་བརྒྱ་དང་བརྒྱད་བཟླས་ལ། །འབབ་ཆུའམ་མཚོ་ལ་གཏོར་ལ་གཏང་། །རྟག་པར་རྒྱུན་དུ་བྱས་ན་རབ། །ཅེས་ནི་ཀླུ་ཡི་བདག་པོས་བཤད། །འཛམ་གླིང་ཀླུ་རྣམས་ཐམས་ཅད་ཀྱང་། །དབང་དུ་ནག་པོ་ཆེན་པོ་བསྡུ། །དབང་སྡུད་ནག་པོ་བསྒོམ་བྱ་བ། །ཕེ་ལས་སྦྲུལ་ནག་མགོ་དགུ་པ། །དབུས་ཀྱི་དབུ་ནི་ཆུ་སྲིན་གདོང་། །ཀུན་པས་གཙུག་ཏོར་ཅུང་ཟད་མཐོ་། །སྦྲུལ་མགོ་བརྒྱད་པ་དེ་བཞིན་ཏེ། །སྨུག་ནག་ལག་ན་ཞགས་པ་ཐོགས། །སྔོན་དུ་བསྒོམ་པར་བྱ་བ་ཡིན། །ཟིལ་གྱིས་སྦྲུལ་ནག་ཆེན་པོས་མནན། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་འབར་བྱེད་སྦྲུལ་ནག་ཆེ། །རྩ་བའི་ཞལ་ནི་སྦྲུལ་མགོ་སྟེ། །སྦྲུལ་མགོ་བརྒྱད་ནི་ཕྱོགས་མཚམས་གཟིགས། །གདུག་པའི་ཀླུ་གཉན་ཟིལ་གྱིས་གནོན། །སྒོམ་པ་གཉིས་པ་ཡིན་པར་བཤད། །བྱ་རའི་སར་ཡང་བསྒོམ་ཞེས་བཤད། །ལས་ལ་འཆི་བ་དག་ནག་པོས་གཟུད། །སྲིད་གསུམ་ཡུམ་གྱི་ལྟོ་བར་བསད། །ནཱ་ག་རག་ཤ་འཇིགས་པ་ཆེ། །རྩ་བའི་ཞལ་ནི་གཤིན་རྗེའི་ཞལ། །སྦྲུལ་ནག་བརྒྱད་ཀྱིས་བརྒྱན་པ་སྟེ། །ལས་ཀྱི་མཐའ་ལ་བཤད་པ་སྟེ། །སྒོམ་པ་གསུམ་ནི་ཡིན་ཞེས་བཤད། །སེམས་རྒྱུད་གཅིག་གི་ངོ་བོ་ལ། །འཆི་བདག་ཀླུ་ཡི་བདུད་གསུམ་ཤར། །རང་ལ་བྱུང་ཞིང་སྤྲུལ་པས་ན། །དོན་དམ་གཉིས་མེད་གཅིག་ཏུ་རྫོགས། །དེ་ནས་ཀླུའི་བདག་པོ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་དག་བརྗོད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཧེ་ཕུལ་ཕེ་ཤན་ཕོས་ཕོས་ཤིག་ཧུ་ལུ་ཧུ་ལུ་ཧྲིང་ཧྲིང་། འདི་དག་ནི་དབང་དུ་བསྡུ་བའི་གསང་སྔགས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཧེ་ཕུ་ལ་ཕེ་ཤན་ཕོས་ཕོས་ཤིག་ཤིག་ཆུ༷་ཆུ༷་ཧུ༷་ཡ་ཧུ༷་ཡ་ཧུ༷་ཧུ༷། འདི་དག་ནི་ཟིལ་གྱིས་མནན་པའི་སྔགས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཧེ་ཁུ་ལ་ཕེ་ཤན་ཕོས་ཕོས་ཤིག་ཤིག་ཆུ༷་ཆུ༷་ཀླུ་ནག་པོའི་སྲོག་ལ་མར་ཡ་ཛུ་ཛུ། འདི་དག་ནི་ལས་ལ་གཟུད་པའི་གསང་སྔགས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལས་བསྒྲུབ་པ་རྩ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། །གཤིན་རྗེ་ཀླུ་བདུད་ནག་པོ་ཡི། །སྐྲུ་གྲི་བསྣོལ་མས་བསད་པ་ནི། །སྦྱོར་བ་ངེས་པ་བཤད་དུ་གསོལ། །ཀླུ་ཡི་བདག་པོས་ངེས་གསུངས་པ། །བྲག་ནག་སྐྲུངས་སམ་གཉན་རའི་གནས། །དྲེགས་པ་ཅན་གྱི་གནས་ཕྱིན་ལ། །འཆི་བདག་གཤིན་རྗེ་བསྒྲུབ་པར་བྱ། །སྟེགས་བུ་མདའ་གང་གྲུ་བཞི་ལ། །རག་ཏའི་ཆག་ཆག་བཏབ་ནས་ཀྱང་། །དབུས་སུ་ཨེ་ཡི་ཙཀྲ་འོ། །དཔལ་གྱི་གཏོར་མ་བཤམ་པར་བྱ། །མི་དང་རྟ་ཡི་ཙིཉི་ལ། །དར་ནག་ཁུག་མར་ལྡན་པར་བྱ། །ཐོད་སྐྱར་ཁྲག་གི་མཚོ་ཡང་གཞག །བདག་ཉིད་སྟོང་པའི་ངང་ལས་ནི། །མཐིང་ནག་ཡ་ལས་སྐུར་གསལབ། །གཤིན རྗེནགཔོ་དགྲ་ལས་རྒྱལ། །ནག་པོ་གསུས་ཆེ་འཇིགས་པའི་གཟུགས། །བེ་ཅོན་གཡས་ལ་སྡིགས་འཛུབ་གཡོན། །མ་ཧེའི་གདན་ལ་བཞུགས་པར་བསྒོམ། །དེ་ཉིད་བསྙེན་པའི་སྔགས་འདིའོ། །ཡ་མ་མེ་ཏ་སྟེ་ནི་ར་ཙ་ས་ཏོ་རུ་ན་ཡོ་ནི་རི་ཙ་ཡ་བེ་བ་ས་ཏ་ས་ཏ་ཡ་ཧུ༷་ཛུ་ཛུ། དེ་དག་བསྙེན་པའི་རྟགས་བྱུང་ན། །གཏོར་མ་སྔགས་འདིས་དབུལ་བར་བྱ། །བེབ་ས་ཏ་ཛ་མ་རི་བ་ལིང་གྲོཎྜ་ཁྭ་ཧི། དེ་ནས་ལས་ལ་སྦྱར་བ་ནི། །དུར་ཁྲོད་རས་ལ་སྨེ་བ་བྱུག །ཁྲུ་གང་ཚད་དུ་བྱས་པ་ལ། །གཤིན་རྗེའི་ལྟོ་བར་འཁོར་ལོ་བྲི། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །ཕྱི་རིམ་དུ་ནི་བཅུ་གཉིས་ཏེ། །ཡང་རིམ་ཆ་ནི་རྒྱད་གཉིས་ལྡན། །དགོད་ཅིང་གནས་པའི་རིམ་པ་སྟེ། །གཤེགས་ཀྱི་གཙོ་བོ་ཁང་པ་སྲ །རིགས་བཞི་སྦྲུལ་གྱི་ར་བར་ལྡན། །གཤེད་བཞི་གནས་སུ་ཐོད་པ་སྦྲུལ། །བཙོན་ཁང་དུ་ནི་སྦལ་པའོ། །བཅུ་གཉིས་ཆ་ལ་རྒྱ་གྲམ་སྦྲུལ། །བཅུ་དྲུག་ཚོན་ཆ་རྒྱ་གྲམ་སྦྲུལ། །གཤེད་དང་ནཱ་གའི་སྔགས་ཀྱིས་བསྐོར། ཁ་སྦྱར་ཐབས་དང་ཤེས་རབ་གཅོད། །བར་དུ་གཅོད་པ་ལྡིང་པ་ནི། །སྦལ་པའི་ལྟོ་བར་ཨ་མུ་ཀ །མཐའ་མ་ཀླུ་སྔགས་དུ་མས་བསྐོར། །དེ་ནས་གཟས་པའི་ལིང་ཁ་ལ། །དགུག་གཞུག་བསྟིམ་པ་རྫོགས་པ་དང་། །འཁོར་ལོ་ཉི་མ་བཞི་རུ་བྱ། །གཤེད་ཀྱི་གསང་སྔགས་མཚན་བཞི་ལ། །སྐྲུ་གྲི་བཏགས་པའི་ཉིན་བཞིན་སྟེ། །ཀླུའི་ཤ་བུའང་མཚན་བཞིར་བཏགས། །དེ་ལྟར་ཉིན་མཚན་བསྣོལ་ནས་ནི། །སྐབས་སུ་ཐུན་བྲབ་སྤྱི་རྒྱུགས་བརྡེག །མཐའ་རུ་ཁྲག་དང་བུག་གི་ཐུན། །ཕུར་ཐུན་ལ་སོགས་དྲིལ་སྔགས་བརྡེག །ཡང་སྙིང་གདགས་པ་དེ་བཞིན་ནོ། །དེ་ནས་ཀླུའི་བདག་པོས་གཤེད་པོ་ལྷོ་བ་དཀྲུག་པ་འདི་གསུངས་སོ། །ཡ་མ་མེ་ཏ་སྟེ། ཆེ་གེ་མོ་ཨ་མུ་ཁ༷་པྲ་མ་ཧུ༷་ཕཊ་རྦད་ཡ། ཡ་མ་མེ་ཏ་སྟེ། ཆེ་གེ་མོ་ཨ་མུ་ཁ༷་མུར་ཙ་ཡ་ཧུ༷་ཕཊ་རྦད་ཡ། ཡ་ཏ་སྟེམ་མེ། ཆེ་གེ་མོ་ཨ་མུ་ཁ༷་རག་ཏ་ཙ་ར་ཡ་ཧུ༷་ཕཊ་རྦད་ཡ། ཡ་ཀྟ་མ་མེ་ཏ། ཆེ་གེ་མོ་ཨ་མུ་ཁི་མུ་ར་ཡ་ཧཱུཾ་ཕཊ་རྦད་ཡ། མགོ་འཁོར་ཡིད་འཁྲུག་ཁྲག་ཏུ་སྐྱག་པ་དང་། །བརྒྱལ་བ་བྱེད་པ་ཉིན་བཞིར་བཟླས། མཚན་མོ་བཞི་རུ་བཟླས་བྱ་བ། །གཤེད་པོ་ལྟོ་བ་དཀྲུག་པ་འདིའོ། །ཡ་མ་མེ་ཏ་སྟེ་ནཱ་ག་ཁང་ཐུན་མྱགས་དགྲ་བོའི་སྲོག་ལ་ནི་རྦུད་རྦད་ཡ། ཡ་ཏ་མེཏ་ཁྲེ་མ། ནཱ་ག་ཁ༷་ཐུན་མྱགས། དགྲ་བོའི་སྲོག་ལ་ནི་རྦུར་རྦད་ཡ། ཡ་མ་ཏ་ཁྲེ་མ། ནཱ་ག་ཁ༷་ཐུན་མྱགས། དགྲ་བོའི་སྲོག་ལ་ནི་རྦུར་རྦད་ཡ། ཡ་མསྟེ་མ་མེ།ནཱ་ག་ཁ༷་ཐུན་མྱགས། དགྲ་བོའི་སྲོག་ལ་དྲི་སྦུར་རྦད་ཡ། ཡ་སྟེམ་མྱེ་ཏ། ན་ཁ༷་ཐུན་མྱགས་དགྲ་བོའི་སྲོག་ལ་དྲི་སྦུད་རྦད་ཡ། སྐབས་སུ་ཡང་སྙིང་ནག་པོ་དང་། གསད་པ་དྲིལ་བ་ཐུན་སྔགས་བཟླས། །ཐུན་བྲབ་གཟིར་དང་མནན་པ་བྱ། །ཨོ༷་ཧྲིསྒྱི་བི་ཀྲི་ཏྭན་ན་ཧུ༷་ཧུ༷་ཕཊ་ཕཊ། ནཱ་ག་ས་མ་ཡ་ཛུ་ཛུ། །སྐབས་སུ་སྔགས་འདིས་དམ་བདར་བྱ། །དེ་ནས་འཁོར་ལོ་དྲིལ་བྱས་ལ། །ཁམ་པའི་གའུ་བུམ་པའམ། ཡང་ནི་ཐོད་ཆེན་བཀྲ་མི་ཤིས། །གཏད་པ་གཤིན་རྗེ་ཉིད་ལ་སྟེ། །རལ་པ་ཚར་དགུའི་ལག་དུ་གཏད། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །དེས་ནི་ངེས་པར་གདོན་མི་ཟ། །སྤོགས་པ་མེད་པའི་ལས་སུ་གསུངས། །འཁོར་ལོ་ནག་པོའི་འཕྲིན་ལས་རྫོགས་པར་བཤད་པ་ལས། གཤིན་རྗེ་གཤེད་ལ་གཏད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། །འཆི་བདག་ཀླུ་ཡི་རྒྱལ་པོ་ཉིད། །སྐྱེ་བའི་རྒྱུད་ཉིད་ཇི་ལྟ་བུ། །གནས་པ་དེ་ཉིད་གང་ལགས་པ། །ཡེ་ཤེས་ཆེན་པོས་གསལ་བར་མཛོད། །འཇམ་དཔལ་རིགས་ཀྱི་བདག་པོས་བཤད། །དུག་ལྔ་ལས་བྱུང་འཆི་བདག་ཚོགས། །ཆོས་ཀྱི་དབྱིངས་ཉིད་ལྷུན་གྲུབ་པས། །ཡེ་ཤེས་རྩལ་གྱི་བྱེ་བྲག་ཤར། །ཞེ་སྡང་ནག་པོ་ཏི་པ་ཙ། །འདོད་ཆགས་ཀླུ་མོ་ཁྲག་མིག་མ། །ང་རྒྱལ་བགེགས་ཀྱི་གླང་པོ་སྟེ། །གཏི་མུག་ནག་པོ་འཛུམ་མེད་ཡིན། །ཕྲག་དོག་སྦྲུལ་གྱི་སྒྱུ་མ་ཅན། །དུག་ལྔའི་རང་བཞིན་སྐུ་ལྔ་སྟེ། །ནཱ་ག་ཚོགས་ཀྱི་བདག་པོ་ཡིན། །གསང་བ་འདི་ཉིད་འདི་ལྟ་སྟེ། །རྩ་བ་མི་འགྱུར་བྱང་ཆུབ་སེམས། ཁེས་ཤང་རིག་པའི་ངོ་བོ་ཉིད། །རིག་པའི་རྒྱལ་པོ་ཞེས་སུ་གནས། །དེ་ཉིད་རང་གིས་སྟོང་པ་ནི། །ཡུམ་ཆེན་ནག་མོ་མགོ་དཀར་ཉིད། །དུག་གསུམ་ཡེ་ཤེས་རོལ་པ་ཉིད། །སྲོག་གཤེད་གསུམ་གྱི་ངོ་བོར་གནས། །སྒོ་ལྔ་རྣམ་ཤེས་ཀླུ་ཆེན་བརྒྱད། །ཕུ་པོ་ལྔ་ཉིད་རིགས་ལྔའི་ཀླུ། །འབྱུང་བ་ལྔ་པོ་རིགས་ཀྱི་ཡུམ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན། །རིག་པའི་རྒྱལ་པོ་ཁྱོན་དུ་རྫོགས། །མི་རྟོག་མཉམ་པ་ཆེན་པོའི་ངང་། །མི་ཕྱེད་མི་ཤིགས་ཐིག་ལེའི་སྐུ། །ཆོས་ཉིད་མུན་པ་ལྟ་བུ་སྟེ། །དབུ་མར་མི་གནས་སྤྲོས་དང་བྲལ། །གཞི་དང་ལམ་དང་འབྲས་བུ་གསུམ། །དབྱེར་མེད་ཆོས་ཉིད་གདལ་བའི་ཀློང་། །ཀླུ་ཡི་ཆོས་ཉིད་སྤྲོས་བྲལ་བཤད། །ཀླུའི་འཁོར་ལོ་འཕྲིན་ལས་རྫོགས་པ་ལས། ཀླུའི་ཆོས་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སྙིང་པོས་ཡང་གསོལ་པ། །གཟུགས་ཀྱི་ཕུང་པོ་གནས་པ་ལ། །ཀླུ་ཡི་རང་བཞིན་ཇི་ལྟར་རྫོགས། །ཀླུ་ཡི་བདག་པོས་བཀའ་སྩལ་པ། །བདེ་ཆེན་ཕོ་བྲང་ཆེན་པོ་ན། །ཏི་པ་ཙ་དང་སྤྱན་གཅིག་གཉིས། །དབྱེར་མེད་བདེ་བ་ཆེན་པོར་གནས། །ཡབ་ཀྱིས་སྤྱན་གཉིས་མུ་ལ་གཟིགས། །ཡུམ་ནི་ཀུན་གཞི་ངང་དུ་གཟིགས། །ཞབས་གཉིས་རྒྱ་མཚོའི་གཏིང་དུ་བརྐྱང་། །སྲིད་པ་གསུམ་ཉིད་ལྟོ་ན་འཆང་། །རྩ་གསུམ་སྲིད་པ་གྲོང་ཁྱེར་གསུམ། །བདེ་བ་ཆགས་པའི་ཐིག་ལེ་ཉིད། །དབང་པོ་ལྔ་ཉིད་ཀླུ་རིགས་ལྔ། །རྩ་ནི་ཆུ་དང་རྒྱ་མཚོར་གནས། །ཆུ་རྒྱུས་རྩལ་སོགས་པ་ནི། །ལྗོན་ཤིང་ཚལ་དང་ནགས་མའོ། །སོ་སེན་རུས་པ་བྲག་ཡིན་ཏེ། །ཀླུ་དང་གཉན་དང་ས་བདག་ཚོགས། །གཟུགས་ཀྱི་ཕུང་པོ་དེ་ཉིད་ལ། །རིགས་ཀྱི་ཀླུ་ཡི་རང་བཞིན་རྫོགས། །ལིང་ཀའི་གཏད་རྒྱུའང་རྫོགས་པ་དེ། །ལྔ་ཕུང་ཡན་ལག་ཚང་པ་ནི། །ཀླུ་བདུད་ཡབ་ཡུམ་ཀླུ་བརྒྱད་དང་། །ཀླུ་རིགས་ཉི་ཤུ་རྩ་ལྔ་དང་། །ལྟོ་བ་བརྒྱད་ལྡན་བུམ་རིམ་དང་། །དྲིལ་དང་སོ་སོར་གཏོར་བ་དང་། །རིགས་ཀྱི་ཀླུ་ཡི་རྫས་སུ་རྫོགས། །ཆོས་ཀྱི་འཁོར་ལོ་དངས་མ་བརྒྱད། །རྗེ་རིགས་སྦྲུལ་གྱི་དཀྱིལ་འཁོར་རྫོགས། །ལོངས་སྤྱོད་མགྲིན་པ་བཅུ་དྲུག་དབུས། །བྲམ་ཟེ་སྦྲུལ་གྱི་དཀྱིལ་འཁོར་རྫོགས། །བདེ་ཆེན་འཁོར་ལོ་སུམ་ཅུ་གཉིས། །དབུས་ནས་རྒྱལ་པོ་སྦྲུལ་འཁོར་རྫོགས། །སྤྲུལ་པའི་འཁོར་ལོ་དྲུག་ཅུ་བཞི། །སྙིང་པོ་དང་ལྡན་དམངས་རིགས་རྫོགས། །གསང་བའི་འཁོར་ལོ་བཞི་བཅུ་བཞི། །གདོལ་པའི་རིགས་ཀྱི་དཀྱིལ་འཁོར་རྫོགས། །ཧ༷་དང་པདྨ་ཀ་ལ་སྟེ། །བདེ་བ་ཆེ་ལ་གནས་པའོ། །སྐྱེད་བྱེད་ཨང་ལ་རྐྱེན་གྱི་འབྲུ། །མགྲིན་པ་འཁོར་ལོ་སྙིང་པོའོ། །ཧུ༷་ལ་ཨོ༷་གནས་སྲོག་འཛིན་པའི། །འབྲུ་བཞི་གནས་པ་དེ་ཉིད་དོ། །དྲུག་ཅུ་བདུན་པ་སྟེ་བར་ཨོ། །ཀྭ་ལི་ལྡན་པའི་སྙིང་པོ་སྟེ། །གསང་བ་སྐྱེ་གནས་འཁོར་ལོ་ལ། །རམ་དང་ཧྲི་ཛས་ཡ༷་གནས་པ། །རིགས་ཀྱི་དཀྱིལ་འཁོར་དེ་ཉིད་དོ། །ཐིག་ལ་རྟེན་པ་སྲོག་ཤིང་ཚུལ། །དེ་ཉིད་རིག་པའི་རྒྱལ་པོ་ཡིན། །ཆོས་ཉིད་རྩ་ལ་ཡེ་ཤེས་སྐུ། །འབྱུང་བ་རྣམ་དག་ཏི་པ་ཙ། །ཡེ་ཤེས་རྩ་ལ་དེ་ཉིད་སྐུ། །འབྱུང་བ་རྣམ་དག་ཏི་པ་ཙ། །ཡོན་ཏན་རྩལ་ལ་ཡེ་ཤེས་སྐུ། །འབྱུང་བ་རྣམ་དག་ཏི་པ་རྩ། །རང་རྒྱུད་རྩ་ལ་ཡེ་ཤེས་སྐུ། །འབྱུང་བ་རྣམ་དག་ཏི་པ་ཙམ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དངས་མའི་རྩ་བརྒྱད་ཀླུ་ཆེན་བརྒྱད། །རྩ་ཕྲནཉིཁྲིཆིགསྟོངདག །ནཱ་ག་ཀླུ་ཡི་རང་བཞིན་ནོ། །རྩ་རྒྱུད་དག་པའི་རང་བཞིན་དང་། །འཁོར་ལོ་ཀླུ་ཡི་རང་བཞིན་རྫོགས། །གླིང་བཞི་གླིང་མཆོག་རིན་ཆེན་གླིང་། ཁྲར་ལྷོ་ནུབ་བྱང་ལ་སོགས་པ། །ལོ་དང་ཟླ་དུས་འབྱུང་བ་ཕྱོགས། །རྟོགས་དང་དུག་དང་འཁོར་ལོ་ཡང་། །ངེས་པར་རྟགས་ལ་གནས་ཚུལ་གནས། །དཀར་སེར་དམར་དང་གནག་དང་སྔོ། །འབྱུང་བ་མེ་རླུད་ས་ཆུའོ། །དུག་ནི་འབྱུང་བའི་རྗེས་སུའོ། །རིགས་བཞིའི་འཁོར་ནི་བཤད་བྱ་བ། །རྒྱལ་རིགས་འཁོར་ན་སྲོག་བདག་དང་། །དྲི་ཟ་ཡམ་ཤུད་སྲོག་བདག་གིང་། །གནམ་ཐེའུ་ལ་སོགས་དྲི་ཟའི་གདོན། །རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་གནས། །ཀླུ་བསེན་ས་བསེན་མ་མོའི་གདོན། །ཙ་མུན་ཏ་དང་ཕུང་བྱེད་གནག །ཀླུ་མོ་བདུད་མོ་གནོད་སྤྱིན་མོ། །མཚོ་སྨན་ལ་སོགས་མོ་གདོན་རྣམས། །བྲམ་ཟེའི་རིགས་ཀྱི་འཁོར་ན་གནས། །བཙན་དང་ཀླུ་བཙན་བྲག་བཙན་དང་། །ཀླུ་སྲིན་བྲག་སྲིན་ཀླུ་ཡི་ཚོགས། །ཞ་འོ་རྒུར་པོ་འོན་པ་དང་། །འཐེང་པོ་འཕྱེའོ་གྲུམ་པོ་དང་། །མགྱོགས་བྱེད་སྙེད་བྱེད་ཀླུ་དང་བཙན། །རྗེ་རིགས་ཀླུ་ཡི་འཁོར་ན་གནས། །དམ་སྲི་མོ་དང་ས་བསེན་དང་། །བྲག་སྲིན་མོ་དང་ཆུ་སྲིན་མོ། །སྣ་ཚོགས་རྒྱུག་པའི་བཙན་བཙུན་རྣམས། །དམངས་རིགས་ཀླུ་ཡི་འཁོར་ན་གནས། །རྒྱལ་རིགས་མགོ་ནས་འཇུག་པ་སྟེ། །བལ་ལྷག་གཟིག་དུ་མེད་བལ་དང་། །འབུམ་ཕྲན་ནད་རྣམས་སྣ་ཚོགས་གཏོང་། །བྲམ་ཟེ་ཁྲག་དང་ཆུ་ལ་འཇུག །ཁྲག་སྐྱེ་རྩ་ལྡང་སྙིང་མི་དགའ། །འགྲོ་སྙིང་འདོད་ལ་འུ་འབོད་བརླབ། །ཕྱ་སངས་ཁྱེར་ཏེ་གཞན་ལ་འཕྲོ། །རྗེ་རིགས་དྲོད་ལ་འཇུག་པ་སྟེ། ཁྲ་མདངས་བར་ཟུག་རྩེ་དང་འཚེ། །སྐབས་སུ་ཕོ་ལོག་བློ་བུར་གཏོང་། །དམངས་ནི་རླུང་གི་སྒོ་ནས་འཇུག །ཀླུ་གང་མཚན་མོ་ན་བར་བྱེད། །རིགས་བཞི་འཁོར་དང་གདོལ་པ་སྟེ། ཁ་རླངས་རེག་དང་མཐོང་བ་ཡི། །དྲུག་ནི་གདོལ་པའི་ཀླུ་ལ་གནས། །གདོལ་པ་མཐོང་བའི་དུག་ལ་ནི། །ཚ་ཐུར་དུག་ཐབས་འཁོར་ལོ་གཅེས། །གཞན་གྱིས་ཐུབ་པར་མ་གསུངས་སོ། །ཀླུའི་འཁོར་ལོ་ལས། ཀླུ་གནས་ལུགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས། འཇམ་དཔལ་ལ་གསོལ་བ།ཁྱབ་བདག་ཡེ་ཤེས་ཆེན་པོ་ཡིས། །འཆི་བདག་བསྙེན་ཅིང་བསྒྲུབ་བ་དང་། །སྲོག་དང་ཐུན་ཟོར་བསད་མི་མཆོག །ཕྱི་དང་ནང་དང་གསང་བ་ཡི། །མཛེ་ནག་ལས་ཀྱི་འཁོར་ལོ་གང་། །ཞེས་གསོལ་པས། ཀླུའི་རིགས་ཀྱི་བདག་པོར་བཤད་དོ། །རྒྱ་མཚོ་ངོའམ་ཆུ་གླིང་དང་། །སྐྱེ་མོས་ཚལ་དང་དགོན་པ་དང་། །རི་འདུས་རྩེའམ་ཆུ་འགྲམ་སྟེ། །གཉན་ར་གདུག་པ་ཀླུ་ཡི་ཡུལ། །ཡང་ན་བྲག་རི་ནགས་ཚལ་སྡུག །བྱ་དང་རི་དྭགས་ཉམས་དགའ་མྲ །གང་ཡིད་དགའ་བ་དབེན་པའི་གནས། ཁེན་ཏུ་ཉེ་བའི་གནས་མཆོག་ཡིན། །མཎྜལ་མཉམ་པོ་ཡིད་འོང་ལ། །དྲི་སྤོས་སྨན་གྱི་ཆག་ཆག་གདབ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན། །སྒོ་བཞི་༄༅ མཛེས་པའི་ལྟེ་དབུས་སུ། ་རིགས་པའི་རྒྱལ་པོ་བསམ་པར་བྱ། །དེ་ཉིད་ལས་ནི་ཕེ་ཡིག་འབྲུ། །མ་སྤྲོས་ཡེ་ཤེས་ཁྱབ་བདག་ཀླུ། །སྙིང་ལ་གནས་པའི་ཡིག་འབྲུ་ཡིས། །སེམས་དཔའ་སྤྱན་དྲངས་ཙིལྟིར་གཞུག །ཡེ་ཤེས་སེམས་དཔའ་རབ་བསྟན་པའི། །ཡིད་སྐྱོབ་སྲོག་འཛིན་ཡི་གེ་སྟེ། །འབྲུ་བཞི་ཁྱབ་བདག་ཡི་གེ་ཉིད། །འཁོར་ལོ་དེ་ཉིད་བསྟན་པར་འདོད། །དྲོད་ཉིད་སེམས་གསལ་ཏིང་འཛིན་བསྟན། །ཤེས་པ་རྔམ་ལ་དབང་པོ་གསལ། །བདེ་བའི་ཡེ་ཤེས་ཅུང་ཟད་སྐྱེ། །ཡེ་ཤེས་འཁོར་ལོ་དེ་ཉིད་དོ། །རྟགས་ཀྱི་ཕྱག་རྒྱ་གསང་བ་སྟེ། ཁྲ་བཀྲའམ་མགུལ་འཕྲིག་རྐང་འཁོལ་ན། །ལུས་ལ་གསང་བའི་རྒྱས་ཐེབས་པས། །དུས་གསུམ་རྒྱུན་དུ་ཁ་འཆིང་ཡིན། །དབྱིངས་ལ་ཡེ་ཤེས་སྐུ་བསྐྱེད་ལ། །ཀླུ་གཙོ་ཀླུ་བདག་ཀླུ་ཡི་འཁོར། །གཏོར་མ་རྒྱུན་ནམ་བསྙེན་པའི་མཐར། །བདུད་རྩིའི་ངོ་བོས་དབུལ་བར་བྱ། །ཅུང་ཟད་དཀར་གསུམ་གཏོར་མ་དེ། །འབྲུས་ཆེན་འོ་མ་མངར་ལ་བྱ། །བསམ་གཏན་སེམས་ཀྱི་འཁོར་ལོ་སྟེ། །བསྙེན་དང་གཉེན་པོ་བསྒྲུབ་པ་སྟེ། །རྒྱལ་བ་ཀུན་གྱི་ཡེ་ཤེས་དང་། ཁྱབ་བདག་ཡེ་ཤེས་སེམས་དཔའ་ཡི། །སྙིང་པོ་ཉེ་བ་རྡོ་རྗེའི་སྐུ། །འབུམ་ཕྲག་གསུམ་དུ་བརྗོད་པ་ན། །མི་ཤིག་རྡོ་རྗེ་ལྷ་བུར་འགྱུར། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ལས་ཐམས་ཅད་རྫོགས་པར་བཤད་པ་ཁྱབ་བདག་ཡེ་ཤེས་ལས། བསམ་གཏན་འཁོར་ལོ་ཉེ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀླུ་ཡི་རིགས་བདག་གིས། །ངེས་པར་གསུངས་པ་འདི་དག་སྟེ། །དང་པོ་གནས་ཀྱི་སྒྲུབ་བྱེད་ནི། །ཀླུ་གནས་གནོད་སྦྱིན་དྲག་པོའི་གནས། །ཆུ་འགྲམ་ཆུ་ངོགས་ལུང་གསུམ་མདོ། །བྲག་དང་ཆུ་འཐབ་རྩི་ཤིང་དྲུག །བྱང་བལྟས་བྱང་ཤར་གནས་ཀྱི་མཆོག །བསྒྲུབ་པའི་དུས་དང་ཟླ་བ་ནི། །ཀླུ་རྣམས་ལྡང་བས་དེ་དུས་ཤིས། །དབྱར་གསུམ་རྩི་ཐོག་རྒྱས་པའམ། །སྟོན་དུས་རྩི་ཐོག་འདེབས་པ་དང་། །འབྲས་བུ་སྨིན་པའི་དུས་ཉིད་ཤིས། །དབྱར་ཟླ་གསུམ་པོ་དེ་བཞིན་ཏེ། །སྒྲུབ་པའི་དུས་དང་ཟླ་བའོ། །གཉན་ར་གདུག་པའི་ས་དག་ལ། །སྟེགས་བུ་མདའ་གང་གྲུ་བཞི་བྱ། །དྲིས་བྱུག་སྨན་གྱིས་ཆག་ཆག་གདབ། །ཐིག་གདབ་ཚོན་དགྱེ་བྱིན་བརླབས་བྱ། །དྲག་པོ་མཐིང་ཁ་དམར་པོ་དབང་། །ཞི་བ་སྔགས་ཀྱི་འཕྲེང་བར་སྣང་། །རྒྱས་པ་ཕྱོགས་མཐུན་སྒོ་དེ་བཞིན། །རིགས་ཀྱི་སྦྲུལ་ནག་དེ་བཞིན་ནོ། །ལྕགས་རི་ནག་པོ་ཕྱི་རོལ་ཡང་། །རྒྱ་མཚོ་ཆེན་པོའི་ཚུལ་དུ་བྱ། །གྲ་མའི་ཕུར་པ་སོར་བཞི་པ། །རིགས་ཀྱི་ཀླུ་རུ་བསམ་བྱས་ཏེ། །དཀྱིལ་འཁོར་དབུས་དང་ཟླ་གམ་ལའོ། །རིག་པའི་རྒྱལ་པོ་གཤིན་རྗེ་གཤེད། །འཆི་བདག་ནག་པོ་མགོ་དགུ་པ། །ཡུམ་ཅིག་ཀླུ་མོ་ནག་མོ་དང་། །བདུད་རྒྱལ་བགེགས་ཀྱི་གླང་པོ་དང་། །བདུད་པོ་ནག་པོ་འཛུམ་མེད་དང་། །བདུད་ཀྱི་རྒྱ་པོ་སྒྱུ་མ་དང་། །དུག་ལྔ་ལས་གྱུར་གཏུམ་པ་ཅན། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །བསྟན་པ་བསྲུང་ཕྱིར་གནས་འདིར་དགོད། ཁྲར་ཕྱོགས་རྒྱ་མཚོ་དང་པ་དང་། །ལྷོ་དང་ནུབ་དང་བྱང་གནས་པའི། །རིགས་ཀྱི་བདག་པོ་འཁོར་བཅས་པ། །ཕྱོགས་ཀྱི་བར་ཁྱམས་གནས་སུ་དགོད། །གཞན་ཡང་ཀླུ་དང་གཉན་དག་དང་། །ས་བདག་ལ་སོགས་མཚོ་ལ་གནས། ཁྲར་དུ་དཀར་པོ་སེམས་དཔའ་སྟེ། །ལྷོ་ན་རཀྟ་མཇུག་རིངས་སོ། །ནུབ་ཏུ་དམར་པོ་རུ་མཚོན་ཅན། །བྱང་དུ་མགྱོགས་པ་ལག་རིངས་སོ། །ཕ་མེས་སྡེ་དཔོན་རབས་ཆད་མགོ །དྲི་བཟངས་ཆུ་ཡིས་བཀྲུས་བྱས་ལ། །བསྒྲུབ་བྱ་རྟེན་གྱི་མཎྜལ་བྱ། །བུམ་པའི་སྦྲུལ་གྱི་གཟུགས་དག་གམ། །མཆོད་རྫས་གཏོར་མ་གཤིན་རྗེ་སྟེ། །རིགས་ཀྱི་ཀླུ་ཡང་དེ་བཞིན་ནོ། །རྩི་སྨན་འོ་མ་མངར་གསུམ་ལ། །ཨརྒ༷་བདུག་པ་མེ་ཏོག་དང་། །མར་མེ་བྱུག་པ་ཞལ་ཟས་དང་། །སྒྲ་སྙན་ཇི་སྙེད་ཡོད་པ་དབུལ། །སྦྲུལ་ཤུན་སྔགས་ལྡན་ལུས་ལ་བཅང་། །སྦྲུལ་དང་སྦལ་པའི་ཤ་བསྲེག་ཅིང་། །འཆི་བདག་རྟེན་ཅིང་སྲོག་གཟུང་དང་། །བསྒྲུབ་པའི་རིམ་པ་བཤད་པ་དེའོ། །སྟོང་པ་ཉིད་ལས་ཆོ་འཕྲུལ་ཏེ། །སྲོག་གི་དེ་ཉིད་འབར་བ་ལས། ཁ་དོག་ཀྲམ་སྣ་སྟག་ཟིལ་རྡོ། །འོད་ཟེར་འབར་བ་ཉི་མས་བརྗིད། །འཇིག་རྟེན་ཁམས་ཀུན་རབ་སྦྱངས་ཏེ། །འབྱུང་ལྔའི་སྟེང་དུ་ས་བོན་སྒྱུ༷། །དེ་ལས་གཞལ་ཡས་བསམ་འདས་སོ། །བསྐལ་པའི་རླུང་ནག་འཁྱིལ་པ་ལ། །རྒྱ་མཚོའི་དབུས་སུ་ལྕགས་ཀྱི་ཁང་། །དེ་དབུས་གཟས་པའི་གདན་ལ་ནི། །རླུང་གི་སྟོབས་ཀྱིས་ཡིག་འབྲུ་བསྐྱོད། །དེ་ལས་རིགས་པའི་རྒྱལ་པོ་སྟེ། །ཡབ་ཡུམ་སྲོག་བཤེད་འཁོར་བཅས་བསྒོམ། །འཆི་བདག་ཐུགས་ཁར་སེམས་དཔའ་སྟེ། །རྔམ་བརྗིད་ཁྱབ་བདག་ཡེ་ཤེས་སོ། །རྫོགས་དང་དབྱིངས་ནས་བསྐུལ་བ་དང་། །དམ་རྫས་དབུལ་བའི་རིམ་པ་བྱ། །སྔགས་ནི་རིག་པའི་རྒྱལ་པོ་སྟེ། །འཁོར་རྣམས་སྡུད་ཅིང་ཟིལ་གྱིས་གནོན། །བྱོལ་སོང་དེད་དཔོན་འཆི་བདག་བདུད། །གནོད་སྤྱིན་གཤིན་རྗེ་སྲིན་པོ་ཡི། །སྲོག་གི་ངོ་བོ་འདི་ཉིད་ཡིན། །བསྟན་པའི་དེ་ཉིད་འདི་ཉིད་དེ། །ཤ་ཏུམ་རི་ནི་ལྕགས་ཀྱུའོ། །སྔགས་ནི་རླུང་སྟེ་སྲོག་ཀྱང་ངོ་། །འཕེན་དང་སྡུད་པའི་ཏིང་འཛིན་པས། །གཙོར་ནི་ཏིང་འཛིན་ཡིན་ཞེས་པ། །བླ་མེད་ཁྱབ་བདག་ཡེ་ཤེས་དང་། །བཤད་པའི་དོན་ལ་ཐེ་ཚོམ་མེད། །བཟླས་པའི་འོད་ཟེར་ཐམས་ཅད་ནི། །ཀླུ་ཡི་ཕོ་ཉ་ཤ་དག་སྟེ། །རང་ལ་མི་བསྡུ་བསྟན་ལ་བསྟིམ། །རྟགས་ཀྱི་དྲོད་ཚད་ཟིན་པ་ནི། །གཡག་དང་ཆུ་བོ་མུན་པ་དང་། །སྦལ་སྦྲུལ་ཀྲི་སྣ་བྷ་ལི་ཟ། །སྒྲ་ཐོས་དྲི་ང་དམག་འདྲེན་དང་། ཁྲ་འཕྲིག་རྐང་ཁོལ་འབྲུ་འཕྲན་འབྱུང་། །དེ་ཉིད་གྲུབ་པའི་རྟགས་ཡིན་པས། །མྱུར་དུ་ཁོ་ནར་གཏད་པའོ། །དྲོད་ཚད་མ་ཟིན་འབྱམས་པ་དང་། །ཡལ་ནས་འགྲུབ་པར་མི་འགྱུར་དང་། །ནུས་པ་ཁོང་དུ་འཁྱམས་པ་ཡིས རང་ལ་མི་བདེ་འཁོར་ལ་ངན། །དེས་ན་ངེས་པར་དྲོད་ཚད་གཅེས། །བསྒྲུབ་རྟགས་མངོན་དུ་འབྱུང་བ་ནི། །ནོར་རྫས་འབྲུ་དང་ལོངས་སྤྱོད་འཕེལ། །རིགས་རྒྱུད་དར་ཞིང་འཕན་པ་དང་། །དགྲ་རྣམས་རླག་བཅིང་བསྟན་པ་རྒྱས། །འཇིག་རྟེན་མི་ནུབ་རྒྱལ་མཚན་དུ། །གྲགས་པ་ཆེན་པོ་བླ་ན་མེད། ཁྱབ་བདག་ཡེ་ཤེས་དེ་ཉིད་དོ། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པ་ཁྱབ་བདག་ཡེ་ཤེས་ལས་བསྒྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཀླུའི་རིགས་ཀྱི་བདག་པོས། བསྟན་པའི་དགྲ་བོ་གདུལ་བའི་ཕྱིར། །ཀླུ་ནག་པོ་བསད་པའི་རིམ་པ་འདི་དག་གསུངས་སོ། །གཉན་ར་གདུག་པའི་གནས་ཕྱིན་ལ། །ཨེ་ཡི་ཕོ་བྲང་གྲུ་གསུམ་པ། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་རྩིག །ཐོད་པ་ནག་པོ་བརྣག་པའི་རྫས། །འགལ་དུམ་ཚིག་པ་འདྲ་བའམ། །མཚེའུ་ལྐུགས་པ་འདྲ་བ་ཤིས། །མུ་སུ་རའམ་རྣེལ་དྲིའམ། །ཀླ་ཀློའམ་བཀྲ་མི་ཤིས་པ་གཤག །འཆི་བདག་ཕོ་མོའི་འཁོར་ལོ་བྲི། །བདུད་ཆད་ལྔ་དང་ར་ཁྲག་དང་། །རྡོ་སོལ་ནག་པོ་དག་ལ་ནི། །མིང་རུས་སྙིང་པོ་བླ་དགས་བྲི། །ཐ་མ་བསད་པའི་སྔགས་ཀྱིས་བསྐོར། །འཁོར་ལོ་བྲི་བ་མ་གྲུབ་ཀྱང་། །ཐོད་པའི་ནང་དུ་ལིང་གའོ། །གཏོར་མ་དམར་དང་དཀར་བ་ཡང་། །འཆི་བདག་ཉིད་དང་ཡོངས་ལ་གཏད། །འཆི་བདག་བསྐྱེད་དང་སྤྱན་དྲང་བཞུགས། །མཆོད་པའི་རིམ་པ་རྫོགས་པ་དང་། །གསང་སྔགས་བསྒྲུབ་པའི་དེ་ཉིད་བཟླས། །རྟགས་ལ་བབ་ན་བསད་པ་བརྩམ། །ཉུངས་ཀར་ཉུངས་ནག་བླངས་ལ་བྲབ། །གསད་པའི་ཡང་སྙིང་འདི་དག་གོ །ནག་པོ་ཏི་པ་ཙ་ཡ་ཕེ་རག་ཤ་ཨུ་ནཱ་ག་ནན། ནག་པོ་ཏི་པ་ཙ་ཡ། ཙི་ར་ཙི་ར། ཙ་པ་རུ་ཤན། ཆེ་གེ་མོ་ལ་ཡམ། ནག་པོ་ཏི་པ་ཙ་ཡ། ཙུ་ཏ་ར༷་ཙུ་ཏ་སྲ ག་ལག་ཤ་ཆེ་གེ་མོ་མྱ་རྭ་ཡ། ཨ་ཤ༷་ནག་པོ་ཏེ་པ་ཙ་ཡ། ནཱ་ག་དགྲ་བོ་ཀྲོ་དྷི་ཤྭ་རི་ཏི་ཤན་རྦད། ཕུ་ཤན་རྦད། ཀུ་རཀྟ་རྦད། ཏི་པ་ཙ་ཡ། ཛ་ལ་ཛ་ལ། ཁ་ཡན་ཧུ༷་ཆེ་གེ་མོ། ནག་པོ་ཏི་པ་ཙ་ཡ་ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི། དེ་འདྲ་བ་ཏི་རྦད། བ་རུ་ཕེ་ཤན་ནཱ་ག་རྦད། ནཱ་ག་ཕེ་ས་ཡེ་ཨ་ཀྲ་མ་ཤ །ཕེ་ཤན་ཨུ༷་ནན། ཕེ་ལ༷་ཤག་ཤག །ནིར་ཡན་དགྲ་བོ་མུ་རྭ་ཡ་ཛ་རྦད་ཨུ། ནག་པོ་བ༷་ཙི་ཙི་རྒྱས། ཏྲག་ཐུར་སྙིང་ཐུར། སྙིང་གུལ་མྱགས་མྱགས་རྩ་བཞི་བསྐུམས། ཁྲན་ཤན་སྲོག་ལ་ཤན་ཐུར་སྲོད། ཆེ་གེ་མོ་མྱ་ར་ཡ་རྦད་ཡ། ཐུན་དང་ཉུངས་ཀར་བྲབ་བྱ་ཞིང་། །ཞག་གྲངས་བདུན་ནམ་དགུ་ཡི་བར། །ཡང་སྙིང་ནག་པོ་འདི་ཡིས་བརྡེག །བསྒྲུབ་པའི་སྔགས་ནི་ཀུན་གྱིས་ཀླད། །ལུས་དང་སོ་རི་ལྕགས་ཀྱུ་ཡིད། །རྟག་ཏུ་ཐོན་པ་དེ་ཉིད་དུ། །བསད་ཅིང་བསྒྲུབ་པ་དེ་ཉིད་དོ། །མིའམ་ཡང་ན་གདོན་ཀྱང་རུང་། །མྱུར་དུ་བརླག་པར་ཡང་དག་བཤད། །ཡང་ན་ཁ་ཐུན་འཁོར་ལོ་དང་། །ཉིན་མཚན་སྔགས་སུ་བསྡེབས་ལ་བསད། །འཆི་བདག་ཡབ་ཡུམ་སྲོག་གཤེད་བསྐུལ། །ལས་ཀྱི་ཐུན་གསུམ་ཡང་ཡང་བརྡེག །དམ་རྫས་གཏོར་མ་མཉེས་པར་དབུལ། །ཐ་མ་གཏད་ཅིང་ལས་མཐའ་སྲ ཁྲམ་གདབ་དྲག་པོ་སྟོབས་ཀྱིས་ནི། །ནག་པོ་ཀླུ་ཡི་གནས་སུ་གཏད། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པ་ཁྱབ་བདག་ཡེ་ཤེས་ལས། ཡང་སྙིང་ནག་པོ་གསད་པའི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཀླུའི་རིགས་ཀྱི་བདག་པོས། མུ་ར་ཡ་མཛེ་ཅན་གྱི་ལས་འདི་གསུངས་སོ། །ནཱ་ག་གནས་པའི་ས་ཕྱོགས་སུ། །བསྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ལ། །རྗེ་དཔོན་ཕ་མེས་རབས་ཆད་མགོར། །ཨ་མུ་ཀ་ཡི་རྫས་དག་ལ། །ལིང་ག་བྱས་ཏེ་གཏད་པ་ཙམ། །གྲུ་གསུམ་ཨེ་ཡི་ནང་དུའོ། །གྲུ་གསུམ་སྦག་མའི་ཕྱི་རོལ་དུ། ཁྲག་དུག་ཕུར་བུའི་ཐུན་བཅས་ལ། །ཡབ་ཡུམ་སྲོག་གཤེད་ལས་ཀྱི་བསད། །ཞག་གྲངས་གསུམ་དུ་བསྒྲུབ་ཐུན་བྲབ། །དང་པོ་ཁྲག་ལ་གཉིས་པ་དུག །ཕུར་པ་ཀེ་རེ་སླར་མི་དབྱུང་། །མཐའ་རུ་གསང་ཐུགས་སྔགས་བྲ་བསལ། །ཀླུ་ཡི་ཕོ་བྲང་གནས་སུ་གཏད། །གཏོར་རྗེས་ཐུན་གྱིས་དགྲ་ལ་འཕང་། །འདི་ནི་གསང་བ་ཁོ་ནའོ། །དེ་ནས་བཅོམ་ལྡན་འདས་ཀླུའི་རིགས་ཀྱི་བདག་པོས། གསང་བ་ཐུན་གྱི་གསང་སྔགས་འདི་གསུངས་སོ། །ཨོ་ནག་པོ་ཏི་པ་ཙ། ནཱ་ག་རག་ཤ་ལོ་ཀ་ཀྲིས་སྣ་ཡ་མ་ཀྲོདྷ་རསྒ་ཀ་ལ་ཏི་པ་ཙ་ཡ། ནཱ་ག་རྭ་ཛ། ཡག་ཤ་ཀྲིས་སྣ། ནཱ་ག་ལ་སྒྲིར་བ་བྷ་ཧུ་ཏ། ནཱ་ག་ཀྲིས་སྣ་རག་ཤི་ཏྲ་སྨྱོ། དར་བན་དྷ་བྷ་ཧུ་ཏ། ཀ་ལ་སྟིར་སརྦ། རསྒ་ཛ་ལ་ཆེ་གེ་མོ་ཡ་སྨྱོ་སྨྱོ་ཙིསྟ་ཁ་ཧི་ཁ་ཧི། བྷན་དྷ་རྦད། ན་ལི་ཙི་ཏ།ཛ་ལ་ཆེ་གེ་མོ་ལ་ཡ་ཡ། མྲི་སྲོག་ཏི་སྟ་རྦད། ཆེ་གེ་མོའི་སྲོག་ཆོད་ཙིཀྟ་ལོང་། ཡན་ལག་ཆིངས་ཐུམ་རི་ལི་ལི། ནག་པོ་སྲོག་ལ་སྨྱོ། དགྲ་བོའི་ཤ་ལ་ལྭ། ཁྲག་ལ་ཡ། སེ་ཡ་རསྒ་ཐ༷་སྨྱོ། མུ་ར་ཡ་རྦད། འདི་ནི་ཀླུ་ཡི་ཐུན་སྔགས་ཏེ། །ཞག་གྲངས་གསུམ་མམ་ཡང་ན་ནི། །བདུན་གྱི་བར་དུ་བྲབ་པར་བྱ། །འབར་བ་དུག་གི་ཕྱེ་མ་སྟེ། །གང་ལ་བྱ་བ་ངེས་པར་བརླག །ཁྱབ་བདག་ཡེ་ཤེས་ངས་བཤད་དོ། །དེ་ནས་ཡང་ཐུན་གྱི་གསང་སྔགས་འདི་དག་བཤད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ། ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི་ངེ་འདྲ་བ་ཏི་རྦད། བ་རུ་ན་ཕེ་ཤན། ནཱ་ག་དགྲ་བོ་རྦད། ནཱ་ག་ཕོས་ཕོས་ཡ་ཡ། ཨེ་ཨུ་ཀར་ཤ་ཡ། ཨུ་ནན། ཕེ་བ༷་ཤག་ཤིག །དྲི་ཡན་དགྲ་བོ་མ་ར་ཡ་རྦད་ཨ། མྱོས་པ་ཁྲག་གི་ཡི་གེ་སྟེ། །ཀླུ་མོ་ནག་མོའི་ཡང་སྙིང་ཡིན། །ཨ་ཤན་ནག་པོ་ཏི་པ་ཙ་ཡ། དགྲ་བོ་ཀྲོ་དྷི་ཤྭ་རི་ཧེ་ཤན་རྦད། ཕུ་ཤུན་རྦད། ཀུ་རག་རྦད། ཏི་པ་ཙ་ཡ། ཛུ་ལེ་ཛུ་ལ་དགྲ་བོའི་ཙི་ཙི་ཛ་ལ། ཁ་ཡན་ཧུ༷་ཤོ་ཆེ་གེ་མོ་མྱ་ར་ཡ་ཛུ་ཛུ། སྦོས་པར་བྱེད་པ་དུག་གི་སྔགས། །འཆི་བདག་ཀླུ་ཡི་ཡང་སྙིང་ཡིན། །ནག་པོ་ཏྲི་རག་ཤ །དགྲ་བོའི་སྲོག་ལ་པྲ་ཤ །ཐུ༷་རིལ་སྨྱུ་ར་ཡ་ཛ། དགྲ་བོ་མ་ར་ཡ་ཁུག །བདུད་རོ་ཤ་པྲ་མུ་ར་ཡ། དགྲ་བོའི་སྙིང་ལ་ནག་པོ་པྲ་ཏྲག་ཤ་ཁུག་ཐུ༷་རིལ་རྦད། ཁྲག་དབྱུང་མྱ་ར་ཡ་ཛ། ཕྲ༷་ཕྲ༷་ནག་པོ་ཏི་པ་ཙ། ཏྲག་ཤ་རོལ་ཁུག་ཐུ༷་རིལ། དགྲ་བོའི་སྙིང་རྩ་རོ་ལ་རྦད། དགྲ་བོ་སྨྱུ་ར་ཡ་ཛ་ཐུན་སྨྱོ། སྲོག་གཤེད་ཡང་སྙིང་ཕུར་པའི་ཐུན། །གསང་བའི་ཡང་སྙིང་འདི་ཉིད་དོ། །ཐུན་གསུམ་བྲབ་རྫོགས་གསང་ཐུན་བརྡེག །དེ་ནས་གཉན་ར་བདེ་གནས་ནི། །ཆུ་མི་བྱང་བལྟས་ནག་པོ་ཤིས། །ཡ་བག་ཤ་ར་ནག་པོར་བཤད། །དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། གཤིན་རྗེའི་ཡང་སྙིང་རང་རྒྱུད་ཀྱི་རྨོངས་པ་འདི་དག་གསུངས་སོ། །དགྲ་བོ་དྲི་ཛུ་ཛུ་དགྲ་བོརྣ་ཛེ། དྲི་རྨ་རྫི་རྫི། དྲོ་རྨི་རྫི་ཛ། དགྲ་བོ་མྱ་ར་ཡ་ཛ། འབྱུང་པོ་མྱ་ར་ཡ་ཛ། ཁྲ་ར་ཙ་ཡ། ཁྲ་ར་ཙ་ཡ་ཛ་ཧྲི་ཨུ་ཙུ་ད་ར་དུ་ནན། །ཛ་ཧྲི་ཨུ་ཙུ་དྷ་ར་དུ་ནན། ར༷་ཡ༷་ནན་དུ་རུ་ཡ༷་ཨོ་བཛྲ་ཙན་ནན། ཁྲ༷་ཤིང་ཐེ་ཡེ། ཙིསྟ་བྱི་མ་ལ། ཨ་ཀར་ཤ་ཡ། ཨ་ཀར་ཤ་ཡ། བཛྲ་པྲ་མ་ནི་ཧྭ༷་ཛ། མན་ཏྲ་ཧུ༷་ཕཊ། འདི་ནི་གཤིན་རྗེ་ནག་པོ་སྟེ། །དགྲ་གཤེད་ཅེས་ནི་གྲགས་པ་ཡི། །གསང་བའི་ཡང་སྙིང་ཡིན་པས་ན། །བྱེ་བ་ཐེར་འབུམ་གཤིན་རྗེ་ཡི། །འགུགས་ཤིང་གསོད་པའི་ལས་བྱེད་པས། །གཤིནརྗེའི་སྤུ་གྲི་རེག་ཆོད་ཡིན། །ཞེས་ནི་ཁྱབ་བདག་ཀླུ་ཡི་བཤད། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པར་བཤད་པ་ཁྱབ་བདག་ཡེ་ཤེས་ལས། མུ་ར་ཡ་མཛེ་ཅན་ཐུན་གྱི་ལས་བསྟན་པ་དང་།ཀླུ་བྱེ་བ་ཐར་འབུམ་གྱི་ཐུན་དང། ལསཀྱིགཤིནརྗེའིདྲག་སྔགས་དམོད་པའི་སྐྲུ་གྲི་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས། གསང་བའི་ལས་ཐམས་ཅད་ཀྱི་གཅོང་། མཛེ་ནག་ལས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་གསུངས་སོ། །མཚོ་ངོག་ཆུ་གླིང་ཀླུ་གནས་ས། །ཡང་ན་བྲག་ནག་རི་ཡང་རུང་། །དེར་ནི་བསད་པའི་སྒྲུབ་པ་ཙམ། །གསང་ཁྲམ་ལས་ཀྱི་དཀྱིལ་འཁོར་ནི། །གྲུ་གསུམ་མཐིང་ནག་ཁ་ཁྱེར་རྩང་། །དབུས་སུ་རིན་པོ་ཆེའམ་ནི། །ཡང་ན་སྣམ་པའི་ས་ལ་བྱ། །སྦལ་བ་འཁོད་སྟོང་ཆེན་པོའམ། །ཡང་ན་སྦྲུལ་ནག་ཁོང་སྟོང་བྱ། ཁུ་དག་སྤང་སྤོས་དག་དང་ནི། །ནཱ་ག་གེ་སར་བསྲེག་ཅིང་བདུག །ཏ་ལའི་ལོ་མ་གཞན་དག་ནི། ཁེང་ཤུན་ཤིང་བལ་རས་ལ་བྲི། །རྡོ་ནག་ཁུ་བ་ལ་འཆི་བདག་གཟུགས། ཁ་བགྲད་སྤྱན་ནི་བཟློག་པར་བྲི། །ལག་ན་སྦྲུལ་ཞགས་གྲི་གུག་འཛིན། །ལྟོ་བར་བསད་པའི་འཁོར་ལོ་བྲི། །འཁོར་ལོ་བརྒྱད་དང་བཅུ་དྲུག་ལ། །གསང་བའི་འཁོར་ལོ་དྲག་པོ་སྔགས། །རྩིབས་མཆན་མིང་རུས་རྫོགས་པར་བྲི། །སྟེང་འོག་ཡི་གེ་ཐད་ཀར་བྱ། །མཐའ་བསྐོར་ཕྱི་ཡི་མུ་ཁྱུད་ལ། །བསྒྲུབ་པའི་ཡང་སྙིང་དགོད་པར་བྱ། །གཤིན་རྗེའི་དམོད་པའི་མཚོན་ཆ་ཡང་། །སྟེང་གི་མཐའ་བསྐོར་ཡིན་ཞེས་བཤད། །འཁོར་ལོ་བྲིས་དང་མངའ་དབུལ་བཞིན། །ཨེ་ཡི་ཁ་ལ་བར་སྣང་དགྲམ། །བར་དུ་བསད་པའི་ལིང་ག་ནི། །སྦལ་པའི་ནང་དུ་ཨ་མུ་ཀ །བྲིས་ལ་མཐའ་མ་སྔགས་ཀྱིས་བསྐོར། །ཞག་གྲངས་གསུམ་མ་བདུན་གྱི་བར། །དྲག་པོ་འཁོར་ལོ་བསྐོར་བརབྱ། །སྔདྲོགཤིནརྗེའིདམོད་པས་བསད། །རྒོངས་ཀྱི་གྲིབ་སོ་དང་པོ་ནས། །འཁོར་ལོ་དྲག་པོས་བསད་པར་བྱ། །སྲོད་ལ་བསྒྲུབ་སྔགས་བཟླས་ཤིང་དགུག །གུང་ལ་འཁོར་ལོས་གསད་པར་བྱ། །དེ་རྗེས་ཐུན་གྱིས་བྲབ་པར་བྱ། །དེ་ནས་རྟགས་རྣམས་འབྱུང་བ་ནི། །དམག་དང་ཤན་པ་ལིངས་འདེབས་འབྱུང་། །དེ་ནས་གཏད་པའི་རིམ་པ་བྱ། །འཁོར་ལོ་དྲིལ་ཏེ་རྫ་སྦལ་ལམ། །སྦྲུལ་ནག་ཁོང་སྟོང་དེ་རུ་བྲུབ། །དྲེགས་པ་དྲུག་གི་ཁྲམ་སྔགས་ཏེ། །ཉུངས་ཀར་ལ་བཟླས་སྟེང་ནས་བསྣུན། །མི་འཆོར་ཁྲམ་གྱི་མན་ངག་དུ། །བླ་མེད་ཡེ་ཤེས་ཀླུ་ཡིས་བཤད། །དེ་སྟེངས་ཀླུ་སྨན་སྣ་ཚོགས་བླུག །ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །བདེན་པ་བདར་ལ་གཏད་པར་བྱ། །ཡང་ན་དཀར་གསུམ་ཀླུ་སྨན་དང་། །ཨ་མུ་ཀ་ཡི་རྗེས་དག་ལ། །ལིང་ག་བྱས་ཏེ་དཀར་གསུམ་སྦྱར། །དེ་ནས་གཏད་པའི་དུས་དག་ཏུ། །ས་ཡི་བདག་པོ་ལས་ཀྱི་ལྷ། །བདག་གི་གྲོགས་པོ་ཤ་རག་པའོ། །མཐུན་པའི་རྫས་འདི་ཟས་སུ་འབུལ། །བསྐལ་པའི་བར་དུ་མ་གཏང་ཞིག །དགྲ་བོ་གཟུགས་ཀྱི་ཕུང་པོ་དེ། །འདོད་པའི་ཡོན་ཏན་ལྡན་པ་བསླབ། །སྡེར་དུ་བསམས་ལ་ཟས་སུ་གཏད། །དེས་ནི་མྱུར་དུ་བརླག་པར་ཡང་། ཁྱབ་བདག་ཀླུ་ཡི་བདག་པོས་བཤད། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པར་ཁྱབ་བདག་ཡེ་ཤེས་ལས། མཛེ་ནག་ལས་ཀྱི་འཁོར་ལོ་ཕྱི་སྒྲུབ་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས། བསད་པའི་ལས་ཀྱི་འཁོར་ལོ་འདི་དག་གསུངས་སོ། །གཉན་གནས་སའམ་བདེ་གནས་སུ། །བསད་ཁྲམ་ལས་ཀྱི་དཀྱིལ་འཁོར་བྲི། །གཡག་རོག་མགོའམ་ཁང་པའམ། །ཡང་ན་གླང་དམར་གླང་རོག་མགོ །སྤྱི་བོར་རྡོ་རྗེ་རྒྱ་གྲམ་བྲི། །རྒྱ་གྲམ་རྭ་ལ་རླུད་གིས་བརྒྱན། །རོ་ཡི་རས་སམ་རྒྱ་ཤོག་ལ། །འཆི་བདག་ལྟོ་བར་འཁོར་ལོ་བྲི། །དབུས་སུ་རྩིབས་བཞི་འབྱུང་བའི་སྔགས། །རྩིབས་བརྒྱད་བཅུ་དྲུག་རྩེ་མོ་བསྣོལ། །བར་དུ་མིང་རུས་བརྡ་སྦྱར་ཏེ། །བསད་ཁྲམ་ལས་ཀྱི་མཎྜལ་དགོད། །གྲུ་གསུམ་རྩེ་ལ་གླང་རུ་གསུམ། །ཁྲག་གི་ལིང་ག་གཞུག་པར་བྱ། ཁྱད་བསྐོར་བསྒྲུབ་སྔགས་བར་དུ་བཟླས། ཁྲག་གི་ལིང་ག་གཞག་པར་བྱ། །རྩིབས་བརྒྱད་བཅུ་དྲུག་རྩེ་བར་དུ། །ལོ་ཟླ་མིང་དང་སྲོག་ལུས་དང་། །ཡུལ་འཁའ་ལ་སོགས་བྲི་བར་བྱ། །རྩིབས་ལ་གསད་པའི་ཡང་སྙིང་དང་། །ལུས་སྲོག་འཇོམས་པའི་ཡི་གེ་བྲི། །འཁོར་ལོ་ཁ་སྦྱར་བར་སྣང་དགྲམ། །ཞག་གསུམ་བར་དུ་བསྒྲུབ་པ་རྩམས། །གསང་བའི་ཡང་སྙིང་ནག་པོ་དང་། །ཐུན་གྱི་ཡང་སྙིང་དྲིལ་བས་བརྡེག །སྟེང་འོག་སྔགས་ཀྱི་སྨོད་པ་དང་། །བསྒྲུབ་པའི་ཡང་སྙིང་ཡིན་ཞེས་བཤད། །བདག་ཉིད་འཆི་བདག་བསྒོམ་བྱས་ལ། །ལས་མཁན་ཨ་བ་གླང་མགོ་ཅན། །བྲན་གྱི་ཚུལ་དུམ་དུན་དུའོ། །ཤ་ཁྲག་གཏོར་མ་གཏང་བ་དང་། །ཐུགས་དམ་བསྐུལ་བའི་རིམ་པ་བྱ། ཁྲམ་སྔགས་དྲུག་གི་སྐབས་སུ་བཟླས། །དེ་ནས་རྟགས་ལ་ཕེབས་པ་དང་། །འཁོར་ལོ་དྲིལ་ལ་ཐོད་པར་གཞུག །མི་ལྡོག་དགོས་བས་ལྟོ་ཕྱེ་བརྩི། །དུས་ཚོད་ངེས་པར་རིགས་བཞི་བརྟག །དེ་ལྟར་རྫོགས་དད་ལས་མཁན་ལ། །གཟིར་ཞིང་མནན་པའི་ལས་ཀྱང་བྱ། །དེ་ལྟར་བྱས་ན་ངེས་པར་ནི། །འགྲུབ་པར་ཀླུ་ཡི་བདག་པོས་བཤད། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པའི་རྒྱུད་ལས། །མཛེ་ནག་ལས་ཀྱི་འཁོར་ལོ་ནང་བསྒྲུབ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས། གསང་བ་ལས་ཀྱི་འཁོར་ལོ་འདི་དག་གསུངས་སོ། །གཞན་ཡང་རླུད་ནག་དབེན་པ་མྲ །ཀླུ་ཡི་ས་ལ་དཀྱིལ་འཁོར་བྱ། །གསད་ཁྲམ་ལས་ཀྱི་དཀྱིལ་འཁོར་ནི། །གྲུ་གསུམ་བསྣོལ་མ་སྦག་དུ་བརྩིག །སྐྲུལ་དང་མེ་རིས་བརྒྱན་བྱས་ལ། །དུག་སྣ་དགུ་དང་ཁྲག་སྣ་དགུ །ཕུར་པ་རུག་ཕུར་སྦམས་ལ་གཞག །དཀྱིལ་འཁོར་དམར་ནག་སེར་ནག་དང་། །མཐིང་ནག་ཉིད་དུ་བྱ་བར་བཤད། །སྦྲུལ་ནི་དྲུག་གིས་བརྒྱན་པ་ཉིད། །དེ་ནས་མི་སྡུག་མཛེ་ཅན་མགོ །བླངས་ལ་ཤ་སྤངས་དྲི་མ་བཀྲུ། །ཐོད་པ་གཤགས་ལ་འཆི་བདག་རྟག །ཞལ་དབྱེ་རམས་དང་ཁྲག་སྦྱོར་བས། །དམར་ནག་ཆེན་པོ་འཇིགས་པར་བྲི། །མཆེ་བའི་རྣོ་དབལ་བརནསཀྱང། །གཤིནརྗེསྨོནཔ་ལྕགས་ཀྱུས་བསྐོར། །ཨ་ཕོར་ཡབ་ཡུམ་གྱི་གཟུགས་བྲིས་ལ། །ལྟོ་བར་གསད་པའི་ཙཀྲ་བྲི། །སྲིད་གསུམ་རྩ་གསུམ་གྲོང་ཁྱེར་གསུམ། །ཡུམ་གྱི་ལྟོ་ན་གནས་པས་ན། །འཁོར་ལོ་ཡུམ་གྱི་ལྷོ་བར་བཅའ། །དབུས་སུ་དྲག་པོ་ཟླ་གམ་དབང་། །ཙཀྲ་རྩིབས་ནི་བརྒྱད་དུ་ལྡན། །དེ་ཡི་ཕྱི་རིམ་བཅུ་དྲུག་གོ །ཡང་རིམ་མུ་ཁྱུད་ལྕགས་རི་བོ། །དེ་ལ་གནས་པའི་རིམ་པ་ནི། །བཅུ་དྲུག་གཟུགས་ཕུང་འཇོམས་པའི་འབྲུ། །རྩིབས་བརྒྱད་འཁོར་ལོ་དེ་ལ་དགོད། །གསད་པའི་ཡང་སྙིང་འཁོར་ལོ་དེ། །བཅུ་དྲུག་རྩིབས་ལ་འབྲུ་སྡེབས་དགོད། །མཐའ་བསྐོར་གསད་པའི་གསང་སྔགས་ཏེ། །རྡོ་རྗེ་སྐྲུ་གྲི་ལྕགས་རིའོ། །མཛེ་ནག་འཁོར་ལོ་ནག་པོ་སྟེ། །ཐོད་པ་ལྕགས་ཀྱི་ཁང་པ་ཡི། །ཡབ་ཡུམ་སྟེང་གཅོད་འོག་གཅོད་ཀྱིས། །ལས་ནི་མཉམ་པ་འགུགས་ཀྱིང་སྒྲོལ། །བར་དུ་དགྲ་གཟུགས་འཁོར་ལོ་ལྡིང་། ཁ་སྦྱར་གསང་བ་ཙཀྲ་སྟེ། །སྲིད་གསུམ་ལས་ཀྱི་འཁོར་ལོ་ཡིན། །རོ་རས་ཞིང་ལྤགས་འཁོར་ལོ་ལ། །བཅུ་གཉིས་རྩིབས་ལྡན་མུ་ཁྱུད་གསུམ། །ཕོ་བྲང་གྲུ་གསུམ་གླིང་དགུ་ལ། །མཛེ་དམར་མེ་ཡིས་བསྲེགས་པ་ཡི། །འཁོར་ལོ་སྟེང་གཅོད་འོག་གཅོད་ཡིན། །དུར་ཁྲོད་རས་སམ་ཞབས་མ་ལ། །ཞབྲུལ་མིག་བཅུ་གཉིས་རྒྱ་གྲམ་ལྡན། །མཛེ་སྐྱ་རླུད་གི་འབུད་པ་ཡིས། །འཁོར་ལོ་སྟེང་གཅོད་འོག་གཅོད་ཡིན། །ཡང་ན་ཐོད་པའི་ཕྱི་རོལ་ལ། ཁྲུ་གསུམ་རྒྱ་གྲམ་ལྡན་པ་ལ། །མེ་དང་རླུད་གི་ས་བོན་དགོད། །ཡང་སྙིང་འཁོར་ལོ་ཡིན་པར་བཤད། ཁྲམ་དཀར་ཁྲམ་ནག་ཅེས་པ་དང་། ཁྲམ་སྔོན་དང་ནི་ཁྲམ་ནག་དང་། ཁྲམ་དམར་ཁྲག་ནག་ཅེས་བྱ་བ། །ནམ་ར་སུ་ཡི་རྒྱུ་ལས་བྱ། །མོན་དང་མཛེ་ཕོ་རབས་ཆད་གསུམ། །གང་རུང་གཅིག་ལ་རྫོགས་པར་བྱ། ཁྲམ་སྔགས་བར་དུ་ལིང་ག་གཞུག །ཡང་ན་གཉེན་གནས་ཤིང་ལ་བྱ། །བསྒྲུབ་དང་གསད་པའི་འཁོར་ལོ་ནི། །སྐོར་བའི་རིམ་པ་གཉིས་སུ་ཤེས། །བསྒྲུབ་པའི་རྡུལ་ཚོན་སྔགས་ལ་བསྐོར། ཁྲམ་བར་ལིང་ག་དམིགས་པའི་རྟེན། །གསད་པ་ཐལ་བའི་འཁོར་ལོ་བསྐོར། །ལྡིང་བའི་ལིང་ག་དམིགས་པའི་རྟེན། །གང་དུ་གཏོད་པའི་ས་ཕྱོགས་ནས། །རྟེན་གྱི་རྡོ་ཤིང་བླངས་བྱས་ལ། །རྟགས་ཀྱི་རིམ་པ་དེ་ལ་ལྟ། །ལས་མི་ནུས་ན་འབྲོས་པར་འགྱུར། །དཀར་པོ་སེམས་དཔའ་ལ་སོགས་པ། །གསེར་ཕུད་བཤོས་བུས་མཆོད་ཅིང་རྦད། །དེ་ནས་འཁོར་ལོ་བསྐོར་བ་ནི། །རྒྱལ་རིགས་ས་ཡི་འཁོར་ལོ་སྟེ། །ཉི་མ་དང་པོ་མགོ་འཁོར་དང་། །ལྕི་ཞིང་འཐིབས་པའི་མཛེ་ནད་འབེབས། །གཉིས་པ་བྲམ་ཟེ་ཆུ་ལ་སྐར། །གྲང་ཞིང་འདར་བའི་མཛེ་ནད་དང་། ཁྲག་སྒྱུག་པ་ལ་ཐེ་ཚོམ་མེད། །གསུམ་པ་རྗེ་རིགས་མེ་ལ་སྟེ། །ཚ་ཞིང་བསྲེག་པའི་མཛེ་ནད་དང་། །ཡིད་འཁྲུག་པ་རུ་ཡང་དག་བཤད། །བཞི་པ་དམངས་རིགས་རླུང་ལ་སྟེ། །ཡང་ཞིང་གཡོ་བའི་མཛེ་ཡམས་དང་། །སྨྱུ་ར་ཡ་ལ་གདོན་མི་ཟ། །ཡང་ན་འཁོར་ལོ་རྒྱུན་དུ་སྟེ། །བླ་རྟགས་བྱུང་ན་དྲག་པོ་ཐུན། །ཡང་སྙིང་ནག་པོ་དྲིལ་བས་བརྡེག །དེ་རྫོགས་ཁྲམ་བདག་ཐུན་རྣམས་བརྡེག །རྫོགས་དང་གཏད་པར་བྱ་བ་ནི། ཁྲར་ལྷོ་ནུབ་བྱང་ཕྱོགས་བཞི་ཡིས། །ཆུ་མིག་བརྟག་དང་རྐོ་ཚད་བྱ། །སྲང་དང་སྒོ་དང་བྱ་རའི་ས། །ལྐུགས་ས་ལ་སོགས་ཀླུ་གནས་པར། །དུས་ཚོད་ངེས་པར་གཏད་པར་བྱ། །ལོ་ཟླ་ཁམས་དང་འབྱུང་བའི་ས། །རིགས་བཞི་རྟགས་དང་ཕྱོགས་ཀྱིས་ཤེས། །ལྡོག་པ་ས་ཡི་བདག་པོ་ཡིན། །ལྟོ་འཔྱེ་བརྩི་བ་གཅེས་པ་སྟེ། །ལམ་གཟུགས་ཟ་ཁ་སྤོ་བར་བྱ། །ལས་ཀྱི་འཁོར་ལོ་འདི་ལྟ་བུ། །རྒྱུ་དང་རྐྱེན་གྱིས་འཁོར་བ་སྟེ། །འཇིགས་བྱེད་གཤིན་རྗེའི་འཇིག་རྟེན་གྱིས། །མཚོན་ཆ་འཁོར་ལོ་ལྟ་བུའོ། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་ལས་ཐམས་ཅད་རྫོགས་པར་བཤད་པ་ལས། མཛེ་ནག་ལས་ཀྱི་འཁོར་ལོ་གསང་བ་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་གྱིས། གཤིན་རྗེ་ཀླུ་བདུད་ནག་པོའི་འཇིགས་བྱེད་མགོ་དགུ་པ་ཡི་སྲོག་གི་དེ་ཁོ་ན་ཉིད་འདི་དག་གསུངས་སོ། །ཨོ་ཀ་པ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཆེ་གེ་མོ་ཧེ་ཁུ་ལམ་ཕེ་ནན། ཕོས་ཕོས་ཤིག་ཤིག །ཆུ༷་ཆུ༷་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་དགྲ་བོའི་སྲོག་ལ་མ་ར་ཡ་ཛ་ཛུ། འདི་ནི་ཀླུ་ཡི་རང་བཞིན་སྲོག །ཐམས་ཅད་འདུས་པའི་ཡེ་ཤེས་ཏེ། །གཅོད་པའི་སྤུ་གྲི་དུག་གི་ངར། །ནག་པོ་མགོ་དགུ་ཞེས་བྱ་བ། །ལས་ལ་གཟུད་པའི་སྔགས་ཡིན་ཏེ། །དགྲ་སྲོག་གནད་ནས་དགུག་པ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་ཀླུ་ནག་པོས་གསད་པའི་སྔགས། །མཚོན ཆསྐྲུགྲིལྟབུའདི་དག་གསུངས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ་ སརྦརུ་པ་ཙ་ལཕེ་ཤ་ཧུ༷། གཟུགསསུའཇོམས་པའི་མཚོན་ཆ་སྟེ། །ཀླུ་ཡི་འཁོར་ལོ་ནག་པོ་ཡིན། །ཨོ་པ་ཏི་པ་ཙཡ། ནཱ་ག་རག་ཤ་ཆེ་གེ་མོསྐྲུ་ཤན་ཏེ། ཡུ་ནཱ་གཡ་ནི་ཀུ་རུ་ཙ་ཡ། ཡ༷་ཡ༷་མྱར་ཡ་ཛ་ཛ། རྦད་ཡ་རྦད་ཡ། འཁོར་ལོ་ཁ་རྒྱུན་ལྕགས་རིའི་སྔགས། །གནས་མི་འ་་པའི་སྤུ་གྲི་སྟེ། །འཁོར་ལོ་ནགཔོའིསྔགསསུ་བཤད། །ཨོ་ནག་པོ་ཏི་པ་ཙཡ། ཛལ་བི་རཙ་པ་ལ་དུ་ཤན་ཆེ་གེམོ་ལ་མྱ་ར་ཡརྦད་ཡ༷ ཡ༷། མཛེནག་ལས་མཐའ་བརྟུལ་བའིསྔགས། ཡེ་ཤེས་འཁོར་ལོནག་པོཡིན། ཨོནག་པོ་ཏི་པ་ཙ་ཡ། ནཱ་གརག་ཤཡག་ཤ་ཁ་ཡནཧུ༷་ཡ་ཧུ༷་ཡ། དྲི་ཛ་དྲི་ཛཙཀྲ་ཐུམས་ཐུམས་རྦད་ཡ་རྦད་ཡ།གསང་བའིཡང་སྙིང་སྐྲུ་གྲི་སྟེ། འདི་ནི་ལས་ཀྱི་གནདགཅོདཡིན། ཨོ་ཧྲི་སྤྱི་བིཀྲི་ཏྭ་ནན་ཧུ༷་ཧུ༷་ཕཊ་ཕཊ། ཁ་གནོན་སྟོབསཀྱི་འཁོར་ལོ་སྟེ། །མེདང་རླུད་ལ་དགོད་པར་བཤད། །དགྲབོའི་སྲོག་ལ་ཛ་ལ་ཛི་ར༷་ར༷་ཧལ་ཙ་མ་རིསྙིང་ལ་འདུསནག་པོབམཙི་ཙི་རྒྱས་ཏྲག་ཐུར་སྙིང་ཐུརསྙིངསྙུལམྱགས་མྱགས། རྩབཞི་སྐུམས་ཤན་ཤན་སྲོག་ལ་ཤན། ཐུར་སོད་ཙིསྟ་རྦད་ར༷་རྦདཡ། དགྲབོའི་སྲོགལ་ཛཛ་ལ་ཛི་ཛི་ལ༷་ལ༷་ཧ་ལཙམ་རི་སྙིང་ལ་འདུས། ནག་པོ་བ༷་ཙི་ཙི་རྒྱས་ཏྲག་ཐུར་སྙིངལྷུ་ལ་མྱགསམྱགས། རྩབཞིབསྐུམས། ཤནཤན་སྲོག་ལ་ཤན། ཐུརསོད་ཙིཏི་རྦད་ཡ། དགྲ་བོའི་སྲོག་ལ་ཛ་ཛ། ཡ༷་ཡ༷་ཡ༷། ཧ་ལ་ཙ་མ་རིསྙིང་ལ་འདུས་ནག་པོབམ་ཙི་ཙི་རྒྱས་ཏྲས་ཐུར་སྙིང་འགུལ། མྱགས་མྱགས་རྩ་བཞིབསྐུམས། ཤནཤན་སྲོགལཤན་ཐུར་སོདཙིཀྟ་རྦད་ལ༷་རྦདཡ༷། དགྲ་བོའི་སྲོག་ལ་ཛ་ལ་ཛི་ཁ༷་ཁ༷་ཧ་ལ་ཙ་མ་རི་སྙིང་ལ་འདུས་ནག་པོ་བམ་ཙི་ཙི་རྒྱསཔོག་ཐུར་སྙིང་ཐུར་སྙིང་འགུལ་མྱགས་མྱགས། རྩ་བཞི་བསྐུམས་ཤན་ཤན་སྲོག་ལ་ཤན་ཐུར་སོད་ཙིལྟི་རྦད་ཁ༷་རྦདཡ། འབྱུང་བཞི་འཁྲུགས་པ་ལས་ཀྱི་སྔགས། །ལས་ཀྱི་འཁོར་ལོ་གསང་བའོ། །ནག་པོ་ཏི་པ་ཙ་ཡ་ནག་པོ་བམ་ལ༷་ར༷་ཁ༷་ཡ༷་ཙི་ཙི་རྒྱསཏྲག་ཐུར་སྙིང་འགུལ། མྱགས་མྱགས་རྩབཞིབསྐུམས། ཤན་ཤན་སྲོག་ལཤན་ཐུརསོད་ལ༷་ནི་རྦད་ཡ། ར༷་ནི་རྦད་ཡ། ཁ༷་ནི་རྦད་ཡ། ཡ༷ནི་རྦད་ཡ། རྩ་ཁྲག་སྙིང་ཐུམས་རི་ལརྦད་རྦད། རྦད་ཡ་རྦད་ཡ། འདིདག་འཆི་བདག་ཀླུ་ནག་པོ། །གསྐོའི་བྱེ་མ་གྲངས་སྙེད་དེ། །འབྱུང་བཞི་གནང་ནས་རབ་དཀྲུགས་ཏེ། །གནད་གཅོད་སྤུ་གྲི་རྣོ་དབལ་ཏེ། །གསད་པའི་ཤམ་བུར་ཡང་དག་བཤད། ཁྱབ་བདག་ཀླུ་རྒྱལ་ངས་བཤད་དོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགསཔ་ཁྱབ་བདག་ཡེ་ཤེས་ལས། རྩ་སྔགས་དང་ལས་ཀྱི་སྐྲུ་གྲི་སྔགས་བསྟན་པདེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །འཇམ་དཔལ་ལ་གསོལ་བ། ཁྱབ་བདག་ཡེ་ཤེས་རྒྱལ་པོ་ཡིས། །ཡངསྙིང་རྣམ་པར་བཀོད་པ་སྟེ། །ཕུང་ཤིགས་གཉན་རིགས་བདག་པོ་ཡིས། །ལས་ཀྱི་རིམ་པ་བཤད་པར་མཛོད། །ཅེས་གསོལ་པས། དེ་ནས་ཀླུའི་རིགས་ཀྱི་བདག་པོས། ཡང་སྙིང་བཀོད་པའི་ལས་འདི་གསུངས་སོ། །བ་དང་འོ་མ་མར་དང་ནི། །ཞུན་མར་སྣུམ་གྱི་སྙིང་པོ་མཆོག །ནཱ་ག་རག་ཤ་ཕུང་ཤིག །མགོ་དགུ་བ་གླུའི་བདག་པོ་ཡི། །གསད་པ་ཡང་སྙིང་བཤད་པ་འདིའོ། ཁེན་ཏུ་དབེན་ནམ་ནཱ་ག་གནས། །གཉན་ར་ཞེས་པ་གདུག་པ་མྲ །མཎྜལ་བྱས་ལ་དྲི་སྤོས་བྱུག །སྣ་ཚོགས་རྒྱ་མཚོའི་གཟུགས་བྱས་ལ། །སྣ་ཚོགས་ཤིང་གིས་མཛེས་པར་བརྒྱན། །གྲུ་གསུམ་མཐིང་ནག་ཀླུ་ཡི་བདག །སྦྲུལ་གྱི་ར་བས་བརྒྱན་པ་ནི། །ལྕགས་ཁང་ཚུལ་དུ་ཤེས་པར་བྱ། །ནུབ་བྱང་ངོས་སུ་སྒོ་གཅིག་དགོད། །ཟླ་གམ་རེ་ག་ཞི་བ་སྦྲུལ། །རྒྱས་པ་ཆུ་ཡི་རང་བཞིན་ནོ། །སྟོང་པའི་ངང་ལས་ཡི་གེ་ཛ། །དེ་ལས་སྡིག་པའི་ཆོ་གའོ། །སྨུག་ནག་འཕྲོ་བའི་བཞིན་ཡང་སྔོ། །འཆི་བདག་ཀླ་ལ་གཏོར་མ་དང་། །དམ་རྫས་གསེར་ཕུད་བཤོས་བུ་དགྲམ། །མཛེ་ཅན་ཕོ་མོའི་ཐོད་པ་ལ། ཁྲ་དང་དྲི་མ་ར་རི་སྤང་། །གཤག་ཅིང་ཁ་དོག་དམར་པོ་བྱ། །དགུག་ཕྱིར་རྒྱ་སྐྱེགས་འཁོར་ལོ་ནི། །རྩིགས་དྲུག་ལྡན་པཇོ་བྲི་བར་བྱ། །དགྲ་བོའི་ལིང་ག་ཤེས་པ་ཡིས། །མནན་དང་ཡན་ལག་སྡིག་པ་ཟ། །དཀར་གསུམ་ཨ་མུ་ཀ་ཡི་རྫས། །མེ་ཏོག་མང་པོ་བུ་བ་དང་། །མངར་གསུམ་བཙག་གིས་བྲི་བར་བྱ། །མུ་ཁྱུད་སྦྲུལ་གྱི་ར་བ་ནི། །ཐོད་པའི་ཙཀྲ་ནག་པོ་ལ། །གསང་སྔགས་བྲི་ཞིང་དགོད་པར་བྱ། ཁ་སྦྱར་བར་དུ་གསད་པ་ལྡིང་། །སྦལ་པའི་ལྟོ་བར་ལིང་ག་གཞུག །གསད་པའི་སྔགས་ཀྱིས་མཐའ་བསྐོར་བྱས། །བཟླས་པའི་ཡི་གེ་འཕྲོ་འདུ་ནི། །སྔགས་ཀྱི་འོད་ཟེར་ཡི་གེ་སྟེ། ཁ་དོག་སྣ་ཚོགས་གྲངས་ལས་བཟླས། །ཡུལ་ལ་སྤྲོ་བ་དམིགས་པ་སྟེ། །འོད་ཟེར་རང་ལ་མི་བསྡུ་ཞེས། ཁྱབ་བདག་ཡེ་ཤེས་ཉིད་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཀླུའི་རིགས་ཀྱི་བདག་པོས་ནཱ་ག་ཀླུའི་ཚོགས་དབང་དུ་བསྡུ་ཞིང་འབོད་པ་འདི་ལྟའོ། །ནཱ་ག་འདུ་ནཱ་ག་འདུ། ནཱ་ག་ཤན་འདུ། ཧེ་ལི་ཧེ་ལི་འདུས་འདུས། ནག་པོ་བམ་ཙི་ཙི་རྒྱས། ཏྲག་ཐུར་སྙིང་ལ་འགུལ། མྱགས་མྱགས་རྩ་བཞི་བསྐུམས། །ཤན་ཤན་སྲོག་ལ་ཤན་ཐུར་སོད་གྲྭཧྭ། བསམ་པ་མ་ཡེངས་སྤྱོད་ལ་བསྟན། །ཤ་ཆང་སྒོག་བཙོང་བུད་མེད་སྤང་། །འཁོར་སྡུད་ཡང་སྙིང་རྒྱལ་པོ་འདི། ཁེན་ཏུ་གསང་ཞིང་བཟླས་པ་རྩམ། །དེ་རྟགས་མངོན་དུ་སྟེར་བ་ནི། །སྡིག་པ་སྤྲིན་ལྟར་གཏིབས་པ་དང་། །ཉ་སྦྲུལ་གློག་ལྟར་འགྱུར་བ་དང་། །ཆུ་སྲིན་འབྲུག་ལྟར་སྒྲོགས་པ་སྟེ། །གཡག་དང་བ་གླང་བས་དཔག་དཀའ། །རྨི་ལྟས་མཚན་མ་དེ་ལ་གཟུད། ཁྲ་ཀྲ་བ་ལྡགས་ཤུ་བ་དང་། །སྦྱིད་ཅིང་ཚ་དང་འཁྱུག་དང་འཁོལ། །མངོན་རྟགས་བསྒྲུབ་པའི་རྫས་དག་ལ། །བརྒྱ་སྟོབས་རྒྱ་མང་པོར་འོང་། །མྱར་དུ་ལས་ལ་ཤིས་པས་གཏད། །ཞགས་དྲངས་རྒྱུན་གྱི་མཐའ་ལ་ཡང་། །རྟགས་བྱུང་དགྲ་སྲོག་དགུག་པར་བྱ། །དེ་ནས་ཡང་ཀླུའི་བདག་པོ་ཨ་མུ་མངོན་དུ་ནཱ་གས་དགུག་པ་འདི་དག་ཆེད་དུ་གསུངས་སོ། །ཨོ་ནཱ་ག་རྭ་ཛ་ཡ་རན་ཏྲ་ནན། ནཱ་ག་པུ་ཀ་ནཱ་ག་པུ་ཀ །ཧུ༷་ཛུ་ཧཱུཾ་ཛུ། །པདྨ་དྲི་ཛ། ཤང་ཁ་བ་ལ་ནི་ཛུ། དགྲ་བོ་དམ་པ་ཡ་ནི་ཛུ། ག་ལ་སྙེའུ་ཕུ་ནི་ཛུ། རིགས་བཞི་ཕོ་ཉ་པདྨ་ཡི། །དགྲ་བོ་དགུག་པར་གྱུར་པ་ཡིན། །དེ་རྟགས་འབྱུང་བ་འདི་ཉིད་དོ། །རང་ལུས་རྟགས་ལས་གྲོལ་བ་དང་། །བཙོན་དང་ཇག་བྱེད་བཙག་འབྱུག་ཅིང་། །སྡོམ་སྡིག་མང་པོ་འབྱུང་བར་འགྱུར། །དེ་ནས་གསད་པའི་ལས་བྱ་སྟེ། །ཕུ་སྤུགས་དྲེ་ལ་སྔགས་དེ་བཞིན་བརྡེག །དེ་ལ་རྟགས་རྣམས་འབྱུང་བ་ནི། །རང་དང་རི་དྭགས་བསད་པ་དང་། །ལུས་ཡང་རྟག་ཏུ་ངེས་པར་གྲོལ། །དེ་ལ་ཁྲམ་གདབ་འབྲུ་གཉིས་བརྡེག །གཤིན་རྗེ་སྟག་མགོ་ནག་པོ་དང་། །ཀླུ་དང་བཙན་དང་བདུད་དང་གིང་དང་མ་མོ་དྲེགས་པ་དྲུག །ཁྲམ་གདབ་འཕྲིན་ལས་བཅོལ་བ་དང་། །གསད་པ་ཡང་ནི་ཡིན་ཞེས་བཤད། །དེ་རྗེས་ཀླུ་ཡི་ངན་སྔགས་ཏེ། །དྲུག་སྔགས་བྲམ་ཟེ་རྒྱལ་པོ་ཡིས། །བརྣག་དེ་བརྡེག་པར་ཤེས་པར་བྱ། །དེ་རྫོགས་གཏད་པའི་ལས་བྱ་བ། །རང་ལུས་སྲ་བའི་གོ་ཆ་བགོ །ཐོད་པ་ཚས་དྲག་རེ་བས་གྲིལ། །ཚོན་སྣ་ལྔ་ཡི་སྲད་བུས་བཅིང་། །གདུག་བྱེད་ཀླུ་ཡི་གཅུན་སྔགས་བཟླས། །ཐོད་པ་ཁྱེར་ཏེ་གཏད་པར་བྱ། །ནཱ་ག་ཡོད་དང་མེད་པ་དང་། །དོན་མི་ཁུགས་དང་མི་ཁུགས་དང་། ཁྲམ་ལ་ཐེབས་དང་མ་ཐེབས་དང་། །ནཱ་ག་བྲོས་དང་མ་བྲོས་དང་། །གཏད་ས་ལོག་དང་མ་ལོག་པའི། །ཉམས་ནི་རང་གི་དྲོད་ཚད་བརྟག །བྱང་དང་བྱང་ཤར་གནས་མཆོག་སྟེ། །ས་དབྱིབས་དམ་གནག་ས་ཆས་རྩུབ། །བྲག་སྣ་ཡོད་པའམ། ཆུ་མིག་ལྐུག་པའང་དེ་བཞིན་ཏེ། །ནག་པོ་བརྩིགས་པའི་ས་ཕྱོགས་སུ། །ཟླ་བ་ཟད་པའི་དུས་ཆེན་ལ། །གཟའ་དང་བསྟུན་ལ་གཏད་པར་བྱ། །གཏད་པའི་ས་རྡོ་ཤིང་རྣམས་ལ། །འོ་མ་རྩི་སྨན་ལམ་དྲངས་ཏེ། །ཨ་མུ་ཀ་ཡི་ཁང་བར་གཞུག །གགས་བྱ་རྗེས་གཅད་རང་ལུས་བསྲུང་། །ཚ་ཐུར་དུག་ཐབས་འཁོར་ལོ་སྟེ། །འདི་ཤེས་གོ་ཆ་བླ་ན་མེད། །རྡོ་རྗེ་བཞིན་དུ་ལུས་གནས་པས། །ཡང་གསང་གཏེར་གྱི་དམ་པར་བཤད། །ནཱ་ག་ར་ག་ཤ་ཞེས་བྱ་བ། །སྲིན་པོ་བསྒྲུབ་པ་གཤེད་པོ་སྟེ། །དེས་ཀྱང་མཆོག་ཏུ་བསྲུང་བར་འགྱུར། །གལ་ལྟེ་འགྲུབ་པར་མ་གྱུར་ན། །བཅྭ་བརྒྱད་སྔགས་ཀྱིས་སྤྱན་དྲངས་ལ། །འབྲུ་དགུས་རྣམ་ཤེས་གཟུགས་ལ་ཡིན། །སོ་བ་ཡིས་ནི་གནད་ལ་དབབ། །སྟོང་སྔགས་དྲུག་གིས་འཕྲིན་ལས་བཅོལ། །དྲག་སྔགས་བདུན་པས་བརླག་པར་བསྲེག །གདུག་པའི་ཤིང་ལ་ཧོམ་བཅས་ཏེ། །ནག་པོ་ཀླུ་ཡིས་གསད་པར་བྱ། །ངེས་པར་རྡུགས་ན་བྱ་བ་ལས། །ནན་གྱིས་བྱས་ན་ཡ་བག་ཤ། །དེ་ནས་བཅོམ་ལྡན་འདས་ཀླུའི་རིགས་ཀྱི་བདག་པོས། གསང་པ་དེ་ཉིད་འདི་དག་གསུངས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ །ཧེ་ཁུ་ལ་ཕེ་ཤན་ནག་པོས་ཤིག་ཤིག །ཆུ༷་ཆུ༷་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ། དགྲ་བོ་ཟུང་ཟུང་ཆིངས་ཆིངས་ནཱ་ར་ཡ། །དགུག་པ་དང་ནི་ཡང་སྙིང་ནི། །སུམ་སྦྲེལ་སྔགས་ཀྱིས་གསད་པ་གྲུབ། །ཐོད་པ་བྲི་བ་དེ་བཞིན་ནོ། །རྟག་ཏུ་གཉན་པོར་འཆི་བདག་བསྒོམ། །ཀླུ་གཏོར་གཏང་ཞིང་སྤྱོད་ལམ་བསྲུངས། །ནཱ་ག་ཤན་ཏུ་དུས་སི་བས། ནཱ་ག་རྭ་ཛ་ནན། ནཱ་ག་མི་ར་རྦུད། ཤན་ཏི་ཤ་རུ་ཚུབས། ནག་པོ་ཨ་རོ་ལིག་ཤམས། ན་ག་དུན་དུན་གྱེན་གྱེན། །ནཱ་ག་དུ་ཡ་ཡ། ཙུབ་ཙུབ་དུ་ཤ་རྦད། འདི་ནི་གསང་བ་གནད་ཀྱི་སྔགས། །ན་གའི་སྨོད་པས་ལས་ཁ་རྟུལ། །ས་བྱི་བ་ཆོག་ཁུང་ལིང་ཁུག་ལིང་ཧེ་ཧེ་ཕཊ། ཨོ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ས་བྱི་ཅོག་ལིང་མ་མ་མུགས་མུགས་ཧི་བྱི་ལ་ཆོ་ཆོ་ཨ་ལ་གུག་ལིང་སྲུཧྭ། འདི་ནི་ས་ཁ་དབྱེ་བ་དང་། །ཀླུ་ཡི་གཅུན་སྔགས་ཡིན་པར་བཤད། །ནཱ་ག་ར་ཛ་ཨ་བེ་ཤ་ཡེ་ཨུ། གཟུགས་ལ་དབབ་པའི་ཡང་སྙིང་ཡིན། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པར་བཤད་པ་ལས། སྡིག་པ་ནག་པོ་ཕུག་ཤིག་གི་ལས་བསྟན་པའི་འཁོར་ལོ་སྟེ་ལེའུ་བཅོ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས། ཡང་སྙིང་ཞེས་པ་དེ་ལྟར་ན། །ཀླུ་སྦྲུལ་ནག་པོའི་སྦྱོར་བ་དག །འཁོར་ལོ་ནག་པོ་བཤད་པར་མཛོད། །ཅེས་པ་དང་། ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་གྱིས། ཀླུ་བདུད་སྦྲུལ་ནག་གི་ལས་རིམ་འདི་དག་བཤད་དོ། །དང་པོར་རིགས་ཅན་རྣལ་འབྱོར་གྱིས། །དབེན་པའི་གནས་སུ་འདུག་ནས་ནི། །མཎྜལ་མཉམ་པོ་ཡིད་འོང་ལ། །དྲི་སྤོས་སྨན་གྱིས་བྱུག་པར་བྱ། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །ཆུ་སྐྱེས་འདབ་མ་དེ་བཞིན་བཞི། །དཀར་དང་དམར་དང་སེར་དང་ལྗང་། །སྦྲུལ་རིགས་བརྒྱན་པ་ཁོར་ཡུག་གོ །གསེར་རམ་ཡང་ན་དངུལ་ལམ་ནི། །ཡང་ན་སྣུམ་པའི་ས་ལ་བྱ། །དཔའ་བོ་ཏི་པ་ཙ་ཡི་གཟུགས། །སྐུ་ཡི་རྟེན་དུ་བཞུགས་སུ་གསོལ། །བུམ་པ་བཞིར་ནི་ཀླུ་སྨན་དང་། །འོ་མ་གཙང་མའི་ཆུ་ཡིས་བཀང་། །པདྨ་བཞི་ལ་དེ་བཞིན་ནོ། །མཆོད་པའི་བྱེ༷་བྲག་ཇི་སྙེད་དང་། །གཏོར་མ་དག་ནི་དགོད་པར་བྱ། །དབྱིངས་ལས་རིག་པ་ངོ་བོ་ཆེ། །དེ་ལ་སྤྲོ་བསྡུ་མི་བྱ་བར། །སྦྲུལ་ནག་ཆེན་པོ་ཉིད་དུ་དམིགས། །དེ་བསྒོམ་དེ་ཉིད་བསྒྲུབ་པ་སྟེ། །སྙིང་པོ་ཞེས་པ་དེ་ཉིད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ། ན་ག་རག་ཤ་ཧུ༷། དེ་རྟགས་འབྱུང་བ་འདི་དག་གོ །ལུས་ཡང་སེམས་གསོལ་སྟོབས་འཕེལ་ཞིང་། །རྨི་ལྟས་སྣ་ཚོགས་ཉིད་ཀྱང་སྟོན། །རྟགས་ནི་མཐོང་ནས་རྫས་དབུལ་ཞིང་། །ཀླུ་བདག་ལས་མཁན་བསྒྲུབ་པ་བརྩམ། །གཉན་གནས་ས་ནི་བླང་བར་བྱ། །དེ་ནི་དཀྱིལ་འཁོར་རྫས་དད་བརྟེན། །མཎྜལ་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་གསུམ་ནི་དམར་པོར་བྱ། །ཕྱི་རིམ་དྲག་པོ་སྦྲུལ་གྱིས་བརྒྱན། །ཕ་མེས་ཐོད་པ་བརྣག་པའི་རྫས། །རབས་ཆད་མོན་དང་མུ་རུ་ས། །དག་དིག་གླེན་པ་བཀྲ་མི་ཤིས། །གཤགས་ལ་འཁོར་ལོ་བྲི་བར་བྱ། །ཡང་ན་རས་སམ་གྲོ་ག་ལ། །སྦྲུལ་ནག་འཁྱིལ་པའི་འཁོར་ལོ་བྲི། །དེ་ཡི་ལྟེ་བར་ཨ་མུ་ཀ །ཕྱི་རོལ་རོ་སྟེར་ཅན་བྲིའོ། ཁེང་སྦལ་ས་ཡི་ག་འུ་དང་། །གླང་རུ་ལ་ནི་ཡང་དག་བརྗོད། །ཞི་བ་ཞེས་ནི་དེ་ལ་བྱ། །བརྣག་པའི་རྗེས་དང་གོས་དུམ་སྐྲ། །དྲི་མ་ཆུ་དང་ཐིགས་པ་ལ། །མཚལ་ཆེན་ཁུ་བས་བྲི་བའམ། །རག་ཏས་སྦྱར་བ་དྲག་པོའོ། །མིང་རུས་བླ་དགས་རྫོགས་པ་དང་། །དུག་ཤིང་དྲག་པོ་གཉན་རའམ། །ཡང་ནན་རི་སུར་སུ་དག་མི། ཁྲམ་ཤིང་དུག་གིས་དྲེགས་པ་དྲུག །སྔགས་དགོད་རྣམ་པར་བསམ་པ་དང་། གྲུ་གསུམ་རྩེ་ལ་དགོད་ཅིང་གཟུགས། །སྟོང་ཉིད་རང་རིག་སྦྲུལ་ནག་སྟེ། །མགོ་དགུ་ལྕགས་སུ་འཇིགས་པ་གདེངས། ཁ་རླངས་གདུག་པ་སྦྲུལ་དུ་འཁྱུག །གཡོན་ན་བུད་མེད་སྦྲུལ་མཇུག་ཅན། །ཟླ་གམ་གསུམ་ལ་གནས་པ་ནི། །སྐུ་ཡི་སྤྲུལ་བ་གླང་མགོ་ཅན། །གསུང་གི་སྤྲུལ་པ་ཞགས་པ་ཅན། །ཐུགས་ཀྱི་སྤྲུལ་པ་སྒྱུ་མ་ཅན། །གྲུ་གསུམ་རྩེ་ལ་དྲེགས་པ་ཉིད། །དེ་བསྒོམ་དེ་དག་བོད་ཅིང་དགུག །ར༷་ཡ༷་ཁ༷་ལས་གཏོར་མ་སྦྱངས། །ཨ་ལས་བདུད་རྩིར་གྱུར་བ་སྟེ། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །འོད་ཟེར་སྦྲུལ་ནག་འཁྱིལ་བ་ལས། ཁ་རླངས་སྔགས་བཅས་སྦྲུལ་དུ་འཁྱུག །གང་ཡིན་གཟས་པ་གསོད་ཅིང་དགུག །དེ་རྟགས་སྡུག་དང་མི་སྡུག་པ། །གནག་དང་བ་གླང་སྦྲུལ་དང་ནི། །སྦལ་པ་ནག་པོ་མཐོང་ན་གྲུབ། །ཡུངས་ཀར་ཉུང་ནག་སྐེ་ཚེ་ཡིས། ཁྲག་དང་དུག་བསྲེས་ངར་གླུད་བརྡེག །དགུག་དང་བསད་པའི་ཉིན་མཚན་དབྱེ། །རྫོགས་ནས་ཁྲམ་གདབ་གཏད་ལས་བཙལ། །འཁོར་ལོ་ཐོད་པ་རེ་བས་གྲིལ། །ཚོན་སྣ་ལྔ་ཡི་སྐུད་པས་གྲིལ། །ལིང་ག་ཁྲམ་བཅས་སྦལ་བར་བྲུབ། །རྒྱལ་པོ་རྗེའུ་བྲམ་ཟེ་དམངས། །རྒྱུ་བའི་དུས་སུ་མ་ནོར་གཏད། །དྲེགས་པ་དྲུག་པོ་གནས་པའི་སར། ཁྲམ་གྱིས་ལིང་ག་རེ་རེ་གཏད། །དེ་རྟགས་མྱུར་དུ་འོང་བར་བཤད། །གལ་ལྟེ་དེ་ལ་རྟགས་མེད་ན། །བརྣག་པའི་གཟུགས་བཅས་སྔགས་ཀྱིས་བསྐོར། །རྩིབས་ལ་འབྱུང་བ་གནད་ཀྱི་སྔགས། །ལས་ཀྱི་ལུས་སྲོག་འབྱེད་པ་དག །བརྗོད་ན་ལྷ་ཡང་རླག་བྱེད་ན། །འབྱུང་བའི་ཕུང་པོ་སྨོས་ཅི་དགོས། །དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོས། གསང་སྔགས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་བཏོན་ནོ། །ཨོ་ནག་པོ་ཏི་པ་ཙ་ཡ་ཧུ༷་ཛ། ནཱ་ག་ཀྲོ་དྷི་ཤྭ་རི་ཧུ༷་ཛ། །ནཱ་ག་རྭ་ད་ཧུ་ཡ་ཧུ་ཡ་བ༷་ར༷་ཛ། ནཱ་ག་ར་ཛ་ས་མ་ཡེ་བ༷་རིལ་ཛ། ནཱ་ག་དུན་དུན་ཧེ་ལི་ཧེ་ལི་འདུས་འདུས་མ་ཡ་ཛ། ཀླུ་ཡི་བདག་པོ་འཆི་བདག་ཉིད། །རིག་པའི་རྒྱལ་པོ་ཡབ་ཡུམ་དང་། །སྲོག་གཤེད་འཁོར་དང་བཅས་པ་ཡིས། །རྩ་བ་དྲིལ་བའི་བསྒྲུབ་སྔགས་ཏེ། །སྤྲིད་དང་གཡལ་གྱིས་བར་མ་ཆོད། །སེམས་ཀྱི་འདུ་འཛི་སྤངས་ལ་སྒྲུབ། །འདི་ནི་ཡང་དག་རྫོགས་པ་ཡི།ཁྱབ་བདག་ཡེ་ཤེས་ངས་བཤད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ། དགྲ་བོའི་གློ་སྙིང་མ་ར་ཡ། ཀླུ་སྦྲུལ་ནག་པོ་ནཱ་ག་སྙིང་ལ་ཁྲུམ་པུ་ཡེ་ཛ། ནག་པོ་ཏི་པ་ཙ་ཡ། དགྲ་བོའི་སྙིང་ལ་ཡ་རྦད་པུ་ཡེ་ཐུམ་རིལ་ཡེ་ཛ། ནཱ་ག་རྭ་ཛ་དགྲ་བོ་ནི་རྦད། ཤན་ཏིངརྦད། ཁྲན་ཏིང་རྦད། སྲོག་ཏི་རྦད། སྙིང་ལརིལ་རིལ་རྦད། ཤ༷་ཤ༷་རྦད། མྱརཡ་རྦད། ཞག་གསུམ་བར་དུ་བཟླས་པ་སྟེ། །གསད་པའི་ཡང་དག་བཤད། །ནག་པོ་ཏི་བ༷་ཙོ་ཙིར་ལ། །ཙ་ཙུར་ལ་ཙིར་ཙིར་བེ་རུ་ཤོ་ནཆེ་གེ་མོལ་ཡ༷་ཡ༷་ནག་པོ་ཏི་པ་ཙཔོ་ཙུཏ་རུགལག་ཤ་ཆེ་གེམོ་ཡ༷་ཡ༷། ཨ་ཤ༷ ནག་པོ་ཏི་པ་ཙ་ཙ་ཕུ་བཛྲ་ལ༷་བཛྲལ༷་ཁཡན་ཧུ༷་ཤོ་ཆེ་གེ་མོ་མྱ་ར་ཛ། དགུགཔ་ཞེས་བྱ་ཨ་མུ་ཀ །ཉིན་སྔགས་ཡིན་པར་ཡང་དག་བཤད། །ནཱ་ག་རྭ་རྫིཙིཀྟ་གཤོགསགཤོགས། ཆིངས་ཆིངས་ཤིག་ཤིག་ཆུ༷་ཆུ༷་རུལ་ཡ། ཏི་ར་ཡ་མྱ་ར་ཡ་ཛ་ཛ། གནད་གཅོད་པ་སྟེ་གསང་བའི་སྔགས། གཟུགས་ཀྱི་མཐའ་མར་ཡིན་ཞེས་བཤད། །ཨེ་བ༷ ལ༷་ར༷ ཡ༷་ནཱག་ཛ་ལ་ཛིདགྲ་བོའིསྙིང་ལ་ར༷་ར༷་ར༷ཧ་ལ་འདུས་རྦད། ནཱ་ག་ཛལ་ཛི་དགྲ་བོའི་སྙིང་ལབ༷་བ༷་བ༷་འདུས་མུ་ར་ཡ། ནཱག་ཛ་ལདགྲ་བོའི་སྙིང་ལ་ལ༷ ལ༷་ལ༷་འདུས་བཱ་ར་ཡ། ནཱ་ག་ཛ་ལ་ཛི་དགྲ་བོའིསྙིང་ལཡ༷ ཡ༷་འདུསམ་ར་ཡ། རྒྱུ་འདུས་དྲག་པོ་སྙིང་ཐུར་དགྲ་ལ་སྨྱོ། གནད་དགུ་གཅོད་པ་འབྱུང་བའི་སྔགས། །ལས་ཀྱི་མཐའ་རྒྱ་ཡིན་ཞེས་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པཁྱབ་བདག་ཡེཤེས་ལས། ཀླུབདུད་སྦྲུལ་ནག་གི་འཁོར་ལོ་བསྟན་པ་སྟེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་སྙིངཔོས་གསོལ་པ། འཇམ་དཔལ་ཀླུ་ཡི་རིགས་དགཆེ། །སྙིགསམ་ལྔ་ཡིདུས་ཉིད་དུ། །སྔགས་པ་རྡོ་རྗེ་ནང་འཐབ་བམ། །རུས་སྦལ་འཛིང་འཐབ་བྱུང་བའམ། །ཕ་ཚན་ཆེན་པོ་དགྲར་ལངས་ན། །ལིང་ག་བདུན་སྦྲག་ཇི་ལྟར་བྱ། །ཞེས་གསོལ་པས། །ཀླུ་ཡི་བདག་པོས་རུས་སྦལ་ཆེན་པོའི་ལིང་ག་བདུན་སྦྲག་འདི་དག་བཤད་དོ། །འཁོར་ལོ་བདུན་སྦྲག་གསང་བ་འདི། །གདུག་པའི་གནས་སུ་བསྒྲུབ་པར་བྱ། །རྒྱུ་ནི་ལྔ་ཕུང་ཚང་བ་ཡི། །གཟུགས་ཀྱི་ཕུང་པོ་རིལ་ཅིག་གོ །དེ་ལ་བཅའ་བའི་རིམ་པ་ནི། །གཉན་རའི་ས་ལ་མཎྜལ་བྱ། །ཆག་ཐིག་གདབ་དེ་དེ་བཞིན་ཏེ། །གྲུ་གསུམ་ཟླ་གམ་ཟླུམ་བོའི་སྔགས། །གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །དེ་ལ་རྒྱུ་ཡི་རྫས་དགོད་པ། །མགོ་ལ་འཆི་བདག་ཡབ་ཡུམ་གྱི། །གཅོད་པའི་འཁོར་ལོ་མཁས་པར་བྲི། །རྐང་བརྒྱད་ཀླུ་ཆེན་ནག་པོ་བརྒྱད། །སྦྲུལ་ནག་བརྒྱད་དུ་བྱ་བར་བཤད། །རྩིབ་མ་ལ་ནི་ཁྲམ་དྲུག་གོ །སྒལ་པ་ཉི་ཤུ་རྩ་ལྔ་ལ། །ཀླུ་རིགས་ཉི་ཤུ་རྩ་ལྔ་ཡི། །སྦལ་ནག་ཉི་ཤུ་རྩ་ལྔའོ། །སོགས་པ་གསེ་བྱང་གི་ཞེས་བཤད། །དེ་ཡི་རིམ་པ་གནས་བཀོད་ལ། །བསྒྲུབ་པ་རྫོགས་དང་གཏད་བསྒྲུབ་བོ། །རུས་སྦལ་ཆེན་པོའི་མན་ངག་ནི། ཁམ་པའི་ག་འུ་མེས་སྨིན་པ། །དེ་དག་རུས་སྦལ་གཟུགས་སུ་བྱ། །ལུས་ཀྱི་བང་མཛོད་བཅུ་གཉིས་དང་། །མགོ་ལུས་ཚང་བ་དེ་ཡིན་ཏེ། །ཡན་ལག་དྲུག་ཏུ་བཤད་པའོ། །བསྒྲུབ་པའི་དཀྱིལ་འཁོར་དབུས་དང་ནི། །ཟླ་གམ་མུ་ཁྱུད་གྲུ་ཆད་ཁྱམས། །སྒོ་བཞིར་གཏོར་ཏེ་བསྒྲུབ་པ་དང་། །རུས་སྦལ་ལུས་ཀྱི་གསང་མརྫོད་དུ། །མགོ་དང་སྙིང་ཁ་ལྟོ་བ་དང་། །ལྟེ་བ་མཚན་མ་ཡན་ལག་ལ། །མགོ་བོའི་འཆི་བདག་ཡབ་ཡུམ་དང་། །ང་རྒྱལ་ཆེ་ཆུང་བཙན་དང་ནི། །ཀླུ་བཙན་ལས་ཀྱི་རྣོ་མྱུར་ཏེ། །ཡང་སྙིང་སྐྲུལ་ནག་འཁྱིལ་བ་དང་། །སྦལ་ནག་སྡིག་པ་ཁྲམ་བྱང་དང་། ཉི་ཤུ་རྩ་ལྔ་སྦལ་པའི་གྲངས། །རྐང་ཆེན་བརྒྱད་པོ་དྲིལ་བྱས་ཏེ། །རུས་སྦལ་ཆེན་པོར་བསྒྲུབ་པ་ཡིན། །གཏད་པ་ཀླུ་དང་བདུད་གནས་སམ། །གཞན་གྱིས་བགྲོད་གཅིག་ལྟ་བ་ནི། ་གོན་ཏུ་ཡང་ང་མ་འཇིགས་པ། །གཡའ་སྤང་གནས་པ་ལྐུགས་པ་མཚོ། །དེར་ནི་གཏད་པ་ཡང་དག་གོ །གསང་སྔགས་དྲིལ་ཏེ་བདུན་སྦྲག་པ། །རུས་མང་དགྲ་རུ་ལངས་པའམ ཡང་ན་གཏང་མཁན་ནང་འགྲས་ན། །སྐྲུ་གྲི་རྣོ་དབལ་འདི་ཉིད་ཡིན། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལས་བདུན་སྦྲག་ཆེན་པོ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ།། །།ཡང་རྡོ་རྗེ་སྙིང་པོས་གསོལ་པ། །གཏད་པ་ལས་མཐའ་མི་འཆོར་བའི། ཁྲམ་གྱིས་གདབ་པ་ཇི་ལྟར་ལགས། །ཅེས་པས། འཇམ་དཔལ་གྱིས་ཁྲམ་གྱི་རིམ་པ་འདི་དག་གསུངས་སོ། །སྔགས་དང་རྫས་ཀྱི་ཁྲམ་དང་ནི། །གནམ་ཁྲམ་དང་ནི་ས་ཁྲམ་མོ། །སྔགས་ནི་དྲེགས་པ་སྲོག་གི་གནད། །མི་འཆོར་བས་ན་ཁྲམ ཞེསབྱ། །གཤིན རྗེཁྲམ བདག་སྟག་མགོ་ཅན། །ཀླུ་ཡི་ཁྲག་བདག་རྒྱུ་མ་ཅན། །བདུད་ཀྱི་ཁྲམ་བདག་སྲོག་གཅོད་རྗེ། །བཙན་གྱི་ཁྲམ་བདག་ལག་རིངས་པོ། །གིང་གི་ཁྲམ་བདག་གཅེར་བུ་སྟེ། །མ་མོའི་ཁྲམ་བདག་ཞགས་པ་ཅན། །མི་གཏོད་སྨོད་པ་ཁྲམ་གྱི་སྔགས། ཁྲམ་ལ་གདབ་ཕྱིར་མི་སྤེལ་ལ། །ལིང་ག་བསྟིམ་དང་བཟླས་པ་ཡི། ཁྲམ་སྔགས་ཡང་སྙིང་འདི་དག་གོ །ཡ༷་ར་ཛ་ནག་པོ་དགྲ་སྙིང་ལ་ཡ་ཡ། གཤིན་རྗེ་ནག་པོ་ཛ་ཐུར་དགྲ་ལ་སྨྱོ། ནཱ་ག་ཀན་ཙེ་འདུས། ཛ་ཐུར་དགྲ་ལ་སྨྱོ། ཨེ་བེ་ཤེ །ཧེ་ཐུ༷་ཧེ་ཐུ༷་ཛ་ཐུར་དགྲ་ལ་སྨྱོ། ནག་པོ་ཁ་མུན་ཏྲ་དེ་ཆོད་ཛ་ཐུར་དགྲ་ལ་སྨྱོ། ཛ་ཐུར་སྙིང་ལ་ཐུར་སྙིང་ལ་ཡ༷། བཛྲ་ས་དུར་སྙིང་ཐུར་དགྲ་ལ་ཡ༷་སྨྱོ། ཛ་ཐུར་སྙིང་ལ་ཡ༷། མ་སྙིང་ཐུར་དགྲ་ལ་ཡ༷་སྨྱོ། །འདི་དག་དྲེགས་པའི་སྔགས་ཁྲམ་མོ། །རྫས་ཀྱི་ཁྲམ་ནི་བཤད་བྱ་བ། །མོན་དང་མཛེ་པོ་རབས་ཆད་གསུམ། ཁྲམ་གྱི་རྒྱུ་རུ་བཤད་པའོ། ཁྲམ་དམར་དང་ནི་ཁྲམ་ནག་དང་། །རྡོ་རྗེ་ཁྲམ་འདེབས་སྔགས་དང་ནི། །དྲང་སོང་ཁྲམ་འདེབས་སྔགས་དང་སྦྲག །ཁྲམ་དཀར་དང་ནི་ཁྲམ་ནག་དང་། །གཤིན་རྗེ་ཁྲམ་འདེབས་སྔགས་དང་ནི། །སྲིན་མོ་ཁྲམ་འདེབས་སྔགས་དང་སྦྲག །ཁྲམ་སྔོན་དང་ནི་ཁྲམ་ནག་ལ། །ཀླུ་ཡི་ཁྲམ་འདེབས་སྔགས་དང་ནི། །མ་མོའི་ཁྲམ་འདེབས་སྔགས་དང་སྦྲག །དེ་ཡི་ཁྲམ་སྔགས་འདི་དག་གོ །ཧུ༷་བཛྲ་ནི་ས།རུ་ཀ་ནི། ཡ་མ་ནི། རག་ཤ་ནི། ནཱ་ག་ནི། རའི་ནི། དེ་དག་ཁྲམ་གྱི་བདག་མོའོ། །དུང་དུང་དུ་ནི་དུ་ནི་དུང་ཤི་ཁྲ༷་ཁྲ༷་མྱ་ར་ཡ་དུང་དུ། དེ་ནི་ཁྲམ་གྱི་སྔགས་སུ་བཤད། །རྩིབ་མ་ཁྲམ་གྱི་ཤིང་ཡིན་ཏེ། །རབས་ཆད་མོན་དང་མཛེ་པོ་སྟེ། །གསུམ་མམ་ཡང་ན་གཅིག་ལ་ཡང་། །རྫོགས་པ་རྫས་ཀྱི་ཁྲམ་དུ་བཤད། །ཡང་ན་གཉན་ཤིང་ཚེར་མ་ཅན། །གཤགས་ལ་ཁྲམ་བྲི་ལིང་ག་གཞུག །རྫས་ཀྱི་ཁྲམ་དུ་བཤད་པ་ཡིན། །གནམ་ཁྲམ་ཞེས་སུ་འདི་ལྟ་སྟེ། །ལོ་ཟླ་དུས་དང་འབྱུང་བ་ཕྱོགས། །རྟགས་ཀྱི་ངེས་པ་གཏན་ལ་དབབ། །རིགས་བཞི་དུས་ཚོད་མཚོན་ཆ་འདྲ། །ཐེབས་དང་འགྱངས་པ་དུས་ཡིན་པས། །སྔ་དྲོ་ནས་གཟུང་དགོངས་ཁ་སྟེ། །ཉི་མ་ས་འོག་སོང་བར་ལ། །རྒྱལ་པོ་བྲམ་ཟེ་རྗེ་རིགས་དམངས། །གདོལ་པ་ལ་སོགས་ཆ་ཡིས་བརྩི། །སྲོད་ནས་ཉི་མ་ཤར་ཀ་སྟེ། །ནམ་ལངས་བར་དུ་དེ་བཞིན་ཤེས། །ལོ་ཁམས་རྟགས་ཀྱང་ཤེས་པ་དང་། །ཟླ་བ་ལ་སོགས་དུས་འཛོམ་པ མི་འཆོར་བས་ནི་ཁྲིམས་ཡིན་ནོ། །ས་ཁྲམ་ཞེས་ནི་བཤད་བྱ་བ། །གཏད་པ་མི་འགྱུར་ས་ཡི་གཟེར། །སྦྲུལ་རག་གདུག་པའི་ལྕེ་མདུང་སྟེ། །བདུད་ཀྱི་སྐྱོན་ར་ཆེན་པོ་ཡིན། །ཆུ་དང་ཤིང་སྟེ་བྲག་དང་ས། །རིགས་བཞིར་རྟག་པ་རྟགས་ཀྱིས་ཤེས། །སྦྲུལ་དང་སྦལ་པ་ཉ་འདྲ་དང་། །ལྕོང་ཀ་ཕག་པ་གླང་དང་ནི། །སྡིག་པ་ཆུ་སྲིན་རྟ་བླའོ། །གྲོག་མོ་སྦུར་བ་རུས་སྦལ་དང་། །མགོ་ལྔ་མགོ་བདུན་མགོ་གསུམ་དགུ །དེ་ལ་བརྟག་པ་ཤེས་པར་བྱ། །སྦྲུལ་འདྲ་ལྔ་རུ་བཤད་པ་སྟེ། །གནམ་ས་ཤིས་བྲག་ཤིང་ལ་བརྟག །མཇུག་མ་མདུང་དང་སྣ་གདོང་རྩེ། །སྦལ་འདྲ་གསུམ་སྟེ་ས་རྡོ་ནི། ཁ་ནི་ལྕེ་ལ་སྦར་ལག་མདུང་། །ཉ་འདྲ་གཉིས་ཏེ་ས་ཆུའོ། །གཤོག་རྩེ་ལྕེ་ལ་ཟེ་བ་མདུང་། །ལྕོང་འདྲ་ན་ཆུ་ས་བྲག་བཞི། །སྣ་ནི་ལྕེ་ལ་མཇུག་མ་མདུང་། །གླང་ལ་གསུམ་ཡོད་གད་རྡོ་རི། །རྨིག་བཞི་རྩེ་ལ་རྭ་རྡོ་མདུང་། །ཕག་པ་གསུམ་སྟེ་གད་རྡོ་རི། ཁ་ལ་ལྕེ་སྟེ་སྣ་རྡོ་མདུང་། །རྟ་བླ་གཉིས་ཏེ་ལམ་དང་ས། ཁ་ལ་ལྕེ་སྟེ་ལག་པ་མདུང་། །སྡིགས་པ་གསུམ་སྟེ་རི་བྲག་ཆུ། །སྤྱི་མདོ་ལྕེ་ལ་རྭ་རྩེ་མདུང་། །ཆུ་སྲིན་གཉིས་ཏེ་རི་དང་ཆུ། །སྣ་རྩེ་ལྕེ་ལ་སྦར་ལག་མདུང་། །གྲོག་མོ་གཉིས་ཏེ་ས་དང་བྲག །ཁ་ལ་མདུང་སྟེ་ལག་པ་ལྕེ། །རུས་སྦལ་ནགས་སྒངས་རི་དང་བྲག །ལྷོ་བ་ལྕེ་ལ་རྒྱབ་ན་མདུང་། །མགོ་ལྔ་ལ་སོགས་གཟུགས་རྣམས་ནི། ཁ་ལ་ལྕེ་ལ་ཡན་ལག་མདུང་། །ས་གཟེར་ནག་པོ་ལྕེ་མདུང་འདི། །གཏད་ན་གར་ཡང་མི་འཆོར་བརླག །དགྲ་དང་ཟས་ཀྱི་འདུ་ཤེས་ཀྱིས། །ས་བདག་དེ་ལ་གཏད་པ་ནི། །ས་ཁྲམ་ཞེས་སུ་བཤད་པ་ཡིན། །གཞན་ཡང་གཏད་པའི་འཁྲུལ་འཁོར་ནི། །ས་ཁྲམ་ཡིན་པས་འཆོར་མི་སྲིད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པར་བཤད་པ་ལས། ཁྲམ་ལ་གདབ་པའི་ལས་བསྟན་པ་སྟེ་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ།ཀླུ་ཡི་དུས་ཚོད་བརྟག་པ་དང་། །ས་ཡི་འཁྲུལ་འཁོར་རྒྱས་པས་མཛོད། །ཅེས་གསོལ་བས། ཀླུ་ཡི་བདག་པོས་བཀའ་སྩལ་པ། །ཀླུ་ཡི་ལུས་ལ་ངེས་མེད་དེ། །རི་བོ་ཉུངས་འབྲུ་ལྟ་བུར་གནས། །དེ་ཡང་ཇི་ལྟར་བུ་ཞེ་ན། །ཀླུ་ཡི་རྒྱལ་པོ་མགོ་དགུ་པའི། །སྐུ་ཡི་ཁྱོན་ནི་རི་རབ་ཙམ། །གཉན་ནི་སུ་ཏྲ་དྷ་ཏོ་ལ། །ཉུངས་འབྲུ་ཙམ་དུ་གནས་པ་ཡོད། །ས་བདག་ལྟོ་འཔྱེ་འཇིག་རྟེན་ཙམ། །ཕག་ཤ་ཡི་ཕུ་སྔ་ཏ་ཡན། ཁ་བཤུལ་གཅིག་ཏུའང་བརྒྱ་བརྒྱ་ཤོང་། །དེས་ནག་གཟུགས་ལ་ངེས་མེད་དོ། །རྒྱ་མཚོ་ཕོ་བྲང་ཆེན་པོ་ཡིན། །ཆུ་མིག་ཀླུ་ཡི་སྲང་སྒོ་སྟེ། །ཡར་བལྟས་བ་ནི་བྱ་རའི་ས། །མར་བལྟས་པ་ནི་མདུན་ས་སྟེ། །བར་ན་ལྐུགས་པ་རྣམ་པ་གཉིས། །ཕོ་བྲང་དང་ནི་མེ་ལོང་དང་། །སྡང་དང་སྲང་སྒོ་ཞེས་པར་འདོད། །རིགས་བཞི་ཀླུ་ཡི་ལས་མཁན་ཏེ། །སྒོ་བའི་ཚུལ་དུ་གནས་པར་བཤད། །ཀླུ་ནི་རི་བོ་ཁུར་བ་ཡིན། ཁྲར་ན་རྒྱལ་པོ་ས་ལ་དབང་། །ལྷོ་ན་བྲམ་ཟེ་ཆུ་ལ་དབང་། །ནུབ་ན་རྗེ་རིགས་མེ་ལ་དབང་། །བྱང་ངན་དམངས་རིགས་རླུད་ལ་དབང་། །མཚམས་བཞི་གདོལ་པ་ཧེ་ཐོམ་ཡིན། །གར་གཏད་ཀྱང་ནི་ལས་བྱེད་པས། །གསང་བ་མཆོག་གི་གནག་པ་ཡིན། ཁྲར་གཏད་རུས་མཛེ་གག་པ་འོང་། །ལྷོར་གཏད་ཁྲག་མཛེ་མཁྲིས་པ་འོང་། །ནུབ་གཏད་གཉན་ནད་ལྷོག་པ་འོང་། །བྱང་གཏད་གཉན་ནད་འབྲུམ་བུ་འོང་། །མཚམས་སུ་གཏད་ཀྱང་དེ་བཞིན་ནོ། །དེ་ནི་འདོམ་རེའི་ས་རུའོ། །ཐུར་ལ་འདོམ་གང་གཅལ་བར་ཡང་། །ལས་ལ་མྱུར་བའི་འཁྲུལ་འཁོར་འདི། །ལྐུགས་པ་ཁྲུ་བ་ལ་ཡོད་པ། །བྱང་ཕྱོགས་ཉི་མ་ཅུང་མི་འཆར། །གཞན་གྱིས་མ་བརྩེས་མ་མཐོང་བ། །འདི་ནི་ཆིག་ཤུར་ནག་པོ་ཡིན། །དེ་ཡིས་ཧུར་ཐུམས་བྱེད་པར་བཤད། །རྒྱལ་པོའི་ཆུ་དང་བློན་པོའི་བུ། །རྨེ་ཆུ་ཡུགས་ཆུ་བཙོན་ཆུ་ཞེས། །ཀླུ་ཡི་ཁྱབ་བདག་གིས་བཤད་པ། །རྒྱལ་པོ་ཆུ་བོ་ཆེན་པོ་སྟེ། །གདྷ་ལྟ་བུ་ཡིན་པར་བཤད། །དེ་ཡི་མཚོ་གུར་གཉན་པོ་ནི། །རྒྱལ་ཁམས་ལ་ཡང་དབང་བ་སྟེ། །ཟླ་བ་བདུན་གྱི་སར་ཡང་ནི། །འཕྲིན་ལས་ནུས་པས་གཏད་པ་ཡིན། །བློ་པོན་ཕུ་ཆུ་ཆེན་པོ་སྟེ། །འདབས་སུ་འབྲེལ་པའི་མིག་ཡོད་པས། །ཉིན་བདུན་ས་རུ་སླེབ་པ་ཡིན། །བཙོན་ཆུ་རྫིང་དང་ཁྲོན་པ་སྟེ། །གཉན་ཡང་རིང་པོ་འགྲོ་མི་ནུས། །རྨེ་ཆུ་བྲག་དང་ཆུ་འཐབ་ཡིན། །མི་དྲི་ཤན་དམར་འོང་བར་བཤད། །ཡུགས་ཆུ་ལྐུགས་པ་སྣང་མེད་ཡིན། །ཞ་གྲུམ་ནད་དང་ཕོལ་འབྲས་གྲུབ། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པར་བཤད་པ་ལས། གཏད་སའི་འཁྲུལ་འཁོར་བསྟན་པ་སྟེ་ལེའུ་བཅུ་དགུ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། །ནག་པོ་མགོ་དགུ་འཇིགས་བྱེད་ཆེ། ཁྱབ་བདག་ཡེ་ཤེས་སྒྲུབ་པའི་མཆོག །ནཱ་གའི་སྐུ་ཅིག་ཡུམ་དང་བཅས། །སྔལ་ནག་འཁོར་ལོ་བཤད་པར་མཛོད། །ཅེས་གསོལ་པས། ཁྱབ་བདག་ཀླུ་ཡི་བདག་པོ་ཡིས ངེས་པར་བཤད་པ་འདི་ལྟ་སྟེ། །གཉན་ཡོད་ས་ནི་ལས་རབ་སྟེ། །དབེན་ཞིང་འདུ་འཛི་མེད་པར་བྱ། །མཎྜལ་གྲུ་བཞི་རྒྱ་གཅད་ལ། །ཀླུ་ཡི་རྫས་ཀྱིས་བྱུག་པརབྱ། །ཀླུདངགཤིནརྗེགཟའ་བདུད་ལ། །གཏོར་མ་བཤམས་ཤིང་དུས་དུས་གཏང་། །རྒྱ་ཤོག་རས་དང་ཀ་རི་ག །སྦལ་པ་དཀར་ནག་ལྟེ་བ་སྲ །ཨ་མུ་ཀ་ཡི་གཟུགས་བྲིས་ལ། །ཀླུ་ཡི་གསང་སྔགས་རིམ་པས་ནི། །བསྐོར་ཏེ་ཁྲམ་ལ་གདབ་པར་བྱ། །བཅུགས་གཞུག་སྐུད་པས་ཁ་སྦྱར་ལ། །གའུ་འབྲུབ་ཁུང་ཕུར་པས་གདབ། །རྟགས་དང་སྦྱར་ལ་གཏད་པ་ཙམ། ཁ་སྦྱར་ཡི་གེ་ཕྱིར་བསྟན་ལ། །དྲག་པོ་སྔགས་ཀྱིས་བྲབ་པར་བྱ། །སྟོང་པ་ཉིད་ལས་ཧྭ༷་དུ་གྱུར། །ཡང་ན་ཡི་གེ་ཡང་ཞེས་བྱ། །དེ་ལས་གྱུར་བ་འཆི་བདག་ནི། །མགོ་དགུ་ཡབ་ཡུམ་ཉིད་དུ་བསྒོམ། །བྱ་ཁྱུང་སྔགས་ཀྱིས་རང་ལུས་བསྲུང་། །སྤྱན་དྲངས་བསྐུལ་ཞིང་འཕྲིན་ལས་བཅོལ། །དང་པོ་འཁོར་གྱིས་གཙོ་བོ་བོད། །གཉིས་པ་བོད་ཅིང་སྲོག་སྙིང་བརྡེག །གསུམ་པ་བསད་པའི་ཡང་སྙིང་གདགས། །བསྙེན་པའི་དུས་སུ་དཀར་གཏོར་གཏང་། །སྐབས་སུ་ཀླུ་ཡི་མཆོད་པ་བྱ། །ཀླུ་གཉན་ས་བདག་སྤྲིན་བཞིན་དུ། །སྡུག་དང་མི་སྡུག་ཆོ་འཕྲུལ་དང་། །སྦྲུལ་དང་སྦལ་པས་གནས་ཁང་ཁེབས། །གྲུབ་ནས་གཏད་པ་མན་ངག་ཡིན། །རིགས་བཞི་ཀླུ་ཡི་གདོལ་པའམ། ཁྱད་པར་གདོལ་པ་དམངས་རིགས་ཡིན། །སྲང་སྐོར་གཏད་པ་མི་འཆོར་ཁྲ། །འཆི་བདག་ལྟོ་བ་གཤགས་པ་དང་། །དུས་ཀྱི་མཚོན་ཆ་ཟིན་པར་བྱ། །གཟའ་བདུད་རྒྱུ་བའི་དུས་དང་སྦྱར། །ཐེབས་དང་བཟློག་དང་འབྱམས་དང་འགོར། །ཐེབས་ན་གཏང་རག་གཏང་བ་དང་། །ལོག་ན་བདེན་པ་བདར་བ་དང་། །རང་བསུང་ཀླུ་ལ་རང་གཤེད་དབབ། །འགོར་ན་གཉན་ས་མང་པོ་སྲ །གཏད་དམག་དྲང་ཅིང་ཟ་ལམ་བསྟན། །འབྱམས་ན་དགུག་པ་ཤེས་པར་བྱ། །དངོས་དང་ཡིད་དང་སྤྲུལ་པ་གསུམ། །རྒྱུ་བའི་འདུས་སུ་ཤེས་པར་བྱ། །མི་ལྡོག་པའི་འབྲེལ་པ་ལྔ། །ཕྱི་མིག་མི་ལྟ་ཆེ་མི་བརྗོད། །དྲི་དང་དྲི་ཆུ་གཏང་མི་བྱ། །ལིང་ག་གསེར་དང་སྦག་པའམ། །དུར་དུ་ཞུགས་པ་མིང་ཡིག་དགོད། །གསོན་གཤིན་ལག་པ་སྦྲེལ་ལ་གཞག །དྲག་པོ་གཟའ་ཡི་གདོང་མི་བཟློག །ཉི་ཟླ་ཕང་དུ་བླང་བར་བྱ། །ཀླུ་བདུད་ཉིད་དང་ཡུམ་དང་ནི། །གཟའ་དང་སྲོག་བདག་བསྐུལ་བར་བྱ། །དེ་ནས་ཀླུ་ཡི་བདག་པོས་གསང་སྔགས་འདི་དག་གསུངས་སོ། །ཨ་ཤ༷་ནག་པོ་ཏི་པ་ཙ། ནཱ་ག་ཀྲོ་དྷི་ཤོ་རི་ཏྲི་ཤ༷་རྦད། བུ་གུ་རག་ཤ་རྦད། ཏི་པ་ཙ་པ་ཙ་ཁ་ལ་བ༷་ཤ་ཏྲུ༷་ཤ་མྱ་ར་ན་ཛུ། འདི་ནི་སྲོག་གི་སྙིང་པོ་ཡིན། །རྣོ་མྱུར་དྲག་པོའི་ཡང་སྙིང་འདི། །བརྗོད་ཅིང་བཟླས་པས་ཀུན་ཀྱང་བརླག །ངེས་པར་བདག་ཉིད་རྒྱུ་འཕེལ་ཞིང་། །འབྲུ་དང་ལོངས་སྤྱོད་རྒྱས་པར་འགྱུར། །ནཱ་ག་དུ་ན་དུ་ན་ཧེ་ལི་ཧེ་ལི་ནཱ་ག་འདུས་འདུས་མ་ཡ་ཛུ། བོད་པ་སྲོག་གི་སྙིང་པོ་སྟེ། །རྟགས་རྣམས་མ་མཐོང་བར་དག་གམ། །སྔོན་དུ་བརྗོད་པར་ངས་བཤད་དོ། །ནག་པོ་བ་ཙི་ཙི་རྒྱས། ཏྲག་ཐུར་སྙིང་ལ་ཐུར་འགུལ་མྱགས་མྱགས་རྩ་བཞི་བསྐུམས་ཤན་ཤན་སྲོག་ལ་ཤན་ཐུར་སོང་གྲྭཧྭ། གསད་པའི་ཡང་སྙིང་ཞེས་པ་སྟེ། །ཐམས་ཅད་སྒྲོལ་བར་བྱེད་པ་ཡིན། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། སྦལ་ནག་ལྟོ་སྦྱོར་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། །འཆི་བདག་ཀླུ་ཡི་ཟླ་གསང་སྟེ། ཁྱབ་བདག་ཡེ་ཤེས་བསྟན་པ་འདིར། །ཀླུ་རྣམས་འཁོར་བར་བྱེད་པ་ལ། །རབ་ལ་མི་ལྡོག་བཅུ་དང་གཟེར། །རྣམ་པར་བཤད་པ་ཡང་དག་མཛོད། །ཅེས་གསོལ་པ་དང་། ཀླུ་ཡི་བདག་པོས་ངེས་གསུངས་པ། །བཅུད་དང་སྔགས་དང་སྒྲིབ་ཤིང་དང་། །ཚ་ཐུར་འཁོར་ལོ་ངས་བཤད་དོ། །བཅུད་ཕུར་རྣམ་པ་ལྔ་ཡིན་ཏེ། །ལྟ་བ་ཆོས་ཉིད་གཉིས་མེད་དོན། །ཏི་པ་ཙ་དང་སྤྱན་གཅིག་གཉིས། །དབྱིངས་རིག་གཉིས་མེད་བདེ་ཆེན་ཉིད། །སྤྲོས་བྲལ་ཆོས་ཉིད་མུན་པའོ། །གཉེན་པོ་ལྷ་རང་གནད་དེ། །སྐྲུལ་སྒོམ་སྦྲུལ་སྒྲུབ་སྦྲུལ་རྦད་ཅེས། །བླ་མེད་ཡེ་ཤེས་བདག་པོས་བཤད། །ས་ཤིང་བླང་དང་བསྙེན་པའི་དུས། །དབང་དུ་བསྡུད་པ་ཀླུ་ཡི་གནད། །བསྒྲུབ་པའི་དུས་སུ་ཟིལ་གྱིས་མནན། །ལས་སྦྱོར་དུས་སུ་ལས་ལ་གཟུད། །གཏད་ཁར་ཉམས་དྲོད་སྦྱར་བར་བྱ། །ཟིལ་གྱིས་མནན་དང་དབང་དུ་བསྡུ། །ལས་ལ་གཟུད་པའི་ཀླུ་བདུད་བསྒོམ། །རྟེན་འབྲེལ་རྫས་ནི་སྦྲུལ་ལྤགས་ལ། །མཚལ་གྱི་ཡི་གེ་འབྲུ་བཞི་བྲི། །རྒྱ་ཤོག་ཀ་རི་ཀ་དག་ལ། །གསེར་གྱི་ཡུམ་གྱི་འབྲུ་བཞི་བྲི། ཁེར་ཤིང་ཕུར་པ་སོར་བཞི་པ། །རྟག་པར་ལུས་ལ་བཅང་བར་བྱ། །དྲག་པོ་སྔགས་ནི་བཞི་པ་དང་། །བཅུ་བཞི་རང་ལ་ལྡོག་ན་བཟླས། །འཁོར་ལོ་རྩེ་ལ་ཀླུ་བདག་བསྐྱོན། །རང་གནང་ཤིས་ཞེས་པ་ཡིན། །ཕོ་ཉས་ཀླུ་བདག་མི་ཡེངས་པར། །ལས་ལ་བསྐུལ་བ་གནད་ཀྱི་བཅུད། །འཆི་བདག་ཡབ་ཡུམ་སྲོག་གཤེད་དང་། །གཟེ་དང་གཤིན་རྗེ་ལ་སོགས་བསྐུལ། །འདི་དག་སྤྱི་ལ་དགོས་པའི་གནད། །གཟེར་ནི་རྣམ་པ་བཞི་ཡིན་ཏེ། །བསྙེན་པ་དྲོད་ཐོབ་རྟགས།་ལ་ཕེབས། །དུས་གསུམ་ཁ་འཆིང་གནད་ཀྱི་གཟེར། །བསྙེན་བསྒྲུབ་འཁོར་ལོ་ཐུན་དག་དང་། །གཏད་ཐབས་ལས་ཀྱི་འཁོར་ལོ་སྟེ། །རྟེན་འབྲེལ་མཚོན་ཆ་ལྟ་བུ་སྟེ། །རྟེན་གཅོད་རྟེན་མེད་སྦྱོར་བ་འཇིག །སྦྱོར་བ་རྫས་ཀྱི་གཟེར་དུ་བཤད། །འཁྲུལ་འཁོར་ཁང་པ་བསྒྲུབ་བྱའི་གཟེར། །འཆི་བདག་ཡུམ་ལ་བསྐོར་བ་ཡི། །སྲིད་གསུམ་གྲོང་ཁྱེར་འཁོར་ལོའི་གནད། །ཏིང་འཛིན་ཕེབས་པའི་རྟ་ཡང་ཡིན། །དེ་བཞིན་རྟེན་པའི་མཁར་ཡིན་པས། །དགོངས་པ་གཟེར་ཆེན་བཞི་རུ་བཤད། །གག་ནི་གསུམ་དུ་ཡང་དག་བཤད། །སྒྲིབ་ཤིང་བཅས་པ་སྒྲོ་ཡི་གནད། །བྲག་བྱ་འུག་པའི་གཤོག་པ་གཡས། །དང་རུ་བཙན་དང་ཀླུ་བཙན་སྒྲིབ། །བྲབ་དམར་ཤར་དུ་བལྟས་པ་ནས། །ཚེས་གྲངས་བཞི་ལ་བླངས་ན་རབ། །གཞོན་ནུ་གསེར་མིག་འཁྱིལ་པ་སྟེ། །སྒྲིབ་ཤིང་དང་པོར་ངས་བཤད་དོ། །དུག་ཅན་རྨ་བྱའི་མདོངས་དེ་ནི། །ཀླུ་ཡི་སྒྲིབ་ཤིང་ཡིན་པར་བཤད། །འདྲེ་བྱ་སྲིན་བྱའི་གཤོག་པ་གཡོན། །དང་རུ་ཐེའུ་རང་སྒྲིབ་ཤིང་ཡིན། །བྱུག་པ་རྫས་ནི་འདི་ལྟ་སྟེ། །ཛུ་ཏི་གུར་ཀུམ་གླ་རྩི་གསུམ། །དཔྲལ་བ་ལྐོག་མ་སྙིང་ཁར་བྱུག །རྫས་གསུམ་ལུས་བསྲུང་གོ་ཅའི་མཆོག །བྲི་བ་ཡི་གེ་འབྲུའི་གགས་བཤད་པས། །གསེར་ལས་བྱས་པའི་ཡི་གེ་སྟེ། །སྒྱུ༷་དང་ཀྲི་དང་ཁྲོམ་དང་མུམ། །འདི་དག་མི་ལྡོག་དོན་དུ་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པར་བཤད་པ་ལས། ཁྱབ་བདག་ཡེ་ཤེས་ལ་བཅུད་དང་། གཟེར་དང་། གགས་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།ཚ་ཐུར་འཁོར་ལོ་བཤད་བྱ་བ། །དུག་སྣ་ཁྲག་སྣ་དྲི་སྦྱོར་བ། །དྲག་པོ་རྫས་དེ་བརྒྱད་ཁྲག་བཞི། །རྩ་བ་གཅིག་ཏུ་བསྟན་པ་ཡིན། །འདི་ནི་དུག་གི་འཁོར་ལོ་སྟེ། །ཚ་བའི་དུག་སྟེ་ཤ་རུས་འབྲེལ། །གྲང་བའི་དུག་སྟེ་དབང་པོ་ལྡེང་། །རང་བཞིན་དུག་སྟེ་ཁྲག་ཏུ་སྒྱུག །དྲི་ཡི་དུག་སྟེ་མྱོས་སུ་འཇུག །འདི་དག་རྩ་བ་བཞི་ཡི་དུག །སྤྱིར་ནི་དྲེགས་པ་ཐམས་ཅད་སྒྲོལ། ཁྱད་པར་ནཱ་ག་ཀླུ་ཡི་དུག །ཕྱེ་མར་བྱས་ཏེ་གཅིག་ཏུ་སྦྱར། །གསོད་བྱེད་སེར་པོ་ཟ་བྱེད་གནག །ཧ་ལ་དང་ནི་ཁ་དང་ར། །སྨྱོ་བྱེད་བེ་ཤ་འོ་མ་ཅན། །ར་དུག་རེ་ལྕག་དེ་བཞིན་ནོ། །པདྨ་ཚེད་དེ་རྨེ་ཁྲག་གཉིས། །མགོ་ར་ཁྱི་དང་ཛ་ལ་དང་། །གཏི་མུག་ནག་པོའི་རག་ཏའོ། །བཅུ་དྲུག་རྫས་ཀྱི་དུག་ཐབ་འདིས། །མྱོས་དང་བརྒྱལ་དང་ཁྲག་ཏུ་སྒྱུག ཁུ་རུས་འཇིག་པའི་ནད་ཀྱིས་འདེབས། །གདོལ་པའི་ཀླུ་ལ་དྲག་པོའི་དུག །རྨི་རྟ་སྦྲུལ་དང་སྡིག་པ་དང་། །སྦལ་བ་ཉ་དང་སྡོམ་དང་ནི། །རྨ་བྱ་དུག་ཅན་ས་མ་དག །ཕྱེ་མར་བྱས་ཏེ་གཅིག་ཏུ་སྦྱར། །གླ་རྩི་ཚིལ་དང་གུག་བརྒྱལ་པྲི། །ཤིང་ཀུན་མུ་ཟི་སྒོ་སྐྱ་དང་། ཁུ་དག་མུ་ཟི་ལྔ་སྦྱར་བ། །ལུས་ལ་བསྟེན་ན་གོ་ཆ་སྟེ། །སྟོང་གསུམ་འཛམ་གླིང་ཀླུ་ཡི་གྲོང་། །ཐམས་ཅད་དུས་གཅིག་བཅོམ་ཡང་ནི། །རང་ལ་ལྡོག་པའི་ཉེས་པ་མེད། །འདི་ནི་གསང་བ་ཡང་གསང་སྟེ། །དྲགས་ན་ཡི་དྭགས་འབྱུང་པོ་དང་། །དུག་གསུམ་བསྐྱེད་པའི་གདུག་པ་གསུམ། །ཐམས་ཅད་སྐྲག་དང་རླག་པས་ན། །འདི་ནི་ཡ་བག་ཤ་རའོ། །རྟེན་གྱི་ལུས་ལ་རྫས་ཚང་ནས། །དྲེགས་པ་ཡོད་པའི་ས་བདག་དང་། །གདུག་པ་གནས་པའི་སར་ཕྱིན་ལ། ཁྲག་གསུམ་དུག་གི་ཐོད་པར་གཟིར། ཁྲག་དང་དུག་ཆུའི་ར་བས་བསྐོར། །མ་ཉེས་དབང་གཟུགས་ལྷ་འདྲེ་ལ། །གསེར་སྐྱེམས་བཤོས་བུ་བདེན་པ་བདར། །ལམ་བསྟན་རྗེས་གཅད་དུག་ཁྲག་གཏིག །ཞག་བདུན་བྱུག་དང་བདུག་ཅིང་བསྡད། །མ་གྲུབ་གགས་སར་སྤྱིན་སྲེག་བྱ། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ལས་ཐམས་ཅད་རྫོགས་པ་ལས་ཚ་ཐུར་ཐབས་ཀྱི་འཁོར་ལོ་གསང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། །ཀླུ་རིགས་བཞི་ཡི་ལུས་ཚད་དང་། །ཆུ་ཡི་བརྟག་པ་ཇི་ལྷར་ལགས། །སྡིག་པ་ནག་པོའི་ལུས་ཚད་དང་། །ལྟོ་འཔྱེ་འཁོར་བའི་འཁྲུལ་འཁོར་གང་། །ཞེས་གསོལ་པས། ཀླུ་ཡི་བདག་པོས་བཀའ་སྩལ་པ། །ཀླུ་ཡི་ཚད་ནི་ངེས་མེད་པས། །ལུས་ཚད་གཞལ་བ་དོན་མེད་ཤེས། །བཤད་པ་ཡི་དོན་དེ་ཉིད་དེ། །སྔོན་ནི་རི་བོ་མ་ལ་ཡ། །གནམ་ལྕགས་ཐོག་གི་ཁང་པ་མུ །ཀླུ་རྣམས་དབང་བསྡུས་ཟིལ་གྱིས་མནན། །བསྟན་པ་བསྲུང་བར་ཁས་བླངས་པ། །རྣལ་འབྱོར་གྲུབ་པའི་འདོམ་གྱིས་གཅལ། །གདུག་པ་འདུལ་བའི་འཆི་བདག་སྟེ། །ཀླུ་ཡི་རྒྱལ་པོ་བཅོམ་ལྡན་འདས། །དེ་ཉིད་རྡོ་རྗེ་འཛིན་པ་ཡི། །ཀླུ་ཡི་བདག་པོ་རྡོ་རྗེ་འཛིན། །ཡ་མ་ལག་ན་རྡོ་རྗེ་ཞེས། ཁྱབ་བདག་ཡེ་ཤེས་ངས་བཤད་དོ། །རྒྱལ་པོ་བྲམ་ཟེ་རྗེའུ་རིགས་དང་། །དམངས་དང་གདོལ་པ་ཀླུ་རིགས་ལྔ། །བསོད་ནམས་ཁྱད་པར་མ་ལུས་དང་། །ཕོ་བྲང་གྲོང་ཁྱེར་མདུན་ས་ལ། །འདོམ་ནི་བདུན་བདུན་རིམ་པས་སོ། །རྒྱལ་རིགས་ལ་ནི་འདོམ་བདུན་ཏེ། །བྲམ་ཟེའི་རིགས་ལ་བརྐྱང་ཁྲུ་བདུན། །རྗེ་རིགས་ལ་ནི་བསྐུམ་ཁྲུ་བདུན། །དམངས་རིགས་དག་ལ་མདའ་བདུན་ཡིན། །ལུས་དང་ཕོ་བྲང་གྲོང་ཁྱེར་དང་། །མདུན་ས་ལ་ཡང་དེ་བཞིན་བརྟག །ཆུ་ཡི་བརྟག་པ་བརྟན་པ་ནི། །ཀླུ་ཡི་ལུས་ལ་ཡོད་པ་དང་། །ཙག་ཙག་རྩིམ་རྩིམ་འབབ་པ་ནི། །མིག་གི་ཆུ་རུ་བཤད་པ་ཡིན། །ཆུ་མིག་ལྐུགས་པ་ལྟེ་བག་ཅན། །སྣ་ཡི་ཆུ་རུ་བཤད་པ་ཡིན། །དྲག་པོར་འབབ་ཅིང་ཀློག་ཀློག་ཟེར། །དེ་ནི་ཁ་ནས་འབབ་པར་བཤད། །གསལ་བ་གདངས་པ་ཆུ་ཚར་འབབ། །སྙིང་གི་ཆུ་རུ་ཤེས་པར་བྱ། །རེས་འབབ་རེས་ཆུང་བྱེད་པ་ནི། །མཚན་མའི་གནས་ནས་འབབ་པ་ཡིན། །ཀླུ་རིགས་ལྔ་ཡི་གནས་ཀུན་ནས། །འདི་དག་བརྟག་པར་ཡང་དག་གོ །སྡིག་པ་ནག་པོ་གནས་པ་ནི། ཁྱད་པར་བྱང་དང་ཤར་ནའོ། །དེ་ཡི་ལུས་ཚད་བརྟག་པ་ནི། །གཏད་ས་བཅུ་གཉིས་གྲངས་སུ་བཤད། །མི་གནས་འདོམ་གང་སྣ་ཡིན་ཏེ། །ལྕེ་ནང་ས་ཡི་དུག་ཀྱང་འོང་། །སྣ་ནས་ཕར་ཚུར་འདོམ་གང་གཅལ། །རྣ་བ་འོན་དང་སྐྲན་མཛེ་འོང་། །སྣ་ནས་འདོམ་གང་ཁ་ཡིན་ཐུན། །གླེན་དིག་ལྐུགས་པ་འོང་བར་བཤད། ཁ་ནས་འདོམ་གསུམ་སྙིང་ཁ་ཡིན། །སྙིང་ནད་སྣ་ཚོགས་འོད་པས་གཏད། །སྙིང་ནས་འདོམ་གསུམ་ལྟོ་བ་ཡིན། དམུ་རྫིང་སྐྲན་ནད་འོང་བས་གཏད། །ལྟོ་ནས་མདོ་མདོ་ལྟེ་བ་ལ། །སྲིད་པའི་སྐྱེ་རྒྱུད་གཅོད་པས་གཏད། །དེ་ནས་འདོམ་གསུམ་ཆུ་སོ་ལ། །ཆུ་འགགས་ཕོལ་འབྲས་འོང་བས་གཏད། །ཆུ་སོ་དང་ནི་སྙིང་ཁ་ནས། །ཕར་ཚུར་འདོམ་ནི་གྲུ་གསུམ་ན། །ཡན་ལག་གཏད་པས་ཞ་གྲུམ་འོང་། །དེ་ནས་ཕྱིར་གཞལ་འདོམ་བཞིར་གཏད། །དྲེགས་དང་གྲུབ་བུ་མཛེ་འབྲས་འོང་། །མིག་ནས་གྱེན་ལ་འདོམ་བཞིར་གཅལ། །སྤྱི་རྟེན་གཏད་ནས་མགོ་འཁོར་འོང་། །མཚན་མ་དག་ནས་འདོམ་བཞི་ན། །རྐང་རྟེན་ས་སྟེ་འཔྱེ་བོར་འགྲོ། །དེ་ལྟར་གཏད་ས་བཅུ་གཉིས་ལ། །ནད་དམིགས་ཡང་ནི་རེ་རེ་ཡོད། །ལྷོ་འཕྱེ་འཁྲུལ་པའི་ས་བདག་ལ། །ངེས་པར་ལྟོ་རུ་གཞུག་པར་བྱ། །རྒྱབ་ཏུ་སོང་ན་རང་ལ་ངན། །མགོ་ལ་སོང་ན་བུ་སྨད་ལ། །མཇུག་མ་ལ་ནི་ནོར་འབྲི་སྟེ། །སྦྱི་གསུམ་ཤར་གནས་བྱང་ན་མགོ །དབྱར་གསུམ་བྱང་གནས་ནུབ་ན་མགོ །སྟོན་གསུམ་ནུབ་གནས་ལྷོ་ན་མགོ །རྒུན་གསུམ་ལྷོ་ནས་ཤར་ན་མགོ ཁ་ནི་གནས་པའི་ཕྱོགས་སུ་སྟེ། །འཆི་བདག་མཆེ་བ་གཡས་ནས་འཁོར། །དེ་ལ་ལྟོ་རུ་བཅུག་ན་ནི། །ཐེབས་པར་འགྱུར་ཏེ་གཞན་དུ་མིན། །ཀླུ་ཡི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པའི་རྒྱུད་ལས། ལུས་ཚད་ཆུ་མིག་བརྟག་ཅིང་ལྟོ་འཕྱེ་རྩ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །ཉམས་པ་གཏད་པའི་རིམ་པ་དང་། །དགྲ་གཤེད་དྲག་པོ་ཇི་ལྟར་ལགས། །ཞེས་གསོལ་བས། ཁྱབ་བདག་ཡེ་ཤེས་ཀྱིས་བཤད་དོ། །གཏད་པ་རྣམ་པ་མང་གིས་ཀྱང་། །མངའ་གསོལ་བ་དང་བསྐུས་པ་དང་། །གཟེར་ཏེ་གཏད་པ་ལས་ཀྱི་གཅོང་། །གཏད་ལམ་འོ་མས་དགྲ་ལ་བསྟན། །གཏད་དམག་གཉན་ས་མང་པོར་སྦྲེལ། །གཏད་རྗེས་ཁྲམ་དང་དུག་གིས་གཅད། །མི་འབྲོས་གཉིས་པར་ཡང་ནི་གཞུག །རུས་ཆེན་དགྲ་གཤེད་བསྟན་པ་ནི། །མནན་ཐོད་གཤེད་ཀྱི་ཐོད་པར་བྱ། །ཀུ་དེ་ནི་ཕུར་པ་དག་ལ་གཏད། །གཤང་ཁམས་མིག་དམར་ཉི་མ་སྲེ། །ཇི་ཁམས་པ་ནི་ལྷག་པ་ལའོ། །འུའི་ཁམས་ནི་སྤེན་པ་ལ། །ཀག་ནི་པ་ཝ་སངས་ལ་གཏད། །ཡང་ནི་རྒྱལ་པོ་བྲམ་ཟེ་དང་། །རྗེའུ་དམངས་རིགས་གདོལ་པ་ལ། །ཤིང་ལྕག་ས་ཆུ་མེ་ཁམས་གཏད། །ཆུ་མིག་ཕྱོགས་བཞིར་ངེས་པ་ལ། །ས་རྟགས་ཀྱི་ནི་འཁོར་རྣམས་བརྟག །དཀར་པོ་སེར་པོ་ནག་པོ་དང་། །སྔོན་པོ་ལ་སོགས་རྣམས་པ་ལ་ནི། །རྒྱལ་པོ་ལ་སོགས་རིགས་ལྔ་དང་། །ཀླུ་སྨན་ས་གསེན་ཀླུ་བཙན་དང་། །ཀླུ་བདུད་ཀླུ་སྲིན་རྣམས་ཀྱི་གནས། །བཅུ་གཉིས་ལོ་ལ་ཟླ་སྐེག་ནི། །སྟོན་དཔྱིད་རབ་སྟག་སྤྲེའུ་ཡི། །འབྲིང་པོ་བྱ་དང་ཡོས་བུའི་སྐེག །དབྱར་རྒུན་ར་བ་ཕག་སྦྲུལ་སྐེག །དབྱར་རྒུན་ཐ་ཆུངས་གླང་ལུག་སྐེག །དབྱར་འབྲིང་རྒུན་འབྲིང་རྟ་བྱའི་སྐེག །སྟོན་དཔྱིད་ཐ་ཆུངས་ཁྱི་འབྲུག་སྐེག །དེ་ལྟར་ཟླ་སྐེག་བཤད་པ་ཡིན། །གཏད་པའི་རིམ་པ་འདི་དག་སྟེ། །སྟག་དང་ཡོས་བུ་རྒྱལ་རིགས་ལ། །རྟ་སྐྲུལ་གཉིས་ནི་བྲམ་ཟེ་ལ། །བྱ་སྤྲེའུ་གཉིས་པོ་རྗེའུ་རིགས་ལ། །བྱི་ཕག་གཉིས་པོ་དམངས་ལ་གཏད། །གླང་ལུག་ཁྱི་འབྲུག་གདོལ་པ་ལ། །གཏད་པར་ཀླུ་ཡི་བདག་པོས་བཤད། །དེ་ནས་ཞག་སྐེག་བསྟན་པ་ནི། །ཚེས་གཅིག་བཅུ་གསུམ་ཉི་ཤུ་ལྔ། །བྱི་བ་དག་གི་ཞག་སྐེག་བོ། །གཉིས་དང་བཅུ་བཞི་ཉེར་དྲུག་གླང་གི་སྐེག །གསུམ་དང་བཅོ་ལྔ་ཉེར་བདུན་སྟག །བཞི་དང་བཅུ་དྲུག་ཉེར་བརྒྱད་ཡོས། །ལྔ་དང་བཅུ་བདུན་ཉེར་དགུ་འབྲུག །དྲུག་དང་བཅོ་བརྒྱད་ཉེར་བཞི་སྦྲུལ། །བདུན་དང་བཅུ་དགུ་ཉེར་གཅིག་རྟ། །བཅོ་བརྒྱད་ཉིད་ཤུ་གཉིས་ལ་ལུག །བཅུ་དགུ་ཉི་ཤུ་གསུམ་ལ་སྤྲེལྭ །བཅུ་དང་ཉི་ཤུ་གཅིག་ལ་བྱ། །བཅུ་གཉིསཉི་ཤུ་གསུམ་ལ་ཁྱི། །བཅུ་གཉིས་ཉི་ཤུ་བཞི་ལ་ཕག །དེ་ནི་ཞག་སྐེག་བསྟན་པ་སྟེ། །ཟ་མ་བདུན་བརྒྱ་ཉི་ཤུ་ལ། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ཡི། །ཟ་རེས་འབེབས་པས་གཤེད་མ་ཡིན། །དེ་མཚོན་བཅུ་གཉིས་ལོ་ཡིས་བསྟན། །སྐྱེ་མཆེད་བཅུ་གཉིས་ཉིད་ཡིན་ཏེ། །ཕོ་གཤེད་མོ་གཤེད་དེ་ལ་འདོད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པར་བཤད་པ་ལས། གཏད་པའི་རིམ་པ་དང་གཤིན་རྗེ་དགྲ་གཤེད་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། ས་བདག་ནག་པོ་ལྟོ་འཕྱེའི་རིགས། །ཀླུ་བདུད་པའོ་གཅིག་པ་དང་། །མོ་རིགས་ལྔ་རུ་འབྱུང་བ་ཡི། །རང་རྒྱུད་བསྒྲུབ་པ་གཏད་པ་དག །ཡང་དག་རྫོགས་པས་བཤད་པར་མཛོད། །ཅེས་པ་དང་། ཀླུ་ཡི་བདག་པོས་ངེས་བཤད་པ། །ཡག་ཤ་འཁོར་ལོ་ནག་པོ་དང་། །ནཱ་ག་དེའི་ས་གདུག་པ་དེ་གཉིས་འཚོགས་པའི་བུ། །དམ་ཤི་ཕག་མིག་ཅེས་བྱ་བ། །ཀླུ་བདུད་གཅིག་པར་བྱུང་བ་ཡིན། །དེ་དག་རབ་རྒྱུད་བསྟན་པའོ། །དེ་ཡི་བསྒྲུབ་པ་བསྟན་པ་ནི། །དང་པོར་བསྲུང་བའི་རིམ་པ་བཤད། །རྐང་པ་གཡས་པའི་ལོང་བུ་ལ། །གླ་རྩི་དག་གི་ཕྱེ་མའོ། །ལག་པ་གཡོན་པའི་སོར་བྲག་ཏུ། ཁྲོ་ཞེས་བྱ་བ་བྲིས་ལ་གདགས། །ནཱ་ག་གེ་སེར་བུས་པ་དང་། །རྒྱ་མཚོ་སྦུ་བ་སྦྲང་རྩིས་སྦྲུལ། །རི་ལུ་རྒྱ་ཡི་རྭ་ཕུལ་གང་། །ཀླུ་ཡི་ཁྱིམ་ནས་འདོམ་བརྒྱད་སར། །སྦས་ལ་སྤྲ་ཚིལ་དྲོན་མོས་བླན། །འཇམ་གགས་བསྲུང་བའི་ཆོ་ག་ཡིན། །དེ་ནས་ཀླུ་ཡི་བསྙེན་པ་ནི། །སྣ་ཚོགས་ཀླུ་ཡི་གཏོར་མ་དང་། །དཀར་གསུམ་མངར་གསུམ་ཨརྒ༷་སྦྲེང་། །ཀླུ་ཡི་རྐྱང་བུ་དང་དངུལ་ཆུ་གསག །མཁའ་འགྲོའི་སྒྲོ་ལ་སྦྲིད་ཅིང་བསྙེན། །དེ་ཡི་རིམ་པ་བསྒོམ་པ་ནི། །དམ་ཤི་ཕག་མིག་ཅེས་བྱ་བ། །ལྕགས་ཀྱི་ཕག་མོ་ནག་མོ་ཞོན། །ལྟོ་འཔྱེ་ཆེན་པོའི་མགོ་བོ་ལ། །སྦྲུལ་གྱི་མཇུག་མ་རབ་ཏུ་འཁྱིལ། །མི་ཡི་ལུས་ལ་ལག་པ་གཉིས། །སྦལ་པ་ནག་པོའི་རྒྱལ་མཚན་དང་། །སྡིག་པའི་གཡང་གཞི་འཕྱར་བར་བྱེད། ཁ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག །གཟས་པ་པོ་ཡི་སྐེ་ལ་འཁྲིལ། །མ་ཧེ་དམར་པོའི་སྟེང་དུ་བསྐྱོན། །རླུད་གིས་ཕུལ་ཏེ་དྲུང་གནས་པ། །མིག་ལས་སྤྲོས་པའི་སྦྲུལ་ནག་གིས། །གཟས་པའི་མགོ་བོ་ཁར་ཡང་བཅུག །ཞེ་སྡང་སྡོམ་གྱིས་མཁའ་ལ་ལྡིང་། །མཚོན་དང་ནད་ཀྱི་རྐྱལ་པ་སྡེབས། །དེ་བསྒོམ་གསང་སྔགས་བརྗོད་པ་ནི། །རྫོགས་ནས་བསད་པའི་སྦྱོར་བ་བརྩམ། །དར་དཀར་གྲོ་ག་ཤིང་ལྤགས་ལ། །ཨ་མུ་ཀ་ཡི་གཟུགས་བརྙན་བྲི། །ཡན་ལག་རིགས་བཞིས་ཟ་བར་བྱ། །སྦལ་པ་ཁོང་སྟོང་ག་འུར་གཞུག །བར་དུ་ཀླུ་ཡི་ནོར་བརྒྱད་དེ། ཁ་ཟས་ཚིག་པའི་རུས་པ་དང་། །རྩ་རྒྱུད་ཆད་པའི་དམར་ཁྲག་དང་། །ཆུ་ཡིས་འབྲས་བུ་ཀླེང་གཅིག་དང་། །ཡི་དྭགས་འཇིགས་པའི་མཆོད་གནས་བརྒྱད། །གའུ་ཕྱི་བརྒྱད་དག་ཏུ་ཡང་། ཁྱི་མོ་ནག་མོའི་སྣ་ཁྲག་དང་། །ཅོག་ལ་དམར་པོའི་ཁུ་བ་དང་། །རོ་བསྲེགས་ཐལ་བ་སྤྱིན་སྦྱར་བྱུག །དྲག་པོར་མནན་ལ་རས་ལ་བྲི། །ཐོད་ཆེན་བཅུག་ལ་གཏད་པར་བྱ། །ཞི་བར་གཏད་པ་ཤིང་ཤུན་ལ། །མཚལ་དང་ཙན་དན་སྟུ་གུས་བྲི། །མི་སྐྲ་ར་བལ་ཁྱི་བལ་དང་། །ཚ་དང་བ་གླང་མཁྲིས་པ་དང་། །སྐེ་ཚེ་དང་ནི་རམ་བུའི་ཕྱེ། །བསྲེས་པའི་སོལ་བ་དེ་དག་ལ། །རིལ་བྱ་བྱས་ལ་བསད་པར་བྱ། །རྫོགས་ནས་སྔགས་པ་གོས་གོལ་ཏེ། །མགོ་ལ་མཁའ་འགྲོ་སྒྲོ་དག་ཤིས། ཁྲར་ལྷོ་ནུབ་བྱང་ཕྱོགས་དག་གིས། །གང་རུང་ཁྱིམ་དུ་གའུ་གཞུག །ཉི་ཟླ་ཕང་དུ་བླང་བར་བཤད། །དེ་ནས་ཀླུའི་ཁྱབ་བདག་ཆེན་པོས་གསང་སྔགས་འདི་དག་གསུངས་སོ། །ཛ་ཡེ་ཕུ་བི་ཛ་ཡེ་ཕུ། ཙི་ཏི་ཙི་ཏི་ཕུ། ནཱ་ག་ལེ་ཕུ། ཤང་ཀ་རུ་ཏེ་ཕུ། ཀུ་ལུ་ཨུད་ཀ་ཏེ་ཕུ། གྲ་ཧེ་ཤར་ཡེ་ཕུ། ས་མ་ཡེ་ཕུ། ནཱ་ག་ཕུ་ནཱ་ག་ར་ཛ་ཕུ་ཛ། བོད་པའི་སྔགས་སུ་ཤེས་པར་བྱ། །ར༷་ཡ༷་ཁ༷་གིས་གཏོར་མ་སྦྱང་། །དག་པའི་བདུད་རྩི་བྱིན་གྱིས་བརླབས། །ཨོ་ཡོ་ག་རྭ་ཛ་ཨ་འབྲི་ཏེ། བྷ་བྷ་ཁ་ཁ་ནཱ་ག་པ་ལེ་ནཱ་ག་རྭ་ཛ་ཨ་ནན་ཏ་སྲུཧྭ། །དམ་ལ་གསང་སྔགས་འདི་ཡི་གདགས། །ཏད་ཡ་ཐུ། ཨོ་ཤ་ཤ་ཤུ་ཤུ་མ་ལི་པི་ཀི་ཙ་ཏི་ཀི །ཧུ༷་ཡ་ཧུ་ཡ་ལི་གྲྭཧྭ། དམ་ཚིག་དབང་གིས་འཕྲིན་ལས་མཛད། །ནཱ་ག་ཧུ་ཡ་བ་ལིང་དུམ་པ་ཆེ་གེ་མོ་ཐུན་སོད། ཟུད་ནཱ་ག་ཤིག་རོལྤ་ཐིབ་ཐིབ། ཀླུ་ཡི་དམོད་པ་ནག་པོ་སྟེ། །གདུག་པ་ཀླུ་ཡི་དུག་མདའ་འདི། །ས་ལ་བརྗོད་ན་ཀུན་ཀྱང་འཆི། །དེ་ནི་ངན་སྔགས་ངོ་བོ་སྟེ། །བྱེ་བ་བརྗོད་ན་གདོན་མི་ཟ། །འབུམ་ཕྲག་བརྗོད་ཀྱང་འཆི་བར་འགྱུར། ཁྲི་ཕྲག་གིས་ཀྱང་སྦྱོར་བ་རྫོགས། །ཅེས་ནི་ཡང་དག་རྫོགས་པས་བཤད། །ཀླུ་ཡི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལས། ས་བདག་སྲོག་གི་འཁོར་ལོ་བསྟན་པ་སྟེ་ལེའུ་ཉི་ཤུ་ལྔ་པའོ།། །།དེ་ནས་ཡང་ཀླུ་ཡི་བདག་པོ་ཡིས། །ས་བདག་འཁོར་ལོ་ནག་པོར་བཤད། །ཡག་ཤ་འཁོར་ལོ་ནག་པོའི་བུ། །མོ་རིགས་ལྔ་རུ་བཤད་པ་ནི། །རྒྱ་མཚོའི་གཏིང་ན་རབ་ཏུ་གནས། །མི་ཡི་གནས་སུ་འཁྲུག་བྱེད་པ། །དམ་ཤིག་ཕག་མོ་ལྔ་བྱུང་ངོ་། །རང་ཉིད་བསྲུང་བའི་ཆོ་ག་ནི། །རང་ལུས་རྡོ་རྗེ་སྙིང་པོ་ཆེ། །དེ་ལ་གནས་པའི་མཁའ་ལྡིང་གནག །དཔྲལ་བར་རྡོ་རྗེ་མཆུ་ཞེས་པའོ། །སྤྱི་བོར་ཁམས་གསུམ་དབང་སྡུད་དེ། །ནཱ་ག་རག་ཤ་རིགས་ཀྱི་གཙོ། ཁྲོམ་དང་རི་དགས་ལྟེ་བས་ནི། །ཡག་ལག་བཅིངས་བ་ཤེས་པར་བྱ། །མཎྜལ་མཉམ་པོ་ཡིད་འོང་ལ། །དྲི་སྤོས་ཆག་ཆག་སྐྱང་ནུལ་བྱ། །འཁོར་ལོ་རྩིབས་བཞི་དབུས་དྲག་པོ། །དབུས་སུ་པདྨ་འདབ་མ་བཞི། །རིགས་དང་མཐུན་པའི་སྦལ་པ་བཞི། ཁོང་སྟོང་དག་ཏུ་བྱ་བར་བཤད། །གྲོ་ག་ཤིང་ཤུན་དེ་དག་ལ། །འཁོར་ལོ་རྣམ་པ་ལྔ་བཅའ་བ། །དབུས་སུ་ནག་པོ་ཁོ་ནའོ། །དཀར་དང་སེར་དང་དམར་དང་ལྗང་། །སྦྲུལ་གྱི་འཁྲུལ་འཁོར་ལིང་གའོ། །སྣ་ཚོགས་སྨན་དང་འོ་མ་ལ། །གཏོར་མ་བཤམས་ཏེ་ཀླུ་ལ་དབུལ། །དང་པོ་བསྙེན་པ་རྟགས་དང་སྦྱར། །གཏོར་མ་དབུལ་པའང་དེ་བཞིན་ཏེ། །དམ་ལ་གདགས་ཤིང་སྒྲོ་ལ་བྲིད། །ལྟོ་འཕྱེ་ལྕགས་ཀྱི་ཕག་མོ་ཞོན། །སྦལ་ནག་སྡིག་པའི་རྒྱལ་མཚན་དང་། །གཡང་གཞི་འཕྱར་བ་དེ་བཞིན་ནོ། །སྙིང་ལ་ཀླུ་བདུད་ནག་པོ་སྟེ། །བསད་པའི་ལྷ་ནི་དེ་ཉིད་དོ། །བདག་གི་མིག་ལས་སྦྲུལ་གཉིས་སྤྲོ། །རྦད་པའི་དུས་སུ་དེ་ཤེས་བྱ། ཁ་རླངས་འཕྲོས་པས་སྦྲུལ་པ་ནི། །རླུད་དང་མ་ཧེ་བསྒོམ་པ་ནི། །དགུག་པ་ཞེས་ནི་དེ་ལ་བྱ། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དམངས། །རིགས་བཞི་ཁ་དོག་སོ་སོ་སྟེ། །ཕག་མོ་ཞོན་བ་དེ་བཞིན་ནོ། །དེ་ནས་ས་བདག་སྲོག་གི་འཁོར་ལོའི་གསང་སྔགས་འདི་དག་གསུངས་སོ། །དམ་ཤི་མ་མ་མ་ཧྭ་ཡག་ཤ་ན། །ག་ཧུ་ཡ་བྷ་ལིང་དུང་པ་ཛ། ཛ་ཛ་སྨྱོ་སྨྱོ་མྱ་ར་ཡ་རྦད། མ་མ་སྙིང་ཁྲག་དུན་ཏིང་ནཱ་ག་ཧུ༷་ཡ་ཧུ༷་བྷ་ཏི་དུང་པ་ཛ་ཛ་སྦྱོ་སྨྱོ་མྱ་ར་ཡ་རྦད། །མ་མ་ཧ་ལ་དུན་སྨྱོ་ནཱ་ག་ཧུ་ཡ་བྷ་ལིང་དུང་པ་ཛ་ཛ་སྨྱོ་སྨྱོ་མྱ་ར་ཡ་རྦད།མ་མ་ཡག་ཤ་མ་མོ་ཡག་ཤ་རག་མོ་བྷ་ལིང་དུང་པ་ཛ་ཛ་བློ་སྨྱོ་མྱ་ར་ཡ་རྦད། མ་མ་ཡག་ཤ་རག་ཤ་ཧུ་ར་ཧུ་ར་ནག་མོ་བྷ་ལིང་དུང་པ་ཛ་ཛ་སྨྱོ་སྨྱོ་བཱ་ར་ཡ་རྦད། ཞག་གྲངས་གསུམ་དུ་བཟླས་པར་བྱ། །ཉིན་ནི་དགུག་དང་རྦད་བའོ། །མཚན་མ་བསད་པ་ཤ་དག་གོ །ཉིན་མཚརྣོ་དུས་ནི་ལྔ་ལྔ་སྟེ། །ཀླུ་གཉན་རྒྱུ་དུས་སྔགས་བཟླས་སོ། །མི་སྐྲ་ར་བལ་ཁྱི་བལ་དང་། །བྱ་རྒོད་སྦལ་བའི་ཤ་དག་དང་། །ཚ་བ་བ་གླང་མཁྲིས་པ་དང་། །སྐེ་ཚེ་དང་ནི་ར༷་བུ་ཕྱེ། །བསྲེས་པའི་སོལ་བ་དེ་དག་ལ། །རི་ལུ་བྱས་ལ་དམོད་པས་གདབ། །ནཱ་ག་ཧུ་ཡང་བྷ་ལིང་དུང་པ་ཆེ་གེ་མོ་ཐུན་སོད། ནཱ་ག་ཤིག་རོ་ལ་ཐིབ་ཐིབ། །དེ་དག་རྫོགས་དང་ག་འུ་སྲ །སྦལ་པར་མིང་བཅུག་སྐུད་པས་སྦྲེལ། །གའུ་ཕྱི་རྒྱབ་རྫས་དགོད་ཀྱི། །ཚས་ཀྱིས་མ་ཐེམས་པར་བྱ་ཞེས་བཤད། །དེ་ནས་གང་རུང་ཁྱིམ་དུ་ཡང་། །རིལ་བུ་ཐིམ་ནས་ག་འུར་གཞུག །མྱུར་དུ་རླག་པར་ངེས་བཤད་དོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། ས་བདག་སྲོག་གི་འཁོར་ལོ་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས། །ཀླུ་ཡི་བདག་པོ་ལ་གསོལ་པ། ཁྱབ་བདག་ཡེ་ཤེས་ཀླུ་ཡི་རྒྱལ། །ངེས་པར་ཀླུ་ཡི་གསང་རྒྱུད་འདི། །རྩ་བའི་སྒྲུབ་པ་བཤད་ཀྱིས་ཀྱང་། །ཡན་ལག་བསྒྲུབ་པ་བཤད་པར་མཛོད། །ཅེས་གསོལ་པས། ཀླུ་ཡི་བདག་པོས་ངེས་གསུངས་པ། །དང་པོ་ཟས་སུ་གཏད་པ་ནི། །རས་སམ་གྲོ་ག་ཤིང་ལ་ལོ། །སྦལ་པ་དཀར་ནག་ལྷོ་བ་སྲ །བ་དམར་ར་དཀར་འོ་མ་དང་། །མཛོ་ཡི་ འོ་མ་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྦྱར་བྱས་ལ། །དམིགས་པའི་གཟུགས་བྲི་དྲི་ཆེན་བྱུག །ཐ་མ་སྔགས་ཀྱི་རིམ་པས་བསྐོར། །དེ་ནས་གཉན་རའི་སའམ་ནི། །ཡང་ན་སྣུམ་པའི་ས་དག་ནི། །སྦྲུལ་ནག་ཁོང་སྟོང་ལེགས་པར་བྱ། །དེ་ནས་འཆི་བདག་ནག་པོར་དམིགས། །ཞག་གྲངས་གསུམ་དུ་སྔགས་བཟླས་ལ། །ཕོ་བྲང་མངའ་གསོལ་གཏེར་དུ་གཏད། །ཉི་ཟླ་ས་འོག་སོང་ན་གཏད། །ས་བདག་ཀླུ་གཉན་མང་པོ་ཡིས། །ཟས་སུ་མཐོང་ནས་མྱུར་དུ་ཟ། །ནཱ་ག་རག་ཤ་བསྒོམ་བྱ་ཞེས། །ཏིང་འཛིན་རིམ་པས་ཟས་སུ་གཏད། །མྱུར་དུ་རླག་པར་ངས་བཤད་དོ། །དེ་ཡི་ངན་སྔགས་ངོ་བོ་ནི། །ངེས་པ་ཁོ་ན་འདི་ལྟ་སྟེ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཆེ་གེ་མོ་ཧེ་ཀུ་ལ། ཕེ་ཤན་ནག་པོ་ཤིག་ཤིག་ཆུ༷་ཆུ༷་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་དགྲ་བོ་ཆེ་གེ་མོ་ཟུང་ཟུང་ཆིངས་ཆིངས་ནཱ་ག་དུ་ནཱ་ག་འདུ། ཧེ་ལི་འདུས་འདུས། ནཱ་ག་པོ་ཙི་ཙི་ཙི་རྒྱས་ཏྲག་ཐུར་སྙིང་ལ་འགུལ་མྱགས་མྱགས། རྩ་བཞི་བསྐུམས། ཤན་ཤན་སྲོག་ལ་ཤན་ཐུར་ཐུར་སོད། ནཱ་ག་གུང་ལིང་། སྙིང་ལ་འདུས་འདུས་སྙིང་ཁྲག་བ༷་མོ་རུ་ལ། སྙིང་ལ་འདུས་འདུས། ས་མ་ཡ་ནཱ་ག་ཀེན་ཙེ་སྙིང་ལ་འདུས་འདུས་ནཱ་ག་དུ་ནཱ་ག་དུ་དྲི་སྙིང་ལ་འདུས་འདུས་དྲི་ལོང་དྲི་ལོང་ས་མ་ཡ་ད༷་ད༷་ཛུ། ནཱ་ག་རག་ཤདགྲབ་་ཁ་ཁ་ཁུ་ཧི།ཧྲེལ་གྱིས་དྲིལ་ཏེ་གཏད་པ་ཡང་། ཀླུ་ཡི་ཁྱིམ་དུ་ཡང་དག་གོ །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། དགྲ་ཀླུ་ལ་ཟས་སྐལ་དུ་གཏད་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་ཀླུའི་རིགས་ཀྱི་བདག་པོས། ཀླུ་ཡི་རྒྱལ་པོ་ཆེ་ལོག་རག་ཤ་ལ། དགྲ་བོའི་དགྲ་སྐལ་དུ་གཏད་པ་འདི་གསུངས་སོ། །མུ་སུ་ར་ཡི་རིགས་ཀྱི་སྟེ། །འབྱུང་བ་ལྔ་ཡི་གཤེད་ཀྱང་བརྩི། །ཐོད་པ་ནང་དུ་འཁྲུལ་འཁོར་བཅའ། །རྒྱ་ཤོག་རས་སམ་ཀ་རི་ཀ །ཆ་གཉིས་བྱས་ལ་འཆི་བདག་དང་། །དགྲ་ཡི་ལྟོ་སྦྱར་ལིང་ག་བྱ། །ཐ་མ་སྔགས་ཀྱིས་བསྐོར་བར་བྱ། །ལིང་ག་མཚོན་ཆའི་སོ་དང་ཁྲག །ལྦབ་རྒོད་དྲག་པོའི་རྫས་ལ་བྱ། །འབྱུང་བ་གཉན་པོ་ཀླུ་ཡི་བདག ཁྲེས་ན་ཡང་དག་སྒྲོལ་བར་བྱེད། །བདག་ཉིད་ནཱ་ག་རག་ཤ་སྟེ། །ཐུགས་ལས་ཛ་ལས་འཕྲོས་པ་ནི། །ཆུ་སྲིན་འབར་བ་ཀླུ་ཡི་གདུག །ལག་ནག་སོད་བྱེད་གྲི་གུག་འཛིན། །དེ་ལ་དགྲ་བོ་དགྲ་རུ་བལྟ། །བཅུགས་འཛུགས་སྔགས་ནི་བྲི་དང་བཟླས། །སྦྱོར་བ་རྫོགས་པར་གྱུར་པ་དང་། །བྱང་ཕྱོགས་ཤིན་ཏུ་མངགས་པ་ཡིས། །རྨེ་ཆུ་ཤན་དམར་བཙན་གནས་ས། །འདི་ནི་ཁྱད་པར་གནས་མཆོག་ཡིན། །དེར་ནི་བཅུགས་སྔགས་བཟླས་ཤིང་རྟ། །ཇག་དང་ཙ་ར་ཤེ་དག་དང་། །ར༷་འདའ་ཁུ་བཟློག་དམག་འདྲེན་ནོ། །གྲོགས་སུ་ཤུ་བོར་ག་ཤ་སྟེ། །སྐབས་སུ་འཕྲིན་ལས་བཅོལ་དང་རྦད། །ཀླུ་དང་བཙན་གྱི་དགྲ་བོ་དེ། །བསྐལ་པའི་མཐའ་ཡང་མི་གཏོང་ཞེས། ཁྱབ་བདག་ཀླུ་ཡི་རིགས་ཀྱིས་བཤད། །དེ་ནས་ཀླུའི་རིགས་ཀྱི་བདག་པོས་གསང་སྔགས་འདི་དག་བཤད་དོ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཆེ་གེ་མོ་ཧེ་ཆུ་ལ། ཕེ་ཤན་ཕོས་ཕོས་ཤིག་ཤིག་ཧུ་ཡ་ཧུ་ཡ་ཀླུ་ནག་པོ་ནཱ་ག་རྭ་ཛ་དགྲ་བོའི་སྲོག་ལ་བྲང་ཤག་ཧྲི་མྱགས་རྦད། ཙིསྟ་ཟུང་རྦད། ཙ་ཁྲག་ཟད། ཁ༷་ར༷་ཁ༷་ར༷་སྙིང་ཏིག་ཙ་ཏིག་ཁྲག་ཏིག་རྦད། ཅེས་ནི་སྟོང་ཕྲག་གསུམ་དུ་བཟླས། །ཞེས་ནི་ཁྱབ་བདག་ཆེན་པོས་བཤད། །ཨ་མུ་ཀ་འདི་ཡིས་ཀླུ་ཡི་རྒྱལ་པོའི་འཁོར་དང་བཅས་པའི་གནས་ཕྲོག་གོ །འདི་ནི་ཁྱོད་ལ་དོ་སྔོའོ། ཁས་ཆེའོ། །ལག་རིང་ངོ་། །འདི་ནི་ཁྱོད་ལ་སྐོ་ལོང་གསོལ་བར་གདའ་འོ། །འདི་ཟོ་ཞིག །གཏོགས་ཤིག །ལུས་ལ་ནད་དང་མཚོན་གྱི་ཆར་ཕོབ་ཅིག །ཀླུ་དང་བཙན་རྣམས་ཀྱི་སྐུའི་དགྲ་འདི་ཡིན་ནོ། །མྱུར་དུ་བླ་རྟེན་སྲོག་རྩ་ཆོད་ཅིག །ཅེས་ནི་གཅུག་སྔགས་འདི་དག་སྟེ། །སྟོང་གྲངས་བར་དུ་བཟླས་པར་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པར་བཤད་པ་ལས། དགྲ་སྐལ་དུ་གཏད་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཡང་ཀླུའི་རིགས་ཀྱི་བདག་པོས། ཀླུ་མོ་གདོལ་པ་ཅན་ལ་དགྲ་བོ་གཏད་པ་འདི་གསུངས་སོ། །ཨ་མུ་ཀ་ཡི་རྫས་དྲུག་དང་། །དུང་དང་མཚལ་དམར་ཤུ་དག་དྲི། །རྩི་སྨན་རྣམས་ཀྱིས་ལིང་ག་བྱ། །ནཱ་ག་མོ་དང་ལྟོ་སྦྱར་བྱ། །རྒྱབ་ཏུ་ས་བདག་ནག་མོ་སྟེ། །གཡས་སུ་གཉན་མོ་སྙིང་འབྱིན་མ། །གཡོན་ཀླུ་མོ་ལྟོ་འགྲོ་མ། །མཁའ་བཞི་འབྱུང་བ་བཞི་ཡི་དུག །ཉམས་པའི་དགྲ་ལ་དེ་བཞིན་གཏོང་། །ལིང་ག་གཟུགས་དྲིལ་སྐུད་པས་བསྡམས། །སྦལ་པ་ཁོང་སྟོང་དུ་གཞུག །དེ་ཡི་གཏད་ས་དེས་པ་ནི། །ལྷོ་ནུབ་མཚམས་ཀྱི་ཆུ་མིག་ནི། །གནག་ཅིང་སྟེ་བག་ཉམས་མི་དགའ། །བྲག་དང་ཤིང་འགའ་ཡོད་པ་དང་། །འཇིགས་ཤིང་སྐྱི་བུང་བྱེད་པས་ན། །བྱང་ཕྱོགས་འདོམ་གང་ཁྱིམ་ནས་བཅལ། །དེ་རུ་གཏད་ན་ཡ་བག་ཤ །ཡང་ན་བྱང་ནུབ་མཚམས་སུ་སྟེ། །ས་བསེན་ཁྲག་འོ་དགྲ་ལ་གཏད། །དུས་ནི་ཉི་ཟླའི་རྗེས་ཞེས་ཏེ། །གདོལ་པའི་དུས་ནི་མཚོན་ཆ་བཞིན། །མྱུར་དུ་གཅོད་པར་ཀླུ་ཡིས་བཤད། །དེ་ཡི་ངན་སྔགས་ངོ་བོ་ནི། །ནཱ་ག་དུ་ནཱ་ག་དུ། ཧེ་ལི་ཧེ་ལི། ནཱ་ག་འདུས་འདུས། ཨོ་ནཱ་ག་ཀྲོ་དྷི་ཤྭ་རི་ནཱ་ག་རག་མོ་ཧེ་ཀུ་ལ་ཕོས་ཕོས་ཤིག་ཤིག་ཧུ་ཡ་ཧུ་ཡ་ཀླུ་ནག་མོ་ཧ་ཞེན་ཧུ་ཞེན་ནཱ་ག་ཞེན་ནཱ་ག་ཞེན་པུ་མེ་ཞེན་པུ་མེ་ཞེ་ན། ས་ཁྲག་ཞེན། དབུགས་ལ་ཐུམས་ཐུམ་གྲྭཧྭ། སྟོང་ཕྲག་གསུམ་ལས་གྲངས་མི་མང་། །དེ་ནི་དུག་གི་ཡི་གེ་སྟེ། །རྣལ་འབྱོར་རང་ལ་ཀླུ་སྲིན་འདུ། །དེ་ཕྱིར་མྱུར་དུ་གཏད་པར་བཤད། །ཀླུའི་འཁོར་ལོ་འཕྲིན་ལས་རྫོགས་པ་ལས། གྲོགས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས། རིགས་ཀྱི་བདག་པོ་ལ་གསོལ་པ། །ཡན་ལག་སྦྱོར་བ་དེ་ལྟར་ན། །རིགས་བཞི་ཀླུ་ཡི་འཆི་བདག་གིས། །ལས་ཀྱི་རིམ་པ་བཤད་པར་མཛོད། །དེ་ནས་ཀླུའི་བདག་པོས་གསུངས་པ། །ནཱ་ག་རག་ཤ་ཞེས་བྱ་བ། །ཀླུ་ཡི་རང་གནད་འཁོར་ལོ་བཤད། །དམ་ཚིག་ཀླུ་ཡི་མཆད་པ་དག །དུག་མདའ་རང་ལ་ལྡོག་པའམ ས་ལམ་ས་བསྲུང་བདེ་ཉིད་དེ། །རང་སེམས་བདེ་བའི་ས་ཕྱོགས་སུ། །ནཱ་ག་ཀླུ་ཡི་འཁོར་ལོ་ནི། །ཆོས་ཀྱི་འཁོར་ལོའི་དབུས་གནས་པར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན། །འཁོར་ལོ་རྫོགས་པ་རིགས་བཞི་སྟེ། །གནས་ནས་སྲིད་པ་སྦུབ་པ་དང་། །གཉན་པོ་བསྒྲུབ་པ་ཡང་དག་གོ །རྩིབས་ལ་རིགས་བཞིའི་ཀླུ་བདུན་བརྒྱད། །ཐུར་བཞིན་གནས་པ་ཁ་དོག་རིགས། །དབུས་སུ་རིགས་ཀྱི་རྒྱལ་པོ་སྟེ། ཁ་དོག་ཀྲི་སྣ་ཙ་མ་རི། །དབུ་དང་ཕྱག་ཞབས་གདུག་པར་ལྡན། །སྦྲུལ་དང་ནད་ཀྱི་རྐྱལ་པ་བསྣམས། །འོད་ཟེར་འཕྲོ་ཞིང་བརྗིད་པར་ལྡན། །སྙིང་ལ་ཡེ་ཤེས་སེམས་དཔའ་བཞུགས། །སྔགས་ཀྱི་འཕྲེང་བ་འགལ་མེའི་ཚུལ། །འབྲུ་བཞི་ཡེ་ཤེས་ཡིག་འབྲུ་ལའོ། །མུ་ཁྱུད་འཁོར་ལོ་བཅུ་བཞི་སྔགས། །སྤྲོ་བ་གཉིས་པ་ཡིན་པར་འདོད། །རིགས་ཀྱི་ཀླུ་ནི་གྲུབ་པ་དང་། །བསད་པ་དང་ནི་མནན་པ་ཀུན། །འཁོར་ལོ་དེ་ཡིས་ཤེས་པར་བྱ། །བསྙེན་པའི་འཕྲེང་བ་ཉིད་དང་མཚན། །འབྲུ་བཞི་པ་དང་བཅུ་བཞི་པ། །དེ་དུས་གུ་གུལ་སྦྲུལ་ཤ་བསྲེག །འཕྲིན་ལས་ཡང་ཡང་བསྐུལ་བར་བྱ། །བསད་དང་རང་ལོག་བསྲུང་བ་སྟེ། །སྔགས་ཀྱི་སྦྱོར་བ་གཉིས་སུ་བཤད། །ཨོ་ནག་པོ་ཏི་ཙ་ཡུ་ནཱ་ག་རག་ཤ །ཨོ་ཕེལ་ལ༷་ཧུ༷། བསྙེན་པའི་འཕྲེང་བ་འདི་དག་གོ །ནཱ་ག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ །ནཱ་ག་སྲོག་ལ་ཧྲིལ་ཕུར་ཧུར་ཐུམས་ཛ་རྦད། ནཱ་ག་ཧལ་ཡ༷་ཐུན་གཟིར་བྲིང་ཤག་ནཱ་ར་ཡ་ཁ༷་ཤག་རྦད། བསད་པའི་འཕྲེང་བ་གཉིས་པར་བཤད། །རིགས་ནི་ངེས་པར་བསྡུས་པའམ། །ཡང་ན་རིགས་བཞི་གང་དག་གི །འཁོར་ལོས་ནཱ་ག་འཇོམས་པར་བྱེད། །ཅེས་ནི་ཀླུ་ཡི་བདག་པོས་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། ནཱ་ག་རག་ཤའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་ཀླུའི་བདག་པོས་ནཱ་ག་རག་ཤ་ས་ཡམ་དུག་མདའ་བསྲུང་བ་འདི་གསུངས་སོ། །དང་པོ་ཞི་བའི་ཆོ་ག་ཡིས། །ཀླུ་ཆེན་བརྒྱད་ལ་སོགས་པ་དང་། །མཆོད་ཅིང་འཕྲིན་ལས་བཅོལ་བར་བཤད། །དེ་ནས་བྱད་དགྲོལ་དུག་དབྱུང་བྱ། །ནད་བསྡུ་བའི་འཕྲིན་ལས་བྱ། །རིགས་བཞི་གདོལ་བ་ལ་སོགས་པ། །འཇུག་པ་ངེས་པར་བརྟག་པ་དང་། །ས་ཆུ་མེ་རླུད་འབྱུང་བའི་དུག །སོ་སོ་སྔགས་ཀྱིས་བསྡུ་དང་དབྱུང་། །ཧྭ༷། རྒྱ་རིགས་རྗེའུ་རིགས་བྲམ་ཟེ་དང་། །གདོལ་བ་ལ་སོགས་སྣ་ཚོགས་དུག །རླུད་དང་བད་ཀན་མཁྲིས་བ་ཁྲག །འདུས་པ་སྣ་ཚོགས་ལྡན་པ་སྟེ། །ས་ཆུ་མེ་རླུད་འབྱུང་བའི་དུག །རང་རང་གནས་སུ་ད་སྡུས་ཤིག །དབྱིག་དུག་སྦྲུལ་དང་མཆེ་བའི་དུག །སོ་སོའི་དུག་རྣམས་དྲག་པོ་ཀུན། །སོ་སོར་རང་རང་གནས་སུ་བསྡུས། །ར༷་ཡ༷་ཁ༷་ལ༷་ཙམ་རི་ཕྱུང་། །དེ་ནས་ནད་དང་དུག་དབྱུང་བ། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་དང་གདོལ་པ་ལ་སོགས་པའི། །ཞེ་སྡང་དྲག་པོའི་དུག་མདའ་ཕྱུང་། །རྒྱལ་རིགས་ཀླུ་ཡི་དུག་ཕྱུང་ཞིག །རྗེ་དང་དམངས་དང་གདོལ་པ་དང་། །བྲམ་ཟེ་རྣམས་ཀྱི་དུག་ཕྱུང་ཞིག །མཆེ་བའི་རྩེ་གསུམ་མིག་དུག་དང་། །སྦྲུལ་དང་དབྱིག་དུག་ལ་སོགས་པའི། །ས་ཆུ་མེ་ལས་གྱུར་པ་ཡིས། །ལྕི་ཞིང་འཐིབས་པའི་དུག་ཕྱུང་ཞིག །ཚ་ཞིང་བསྲེག་དང་གྲང་ཞིང་འདར། །ཡང་ཞིང་གཡོ་བའི་དུག་ཕྱུང་ཞིག །རླུད་མཁྲིས་བད་ཀན་འདུས་པ་དང་། །ལྡན་པར་གྱུར་པའི་དུག་ཕྱུང་ཞིག །དུག་མདའ་དབྱུང་བའི་ལས་སུ་བཤད། །ཀླུ་དང་གཉན་དང་ས་བདག་དང་། །འཇིག་རྟེན་དྲེགས་ཤིང་སྡུག་པའི་ཚོགས། །དུག་གསུམ་ལས་བྱུང་ས་བདག་དང་། །བྱོལ་སོང་གླེན་པ་མཐུ་ཅན་གྱིས། །བྱད་དང་དུག་མདའ་དགྲོལ་དུ་གསོལ། །རྨ་བྱ་མཚར་བུ་བལ་པོ་སེལྭ །དེ་དག་བྱབ་ཅིང་འོ་མས་དཀྲུག །དེ་ནས་སྨན་གྱིས་གསོ་བ་ནི། །གང་གནོད་པ་ཡི་ཕྱོགས་སུ་གཏང་། །དེ་ནས་དུག་གི་གཉེན་པོ་མྲ །དུག་ཆེན་ན་ག་རག་ཤ་བསྒོམས། །སེམས་དཔའི་ཡིག་འབྲུ་གསལ་བ་ལ། །བསྙེན་པའི་འཕྲེང་བ་ཡང་དག་བསྒོར། །གཏན་པར་དྲན་པ་མི་ཡེངས་པར། །བསམ་གཏན་དེ་ལ་གནས་པར་བྱ། །མཐར་ནི་འབྱུང་བའི་འཁྲུལ་འཁོར་གྱིས། །ས་ཆུ་མེ་རླུད་འབྱུང་བའི་དུག །མྱུར་དུ་འཇོམས་པར་ཡང་དག་སྟེ། །བསྙེན་པ་རྒྱུན་གྱི་འཁོར་ལོ་ཡིན། །མཐའ་སྡུད་ཅུང་ཟད་ཙམ་དུ་བཤད། །ཡང་ན་བསྙེན་བསྒྲུབ་ཉིད་དང་མཚན། །བསྙེན་པའི་འཁོར་ལོ་ཉིན་བཞིན་ལ། །བསྒྲུབ་པ་རྒྱུན་གྱི་མཚན་མོ་སྟེ། །བསད་པའི་ལས་སྔགས་གདགས་པ་དང་། །དགུག་པ་ལ་སོགས་སྐབས་ཀྱིས་སྦྱར། །བསྒྲུབ་པ་རྒྱུན་གྱིས་བསྲུང་བར་བཤད། །ཡང་ན་བསྙེན་བསྒྲུབ་ཉིན་མཚན་མཐར། །ལས་ཀྱི་ཐོད་པ་གཤགས་པ་ལ། །འཆི་བདག་ཞལ་དབྱེ་འཁོར་ལོ་བྲི། །བསད་པའི་འཁོར་ལོ་འབྱུང་བཞི་ལྡིང་། །ཐུན་འཁོར་འཁོར་ལོས་རིམ་པས་བརྡེག །བསད་པ་ཐུན་སྔགས་དྲིལ་བས་བརྡེག །རྫོགས་དང་འཁོར་ལོ་མནན་པ་བྱ། །ཐོད་པ་དེ་ཉིད་གསང་བ་ཡི། །རྟ་གགས་ཡིན་པར་རང་གི་ཕྱོགས། །དཀྱིལ་འཁོར་འོག་ཏུ་གནས་པར་བྱ། །དེ་ནས་ཀླུའི་བདག་པོས་འབྱུང་བ་རང་གནད་ཀྱི་ཡི་གེ་འདི་གསུངས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ར༷་ཡ༷་ཁ༷་ལ༷། ཙ་མ་རི་ཕྱུང་ནཱ་ག་ཕུ་མ་ར་ཡ་ཨོ་ཕེ་ལ༷་ཧུ༷། མགོ་འདྲེན་འབྱུང་བ་ཡང་སྙིང་དྲིལ། །རིགས་ཀྱི་ཚད་མ་ངེས་ནད་བྱེད། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ས་ནཱ་ག་ཧ་ལ་ཙ་མ་རི་སརྦ་དུ་ནན་འདྲིད་ཕྱུང་། །དུག་དབྱུང་སྔགས་དང་རྨ་བྱས་བྱབ། །ས་ནཱ་ག་ཏྲི་སརྦ་དུ་ཡ༷་སྨྱོ། བྱད་དགྲོལ་སྔགས་ཀྱིས་འོ་མར་བླུག །དེ་ནས་རང་ལུས་བཀྲུ་བ་དང་། །བསྲུང་དང་བྱུག་པ་བྱ་བར་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། བསྲུང་བ་ནཱ་ག་ར་ཤའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་ཀླུའི་བདག་པོ་ཡིས། །ནཱ་ག་རུ་ཏྲ་ཀླུ་ཡི་བདུད། །བསད་པའི་སྦྱོར་བ་འདི་དག་གསུངས། །ནག་པོ་གདུག་པའི་ས་བདག་སྟེ། །བྲག་དང་རྩི་ཤིང་ཚལ་ཡང་ནགས། །དབེན་ཞིང་གཡའ་རི་ཀླུ་བདུད་གནས། །ཕུང་ས་གསུམ་ལ་འབྲུབ་ཁུང་བྱ། །རྩང་མར་བདུན་ནི་བསྣོལ་ཏེ་གཟུགས། །སྡིག་པ་ནག་པོའི་ལྟོ་བ་སྲ །མུ་ཁྱུད་རིམ་པ་གསུམ་དུ་བྱ། །གྲུ་གསུམ་དང་ནི་རྒྱ་གྲམ་ལྡན། །རྩ་བ་འབྱུང་བ་སྐྲུ་གྲིའི་སྔགས། །བསྐོད་ལ་ཐོད་ཆེན་ག་འུར་གཞུག ་་ས་ཀར་ཉུངས་ནག་སྐེ་ཚེ་དང་། ཁྲག་དུག་ཟངས་ལྕགས་ཕྱེ་མས་བརྡེག །བདག་ཉིད་སྟོང་པ་ཉིད་ལས་ནི། །སྦྲུལ་ནག་མགོ་དགུ་ཏི་པ་ཙ། །རལ་པ་ཁམ་ནག་ཚ་ཚ་འཕྲོ། །སྦྲུལ་ཞགས་གཡས་ལ་གྲི་གུག་གཡོན། །སྙིང་ལ་ཛ་སྤྲོས་དགྲ་བོ་ཡི། །སྙིང་ཁར་དྲི་གནས་སྡིག་པ་ཟ། །རྣམ་ཤེས་བརྒྱད་ནི་མགོ་ཡིས་གཅོད། །སྡིག་པ་ནག་པོ་མགོ་དགུ་ཞེས་བྱ་བ། བསྒོམ་བསྐུལ་སྔགས་བཟླས་རྒྱུན་དུ་བྱ། །རྫོགས་ན་བྱང་ཤར་གདོལ་པར་གཏད། །དེ་ཡི་དྲག་སྔགས་ངོ་བོ་ནི། །ངེས་པ་ཁོ་ན་འདི་ཉིད་དོ། །ཨོ༷་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཆེ་གེ་ཧེ་ཀུ་ལ་ཕེ་ཤན་ནག་པ་ཐོས་ཐོས་ཤིག་ཤིག་ཆུ༷་ཆུ༷་ཧུ་ཡ་ཀླུ་ནག་པོ་མགོ་དགུ་པ། །དགྲ་བོའི་སྲོག་ལ་རྩ་ཁྲག་སྙིང་ཐུམ་རིལ་ར༷་ཤག་རྦད། དྲི་ཧུར་ཐུམས་ཛ། ལ༷་སྙིང་ལ་ཛ་ཐུར་སོད། ར༷་རྩ་ཁྲག་སྲོག་ཏིག་རྦད། ཁ༷་རྩ་ཁྲག་མྱལ་ཏི་རྦད།ཡ་མ་སྲོག་ལ་བྲེང་ཤག་རྦད། དྲག་པོ་མཆོག་གི་སྔགས་ཡིན་ཏེ། །ཀླུ་ཡི་སྙིང་ཏིག་ནག་པོ་འདི། །སྐྲུ་གྲི་མེ་དཔལ་ལྟ་བུ་ནི། །ཀླུ་ཡི་ཡེ་ཤེས་བདག་པོས་བཤད། །འཁོར་ལོ་བདུན་སྦྲག་ཆེན་པོ་དང་། །ངེས་པར་བརྡེག་ན་ཚན་ཆེ་ཞེས། ཁྱབ་བདག་ཀླུ་ཡི་བདག་པོས་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། ནཱ་ག་རུ་ཏྲ་རང་གཤེད་སྤུ་གྲི་རྣོ་དབལ་གྱི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཀླུ་ཡི་བདག་པོ་ཡིས། །ནཱ་ག་ཡག་ཤ་གནོད་སྤྱིན་ཆེ། །ཡིད་བཞིན་ནོར་བུའི་ལས་དག་གསུངས། །དབེན་པའི་གནས་སུ་མཎྜལ་བྱ། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །མཆོད་སྤྱིན་རྒྱུ་ཕྱིར་ནོར་བུ་བསྒྲུབ། །རིན་ཆེན་རྒྱན་ལྡན་ནོར་བུ་བསྒྲུབ། །ས་དང་བཅས་པ་རིན་ཆེན་བརྡར། །དྲི་སྤོས་ལྡན་པས་མཎྜལ། །མེ་ཏོག་རྒྱན་མཛེས་ཚོམ་བུ་དགོད། །རིན་ཆེན་ཟུར་བརྒྱད་མཎྜལ་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། རིན་པོ་ཆེ་ལ་སྣུམ་པའི་ས། །ཏི་པ་ཙ་ཡི་སྐུ་གཟུགས་བྱ། །ཕྱག་ནི་བརྒྱད་ནི་རིན་ཆེན་དང་། །ནེའུ་ལེའི་རྐྱལ་པ་བསྣམས་པ་སྟེ། །ནོར་དང་རྫས་ཀྱིས་མཛེས་པ་ཡིས། །ལྷ་བརྒྱད་པས་ནི་ཡང་དག་ལྡན། །ནང་དུ་གང་འདོད་རྫས་ཀྱིས་དགང་། །མཛེས་པའི་རྒྱ་ནག་དགས་གདུགས་ཀྱང་དབུབ། །རྒྱ་མཚོའི་དབུས་ན་བཞུགས་སུ་གསོལ། །དེ་ལ་བསྐྱེད་དང་སྤྱན་དྲང་བསྟིམ། །དངོས་གྲུབ་འདོད་པར་གསོལ་བ་གདབ། །མཆོད་པའི་བྱེ་བྲག་སྣ་ཚོགས་དབུལ། །མདུན་དུ་རིན་ཆེན་གུའུ་སྲ །སྣ་ཚོགས་གང་འདོད་རྫས་ཀྱིས་དགང་། །མཛེས་ཆེན་བརྒྱད་ལ་གནས་པ་ནི། །ནོར་རྒྱས་དུང་སྐྱོང་པདྨ་དང་། །ཆུ་ལྷའི་གཟུགས་མ་ཡི་གེ་གོ །མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་རྣམས། །རིམ་པས་བཀོད་ལ་གསོལ་བ་གདབ། །རིན་པོ་ཆེ་དང་འབྲུ་སྣ་ཡིས། །ག་འུ་རེ་དང་གཏོར་མ་རེ། །ཡང་ན་གཅིག་ཏུ་དྲིལ་ཞེས་བཤད། །སྔགས་ཀྱི་བསྙེན་པ་བདུན་འབུམ་མམ། ཁྲི་ཕྲག་བདུན་ནམ་སྟོང་ཕྲག་བདུན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གཙོ་བོའི་བསྙེན་པ་བརྒྱ་བར་དུ། །ཀླུ་ཆེན་འཁོར་གྱི་སྔགས་ཀྱང་གདགས། །ནོར་བུ་རྫས་ཀྱིས་ག་འུ་འཕེལ། །རྨི་ལྟས་བཟང་པོ་ཡང་ནི་འབྱུང་། །མཆོད་པ་རྣམས་ནི་ཡང་དག་མཆོད། །གང་བསམས་པ་ལ་ཐེ་ཚོམ་མེད། །དེ་ནས་ཀླུའི་བདག་པོས་རིན་པོ་ཆེན་འཕྲེང་བའི་སྔགས་འདི་དག་གསུངས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཡག་ཤ་ནཱ་ག་ར་ཛ་ས་མ་ཡ། ཀུ་རུ་ནཱ་ག་ལེ་ཆུམ་ས་ར་ད་ན་གེ་པཤུ་སིདྷི་སིདྷི་བྲག་ཤགས་སྡུར་ཁྲམ་སྲུཧྭ། འདི་དག་གསང་སྔགས་འཕྲེང་བ་སྟེ། །ཡིད་བཞིན་ནོར་བུ་ལྟ་བུར་བཤད། །ཨོ་ནཱ་པོ་ཏི་པ་ཙ་ཡ་ནཱ་ག་ཡག་ཤ་རད་ན་སིདྷི་ཧུ༷། སིརྙི་ཕུ་ལ་ཧྲིང་ཧྲིང་། །ཧུ༷་ཧུ༷། ཞེས་ནི་སྐབས་སུ་བཟླས་པ་ཡིན། ཨོ༷་བ་སུ་ཀི་སིརྙི་ཕུ་ལ་སྲུཧྭ། །ཨོ་མ་སུ་ཀི་སིརྙི་ཕུ་ལ་སྣཧྭ། ཨོ་ཤང་ཀ་པ་ལ་སིརྙི་ཕ་ལ་གྲྭཧྭ། ཨོ༷་བ་རུ་ན་སིརྙི་ཕུ་ལ་སྲུཧྭ། ཨོ་ཨ་ནན་ཏ་སིརྙི་ཕ་ལ་སྣཧྭ། ཨོ་ཀ་རི་སིརྙི་ཕུ་ལ་གྲྭཧྭ། ཨོ༷་ཀ་ར་ཀོ་ཏ་སིརྙི་ཕ་ལ་སྲུཧྭ། ཨོ་ཀུ་ལི་ཀ་སིརྙ་ཕ་ལ་སྲུཧྭ། བརྒྱའམ་བཅུ་བཅུ་བཟླས་པར་བྱ། །སྐབས་སུ་གཏོར་མ་སྔགས་ཀྱིས་དབུལ། །དེས་ནི་བླ་མེད་ནོར་རྫས་དང་། །གླང་པོ་རྟ་དང་བ་གླང་དང་། །ལོངས་སྤྱོད་རྣམ་པ་སྣ་ཚོགས་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །རིགས་དང་རྒྱུད་འཕེལ་གྲགས་པ་ཐོབ། །ཅེས་ནི་ཀླུ་ཡི་རྒྱལ་པོས་བཤད། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལས། གནོད་སྒྱིན་རིན་པོ་ཆེ་འབར་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཀླུའི་བདག་པོས་གཟའ་རྒོད་འཆི་བདག་གི་ལས་འདི་གསུངས་སོ། །གཅན་གཟན་མགོའམ་ཐོད་ཆེན་དུ། ཁྱི་ར་རྟ་ཡི་ཁྲག་དང་ནི། །ནག་པོ་ཡིན་ཞེས་ཡང་དག་བཤད། །དུག་དང་འབྲུ་སྣ་སྔོ་སྣ་དང་། །གྲི་དགོད་ཁྲག་དང་ཉུངས་ཀར་བསྲེ། །གྲུབ་དང་རྟགས་འབྱུང་རྟ་གཞུག་པ། །སྦལ་པའི་གསོབ་ཏུ་གོང་རྫས་བླུག །ཡུལ་དབུས་གདུག་པའི་ཕོ་བྲང་གཞུག །དགོངས་ཀ་ས་སོས་དམར་ཐག་དབབ། །བཅོ་ལྔ་དགུ་གསུམ་བཞི་དག་ལ། །སྦྱོར་བ་རྫོགས་ནས་ཁྱབ་རོན་འབབ། །རྟ་ཡིས་འབབ་པར་མ་གྱུར་ན། །ཟོར་གྱིས་ལམ་དྲང་མ་ཉེས་དབང་། །དུས་ཚོད་གཉན་པོ་བྱུང་བ་ལ། །དམར་ལམ་བྲེང་ཞིང་འོད་པ་བསྐོར། ༷།གལ་ཏེ་དཀར་ན་མཛེ་ཐོད་དུ། ཁྲག་གསུམ་རྫས་ཀྱི་ཐུན་བླུག༷་ལ། །སེར་སྲུན་ཡུལ་མིང་འབྲུ་སྣ་སྔོ། །བླུགས་ལ་སྐྱེད་བུ་སྦྲུལ་གྱི་ཁར། །ཐབས་བསྐོལ་དྲག་པོར་འབབ་པར་བཤད། །དེ་ཡི་དྲག་སྔག༷ས་འདི་ཡིན་ཏེ། །ཨོ་ནག་པོ་ཏི་པ་ཙ་ཡ་ན་ག་རག་ཤ་ར་ཧུ་ལ་ཧེ་ཁུ་ལ་ཕེ་ཤན་ཕྲོ་ཕྲོ་ཧྲིལ་ཧྲིལ་ཤར་ཤར། ནག་པོ་མགོ་དགུ་པ་དགྲ་བོའི་ལོ་ཏོག་མ་ར་ཡ་ཧུ༷་ཕཊ། ས་ནཱ་ག་སྲོག་གཟིར་ཏྲི་གནན། ར༷་ཤག་ཡ༷་ཕོ་བ་ཧྲིལ་ཕྲོ་སྨྱོ། ནག་པོ་ཏི་པ་ཙ་འུར་འུར་ཁ༷་ཁ༷་ཡ༷་ཡ༷་དྲག་ཏུ་ཕོབ། ཨོ་ནཱ་ག་རག་ཤ་ནག་པོ་ཏི་པ་ཙ་ཡ། བཛྲ་མི་ཏ་ས་མ་ནི་ཛ། ནཱ་ག་ཀྲུགས་ཀྲུགས་མ་མ་སྲི་སོད་དྲག་པོར་ཕོས་ཕོབ ནཱ་མ་ས་མན་ཏི་བིང་བིང་ཧུ༷་ཕཊ། བཛྲ་ཀི་ལི་ཀི་ལི་ཡ། མི་ལི་མི་ལི་ཙན་དྷི་བན་དྷ་ཡ་ཧུ༷་ཕཊ། ཀྭ་ལ་རུ་པ་ཆགས་ཆགས་ད་ད༷། མྱ་ར་ཡ་ཙིསྟ་ཛ་ལ་ཡ། ཆེ་གེ་མོའི་ལོ་ཏོག་མ་ར་ཡ་ཕཊ་རྦད། དྲག་པོ་སྔགས་ཀྱི་བཙན་ཐབས་ཏེ། །དུས་ཚོད་ཉི་མ་གནག་པའི་གྲོགས། །ཆུ་རྒོད་རྐྱིན་ཐང་ངེས་པར་འབབ། །ཅེས་ནི་ཀླུ་ཡི་བདག་པོས་བཤད། །ཀླུའི་འཁོར་ལོ་འཕྲིན་ལས་རྫོགས་པ་ལས། གཟའ་རྒོད་འཆི་བདག་གི་ལས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།ཀླུ་ཡི་བདག་པོ་ཁྱབ་བདག་གཙོ། །ཡན་ལག་སྦྱོར་བ་དེ་ལྟར་ན། །རིགས་པའི་རྒྱལ་པོ་འཆི་བདག་རྗེ། །དབྱིངས་ནས་སྦྱན་དྲངས་མཆོད་པ་དང་། །འཕྲིན་ལས་བཅོལ་ཕྱིར་བཤད་པར་མཛོད། །ཅེས་པ་དང་། དེ་ནས་ཀླུ་ཡི་རིགས་བདག་པོས། །འཆི་བདག་ནག་པོ་བསྐུལ་བའི་རིམ་པ་བཤད་དོ། །བསྐལ་བ་སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་ཅིག་འཆི་བདག་ཀླུ་ཡི་བདུད། །འགྲོ་བ་མི་ཡི་བདུད་དུ་ཁྱོད་པས་ལྷག་པ་མེད། །མི་བཟད་ཡུན་གྱི་ལྷར་ཡང་ཁྱོད་མཆོད་ན། །རྒྱབ་རྟེན་དཔུང་གཉེན་འཆི་བདག་ཁྱོད་ཀྱིས་མཛོད། ཁུ།་གསུམ་ཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །མཐུན་པའི་དམ་རྫས་བདུད་རྩི་འདི་གསོལ་ལ། །དམ་ཉམས་འཁོར་དང་བཅས་པ་རྣམས། །རྩ་བ་དགུ་རྒྱུད་རླུད་ལ་བསྐུར་ལ་ཐོང་། །ཉམས་པ་འདི་དག་མཛེ་དང་ལྷོག་པ་ཐོང་། །སྐུ་ནི་རི་རབ་ངོས་ལ་བརྟེན། །དབུ་ནི་བར་སྣང་ཁམས་སུ་འཕྱོ། །སྔགས་པས་དུང་དུང་བོས་པའི་ཚེ། །སྐད་ནི་མི་མཐུན་འབྲུ་ཏུ་སྒྲོགས། ཁམས་གསུམ་ཀླུ་རྣམས་དབང་དུ་སྡུད། །སྡང་པའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་། །སྦྲུལ་ནག་འབར་བའི་རལ་པ་ལ། །མཛ་དང་ཤུ་བའི་ཚ་ཚ་འཕྲོ། །ཨི་ལ་ཤ་ཡི་སྒྲ་བསྒྲགས་པས། ཁམས་གསུམ་མ་ལུས་མཛེ་དང་ཤུ་བས་འགེངས། །ཉེས་པ་འདི་ལ་མཛེ་དང་ལྷོག་པ་ཐོང་། །མིག་ནས་ཁྲག་གི་བུ་ཡུག་འབེབས། །ཞལ་ནས་མེ་ཡི་རླངས་པ་འཐོང་། །སྲིད་གསུམ་ཀླུ་ལ་མངའ་མཇོད་ལ། །ཉམས་པ་འདི་ལ་མཛེ་དང་ལྷོག་པ་ཐོང་། །སྔགས་པ་བདག་གིས་བོས་པའི་ཚ། །ཕྱག་ན་ནད་ཀྱི་རྐྱལ་པ་ཐོགས། །གཡས་པ་་བརྒྱ་ནི་སྦྲུལ་གྱི་ཞགས་པ་ཐོགས། །ཀླུ་ཆེན་བརྒྱད་ནི་ཐུགས་ཀྱི་དཀྱིལ་ནས་འཆར། །ཀླུ་བྲན་སྟོང་ནི་ཞབས་ཀྱི་འོག་ནས་འདུལ། །ཀླུ་བདུད་སྟོང་ནི་སྐུ་ཡི་གཡས་ནས་རྒྱུ། །ས་བདག་སྟོང་ནི་སྐུ་ཡི་གཡོན་ནས་རྒྱུ། །ཀླུ་བཙན་སྟོང་ནི་སྐུ་ཡི་གཡོན་ནས་རྒྱུ། །གང་དག་ལྷ་ཀླུ་སྟོང་ལ་དབང་སྒྱུར་བ། །སྟོང་གསུམ་དགྲ་བོ་ཀུན་ལ་མཛེ་དང་ཤུ་བས་ཁོང་། །དེ་ནས་ཡང་ཡུམ་བསྐུལ་བ། སྨྱོ། དེ་དང་གཉིས་མེད་སྦྱོར་བའི་ཡུམ། །བུད་མེད་ལུས་ལ་སྦྲུལ་གྱི་མཇུག་མ་ཅན། །རལ་པ་སྦྲུལ་ནག་མཛེ་དང་ཤུ་བར་འཕྲོ། །མི་གནས་ཁྲག་གི་བུ་ཡུག་ཟུ་ལུ་ལུ། །སྣ་ནས་ནད་ཀྱི་རླངས་པ་བྱིན། །ཞལ་ནས་སྐྲུལ་དང་སྦལ་པ་ནག་པོའི་ཆོ་འཕྲུལ་འགྱེད། །གཡས་པ་སྦྲུལ་ཞགས་ཐོགས་ནས་གཙོ་ལ་འཁྱུད། །གཡོན་པ་མཛེ་ཤུའི་རྐྱལ་པ་ཕྱོགས་བཞིར་འཐོར། །གཟས་པའི་ཤ་ཁྲག་བྲབས་ནས་གཙོ་ལ་སྟོབ། །བཞུགས་ནི་རྒྱ་མཚོའི་གཏིག་དུ་བཞུགས། །རྒྱུ་རྣི་བར་སྣང་ཁམས་སུ་རྒྱུ། །ཀླུ་བྲན་སྟ་ང་ནི་སྐུ་ལ་བརྒྱན། །ཀླུ་ཆེན་བརྒྱད་དང་སྦྱོར་བ་མཛད། །ས་བདག་སྟོང་ནི་ཕོ་ཉེ་འགྱེད། །ཞ་བོ་སྟོང་ནི་ཐུགས་ལ་འཆར། །ཀླུ་སྐམ་སྟོང་ནི་མནན་གཟིར་བྱེད། །བདུད་ཀྱི་བདུད་ཅིག་འགྲོ་བ་མ་ཡི་བདུད། །འགྲོ་བའི་བདུད་དུ་ཁྱོད་བས་ལྷག་པ་མེད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །བདུད་རྩི་དཀར་རུའི་དམ་རྫས་འདི་གསོལ་ལ། །ཕོ་ཅིག་ཡིན་ན་ཁྲམ་ལ་ཐོག །མོ་ཅིག་ཡི་ན་ན་ནད་ཀྱིས་ཐོབ། །སྐུར་ཅིག་རྩ་བ་རླུད་ལ་སྐུར། །ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་མཛེ་དང་ཤུ་བ་ཐོང་། །དེ་ནས་སྲོག་གཤེད་བསྐུལ་བ་ནི། །ཀླུ་བདུད་ཡབ་ཡུམ་བཀའ་འཁོར་ནས། །བདུད་ཀྱི་རྒྱལ་པོ་བགེགས་ཀྱི་གླང་བོ་ནི། །ཆིབས་སུ་ཆུ་གླང་ནག་པོ་ཆིབས། །སྐུ་སྨད་སྦྲུལ་གྱི་ཕུང་པོ་ལ། །སྐུ་སྟོད་གླང་གི་མགོ་བོ་ཅན། ཁྲག་དང་ཞག་གང་རལ་པ་ལ། །སྦྲུལ་ནག་བརྩེགས་པའི་ཐོད་གདེངས་ཅན། །མིག་ནས་ཀླུ་ཡི་ ་ཆོ་འཕྲུལ་འགྱེད། །སྡང་བའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་ མཆེ་བ་ཟངས་ཡག་གཙིག་པ་ལས། །འཛམ་བུའི་གླིང་བཞི་ཉལ་ཐག་གཅོད། ཁྱོད་ཀྱི་ཆིབས་ཀྱི་སྔ་ལོང་ལ། །ཀླུ་བདུད་སྟོང་ནི་གནས་བཅས་ཤིང་། །དགྲ་ལ་ལྷོག་པ་ཕོ་ལོག་ཐོང་། །མི་ཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་བམ་ཐོགས། །གཡོན་པ་བརྒྱ་ན་ཞགས་པ་ཐོགས། །ཞགས་པས་ཟུང་ཞིང་ཁྲམ་ལ་ཐོབ། །གཟུགས་ཀྱི་ཕུང་པོ་མ་ཡིན་པར། །དོན་སྙིང་རྣམ་ལྔ་ཕྲོལ་ལ་ཤོག །དེ་ཡི་བཀའ་འཁོར་ཕོ་ཉ་ནི། །ཀླུ་བདུད་ནག་པོ་འཛུམ་མེད་ནི། །སྐུ་ནི་སྦྲུལ་ནག་འཁྱིལ་པ་ལ། །མི་མགོ་སྟོང་གི་འཕྲེང་བ་ཅན། །དབུ་ནི་རྔམ་བྱེད་སེང་གེའི་གདོང་། །སྦྲུལ་ནག་སྟོང་གི་གདེངས་ཀ་ལ།། ཁྲམ་བམ་སྟོང་གི་གོས་ཟུ་ཅན། །མིག་ནས་བདུད་ཀྱི་སྤྲུལ་པ་འགྱེད། །དགྲ་བགེགས་མ་ལུས་ཆམ་ལ་འབེབས། །ཞལ་ནས་རླུ་་ནག་ཚུབ་མར་འབྱུང་། །ཀླུ་སྲིན་འབུམ་སྡེའི་གནས་བཅས་ཤིང་། །དགྲ་བོ་འཕྱེ་བོ་གྲུམ་བུར་ཐོང་། ཁྱོད་ཀྱི་མཐུ་རྩལ་དུས་ལ་བབ། །བསྟན་པ་བསྲུང་བའི་དུས་ལ་བབ། །མི་ཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་བམ་ཐོགས། །གཡོན་པ་བརྒྱ་ན་ཞགས་པ་ཐོགས། །ཞགས་པས་ཟུང་ལ་ཁྲམ་ལ་ཐོབ། །དགྲ་བོ་མ་ལུས་ཁྲམ་ལ་འདེབས། །སྤྱན་མིག་དམར་པོ་ཉི་མས་འཚེར། །རྒྱ་མཚོ་གླིང་དགུ་སྐོལ་ཞིང་སྙོག །དགྲ་བོ་ཀུན་གྱི་སྙིང་ནས་འདྲེན། །སྦྱན་མིག་གཡོན་པ་ཁྲག་ཏུ་འཛག །ཀླུ་བདུད་འབུམ་སྡེའི་གནས་བཅས་ཤིང་། །ས་བདག་གཉན་གྱི་དམག་དཔུང་བསྡུད། །དེ་ཡི་བཀའ་འཁོར་ཕོ་ཉ་ནི། །བདུད་ཀྱི་རྒྱལ་པོ་སྦྲུལ་གྱི་རྒྱུ་མ་ཅན། །སྐུ་སྨད་སྦྲུལ་ནག་འཁྱིལ་བ་ལ། །སྐུ་སྟོད་བ་གླང་དམར་པོའི་མགོ །སྐྲུལ་ནག་སྟོང་གི་རལ་པ་ཅན། །ཀླུ་བདུད་སྟོང་གི་གནས་བཅས་ཤིང་། །དགྲ་ལ་མཛེ་དང་གྲུམ་བུ་ཐོང་། །མི་གཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་བམ་ཐོགས། །གཡོན་པ་བརྒྱ་ན་མི་རོའི་ཞགས་པ་ཐོགས། །ཉིན་བཞིན་རྒྱ་མཚོའི་གཏིང་དུ་བཞུགས། །མཚན་བཞིན་རི་རབ་རྩེ་ལ་གནས། །སྤྱན་མི་དམར་པོ་གཟིགས་པ་ཡིས། །འཛམ་བུ་གླིང་བཞིར་མི་ནད་འབེབས། །སྡང་བའི་དགྲ་བོ་ཉལ་ཐག་གཅོད། །ཞགས་པས་ཟུང་ལ་ཁྲམ་ལ་ཐོབ། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་འཕྲིན་ལས་རྫོགས་པ་ལས། སྦྲུལ་ནག་མགོ་དགུ་པ་ཡབ་ཡུམ་སྲོག་གཤེད་དང་བཅས་པ་བསྐུལ་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཀླུའི་བདག་པོས་སྡིག་པ་ཕུང་ཤིག་ནག་པོ་བསྐུལ་བ་འདི་གསུངས་སོ། །དང་པོ་ཀླུ་བདུད་སྔགས་འདིས་བོད། །ཨོ་ནཱ་ག་དུ་ནཱ་ག་ཤ་དུ། ཧེ་ལི་ཧེ་ལི་ནཱ་ག་འདུས་འདུས་ས་མ་ཡ་ཛ། བསྐུལ་བའི་རིམ་པ་འདི་དག་གོ །ཧུ༷། རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །འཆི་བདག་ནག་པོ་མགོ་དགུ་པ། །སྦྲུལ་ནག་ལུས་ལ་སྡིག་པའི་དབུ། །ཕུང་ཤིག་སྦྲུལ་གྱི་རལ་པ་ཅན། །ནག་པོ་འཛིན་ཤེས་གཏང་མི་ཤེས། །སྔགས་པས་དུང་དུང་བོས་པའི་ཚེ། །སྐད་ནི་ལྷང་ལྷང་རྩེར་རྩེར་འབོད། །འཁོར་གྱི་ཀླུ་རྣམས་དམག་དཔུང་སྡུད། །སྤྱན་ནས་ཁྲག་གི་ཆར་པ་འབེབས། །གཡས་ན་སྦྲུལ་ནག་ཞགས་པ་བསྣམས། །ཉམས།་པ་དགྲ་བོའི་མགུལ་ལ་འདེབས། །གཡོན་པ་ནད་ཀྱི་རྐྱལ་བ་ཐོགས། །ནད་དང་མཛེ་རིགས་ཡམས་སུ་འབེབས། ཁྲངས་ནས་རླུད་ནག་འ་་མ་ལྡང་། །འཇིག་རྟེན་ཁམས་ཀུན་ནད་ཀྱིས་འབེབས། །ཞལ་ནས་གདུག་པའི་ང་རོ་ཡིས། །འཇིག་རྟེན་ཀླུ་རྣམས་ལས་ལ་འཁོལ། །ཀླུ་བདུན་ནག་པོ་འཇིགས་པའི་སྐུ། །ནག་པོ་སྐུ་ཡི་གཡས་ཕྱོགས་ནས། །སྡིག་པ་སྨུག་ནག་ཆེན་པོ་ལ། །རྭ་བགྲད་ཚངས་པའི་འཇིག་རྟེན་འགེངས། །ཕུང་ཤིག་དུག་གི་སྡིག་པ་ཡིན། །ཕོ་ཉར་སྡིག་པ་སྨུག་ནག་འགྱེད། །ནག་པོ་སྐུ་ཡི་གཡོན་ཕྱོགས་ན། །སྡིག་པ་ཁམ་ནག་འཇིགས་པ་འགྱེད། །ས་འོག་རིམ་དགུ་རློག་བྱེད་ཅིང་། །ས་བདག་ཀླུ་ཡི་ཕོ་ཉ་འགྱེད། །རྦད་ན་དགྲ་བོའི་ཡུལ་མཁར་འཇིག །ནག་པོ་ས་ཏོམ་རྒྱལ་བས་བྱ། །ནག་པོ་སྐུ་ཡི་རྒྱབ་ཕྱོགས་ནས། ཁྲག་གི་སྡིག་པ་དམར་པོ་ལ། །གསེ་ཡི་རུ་རིངས་གནམ་དུ་སླེབ། །ཕོ་ཉར་ཀླུ་གླང་དམར་པོ་འགྱེད། །ཀླུ་བཙན་འབུམ་ལ་དབང་སྒྱུར་བ། །ཉམས་པའི་དགྲ་ལ་མཛེ་རྒོད་གློ་བུར་ཐོང་། །ནག་པོ་སྐུ་ཡི་མདུན་ཕྱོགས་ན། །གསེར་གྱི་སྡིག་པ་འཇིགས་པ་ལ། །དུང་རུ་གནམ་དུ་ཟངས་སེ་ཟངས། །ཕོ་ཉར་དུང་ཕག་ཁྲམ་མོ་འགྱེད། །ས་བདག་ནག་པོའི་དམག་དཔུང་སྡུད། །སྡིག་པ་ཕུང་ཤིག་སྐུ་བཞེངས་ཤིག །ནག་པོ་འཛིན་ཤེས་གཏོང་མི་ཤེས། །ཡུན་གྱི་ལྷར་ཡང་ཁྱོད་མཆོད་ན། །ནག་པོ་འཁོར་དང་བཅས་པ་རྣམས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ། །དམ་རྫས་བདུད་རྩི་འབར་བ་འདི་དགོངས་ལ། །དམ་ཉམས་དགྲ་བོ་འཁོར་དང་བཅས་པ་རྣམས། །རྩ་བ་རླུད་ལ་བསྐུར་ལ་ཐོང་། །ཡང་ན་མྱོས་ཤིང་ལྐུགས་སུ་ཆུགས། །ཡང་ན་མཛེ་དང་ཤུ་བ་ཐོང་། །ས་བདག་གཉན་གྱི་དམག་དྲོངས་ལ། །རྩ་བ་དགུ་རྒྱུད་ཆོད་ལ་ཤོག །ཅེས་ནི་འཇིགས་བྱེད་ཀླུ་དག་གིས། །འཆི་བདག་བསྐུལ་བར་ངས་བཤད་དོ། །ཀླུའི་འཁོར་ལོ་མག་པོ་འཕྲིན་ལས་རྫོགས་པར་བཤད་པ་ལས། སྡིག་པ་ནག་པོ་ཕུང་ཤིག་གི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཀླུ་ཡི་ཁྱབ་བདག་གིས། །མཆོད་པའི་བྱེ་བྲག་མང་པོ་ཀུན། །ཡེ་ཤེས་ཀླུ་ཡི་ཚོགས་ལ་དབུལ། །གཏོར་མ་དཀར་དང་མངར་དང་ནི། །རྩི་སྨན་འོ་མ་ཤ་དང་ཁྲག ཁྲ་དང་ཉ་དང་སྦྲུལ་སྦལ་སོགས། །རིམ་པས་ཀླུ་ལ་དབུལ་བར་བྱ། །དང་པོ་འཆི་བདག་བསྙེན་པའི་དུས། །ཡིད་ཙམ་དཀར་ལ་བརྟེན་ཏེ་བསྒྲུབ། །དེ་ནས་དམར་ལ་དབབ་བར་བྱ། །གཏོར་སྣོད་རིན་ཆེན་གཏོས་མཉམ་པར། །ཨ་ལས་བདུད་རྩིའི་ངོ་བོ་དེ། །དང་པོ་ཡ༷་ཁ༷་གིས་སྦྱང་། ཐམས་ཅད་བྱིན་གྱིས་བརླབ་པར་བྱ། །ཨོ༷་ཨ་ཀ་རོ་མུ་ཁ༷་སརྦ་དྷརྨ་ཎ༷་ཨུབྱ་ནུད་པན་ནད་ཏྭ་ཏ་གྲྭཧྭ། བཀའ་ཡི་གཏོར་མ་འདི་དག་ནི། །འཆི་བདག་ཤིན་རྗེ་ཀླུ་ཡི་ཚོགས། །ཡོངས་ལ་ཁྱབ་པའི་བདུད་རྩི་འབུལ། །ཨོ་ཀྲི་སྣ་ར་ཙ་བྷ་ལིང་གྲི་ཧ་ན་གྲྭཧྭ། གཏོར་མ་སྔགས་འདིས་སྤྱིན་པར་བྱ། །ཨརྒ༷་བདུག་པ་མེ་ཏོག་དང་། །མར་མེ་དྲེ་ཆབ་ཞལ་ཟས་སྒྲ། །མཆོད་པ་ཇི་སྙེད་ཡོད་པ་དེ། །འཆི་བདག་ཀླུ་ཡི་ཚོགས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རྭ་ཛ། དྷ་པ་པྱུ་ཙ་རྨེ། པྲཛི་པུ་ཙ་མེ། བྷན་དྷི་པུ་ཙ་མེ།ནེ་བེ་ཏེ་པྲུ་ཙ་མེད། སྙིར་ཏི་པུ་ཙ་མེ་སྲུཧྭ། རིགས་བཞི་ལ་སོགས་ཀླུ་རྣམས་ལ། །གཏོར་མ་དཀར་ལ་བཞི་བླངས་ལ། །དབུལ་བའི་རིམ་པ་ཤེས་པར་བྱ། །ཅེས་ནི་ཁྱབ་བདེག་ཡེ་ཤེས་བཤད། །ཀླུའི་འཁོར་ལོ་ནག་པོ་ལས་མཆོད་པའི་རིམ་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས། ཀླུ་ཡི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ཁྱབ་བདག་ཡེ་ཤེས་ངོ་བོ་ཁྱོད། །ཀླུ་ཡི་བདག་པོ་བསྒྲུབ་བ་ཡིས། །དབང་དང་དམ་ཚིག་བཤད་པར་མཛོད། །ཅེས་གསོལ་པས། ཀླུའི་བདག་པོས་ཀླུ་སྒྲུབ་པའི་དབང་ངེས་པར་བཤད་དོ། །ཤིན་ཏུ་དབེན་པའི་ས་ཕྱོགས་ནི། །བཀྲ་ཤིས་ཉམས་དཔའི་གནས་དག་ཏུ། །མཎྜལ་བྱས་ལ་མེ་ཏོག་དགྲམ། །རིན་པོ་ཆེ་ཡི་བུམ་པ་ལ། ཁ་རྒྱན་མགུལ་ཆིངས་ལྡན་པར་བྱ། །སྣ་ཚོགས་དྲི་དང་རིན་པོ་ཆེ། །འབྲུ་དང་སྙིང་པོ་བཅུད་ཀྱིས་བརྒྱན། །སྙིང་པོ་ཡི་གེ་ཕེ་ལྔས་མཚན། ཁ་རྒྱན་རིན་ཆེན་ཀུན་གྱིས་བརྒྱན། ཁྲ་ལས་ཀྱི་བུམ་པར་ཆུ་ཡིས་དགང་། །གཏོར་མ་ལྔ་དང་ཡང་ན་གཅིག །མཆོད་པའི་རྫས་ཀུན་འཚོགས་པདང་། །སློབ་མས་ནོར་རྫས་ཡོན་བཏེག་ལ། །ཧོ། ཁྱབ་བདག་ཡེ་ཤེས་འཇམ་དཔལ་གྱིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་གཟུང་བར་མརྫོད། །དེ་སྐད་ཅེས་ནི་གསོལ་བ་གདབ། །དེ་ལ་ལན་དུ་གདབ་པ་ནི། །རིགས་ཀྱི་བདག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལམ་རྣམས་རིམ་པར་བགྲོད་པ་ལ། །བླ་མེད་ཐེག་ཆེན་འབྲས་བུ་འབྱུང་། །མངོན་སྤྱོད་ལས་ཀྱིས་སངས་རྒྱས་ཀྱིས། །བསྟན་པ་དམ་པ་བསྲུང་བའི་ཕྱིར། །འཇམ་དཔལ་སྐུ་ཡི་དཀྱིལ འཁ་ར་ན། །དབྱིངས་དང་བྱང་སེམས་སྤྲུལ་པ་ཡི། །སྐུ་ཡི་ཚོགས་ཀུན་གནས་པ་ཡིན། །འཇིགས་མེད་ཞུམུ་མེད་དད་པ་ཡིས། །དཀྱིལ་འཁོར་འདི་ལ་འཇུག་ནུས་སམ། །སློབ་མས་འཇུག་པ་ནུས་ཞེས་བརྗོད། །དེ་ལ་དང་པོ་སྡོམ་པ་དབོག །བསྙེན་གནས་སོ་སོ་ཐར་པ་ནས། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རིམ་པས་དབོག་ཅིང་བསླབ་པར་བྱ། །དེ་ནས་གསང་སྔགས་དམ་ཚིག་ཀྱང་། །རིམ་པས་ཕོག་སྟེ་དེ་བཞིན་ཡང་། །རིམ་པས་ཕོག་པས་དེ་བཞིན་ཡིན། །ལས་ཀྱི་བུམ་པས་ལུས་ཀུན་བཀྲུ། །མེ་ཏོག་དོར་ལ་དཀྱིལ་འཁོར་གཞུག །གདོང་གཡོགས་བཀྲོལ་ལ་ལྷ་རྒྱུད་བསྟན། །དེ་ནས་རྡོ་རྗེ་དྲིལ་གཞག་ལ། །སློབ་མ་སྟོང་པ་ཉིད་ལས་ནི། །ཀླུ་ཡི་རྒྱལ་པོ་བསྒོམ་དུ་གཞུག །དེ་ཡི་སྙིང་ཁར་སེམས་དཔའ་གཞུག །སློབ་དཔོན་བུམ་པ་ཐོགས་ནས་ནི། །ཧུ༷་།་ མཁའ་དབྱིངས་བུམ་པ་ཆེན་པོ་ནས། །རིགས་ཀྱི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་དབང་བསྐུར་བས། ཁམས་གསུམ་རིགས་ཀྱི་བདག་པོར་འགྱུར། ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་མནན་པ་དང་། །དམ་ཅན་ལས་ལས་གཟུད་པ་ཡི། །དབང་མཆོག་དམ་པ་ཐོབ་པར་་་ག །ཨོ་ཕ་ལ༷་ཧུ༷། ནག་པོ་ཏི་པ་ཙ་ཡ། ཨ་བི་ཁེ྅་བྲུ༷་བྲུ༷་བྲུ༷། དེ་ནས་བསྟན་པ་བསྲུང་བའི་ཕྱིར། །གསོད་པའི་རྫས་ཀུན་ཚང་བ་ལ། །གསང་སྔགས་ལིང་ག་ལྡན་པ་ལ། །དགྲ་བགེགས་སྒྲོལ་བའི་དབང་ཡང་བསྐུར། །དེ་ནས་སྒྲུབ་པའི་དབང་མཆོག་སྟེ། །སློབ་མ་ཁྱབ་བདག་དབུ་དགུར་བསྒོམ། །སྙིང་ཁར་ཡེ་ཤེས་སེམས་དཔའ་གཞུག །དེ་དཀྱིལ་ཡི་གེའི་ས་བོན་ལས། །འབྲུ་བཞི་ལ་སོགས་གསང་སྔགས་རྣམས། །འགལ་མེ་ལྷ་བུར་གནས་བར་བྱ། །ཀླུ་བསྒོམ་ཀླུ་ནི་བསྒྲུབ་པར་བྱ། །ལས་ནི་ཀླུ་ལ་འཆོལ་བ་དང་། །ཀླུ་མཆོད་ཀླུ་ཡི་བསྲུང་བ་ཡིན། །དེ་ནི་སྒྲུབ་པའི་དབང་ཆེན་ཏེ། །རིགས་ཀྱི་བུ་ཡིས་ཤེས་པར་བྱོས། །རང་སེམས་མངོན་དུ་གྱུར་པས་ན། །རིག་པའི་རྒྱལ་པོ་དབུ་དགུ་པ། །དེ་ཉིད་མ་སྐྱེས་གདོད་ནས་དག །བདག་མེད་ཡུམ་ནི་ཀླུ་མོ་གནག །གཉིས་མེད་ཐིག་ལེར་སྤྲོས་བྲལ་སྲས། །ཀླུ་ཡི་ཆོས་ཉིད་ཤེས་པ་སྟེ། །མུན་པ་ལྟ་བུ་སྟེ། །རིགས་ཀྱི་བུ་ཡིས་ཤེས་པར་བྱའོ། །དེ་རྗེ་གཏོར་མ་གཏང་བ་དང་། །མཆོག་གི་མཆོད་པའི་རིམས་པས་ཤེས། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། ཀླུའི་ཁྱབ་བདག་བསྒྲུབ་པའི་དབང་ཐོབ་པར་བྱ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་དམ་ཚིག་བཀོད་པ་ནི། །རྣམ་གྲངས་མང་དུ་བཤད་པ་སྟེ། །འདི་ཉིད་དུ་ནི་གཉིས་སུ་ཤེས། །སྤྱི་ཡི་དམ་ཚིག་ས་མ་ཡ། །བཀོད་པ་འབུམ་དུ་བཀོད་པ་ལས། །བསྲུང་བ་ཉི་ཤུ་གཅིག་ཏུ་བཀོད། ཁྱད་པར་ཀླུ་ཡི་དམ་ཚིག་ནི། །རྣམ་གྲངས་གཉིས་སུ་བཀོད་པ་ཡིན། །ལྟ་བའི་སྡོམ་དང་སྤྱོད་པའི་རྒྱུན། །ལྟ་བའི་དམ་ཚིག་ཅེས་བྱ་བ། །གླང་ཆེན་ལྟ་བ་ཐེག་ཆེན་གྱི། །བླ་མེད་བདེ་བ་མཆོག་ལ་དགོངས། །ཕག་རྒོད་ལྟ་བ་གཉིས་སུ་མེད། །ཐམས་ཅད་གཙང་སྨེ་མེད་པར་དགོངས། །བུང་བ་ལྟ་བུའི་ལྟ་བ་ཡིས། །བླ་མེད་བདེ་བ་བདུད་རྩིར་སྦྱོར། །སེང་གེ་རྩལ་གྱི་ལྟ་བ་ཡིས། །མ་བགྲོད་གོམ་པ་གཅིག་གིས་རྫོགས། །དེ་ཕྱིར་ལྟ་བའི་དམ་ཚིག་ནི། །རང་གི་སེམས་ཉིད་ཅེས་སུ་བཤད། །རང་སེམས་མུན་པ་ལྟ་བུ་ནི། །ཡེ་ཤེས་ཆེན་པོ་ཞེས་སུ་བཤད། །སྤྱོད་པ་རྒྱུན་གྱི་བསྲུང་བ་ནི། །དང་པོ་རང་གི་བླ་མ་ནི། །བླ་མས་ཕོག་པའི་གསང་སྔགས་དང་། །ལྷ་ལ་སོགས་པའི་ཡི་དམ་བསྲུངས། །གསང་བར་གཏད་པའི་གཉེར་རྣམས་བསྲུངས། །དུས་ཀྱི་སྤྱོད་ལམ་ཐམས་ཅད་དུ། །སེམས་ཀྱི་འཁོར་ལོ་རྒྱུན་དུ་བལྟ། །གསང་བའི་ལམ་མེན་གཞན་མི་བགྲོད། །རིག་པའི་མདའ་འཕེན་ཕྱག་མི་བཙལ། །བསྒྲུབ་པའི་དུས་སུ་བྱི་དང་ནལ། །བུད་མེད་ཐམས་ཅད་སྤང་བར་བྱ། །ཀླུ་ཡི་ཤིང་ལ་སྔོ་མི་བྱ། །ཡུགས་དང་སྨེ་བའི་ཁ་ཟས་སྤང་། །ཀླུ་ནད་ཅན་ལ་སྔགས་མི་དབོག །བུབ་ཆུ་མི་བྱ་ཕྲུ་ཀློག་སྤང་། །ཐབ་གཤོབ་ལ་སོགས་སྤང་བ་ནི། །བསྒྲུབ་དང་གཏད་པའི་དུས་སུ་སྤང་། །ཀླུ་ཡི་དམ་ཚིག་མནའ་ལ་གཟེམ། །བསྙེན་པའི་དུས་སུ་དཀར་ལ་བརྟེན། །རྟག་པར་ཀླུ་མཆོད་ཀླུ་གཏོར་གཏང་། །བསྲུང་བའི་འཁོར་ལོ་རྟག་ཏུ་བཅང་། །ཞེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལསསྡོམ་པ་དབོག་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། །ཀླུ་ཡི་ཁྱབ་བདག་ཡེ་ཤེས་དཔའ། །ལས་ཀྱི་རིམ་པ་རྣོ་མྱུར་དུ། །བྱད་ཀྱི་བཀའ་ཉན་དྲེགས་པ་ཡིས། །ཤན་བ་སྲོག་ལ་དབབ་པ་ཡིས། །སྦུ་གྲི་སོ་རྒལ་གང་གང་ལགས། །ཡང་དག་ངེས་པས་བཀའ་སྩལ་པ། །ཤན་པ་སྲོག་གི་འཁོར་ལོ་ནི། །དཀར་པོ་སེམས་དཔའ་ཞེས་བྱ་བ། །སྲོག་གི་འཁོར་ལོ་འདི་དག་སྟེ། །དབེན་པའི་གནས་སུ་མཎྜལ་བཤམས། །དམ་རྫས་བཤོས་བུ་ལ་སོགས་དགྲམ། །ཕུང་སའི་འབྲུབ་ཁུང་རྩང་གིས་བསྐོར། །ར་དང་ལུག་དཀར་རཀྟ་ལ། །མི་ཁྲག་ཕོ་ལོ་གཉིས་སོགས་སྟེ། །སྤྲེའུ་དང་བྱི་ལའི་ཙིསྟ་དང་། །ཨ་མུ་ཀ་ཡི་ལིང་ག་གདགས། །རབས་ཆད་ནག་པོའི་ཐོད་པར་བླུགས། །གུག་རྒྱལ་ཏྲི་ཡིས་བདུག་པར་བྱ། །སྔོན་དམར་སྲ་དབུལ་ཐོད་པ་བཅིང་། །རེ་བས་གཏུམས་ལ་སྐྲ་ཐག་ལ། །ལྕགས་ཕུར་རྟོད་དེ་གྲུ་གསུམ་གཞག །རོ་ལམ་ནག་པོ་ཁ་ཕྱེ་ལ། །ཨ་མུ་ཀ་ཡི་རྣམ་ཤེས་དགུག །སྐབས་སུ་ཀླུ་དང་གདོང་དུག་གཞུག །རྟགས་དང་སྦྱར་ཞིང་གསང་སྔགས་བཟླས། །ཕྱི་རྟེན་ར་དཀར་རྒྱལ་མཚན་ལ། །ལེ་བརྒན་དར་གདགས་གསང་སྔགས་བཟླས། །དེ་ནས་ཀླུའི་བདག་པོ་དཀར་པོས་སེམས་དཔའ་ཞེས་བྱ་བ་བདུད་པོ་སྲོག་གི་མདུང་དམར་ཀླུ་ཚ་ས་མ་ཏིའི་གསང་སྔགས་འདི་གསུངས་སོ། །ཁྲི།་བཛྲ་སུ༷་ཏྲི་རག་ཤ་རྭ་ཛ་ད་ར་མ་ཡ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧུ༷།འདི་དག་བསྙེན་པའི་རིམ་པའོ། །བསྒྲུབ་པའི་སྲོག་གི་སྙིང་པོ་འདིའོ། །ཨོ་བཛྲ་ད་རྭ་ཛ་ནག་པོ་དགྲ་ལ་སྨྱོ། སུ་ཏྲ་ནག་པོ་དགྲ་ལ་ཐིབས་ཐིབས་དུ་ན་ཏྲི་ནི་མྱ་ར་ཡ་ཛ་ཛ། ཡག་ཤ་ནག་པོ་ཁ་ཁ་རྦད་རྦད་ཛ་ནག་པོ་སྙིང་ལ་ཐུན་སྨྱོ། ཤད་ཤད་གཟེར་གཟེར་མྱ་ར་ཡ་ཐིབས་ཐིབས་རྦད་རྦད། དེ་རྟགས་མངོན་དུ་སྟེར་བ་ནི། དགྲ་དང་གནས་ཁང་འཚེག་པ་དང་། །འོད་དང་སྤྲེའུ་འབྱུང་བ་དང་། །བཙུན་བ་དང་ནི་བན་དྷི་དང་། །འབག་དང་སེང་གེ་བྱུང་བ་ན། །དམ་ཚིག་བརྡར་ཞིང་གསང་སྔགས་བཟླས། །ཨོ་བཛྲ་སུམ་ཏྲི་སྨྱོ་ཙང་ཙང་ཕྱུང་། དགྲ་ལ་སྨྱོ་ས་མ་ལྭ། སུ༷་ཏྲ་ར་ཛ་ཙང་ཙང་ཁུག་ཁུག་རྭ་ཛ་ནག་པོ་དགྲ་ལ་ཆོ་ས་མ་ཡ། ཤིག་ཤིག་ཐུམ་ཐུམ་རྭ་ཛ་ནག་པོ་དགྲ་སྙིང་ཕྱུང་ས་མ་ཡ། རུ་ཧེ་རུ་ཧེ་དགྲ་སྙིང་ཚལ་པར་ཁོས་ས་མ་ཡ། དམ་་ཐས་མ་འདའ་ཞིག །སྲོག་གི་སྙིང་པོ་ཉིད་ལ་གདགས། །ཀླུ་དང་བསྡོངས་པར་སྔགས་འདིས་བྱེད། །ནཱ་ག་བྲེ་ནི་ནཱ་གྭ་བྲེ་ཡ་མ་ར་ཙ་ནག་པོ་ཏི་པ་ཙ་མི་སུ་མ་ཏྲི་རག་ཤ་ཚལ་པ་སྙིང་པ་བ་ཏུ་ཆོ་ནི་ཛུ་ཛུ། དགྲ་བའི་སྲོག་ལ་རྒྱུག་བྲེང་བ་མྱ་ར་ཡ། རང་ལ་ཁུའམ་ལྡོག་པའམ། །སྤྱིར་ན་རྒྱལ་པོ་གནོད་པ་ལ། །གསང་སྔགས་རང་གནད་འདི་དག་གོ །ཨོ༷་ཨུ༷༷ཧུ༷་མ་ར་ཡ་ནན། པྲ་མ་ར་ཙ་ཏྲིག་ནན། འཁུན་རག་ཤ་རྦད་ལིང་། ཨོ་བཛྲ་ཀྲོདྷ་ར་ཛ་སིརྙི་ཨ་མྲི་ཧུ༷་ཕཊ། རྭ་ཛ་སིདྷི་ས་མ་ཡ་ཐིབ་ཛ། སྟག་པ་་ནག་པོའི་དབྱུག་པའམ། །བེ་ཤིང་དག་གི་དབྱུག་པ་ལ། །ཕ་ཝང་ལོང་བུའི་འཕྲ་བཅུག་ནས། །ལུས་ལ་བསྟེན་ན་རྒྱལ་པོ་དག །སྙིང་འགས་སྲོག་སྙིང་བདག་ལ་སྟེར། །འདི་དག་སྲོག་བདག་རང་གནད་ཡིན། །རྭ་ཛ་ནག་པོ་སུ༷་ཏྲི་དགྲ་ལ་རྦད་དུམ། རྭ་ཛ་ནག་པོ་སྲོག་ལ་འདུས་འདུས། ཁ་སྒྱུར་ནག་པོ་དབུག་ལ་རྒྱུག །ཏི་རི་མི་རི་ཙི་རི་སོད། སྨྱོ་འབོག་བརྒྱལ་ནད་སྙིང་ལ་ཚུག །རྒུན་ཟླ་ཐ་ཆུང་ཟླ་བ་ལ། །དྲག་པོ་ཐུན་གྱིས་གསད་པར་བྱ། །མཐར་ནི་ཐོད་པ་ཀླུ་ལ་གཏད། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་ནག་པོ་གསང་བ་ལས། བདུད་ཀྱི་སྐྲུ་གྲི་ནག་པོ་བསྟན་པ་སྟེ་ལེའུ་བཞི་བཅུ་པའོ།། །།རག་ཤ་རུ་རིངས་ཞེས་བྱ་བ། །ལག་ཀྱི་གཤིན་རྗེ་དམོད་པ་མཚོན། ཁྲན་པ་སྐྲུ་གྲི་སོ་རྒལ་བཤད། །དབེན་ཞིང་ས་རྩུབ་རྫ་དྲུང་དུ། །སྔགས་པ་ཁྲོས་པས་སེམས་ལྡན་པ། །དྲག་པོའི་ཆོ་ག་བཤད་པ་འདི། །མཎྜལ་སེར་ནག་ཁྲུ་གང་ཡང་། །དཔལཟངསགཤིནརྗེའིཕྱོགས་སུ་སྟེ། །སྔགས་པ་གནོད་སྦྱིན་ཕྱོགས་སུའོ། །ཞིང་ཆེན་རབས་ཆད་ཐོད་པ་རྩང་། །རྟ་ནག་རྨིག་པ་གསད་པའི་རྫས། །སྔོན་དམར་ཐག་པ་དར་ནག་རྣམས། །དགོས་པའི་རྫས་སུ་ཡང་དག་བཤད། །བདུད་ཀྱི་ཉི་མ་ཚེས་གཅིག་ནས། །ཉི་ཤུ་གསུམ་གྱི་བར་དུའོ། །ཞིང་ཆེན་དམ་ཉམས་མིང་བྱང་རྣམས། །ལས་ལ་སྦྱོར་བའི་གདན་དུ་གདིང་། །མ་ནི་ཀ་ལ་ཀ་ནི། མིང་རུས་འབྲུབ་ཁུང་ནང་བཅུག་ལ། །སྔོན་དམར་ཐེ་གུས་ཁ་ནས་དཀྲི། །རྩང་གི་ཁ་ནི་ནང་དུ་བསྟན། །དར་རས་ནག་པོས་ཕྱི་རིམ་དཀྲི། །རྨིག་པས་འབྲུབ་ཁུང་ཁ་ཡང་བཅད། །ལས་ཀྱི་སྦྱོར་བའི་རྫོགས་པའི་ཚད། །རྟགས་ཀྱི་ཚད་མར་ཕེབས་པ་དང་། །རྒྱ་གྲམ་ལམ་དུ་ཁྲུ་གང་བརྐོ། །ཐོད་པ་ནུབ་བྱང་མཚམས་སུ་བསྟན། །ཨ་མུ་ཀ་ཡི་ལམ་སྲང་གཅེས། །བཅོ་ལྔ་དང་ནི་བཞི་བཅུ་བཞི། །ཉི་ཤུ་གཉིས་དང་མ་ནོར་བ། །བསྙེན་པ་ཉེ་བར་གནས་པར་ཤེས། །ནག་པོ་ཧུར་ཐུམས་བདུད་ཀྱི་སྔགས། །སོ་རྒལ་སྐྲུ་གྲི་རྣོ་བའི་དར། །ནག་པོ་ཀླུ་ཡི་སྔགས་དང་བསྡེབ། །རག་ཤ་ནག་པོ་གསང་བའི་ལས། །སྤོག་པ་མེད་པའི་ལས་ཞེས་བྱ། །ཧ་ལ་ནག་པོ་ཙ་མ་རི། །གདུག་པ་སྐྲུ་གྲི་འབར་བའོ། །དེ་ནས་ཀླུ་ཡི་བདག་པོས་རག་ཤ་འཇུག་རིངས་ཞེས་བྱ་བ་ལས་ཀྱི་གཤིན་རྗེ་དུག་ལྔའི་ངན་སྔགས་འདི་གསུངས་སོ། །ཨོ་པ་ཤ་མུ་ཀི་ཏུ་རུམ་ཏི་ཀི་ཛ་ལ་ཏི་སྲུཧྭ། རྩ་བའི་སྙིང་པོར་རིག་པར་བྱ། །ཨོ་ཙཀྲ་དུ་ནི་མགོ་ཆོམ། །ཨོ་ཞེ་སྡང་ཤ་ལ་མྱགས་མྱགས། ཨོ་འདོད་ཆགས་ཁྲག་ལ་རྦུད་རྦུད། །ཨོ་ང་རྒྱལ་སྙིང་ལ་སེམས་ཡ། །ཨོ༷་སྙིང་ཁར་རག་དུ་ནི་ཆོ༷། ཨོ་པ་ཤ་ཛ་ལ་ནི་ཆོམ་རྦད། དེ་ནི་གསད་པའི་དམ་པར་རིག །ཨོ་ཁ་ཤ་པ་རི་ཐུ༷་རིལ། ཨོ་ཁ་པྲ་དུ་ནི་ལྐུགས། ཨོ་སྣར་ཏེ། ཨོ་ལ༷་ཏྲི་ཏི་རྨུགས། མནན་པའི་སྔགས་སུ་རིག་པར་བྱ །ཨོ༷་ཤ་རི་སྨྱོ། མ་རི་སྨྱོ། ཁྲག་མ་མ་སྨྱོ། ཙ་ར་སྙིང་སྨྱོ། ཁྲག་ཏི་སྙིང་ལ་སྨྱོ། མ་ཁྲི་ཐོབ་ཟབ། ཁྲག་ཏི་སྙིང་ལ་ཡ། ཨོ་པྲི་ཕྲི་ཆོད། མུ་ལོ་ཆོད། ཤལ་ཀྱིང་ཀྱིང་། སྦྱོ་སྦྱོ་སྨྱོ། ཟོར་དང་གཏོར་མའི་སྔགས་སུ་རིག ཁྲ་མ་སྒྱི་ཤ་ཏི་ནན། ཤ་ཏྲུ༷་ཏྲ་ཏ་ནན། མ་ཏྲ་ས་ར་ནན། ཀ་ར་ཧུ༷་ཧུ༷། འདི་དག་ནི་རོ་ཁུགས་ཀྱི་སྔགས་སོ། །ལས་ཀྱི་སྐྲུ་གྲི་ནག་པོ་འདི། །ཐ་མལ་ལུས་ཀྱི་བོད་པ་ལ། །བསྙེན་པའི་རྟགས་ནི་དང་པོ་འདོད། །བསྒྲུབ་པའི་དུས་སུ་བོད་བསད་སྦྲེལ། །རྟགས་ནི་རྣམ་པ་བརྟག་པ་གཅེས། །ཆོས་ཉིད་རྒྱུ་ནས་བདེ་བ་མན། །བག་ཆགས་ངན་པའི་ཁྲག་རུ་ན། །བསད་པ་ལས་ནི་དེ་ཤེས་བྱ། །གཏོར་མ་འབྲུ་དང་སྲན་ཆེན་དང་། །ཏིལ་དང་འོ་མ་ཤ་ཁྲག་ལ། །དམ་དུ་བཅས་ལ་རྟག་ཏུའོ། །བླ་རྡོ་ཟ་ཁབ་སྲོག་སྙིང་དང་། །སྲམ་གྱི་ཤུན་པར་གྲིལ་ཏེ་བཅང་། །རྟག་ཏུ་བསྐུལ་ཞིང་འཕྲིན་ལས་བཅོལ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ། །ལུས་པོ་གཅིག་ལ་མགོ་བོ་དགུ །སྐུ་མདོག་བརྗིད་པའི་དུད་ཁ་ལ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་པ་སྦྲུལ་གྱི་ཞགས་པ་བསྣམས། །འཇིགས་བྱེད་རོག་ཏི་མི་སྲུན་པ། །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ། །ཟླ་ཟེར་རྗེས་གཅོད་ཤར་དུ་རྒྱུ། །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཕྱོགས་མཚམས་ཉིན་དང་མཚན་མོ་རྒྱུ། །བར་སྣང་ཁམས་ན་བཞུགས་པའི་ཚེ། །ཟས་སུ་ཉི་མ་ཟླ་བ་ཟ། །ལོ་ཉེས་རིམས་ནད་འཁྲུག་པ་གཏོང་། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །ཀླུ་ཡི་རྒྱལ་ཁམས་འཁྲུག་བསླང་ནས། །ཐོག་སེར་ཀི་ཀང་ས་གཡོས་གཏོང་། །འཇིགས་བྱེད་རོག་ཏི་མི་སྒྲུངས་བ། །མིང་བརྒྱ་པོ་ལ་མཁན་སྟོང་པོ། །མཚན་ནི་རྣམ་པ་བརྒྱད་དུ་གྲགས། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །གཤིན་རྗེ་ནག་པོ་དབུ་དགུ་པ། །རི་རབ་རྩེ་ལ་གནས་ཙམ་ན། །འཆི་བདག་བདུད་ཀྱང་ཟིལ་གྱིས་གནོན། །ཐུགས་རྗེ་རྣལ་འབྱོར་བདག་གི་འཕྲིན་ལས་གྱིས། །རྡོ་རྗེ་འཆང་གི་བཀའ་མ་བཅག །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་ལོ། །ཀླུའི་འཁོར་ལོ་གསང་བ་ལས། གཤིན་རྗེ་ནག་པོ་དབུ་དགུ་པ་སྐྲུ་གྲི་ནག་པོའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་དམར་པོ་རུ་མཚོན་ཅན། །སྲོག་གི་སྐྲུ་གྲིབ་བཤད་པར་བྱ། །བདུད་དང་གཤིན་རྗེའི་ཕོ་ཉ་ནི། །གཤིན་རྗེ་དམར་པོ་ཡི་དྭགས་རྗེ། །སྣ་འདྲེན་དཔའ་བོ་རུ་མཚོན་ཅན། །དབེན་པའི་གནས་སུ་བསྒྲུབ་པར་བྱ། །འབྲང་རྒྱས་བཤོས་བུ་རི་རབ་དང་། །དར་མདའ་ཟ་འུག་རྒྱན་ལྡན་ལུག །སྲིད་པའི་བསྐོར་བྲིས་པ་དབུལ། །དང་པོ་སྲོ་གནས་བོད་པར་བྱ། །ཙ་ར་དམར་པོའི་ཐོད་པའམ། །ཨེ་ཡི་ནང་དུ་དགྲ་གཟུགས་བྱ། ཁྲག་ཏུ་ཉུངས་ཀར་མདའ་ཡིས་བསྣུན། །ཕུད་གཏད་བདེན་བདར་དཔང་གཟུགས་རྡད། །དུས་གསུམ་རྒྱུན་དུ་ཤེས་པར་བྱ། །དང་པོ་སྲོག་བདག་བོད་པ་སྟེ། །སྲོག་སྙིང་ངོ་བོ་འདི་དག་གོ །ཧ༷་ཤ༷་ཏྲི་དམ་རྩ་ལ་ཏྲི། ར་ག་ལ་མ་ཡ་ཛ། དེ་རྟགས་འབྱུང་བ་འདི་ཡིན་ཏེ། །བྱིས་པ་ཁྱིའུ་རྟ་པ་དང་། །འོད་ལ་སོགས་པ་བྱུང་ན་རྦད། ཧ་ཤང་ཏྲི་བཱ་ར་ཡ་སྨྱོ། ཏྲི་ཁ་ཐུ༷་སྨྱོ། ཏྲི་ཐུན་སྨྱོ། ཐིབ་ཧ་བ་ཧ་ར་ཏི་ལ་ཏི་ལ་ཧ༷་ཧ་བ་ནཱ་ག་རྭ་ཛ་དགྲ་བོ་ལ་ཛུ་ཛུ། སྔགས་འདིས་ཀླུ་དང་སྡོང་དུ་གཞུག །ནཱ་ག་ཀྲོདྷ་ནི་ནཱ་ག་ཀྲོདྷ་ནི། ནཱ་ག་ནཱ་ག་ནི། རི་མེན་དང་པྲན་དྷ་ཛུ་ཛུ། ཉི་མ་བྱང་ཤར་ཕ་གི་ན། །ཡ༷་ཤུད་དམར་པོ་སྲོག་གི་བདག །སྐྱེ་འགྲོའི་ཚེ་ལ་མངའ་མཛད་པ། །འབྲུ་ཡི་གཏོར་མ་ཆང་དང་ནི། །སྣུག་རྒོད་ཤིང་དང་ཐུད་ཕྲོམ་གྱིས། །གསོལ་ལ་ཡམ་ཤུད་དམར་པོ་མཆོད། །གཉེན་དུ་གཏད་དོ་ས་མ་ཡ། །རྟག་ཏུ་རྦད་པ་གཙོ་རུ་བྱ། །མཐའ་རུ་ལིང་ག་ར་ཐོད་གཞུག །གིང་བཙན་རྒྱུ་བའི་ལམ་དག་གམ། །ལྷ་ཁང་འགྲམ་མམ་ཀླུ་གནས་སར། །གཏད་པ་འཆི་བདག་གཤིན་རྗེ་ལ། །རྦད་པ་སྲོག་བདག་ཡམ་ཤུད་ལའོ། །དེས་ནི་མྱུར་དུ་རླག་པར་བྱེད། །ཅེས་གསུངས་སོ། །ཀླུའི་འཁོར་ལོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། ཡམ་ཤུད་དམར་པོའི་སྲོག་གི་སྐྲུ་གྲིའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ཤུ་པོ་རག་ཤ་ཡིས། །གསང་བའི་འཁོར་ལོ་འདི་ལྟ་སྟེ། །དབེན་པར་དཀྱིལ་འཁོར་ཆག་ཆག་གདབ། །དབུས་སུ་མཐིང་ནག་གྲུ་གསུམ་བྱ། །ཟླ་གམ་དམར་པོ་འཁོར་ལ་རིགས། །རྒྱས་པ་ལྗང་ཁུ་སྒོ་བཞི་ལྡན། །དེ་ལ་རྫས་དང་ཡི་གེ་དགོད། །ཕོ་དང་ཛ་ཞེས་བཀོད་པ་ལས། །དབུས་སུ་འཆི་བདག་གཏོར་མ་དགོད། །ཟླ་གམ་ལ་ནི་བཙན་ཤ་ལ། །མི་དམར་རྟ་དམར་གླང་དམར་དང་། །ར་དང་གཡག་དང་བཙན་བཤོས་དགོད། །འཁོར་ལོ་བཞི་ལ་བཙན་བཤོས་རེ། །རྒྱང་བུ་རེ་དང་བཅས་པར་བཞག །རྩ་ར་དམར་པོའི་ཐོད་པ་སྲ །རའམ་ཁྱི་དམར་སྙིང་ལྤགས་སུ། །ཨ་མུ་ཀ་ཡི་གཟུགས་བཅུག་ལ། །ལེ་བརྒན་དར་གྱིས་ཁ་ཡང་གཅད། །དེ་ནས་ཀླུ་བཙན་གླང་མགོ་ཅན། །བོད་པའི་སྲོག་སྔགས་འདི་དག་གོ །ཨོ༷་ཨ་བི་ཤུ་ལ་ས་མ་ཡ་ཏི་ཤམ་རྦད་སྨྱོ། ནཱ་ག་ཤན་ཏྲི་ཛ་ཛ་ཡུ། ནཱ་ག་ཤུ་ལ་ལ་ཨ་ཏྲི་སེམས་དཔའ་ཛ་ཛ མེ་འབར་ཚུབ་མ་དམར་པོ་དང་། །ཉ་སྦལ་རྟ་རྐྱང་མི་རེང་འོང་། །དེ་རྟགས་བྱུང་ན་རྦད་པ་ནི། །ཨོ༷་ནཱ་ག་ཤུ་ལ་ས་མ་ཡ་ཏྲི་ཤམ་རྦད་སྨྱོ། ཙན་ཏྲ་ཙན་ཏྲ་ཧྲི་ཧྲི་ར༷་ར༷་ཁལ་རག་ཏ་རག་ཤ་དུ་སི་སྲོག་ལ་བྲེང་། ཤག་རྦད། བསད་པའི་ཡང་སྙིང་དེ་ཡིན་ཏེ། །ཉུངས་ཀར་ཁྲག་དང་བཙན་དུག་བརྡེག །ལིང་ཀའི་སྙིང་ཀར་གྲི་ལྕགས་མདེའ་ལྭ །བཅུག་པའི་དུག་མདའ་བརྡེག་པར་བྱ། །སྐབས་སུ་རྦད་དང་བསྐུལ་བའི་སྔགས། །ནཱ་ག་ཤུ་ལ་ས་མ་ཡ་ཏྲི་ཤམ་རྦད་སྨྱོ། གུ་གུལ་སླུ་མ་ཨ་ནེ་གུ་ཡེ། ཏུམ་གུ་དེ་ཡེ་སོད། མི་འདི་བདུད་ལ་ཁས་ཆེས་སོ། །བདུད་ལག་རིང་ངོ་། །བཙན་ལ་ཁས་ཆེས་སོ། །བཙན་ལ་ལག་རིང་ངོ་། །བདུད་བཙན་ཀླུ་དང་གསུམ་ལ་འབུལ། །ཉི་མ་ནུབ་ཀྱི་བཙན།བྱའི་ལུས་པོ་ལ་མིའི་མགོ་ཅན་དང་། ལྷོ་ཕྱོགས་ཀྱི་བཙན། མི་པོ་ལྕགས་རྟ་ལྕགས་ཟངས་ཀྱི་ཚེམ་ཁྲབ་ཅན་དང་། ཤར་གྱི་བཙན་ཤེལ་གྱི་མི་པོ་སྟག་མགོ་ཅན་དང་། བྱང་གི་སྲིན་ཨ་ཏེ་རྒྱལ་བའི་ཕྱག་ཏུ་འབུལ་ལོ། །བཙན་ཁ་བཞི་ལ་གཏད་དོ། །བདུད་ནག་པོ་ལ་གཏད་དོ། །བཙན་གྱི་ཐ་རམ་སུམ་བརྒྱ་ལ་གཏད་དོ། །བསད་པའི་དུས་སུ་མདའ་བརྡེག་ཅིང་། །ཐ་མ་མཚོན་གྱིས་གཏུབས་བྱས་ལ། །བཙན་རྒྱུ་བ་ཡི་གནས་དག་གམ། །རི་རགས་བྲག་དང་ཆུ་འཐབ་གཏད། །ཀླུའི་འཁོར་ལོ་ནག་པོ་ལས། བཙན་གྱི་སྐྲུ་གྲི་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བྱང་གི་བཀའ་ཉན་ཏེ། །གཏད་པའི་ལས་ནི་གང་བྱེད་ཀྱང་། །ས་བདག་ཀླུ་དང་བཙན་རྣམས་ཀྱིས། །དམག་དཔུང་དབབ་པའི་གསང་སྔགས་འདིའོ། །ཨོ་སརྦ་ནཱ་ག་སརྦ་ཤུ་ལ་ཧ་ཧི་སརྦ་ནཱ་ག་ཤུ་ལ་ཛི་ར་ཏྲི་ཛ། ནི་ཏྲི་ཛ། ཤོན་ཏྲི་ཛུ། བ་ར་ཏྲི་ཛུ། སརྦ་སྦྲིང་སྨྱོ། ཨོ་སརྦ་ནཱ་ག་ཤུ་ལ་ཀླུ་བཙན་དགྲ་བོའི་སྲོག་ལ་བ༷་རིལ་རྦད་སྨྱོ་སྨྱོ། བྱང་གི་བཀའ་ཉན་འཁོར་བཅས་པ། །དྲིལ་བའི་གསེང་སྔགས་འདི་དག་ནི། །ཀུན་གྱི་ལས་ཁ་ཡིན་པར་བཤད། །ཀླུའི་འཁོར་ལོ་ལས། དམག་དཔུང་དབབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། །ཀླུ་ཡི་ཡེ་ཤེས་བདག་པོ་ཉིད། །ལས་ཀྱི་རྒྱལ་པོ་རྣོ་དབལ་གྱིས། །ལས་ཀྱིས་མཐར་རྒྱ་རྫོགས་པ་ལ། །གདབ་པའི་དྲག་སྔགས་གང་ལ་བྱ། །གནད་བཅོལ་སྤུ་གྲི་གང་ལ་བགྱི། །ཞེས་གསོལ་པ་དང་། །ཀླུ་ཡི་བདག་པོས་གསོལ་བ། །རྩ་བ་མ་གྲུབ་སྤོགས་པ་དང་། །ཡན་ལག་སྐྲུ་གྲི་བསྡེབས་པ་ཡིས། །ལས་རྣམས་གྲུབ་པར་གྱུར་པ་ཡིན། །གལ་ཏེ་མ་གྲུབ་སྒྲུབ་པ་སྤོགས། །གདུག་པ་ཡོད་པའི་ས་རུ་གཏད། །གལ་ཏེ་གང་ལ་རྟགས་མེད་ན། །གསང་བ་གདག་པའི་ཡང་སྙིང་སྟེ། །གནད་གཅོད་སྐྲུ་གྲི་འབྱུང་བའི་སྔགས། །མཛེ་ཅན་ཐོད་པ་གཤགས་པ་དང་། །འཁོར་ལོ་བྲི་བ་ཤེས་པར་བྱ། །བསད་པ་ལྡིང་བའི་འཁོར་ལོ་ནི། །ས་བདག་སྙིང་ཁར་དམིགས་པ་བྲི། །ཐ་མ་རིགས་ཀྱི་སྦྲུལ་གྱིས་བསྐོར། །སྙིང་ཁར་འཁོར་ལོ་རྩིབས་བཞི་ལ། །འབྱུང་བ་དཀྲུགས་པའི་ཡི་གེ་བྲི། །མུ་ཁྱུད་རྩིབས་མཚན་སྐྲུ་གྲི་དང་། །བསད་པའི་ཡང་སྙིང་འཁོར་བར་བྲི། །འདི་དག་འབྱུང་བཞི་དཀྲུག་པ་སྟེ། །ཉིན་མོ་གཏོར་ལ་མཚན་མོ་དྲིལ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཡག་ཤ་ཁ་ཡན་ཧུ༷་ཡ་ཧུ༷་ཡ། དྲི་ཛ་དྲི་ཛི། ལམ་ཆེ་གེ་མོ་བཱ་ར་ཡ་ཙཀྲ་ཐུམས་ཐུམས་ལམ་རྦད་རྦད། རྦད་ཡ་རྦད་ཡ། ཁམ་ཆེ་གེ་མོ་མྱ་ར་ཡ་ཙཀྲ་ཐུམས་ཐུམས་ཁམ་རྦད་རྦད། རྦད་ཡ་རྦད་ཡ། ར༷་ཆེ་གེ་མོ་མྱ་ར་ཡ་ཙཀྲ་ཐུམས་ཐུམས་རྦད་རྦད། རྦད་ཡ་རྦད་ཡ། ཡ༷་ཆེ་གེ་མོ་མུ་ར་ཡ་ཙཀྲ་ཐུམས་ཐུམས་ཡ༷་རྦད་རྦད། རྦད་ཡ་རྦད་ཡ། ཉི་མ་བཞི་རུ་ཟླས་པར་བྱ། །འབྱུང་བ་རྣལ་མས་བསད་པ་སྟེ། །ཉིན་གྱི་སྔགས་སུ་ཤེས་པར་བྱ། །དྲི་ཛ་དྲི་ཛ། ལ༷་ཁ༷་ར༷་ཡ༷་ཆེ་གེ་མོ་མྱ་ར་ཡ་ཙཀྲ་ཐུམས་ཐུམས་ལ༷་ཁ༷་ར༷་ཡ༷་རྦད་རྦད། རྦད་ཡ་རྦད་ཡ། དྲིལ་ཏེ་མཚན་མོ་གསད་པ་ཡིན། །ཉིན་ནི་ཁ་ཐུན་ཡང་སྙིང་གིས། །དགུག་ཅིང་དགོངས་ཀ་གསད་པར་བྱ། །མཚན་མོ་འཁོར་ལོ་རྣམ་གསུམ་གྱིས། །བརྡེག་ཅིང་མཐའ་རུ་འབྱུང་བ་དཀྲུག །དེ་ནས་ཐུན་དབབ་གསང་སྔགས་བཟླས། །མཐའ་རུ་ཐོད་པ་ཀླུ་གནས་གཏད། །ཡ་བག་ཤ་ཡ་ནག་པོར་བཤད། །ཀླུའི་འཁོར་ལོ་ནག་པོ་ལས། མཛེ་ནག་ལས་ཀྱི་འཁོར་གནད་གཅོད་གསང་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་སྡིག་པ་ནག་པོའི་ཡང་སྙིང་བཤད་པ་འདི་ཉིད་དེ། མཛེ་ཐོད་ཕོ་མོར་འཁོར་ལོ་བྲི། །སྡིག་པ་དྲུག་དང་གསང་སྔགས་བྲི། །བསད་པ་ལྡིང་བའི་ལིང་ག་ལ། །མགོ་ལུས་དྲུག་ལ་སྡིག་པ་དྲུག །སྙིང་ཁར་འཁོར་ལོ་རྩིབས་བཞི་ལ། །འབྱུང་བ་གནད་ཀྱི་ཡི་གེ་བྲི། །ཐམས་ཅད་བསད་པའི་ཡང་སྙིང་སྟེ། །བྲམ་ཟེ་ནག་པོའི་དྲག་སྔགས་བྲི། །སྔགས་གསུམ་དྲིལ་ལ་བརྡེག་པར་བྱ། །འབྱུང་བ་གནད་གཅོད་དྲག་པོའི་སྔགས། །འདི་དག་སྟོང་ཕྲག་གསུམ་དུ་བཟླས། །ནཱ་ག་ཤན་ཏི་དུན་ཏི་སིབས། ནཱ་ག་རྭ་ཛ་ནན། ནཱ་ག་མི་ར་རྦུད། ཤན་ཏི་ཤ་རུ་ཚུབས། ནག་པོ་ཨོ་ར་ལི་ག་ཤམས། ནཱ་ག་དུན་དུན་གྱེན་གྱེན། ནཱ་ག་དུ་ཡ་ཡ། ཙུབས་ཙུབདུ་ཤཆེ་གེ་མོ་ལ༷་བ༷་ར༷་ཡ༷་སྨྱུ་ར་ཡ་རྦད། ལ༷་བ༷་ར༷་ཡེ་ཆེ་གེ་མོ་རྦདཡ་རྦད་ཡ། ཡེ་ར༷་བ༷་ལ༷་ཆེ་གེ་མོརྦུད་རྦུད། སྟོང་ཕྲག་གསུམ་དུ་བཟླསཔར་བྱ། །འབྱུང་བ་སྤྱི་གཙུགསྟིང་སྟིབ་ཀྱིས། །གཟས་པའི་གནདགུ་གཅོད་པར་བཤད། །ཀླུའི་འཁོར་ལོ་ནག་པོ་གསང་བལས། སྡིག་པ་ཕུང་བྱེད་གསང་བ་གནད་གཅོད་པ་སྟེ་ལེའུ་སྟེཞེ་དྲུག་པའོ།། །།དེ་ནས་ཁྱབ་བདག་ཀླུ་ཡི་རྗེས། །ལྷོ་དཀྲུགས་དྲག་པོ་བཤད་པར་བྱ། །སྦལ པ་དཀར་ནག ལྟེ་བ་མྲ །ཨ་མུ་ཀ་ཡི་གཟུགས་བྲིས་ལ། །སྙིང་ཁར་འབྱུང་བའི་ཡི་གེ་སྟེ། །དེ་མཐའ་བསད པའི་ཡངསྙིངངོ་། །སྲོག གི་སྙིང་པོདྲིལ ལ་བརྡེག །མཐའ་རུ་ཞགས་གསུམ་འབྱུངབདཀྲུགས། །དེཡིས་ལུས་སྲོག་འབྱེད་པར་བཤད། །དེ་དག་གསང་སྔགས་འདི་དག་སྟེ། །ཨ་ཤམ་ནགཔོཏི་པ་ཙ། ནཱ་གྭ་ཀྲོ་དྷིཤཱ་རི་ཏི་ཤམ་མྱགས་མྱགས། ཆེ་གེམོ་ལ་ཁ༷་ར༷་ཡ༷་ནག་པོ་བ༷་ཙི་ཙིརྒྱས་ཏྲ་ཐུར་སྙིང་འགུལ་མྱགས་མྱགས། ལ༷་ཁ༷ ར༷ ཡ༷་རྩ་བཞི་སྐུམ་ཤནཤན། ཡ༷ ར༷་ཁ༷་ལ༷་སྲོག་ལ་ཤན་ཐུར་སོདརྦད་ཡ་རྦད་ཡ། འདི་དག་གནད་གཅོདསོ་རིཏེ། །ཧལ་ནག་པོ་ཙ་མ་རི། །འབར་བག་དུགཔའི་སྐྲུགྲིར་བཤད། །ཀླུ་ཡི་འཁོར་ལོ་ནག་པོ་ལས། འབྱུང་བ་དཀྲུག་པ་གསང་བའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཀླུ་ཡི་ཁྱབ་བདག་གིས། །འབྱུངབཐུན་དུ་དབབ་པའི་ལས་ངེས་པར་བཤད་པ་འདི་དགགོ །ཁྲག་དུགཕུར་བའིཐུན་བཅས་ལ། །ཀླུ་ཡི་ཐུན་སྔགས་རིལ་མོ་ལ། །འབྱུང་བ་ལས་ཀྱི་ཐུན་འདི་གདེགས། །ལམ་ཆེ་གེ་མོ་མུ་ར་ཡ་ཐུན་སྨྱོ་ལ༷་རྦད་ཐུམ་རི་ལི་ལི་སྨྱོ། ཁ༷་ཆེ་གེ་མོ་བཱ་ར་ཡ་ཐུན་སྨྱོ་ཁ༷་རྦད་ཐུམ་རི་ལི་ལི་སྨྱོ། ར༷་ཆེ་གེ་མོ་བཱ་ར་ཡ་ཐུན་སྣྲོ་ར༷་རྦད་ཐུམ་རི་ལི་ལི་སྨྱོ། ཡ༷་ཆེ་གེ་མོ་མྱ་ར་ཐུན་སྨྱོ་ཡ༷་རྦད་ཐུམ་རི་ལི་ལི་སྨྱོ། ཡ༷་ར༷་ཁ༷་ལ༷་ཆེ་གེ་མོ་མྱ་ར་ཡ་རྦད་ཡ། ལ༷་ཁ༷་ར༷་ཡ༷་མ་ར་ཐུན་སྨྱོ་ཡ། དགྲ་བོ་ཐུན་གྱིས་བརྡེག་པར་བྱ་སྟེ། །གཟས་པའི་རྒྱུ་ལ་ལིང་ཀ་བྱ། །སྙིང་ཁར་འབྱུང་བའི་འཁོར་ལོ་བཅའ། །དེ་ལ་ལས་ཀྱི་ཐུན་དབབ་བྱ། །འདི་དག་འབྱུང་པོ་དཀྲུག་པ་དང་། །གནམ་འགྲེང་སྤྱི་ཚར་གསད་པ་སྟེ། །འབྱུང་བ་ལས་ཀྱི་ཐུན་དུ་གསད། །ཀླུའི་འཁོར་ལོ་ནག་པོ་གསང་བ་ལས། འབྱུང་བ་ལས་ཀྱི་ཐུན་དབབ་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཁྱབ་བདག་ཡེ་ཤེས་ཁྱོད། །ཀླུ་ཡི་འཁོར་ལོ་ནག་པོ་འདིར། །རྒྱུད་ཅེས་པ་ནི་གང་ལ་བགྱི། །འཁོར་ལོ་ཞེས་པ་ཇི་ལྟ་བུ། །ཀླུ་ཡི་ངོ་བོ་དེ་ཉིད་གང་། །ཞེས་གསོལ་པས། ཡེ་ཤེས་ཆེན་པོས་ངེས་བཤད་དོ། །རྒྱུ་ཅེས་བྱ་བ་གསུམ་དུ་རིག །གཞི་དང་ཐབས་དང་འབྲས་བུའོ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་དང་འཕྲིན་ལས་ཕྱག་རྒྱ་སྔགས། །དེ་མཚོན་འབྲེལ་པ་རྒྱུན་མ་ཆད། །རྒྱུད་ཀྱི་ངོ་བོ་རྒྱུན་ཅེས་བྱ། །འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །གནས་པ་རང་རྒྱུད་འཁོར་ལོ་དང་། །རྟེན་འབྲེལ་སྲིད་པའི་འཁོར་ལོ་དང་། །ལས་རྣམས་གྲུབ་པའི་འཁོར་ལོའོ། །རང་རྒྱུད་འཁོར་ལོ་རྣམ་པ་ལྔ། །སྤྱི་བོ་བདེ་ཆེན་འཁོར་ལོ་དང་། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང་། །སྙིང་ཁ་ཆོས་ཀྱི་འཁོར་ལོ་དང་། །ལྟེ་བ་སྤྲུལ་པའི་འཁོར་ལོ་དང་། །གསང་བ་སྐྱེ་གནས་འཁོར་ལོ་དང་། །གསང་བའི་འཁོར་ལོ་སེམས་ཉིད་དེ། །སེམས་ལས་སེམས་བྱུང་ཆོས་ཀྱི་སྐུ། །རྟེན་འབྲེལ་སྲིད་པའི་འཁོར་ལོ་དང་། །ལོ་ཟླ་དུས་ཚོད་ཕྱོགས་རྣམས་ནི། །བསྐལ་པ་མང་པོར་འཁོར་ཞིང་འཕྲོ། །འཁོར་བ་ཐོག་མཐའ་དབུས་མེད་པར། །མགལ་མེ་འཁོར་ལོ་ལྟ་བུ་ཅན། །ཆུ་དང་ཤིང་རྟ་ཟོ་ཆུ་ལྟར། །འཁོར་བ་འཁོར་ལོ་དག་ཏུ་བརྗོད། །ལས་རྣམས་གྲུབ་པའི་འཁོར་ལོ་དག །བསྙེན་པ་གནས་འཀྱུར་ལྷ་ཡི་འཁོར་ལོ་དང་། །དངས་སྙིགས་འབྱེད་པ་སྔགས་ཀྱི་འཁོར་ལོ་དང་། །སྦྱོར་བ་བརྟེན་པ་རྫས་ཀྱི་འཁོར་ལོར་བཤད། །བསྙེན་པ་རང་གནས་ལྷ་གསལ་ཞིང་། །སེམས་དཔའི་འཁོར་ལོ་བསྟན་པ་ལ། །སྤྲོ་བསྡུ་བྱ་བ་གང་བྱེད་དེའོ། །སྔགས་ནི་བྱ་བ་ཡན་ལག་སྟེ། །སོ་དང་སྒྱུགས་དང་བཅུན་པ་གསུམ། །ཏིང་འཛིན་རིམ་པས་དམིགས་པ་འཇོམས། ཁྲེས་སྐྱོབ་སྨིན་བྱེད་ལས་གྲུབ་པ། །སྔགས་ཀྱི་འཁོར་ལོ་ཡིན་པ་སྟེ། །སྒྲུབ་དང་སྤོབས་པའི་གནད་གཅོད་གསུམ། །སྔགས་ཀྱི་ལས་སྒྲུབ་བྱེད་པའོ། །སྦྱོར་བ་རྟེན་བྱེད་འཁོར་ལོ་དག །སྟོང་ཕྲག་བརྒྱ་རུ་བཤད་པ་ལས། ཁྱབ་བདག་ཡེ་ཤེས་བཤད་པ་ནི། །ལྦལ་པ་ལྟོ་སྦྱར་དགྲ་གཟུགས་ལ། །སྔགས་ཀྱི་འཁོར་ལོ་དྲག་པོ་བསྐོར། །ཞི་དྲག་རྫས་ཀྱིས་ལས་མཐའ་བརྟུལ། །གནད་གཅོད་འབྱུང་བའི་འཁྲུལ་འཁོར་དཀྲུག །འཆི་བདག་སྐུ་ཡི་སྒྲུབ་པ་ཡིན། །ཕྱི་ནང་གསང་བའི་རྫས་བསགས་ནས། །ག་་ཁྲམ་འཁོར་ལོ་ཐུན་རྫོགས་ནས། །མཛེ་ནག་ལས་ཀྱི་འཁོར་ལོ་སྟེ། ཁྲ་མ་ཏ་ཡིས་འཇིག་རྟེན་གྱིས། །མཚོན་ཆ་འཁོར་ལོ་ལྟ་བུ་ནི། །རྒྱུ་དང་རྐྱེན་གྱིས་འཁོར་བ་སྟེ། །འཆི་བདག་ཐུགས་ཀྱི་བསྒྲུབ་པར་བཤད། །མཛེ་ཐུན་མཛེ་ཟོར་ཡང་སྙིང་དང་། །འཁོར་ལོ་གསད་པའི་ལས་དག་ཀྱང་། །ཐུགས་ཀྱི་འཕྲེང་བར་དེ་ཉིད་བཤད། །མཛེ་ཐོད་ཕོ་མོར་འཁྲུལ་འཁོར་བཅས། །མཐའ་རུ་བསད་དང་འབྱུང་བ་དཀྲུག །སྡིག་པ་ཕུང་ཤིགས་འཁོར་ལོ་སྟེ། །འཆི་བདག་འཕྲིན་ལས་འཁོར་ལོ་བཤད། །སྦྲུལ་ནག་འཁྱིལ་པ་གསང་བ་སྟེ། །དུག་སྦྲུལ་འཁྱིལ་པ་རྭ་ཅན་ཏེ། །བསད་པ་གསུང་གི་འཁོར་ལོར་བཤད། །ཀླུ་བདུད་ཅིག་པ་ཞེས་བྱ་བ། །སྲོག་གི་ག་འུ་ནག་པོ་སྟེ། །ས་བདག་སྲོག་གི་འཁོར་ལོར་བཤད། །མཉེས་མཆོད་ལས་ཀྱི་དམ་ཤི་རྦད། །ཕག་མིག་ལྔ་ཡི་བསྒྲུབ་པ་ནི། །ས་བདག་གཉན་སྲོག་འཁོར་ལོར་བཤད། །དུར་ཁྲོད་རས་ལ་འཆི་བདག་གཟུགས། །ཉི་མ་བཞི་དང་མནན་སྔགས་བཞི། །ཉིན་མགོ་བསྣོལ་མར་གསད་པ་ནི། །འཆིབདགགཤིནརྗེའིའཁོར་ལོ་བཤད། །ཡན་ལག་འཁོར་ལོ་ལས་འདིར་བཤད། །དཀར་ནག་སྦལ་པའི་ཙཀྲ་ནི། །ཟ་བྱེད་ནག་པོའི་འཁོར་ལོ་ཡིན། །ཐོད་པ་གཤག་ཅིང་དགྲ་གཤེད་མིང་། །བསྡེབ་པ་ཤན་པ་ནག་པོ་ཡིན། །རྟེན་ལ་དུག་ནད་གཟུགས་བསྐོར་བ། །ཀླུ་མོ་ནག་མོའི་འཁོར་ལོ་བཤད། །དེ་དག་ཡན་ལག་འཁོར་ལེའོ། །སྤོགས་པའི་འཁོར་ལོ་འདི་དག་སྟེ། །ལྔ་ཕུང་ཡན་ལག་བཅས་པ་ལ། །ལྟོ་བ་བརྒྱད་དམ་ལིང་ག་བདུན། །སྐྲུ་གྲི་ནང་འཐབ་བྱུང་བའམ། །ཕ་གོ་ཆེན་པོ་བསད་པ་སྟེ། །བདུན་སྦག་ཐུགས་ཀྱི་འཁོར་ལོར་བཤད། །འཁོར་ལོ་རྩིབས་བཞི་དབུས་དང་ལྔ། །ཐོད་པ་ལྔ་ལ་བསྒྲུབ་པ་ནི། །མི་རིགས་ལྔ་ཡི་བསད་ཐབས་ཏེ། །ལྔ་ལིང་འཁོར་ལོ་ཞེས་སུ་བཤད། །གྲུ་གསུམ་གསུམ་ལ་ཐོད་པ་གསུམ། །ནཱ་ག་སུམ་ལིང་འཁོར་ལོར་བཤད། ཁུ་གསུམ་སྦག་མ་འབྲུབ་གནས་བཞི། །ཐོད་པ་བཞི་ལ་བསྒྲུབ་པ་ནི། །ནཱ་ག་བཞི་གླིང་འཁོར་ལོར་བཤད། །མི་ཕྱེད་མི་ཤིགས་ཆོས་ཉིད་དེ། །སྟོང་ཉིད་སྤྲོས་བྲལ་མུན་པ་སྟེ། །མཚན་མའི་རྣམ་རྟོག་མ་གྲུབ་པས། །སྟོང་པ་ཉིད་ན་གོ་ཆར་བཤད། །དུག་དང་མམ་ས་ཁྲག་དང་ཏྲི། །བཅུ་དྲུག་གཉིས་སུ་རབ་སྦྱར་བ། །ཚ་དུར་དུག་ཐབས་འཁོར་ལོ་ནི། །ཅིས་ཀྱང་མི་ཤིགས་འཁོར་ལོ་བཤད། །རྟེན་དང་འབྱུང་བ་སྒྲིབས་ཤིང་གགས། །བཅུད་ཕུར་བསྲུང་བའི་འཁོར་ལོ་ཡིན། །ནཱ་ག་ཡག་ཤེ་གནོད་སྦྱིན་ཏེ། །འཆི་བདག་ཉིད་དང་ནཱ་ག་བརྒྱད། །ལོངས་སྤྱོད་སྤེལ་བའི་འཁོར་ལོ་ཡིན། །ནཱ་ག་རག་ཤ་ཞེས་བྱ་བ། །བསྙེན་བསྒྲུབ་བསད་པའི་འཁོར་ལོ་སྟེ། །ལོགས་བསྲུང་བ་དང་ཛ་ཡམས་བསྲུང་། །རང་ནད་སྟོབས་ཀྱི་འཁོར་ལ་ཡིན། །ནཱ་ག་རུ་དྲ་བདུད་པོ་སྟེ། །སྐྲུ་གྲི་ནང་འཐབ་འཁོར་ལོ་ཡིན། །གཟའ་རྒོད་འཆི་བདག་ཅེས་བྱ་བ། །ལོ་འབྲས་འཇོམས་པར་བྱེད་པ་སྟེ། །སྐྱིན་ཏང་འཕྲུལ་གྱི་འཁོར་ལོ་ཡིན། །བྱད་ཀྱི་བཀའ་ཉན་ཆེན་པོ་ནི། ཁྲར་དུ་དཀར་པོ་སེམས་དཔའ་སྟེ། །མདུང་དམར་སྲོག་གི་འཁོར་ལོར་བཤད། །ལྷོ་རུ་སྔོན་པོ་མཇུག་རིངས་ཏེ། །མགོ་ད་ནག་པོའི་ལག་པ་ལ། །བསྒྲུབ་པ་སྐྲུ་གྲི་སོ་རྒལ་ཏེ། །ཟ་བྱེད་སྲིན་པོའི་འཁོར་ལོར་བཤད། །ཡམ་ཤུད་དམར་པོ་ནུབ་ན་སྟེ། །མགྱོགས་ཀྱི་སྣ་འདྲེན་འཁོར་ལོ་ཡིན་། །བྱང་ན་ཤུ་བོ་ལག་རིངས་ཏེ། །ཀླུ་བཙན་ནག་པོའི་ལས་སུ་བཤད། །བཀའ་ཉན་དྲིལ་ཏེ་སྔགས་གདགས་པ། །ས་བདག་ཀླུ་གཉན་མང་པོ་ཡིས། །དམག་དཔུང་འབེབས་པའི་འཁོར་ལོར་བཤད། །འབྱུང་བའི་ཐུན་དང་དཀྲུག་པ་དང་། །སྤྱི་ཚར་བསད་དང་གནམ་སྦྲེང་དང་། །འབྱུང་བ་སྙིང་སྟིབས་བསད་པ་ནི། །མ་གྲུབ་སྤོགས་པ་ཞེས་བྱ་སྟེ། །མ་གྲུབ་སྤོགས་པའི་འཁོར་ལོར་བཤད། །འཁོར་ལོ་མཚོན་པའི་རྒྱལ་པོ་སྟེ། །གཅོད་པ་འཁོར་ལོ་ཞེས་བཤད་དོ། །ཀླུ་ཡི་ངོ་བོ་གང་ཡིན་པ། །གཉེན་པོ་དང་ནི་ལས་མཁན་ནོ། །གཉེན་པོ་ཆོས་ཀྱི་དབྱིངས་དང་ནི། །རིག་པའི་ཡེ་ཤེས་གཉིས་མེད་པ། །སྦྲུལ་ནག་ཆེན་པོའི་སྐུར་ཤར་བ། ཁྱབ་བདག་ཡེ་ཤེས་ཏི་པ་ཙ། །རོལ་པའི་ཕྱག་རྒྱར་ཤར་བའོ། །དོན་དམ་སྤྲོས་མེད་སྤྲོས་བྲལ་ཉིད། །ལས་མཁན་དྲེགས་པའི་འཆི་བདག་ཀླུ། །རྒྱ་མཚོའི་གཏིང་ན་རབ་ཏུ་གནས། །ལས་ཀྱི་རྣམ་སྨིན་དྲག་པོའི་རྒྱུས། །ལས་ཀྱི་སྲིན་པོར་སྐྱེས་པ་ཡིན། །དུག་ལྔའི་རང་བཞིན་ཀླུ་བདག་ལྔ། །ཏི་པ་ཙ་ཡ་ཞེས་བྱ་བ། །ཀླུ་ཡི་དེད་དཔོན་ནཱ་ག་ཡིན། །བྱེ་བ་དགུ་ཁྲི་ཞེས་བྱ་བ། །གཤིན་རྗེའི་དེད་དཔོན་ནཱ་ག་ཡིན། །ཧ་ནུ་པ་ཤ་ཞེས་བྱ་བ། །བདུད་ཀྱི་དེད་དཔོན་ནཱ་ག་ཡིན། །རལ་པ་ཚར་དགུ་ཞེས་བྱ་བ། །འཆི་བདག་དེད་དཔོན་ནཱ་ག་ཡིན། །ཡག་ཤ་མགོ་དགུ་ཞེས་བྱ་བ། །སྲིན་པོའི་དེད་དཔོན་ནཱ་ག་ཡིན། །གཟའ་རྒོད་ནག་པོ་ནཱ་ག་ཡིན། །ཚངས་པ་ཤི་ལ་རལ་པ་ཅན། །སྲིད་པའི་དེད་དཔོན་ནཱ་ག་ཡིན། །གཤིན་བུ་རྗེའམ་འཆི་བའི་བདག །ནག་པོ་ཆེན་པོ་ཀླུ་བདག་ཉིད། །སྐུ་གཅིག་སྤྲུལ་པ་དུ་མར་འགྱུར། །རིགས་ཀྱི་གཙོ་བོ་ཞེས་གྲགས་སོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་རྫོགས་པ་ལསརྒྱུད་དང་འཁོར་ལོ་བསྟན་པ་ལས། །ཀླུའི་རང་བཞིན་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་དེའི་ཚེ་དེའི་དུས་ན། །ཀླུ་ཡི་ཁྱབ་བདག་ཡེ་ཤེས་ཆེན་པོས་འདི་དག་བརྗོད་དོ། །ཨ་མ་ཡང་གསང་རྣལ་འབྱོར་རྒྱུད། །ཕུང་ཤིགས་གདུག་པ་དུག་གི་རྒྱུད། །ཟ་བྱེད་ཤན་པ་སྲོག་གི་རྒྱུད། །འཁྲུལ་འཁོར་མཛེ་ནག་ལས་ཀྱི་རྒྱུད། །ས་བདག་སྲོག་གི་ཏན་ཏྲ་སྟེ། །འབུམ་སྡེ་ཡང་སྙིང་བཀོད་པའི་རྒྱུད། །ཀླུ་རྒྱུད་འབུམ་གྱི་ཏི་ཀ་འདི།ཁྱབ་བདག་ཀླུ་ཡི་རིགས་ཀྱི་གཙོ། །འཇམ་དཔལ་ཡེ་ཤེས་བདག་པོས་བཤད། །སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཀླུ་ཡི་སྦྱོར་བ་དུ་མ་ཡིས། །བཅའ་གཞི་སྣ་ཚོགས་ལས་རྒྱུད་འདི། །ལྷ་ཀླུ་དྲེགས་པ་གནོད་སྤྱིན་དང་། །མ་མོག་དོན་དྲག་མཁའ་འགྲོ་མ། །སྲིན་པོ་ལྷོ་འཕྱེ་མིའམ་ཅི། །འདས་དང་མ་འདས་འཁོར་གྱི་ཚོགས། །གཤིན་རྗེ་གཤེད་ཀྱི་དགེ་འདུན་ཏེ། །མཐའ་ཡས་དྲེགས་པ་ཁྲི་དྲུག་སྟོང་། །དུ་མ་འཁོར་དང་བཅས་པ་ཡིས། །གསང་བའི་བཀའ་རྒྱུད་རོལ་པ་ལ། །བསྲུང་དང་རྗེས་སུ་འབྲེང་བ་སྟེ། །སྲོག་གི་དྲ་བ་བཟུང་བར་མཛོད། །རྣལ་འབྱོར་བསྒྲུབ་པའི་ལས་རྣམས་བསྒྲུབས། །ང་ནི་དམ་ལས་མི་འདའ་སྟེ། །དམ་ཚིག་བསྲུང་ན་ཐུགས་བརྩེའོ། ཁྱེད་ཀྱང་དམ་ལས་མ་འདའ་སྲུངས། །རྣལ་འབྱོར་བསྒྲུབ་པའི་ལས་ཀྱིས་ཤིག །ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །ཀླུའི་འཁོར་ལོ་ནག་པོ་འཕྲིན་ལས་ཐམས་ཅད་རྫོགས་པ་ལས། རྒྱུད་གཏད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་འཁོར་མང་པོ་རབ་ཏུ་དགེས་ནས། མཆོད་པ་སྣ་ཚོགས་པ་དང་བཅས་ཏེ་བརྗོད་པ། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །མི་རྟོག་ཡེ་ཤེས་བདག་ཉིད་དེ། །གཏི་མུག་འཇོམས་མཛད་ཏི་པ་ཙ། །རིག་པའི་རྒྱལ་པོ་བདག་ཉིད་ཆེ། །ཞེ་སྡང་འཇོམས་མཛད་ཏི་པ་ཙ། །མཉམ་པའི་ཡེ་ཤེས་བདག་ཉིད་ཆེ། །ང་རྒྱལ་འཇོམས་མཛད་ཏི་པ་ཙ། །སྣ་ཚོགས་ཡེ་ཤེས་བདག་ཉིད་ཆེ། །འདོད་ཆགས་༄༅ འཇོམས་མཛད་ཏི་པ་ཙ། །ལྷུན་གྲུབ་ཡེ་ཤེས་བདག་ཉིད་ཆེ། །ཕྲག་དོག་འཇོམས་མཛད་ཏི་པ་ཙ། ཁྱབ་བདག་ཡེ་ཤེས་ཕྱག་འཚལ་བསྟོད། །སྣ་ཚོགས་འདུལ་བའི་དེད་དཔོན་ཆེ། །ང་བདག་རིག་པའི་རྒྱལ་པོ་ཆེ། །དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་དོ། །བསྟོད་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།འབུམ་སྡེ་ཀླུའི་རིགས་ལས་སྤྲོས་པའི་ལས་རྒྱུད་འཁོར་ལོ་ནག་པོ་འདི། །རབ་ཏུ་འཁྲུག་ཅིང་རྒྱ་མཚོ་དྭངས་པར་ལྡན་པ་ཡི་གནས། །ཆོ་འཕྲུལ་ཆེ་དང་ལྡན་པ་ཀླུ་ཡི་ཁྱབ་བདག་གིས། །འཁོར་ལ་ངེས་པར་བཤད་པ་འབུམ་གྱི་ཏི་ཀ་འདི། །གཏད་ཁྲམ་ལས་ཀྱི་མཐར་ཐུག་ཀླུ་ཡི་གསང་རྒྱུད་འདི། །ངེས་པར་དེ་སྐད་ཁྱབ་བདག་ཡེ་ཤེས་ཀྱིས། །བཤད་པའི་ལུང་ཉིད་མཁའ་འགྲོ་བདག་ལ་བསྟན། །བདག་གིས་མྱུར་དུ་ཉེ་བར་བློ་ལ་བླངས། །ཕྱི་རབས་རྣམས་ཀྱི་དོན་དུ་ཀར་ཆག་བྲིས། །བསྟན་པའི་བཙས་སུ་སེམས་ལ་རྒྱས་ཐོབ་ལ། །སྙིང་པོ་སྲོག་བཞིན་འཕངས་པར་གྱིས། །ཅེས་གསུངས་སོ། །ཀླུ་བདུད་ལས་སྣ་ཚོགས་པ་རྒྱ་གར་གྱི་མཁན་པོ་ཀླུའི་ཉེ་བས་མཁའ་འགྲོ་མས་ལུང་བསྟན་པ་ཐུགས་ལ་བླངས་ཏེ། དཔེར་བྲིས་པ་གང་ཟག་རྣལ་འབྱོར་པ་ལ་ལུང་བསྟན་པ་ལེའུ་གྲངས་ལྔ་བཅུ་རྩ་གཉིས་པའོ།། །།ཀླུ་རྒྱུད་འབུམ་གྱི་ཏི་ཀ་ཞེས་བྱ་བ་ཀླུའི་འཁོར་ལོ་ནག་པོ་ཞེས་ཀྱང་བྱ། །འཕྲིན་ལས་སྣ་ཚོགས་པའི་རྒྱུད། མཁའ་འགྲོ་གཙུག་གི་རྒྱན་གཅིག་དང་ཀླུའི་བུ་མོ་གཟི་ལྡན་མས། །སློབ་དཔོན་ཀླུ་ཉེ་བ་ལ་ལུང་བསྟན་པ་རྫོགས་སོ།། །།འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལེའུ་བདུན་བརྒྱ་ཉི་ཤུ་རྩ་གཉིས་ལས་ཀྱི་རིམ་པ་སྟོང་ཕྲག་བརྒྱ་པ་ལས། ཀླུའི་ཁྱབ་བདག་ཡེ་ཤེས་ཀྱི་ལེའུ་ལས་ཏི་ཀར་སྤྲོས་པ། འཕྲིན་ལས་ཀྱིས་རྒྱུད་འདི་གཏད་ཁྲམ་གྱི་ཡང་སྙིང་ཡིན། ལས་ཀྱི་འཁོར་ལོ་ནག་པོ་མཁའ་འགྲོ་མས་གསུངས་པ། སློབ་དཔོན་ཀླུའི་ཉེ་བས། ཚངས་པ་ཀླུ་གནོན་གྱི་ཁང་པར་ལན་ཅིག་བརྗོད་པས་ཐུགས་ལ་ཟིན་ནས། ལེ་གྲངས་སུ་ཕྱེ་ནས་ཡི་གེར་བཏབ་བོ། །དེ་ནས་རྒྱ་ནག་པོའི་མཐིལ་ན་ཧ་ཤང་གི་གུ་རུ་མཧྭ་ཡ་དྷ་ཞེས་བྱ་བ་ལ་ལུང་བསྟན་ཏོ། །དེས་ཨོ།་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་ལུང་བསྟན་ནོ། །དེས་རྒྱ་གར་གྱི་གཙུག་ལག་དཔལ་དགེ་ལ་བརྒྱུད་དོ། །དེས་བལ་པའི་རྒྱལ་པོ་བ་སུ་དྷ་ར་ལ་བརྒྱུད་དོ། །དེས་བདག་སྣུབས་སངས་རྒྱས་ལ་དགམས་པ་ཡིན་ཏེ། །འདི་ཡི་དཔེ་ཕྱི་མོ་རྒྱ་ནག་པོ་དང་རྒྱ་དཀར་པོ་དང་།བོད་ཡིག་གསུམ་དུ་སྤེལ་བ་ཅིག་གཡུང་ཕུ་ན་གུད་ན་སྦས་ནས་ཡོད་དོ། །འདི་ནི་དཔེ་བུངས་ཆུང་བར་བྱས་པ་ཡིན། འདི་ལ་སྒྲོན་མ་དང་དཔེ་ཆུང་མེན་པ་མེད། གསང་བའི་བསྒྲུབ་ཐབས་རྣམས་ནི། རྩ་བའི་ཡི་གེར་བཀོད་པའི་མཛེ་ནག་ལ་སོགས་པ་དང་བསྡེབ་བོ། །དྲག་པོ་རང་གནད་ཡིན། སླད་མ་རྒྱུད་མའི་ལེའུ་བསྡེབས་ལ་བསྒྲུབ་བོ། །རྒྱ་མཚོ་དུ་རི་དང་ཡང་བསྟུན། བྱོལ་སོང་གླང་མགོ་ཅན་དང་། རྟོག་པ་བསྡུས་པ་དང་། འཁོར་ལོ་ནག་པོ་རྩ་བ་དང་།དེ་ཀུན་ཁ་ཕར་བསྐང་ཚུར་བསྐང་བྱའོ། །རོ་མ་ཁྲམ་འདེབས་ཀུན་ལ་ཁ་སྟོན་ཙམ་ཡིན། །དུག་རི་རྒྱུད་དང་། ཏི་ཀ་འདི་གཉིས་ཤིན་དུ་ཟབ་པ་ཡིན། ལས་གང་ལའང་ཚ་ཐུར་གྱི་འཁོར་ལོ་དང་། བཅུད་དང་གགས་ཚོ་ཁྱབ་བ་གཅེས། ཀླུའི་སྡོམ་རྒྱ་ནག་པོ། ཁ་ཐམ།། །།སློབ་དཔོན་ཀླུའི་ཉེས་པས་རྒྱ་ནག་པོར་བསྒྱུར་བ་ཡིན། ཆོས་འདི་རྒྱ་ནག་པོར་དར་བ་ཡིན། །ཀླུའི་ཉེ་བའི་སློབ་དཔོན་ལྷའི་བླ་བྱ་བ་བརྒྱུད་པའི་ལུགས་ནི་མུ་སྟེགས་ཡིན་ཟེར་ཏེ། བཀའ་ལོག་པར་བརྒྱུད་པ་ཡིན་པར་གསུངས་སོ། །རྒྱུད་འདིའི་ཁོང་སྙིང་རྩ་བའི་སྒྲུབ་ཐབས་དྲུག་ལས། ཁྱད་པར་སྦལ་ནག་ལྟོ་སྦྱོར། མཛེ་ནག་ལས་ཀྱི་འཁོར་ལོ། སྡིག་པ་ཕུང་གཤིག །མཛེ་ཟོར་སྦྲུལ་ནག་བཞི་ཡིན་གསུང་ངོ་། །དེ་བཞིའི་སྙིང་པོ་ནི་སློབ་དཔོན་འཇམ་དཔལ་མཛེ་ནག་ལས་ཀྱི་འཁོར་ལོ་ཡིན་ཟེར། པདྨ་སྡིག་པ་ཕུང་གཤིག་ལ་འདོད།ཤིརྙ༷་གརྦ་སྦལ་ནག་ལ་འདོད། མཛེ་ནག་ལས་ཀྱི་འཁོར་ལོ་ལ་བླ་མ་བརྒྱུད་པའི་གདམས་པ་ཞལ་ཁྲིགས་སུ་བྱས་པ་འདི་ཁོ་ན་གཅེས་སོ། །དེ་མེད་ན་ལས་ཀྱི་བྱ་བ་ཤེས་པ་མེན། ལར་ན་གཞན་ལ་གདམས་ཁྲིགས་མི་དགོས་སོ། ཁུད་དང་སྒྲུབ་ཐབས་སོ་སོར་ཐེམས་པར་རྟོགས་ལ་ལག་ཏུ་ལོང་། བདག་གི་བསྟན་པ་བསྲུང་བའི་ཡང་གསང་མ་བུ་འདི། ལྔ་བརྒྱ་ཉེ་བའི་དུས་སུ། བོངས་ཆུང་ཤ་སེར་སྐྲ་ལ༷་སྨེ་བའི་ག་ཤ་ཅན། དུང་སོ་འཁོར་བ་གཅིག་གིས་རྙེད་པར་ཤོག །ས་མ་ཡ། ས་ཏ་མ་ཏ་ཐ་ཏ། རྒྱ་རྒྱ་རྒྱ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་སོག་