Ngb-pt-0920-vol-10-text
Front
Body
་་། །རྒྱ་གར་སྐད་དུ། ནཱ་ག་ཀྭ་ལ་ཙཀྲ་ཏན་ཏྲ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོའི་རྒྱུད། བཅོམ་ལྡན་འདས་ཀླུའི་ཁྱབ་བདག་འཇམ་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་གི་ངང་ང་ང་ངསྐྱེམེངང་ཞེཆེ་འིདག་ ས་ཐས་པའ་དུས་གཅག་ན། །བཅམ་ལྡན་འདས་ཀླུའ་བདག་པ་འཇམ་དཔལ་ཉད། །ཆས་ཉད་ ་བ་ ད་པའ་ངང་ལས། ཀླུ་ཐམས་ཅད་ཀྱ་བདག་པ་ ་སྡང་ ན་པ ་སྐུར་ཞེཏེངངངཚོཆེན་ངང་ཆེངངང་ཇིརྟེངངས་ ། རང་བཞན་ལྷུན་གྱས་གྲུབ་པའ་གནས། རྒྱ་མ ་ ་པ་རབ་ཏུ་གཏང་འཁྲུགས་པ། རན་པ་ འ་ར་རབ་འབར་བའ་གནས་མཆག་ན། འ ག་ ན་གྱ་ཀླུ་གཉན། ས་དག །ཀླུ་བཙན་དང་། ཀླུ་བདུད་དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་མནན་ནས་སྲོག་གི་སྙིང་པོ་ཐམས་ཅད་ཐུགས་རྗེ་ཡེ་ཤེས་ཀྱི་ག་འུར་སྡུད་ཅིང་ཐིམ་བར་མཛད་དོ། །དེ་ཉིད་དུ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་སྤྲུལ་པའི་ཁྲོ་བོ་འབར་བས་གསོལ་པ། ཡེ་ཤེས་ཆེན་པོ་ཀླུ་ཡི་ཁྱབ་བདག་གཙོ། །ཀླུ་ཆེན་རྣམས་ཀྱི་གནས་དང་ནི། ཁྱོན་དུ་རྫོགས་པ་གང་ལགས་པ། །ཡེ་ཤེས་ཆེན་པོས་བཤད་པར་མོད། །ང་ནི་ཀླུ་ཡི་འཇམ་དཔལ་ཏེ། །ཀླུ་བདུད་ནག་པོ་མགོ་དགུ་པ། །དེ་ནི་ཀླུ་ཡི་བདག་པོ་ཡི། །རིན་ཆེན་རི་རབ་ལྟེ་བ་སྟེ། །དེ་ལ་གླིང་བཞི་རྩིབས་བཞིའོ། །ལུས་འཕགས་གླིང་རྩོགས་རེ་རེ་ལ། །བཞི་བཞི་བཅུ་དྲུག་ཕྱེ་བ་ནི། །ཀླུ་ཆེན་རྣམས་ཀྱི་གནས་སུ་བཤད། །འཁོར་ལོའི་རྩིབས་དང་ལྟེ་བ་ནི། །ཤར་རྩིབས་རྒྱལ་པོ་དབུ་གུ་གདོང་། །རིགས་གསུམ་འཁོར་ནི་ས་བཅུ་སོགས། །དམར་སེར་ལ་སོགས་ཤེས་པར་བྱ། །ཡང་ན་ཉམས་སུ་གཅིག་དག་ལོང་། །པཟློ་ཁ་བྱེ་འཇིགས་ལས་དཔག །ཡང་ན་ཆུ་ལ་སེམས་ལྟ་རྩོགས། །རྡོ་རྗེ་ཅན་གྱིས་ཤེས་པར་བྱ། ཁྲར་དུ་རྭ་ཛ་ཝ་གདོང་ཅན། །ལྷོར་ནི་བྲམ་ཟེ་བོང་གདོང་ཅན། །ནུབ་ཏུ་རྗེ་རིགས་ཁྱི་གདོང་ཅན། །བྱང་དུ་དམངས་རིགས་བྱ་རོག་གདོང་། །བཅུ་དྲུག་རྩིབས་ནི་དེ་བཞིན་ནོ། །ཟུར་འཕྱན་ལ་ནི་གདོལ་པ་སྟེ། །ཤར་ལྷོ་ནས་ནི་གཡས་རིམ་བཞིན། །མགོ་དགུ་སྟག་མགོ་གཏོང་མི་ཤེས། །ཙཀླུ་ཨེ་ཀ་གནས་པའོ། །དེ་ལ་ཀླུ་སྲིན་སྐམ་པོ་ནི། ཁྲའོ་སྐམ་པོ་ཀུན་ལ་དཔག །ཀླུ་ཡི་རྒྱལ་པོ་བྱིན་ནི་དགའ། །ས་བདག་གིས་ནི་འཐིབས་པའོ། །ནག་པོ་བཞི་ནི་ལྐུགས་པའོ། །ལྐུགས་པ་གཞན་དག་ལས་ཀྱང་དཔག །བཙོན་དང་སྨེ་དང་ཡུགས་ཆུ་ནི། ཁྲོན་པ་འབབ་ཆུའི་འགྲམ་མི་མཐོང་ མི་འབོ་མི་མཐོང་ལྐུགས་པའོ། །དེ་ནི་ཤིན་ཏུ་གདུག་པ་ཡིན། །རིགས་བཞི་བློན་པོ་རྒྱལ་པོ་ཡིན། །གཤིན་རྗེ་ནག་པོ་གཤེད་ལ་བརྟེན། །ལུས་ཀྱི་ཚད་ནི་རི་རབ་ཙམ། །འཁོར་རྣམས་ངེས་པ་མེད་མོད་ཀྱང་། །སྤྲུལ་ནས་གཞལ་ཕྱིར་གལ་ཏེ་ན། །གནས་པ་ཚེད་ལྡན་བསོད་ནམས་སྦྱར། །མིག་དང་ཁ་སྣ་སྐྱེ་གནས་རྐང་། །མིག་དང་ཅིག་དང་རེ་རེ་གཉིས། །སྙིང་དང་གཡས་གཡོན་ལག་པ་དཔག །ཚད་དེ་འདུག་པ་ཁོར་ཡུག་ལ། །དེ་བཞིན་ཡིད་འོང་ཕོ་བྲང་ཡིན། །ཕྱི་རོལ་དེ་འདྲ་མདུན་ས་ཡིན། །འབྲལ་པའི་ལམ་གྱི་ནི་རྒྱུ་སྲང་ཡིན། །ཡང་ན་མ་ངེས་དཔག་པར་བྱ། །ཇི་ལྟར་རྒྱལ་པོ་བློན་འབངས་ཀུན། ཁང་པ་སྲོགས་རྟེན་དེ་བཞིན་དུ། །རིང་རྩོགས་ཨེ་གནས་རྩ་ཟན་ཁ། །སྲོག་ཆགས་སྤྲུལ་དང་ར་རྩོགས་ཤིས། ཁ་གཅིག་མ་ངེས་ལ་སོགས་རྣམས། །རྣལ་འབྱོར་དམ་པ་མ་ཡིན་པས། །རྒྱལ་པོ་བྲམ་ཟེ་རྗེའུ་ཤིས། །གཉན་པོ་ལྡན་བས་ནག་པོ་སྐོར། །རྣལ་འབྱོར་ནུས་པ་ཆུང་བ་ན། །ར་དང་བ་རྐང་ལག་པ་དང་། །དེ་བཞིན་ཁ་ནི་ཤིས་པར་འདོད། །ཀླུ་ཡིག་གཤིན་རྗེ་ནག་པོ་སྟེ། །ཁྱོན་དུ་རྫོགས་པར་བྱ་བ་ནི། །ཀུན་གཞི་ཉོན་མོངས་ཡིད་དང་ནི། །སྒོ་ལྔ་ཡིད་ཀྱི་རྣམཤེས་རྣམས། །འཁོར་ལོ་བཞི་སྟེ་ཕྱོགས་ཀྱི་ཀླུ། །མིག་དང་རྣ་བ་སྣ་ལྕེ་མཚམས། །ཆོས་ཡུལ་འཁོར་ལོ་བཞི་ཡི་སྟེ། །བཅུ་དྲུག་དེ་ཡི་བྱེ་བྲག་ཡིན། །བྷན་དྷི་ཨ་སར་ལ་སོགས་པ། །ས་ལ་ཏ་ལ་ཆེན་པོ་ཡིན། །རུས་དང་ཤ་ཁྲག་ས་ཆུ་ཡིན། །རྒྱ་མཚོ་སྲོག་རྩ་ཆེན་པོ་བཞི། །ཆུ་བོ་བཞི་ཡིན་ཡན་ལག་དཔག །བདུད་རྩི་ཀུན་གསལ་ཀླུ་སྲིན་ཡིན། །རུས་ལྷག་ཀླུ་བདུད་ཀླུ་བཙན་གཉན། །རྩ་ཆེན་ཡུལ་ཚད་ལྐུགས་པའོ། །མི་རྣམས་ཡེ་ཡིན་རྩེ་ན་སྦྲུལ། །སོ་སེན་གཅན་གཟན་ཤེས་པར་བྱ། ཁྱོན་དུ་རྫོགས་དང་སྦྱོར་ཐབས་བསྟན། །དེ་བཞིན་ཉིད་ལས་མ་གཡོས་པར། །སྤྲུལ་པའི་འཁོར་ལོ་འདི་བསྒོམ་ཞིང་། །མྱ་ར་གསོད་པའི་ལས་བྱེད་པ། །མཛེ་སྦོས་སྨྱོ་དང་སྨ་ལྷོག་པ། །གྲི་གག་འབྲུམ་བུ་སྣ་ཚོགས་འབྱུང་། །དུས་ནི་རྩོལ་བས་ཉེས་པ་མེད། །ཀླུའི་འཁོར་ལོ་ནག་བོའི་རྒྱུད་ལས། ལེའུ་སྟེ་རྟོག་པ་དང་པོའོ།། །།དེ་ནས་ཡང་སྤྲུལ་པའི་ཁྲོ་བོས་གསོལ་པ། ཁྱབ་བདག་ཡེ་ཤེས་རྒྱལ་པོ་ཆེ། །ཆེ་བའི་ཡོན་ཏན་རྒྱས་མཛོད་ལ། །དཀྱིལ་འཁོར་ཆེན་པོ་འབྱུང་བར་འཚལ། །རང་བཞིན་མི་གནས་མཉམ་ཉིད་དང་། །མི་ཆོད་མི་ཤིག་མུན་པའི་མཆོག །དེ་ལས་གྱུར་པ་ཞེ་སྡང་ཆེ། །ཐུགས་ལས་འབྲུ་རྣམས་ཤར་བའོ། །བ༷་ལས་རྒྱ་མཚོ་ཆེན་པོར་གྱུར། །ར༷་ལས་བསྐལ་པའི་མེ་རི་འབར། །ལ༷་ལས་རིན་ཆེན་རི་རབ་འབར། །སྒྱུ༷་ལས་རིན་ཆེན་གཞལ་ཡས་ཁང་། །ཨེ་ནི་བསྐལ་བའི་རླུད་ནག་ཀློང་། །རྭ་ལས་རག་ཏ་དབང་གིས་བསྒོར། ཁ༷་ལས་ལྕགས་ཀྱི་ཁང་རོམ་འབར། །ཕ་ལས་སྦྲུལ་ནག་ཆུན་འཁོར་བརྒྱན། །སྒྱུ༷་ལས་ཡེ་ཤེས་གཞལ་ཡས་ཁང་། ཁྲར་ཕྱོགས་དངུལ་ལ་ལྷོ་ཕྱོགས་གསེར། །ནུབ་ཕྱོགས་ཟངས་ལ་བྱང་ཕྱོགས་ལྕགས། །སྦྲུལ་ནག་ཆེན་པོ་ཀ་གདུང་ལ། །དམངས་རིགས་ཀླུའི་དྲལ་ཕྱམ་གཏང་། །རུས་སྦལ་ཕོ་མོའི་སྒོ་ཐེམ་བྱས། །སྡོམ་དང་སྡིག་པའི་ཟ་ར་ཚགས། །ཆུ་སྲིན་ཉི་མའི་ཁ་བད་ཅན། བསྐལ་པ་སྦྲུལ་ནག་འཁྱིལ་པའི་ཀློང་། །ཨོ་ཕེ་ཤ་ག་དུ་སྐྱུ༷། རིག་པའི་རྒྱལ་པོ་འཆི་བདག་གཤེད། །དགུ་དགུ་ཉིས་བརྒྱ་ཕྱག་དང་ལྡན། །ཞབས་ཀྱིས་སྡོམ་སྡིག་མང་པོ་བརྫིས། །བདག་པོ་བཞི་དང་གཙོ་བོ་བརྒྱད། །རང་བཞིན་ཉིད་ཀྱི་དྲེགས་པའི་གདན། །དེ་ལ་གདུག་པའི་རིགས་བརྩེགས་ཀུན། །ཟ་ལཁབབཞིནའདུསཤིངབགྱེལ། །སེམས་དཔའ་རྡོ་རྗེ་ཞེས་བྱ་བ། །ཐུགས་ཀྱི་རྡོ་རྗེ་ཡིན་ཞེས་བཤད། །དེ་ལས་ཕྲ་མོའི་ཡིག་འབྲུ་འཕྲོ། །དེ་ཉིད་བསྟན་པར་གྱུར་པའོ། །དེ་བཞིན་ཉིད་ལས་ཁྲོ་མོ་སྟེ། །བདག་ཉིད་མྱ་ངན་འདས་པའོ། །སྐྱེ་མེད་མཁའ་འགྲོ་སྒྱུ་མ་ཡིན། །བུད་མེད་ལུས་ལ་སྦྲུལ་དུག་ནས། །ཐུགས་ལས་སྤྲུལ་པའི་སྲོག་གཤེད་གསུམ། །དུག་ལྔ་ལས་གྱུར་རིགས་ཀྱི་ལྷ། །འབྲས་བུ་མི་གནས་མྱ་ངན་འདས། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལས། ལེའུ་སྟེ་རྟོག་པ་གཉིས་པའོ།། །།དེ་ནས་ཡང་སྤྲུལ་པའི་ཁྲོ་བོས་གསོལ་པ། ཁྱབ་བདག་མཎྜལ་དེ་ལྟར་ན། །གསང་སྔགས་ངོ་བོ་གང་གངལགས། ཁེས་སྐྱོབ་སྨིན་པར་བྱེད་པ་སྟེ། །སྔགས་ནི་སྲོག་རྩ་རླུད་དུ་གྱུར། །རྩ་བའི་སྙིང་པོ་འདི་དག་དགོད། །ཨོ་ནག་པོ་ཏི་པ་ཙ་ཡ། ན་གར་ག་ཤ །ཧེ་ཁུ་ལ་ཕེ་ཤན། ཕོས་ཕོས།ཤིག་ཤིག ཆུ༷ ཆུ༷། ཧུ་ཡ་ཧུ་ཡ། སྲོག་ལ་མུ་ར་ཡ་ཛ་ཛ། སྲོག་གི་སྙིང་པོར་རིག་པར་བྱ། །ཨོ༷་ཕེ་ལ༷་ཧུ༷། སྙིང་ཡིན་པར་རིག་པར་བྱ། ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཡསྒ་ཁ་ཡ་ན་ཧུ༷་ཡ་ཧྭ༷་ཡ། དྲི་ཛ་ཙཀྲ་ཐུམསཐུམས། རྦད་ཡ་རྦད་ཡ། འདི་དག་ཀླུ་ཡི་འཁོར་ལོ་ཡིས། །བསད་པའི་མཚོན་ཆ་འཁོར་ལོ་ཡིན། །ཨོ་ནག་པོ་ཏི་པ་ཙ་ལྭ། ཛ་ལ་པ་རི་ཙ། པ་ལ་དུ་ཤན། མྱ་ར་ཡ་རྦད་ཡ༷་ཡ༷། མཛེ་ནག་ལས་ཀྱི་འཁོར་ལོ་སྟེ། །བསད་པའི་སྔགས་སུ་ཤེས་པར་བྱ། ཨོ་ནག་པོ་ཏི་པ་ཙ་ཡ་སརྦ་རྭ་པ་ཙ་ལ་བེ་ཤ་ཧུ༷། གཟུགས་ཕུང་འཇོམས་པའི་གསང་སྔགས་ཏེ། གསང་སྔགས་རྒྱལ་པོ་འཁོར་ལོའི་སྔགས། །ཨོ་ཧྲི་ཏྲི་བི་ཀྲི་ཏྭ་ན་ཎ་ཧུ༷་ཕཊ། ཁ་གནོན་འཁོར་ལོ་སྟོབས་དཔག་མེད། །རང་ལ་མི་ལྡོག་ཐེབས་པའི་གགས། །ཨོ༷་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ཡག་ཤ །ཡུ་ཤན་ཏེ་ཡུ་ནཱ་ག་ཡ་ནི་ཀུ་རུ་ཙ་ཡ། ཡ༷་ཡ༷་མུ་ར་ཡ་ཛུ་ཛུ་རྦད་ཡ་རྦད་ཡ། ལྕགས་རི་མུ་ཁྱུད་ལྟ་བུ་སྟེ། །ལྕགས་ཀྱི་ཁང་རོམ་ལས་ཀྱིས་གཅོད། །ཨ་ཤ༷་ནག་པོ་ཏི་པ་ནཱ་ག་ཀྲོདྷི་ཤྭ་རི་ཏྲི་ཤ༷་རྦད། བུ་གུ་རག་ཤ་རྦད། ཏི་པ་ཙ་པ་ཙ་ཁ་ལ་བ་ཤ་ཏྲུ༷་མ་ར་ན་ཛུ་ཛུ། ཀླུ་ཡི་གཤིན་རྗེ་སྐུ་ཁྲོས་པའི། །སྙིང་པོ་སྲོག་ཏུ་བཤད་པའོ། །ནཱ་ག་དུ་ན་དུ་ན་ཧི་ལི་ཧི་ལི། འདུས་འདུས། ཀླུ་ཡི་འཁོར་རྣམས་སྡུད་པར་བྱེད། ནག་པོ་བམ་ཙི་ཙི་རྒྱས་ཏྲག་ཏུར་སྙིང་ལ་འགུལ་མྱགས་མྱགས་རྩ་བཞི་བསྐུམ། ཤན་ཤན་སྲོག་ལ་ཤན། ཐུར་སོད་སྲུཧྭ། ཡང་སྙིང་ནག་པོ་ཞེས་བྱ་བ། བསད་པའི་སྤུ་གྲི་ཡིན་པར་བཤད། ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ་ཤན་ཤན་ཀར་རྦད་ནཱ་ག་ཕོས་ཕོས། ཨེ་ཨ་ཀར་ཤ་ཡ་ནན། ཨུ་ནན་ཕེ་ལ༷་ཤག་ཤིག་དྲི་མན་མྱ་ར་ཡ་རྦད་ཨ། སྲོག་ཐུན་ནག་པོ་ཞེས་བྱ་བ། །གཤིན་རྗེ་ཡ་མ་རྭ་ཛ་སྟེ། །ཀླུ་ཡི་དུག་མདའ་ནག་པོ་ཡིན། །ཞེས་གསུངས་སོ། །དེ་ནས་ཀླུའི་ཁྱབ་བདག་ཆེན་པོས། ལས་ཀྱི་སྲོག་ཐུན་ཞེས་བྱ་བ་འདི་དག་རྡོ་རྗེ་ལས་ཐོན་ཏོ། །ནག་པོ་ཏི་པ་ཙ་ཡ་ཕེ་རག་ཤ་ཨུ་གནན། ནག་པོ་ཏི་པ་ཙ་ཡ། ཙིསྟ་ཙ་ར། ཙ་པ་ར་རུ་ཤན། ཆེ་གེ་མོ་ལ་ཡ༷། ནག་པོ་ཏི་པ་ཙ་ཡ་ཙུ་ཏ་ར༷་ཙུ་ཏ་རུ་ཀ་ལག་ཤ་ཨ་ཤན། ནག་པོ་ཏི་པ་ཙ་ཡ་ནཱ་ག་ཀྲོ་དྷི་ཤྭ་རི་ཏེ་ཤན་རྦད། ཕུ་ཤན་རྦད། ཀུ་རག་༄༅། ཁྲ་རྦད། ཏི་པ་ཙ་ཡ་ཛ་མ་ཛུ་ཁ་ཡན་ཧུ༷་་། །ནག་པོ་ཏི་པ་ཙ་ཡ་ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི་རྦད། དེ་འདྲ་བ་ཏི་རྦད། བ་རུ་ན་ཕེ་ཤན་ནཱ་ག་རྦད། ནཱ་ག་ཕེས་ཡེ་ཨ་ཀྟ་ཤ །ཕེ་ཤན་ཧུ༷་ནན། ཕེ་ལང་ཤག་ཤིག་ནིར་ཡན་མྱ་ར་ཡ་ཛ་རྦད་ཨ། སྲོག་ཐུན་རྒྱལ་པོ་ལྷ་མེན་མཚོན། །སྤུ་གྲི་ཀ་མ་ལ་ཞེས་བྱའོ། །དགྲ་བོ་དྲི་ཛ། དགྲ་བོ་ཁི་ཛ། ནིར་སྨི་རྫི་ཛུ། དགྲ་བོ་བཱ་ར་ཡ་ཛ། འབྱུང་པོ་མྱ་ར་ཡ་ཛ། ཁྲ་ཙ་ར་ཡ། ཛུ་ཧྲི། ཨུར་ཙུ་ད་ར་དུ་ནན། ཛ་ཧྲི་ཨུ་ཙུ་ད་ར་དུ་ནན། ར༷་ཡ༷་ནན། དུ་རུ་ཡ༷་ནན། ཨོ་བཛྲ་ཙན་ནན། ཁྲ༷་ཤིང་ཏེ་ཡ༷། ཙི་ཏ་བྱི་མ་ལ་ཨ་ཀར་ཤ་ཡ། ཨ་ཀར་ཤ་ཡུ། བཛྲ་བྲ་མ་ནི། ཧུ༷་ཛ་མན་ཏྲ་ཧུ༷་ཕཊ། གཤིན་རྗེ་ནག་པོའི་ཞལ་ནས་དབྱུང་། །ཟ་བྱེད་སྨོད་པའི་ཐུན་སྔགས་སོ། །ཨ་ཤན་ནག་པོ་ཏི་པ་ཙ་ཡ། ཀྲོ་དྷི་་།་རི་ཏེ་ཤན་རྦད། ཕུ་ཤུན་ཐུན་རྦད། ཀུ་ར་བ་་།་རྦད། ཏི་པ་ཙ་ཡ་ཛུ་ལ་ཛུ་ལ། དགྲ་བོ་ཙི་ཙི་ཛ་ལ་ཁ་ཡན་ཧུ༷་་།་ཆེ་གེ་མོ་ནཱ་ར་ཡ་ཛུ་ཛུ།ཀླུ་ནག་པོའི་དུག་སྔགས་སོ། །ཨོ་ནག་པོ་ཏི་པ་ཙ་ཡ། ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི། དེ་འདྲ་བ་ཏི་རྦད། བ་རུ་ན་ཕེ་ཤ་ན་ན་ག་དགྲ་བོ་རྦད། ནཱ་ག་ཕོས་ཕོས་ལྭ་ལྭ། ཨེ་ཨ་ཀར་ཤ་ཡ་ཨུ་ནན། ཕེ་ལ༷་ཤག་ཤིག་ནམ་ཡན། དགྲ་བོ་མྱ་ར་ཡ་ཛ་རྦད་ཨ། ཡུམ་ཆེན་ཀླུ་མོ་ནག་མོའི་མྱོགས་པ་ཁྲག་གི་སྔགས་སོ། །ནག་པོ་ཏྲི་རག་ཤ་དགྲ་བོའི་སྙིང་ལ་པྲ་ཤ་ཐུམ་རིལ་མྱ་ར་ཡ་ཛ། དགྲ་བོ་མ་ར་ཡ་ཁུག །བདུད་རོ་ཤ་པྲ་མ་ཡ། དགྲ་བོའི་སྙིང་ནག་པོ་པྲ་ཏྲག་ཤ་ཁུག་ཐུམ་རིལ་རྦད། ཁྲག་འཐུང་མུ་ར་ཡ་ཛ། པྲ༷་པྲ༷་ནག་པོ་ཏི་པ་ཙ་ཀྲག་ཤ་རོ་ལ་ཁུག །དགྲ་བོའི་སྙིང་ཙ་རོ་ལ་རྦད། དགྲ་བོ་མྱ་ར་ཡ་ཛ། དེ་ནི་ཀླུའི་སྲོག་གཤེད་ཀྱི་ཕུར་པས་བསད་པའི་སྔགས་སོ། །ནཱ་ག་ཧུ་ཡ་བྷ་ལིང་དུར་བ་ཆེ་གེ་མོ་ཐུན་སོད་ཟུང་ནཱ་ག་ཤིག །རོ་ལ་ཐིབ་ཐིབ། ཀླུའི་སྨོད་པ་ནག་པོའོ། །ནག་པོ་ཏི་པ་ཙ་ཡ། དགྲ་བོའི་སྙིང་ལ་མུ་ར་ཡ་ཛུ། ཀླུ་སྦྲུལ་ནག་པོ་ནཱ་ག་སྙིང་ལ་ཁྲུམ་སུ་ཡེ་ཛ། ནག་པོ་ཏི་པ་ཙ་ཡ། དགྲ་བོའི་སྙིང་ལ་ཡ། རྦད་པུ་ཡེ་ཐུམ་རིལ་ཡེ་ཛ། ནཱ་ག་རྭ་ཛ་དགྲ་བོ་དྲི་རྦད། ཤན་ཏི་རྦད། ཕྲོག་ཏི་རྦད། སྣར་མ་ཏི་རྦད། སྙིང་ལ་རིལ་རིལ་རྦད། ཤ༷་ཤ༷་རྦད་རྦད། མྱ་ར་ཡ་རྦད་རྦད། ཀླུ་བདུན་སྦྲུལ་ནག་པོའི་བསད་པའི་སྤུ་གྲི་ཁོ་ནའོ། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ་ལོས་བ། ཀྲི་སྣ། ན་ག་ས་སྟིར་ཝ་བྷ་ཧུ་ཏ། ནཱ་ག་ཏྲིས་སྣ་རག་ཤ་ཏྲི་སྨྱོ། དར་བན་ད་སྟུ་ཧུ་ཏ། ཀ་ལ་སྟིར་སརྦ་རག་ཤ་ཛ་ལ། ཆེ་གེ་མོ་ལ་སྨྱོ་སྨྱོ།ཙིསྟ་ཁུ་ཧི་ཁུ་ཧི། བན་དྷ་ཕཊ། ན་ལ་ཙིསྟ་ཛོ་ལ་ཆེ་གེ་མོ་ལ་ཡ་ཡ་ནི་སྲོག་ཏིགི་རྦད། ཆེ་གེ་མོའི་སྲོག་ཆོད་ཙིསྟ་ལོང་། །ཡན་ལག་ཆིངས་ཐུམ་རི་ལི་ལི། ནག་པོ་སྲོག་ལ་སྨྱོ། དགྲ་བོའི་ཤ་ལ་ཡ། ཁྲག་ལ་ཡུ། ས་མ་ཡ་རག་ཤ་ཐ༷་སྨྱོ། མ་ར་ཡ་ཕཊ། ས་བདག་ཀླུ་གཉན་མང་པོ་ཡིས་ལས་ཀྱི་ཐུན་ནག་དབབ་པའི་ལས། །གསང་བ་མཛེ་ཟོར་ནག་པོ་ཡིན། །ཨོ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རག་ཤ །ཡག་ཤ་ཁ་ཡན་ཧུ༷། ཡ་ཧུ༷་ཡ། སྤོ་ཛ་དྲི་ཛ།ལ༷་ཆེ་གེ་མོ་མྱ་ར་ཙཀྲ་ཐུམས་ཐུམས་ལ༷་རྦད་རྦད། རྦད་ཡ་རྦད་ཡ། ཁམ་ཆེ་གེ་མོ་མྱ་ར་ཡ་ཙཀྲ་ཐུམས་ཐུམས་ཁམ་རྦད་རྦད། རྦད་ཡ་རྦད་ཡ། ར༷་ཆེ་གེ་མོ་མུ་ར་ཡ་ཙཀྲ་ཐུམས་ཐུམས་ར༷་རྦད་རྦད། རྦད་ཡ་རྦད་ཡ། ཡ༷་ཆེ་གེ་མོ་མྱ་ར་ཡ་ཙཀྲ་ཐུམས་ཐུམས་ཡ༷་རྦད་རྦད། རྦད་ཡ་རྦད་ཡ། འཁོར་ལོ་ནག་པོའི་གནད་གཅོད་པའོ། །དྲི་ཛ་དྲི་ཛ། ལ༷་ཁ༷་ར༷་ཡེ་ཆེ་གེ་མོ་སྨྱུ་ར་ཡ་ཙཀྲ་ཐུམས་ཐུམས་ལ༷་ར༷་ཡ༷་རྦད་རྦད། རྦད་ཡ་རྦད་ཡ།གནད་གཅོད་སྤུ་གྲིརཁྱབ་བདག་བཤད། །ནཱ་ག་ཤན་ཏི་དུ༷་ཏི་སིབས། ནཱ་ག་རྭ་ཛ་ནན་ནཱ་ག་མི་ར་རྦད། ཤན་ཏི་ཚ་རུ་ཚུབས། ནག་པོ་ཨོ་ར་ལི་གཤམ། ན་ག་དུན་དུན། གྱེན་གྱེན། ནཱ་ག་དུ་ཡ་ཡ། ཙུབས་ཙུབས་ཤ །ཆེ་གེ་མོ་ལ༷་བ༷་ར༷་ཡ༷་མུ་ར་ཡ་རྦད། ལ༷ བ༷་ར༷་ཡེ་ཆེགེ་མོ་རྦད་ཡ་རྦད་ཡ། ཡ༷་ར༷་བ༷་ལ༷་ཆེ་གེ་མོ་རྦུད་རྦུད། འབྱུང་བ་སྙིང་ཏིབ་སྤྱིར་རྩུགས་ཀྱིས། །ཕུང་གཤིག་དྲག་པོ་མནན་གཅོད་ཡིན། །ཨ་ཤ༷་ནག་པོ་ཏི་པ་ཙ། ནཱ་ག་ཀྲོ་ཏི་ཤྭ་རི་ཏྲི། ཤ༷་རྦད། ཆེ་གེ་མོ་ལ༷་ཁ༷་ར༷་ཡ༷་ནག་པོ་བ༷་ཙི་ཙི་རྒྱས། ཏྲག་ཏུར་སྙིང་འགུལ་མྱགས་མྱགས་ལ༷་ཁ༷་ར༷་ཡ༷་ཆེ་གེ་མོ་རྩ་བཞི་བསྐུམ་ཤན་ཤན། ཡ༷་ར༷་ཁ༷་ལ༷་སྲོགས་ཤན་ཐུར་སོད་རྦད་ཡ་རྦད་ཡ། འབྱུང་བ་གནད་ཀྱི་ལྟོ་དཀྲུག་པ། །ལས་ཀྱི་སྦལ་ནག་ལྷོ་སྦྱོར་ཡིན། །ལ༷་ཆེ་གེ་མོ་སྨྱུ་ར་ཡ་ཐུན་སྨྱོ། ལ༷་ཆེ་གེ་མོ་བཱ་ར་ཡ་ཐུན་སྨྱོ། ལ༷་ཆེ་གེ་མོ་མྱ་ར་ཡ་ཐུན་སྨྱོ། ལ༷་རྦད་ཐུམ་རི་ལི་ལི་སྨྱོ། ཁ༷་ཆེ་གེ་མོ་མྱ་ར་ཡ་ཐུན་སྨྱོ། ཁ་རྦད་ཐུ༷་རི་ལི་ལི་སྨྱོ། ར༷་ཆེ་གེ་མོ་མུ་ར་ཡ་ཐུན་སྨྱོ། ར༷་རྦད་ཐུ༷་རིལ་ལི་ལི་སྨྱོ། ཡ༷་ཆེ་གེ་མོ་མྱ་ར་ཡ་ཐུན་སྨྱོ། ཡ༷་རྦད་ཐུ༷་རི་ལི་ལི་སྨྱོ། ཡ༷་ར༷་ཁ༷་ལ༷་ཆེ་གེ་མོ་སྨྱུ་ར་ཡ་རྦད་ཡ། ལ༷་ཁ༷་རེ་ཡ༷་བཱ་ར་ཡ་ཐུན་སྨྱོ། གནམ་འདྲེ་སྤྱི་རྩའི་བསད་པ་ཡིས། །འབྱུང་བ་ལས་ཀྱི་གནད་གཅོད་ཐུན། །ཅེས་གསུངས་སོ། །དེ་ནས་ཡང་ཀླུའི་ཁྱབ་བད༷ག་ཆེན་པོས། དྲེགས་པའི་བསད་ཁྲམས་འབར་བས་གནད་བསྐུལ་བ་འདི་དག་གསུངས་སོ། །ཡ་ནཱ་རྭ་ཛ་ནག་པོ་དགྲ་སྙིང་ལ་ཡ་ཡ། ཡ་མ་ཀྲི་སྣང་ཛ་ཐུར་དགྲ་ལ་སྨྱོ། ནཱ་ག་ཀེན་ཙེ་འདུས་འདུས་ཛ་ཐུར་དགྲ་ལ་སྨྱོ། ཨོ།་བེ་ཤེ་ཧེ་ཐུམ་ཧེ་ཐུམ་ཛ་ཐུར་དགྲ་ལ་སྨྱོ། ཀ་ལ་མུན་ཏྲི་དེ་ཆོད་དགྲ་ལ་ཡ། ཛ་ཐུར་དགྲ་ལ་སྨྱོ། ཛ་ཐུར་སྙིང་ལ་ཡ༷། བཛྲ་ས་དུ་སྙིང་ཐུར་དགྲ་ལ་ཡ༷་སྨྱོ། ཛ་ཐུར་སྙིང་ལ་ཡ༷་མ་སྙིང་ཐུར་དགྲ་ལ་སྨྱོ། དྲེགས་པ་ལས་ཀྱི་འཁོར་ལོ་སྟེ། །གསད་པ་སྤུ་གྲི་ཁོ་ནའོ། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལས། ལེའུ་སྟེ་རྟོག་པ་གསུམ་པའོ།། །།དེ་ནས་སྤྲུལ་པའི་ཁྲོ་བོས་ཁྱབ་བདག་ཡེ་ཤེས་ལ་བསྟན་པའི་དགྲ་བོ་འདུལ་བའི་ཕྱིར། བསྒྲུབ་པའི་རིམ་པ་བཤད་པར་འཚལ། །ཅེས་པས། ཀླུའི་བདག་པོས་དེ་ཉིད་བསྒྲུབ་པའི་རིམ་པ་བཤད། །ལུང་གསུམ་མདོའམ་བྲག་ཆུ་འཐབ། །བྱང་དང་བྱང་ཤར་གནས་མཆོག་སྟེ། །ཀླུ་སྲིན་གདུག་པ་གནས་པར་བསྒྲུབ། །དབྱར་གྱི་ཟླ་གསུམ་ཁྱད་པར་དུས། །རྩི་ཐོག་རྒྱས་སམ་འབྲས་བུ་སྨིན། །བསྒྲུབ་པའི་དུས་དང་ཟླ་བའོ། །གཉན་ར་གདུག་པའི་ས་དག་ལ། །དལ་རྩི་སྤོས་ལྔར་ལྡན་པ། །ཆག་ཆག་ཐིག་བཏབ་མེ་ཏོག་བརྒྱན། །ལྟེ་དབུས་མཐིང་ནག་ཨེར་གནས་པ། །དབང་གི་ཁོར་ཡུག་དམར་པོ་ཡིན། །མུ་ཁྱུད་ཟླུམ་པོ་སྦྲུལ་ཆུན་བརྒྱན། །སྔགས་ཀྱི་འཕྲེང་བའི་འཁོར་ལོའོ། །རྒྱས་པར་བསྟན་པ་བསྒོ་བཞི་སྟེ། །སྦྲུལ་ནག་འཁྱིལ་བའི་ར་བ་ལ། །སྒོ་སྐྱེས་ཆུ་སྲིན་ཕོ་མོའོ། །རུས་སྦལ་ཕོ་མོས་ཡ་སྤྱིས་ཐེམ། །རླུད་ལྷའི་ཕྱོགས་སུ་སྒོ་བསྟན་ནོ། །ཨེ་ལས་ཡང་གནས་ཁྱུད་སྐོར་སྔགས། །རིགས་བཞི་སྦྲུལ་གྱི་རྣམ་པར་ལྡན། །གྲ་མའི་ཕུར་པ་སོར་བཞི་ལ། །འཆི་བདག་ཡབ་ཡུམ་སྐུར་བསྒོམས་ཏེ། །ཨེ་ཡི་ཕོ་བྲང་དག་ཏུའོ། །སྲོག་གཤེད་ཕུར་བ་གསུམ་པོ་དེ། །དམར་པོ་དབང་གི་གནས་སུའོ། །སྒོ་བཞི་ཕྱག་བརྒྱ་རབ་ལྡན་པ། །ཤར་དུ་ཀར་རུ་དུང་ཅན་ཏེ། །ལྷོར་ནི་རྔུབ་པ་དྲིལ་བུ་འཛིན། །ནུབ་ཏུ་རུས་སྦས་རྒྱལ་མཚན་ཅན། །བྱང་ཆུབ་ཟངས་མོའི་རྨོག་ཞུ་ཅན། །ཀླུ་ཡི་བཀའ་ཉན་སྡེ་བཞི་པོ། །སྲོག་བདག་གཟའ་དང་ཡམ་ཤུད་བཙན། །སྒོ་བཞི་ཕྱག་རྒྱ་དེ་དག་དགོད། །གནག་པའི་ཕ་མེད་རྗེ་དབོན་མགོ །རབས་ཆད་མོན་ཐོད་ཛ་ལའོ། །བརྣག་པའི་རྟེན་བཅའ་དེ་བཞིན་ནོ། །རྟ་གཏོར་རྒྱུན་གཏང་གཏེར་སྦའོ། །གཏོར་མ་ཆེན་པོ་བཞི་དག་གོ །དམ་ཆེན་ཉེ་དང་དངོས་གྲུབ་དང་། །བར་ཆད་སྒྲོལ་བའི་ལས་ལ་གཟུད། །འབརབ གཤིན རྗེའིགཤེད་ལ་སྟེ། །མཁའ་འགྲོ་གཞན་དང་དེ་བཞིན་བརྟ། །ཀླུ་བརྟག་ཀླུ་དག་འཇིག་རྟེན་པ་གཞན་དག །མཆོད་དང་དམ་རྫས་བསག་པའོ། །དེ་བཞིན་ཉིད་ལས་ཡིག་འབྲུའི་སྐུ། །དེ་ལས་ཞེ་སྡང་རྡོ་རྗེའི་སྐུ། །ཐུགས་ལས་ཡི་གེ་རྣམ་འཕྲོས་པས། །གཞལ་ཡས་ཁང་པ་རྣམ་པར་བསམ ཨེ་ལས་ཁོར་ཡུག་ཙཀྲ་བཞི། །ལྷུན་པོ་ཅིག་བཞི་ལྡན་པའོ། །ཨ་མུ་ཀ་ཡི་རྫས་དྲུག་ལ། །གཟས་པའི་གཟུགས་ནི་ཚད་ལྡན་བྱ། །གསང་སྔགས་འཕྲེང་བས་རྒྱས་པོ་ཆེ། །ཡེ་ཤེས་སེམས་དཔའ་གཞུག་དང་བརྟན། །བདུན་འབུམ་ཉི་ཁྲི་གྲངས་ཀྱིས་ཏེ། །ལུས་ལ་སྟགས་རྣམས་བྱུང་བ་ན། །རྡོ་རྗེ་ལྟ་བུའི་བརྟན་པ་ཐོབ། །དྲག་སྔགས་ལས་ཀྱི་སྐྲུ་གྲི་བཙན། །གྲངས་ལས་རྟགས་ནི་གཅེས་པར་ཡང་། ཁྱབ་དག་ཡེ་ཤེས་ཀླུ་ཡིས་བཤད། །དྲོད་ཚད་ལས་ཀྱི་རིགས་པར་སྦྱར། །ཚད་ལས་རྒལ་ན་ཉེས་སྐྱོན་ཏེ། །རྣལ་འབྱོར་དམ་པས་བྱ་བ་ལས། །ཀུན་གྱིས་མ་ཡིན་ཚེ་སྲོག་འཇོམས། །གསད་པའི་ལས་སུ་བཤད་བྱ་བ། །དྲག་པོ་ཨེ་གནས་བཞི་ལྡན་པ། །གསད་ཁྲམ་ལས་སུ་ཤེས་པར་བྱ། །ཀ་ལ་མ་ནི་ཀ་ལ་པ། །ཛ་ལ་བི་ར་ནག་པོ་ཡིན། །སྲིད་པ་དྲ་བ་རང་བཞིན་གྲུབ། །ལྟག་པའི་ཕྱོགས་སུ་མཁས་པས་བརྟགས། ཁ་གདངས་པ་ནི་ཤིན་ཏུ་གསལ། །གཤིན་རྗེའི་རྒྱལ་པོ་བྲི་བརབྱ། །འོགམགཤིནརྗེའིལྟོབ་སྟེ། །ཡུམ་གྱི་གནས་སུ་བཤད་པ་ཡིན། །སྒོ་མེད་སྒོ་ང་ལྟ་བུ་སྟེ། །ལྕགས་ཀྱི་ཁང་རུམ་འབར་བ་ན། །ཡིད་ཀྱི་གཟུགས་ཅན་རྫུ་འཕྲུལལྡན། །ཀླུཡིགཤིནརྗེནགཔོ་སྟེ། །མགོ་དགུར་བཟུང་བས་འཆོར་བ་མེད། །སྨོད་སྔགས་ལྕགས་ཀྱུ་ལུ་གུ་རྒྱུད། །དགྲ་བོའི་རྣམ་ཤེས་རླུད་འདྲ་བ། །སྲོག་དང་འདྲ་སྟེ་ཆུད་གྱུར་ན། །སླར་ཡང་ཐོན་པའི་བསྐལ་མེད་དེ། །གཤིན་རྗེས་གཟུང་བས་དེ་དག་ཡིན། །འདི་ནི་གཤིན་རྗེའི་ལྕགས་ཁང་སྟེ། །བརྣག་པའི་རྒྱལ་པོ་དེ་ཉིད་ཡིན། །གང་དམིགས་བསྒྲུབ་བྱའི་སྙིང་གི་དཀྱིལ། །སྲོག་གི་རང་བཞིན་རྣམ་ཤེས་ལ། །སྲོག་འཐུན་ལས་ཀྱི་སྔགས་ཀྱིས་བསྐོར། །བསད་པ་ལྟིང་པའི་འཁོར་ལོས་གཅོད། །རྩ་གསུམ་སྲོག་གསུམ་གྲོང་ཁྱེར་གསུམ། །སྟེང་འོག་བར་གྱིས་གཅོད་པས་ན། །འཁོར་ལོ་ནག་པོ་ཞེས་སུ་གྲགས། །མཛེ་སྐྱ་རླུད་གི་འཁོར་ལོ་སྟེ། །སྟེང་འོག་འཁོར་ལོས་འབུད་དང་གཡོ། །ཚེ་བར་མར་མེ་ཡིས་བསྲེགས་ཏེ། །སྟེང་འོག་ལས་ཀྱིས་སྨིན་དང་བསྲེག །མཛེ་ནག་ལས་ཀྱི་འཁོར་ལོ་ནི། །ཐོད་མཁར་སྟེང་འོག་ལས་ཀྱིས་གཅོད། །བདུན་པ་གང་རུང་རྫོགས་པ་དང་། །ལྔ་གླིང་གསུམ་པ་བཞིར་ཡང་བཤད། །ར་དང་སྦྲུལ་སྩོགས་རིགས་ལས་དཔག །རྟགས་ཀྱི་ཚད་མ་ཁྱབ་བདག་བཤད། །གཡག་དང་ཆུ་བོ་མུན་པ་དམག །ཕྱི་རྟགས་འགྱུར་བ་ཀླུ་ཡི་རྟགས། །སྡུག་དང་མི་སྡུག་སེམས་ཅན་ཏེ། །སྣ་ཚོགས་གཟུགས་སུ་འབྱུང་བ་ཡིན། །སྦྲུལ་དང་སྡོམ་སྡིག་ཆུ་སྲིན་ས། །སྦལ་པ་ནག་པོ་གཏོར་མ་ཟ། །བེམས་དང་སྤྲི་དང་འགུལ་འཁྲིག་འཁྱུག །རྐང་འཁོལ་བ་ནི་གྲུབ་བ་ཡིན། །ཉིད་མཚན་སྔགས་བཟླས་བསྙེན་བསྒྲུབ་གློད། ཁ་ཐུན་ལས་ཀྱི་འཁོར་ལོས་གཅོད། །སྦོས་པ་དུག་ལ་མྱོས་པ་ཁྲག །གཟེར་བར་བྱེད་པ་ཕུར་པ་ཡིན། །སླར་དབྱུང་བ་ནི་མ་ཡིན་ཏེ། །གསད་པའི་སྦྱོར་བར་རིག་པ་ཡིན། ཁྲམ་གདབ་ཐོད་པར་རེ་བས་གྲིལ། །ཚོན་སྣ་ལྔ་ཡི་དྲ་བར་གཞུག །མི་ལྡོག་དྲོད་དང་ལྡན་པར་བྱའོ། །རིགས་བཞི་བརྟག་པའམ་ས་ཕྱོགས་སུ། །མཁས་པས་འཆི་བདག་ལྟོ་བར་གཏད། །གར་གཏོད་པ་ཡི་ས་ཕྱོགས་སུ། །ཡར་ལྟས་ཡ་ནི་བྱ་རའི་ས། །མར་ལྟས་པ་ནི་མདུན་ས་སྟེ། །བར་ནི་ལྐུག་ས་རྣམ་པ་གསུམ། །སྲང་དང་སྲིང་ག་སྒོ་དག་དང་། །ཕོ་བྲང་དང་ནི་མེ་ལོང་ངོ་། །གཏད་པའི་ས་བརྐོ་འཆི་བདག་བསྒོམ །གཏད་བྱ་ལམ་བསྟན་གཏད་རྗེས་གཅད། །གཏད་དམག་དྲང་བར་ཁྱབ་བདག་བཤད། །སྒྲ་དགུ་བོ་དང་མ་ངེས་བསྒྲེངས། །མང་གསོལ་བྲིད་དང་བསྐུར་ཏེ་གཏད། །གཟིར་ཏེ་ཐོག་བབས་གཏད་པ་ནི། །རྣལ་འབྱོར་དམ་པས་བྱ་བ་ལས། །ཀུན་གྱིས་བྱས་བས་རང་ཕུང་བརླག །དེ་ན་དྲོད་དང་ལྡན་པ་ཡིས། །རྣལ་འབྱོར་ལྡན་པས་ནག་པོ་བསྐོལ། །འགོར་ན་བསྐྱར་དང་དམག་དྲངས་ཏེ། །ཡང་ན་གནད་གཅོད་སྐྲུ་གྲིས་བརྡེག །ཁྱབ་བདག་ཡེ་ཤེས་རྒྱལ་པོས་བཤད། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལས། ལེའུ་སྟེ་རྟོག་པ་བཞི་པའོ།། །།དེ་ནས་ཡང་སྤྲུལ་པའི་ཁྲོ་བོ་ལ། ཀླུའི་བདག་པོས། མུ་ར་ཡའི་ལས་དག་ལ། ལས་རིམ་སྦྱོར་བ་གཞན་གང་ལགས། ཁྱབ་བདག་ཡེ་ཤེས་རྡོ་རྗེས་བཤད། །ང་ལ་ཀ་ལ་ཀ་པ་ལ། །ཕོ་ཐོད་མོ་ཐོད་སྟེང་དང་འོག །རྩིབས་དྲུག་སྡིག་པར་ལྡན་པ་ནི། །རྒྱ་སྐྱེགས་ཐང་ཁྲོམ་དུག་གིས་བྲི། །ཀླུ་ཡི་དུག་སྔགས་རིམ་པར་ལྡན། ཁ་སྒྲོར་ཚད་དང་ལྡན་པར་བྱ། །སྒོ་ཅིག་ཨེ་གནས་དབང་དང་ལྡན། །ས་ཡི་དཀྱིལ་འཁོར་དེ་དག་གོ །རྣལ་འབྱོར་གོ་ཆ་ལྡན་པ་དེས། །བོད་པ་ཀླུ་ཡི་ཡང་སྙིང་བཟླས། །བདུན་འབུམ་རྟགས་དང་ལྡན་པས་ན། །ཀླུ་ཡི་་བདག་པོས་དམིགས་པ་དགུག །དེ་ཡི་གསད་སྔགས་དེ་དག་གོ །ནཱ་ག་རྭ་ཛ་ཨ་རན་ཏ་ཤན། ནཱ་ག་སུ་ཀ་ནཱ་ག་སུ་ཀ །ཧུ༷་ཛ་ཧུ༷་ཛ། པདྨ་ནི་ཛ། ཤང་ཁ་བ་ལ་ནི་ཛ། དགྲ་བོ་དམ་པ་ནི་ཛ་ག་ལ་གེའུ་ནི་ཛ། དེ་བརྟགས་སྔོན་དུ་གྱུར་པའི་ཚེ། །ནཱ་ག་རག་ཤ་ཞེས་བྱ་བ། །བོད་དང་ཡང་སྙིང་ལྡན་བར་བཟླས། །དེ་ནས་ཁྲམ་གདབ་གཏད་བ་ཙམ། །ཀླུ་བདུད་སྡིག་པ་ནག་པོ་ལས། །དམིགས་པ་གཏད་པའི་ལས་བྱས་ནས། །འཆོར་བ་མེད་པའི་ལས་སུ་གསུངས། །གལ་ཏེ་གྲུབ་པར་མ་གྱུར་ན། །བཅོ་བརྒྱད་སྔགས་ཀྱིས་སྤྱན་དྲངས་ན། །འབྲུ་དགུས་རྣམ་ཤེས་གཟུགས་ལ་དབབ། །སོ་བཞི་སྔགས་ཀྱིས་གནད་ལ་དབབ། །སྟོང་སྔགས་དྲུག་པོས་འཕྲིན་ལས་བཅོལ། །དྲག་སྔགས་བདུན་པས་རླག་པར་བསྲེག །དེ་ཡིས་རླག་པར་ཡང་དག་བཤད། །གཞན་ཡང་ནཱ་ག་ཁྲོ་བོ་སྟེ། །རྒྱ་ཤོག་ཏ་ལ་ཀ་རི་ཀ །སྦལ་ནག་ལྟོ་སྦྱར་འཁོར་ལོ་ལ། །ཀླུ་ཡི་ཨ་མུ་ཀ་ཡི་སྔགས། །རིམ་པས་ལྡན་པས་ལྟོ་སྦྱོར་ལ། །ཨེ་གནས་དྲི་དང་ལྡན་པར་བཅའ། །ཐོག་སྙིང་བོད་རྦད་གསད་པ་གསུམ། །རིམ་གྱིས་རྫོགས་པས་དྲིལ་ལས་བརྡེག །རྟགས་བྱུང་ཡི་གེ་ཕྱིར་བསྟན་ལ། །གསད་ཁྲམ་ལས་ཀྱི་མཚོན་ཆ་དབབ། །དངོས་དང་ཡིད་དང་སྤྲུལ་པ་གསུམ། །ལས་གསུམ་རྒྱུ་བའི་དུས་དང་སྦྱར། །གདུག་པ་ནག་པོ་ལྡན་པ་ལ། །སྦལ་ནག་ཙཀྲ་ཡང་དག་གོ །གཞན་ཡང་སླུ་སྤྲུལ་ནག་པོ་ཡིས། །ལས་ཀྱི་རིམ་པ་འདི་དག་སྟེ། །དྲག་པོ་ཆུ་སྐྱེས་བཞི་ལྡན་པ། །ས་ཡི་མཎྜལ་ལ་བརྟེན་ཏེ། །སླུ་ཡི་རྒྱལ་བོའི་བསྙེན་པ་བྱ། །དེ་རྟགས་སྔོན་དུ་བྱུང་བ་ན། །མཐའ་རུ་རྫས་དབུས་བསྒྲུབ་པར་བྱ། གླ།་གསུམ་དྲག་བོའི་མཎྜལ་དུ། རྨང་སྦལ་པ་ཡི་གའུ་འམ། །ཕ་མེས་ཐོད་པ་རབ་ཡིན་ཏེ། །རབས་ཆད་མོན་དང་མུ་སུ་ར། །དག་དིག་གླེན་པ་བཀྲ་མི་ཤིས། །བཤགས་ལ་ཙཀྲ་བྲི་བའམ། །ཡང་ན་རས་སམ་ཤིང་ཤུན་ལ། །སྒྲུལ་ནག་འཁྱིལ་བའི་འཁྲུལ་འཁོར་བྲི། །ཨ་མུ་ཀ་ཡི་གཟུགས་དག་དང་། །དྲེགས་པའི་ཁྲམ་སྔགས་དུག་ཤིང་ངོ་། །བསྒྲུབ་དང་རྟགས་རྣམས་རྫོགས་པར་གཏད། །ཅེས་སྔགས་འདི་གསུངས་སོ། །ཨོཾ་ནག་པོ་ཏ་པ་ཙ་ཡ་ནཱ་ག་རཀྵ་ཧཱུཾ། བསྙེན་པའི་སྙིང་པོར་རིག་པར་བྱ། །ཨོཾ་ནག་པོ་ཏི་པ་ཙ་ཡ་ཧཱུཾ་ཛ། ནཱ་ག་ཀྲོ་དྷི་ཤཱ་རི་ཧཱུཾ་ཛ། ནཱ་ག་རཱ་ཛ་ཧུ་ཡ་ཧུ་ཡ་བཾ་རིལ་ཛ། ནཱ་ག་རཱ་ཛ་ཡ་མ་ཡེ་བཾ་རིལ་ཛ། ནཱ་ག་ནཱ་ཛ་ཧར་ཧང་ཧེར་ཧཾ་བ་རཾ་ལ་ཛ། སྤྲུལ་ནག་འཁོར་ལོ་ནག་པོ་སྟེ། །ལས་ཀྱི་འཆི་བདག་གསུང་གི་ལས། །གཞན་ཡང་ས་བདག་འཁོར་ལོ་ནི། །ནཱ་གཱ་གཅིག་དང་ལྔ་པ་སྟེ། །གང་དུ་ནག་པོའི་བཅའ་གཞི་བྱ། །བར་དུ་ནག་པོའི་ལས་དག་ནི། །མི་འཇིགས་སྟོབས་དང་ལྡན་པ་དང་། །རྫས་བསག་སླུ་སྙིང་སྒྲོ་ལ་བྲི། །དམ་ཤིང་ཕག་དམིགས་བསྒོམ་བྱ་ཞིང་། །གསང་སྔགས་འདི་དག་ཡང་དག་བཤད། །ཛ་ཡེ་ཕུ་ཟི་ཛ་ཡེ་ཕུ། ཙིཏྟ་ཨ་ནེ་ཕུ་ནཱ་ག་ལེ་ཕུ། ཤང་ཀ་རུ་ཏེ་ཕུ། ཀུ་ལུ་ཨུད་ཀ་ཏེ་ཕུ། གྲ་ཏེ་ཤ་ར་ཡེ་ཕུ། ས་མ་ཡེ་ཕུ། ནཱ་ག་རཱ་ཛ་ཕུ་ཛ། གཏོར་མ་དབུལ་ཞིང་དམ་ལ་གདགས། །གའུ་ལྔའམ་གཅིག་པ་ནི། །སྦལ་པའི་འཁོར་ལོ་ཁོག་སྟོང་ངོ་། །དྲག་པོ་བསད་པའི་རྫས་བརྒྱད་ནི། །མི་སྒྲ་ར་བལ་ཁྱི་བལ་དང་། །བྱ་སྒོང་སྦལ་པའི་ཤ་དག་དང་། །ཚ་དང་བ་གླང་མཁྲིས་པ་དང་། །སྒེ་ཚེ་དང་ནི་རམ་བུའི་ཕྱེ། །བསྲེགས་པའི་རིལ་བུ་སྲན་མ་ཙམ། །དེ་ལ་ཀླུ་ཡི་དམོད་པས་གདབ། །བཀྲ་ཤིས་སླུ་ཡི་རྫས་བསྲེགས་བའི། །ནོར་བརྒྱད་ཅེས་སུ་བཤད་པ་ཡིན། ཁ་ཟས་ཚིག་པའི་རུས་པ་དང་། །རྩ་རྒྱུས་ཆད་པ་དམར་ཁྲག་དང་། །ཆུའི་འབྲས་བུ་གླེའུ་གཅིག་དང་། །ཡི་དྭགས་འཇིགས་པའི་མཆོད་གནས་བརྒྱད། ཁམ་པའི་ཀོང་བུར་གཞུག་པར་བྱ། །དེ་ནས་ཁྱིམ་དུ་ཡང་དག་གཞུག །འབྱུང་བ་ཚ་གྲང་འབྱུང་བའམ། །ཉི་ཟླ་ཕང་དུ་བླངས་ལ་གཏད། །གཞན་ཡང་དྲག་པོ་ཐུན་གྱི་ལས། །གྲུ་གསུམ་གནས་སུ་ཨ་མུ་ཀ །དཀར་ནག་མདའ་སྟེ་འབྲུ་ཡི་རྫས། །ཐུན་ཏིག་མཛེ་ཅན་ཐོད་པར་བྲུབ། །ཐོད་པ་ཚས་ལྡན་མནན་བར་བྱ། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལས། མྱ་ར་ཡ་བསད་པའི་ལས་ཁ་བསྟན་པའི་ལེའུ་སྟེ་རྟོག་པ་ལྔ་པའོ།། །།དེ་ནས་སྤྲུལ་པའི་ཁྲོ་བོས་ཀླུའི་བདག་པོ་ལ། བསད་པའི་ལས་ཁ་དེ་ལྟར་ན། །འཆི་བདག་ལས་ཀྱི་གཤིན་རྗེའི་ཚོགས། །ལས་ལ་མངག་པ་གང་ལགས་པ། །ཡེ་ཤེས་ཆེན་པོས་བདག་ལ་མཛོད། །ཡང་དག་ཡེ་ཤེས་ཁྱབ་བདག་བཤད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །སྦྲུལ་ནག་ཆེན་པོས་གུར་ཕུབ་ལ། །སྦྲུལ་དང་སྦལ་པའི་སྤོས་གཏང་ལ། །གདུང་བའི་ཚུལ་གྱིས་འཆི་བདག་བོད། །སྐལ་པ་སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་ཅིག་འཆི་བདག་ཀླུ་ཡི་བདུད། །འགྲོ་བ་མི་ཡི་བདུད་དུ་ཁྱོད་ཀ་ལྷག །མི་བཟད་ཡུན་གྱི་ལྷར་ཡང་མི་གཏོང་ན། །རྒྱབ་རྟེན་དཔུང་གཉེན་འཆི་བདག་ཁྱོད་ཀྱིས་མཛོད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །མཐུན་པའི་དམ་རྫས་བདུད་རྩི་འདི་གསོལ་ལ། །དམ་ཉམས་དགྲ་བོའི་འཁོར་དང་བཅས་པ་རྣམས། །རྩ་བ་དགུ་རྒྱུད་རླུད་ལ་བསྐུར་ལ་ཐོང་། །ཉམས་པ་འདི་ལ་མཛེ་དང་ལྷོག་པ་ཐོང་། །ཨོ་ནག་པོ་ཏི་པ་ཙ་ཡ་ཕེ་རག་ཤ་ཨུ་ནཱ་ག་ནན། སྐུ་ནི་རི་རབ་ངོས་ལ་བསྟེན། །དབུ་ནི་བར་སྣང་ཁམས་སུ་འཕྱོ། །སྔགས་པས་དུང་དུང་བོས་པའི་ཚེ། །སྐད་ནི་མི་མཐུན་འབྲུག་ཏུ་སྒྲོགས། ཁམས་གསུམ་ཀླུ་རྣམས་དབང་དུ་སྡུད། །སྡང་བའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་། །སྤྲུལ་ནག་འབར་བའི་རལ་པ་ལ། །མཛེ་དང་ཤུ་བའི་ཚ་ཚ་འཕྲོ། །ལི་ལ་ཤ་ཡི་སྒྲ་བསྒྲགས་པས། ཁམས་གསུམ་མ་ལུས་མཛེ་དང་ཤུ་བས་འགེངས། །ཉམས་པའི་དགྲ་ལ་མཛེ་དང་ལྟོག་པ་ཐོང་། །ཚ་ནག་པོ་ཏི་པ་ཙ་ཡ་ཙི་ར་ལ་རྩ་རུ་རྩ་བེ་ར་ཆི།་ན་ཆེ་གེ་མོ་ལ་ཡི། མིག་གནས་ཁྲག་གི་བུ་ཡུག་འབེབས། །ཞལ་ནས་མེ་ཡི་རླངས་པ་འཐོར། །སྲིད་གསུམ་སླུ་ལ་མངའ་མཛོད་ལ། །ཆེ་གེ་མོ་ལ་མརྗོ་དང་ལྷོག་པ་ཐོང་། །སྔགས་པ་བདག་གིས་བོས་པའི་ཚེ། །ཕྱག་ན་ནད་ཀྱི་རྒྱལ་པ་ཐོགས། །གཡས་ན་སྒྲུལ་གྱི་ཞགས་པ་ཐོགས། །སླུ་ཆེན་བརྒྱད་ནི་ཐུགས་ཀྱི་དཀྱིལ་ནས་འཆར། །ཀླུ་བྲན་སྟོང་ནི་ཞབས་ཀྱི་འོག་ནས་འདུས། །ཀླུ་བདུད་སྟོང་ནི་སྐུ་ཡི་གཡས་ནས་འགྱུ། །ས་བདག་སྟོང་ནི་སྐུ་ཡི་གཡོན་ནས་འགྱུ། །སླུ་བཙན་སྟོང་ནི་སྐུ་ཡི་རྒྱབ་ནས་རྒྱུག །གང་དག་ལྷ་སླུ་སྟོང་ལ་དབང་སྒྱུར་ལ། །སྟོང་གསུམ།་དགྲ་རྒེ་མཛེ་དང་ཤུ་བས་ཁོང་། །གི་ཨ་ཤན་ནག་པོ་ཏི་པ་ཙ་ཡ་ན་ག་དགྲ་བོ་ཀྲི་ཏི་རྦད། ཕུ་ཤུན་རྦད། ཀུ་རག་ཆི།་རྦད། ཏི་པ་ཙ་ཛུ་ལ་ཛུ་ལ་ཙི་ཙི་ཛ་ཡ་ན་མ་1་ཆི།་ཆེ་གེ་མོ་མ།རུ་ཡ་ཛུ། དེ་།ང་གགོས་མེད་སྦྱོར་བའི་ཡུམ། །བུད་མེད་ལུས་ལ་སྒྲུལ་གྱི་འཇུག་མ་ཅན། །རལ་པ་སྤྲུལ་ནག་མཛེ་དང་ཤུ་བར་འཕྲོ། །མིག་ནས་ཁྲག་གི་བུ་ཡུག་ཟུ་ལུ་ལུ། །སྣ་ནས་ནད་ཀྱི་རླངས་པ་འབྱིན། །ཞལ་ནས་སྦྲུལ་དང་སྦལ་པ་མང་བོའི་ཆོ་འཕྲུལ་འགྱིད། །གཡས་ན་སྦྲུལ་ཞགས་ཐོགས་ནས་གཅོ་ལ་འཁྱུད། །གཡོན་པ་མཛེ་ཤུའི་རྒྱལ་བ་ཕྱོགས་བཞིར་འཐོར། །གཟས་བའི་ཤ་ཁྲག་བྲབ་ནས་གཅོ་ལ་སྟོབ། །བཞུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །རྒྱུ་ནི་བར་སྣང་ཁམས་སུ་རྒྱུ། །སླུ་བྲན་སྟོང་ནི་སྐུ་ལ་བརྒྱན། །སླུ་ཆེན་བརྒྱད་དང་སྦྱོར་བ་མཛད། །ས་བདག་མང་པོ་ཕོ་ཉར་འབྱེད། །ཀླུ་བདུད་ནག་པོ་ཕོ་ཉར་འགྱིད། །ཞ་བོ་སྟོང་ནི་ཐུགས་ལ་འཆར། །སླུ་སྐམ་སྟོང་ནི་མནན་གཟི ར་བྱེད། །བདུད་ཀྱི་བདུད་ཅིག་འགྲོ་བ་མི་ཡི་བདུད། །དགྲ་བོའི་བདུད་དུ་ཁྲོད་ལས་ལྷག་པ་མེད། གླ།་གསུམ་མཐིང་ནག་དཀྱིལ་འཁོར་འདིར། །བདུད་རྩི་ཀ་ཀ་རུའི་དམ་རྫས་འདི་གསོལ་ལ། །ཕོ་ཅིག་ཡིན་ན་ཁྲམ་ལ་ཐོབ། །མོ་ཅིག་ཡིན་ན་ནད་ཀྱིས་ཐོབ། །སྐུར་ཅིག་རྩ་བ་རླུང་ལ་བསྐུར། །ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་མཛེ་དང་ཤུ་བ་ཐོང་། །ཡང་ན་མྱོས་ཤིང་སྐུགས་སུ་ཆུག །ཨོཾ་ནག་པོ་ཏི་པ་ཙ་ཡཱ་ཨུ་ཕུག་ཤ་རྦད། ནག་པོ་ཤ་པ་ཏི་དེ་འདྲ་པ་ཏི་རྦད། བ་རུ་ན་ཕེ་ཤན་ནཱ་ག་རྦད། ན་ག་ཕེས་བ་བེང་། ཨེ་ཧྲི་ཕེ་ཤན་ཨེ་ནན་རྦད། ས་ལ་ཤ་ན་ཧཱུཾ་ནན།ཕེང་ལཾ་ཤག་ཤིག་ནི་ཡན་དགྲ་བོ་མཱ་ར་ཡ་ཛ་རྦད་ཨ། །དེ་ནས་ཐོག་གཤེད་གསུམ་བསྐུལ་བ་ནི། །སླུ་བདུད་ཡབ་ཡུམ་བཀའ་འཁོར་ན། །བདུད་ཀྱི་རྒྱལ་པོ་བགེགས་ཀྱི་གླང་པོ་ནི། །ཆིབས་སུ་ཆུ་གླང་ན་ག་པོ་ཆིབས། །སྐུ་སྨད་སྦྲུལ་གྱི་ཕུང་པོ་ལ། །སྐུ་སྟོད་གླང་གི་མགོ་བོ་ཅན། ཁྲག་དང་ཞག་གི་རལ་པ་ལ། །སྦྲུལ་ནག་བརྩེགས་པའི་ཐོད་རྡེང་ཅན། །མིག་ནས་ཀླུ་ཡི་ཆོ་འཕྲུལ་འགྱེད། །སྡང་བའི་དགྲ་ལ་མཛེ་དང་ལྷོག་པ་ཐོང་། །མཆེ་བ་ཟངས་ཡག་གཙིགས་པ་ལས། །འཛམ་བུ་གླིང་བཞི་ཉལ་ཐག་གཅོད། ཁྱོད་ཀྱི་ཆིབས་ཀྱི་སྔ་ལོང་ལ། །ཀླུ་བདུད་སྟོང་གི་གནས་བཅས་ཤིང་། །དགྲ་ལ་ལྷོག་པ་ཕོ་ལྷོག་ཐོང་། །མིག་ཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་བམ་ཐོགས། །གཡོན་པ་བརྒྱ་ན་ཞགས་པ་ཐོགས། །ཞགས་པས་གཟུང་ཞིང་ཁྲམ་ལ་ཐོབ། །གཟུགས་ཀྱི་ཕུང་པོ་མ་ཡིན་པར། །དོན་སྙིང་རྣམ་ལྔ་ཕྲོལ་ལས་ཤོག །ནག་པོ་ཏྲ་ག་རག་ཤ་སྙིང་ལ་པྲན། །ཐུམ་རིལ་མྱ་ར་ཡ་ཛུ་ཛུ། དེ་ཡི་བཀའ་སྡོད་ཕོ་ཉ་ནི། །ཀླུ་བདུད་ནག་པོ་འཛུམ་མེད་ནི། །སྐུ་ནི་སྦྲུལ་ནག་འཁྱིལ་བ་ལ། །མི་མགོ་སྟོང་གི་འཕྲེང་བ་ཅན། །དབུ་ནི་རྔམ་བྱེད་སེང་གེའི་གདོང་། །སྦྲུལ་ནག་སྟོང་གེ་རལ་པ་ལ། ཁྲམ་བམ་སྟོང་གི་གོས་ཟུ་ཅན། །མིག་གནས་བདུད་ཀྱི་སྤྲུལ་པ་འགྱེད། །དགྲ་བགེགས་མ་ལུས་ཆམ་ལ་འབེབས། །ཞལ་ནས་རླུད་ནག་ཚུབ་མ་འབྱུང་། །ཀླུ་སྲིན་འབུམ་སྡེའི་གནས་བཅས་ཤིང་། །སྡང་བའི་དགྲ་བོ་གྲུམ་བུར་ཐོང་། ཁྱོད་ཀྱི་མཐུ་སྟོབས་དབྱུང་བའི་དུས་ལ་བབ། །བསྟན་པ་བསྲུང་བའི་དུས་ལ་བབ། །མི་གཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་བམ་ཐོགས། །གཡོན་པ་བརྒྱ་ན་ཞབས་པ་ཐོགས། །ཞགས་པས་ཟུང་ལ་ཁྲམ་བམ་ཐོབ། །བདུད་རོ་ཤ་པྲ་མ་ལྭ། སྙིང་ལ་ནག་པོ་པྲ་ཏྲག་ག་ཁུག་ཐུམ་རིལ་རྦད། དེ་ཡི་བཀའ་སྡོད་ཕོ་ཉ་ནི། །བདུད་ཀྱི་རྒྱལ་པོ་སྦྲུལ་གྱི་རྒྱུ་མ་ཅན། །སྐུ་སྨད་སྦྲུལ་ནག་འཁྱིལ་བ་ལ། །སྐུ་སྟོད་བ་གླང་དམར་པོའི་མགོ །སྦྲུལ་ནག་སྟོང་གི་རལ་པ་ཅན། །ཀླུ་བདུད་སྟོང་གི་གནས་བཅས་ཤིང་། །དགྲ་ལ་མཛེ་དང་འབྲུམ་བུ་སྟོང་། །མི་གཅིག་པོ་ལ་ལག་བརྒྱ་པོ། །གཡས་པ་བརྒྱ་ན་ཁྲམ་ཤིང་ཐོགས། །གཡོན་པ་མི་རོའི་ཞགས་པ་ཐོགས། །ཉིན་བཞིན་རྒྱ་མཚོའི་གཏིང་ན་བཞུགས། །མཚན་བཞིན་རི་རབ་རྩེ་ལ་གནས། །དགྲ་བོ་མ་ལུས་ཁྲམ་ལ་འདེབས། །སྤྱན་མིག་དམར་པོ་ཉི་མས་འཚེར། །དགྲ་བོ་ཀུན་གྱི་སྙིང་ནས་འདྲེན། །སྦྱན་མི་གཡོན་པ་ཁྲག་ཏུ་འཛག །ཀླུ་བདུད་འབུམ་སྡེའི་གནས་བཅས་ཤིང་། །ས་བདག་གཉན་གྱི་དམག་དཔུང་སྡུད། ཁྲ༷་ཐུན་མྱ་ར་ཡ་ཛ། །དེ་ནས་འཁོར་བསྐུལ་བ་ནི། །འཆི་བདག་ཀླུ་ཡི་འཁོར་ཚོགས་རྣམས། །རྒྱལ་རིགས་དང་ནི་རྗེ་རིགས་དང་། །བྲམ་ཟེའི་རིགས་དང་དམངས་རིགས་དང་། །གདོལ་པ་ལ་སོགས་ཀླུ་ཡི་རིགས། །ཀླུ་བདུད་ཀླུ་བཙན་ཀླུ་སྲིན་དང་། །གཉན་དང་ས་བདག་ལ་སོགས་པ། ཁྲར་ལྷོ་ནུབ་བྱང་ཕྱོགས་མཚམས་ནས། །ཀླུ་དང་གཉན་དང་ས་བདག་གིས། །མངའ་རིགས་སྡང་བའི་དགྲ་ལ་སྨྱོ། །ཞེས་བསྐུལ་བར་ཡང་དག་བཤད། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལས།ལེའུ་སྟེ་རྟོག་པ་དྲུག་པའོ།། །།དེ་ནས་སྤྲུལ་པའི་ཁྲོ་བོས་ཁྱབ་བདག་ཡེ་ཤེས་ལ། ཀླུ་ཡི་འཁོར་ལོ་ནག་པོའི་རྒྱུད། །རྩ་བ་ཡན་ལག་འཕྲིན་ལས་དང་། །ཡོངས་སུ་རྫོགས་དང་གཏད་པ་གང་། ཁྱབ་བདག་རྡོ་རྗེས་ཡང་དག་བཤད། དབྱིངས་དང་ཡེ་ཤེས་བྱང་སེམས་སྤྲུལ། །རང་རྒྱུད་ལས་ནི་ཀླུ་ཞེས་བྱ། །ཀླུ་ཡི་ཁྱབ་བདག་ཡེ་ཤེས་སོ། །འཁོར་ལོ་ཞེས་སུ་གང་གསུངས་པ། །རང་རྒྱུད་གནས་དང་ལས་བསྒྲུབ་པའོ། །རང་རྒྱུད་འཁོར་ལོ་ལྔ་ཡིན་ཏེ། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྦྲུལ། །འཕྲིན་ལས་བསྐུལ་གྱི་གནས་དག་སྟེ། །ས་ཆུ་མེ་རླུད་ནམ་མཁའི་ཁོངས། །རྩ་དང་རྣམ་པ་ལྡན་པས་ཏེ། །བཅུ་དྲུག་རྩིབས་ལ་ཕྱེད་ཕྱེད་དོ། །རྒྱལ་པོ་རྗེའུ་བྲམ་ཟེ་དམངས། །གདོལ་བ་ལ་སོགས་རིགས་ཀྱི་གླུ། །རོ་ཉེའི་གཟུགས་འཛིན་ཡང་དག་སྟེ། །ཨུ་ལི་ཀྭ་ལི་རྣམ་པར་ལྡན། །དྲུག་གི་རང་བཞིན་རྗེས་འཇུག་ལ། །ཐིག་ལེ་བརྟན་པ་སྲོག་རྟེན་ཚུལ། །སྒོ་གཉིས་སྦྱོར་བས་འཕེལ་འགྲིབ་སྦྱོང་། །རང་ལ་གནས་པར་རང་རྒྱུད་དེ། །འཁོར་བས་འཁོར་ལོ་དག་ཏུ་བརྗོད། །ལས་རྣམས་སྒྲུབ་བར་བྱེད་པ་ནི། །འཁྲུལ་འཁོར་མ་ར་ནཱ་གའོ། །སྔགས་དང་རྫས་དང་ཏིང་འཛིན་གསུམ། །ལྕགས་ཐོགས་མདའ་དང་གཅོད་བྱེད་མདེལྭ །སྟེང་འོག་བར་གྱི་གཅོད་པས་ན། །ཕྱི་དང་ནང་དང་གསང་བའོ། །གཅོད་དང་སྒྲུབ་པར་བྱེད་པ་ནི། །ལྷ་ཡི་རྫོང་མཁར་ལྷ་མེན་མཚོན། །རང་བྱུང་རང་བཞིན་གནས་པ་ཉིད། །རྫས་དང་ཏིང་འཛིན་ལྟ་བའི་གཟེར། །རྫས་ཀྱི་སྦྱོར་བ་ཐབས་ཀྱིས་ཏེ། །རྟེན་འབྲེལ་ཙཀྲ་རྒྱུ་རྐྱེན་ལས། །ཆུའམ་ཤིང་རྟ་ཙཀྲའི་ཚུལ། །སྦྱོར་བ་རྒྱུ་ཡི་ཚུལ་དག་ལས། །རྐྱེན་དུ་ཏིང་འཛིན་ཡང་དག་གོ །གཉིས་མེད་ལྟ་བ་ཆོས་ཉིད་གཟེར། །གཉིས་མེད་མུན་པ་ལྟ་བུ་སྟེ། །མི་འགྱུར་བས་ན་ནག་པོ་སྟེ། །མི་ཕྱེད་པས་ན་མུན་པའོ། །མི་ཤིགས་པས་ན་རྡོ་རྗེའོ། །རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། །གཞི་དང་ཐབས་དང་འབྲས་བུའོ། །ངོ་བོ་ཁྱབ་བྱེད་རྒྱུད་དང་རྐྱེན། །རང་བཞིན་གནས་དང་མངོན་བྱེད་པ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་བྱེད་འཕྲིན་ལས་རྫོགས་པར་བཤད། །རྩ་བའི་བསྒྲུབ་པ་བཤད་དོན་ཉིད། །གསུམ་དང་གཉིས་སུ་ཡང་དག་བཤད། །རྫབ་ལ་གླང་རུ་ཐོད་ཆེན་ལ། །ཕྱི་ནང་གསང་བར་གང་མོས་པ། །གཤིན་རྗེ་ཞལ་དབྱེ་འཁོར་ལོ་བཅའ། །ནག་པོ་བདུན་སྦྲག་ལས་ཆེན་ཏེ། །ལྕགས་འདྲ་ནང་གི་ངར་འབྱིན་ཡིན། །ལྔ་གླིང་མི་རིགས་ལྔ་པོ་དག །རིགས་ལྔའི་ཀླུ་ཡི་ལས་ཡིན་ཏེ། །སྣ་ཚོགས་དགའ་བོ་ཐར་པོ་གསུམ། །མི་རིགས་སྦྱར་བ་དེ་ཉིད་ཡིན། །གསུམ་དང་བཞི་ཡང་དེ་བཞིན་ཏེ། །ལས་ཀྱི་སྦྱོར་བ་ཡིན་བར་བཤད། །ཡང་ཏིག་ཙཀྲ་ཀྱང་པ་སྟེ། །གབ་པ་སྔོན་དུ་བྱུང་བ་ཡིན། །ལས་ཀྱི་མཐའ་རྒྱ་མ་གྲུབ་ན། །ས་བདག་སྙིང་ཁར་ཨ་མུ་ཀ །ཙཀྲ་རྩིབས་བཞི་ལྡན་པ་ནི། །འབྱུང་བ་བཞི་ཡི་གནད་དཀྲུག་པ། །ལས་ཀྱི་གནད་གཅོད་ཅེས་སུ་གསུངས་སོ། །ནཱ་ག་ཐུགས་ཀྱི་ལས་ཡིན་ཏེ། །མཛེ་ནག་ལས་ཀྱི་ཙཀྲར་བཤད། །ནག་པོ་ཀླུ་ཡི་བསད་བཅུད་ཡིན། །ཀླུ་རྒྱལ་ནག་པོ་ལྟ་ལ་ཞེས། །སྦྲུལ་ནག་འཁྱིལ་བའི་ཙཀྲ་སྟེ། །ལས་གསུམ་གཅོད་མེད་ཏི་པ་ཙ། །ཀླུ་སྦྲུལ་ནག་པོ་བསད་པ་ནི། །ནཱ་ག་གསུང་གི་ལས་ཡིན་ནོ། །སྦལ་པ་ནག་པོ་ལྟོ་སྦྱར་བའི། །ཙཀྲ་ནག་པོ་ནཱ་ག་ཀླུ། །གཤིན་རྗེ་ཁྲོས་པ་ཡིན་པར་འདོད། །སྡིག་པ་ཕུང་ཤིག་ལས་ཀྱི་རྣོ། །རྟགས་མྱུར་ཡང་སྙིང་རྒྱལ་པོ་འདི། །ནག་པོ་ཀླུ་ཡི་འཕྲིན་ལས་ཏེ། །མངོན་སྤྱོད་ཁོ་ནར་བཤད་པའོ། །དམ་ཞིང་ཕག་མིག་ཅེས་བྱ་བ། །ལས་ཀྱི་ས་བདག་མོ་ཡིན་ཏེ། །གཅིག་པ་དང་ནི་ལྔ་པ་སྟེ། །ལས་ཀྱི་གིང་བསྒྲུབ་ཤན་པ་ཡིན། །མཛེ་ཟོར་ནག་པོ་ལས་ཀྱི་བཅོང་། །ནཱ་ག་ཡོན་ཏན་བསྒྲུབ་པ་ཡིན། །བསྒྲུབ་དང་ལས་ལ་སྦྱོར་བ་སྟེ། །ལས་ཀྱི་མཐའ་བརྒྱ་གནད་གཅོད་པ། །འབྱུང་བ་ལྔ་ཡི་འཁྲུལ་འཁོར་གཙོ། །ཏིང་སྟིབ་དཀྲུག་དང་གྱད་ལོག་དང་། །སྤྱི་རྩར་གཏང་བ་ལས་ཀྱི་མཐའ། །གནད་གཅོད་སྐྲུ་གྲི་ལྟ་བུ་སྟེ། །གང་ཞིག་དུག་གི་ཡན་ལག་འདྲ། །བདུད་རྩི་མཚོན་ཆ་འབར་བ་ཡིན། །ཡན་ལག་ཉེ་བར་བཤད་པ་སྟེ། །དཀར་ནག་ལྟོ་བར་བསད་པ་སྟེ། །ཟས་སུ་ཤེས་ན་ཡང་དག་པར། །མི་ལྡོག་གཅོད་པར་ཡང་དག་བཤད། །གྲ་སྐལ་མྱུར་ཏེ་ལྟོག་ཀྱང་ཆེ། །གྲགས་སུ་གཏད་པ་དེ་ཉིད་ཡིན། །ཟས་ནི་མངའ་གསོལ་སྟེང་དུ་གཏད། །བྲིད་དེ་གཏད་པ་འཇམ་གཏད་དོ། །དྲག་པོ་དུས་མེད་ཐོག་བཅས་ཏེ། །བརྐུ་བར་བྱ་བ་མི་གནས་དུས། །གཏད་ཁར་དྲོད་ཀྱི་རྟགས་གསུམ་འབྱུང་། །སེང་གེ་བྱེད་ན་ལས་མི་འགྲུབ། །འཇིགས་ཤིང་བྲེད་ན་བཟློག་བར་བཤད། །རྔམ་ལ་གཏོད་ཅིང་ཤེས་པ་རགས། །ཉམ་ང་བག་ཚ་མེད་ན་འགྲུབ། །ལྟ་བ་ཆོས་ཉིད་གཉེན་པོ་ཀླུ། །རྟེན་འབྲེལ་རྫས་ཏེ་ངན་སྔགས་གནད། །ཕོ་ཉ་ལས་ཀྱི་ཤེས་པ་རྟེན། །དུག་ཁྲག་ཤ་སྣ་དྲི་ཡི་ལས། །བརྒྱ་ཕྲག་བཞི་པ་ཞེས་བྱ་བ། །ཚ་བའི་དུག་སྟེ་ཤ་རུས་འབྲལ། །གྲང་བའི་དུག་སྟེ་དབང་པོ་ལྡོག །རང་བཞིན་དུག་སྟེ་ཁྲག་ཏུ་སྒྱུག །དེ་ཡི་དུག་སྟེ་མྱོས་པར་བྱེད། །དུག་ཐབས་ཙཀྲ་ནག་པོ་ཡིན། །དུག་སྣ་ཁྲག་ཤ་སྣ་དང་། །དྲི་སྣ་ལྡན་པས་ངེས་པར་རོ། །འཁོར་ལོ་གསུམ་གྱི་རིམ་པ་ཞེས། །བསྙེན་བསྒྲུབ་ལས་ཀྱི་གནད་དཀྲུག་པ། །མཛེས་ཡམ་གསོ་བའི་མཆོག་ཡིན་ཏེ། །ཀུན་ལ་བྱ་བར་མ་གསུངས་ཏེ། །དམ་ཚིག་རང་གནད་ཆེན་པོ་ཡིན། །སྔགས་པའི་ཚེ་སྲོག་འཇོམས་པར་འགྱུར། །རང་གནད་རང་ལ་འཁོར་བར་བཤད། །ཡག་ཤ་ཞེས་པ་ནོར་བུ་སྟེ། །བཀྲ་ཤིས་ཡོན་ཏན་བརྒྱད་དང་ལྡན། །རང་གཤེག་སྡིག་པ་ཁ་སྦྱར་དུ། །ལས་ཀྱི་གནད་གཅོད་སྙིང་ཏིག་ཡིན། །བྱད་ཀྱི་བཀའ་ཉན་ལས་ཀྱི་ལྡེབས། །གིང་དང་གཟའ་རྒོད་ཡམ་ཤུད་དང་། ཁུ་འོ་རག་ཤས་རྣོ་མྱུར་བྱེད། །ཉེ་བར་སྦྱར་བའི་ལས་སུ་བཤད། །ཨེ་མ་རྣལ་འབྱོར་ཡངགསངཆེ། །གཤིནརྗེནགཔོའི་གསང་རྒྱུད་འདི། །དྲོད་ཐོབ་ཤི་ལ་ལྡན་པས་བསྒྲུབ། །ངེས་པར་བུམ་པའི་དབང་ཐོབ་འགྱུར། །རྫོགས་པའི་ཡེ་ཤེས་སྟོང་པ་ཉིད། །མུན་པ་ལྟ་བུར་དབྱེར་མི་ཕྱེད། །རྟགས་ཀྱི་ཕྱག་རྒྱ་ཆེན་པོའི་བསྒོམ། །བཟླས་པ་ནོར་བུའི་འཕྲེང་བ་བརྗོད། །ལས་ཀྱི་གཤིན་རྗེ་རྟག་ཏུ་སྦོད། །ཀླུ་ཡི་ཆོས་ཉིད་མུན་པར་བསྒོམ། །ཀླུ་ནད་ཅན་ལ་སྔགས་མི་དཔོག །ཀླུ་ཡི་དམ་ཚིག་མནའ་ལ་གཟེམ། །སྨེ་དང་ཡུགས་ས་མོ་ལ་གཟེམ། །ས་གཉན་རྡོ་དང་ཤིང་མི་གཅོད། །ཆུ་མིག་ལུ་མ་བཤིག་པ་མེན། །དེ་ལ་བུབ་ཆུ་བཏུང་བ་སྤང་། །བྱི་དང་ནལ་ལ་སོགས་པ་བསྣོལ། །ཐབ་གཤོབ་ལ་སོགས་སྤང་བར་བཤད། །རྣམ་རྟོག་རིག་པ་ཆོས་ཉིད་རླུད་། །བདེ་ཆེན་ཁྱབ་གདལ་རྫོགས་པ་ཆེ། །ཆོས་དབྱིངས་སྐྱེ་བ་མེད་ཀློང་ནས། །བསྟན་པའི་སྙིང་པོ་ངེས་པར་ཤར། ཁྱབ་བདག་རྫོགས་པའི་རྣལ་འབྱོར་ཆེ། །རྡོ་རྗེ་དྲོན་པོ་འབར་བ་ཆེ། །འཆི་བདག་ཀླུ་ཡི་གསང་རྒྱུད་བཀའ། །འཁོར་ལོ་ནག་པོར་ངེས་བར་ཤར། །ལྷ་དང་མཁའ་འགྲོ་དྲེགས་པ་ལ། །འཆི་བདག་སྲོག་གི་ཤན་པའི་རྒྱུད། །ལས་ཀྱི་འཁོར་ལོ་ནག་པོ་གཏད། །ཅེས་གསུངས་ཏེ་ཐིམ་པར་འགྱུར་རོ། །ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལེའུ་སྟེ་རྟོག་པ་བདུན་པའོ།། །།རྫོགས་སོ།། །།འཁོར་ལོ་ནག་པོའི་རྒྱུད། སློབ་དཔོན་འཇམ་དཔལ་དང་། ཀ་མ་ལས་རྒྱུད་པ། བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ།། །།