Ngb-pt-0916-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ནཱ་ག་ས་མ་ཡ་བི་ཏ་ཀརྨ་ཏནྟྲ་ས་ག་ར་ཡ། བོད་སྐད་དུ། ཀླུ་དམ་ཚིག་གི་རྒྱུད་ཕྱི་མའི་ལས་སུ་ཕྱུང་བའི་ཏི་ཀའོ། །ཐམས་ཅད་སྒྲོལ་བྱེད་རྒྱལ་པོ་དང་། །ནཱ་ག་འཁོར་དང་བཅས་པ་ལ། །ནཱ་མ་པོ་ཡི་ཕྱག་འཚལ་ཏེ། །དེ་སྐད་ཅེས་ནི་བརྗོད་པར་བྱའོ། །འདི་སྐད་དུ་ནི་བདག་འདྲ་ཡིས། །ཐོས་བསམ་པའི་དུས་གཅིག་ན། །ངོ་མཚར་མཚོ་ཆེན་བཞི་འབབ་པ། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོར་འཁྱིལ། །དྲག་པོའི་ཀླུ་གདུག་གནས་པའི་ས། །དེ་དག་དྲེགས་པ་གདུལ་བའི་ས། །ཀུན་གྱིས་་མ་ཐུལ་འདི་ཉིད་བསྔགས། །ལག་ན་རྡོ་རྗེ་རབ་ཁྲོས་ཏེ། །འདི་ལྟ་བུ་རབ་ཏུ་སྤྲུལ། །གསེར་མིག་འབར་བའི་ང་རྒྱལ་དུ། །ཡང་ནས་ཡང་དུ་སྤྲུལ་ནས་ནི། །མི་བསྒྲུངས་དྲག་པོའི་་་རྒྱལ་ཅན། །ཀླུ་གདུག་པ་དེ་ཐམས་ཅད་བ་། །དེ་ལྟར་གདུག་པ་ཐུལ་གྱུར་ནས། །རིགས་བཞི་དག་གི་ཀླུ་རྣམས་ཀྱིས། ཁྲེན་ཏུ་མཛེས་པར་འདི་སྐད་སྨྲའོ། །ཨེ་ཧོ་རྡོ་རྗེའི་གཟུགས་མཛེས་པ། ཁེན་ཏུ་རྔམ་བྱེད་རྡོ་རྗེ་ཡིས། ཁྱད་པར་འཕགས་པའི་སྤྲུལ་པ་ནི། །གསེར་མིག་འབར་བའི་བརྗིད་དང་ལྡན། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། ཁྲེས་རབ་ཐབས་ལྡན་གཤོགཔབརྐྱང་། །ཐབས་མཆོག་ལྡན་པའི་སྡེར་མོ་གདེངས། །ཨེ་ཧོ་སྐུ་སྟོད་མཆོག་ཆེན་གཡང་གཞི་ཅན། །སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་པ་ཚལ་གསུམ་སེ་རལ་ཁ། ཁྱད་པར་རྩལ་འཕགས་གཞན་པས་མཐོ། ཁྱོད་ལྟ་བུའི་གཞན་མ་མཐོང་། །དྲག་པོ་ཆ་བྱད་ཀུན་ལས་འཕགས། །བདག་ཅན་རྣམས་ཀྱི་དམ་ཚིག་ལྷའོ། །དྲག་པོ་ཁྱོད་ཉིད་བཀའ་ལྟར་བགྱིའོ། །དེ་སྐད་དུ་ནི་ངག་མཐུན་པར། །གནས་ཏེ་ཕྱིར་ལ་རབ་འཐོན་པར། །དམ་ཚིག་དག་གི་བརྡ་འདི་ཡང་། །སྨྲ་ཞིང་སྐུ་ལ་འཁྲིལ་བར་འགྱུར། །ནཱ་ག་རུ་ཏྲ་པ་ནི་ག་ཕར་པ་ཏི་གྲྭཧྭ། དེ་ནས་གསེར་མིག་འབར་བ་ཡིས། །ང་རྒྱལ་དྲག་པོ་འདི་བསྟན་ཏེ། །དབང་དུ་བསྡུ་བར་བྱ་བའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་བསྟན། །མཐེབ་ཆེན་གཉིས་པོ་ནང་དུ་བསྟན། །ཕྱི་ལ་བརྐྱང་བ་གཤོག་པའི་ཚུལ། ཁྲོས་པའི་ང་རྒྱལ་སྔགས་བརྗོད། །ཏ་ཀི་ཛ་རྐེ་བྱི་རྙོ་ཏེ་ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ་རུ་ཏེ་གྲྭཧྭ། ང་རྒྱལ་སྔགས་རབ་ཏུ་བརྗོད། །ཆེ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་རིགས་བཞིའི་ཀླུ་རྣམས་ལ། ་༑ན་ཏུ་ཆེ་རབ་བསྟན་པའི་ཕྱིར། །ཉིད་ཀྱི་གཞལ་ཡས་ཁང་བཟངས་སུ། ་ལྐོན་ཏུ་མཛེས་བརྗོད་ཉིད་དུ་ཡང་། །བྱོལ་སོང་རིགས་བཞི་དེ་དག་དང་། །ཐབས་ཅིག་འདུག་ནས་འདི་ལྟ་སྟེ། །རྒྱ་མཚོ་ཆེན་པོའི་དབུས་གནས་པར། །རི་རབ་མཆོད་རྟེན་གཟུགས་འདྲ་ལ། །བུམ་པ་ཡིད་བཞིན་ཤིང་ལོས་བརྒྱན། །སྦྲུལ་རིས་དར་སྤྱངས་ལྷ་བུར་མཛེས། །རིགས་བཞིའི་རྒྱན་གྱིས་རབ་ཏུ་ཀླུབས། །སྒོ་བཞིའི་ཀ་བ་ཤིན་ཏུ་ལྡན། །དེ་འོག་སྦྲུལ་གྱིས་རབ་ཏུ་མཛེས། །བྱོལ་སོང་ལོངས་སྤྱོད་རབ་ཏུ་ལྡན། །དེ་ཡི་བུམ་པའི་ཁོང་སེང་ན། །གསེར་མིག་འབར་བ་དག་དང་། །ཐབས་ཅིག་གཞུགས་པ་འདི་ལྟ་སྟེ། །གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་། །གང་པོ་ནོར་ལྡན་ལ་སོགས་པ། །དགའ་བོ་འཇོག་པོ་མ་དྲོས་པ། །རིགས་བཞི་ཀླུ་ཡི་གཙོ་བོ་བརྒྱད། །སྐུ་ལ་འཁྲིལ་ཏེ་རབ་ཏུ་གནས། །བྱ་ནོམ་ནིར་མིན་ལ་སོགས་སྤྲུལ་བའི་བརྒྱན། །དར་ཕྱངས་མ་དང་པདྨའི་བརྒྱན། །གཟི་བརྗིད་མ་དང་དུང་ཅན་མ། །ཀླུ་མོ་རིགས་བཞི་ལ་སོགས་པ་དང་། །དེ་ཀུན་ཐབས་ཅིག་ཏུ་གཞུགས། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀླུ་དམ་ཚིག་གི་བསྒྲུབ་པ་འདི་གསུངས་སོ། །མཎྜལ་ཆ་མཉམ་ཡིད་འོང་ལ། །བ་ཡིས་རྣམ་ལྔས་བྱུག་པ་ནི། །ཕྱོགས་བཞི་དབུས་དང་རྣམ་ལྔའོ། །དེ་ཉིད་བྱིན་གྱིས་བརླབས་པའི་ཕྱིར། །ཨོ་དང་ཨུ༷༷ཧུ༷་སྲུཧྭ་ལྔའོ། །ཕྱག་རྒྱར་བཅས་ཏེ་བྱིན་གྱིས་བརླབ། །བདག་ཉིད་ལྷ་རུ་རབ་བརྟགས་ཏེ། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །བདག་ཉིད་སྤྱི་བོར་ཨོ་དམིགས། ཡེ་ཤེས་ལྔས་ནི་དབང་བསྐུར་རོ། །དེ་ནས་ཐིག་གདབ་བྲི་བར་བྱ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན། ཁུ་ཆད་སྒོ་རྣམས་དེ་བཞིན་བྲི། །ལྟེ་བ་སྙིང་ཀ་འཁོར་ལོ་དཀར། །མུ་ཁྱུད་དམར་ལ་གྲུ་ཆད་ལྗང་། །སྒོ་རྣམས་སེར་པོ་སྒོ་ཉིད་རིགས། །དེབཞིནཚོནརྣམསདགྱེ་བར་བྱ། །དབུས་སུ་སྙིང་པོ་ཧུ༷་ཡང་བྲི། །འཁོར་ལོ་བརྒྱད་ལ་རྩ་བའི་སྔགས། །རྩིབས་མཆན་དེ་མིང་བྲི་བར་བྱ། །ནུ་པ་ཕུ་པ་གྲུ་ཆད་ལ། །སྒོ་ལ་ས་ཏ་སི་ཀ་དགོད། ཁྲར་ནས་རིམ་པས་བསྐོར་ཏེ་དགོད། །ཅེས་ཏེ་རྒྱུན་དུ་བཟླས་པའི་སྔགས། །ཡི་གེ་དགུ་པ་ཞེས་བྱའོ། །ཧུ༷་ནཱ་ག་རྭ་ཛ་ས་མ་ཡ་ཛ་ཆེ་གེ་མོ་ཞིག་ཙིཏི་ཛ་ལ་ཡ། ཞེས་ཏེ་བསྒྲུབ་པརབྱ་བ་ཡིན། ཞག་དགུའི་བར་དུ་ཁྲུས་བྱ་སྟེ། ཟས་སྣ་ལྔ་ནི་སྤང་བར་བྱའོ། །ཉ་ཤ་སྒོག་བཙོང་ཆང་བཤོལ་བྱ། །དེ་ལ་གྲུབ་པའི་རྟགས་རྣམས་ནི། །དངོས་གྲུབ་ལོངས་སྤྱོད་སྣ་ཚོགས་འབྱུང་། །སྦལ་སྦྲུལ་ལ་སོགས་དངོས་སུ་འབྱུང་། །རབ་ནི་བས་རླགས་ཐོར་བར་འགྱུར། །དེ་ལྟར་མངོན་གྱུར་བསྒྲུབ་པར་བྱ། །རིག་མའི་ཤམ་བུ་གདགས་པར་བྱ། །ལས་ཀྱི་བྱ་བ་དེ་ཙམ་མོ། །རྨ་ཏྲ་འབུར་ཏི་ལས་ལ་གཟུད། །རྟེན་འབྲེལ་སྔགས་རྣམས་ཐམས་ཅད་ཀུན། །བསྒྲུབ་པའི་ཕྱིར་ནི་དབང་བསྐུར་བྱ། །ཞེས་པ་དེ་ཉིད་ལག་ཏུ་བླང་། །དར་དཀར་དག་པའི་གཞི་མ་ལ། །པདྨ་འདབ་བཞི་བྲི་བར་བྱ། །དཀར་པོ་ལ་སོགས་མུ་ཁྱུད་ལྡན། །དབུས་སུ་དམ་ཚིག་རྡོ་རྗེ་དགོད། །དེ་ནས་ཡིད་འོང་བུམ་པ་ལ། །སྦྲུལ་མགོ་བདུན་པའམ་དགུ་པ་བྲི། །དགེ་བསྙེན་དྲག་པོར་རབ་ཏུ་དམིགས། ཁ་དོག་གཙང་མའི་རས་ཀྱིས་བཅིང་། །འོམ་བུ་བྲ་མ་རྨ་བྱ་དང་། །དྲག་པོའི་རྫས་ལ་བདུག་པ་བྱ། །རས་སམ་དར་གྱི་གཟུང་ཐགས་གདགས། །སྡེརགཤོགཕྱགརྒྱསྙིང་ཁར་བཏན། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །ཨོ་ཨུ༷༷ཧུ༷་ནཱ་ག་ཡུ་ཡུ་ནཱ་ག་པུ་རུ་ཛ་ལ་ནི་ནཱ་ག་ས་མ་ཡ་གྲྭཧྭ། ཞེས་ཏེ་དེ་ལྟར་བཟླས་ནས་ཀྱང་། །དམིགས་པའི་ཡན་ལག་གསུམ་པ་བརྒྱད། །ཡི་གེ་རྩ་གཅིག་བསྒྲུབ་པར་ཤར། །ཧུ༷་སྐྱེས་བདག་པོ་གཉིས་ནས་སྒྲུལ། །ཡན་ལག་ཡི་གེ་རྩ་གཅིག་ལས། །འོད་ཟེར་སྣ་ཚོགས་བདུད་རྩིར་སྤྲུལ། །ཡི་གེ་དམིགས་པའི་གནས་ལྔ་མྲ །བདུད་རྩིའི་བུམ་པ་བརྟན་པར་བྱ། །མཁའ་ལྡིང་རྒྱལ་པོ་ཉིད་དུ་བསམ། །དེ་ཉིད་གཙང་མའི་རས་ཀྱིས་དཀྲིས། །གུར་ཀུམ་སྨན་དང་ཆུ་བསྲེས་བཀྲུ། །དེ་བཞིན་སྨན་རྣམས་ཟས་རྣམས་བཟའ། །ཞེས་ཏེ་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་རྡོ་རྗེ་འཛིན་པའི་བདག །བདག་ཅག་དམ་ཚིག་མངོན་དགའ་བས། །དམ་ཚིག་དཀྱིལ་འཁོར་འདིར་འཇུག་ན། ཁྱོད་ཉིད་དམ་ཚིག་འཚོ་ལགས་ཀྱིས། །ལོངས་སྤྱོད་ཀླུ་ཡི་ཕོ་བྲང་ནས། །རིག་པའི་རྒྱལ་པོས་དབང་བསྐུར་ཅིག །ཅེས་གསོལ་ནས་ནི་དེ་ཉིད་འཁོད། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་གཙོ། །ལོངས་སྤྱོད་ཀླུ་ཡི་རིགས་རྣམས་ཀྱིས། །ཕོ་བྲང་ཡིད་འོངས་མངོན་དགའ་བས། །ཡིད་བཞིན་རིན་ཆེན་རབ་གནས་པ། །དེ་རིང་ཁྱོད་ཀྱིས་བཅང་བར་གྱིས། །ཅེས་ཏེ་དབང་ནི་བསྐུར་བར་བྱ། །དེ་ཡང་བར་ཆད་བསལ་བའི་ཕྱིར། །རྨ་བྱ་དག་གིས་སྡིགས་པ་དང་། །གུ་གུལ་དག་གིས་བདུག་བར་བྱའོ། །གཉེན་པོ་རིགས་བཞིའི་དབུ་རྒྱན་དང་། །དར་གྱི་ཅོད་པན་མེ་ཏོག་འཕྲེང་། །ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་དང་། །རྟེན་གྱི་བུམ་པས་དབང་བསྐུར་བྱའོ། །དེ་ནས་དམ་ཚིག་རྟེན་འབྲེལ་གྱིས། །སྙིང་པོ་འདི་དག་སྤྱིན་བར་བྱའོ། །རིགས་ལྡན་ཐོགས་མེད་ནས་བརྒྱུད་པའི། །སྐལ་ལྡན་སྔགས་ཀྱི་བདག་པོ་ཁྱོད། །དི་རིང་དམ་ཚིག་འདི་ཟུང་ལ། །ཡིད་བཞིན་རིན་ཆེན་གཏེར་བཞིན་ཆོངས། །ནམ་མཁའ་དངོས་པོར་མི་གནས་ལ། །སྣ་ཚོགས་འོད་ཀྱི་གྲ་འབྱུང་ཞིང་། །བླ་མེད་སྤྲུལ་སྐུའི་ངོ་བོ་ལས། །རྣམ་ཤེས་ལྡན་པའི་ཐོགས་མེད་ཀྱིས། །རྣམ་ཤེས་རྒྱུ་ཡི་ངོ་བོ་ལས། །ཡི་གེ་འཕྲེང་བ་ཉིད་དུ་དགོད། །ནཱ་ག་ལི་ལི་ཏྲི་ཡ་པ་ཏྲི་ནི་རྭ་ཛ་རོ་ཏྲི་ཏིང་ཡང་གུ་རུ་ས་པྲི་ཡང་ཧེ་ཧེ་ཧུ༷་ཧྲུ༷་སྨྱོ་སྨྱོ། ཛ། ཞེས་ནི་དམ་ཚིག་རྟེན་འབྲེལ་གྱིས། སྙིང་པོས་ཡོངས་སུ་རྫོགས་བྱས་སོ། །དེ་ནས་རབ་ཏུ་བདུག་བྱེད་བའི། ཀླུ་རྣམས་དབང་དུ་བསྡུ་བའི་ཕྱིར། ལྡན་པ་འདི་ལྟ་བུ་གསུངས་སོ། །རྣམ་ལྔ་རིན་ཆེན་མཆོད་རྟེན་ལ། །བུམ་པ་ཁོང་སེང་དེ་བཞིན་བརྩིག །གཉེན་པོ་རིགས་བཞི་དགོད་བར་བྱ། །དེ་འོག་རིགས་བཞི་མཚམས་རྣམས་སུ། །དེ་ནས་དབང་དུ་བསྡུ་བར་བྱ། །ག་རུ་ཌ་ཙ་ལེ་ཙ་ལེ་ཧུ༷་ཕཊ། རྒྱུན་དུ་བཟླས་པར་བྱའོ། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱའོ། །ཨོ་པྲ་ཏི་སུ་ཙཀྲ་བཛྲ་དུན་ཏེ། མི་ལི་མི་ལི་ཧུ༷་ཕཊ། ཅེས་ཏེ་དེ་ལྟར་སྒྲུབ་དེ་ནི། །དབྱར་ཐའི་ཚེས་ནི་བཅུ་དྲུག་ལ། །ཉི་མ་ངན་པ་དེ་ལ་འོང་། །དེ་དུས་མནན་གཏད་བྱ་བར་འབྱུང་། །དེ་ནས་གཉེན་པོའི་རིགས་བཞི་ལ། །བསྟོད་པ་འདི་དག་བྱ་བར་གནས། །ཧུ༷།མཁའ་ལྡིང་རྒྱལ་པོ་ཚངསབའི་བྱ། །གསེར་འདབ་བྱ་ཁྱུང་ག་རུ་ཌ། །དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ། །རིགས་གསུམ་མགོན་པོ་རྡོ་རྗེ་རྒྱལ། །མངའ་རིགས་ཀླུཡི འཁོར་གྱིས་བསྟོད། །རྡོ་རྗེ་རྣོན་པོ་སྐྲུ་གྲི་སོ་གཉིས་གཙིགས། །གསེར་མིག་ཁྲོ་གཉེར་སྤྱན་གཉིས་ཅན། །ཐབས་ལྡན་རྡོ་རྗེ་རྭ་གཉིས་བརྗིད། །ཡིད་བཞིན་ནོར་བུ་གཙུག་ན་འབར། །ལྕགས་ཀྱིས་མཆུ་ཆེན་རྣོ་དབལ་གྱིས། །གདུག་པའི་ཀླུ་རྣམས་སྤྱི་ནས་འདྲེན། །རྡོ་རྗེ་གཤོག་པ་བརྐྱང་བའི་རླུད་མོ་ཆ། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད་པར་མཛོད། །ཅེས་དབང་དུ་བསྡུ་བར་བྱའོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། གཉེན་པོ་རིགས་བཞི་བསྒྲུབ་པ་དང་། དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ནི་ཀླུ་མོ་ཡི། །གནས་རྣམས་བརྟག་པར་བྱ་བ་ནི། །མཎྜལ་ཆ་མཉམ་ཡིད་འོང་གནས། །མེ་ཏོག་མདངས་ལྡན་དགའ་བའི་གནས། ཁྲུས་ཀྱི་ཆུ་རྣམས་ཡོད་པ་ན། །རིགས་བཞི་ཀླུ་མོ་ཡོད་པ་སྟེ། །གཏད་བར་མི་བྱ་བསྒྲུབ་པར་བྱ། །དེ་བཞིའི་རྫས་དང་མཐུན་པ་བསག་གོ །མཎྜལ་ ཆ་མཉམ་ཡིད་འོང་གནས། །སྤོས་དང་སྨན་སྦྱར་འོ་མའི་ཆུ། །མཎྜལ་བྱུག་པ་ཚུལ་བཞིན་བྱ། །པདྨ་འདབ་བཞི་ཚུལ་བཞིན་བྱ། །པད་བཞིན་དར་དབྱངས་ལྡན་པར་བྲི། །མུ་ཁྱུད་སྦྲུལ་གྱི་ཆུན་པོས་བསྐོར། །གྲུ་ཆད་ལྗང་ཁུ་པད་འབྲས་བྲི། །མཛེས་པའི་རྒྱན་རྣམས་དགོད་པར་བྱ། །དབུས་སུ་ང་རྒྱལ་ཧུ༷་བྲིས་ལ། །པ་ཕ་ཕུན་བར་མ་ལའོ། །དེ་ལ་སོགས་པ་དགོད་པར་བྱའོ། །ཧུ༷་དེ་གཉེན་པོ་བདག་ཉིད་རྟག །ཆེ་བའི་ང་རྒྱལ་རབ་བསྐྱེད་པའོ། །དམ་ཚིག་སྔགས་འདིས་བསྒྲུབ་པར་བྱའོ། །ཞེས་ནི་བཟླས་པ་ཚད་དུ་བྱ། །ཨོ་ཙ་ག་ཏྲ་དུ་ཏྲི་རུ་བུ་མེ་ག་ས་ཏོ་བ་ར་ནི་ནག་ཡུ་ཡུ་ན་གྲྭཧྭ། ཞེས་ཏེ་རྩ་བའི་སྙིང་པོ་དང་། གཅིག་ཏུ་དྲིལ་ཏེ་དྲང་བར་བྱའོ། །དེ་ནས་ཡིད་དུ་ལེགས་འོང་བའི། །མཚན་ལྡན་བུམ་པ་གཉིས་བཙུགས་ཏེ། །མགུལ་ཆིངས་རྒྱན་དང་ལྡན་པ་ཡི། །རྩ་བའི་སྔགས་བཞི་དགོད་པར་བྱ། །སྨན་ལྔ་སྟོས་ལ་རིན་ཆེན་ལྔ། །ཡིད་འོང་ཆུ་ཡིས་བུམ་པ་དགང་། ་ར་གྱི་པདྨ་འི་སྟེང་དུ་གཞག །དབུས་སུ་ཉིད་ཀྱི་བུམ་པ་གཟུགས། །རས་ལ་སོགས་པའི་གཟུངས་ཐག་གདགས། །དེ་བཞིན་ཤར་དུ་ཞག་གསུམ་དུ། །ནང་ཕྱོགས་དག་པར་ཁྲུས་ཀྱང་བྱ། །ཧུ༷་ཙ་ཧ་རེ་ཤ་ནཱ་ག་དྷི་བ་ནཱ་ག་ཡུ་ཡུ་སྲུཧྭ། ཁ་ལག་དག་པར་ཁྲུས་བྱའོ། །དེ་ཡི་རྟགས་རྣམས་འབྱུང་བ་ནི། །དཀར་འཇམ་མདོག་གཉིས་སྡུག་བར་བྱ། ཁྲ་སྦྲ་མཛེ་རིགས་ཕོལ་དང་འབྲས། །ཕྲག་ནད་རྐོང་པོ་ཡོངས་མི་འབྱུང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །འཁོར་འདུ་ལོངས་སྤྱོད་ནོར་རྣམས་འཕེལ། །དེ་བཞིན་དགོངས་པ་འགྲུབ་པར་བྱེད། །ཅེས་གསུངས་སོ། །དེ་ནས་འདོད་ཡོན་ལྔ་མཆོད་པར་བྱའོ། །གཞན་ཡང་གོ་འབྲུམ་པ་ན་སེ། །ཞོ་དང་ལོར་བ་ལོ་ཧོ་མཚལ་དང་འབྲས། །དར་དཔྱངས་མང་པོ་ཕན དེ བཞིན། །སྨནརྣམསམང་པོས་མཆོད། །སོ་སོར་ཐོབ་པར་བྱ་བའི་ཕྱིར། །སྔགས་དང་སྙིང་པོ་བསྙེན་པར་འདི་གསུངས་སོ། །ཨོ་ནཱ་ག་བ་རུ་ན་བ་ཡ་སྟེ་བ་རུ་ན་ག་ཡུ་ཡུ་ཨ་བ་ལོ་ཀི་ཏི་ས་མན་ཏེ་ས་མན་ཏེ་ཏེ་གྲྭཧྭ། ཀླུ་མོ་བཞི་ལ་མཆོད་བསྟོད་བྱ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། ཀླུ་མོ་རིགས་བཞི་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ས་བདག་བཞི་བསྒྲུབ་པ་འདི་གསུངས་སོ། །སྦྲུལ་གྱི་འཁོར་ལོ་ནག་པོ་དྲག་པོ་རྫས། །ནང་དུ་མཐུན་པའི་ལིང་ཀ་གཞུག །སྔོན་མར་སྐུད་པས་ཁ་བཙེམས་ཏེ། །གཏད་པའི་འཕྲིན་ལས་ཀླུ་ཡི་གཟུགས། །དེ་བཞིན་མཛུབ་གང་ལིང་ག་འཚིད། །སྔོན་མར་སྐུད་པས་སྙིང་ཁར་གདབས། །ས་བདག་བཞི་ཡི་གཟུགས་ཀྱང་བྲིས། །ཡན་ལག་བཞི་བཏགས་ལྟེ་བར་གནས། །ལག་གཡམ་ཧཔ་ཁྱི་ཧང་པན་གཡོན། །རྐང་གཡས་ཐེ་སེ་གཙང་ཀུན་གཡོན། །ཀླུ་གཟུགས་ལྷོ་ནུབ་མཚམས་ནའོ། །དེ་བཞིན་ནག་པོར་གཏད་པར་བྱ། །ཞེས་ཏེ་དེ་ལྟར་གསུངས་པའོ། །ས་བདག་བཞིའི་སྙིང་པོ་གསུངས་ཏེ། །ཏོ་ཏ་མ་མཁྱེན་སྙིང་ཁྲག་སྲོག་ཆོད། དབུགས་ལོང་ཕཊ་ཛ་རྙོ། ཧལ་ཕན་སྔགས་ཞེས་བྱའོ། །ས་བ་མེ་བཞིན་གན་ཏེ་ཟློག་ཏེ་ཕཊ་ཛ་རྙོ། ཐེ་སེ་སྔགས་སུ་ཤེས་པར་བྱའོ། །དུ་ར་ཤི་པར་ཙ་ཕཊ་ཛ་རྙོ། ཙང་ཀུན་སྔགས་སུ་ཤེས་པར་བྱའོ། ཁུན་དུའོ། །དེ་ནས་ས་བདག་བཞི་པོའི་དྲག་སྔགས་བདུན་ཏེ་གཅིག་ཏུ་དྲིལ། །གསད་པའི་སྔགས་སུ་ཤེས་པར་བྱའོ། །ན་མོ་ལག་ན་རྡོ་རྗེ་ཁྲོ་གཉེར་ཅན། །ང་རྒྱལ་དྲེགས་པས་འདུལ་བའི་གཙོ། །བདག་ཅག་རྣམས་ཀྱི་དམ་ཚིག་ལྷ། །བསྟན་པ་དམ་པ་ཀུན་གྱི་གཙོ། །ཞེས་བསྟོད་དེ་ས་བདག་སྔགས་འདི་གསུངས་སོ། །ཨོ་བྱི་ས་ཏ་དུར་ནི་པྲ་ཛ་ཕཊ། ཨོ་ས་ཏོར་ག་ཤ་དུ་ར་ཛ་ཕཊ། ཀེ་ཏུ་རག་ཤ་ཀླུ་ཏྲི་ཕཊ་ཛ་རྙོ། པྲེ་ཡང་ཀུ་རུ་མེ་ཏ་ཛ་རྙོ། ནཱ་ག་ནཱ་ག་གུ་རུ་ནག་པོ་ཙིསྟ་བོད། འདྲེ་ན་ཀུ་རུ་དེ་བ་ཤན་ཏི་རྦད། ཏ་ནོ་བེ་ནག་ཀུ་རུ་ཡེ་རྦད། ཅེས་ནི་གསད་ཅིང་གཏད་དེ། དེ་ཡང་གཉེན་པོ་ལ་ནི་མཆོད་བསྟོད་བྱ། །ཡང་དེ་དམ་ལ་གནས་པའི་ཕྱིར། །གཏོར་མ་ཆེན་པོ་འབུལ་བར་བྱ། །སྦྲུལ་དང་སྦལ་བའི་ཤ་ཚིལ་དང་། །དེ་བཞིན་ཁྲག་སྣའི་གཏོར་མ་བྱའོ། །མཆོད་པའི་སྔགས་ནི་འདི་དག་གོ །ཨོ་ཀ་རུ་ཌ་ཙ་ལེ་གྲི་ཏྣ་གྲི་ཏྣ་ཛ་ཧུ༷་བ༷༷༷ཧོ། ཨིདྷ་ན་བ་ལི༷་རུ་པ་ལ་བ་ནཱ་ག་ལ། ཁུ་ཧི་ཞེས་གཏད་པར་བྱའོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། ས་བདག་བཞིའི་དྲག་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།ས་བདག་བཞི་ཡི་དྲག་སྔགས་བདུན་པ་འདི། །ཀླུ་དང་ཀུན་ལ་འཇུག་པ་ཞེས་སུ་བྱ། །སྤྱིར་ཡང་ཕར་སྟོང་ཚུར་སྟོང་བྱའོ། །དེ་ནས་སྦྲུལ་གྱི་འཁོར་ལོ་ཞེས་བྱའི་བསྒྲུབ་པར་བྱ་བ་འདི་གསུངས་སོ། །མཎྜལ་ཆ་མཉམ་ཡིད་འོང་ལ། །རྩ་བའི་སྔགས་འདིས་ལྡེ་གུ་བྱུག །གྲུ་གསུམ་དབུས་མ་ནག་པོར་བརྐོ། །དམར་པོ་ཟླ་གམ་མུ་ཁྱུད་ཟླུམ། ཁུ།་ཆད་སྒོ་རྣམས་དེ་བཞིན་བྱ། །དེ་ནས་ལྷ་རྣམས་དགོད་པར་བྱ། །དེ་ཡང་མཐུན་པའི་ས་བླངས་ཏེ། །འབྲུ་སྣ་ཚང་བའི་ཕྱེ་དང་སྦྱར། །དེ་བཞིན་སྦྲུལ་གྱི་གཟུགས་བྱས་ཏེ། །སྦྲུལ་མགོ་དགུ་པས་དབུ་ལ་བརྒྱན། །ལིང་ག་མིང་རུས་བྲིས་པ་གཞུག །ཆུ་སྐྱེས་སྦལ་པ་སྙིང་ཀར་གཞུག །སྤྱི་ཏའི་ཡི་གེ་དགུ་བས་བསྐོར། །རྨ་བྱའི་ཐལ་བས་མནན་པར་བྱ། །དེ་བཞིན་གྲུ་གསུམ་དབུས་སུ་དགོད། །སྣ་ཚོགས་མེ་ཏོག་མགོ་ལ་གདགས། །པདྨའི་གེ་སར་གཅལ་དུ་བཀྲམ། །རྒྱ་སྤོས་ལ་སོགས་དུ་བས་བདུག །གཅིག་ལ་སྦྲུལ་གྱི་རྒྱལ་མཚན་གཟུགས། །གཅིག་ལ་མེ་ལོག་མདའ་དར་གདགས། །པདྨའི་གེ་སར་བཅལ་དུ་བཀྲམ། །མུ་ཁྱུད་སྦྲུལ་གྱི་ཆུན་པོ་བྲི། །སྣ་ཚོགས་སྔགས་ཀྱིས་བསྒྲུབ་པར་བྱ། །ཞེས་ཏེ་རྒྱུན་དུ་འདི་བཟླས་སོ། །ཨོ་ག་རུ་ཌ་ཙ་སྒྲིན་ཛ་ཧུ༷་བ༷་ཧོ། ཨོ་དྷ་ན་བྷ་ལི་རུ་ཡ་པ་ཧྲ་པ་ནཱ་ག་ལ་ཁུ་ཧི། ཞེས་གཏད་པར་བཤད་དང་འཕྲེད་བ་དེས་བསྐོར་ནས། །ལིང་ཀའི་མིང་རུས་བཅས་པ་ལའོ། །གསང་སྔགས་འདི་ཉིད་བཟླས་པར་བྱའོ། །གྲི་ཏ་མ་ནི་དུར་འུད་སད་ནེ་རོ་ཡང་གུ་རུ་པྲ་ཏ་མི་ཤ་རོ་ལ་རྦད། ཅེས་དེ་བསྟོད་དེ་བྱའོ། །མཚང་སྔགས་འདི་ཡང་བཟླས་པར་བྱའོ། །མ་ནི་དུར་བི་ཤོ་ཏྲ་བད་ཤོ་བི་ཤི་རོ། །ལོ་ཏི་ནང་དུ་ནི་དུར་ཡ་ཁྲེང་ཁྲེང་། སྨྱོ་པད་ཏྲི་པདྨ་མ་ར་ཡམ་ས་ཐམས་ས་ཐམ་དུན་སྨྱོ། བ༷་ཁྲག་བ༷་ཁྲག་རི་ཏི་སྨྱོ། མུན་ཐིབས་མུན་ཐིབས་མ་མ་སྨྱོ། ཞེས་ཏེ་གོང་གི་སླུད་ཕུར་གཞུག །ཆུ་མིག་མགོ་ལྔ་ཡོད་པར་བསྐྱལ། །དམུ་ཆུ་དང་ནི་མཁྲིས་ནད་འོང་། །དེ་ཉིད་དབུས་སུ་ནུབ་པར་བྱ། །ཞེས་ཏེ་དེ་ལྟར་བྱ་བ་གསུངས། །དེ་ནས་ལས་རྣམས་ཐམས་ཅད་ཀྱི་གདོན་མི་ཟ་བར་འགྲུབ་པར་བྱ་བའི་ཕྱིར། །དྲག་སྔགས་སྙིང་གཟེར་དྲག་པོ་འདི་གསུངས་སོ། །ཐོད་པ་ནག་པོ་དྲག་པོའི་རྫས། །ནང་དུ་མཐུན་པའི་ལིང་ག་གཞུག །མིང་རུས་གུར་གུམ་སྨན་གྱིས་བྲི། ཁ་རུ་སྐུད་པ་རྒྱ་གྲམ་བཅིང་། །ཐོད་པ་དག་ཏུ་གཞུག་བར་བྱ། །ཞེས་ཏེ་དྲག་སྔགས་འདི་གསུངས་སོ། །ཨོ་ས་ཏ་ཡ་མུ་ར་ཡ་མྱ་ར་ཡ་ཛ་ལ། བཛྲ་ཀེ་ཙ་ཏུ་ཕེ་ཕཊ། ཅེས་ཏེ་དེ་ནི་སྔགས་སོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། བྱེ་ཆུང་ཅན་གྱི་ལེའུ་སྟེ་ལྔ་བའོ།། །།དེ་ནས་བུམ་པའི་མན་ངག་དྲག་པོའི་གཏད་པ་འདི་གསུངས་སོ། །འབྲུ་སྣ་ཚང་བའི་དར་ཕྱེ་ལ། །རིན་ཆེན་སྤོས་མཆོག་གཏད་པར་བྱ། །སྦྲུལ་མགོ་དགུ་པའི་གཟུགས་བྱས་ཏེ། །མགོ་ལུས་བྲལ་ཏེ་སྐྲུ་གུར་བྱ། །ལུས་སྣང་ལིང་ཀ་གཞུག་པར་བྱ། །མགོ་ན་འཁོར་ལོར་གཞུག་པར་བྱ། །འཁོར་ལོ་བཞིར་ལྡན་གེ་སར་བྲི། །དབུས་སུ་དམ་ཚིག་ཧུ༷་དེ་དགོད། །འཁོར་ལོ་བཞི་ལ་པ་ར་ན་ཡའོ། ཁྲར་ནས་པ་ར་ན་དགོད་བྱ། །ག་འུ་ཁ་སྦྱར་སྤྲད་བའི་ནང་། །གཟུགས་མིང་བཅུག་ལ་ཁ་སྤྲད་དོ། ཁ་སྤྲད་རྒྱ་ཡང་གདབ་པར་བྱ། །གཉིས་ཀ་ནོན་པར་བྱ་བ་གསུངས། །སྦྲུལ་མགོདགུ་པ་བྱང་དུ་བྲི། །ནུབ་ཏུ་བདུན་པ་ཤར་དུ་ལྔ། །ལྷོ་རུ་གསུམ་པ་བྲི་བར་བྱ། །ཀ་རི་ཀ་ལ་ལོངས་སྤྱོད་བྲི། །དེ་ལྟར་གའུ་ཞེས་སུ་བཤད། །བྱོལ་སོང་ཀླུ་ཡི་ཕོ་བྲང་གདབ། །རྒྱལ་པོ་རིགས་ཏེ་གཏད་པར་བྱ། །ཞེས་ཏེ་དབང་དུ་བསྡུ་བའི་གསང་སྔགས་འདི་དག་གསུངས་སོ། །ཨོ་ས་བྱི་ས་ཆོད་གཅིག་ཁ༷་ལིང་མ་དུ་སྨྱོ་སརྦ་བིག་ཤ་ཁ་ལིམ་དུ་སྨྱོ། ཞེས་ནི་དབང་དུ་བསྡུ་བར་བྱའོ། །ཨོ་ཙིསྟ་བ༷་འབྲུ་ཐུམ་རིལ་ཁས། ས་མ་ཡ་སྨུགས་ཐིགས་ཀླད་ཁྲག་སྤྱོས་ཤིག །དམིགས་རྩ་བསྒྱུར། ཨོ་ན་ག་་་་ལིང་ནི་གྲྭཧྭ། ཞེས་ཏེ་ཞག་བདུན་རབ་བསྒྲུབས་སྟེ། །དྲག་སྔགས་འདི་ནི་རབ་ཏུ་གསུངས། །ནཱ་ག་རྭ་ཛ་ས་མ་ཡ་ཙིསྟ་ཛོ་ལ་ཡ་ཧུ༷་ཕཊ་གྲྭཧྭ། ནཱ་ག་རྭ་ཛ་ས་མ་ཡ་ཤུ་ཏི་ཀྲི་ཏ་སྨྱུ་ར་ཡ་ཛ། ནཱ་ག་རྭ་ཛ་ཤུ་ཤུ་ལི་དགྲ་བོའི་ཙིསྟ་ལ་ཡ་ཛ། ཨོ་ཙིསྟ་མུ་ར་ཡ་སད། ཙག་ཀྲང་དུ་ཀྲི་མུ་ར་ཡ་སད། ཙསྟུ་ཀྲང་ཀ་མྱ་ར་ཡ་སད། ནཱ་ག་པ༷་པ་རི་ལི་ལི། ཙཀྲ་མུ་ར་ཡ་དགྲ་བོའི་ཙིཉི་ཛ་ལ། ཞེས་དེ་གཏད་པ་དེ་བཞིན་ནོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། ལས་བཅུའི་ལས་ཏིར་ཡ་ཀའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་པ་ཏྲ་ནག་པོ་ཞེས་བྱ་བ་དྲག་སྔགས་གསུངས་སོ། ་༑ན་ཏུ་མཚན་ངན་དྲག་པོའི་ཐོད་པ་ལ། །དཀར་ནག་རྫས་ཀྱིས་བདུག་པར་བྱ། །སྐྱེས་པའི་ཁྲག་གིས་ལིང་ག་བྲི། །ཏིལ་དང་སྐེ་ཙེ་ཤང་ཚེ་ལ། །ག་གོན་ནག་པོའི་གཟུགས་བྱ། །ནང་དུ་ལིང་ག་གཞུག་བར་བྱའོ། །སྔོན་མར་སྐུད་པས་སྐེ་ནས་གདགས། །དྲག་པོའི་རྫས་སུ་བཅུག་ནས་ནི། །སོལ་ཆེན་ཐལ་བས་ཁ་གཅད་ལ། །དམ་ཚིག་འབྲུ་དགུའི་སྔགས་ཀྱིས་བསྐོར། །སྔོན་མ་ཞུན་མས་སྦྲུལ་རིས་བཀྲི། །ཞེས་ཏེ་དྲག་སྔགས་འདི་གསུངས་སོ། །ཨོ་ཤ་ཤ་ཤུ་ཤུ་མུ་ནེ་རྙོ་ན་ཙཀྲ་ཤུར་ན་ཀྲི་བ་ཡམ། ནག་པོ་ཙིསྟ་རྒྱས་ཁྲག་རྒྱས། འབུར་འགྲིམས། དགྲ་བོའི་ཙིསྟ་ཛ་ལ་ནཱ་ར་ཡ་ཕཊ། ཅེས་ནི་གཏད་པར་བྱའོ། །དེ་ནས་སྣ་ཚོགས་ཀླུ་ལ་གཏད། །དེ་ཡི་རིགས་རྣམས་ཐོད་པ་ལ། །ཕྱོགས་བཞི་ག་གོན་མཆུ་རུ་སྤྲད། །དེ་དབུས་ས་ལ་ར་བཞིས་བསྐོར། །ནཱ་ག་རྭ་ཇོའི་མིང་དང་སྤེལ། །ག་གོན་ལུས་ལ་དགོད་པར་བྱ། །སོ་སོ་ཁ་རུ་ན་བཞི་དགོད། །རུས་དང་སྤེལ་བའི་རྫའི་བར། །དེ་བཞིན་དྲག་པོའི་ཐོད་པ་ལ། །འཁོར་ལོ་ནག་པོ་བྲི་བར་བྱ། །སྦྲུལ་མགོ་ཀླུ་གཟུགས་འཁོར་ལོ་བསྐོར། །འཁོར་ལོ་རྩིབས་བཞི་གྲུ་གསུམ་ལྡན། །མུ་ཁྱུད་སྦྲུལ་གྱི་ཆུན་བུ་བྲི། །ནཱ་ག་རྭ་ཛའི་འཁོར་ལོ་ལ། །མ་ར་བ༷་གྱི་དབུས་སུ་དགོད། །བཞི་པའི་འཁོར་ལོ་མཛེས་པ་བྲི། །དེ་ནས་དྲག་སྔགས་འདི་དག་གེ །ནཱ་ག་ཡསྒ་བཛྲ་ཀྲོ་ཏ་ཡ་ས་མ་ཡ་ཛ་ནཱ་ག་བཛྲ་རག་ཤ་ས་མ་ཡ་ཙིསྟ་ཛརྙོ་ལ་རྙོ། ནཱ་ག་སརྦ་དུ་་ས་མ་ཡ་ཙིསྟ་ཛ་ལ་མྱ་ར་ཡ་ཛ། ཞེས་ཏེ་གཏད་པར་བྱ་བའོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། པ་ཏྲ་ནག་པོའི་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་སྔགས་ཀྱི་སྤྱིན་སྲེག་གི་ལེའུ་འདི་གསུངས་སོ། །དཀར་བརྟགས་པའི་གནས་ཉིད་དུ། །སྒོག་མོ་གྲུ་གསུམ་བསམ་པ་སྲ །དབུས་སུ་ང་རྒྱལ་ཧུ༷་བྲིས་ལ། །དཀར་པོ་དབུས་སུ་སྒྱེད་ཀར་གཞུག །དེ་ནས་ཀླུ་རྣམས་སྤྱན་དྲང་ངོ་། །ཛ༷༷ཧུ༷་བ༷་ཧོ༷༷ ནཱ་བྷ་ས་མ་ཡ་བ་རུ་ན་བ་ཡ་བེ་ས་མ་ཡ་ཧོ་ས་མ་ཡ་སྟུ༷། ཞེས་ཏེ་སྤྱན་དྲང་ངོ་། །དེ་ནས་མེ་ལྷ་སྤྱན་དྲངས་ཏེ། རྩ་བའི་སྔགས་ཀྱིས་སྦྱན་དྲངས་པས། །གསེར་མིག་འབར་བ་སྟེན་པར་འུར། །སྣ་ཚོགས་སྨན་དང་ཏིལ་མར་ཞོ། །འོ་མ་འབྲས་དང་མཚལ་དང་དུང་། །དེ་བཞིན་རྫས་རྣམས་དབུལ་བར་བྱ། །དེ་གཟུགས་མིང་རུས་བྲིས་ནས་ནི། །སྣ་ཛོགས་སྨན་དང་ཏིལ་མར་ཞོ། །ག་གོན་བཅས་ཏེ་ནང་དུ་གཞུག །ཙན་དན་སོལ་བས་ནག་པོར་བྱ། །དེ་ནས་བསྲེག་ཅིང་དབུས་སུ་གཞག །ཅེས་ཏེ་སྦྱིན་སྲེག་སྔགས་འདིའོ། །ཨོ་ཙཀྲི་མ་ར་ཡ་སད། ནཱ་གྭ་བ་རུ་ན་ཡེ་སྲུཧྭ། ཨོ་ནཱ་ག་སུ་ཏྲ་ཏི་བཛྲ་དུན་ཏ་མི་ལི་མི་ལི་སྲུཧྭ། ནག་པོ་ཙི་མུ་ར་ཡ་གཤུར་ནི་ཏྲ་བམ་ཁ་སོད།ཡ་ཏྲི་མྱ་ར་ཡ་པ་ཤང་ཀུ་རུ་ཡེ་སྲུཧྭ། ཞེས་ཏེ་མིང་རུས་ཐལ་བ་དང་། །དར་མཐིང་ནག་པོའི་ནང་དུ་ག་། །ཐོད་པར་བཅུག་སྟེ་སྦྲ་བར་བྱའོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། སྤྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཀླུ་རྣམས་གནད་ལ་ཕབ་ནས་ལོ་ནད་དབབ་པ་འདི་གསུངས་སོ། །ཀླུ་རྣམས་ཀྱི་ནི་ཕོ་བྲང་དུ། །པདྨ་འདབ་བརྒྱད་བྲི་བར་བྱ། །ཚོན་རྣམས་མཛེས་པར་བྲིས་ནས་ནི། །དབུས་སུ་གསེར་མིག་འབར་བ་དགོད། །དེབཞིནཕུ༷༷བརྒྱདཔདྨ་ལ། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །དགུ་པ་བདུན་པ་ལྔ་པ་གསུམ། །སྦྲུལ་མགོ་སོ་སོར་རིགས་བཞི་ཁ་དོག་བསྒྱུར། །གདོང་པ་མཚལ་གྱིས་བྱུག་པར་བྱ། །ནཱ་ག་རྭ་ཛ་ཀི་ཡི་ཀི་ལ་ཡ་སྲུཧྭ། ནཱ་ག་རྭ་ཛ་བཛྲ་ཤུ་པ་ལི་གྲྭཧྭ། ཀྭ་ལི་ཀྭ་ལི་ནཱ་ག་བཛྲ་དུན་ད་རག་ཤ་ཕཊ། ཅེས་ཏེ་རིག་སྔགས་ཕྱོགས་བཞི་ཡི། །ཤར་ནས་སྐོས་ཏེ་སྦྲུལ་ལ་གདབ། །དེ་ནས་ལིང་ག་བཞི་གཏུབས་ཏེ། །ཐལ་ཆེན་ཉུངས་ནག་རབ་སྦྱར་ཏེ། །ཆུ་མིག་བླུགས་ཤིང་ངན་སྔགས་བཟླས། །ནཱ་ག་ར་ཛ་ཀྲི་སྣ་ཀྲུང་ཀྲུང་ཤིང་ཏི་རྭ་ཛ་ཡ་ནན། ཞེས་ཏེ་གཏོར་གཞོང་ཁ་སྐྲུབ་ལ། །ཚེས་གཅིག་དག་ལ་མནན་པར་བྱའོ། །ཚེས་བཞིའི་ཉི་མ་ཟར་ཟེར་ལ། །གར་གདབ་པའི་ཕྱོགས་དེ་མྲ །སླར་ལ་ཕྱང་སྟེ་གཏོར་མ་བྱའོ། །སྒག་ནི་ས་མ་ཡ་ཡ་པུ་པུ་ལི་ལི་ག་དུན་བྷ་སྨྱོ། ཨོ་བ་ཤ་མེ་གེ་ཏུ་མ་ཤིག་གི་ཀི་ཀང་ཛ་ལ་ཡ༷་ཨ་ཙེ་ཏེ་སྲུཧྭ། ཤན་ཏི་རག་ཤ་ནཱ་ག་ས་མནྟྲ་པྲ་ར་སན་ནཱ་ག་བཛྲ་སྨྱོ། ཞེས་ཏེ་སེང་ལྡེང་ཕྱུང་སྟེ། ཀླུའི་དྲག་སྔགས་གདགས། ཀླུ་རྣམས་གཞལ་ཡས་ཐོབ་ཅིག་པར་བསྒོ་སྟེ། གཡུང་དྲུང་དཀྱིལ་དུ་སྣུབས་ཏེ་སྦའོ། ཁྲར་ནུབ་ལྷོ་བྱང་ནམ་མཁའ་ལྡིང་། །ཟིལ་གནོན་ཕྱག་རྒྱས་བསྲུང་བར་བྱའོ། །དངོས་གྲུབ་ཇི་ལྟར་འདོད་པ་འབྱུང་། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། ལོ་ནད་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྤ་ཏྲ་ནག་པོ་ར་ཁྱི་ངན་སྔགས་འདི་གསུངས་སོ། །གླང་རུ་གཡས་པའི་ནང་དག་ཏུ། །དགྲ་ཡི་ལིང་ག་དེར་བཅུག་ལ། ཁུ།ན་དུ་བཟླས་པའི་སྙིང་པོ་འདིའོ། །ཨོ་མང་པུར་ཤིར་སོད། ཨོ་ར་ཤིག་སོད། ཐུན་ཏྲེ་ཤིག་སོང་། རྦད་ཤིག་སོད། ཡིད་ཤིག་སོད། ཅེས་ཏེ་ཞག་བཞི་བསྒྲུབ་པར་བྱའོ། །ཀླུ་རྣམས་དགུག་ཅིང་གཏོར་མ་གཏང་ངོ་། །དེ་ཡི་སྔགས་ནི་འདི་དག་གོ །ཨོ་ནཱ་ག་ཡག་མས་བཛྲ་དུན་དུ་མི་ལི་མི་ལི་སྭཧྭ། ཞེས་ཏེ་དྲག་སྔགས་འདི་ཡིས་གཏད། །སྐྲུ་ཏི་ད་ར་རྦད། རྦད་ལ་ཡ་ཏྲི་སོད། རྦུད་ན་ཤིག་ནག་པོ་ཙིསྟ་སྨྱུ་ར་ཡ་ཁྲག་ཏིར་སྣར་མ་རྦད། ཅེས་ཏེ་གཏད་པར་བྱའོ། །ཀླུ་དམ་ཚིག་གི་རྒྱུ་ཕྱི་མ་ལས། སྤ་ཏྲ་ནག་པོ་ར་ཁྱིའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཆུ་གླང་སྔོན་པོའི་ངན་སྔགས་ཞེས་བྱ་བ་འདི་གསུངས་སོ། །གླང་དེ་ཁྲ་བོའི་རྭ་གཅིག་ལ། །སྦྲུལ་གཉིས་བྲིས་པའི་གྲོ་ག་གླན། །ཚོན་སྐུད་ཀྱིས་ནི་ཡེ་གསུམ་བཅིང་། །ལིང་ག་གྲོ་ག་ལ་བྲིས་ལ། །རུས་སྦལ་ནག་པོའི་སླུད་པུར་གཞུག །རྭ་ཡི་ནང་དུ་དེ་བཅུག་ལ། །འདའ་ར་ཀ་ཡི་རྒྱས་བཏབ་ལ། །ཞག་གསུ་་་ཟླི་ང་པོ་འདི་བཟླས་སོ། །ཨོ་སྭ་སྟི་གྲ་མ་ཤག་ནི་དུ་ཡ་སད། ཀྲ་མ་ནི་སད། བྱི་ཐུམས་ནི་སྨྱུ་ར་ཡ་སད། ཞག་ལྔར་ཟས་ནི་རྣམ་ལྔ་ཡང་། །སྤངས་ཏེ་བསྒྲུབ་པར་བྱ་བ་ཡིན། །དེ་ནས་དྲག་སྔགས་འདི་དག་གོ །ཨོ་ཞུང་ཏྲི་ཤུན་ཏྲི་བྲི་ལི་ལི་ཧེ་ཕཊ། ཧེ་ཕཊ། ཨོ་དུ་ཏྲི་ཟ་རི་ཏྲི། ཙ་ཙ་ཙི་ཙི། སྒག་ཤ་ལ་ཁུ་མུན་ཙི། སྙིང་ཁ་མ་ར། མདུན་སྨྱོ་སྦྱོ། རག་མོ་ཁ་རག་ཙིརྟི་ཁ་རག །ཅེས་འབུམ་དུ་བཟླས་སོ། །གཏད་པའི་ས་ནི་ལྷོ་བྱང་དུ་བལྟས་པ་དང་། ལྐུག་པ་དང་། ལོང་པ་དང་། འཐབས་ས་དང་བཞིའོ། །དེ་རྣམས་གང་མེད་ཀྱང་། སྔགས་རང་སར་སོང་ལ། ས་བཙལ་ཏེ་ཡང་སྙིང་ནག་པོ་གཅེས་སོ། །བདེན་པ་བདར། དཔང་གཟུགས། མཆོད་པ་ཕུལ། རང་གི་གྲིབ་མ་དྲི་མ་བྱད་མི་དབྱུང་ངོ་། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་གཏད་ཐབས་ཅིག་བསྟན་ཏེ། དེ་ལ་འདུག་པ་བཙལ་བ་དང་། གྲུབ་མ་གྲུ། རིགས་གང་གིས་བྱ་བ་དང་། ཀླུ་གནད་ལ་བོར་བ་དང་། མི་ལྡོག་པ་དང་། དམ་ཚིག་དང་། གོ་བགོ་བའོ། །ཆུ་མིག་ཁ་བྱང་དུ་བལྟས་པའོ། །ཕ་མ་གླང་དང་སྦལ་གྱི་རིགས་སོ། །བུ་སྦྲུལ་གྱི་རིགས་སོ། །དེ་གསུམ་ལ་གཏད་དོ། །ནན་ལ་བོར་བ་ནི་ཆུ་མགོ་ར་དང་བྲུས་ལ། ཡ་རྟགས་རྩལ། ཁམ་པོར་དུ་མཆེ་བ་ཅན་དང་། ཨ་མྲི་ཏ་དང་གཟུགས་བཅུག་ལ། དར་མཐིང་ནག་དག་གིས་དགབ། མེ་མར་གཏད་དོ། །ནན་ལ་བོར་བ་ནི་ཆུ་མགོ་ར་དང་བྲུས་ལ། ཡ་རྟགས་རྩལ། ཁམ་པོར་དུ་མཆེ་བ་ཅན་དང་། ཨ་མྲི་ཏ་དང་གཟུགས་བཅུག་ལ། དར་མཐིང་ནག་དག་གིས་དགབ། མེ་མར་གཏད།རྫས་བསྲེག །གླང་རུ་ཆུ་དང་། ཤ་དང་། སྙིང་དང་། ཁྲག་བླུགས་ལ་སྦྲེང་ཞིང་བཟླས་སོ། །ནཱ་ག་ནཱ་ག་ཀྲོདྷ་ནི་ནཱ་ག་ན་བཛྲ་ཡསྒ་ཀྲོ་དྷ་ནི། ནཱ་ག་ནཱ་ག །ན་རི་མེ་བ་ཏ་ཛུ་ལ་ཛ་ལ། ཞེས་སྦྲེང་ངོ་། །དར་ཤིང་ལ་བཏགས་ལ་དགྲ་བོ་འདི་སོད་ལ་གཡབ་བོ། །སེང་ལྡེང་གི་ཕུར་པ་ལ་ཁྲོ་བོའི་སྙིང་པོ་བྲིས་ལ་གཟུགས་སོ། །ཙང་ལ་ཁྲག་གིས་བྱུགས་ལ་མཐའ་མ་བསྐོར། །མི་ལྡོག་པ་ནི་དགྲ་ཕུང་བའི་རྟིང་ལ། གོང་གི་ཡས་བརྟགས་འབྱུང་ངོ་། །གཟུགས་ལ་མཆོད་པ་བྱའོ། །མདོ་འདོན་ནོ། །གསེར་ནམ་ཅིག་ཞོ་ཅིག་ཙམ་ཅིག །མེས་མ་བསྲེགས་པར་ཆུ་མིག་ཏུ་གཞུག །དེས་ནི་རང་ལ་ལྡོག་གོ །བསྲུང་བའི་དམ་ཚིག་ནི་གཞན་ལ་མི་སྤེལ་བ་དང་། མི་སྨྲ་བ་དང་། གཉན་བྱ་སྟེ་ངའི་ཤ་ཚིལ་མི་ཟ་བ་དང་། ཀླུ་ཤིང་བྲ་མ་མེས་མི་བསྲེག་པའོ། །ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། གཏད་པའི་སྙིང་ཁོལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀླུ་དབང་དུ་སྡུད་པ་ཞེས་བྱ་བ་འདི་གསུངས་སོ། །ལས་འདི་ལ་རྣམ་པ་གཉིས་ཏེ། དེ་ལ་རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་བསྒྲལ་བའོ། །དེ་ལ་རྟོགས་བས་བདག་སྒྲལ་བ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམས་ལ།བྱ་ཁྱུང་གི་བསྐྱེད་ཐབས་ནི་མན་ངག་ལས་ཤེས་པར་བྱའོ། །སྙིང་པོ་ནི་ཀང་ཀ་ལ་རག་ཤ་ན་ཧུ༷་ཞེས་པས། བདག་བྱ་ཁྱུང་ག་རུ་ཌ་ལུས་པོ་མི་ལ་གཤོག་མཇུག་བྱའི་གཤོག་མཇུག་ཅན། གཤོག་པས་གནམ་བཀབ་པ། ཐེའུ་གཤོག་ལྕག་མིག་སེར། གནམ་ལྕགས་འབར་བའི་མཆུ་སྡེར་ཅན། སོ་ལྕགས་དེ་ལྟར་རྒྱན་དང་ཆ་ལུགས་ལྡན་པ་ནི་དེས་གཞན་འདུལ་བས་ཐུགས་རྗེས་གཞན་སྒྲོལ་བའོ། །ཕྱི་མ་ལས་དབང་དུ་བསྡུ་བའོ། །ཀླུ་དམཚིག་གི་རྒྱུད་ཕྱི་མ་ལས། དབང་དུ་བསྡུ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཀླུའི་དམ་ཚིག་གི་རྒྱུད་ཕྱི་མའི་ལས་ཁོལ་བུ་རྫོགས་སོ།། །།ནཱ་ག་རྭ་ཙ་ས་མ་ཡ་ཏནྟྲ་ས་མ་པ་ཏྲ། ་༑།། །།