Ngb-pt-0911-vol-10-text
Front
Body
རྒྱ་གར་སྐད་དུ། ཤི་ཡསྒ་ཙཀྲ་ཀྲི་སྣ་གུ་ཡ་ས་མུ་ཏྲ་ཧ་ལ་ནཱ་མ། བོད་སྐད་དུ། དཔལ་ཡསྒ་ནག་པོ་གསང་བའི་དུག །རྒྱ་མཚོ་དུག་རི་ནག་པོ་ཞེས་བྱ་བ། དཔལ་འཇོམས་བྱེད་སྲིན་པོ་ཀླུ་འདུལ་བ་ལ་ཕྱག་འཚལ་ལོ། །མ་རིག་པ་སྨག་རུམ་མུན་པའི་དབུས་རྒྱ་མཚོ་མྱོས་བྱེད་དུག་རི་ཁ་ཞེས་བྱ་བ་བསྐལ་བ་སྦྲུལ་ནག་འཁྱིལ་བའི་གཞལ་ཡས་ཁང་། རབ་ཏུ་འཇིགས་ཤིང་ཡ་ང་བའི་གནས། དྲེགས་པ་མདུང་པའི་དེད་དཔོན། དུག་སྦྲུལ་ནག་པོ་ཁ་ནས་མེ་འབར་བ། ལྕགས་རུ་ནག་པོ་གནམ་དུ་ཟང་ངེ་འདུག་པ། ཁྲག་མིག་དམར་པོ་བཟློགས་ནས་གཟིགས་པ། རབ་ཏུ་འཇིགས་པ་ཞིག་དང་། ཡུམ་ཀླུ་མོ་སྦལ་མགོ་ཁྲག་མིག་མ་བྱ་བ། རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འདུག་པ། སྲིད་གསུམ་ལྷོ་ན་འཆར་བ་ཞིག་གནས་སོ། །ཡབ་ཡུམ་ཁྲམ་ལ་འདེབས་ཤིང་ཁམས་གསུམ་དབང་དུ་སྡུད་བར་གནས་སོ། །གཞན་ཡང་འདུག་པར་བྱེད་ཀྱི་ཀླུ་བདུད་སྐྲུལ་གྱི་གདེང་ཀ་ཅན་དང་། ས་བདག་ནག་མོ་ཟ་བྱེད་ཅན་དང་། གཉན་མ་གླང་གི་མགོ་བོ་ཅན་ལ་སོགས་པའི་སྤྲུལ་པ་དང་བཅས་པ་ཕོ་བྲང་རྒྱ་མཚོ་འཁྱིལ་པ་ན་རི་རབ་ཀྱི་ངོས་ལ་སྐུ་རྟེན་ཏེ་གནས་སོ། །གཞན་ཡང་ཕོ་བྲང་གི་སྒོ་རེ་རེ་ན། ཀླུ་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་རིགས་རྣམས་གནས་སོ། །གཞན་ཡང་དེ་དག་རེ་རེ་ལ། འཁོར་མང་པོས་ཡོངས་སུ་བསྐོར་ཏེ། ནད་ཀྱི་སྐལ་པ་དང་། མཚོན་ཆ་ངར་བས་སེམས་ཅན་གྱི་སྲོག་དང་བཀྲག་མདངས་ལ་དབང་སྒྱུར་ཏེ། འཇིག་རྟེན་ན་གྲགས་ཤིང་དབང་ཆེ་བ་བདུད་གཏུམ་བག་ཅན་དང་། ཀླུ་མི་གྲུན་པ་དག་ཡིན་ཏེ། དེ་དག་ཀྱང་སྦྲུལ་ནག་པོ་འདིས་བྲན་དུ་འཁོལ་བས། དེ་ཕྱིར་སྐྲུལ་ནག་འདིལ་མནན་གཏད་དོ། །རྒྱ་མཚོ་དུག་རི་ཁ་ལས་རྟོག་པ་དང་པོའོ།། །།དེ་ནས་བསྟན་པ་ལ་བར་ཆོད་བྱེད་པའི་དགྲ་བོ་བསྒྲལ་བའི་ཕྱིར། ནཱ་ག་རྭ་ཛ་སྲིན་པོ་སྒྲུབ་ཅིང་དགྲ་ལ་མཛེ་ནད་སྣ་ཚོགས་གཏང་བའི་ཕྱིར། གདུག་པའི་ཀླུ་སྒྲུབ་པརབྱའོ། །ཀླུ་ཡི་གཉེན་པོ་ནག་པོ་ཏི་པ་ཙ་བསྒྲུབ་པར་བྱའོ། །དེ་ཡང་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ལས། ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཡ་མན་ཏ་ཀ །སྤྲུལ་པའི་སྐུ་ཟ་བྱེད་ནག་པོ་མགོ་དགུ་པ་ཡིན་ཏེ། དོན་སྐྱེ་འགག་མེད་པའི་སྲས་ཞེ་སྡང་ནག་པོ་ཏི་པ་ཙ་ཞེས་བྱ་བ་ཡིན་ནོ། །གསུང་ལས་སྤྲུལ་བར་གྱད་ཀྱི་ཡམ་ཤུད་དམར་པོ་ཡིན་ནོ། །ཐུགས་ལས་སྤྲུལ་པ་ཟ་བྱེད་ཕུང་བྱེད་གཟའ་སྦྱང་ཆེན་པོ་ཡིན་ནོ། །དེས་ན་འདི་ཉིད་ལ་ནན་ཏན་བྱས་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བར་འགྱུར་རོ། །དང་པོ་བསྙེན་པའི་སྟོབས་ཀྱིས་ལྷ་སྒྲུབ་པ་དང་། དེ་ནས་ཉིད་སྒྲུབ་ཏེ་གཏད་ཁྲམ་སོ་སོར་བྱ་བའོ། །དང་པོ་བསྙེན་པོ་སྟོབས་ཀྱི་ལྷ་ནི་ཐད་ཀྱི་གཉེན་པོ་ཀླུ་བདུད་ནག་པོ་ཡིན་པས། དང་པོ་དཀྱིལ་འཁོར་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །དེ་ཡི་ཕྱི་རིམ་ལ་སྦྲུལ་འཁྱུད་པ་བྱའོ། །གྲུ་ཆད་དང་སྒོ་དྲང་ལྡན་པར་བྱས་ལ། དབུས་སུ་ཀླུ་བདུད་ཀྱི་གཟུགས་བཞག །ཀླུ་བདུད་ལ་གཏོར་མ་དང་། འབྲས་ཆན་དང་། གསེར་སྐྱེམས་བཤོས་བུ་ཡང་དགྲམ་མོ། །དེ་ནས་ཏིང་ངེ་འཛིན་རྣམ་གསུམ་ལས། ཡི་གེ་ཧུ༷་མཐིང་ནག་གཅིག་སྒོམ་མོ། །ཧུ༷་ལས་འབྱུང་བ་རིམ་པར་ཆགས་པ་ལས། ཁ༷་ཞེས་བརྗོད་པས་གཞལ་ཡས་ཁང་གཅིག་སྒོམ་མོ། །ཨོ་ཕེ་ཤ་ག །བྲུ༷་ཞེས་བརྗོད་པས། སྦྲུལ་ནག་གི་གཞལ་ཡས་ཁང་། ཆུ་སྲིན་གྱི་ཐོག་ཕུབ་པ། རུས་སྦལ་གྱི་ཡ་ཐེམ་དང་མ་ཐེམ་བྱས་པ། གཟས་པ་ཕོ་མོའི་གདན་དང་ལྡན་པ་ལ། རླུད་ནག་གི་དཀྱིལ་འཁོར་འཁྲུག་པ། དེ་ཡི་གདན་སྟེངས་སུ་ཡི་གེ་ཧུ༷་དེ་བབས་པ་ལས ཨོ་ནག་པོ་ཏི་པ་ཙ་ཡ་སྭ་དྭ་དུ་པ་ཙ་ཛ་བེ་རུ་ན་ཧུ༷། ཞེས་བརྗོད་པས་ད་ཅི་བས་ཀྱང་གསལ་འོད་སྔོ་དམར་འཕྲོ་བར་བསམ། ཨོ་ནག་པོ་ཏི་པ་ཙ་ཡ་ཁ་ཤ་ཤ་ཧུ་ཡ་ཧུ་ཛ་ཧུ༷་ཡ༷་ཧུ༷་ཡ། ཞེས་པ་བརྗོད་པས་སྦྲུལ་ནག་པོ་ཁ་ནས་མེ་འབར་བ། མིག་དང་སྣ་ནས་ཁྲག་དང་ཆུ་སེར་འཛག་པ། སྦྲུལ་ནག་དེ་ལག་པ་བརྒྱ་དང་ལྡན་པ། གཡས་པ་སྦྲུལ་གྱི་ཞགས་པས་དགྲ་པོ་འཆིང་བ། གཡོན་པ་ནད་ཀྱི་རྐྱལ་པ་རྡེགས་པ། མཇུག་མ་རྒྱ་མཚོར་བརྐྱང་བ། གཟུགས་ཕུང་རི་རབ་ལ་བསྟེན་པ། དབུ་བར་སྣང་ཁམས་སུ་འཔྱོ་བ། ལག་པས་སྟོང་གསུམ་ཉབ་པར་བསམ་མོ། །ཨོ་ནཱ་ག་རསྒ་ཕེ་ཤན་ཤུ་ཤི་པ་རསྒ་ཧུ༷། ཞེས་བརྗོད་པས། ཡུམ་ཀླུ་མོ་ནག་མོ་སྐུ་སྟོད་བུད་མེད་ནག་མོའི་ཆ་ལུགས་སུ་འདུག་པ། སྐུ་སྨད་སྦྲུལ་ནག་ལ་ཉ་ཆེན་ཡོར་མོའི་ཐུལ་པ་གོན་པ། སྦྲུལ་ནག་གི་རལ་པ་ལ་མཛེ་ཤུ་ཚ་ཚ་འཕྲོ་བ། མིག་ནས་ཁྲག་འཛག་བ། སྣ་ནས་ནད་ཀྱི་རླངས་པ་འབྱིན་པ།ཞལ་ནས་སྦྲུལ་དང་སྦལ་པ་ནག་པོའི་ཆོ་འཕྲུལ་འགྱེད་པ། གཡས་པ་སྦྲུལ་ནག་གི་ཞགས་པ་ཐོགས་ནས་གཙོ་ལ་འཁྱུད་པ། གཡོན་པ་མཛེ་ཤུའི་རྐྱལ་པ་ཕྱོགས་བཅུར་འཐོར་པ། གཟས་པ་པོ་ནི་སྙིང་བྲབས། ནས་གཙོ་ལ་བཏབ་པར་སྒོམ། ཡུམ་གྱི་ཐུགས་ཁ་ནས་ཧུ༷་ནམ་ལས། སྐུ་ཡི་སྤྲུལ་པ་ཀླུ་བདུད་ཀྱི་གདེང་ཁ་ཅན་དང་། གསུང་གི་སྦྲུལ་པ་གཉན་དམར་གླང་མགོ་ཅན་དང་། ཐུགས་ཀྱི་སྦྲུལ་པ་ས་བདག་ཟ་བྱེད་ནག་པོ་དང་།གཞན་ཡང་ཕེ་རསྒ་ཞེས་བརྗོད་པས། ཛ༷༷ཧུ༷་ཞེས་བརྗོད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད། ཀླུ་དང་ཀླུ་བདུད་ས་བདག་དང་ཀླུ་བཙན་དུ་མ་གྱུར་པ་མེད་པ་གཙོ་བོ་ལ་ཕྱག་བྱེད་ཅིང་ལས་ལ་རྒྱུག་པར་བསམ དེ་ནས། ཨོ་ནག་པོ་ཏི་པ་ཙ་ཡ་ཁ་ཡསྒ་ཧུ་ཡ་ཧུ་ཡ་ཛ་ཧུ༷་ཡ་ཧུ༷་ཡ་ཛ། ནཱ་ག་རསྒ་ཕེ་ཤན་ཤུ་ཤ་བེ་རསྒ་ཧུ༷་ས་མ་ཡ་ཛ་ཛ། ཞེས་སྤྱན་དྲངས་ལ་གཉིས་སུ་མེད་པ་ལ། ཨོ་ནཱ་ག་རྭ་ཛ་དུ་བ་པུ་ཙ་མེ་ཧུ༷། བ་ལིང་ཏ་ཁ་ཁ་ཁུ་ཧི་ཁུ་ཧི།ཞེས་མཆོད་པ་དབུལ་ལོ། །དེ་ནས་རྒྱུན་གྱི་བསྙེན་པ་ནི། ཨོ་ཨ་ཤ༷་ནག་པོ་ཏི་པ་ཙ་ནས་ག་ཀྲོདྷི་ཤྭ་རི་ཏྲ༷་ཤ༷་ཅད་བུ་གུ་རསྒ་ས་མ་ཡ་ཧུ༷་ཛ་ཛ། ཞེས་བཟླས་སོ། །རྟགས་ནི་ལུས་ཀྱུག་འགུལ་པའམ་འཁྲིག་པ་འོང་ རྨི་ལྟས་སུ་སྦྲུལ་ནག་པོ་འོང་།སྦལ་པ་ནག་པོ་འོང་། །འབྲི་རོག་དང་གཡག་རོག་པོ་འོང་། །སྦྲུལ་དང་ཉ་སྲམ་མང་པོ་འོང་། ཕྱུགས་མ་མང་པོ་དེད་ཅིང་རྨི་བ་དང་འཁོར་བ་འབྱུང་། དེ་རྣམས་མ་ལུས་བྲན་དུ་འཁོལ་བའི་རྟགས་ཡིན་ནོ། །རྫས་དང་། སྔགས་དང་། ཏིང་ངེ་འཛིན་གྱིས་ནག་པོ་ཏི་པ་ཙ་ཉིད་སྒྲུབ་པ་དང་ཀླུ་རྣམས་བྲན་དུ་འཁོལ་ཅིང་བཟློག་པ་བྱ་བ་དེ་ལ་མེད། རྒྱ་མཚོ་དུག་རི་ཁ་གཉེན་ཏི་པ་ཙ་སྔོན་དུ་སྒྲུབ་པའི་རྟོག་པ་གཉིས་པའོ།། །།དེ་ནས་ནག་པོ་ཏི་པ་ཙ་མཛེ་ནག་ལས་ཀྱི་འཁོར་ནག་པོ་འཁོར་ལོ་བཞི་ལྕགས་ཀྱི་ལས་ཐོད་པ་ཞལ་འབྱེད་འདི་བརྩམ་མོ། །སྔོན་དུ་བསྙེན་པ་རྫོགས་པར་བྱས་ལ། མཛེ་ཅན་ནམ། མོ་རབ་ཆད་ནག་པོ་མགོ་བོའམ། ལྔ་ཕུང་ཡན་ལག་རྫོགས་པ་གཅིག་བླངས་ལ། ཞག་བདུན་དུ་བསྒྲུབས་ལ་གཏད་ལས་རྫོགས་པར་བྱའོ། །དེ་ཡང་གཏད་ཁྲམ་ཆེན་པོར་བྱ་བ་དང་། འཁོར་ལོ་བཞི་ལྕགས་ཀྱི་ཐོད་སྒྲུབ་དང་། ལས་རྐྱང་པ་ཐོར་བུར་སོ་སོར་བྱ་བ་གསུམ་དུ་གསུངས་སོ། །དེ་ལ་དང་པོ་གཏད་ཁྲམ་ཆེན་པོ་བྱེད་ན། མཛེ་ཅན་ནམ། དིག་པ་རབས་ཆད་ཀྱི་ལྔ་ཕུང་ཡན་ལག་གཅིག་ལ་མ་ལུས་པར་མནན་པའི་རྫས་སུ་གཏད་དེ། དེ་ཅིའི་ཕྱིར་གཏད་ན། དེ་དག་ས་བདབ་་་་འང་བི་གྲོང་ཁྱེར་ཆེན་པོ་ཅིག་ཡིན་པས་སོ། །དེ་ལས་གཏད་པའི་ལས་རིམས་ལ། དང་པོ་རྟེན་བཅའ་བ་དང་། འཁོར་ལོ་བྲི་བ་དང་། བསྒྲུབ་པ་བྱ་བ་དང་། ཐ་མ་གཏད་པ་དང་གསུམ་དུ་གསུངས་སོ། །རྟེན་བཅའ་་བ་ནི་རིས་སམ་འབུར་དུ་གཏོད། སྦྲུལ་ནག་ཁ་ནས་མེ་འབར་བ་ཅིག་རྟེན་དུ་བཞག་གོ །འཁོར་ལོ་བྲི་ཞིང་དགོད་པ་ནི། མཛེ་ཅན་ཐོད་པ་ཤ་རས་རིས་མེད་པར་བྱས་ལ། སོག་ལེས་གཤགས་ལ། དབུས་སུ་གཤིན་རྗེའི་ཞལ་བྲིས་ལ། ཐ་མ་གསང་སྔགས་ཀྱིས་བསྐོར་ལ། གཅིག་ལ་ཡུམ་གྱི་འཁོར་ལོ་བྲི། །དེ་ནི་དཔེ་ཆུང་ལྟར་བྱ། ཐོད་པ་སྦྲུལ་གྱི་ཕོ་བྲང་ངོ་། །དེ་ནས་རྐང་བརྒྱད་ནི་སྦྲུལ་ནག་བརྒྱད་ཡིན་པས་ཁ་དོག་བསྒྱུར། སྒལ་ཚིགས་ནི་སྦལ་པ་ཉི་ཤུ་རྩ་བརྒྱད་དུ་ཁ་དོག་བསྒྱུར། དེ་ནས་དགྲ་རེ་རེ་ལ་ལིང་ག་སུམ་ཅུ་རྩ་བདུན་བྱས་ལ་ཐོད་པར་བྲུབས་ལ། ཀླུ་ཡི་དཀྱིལ་འཁོར་གོང་མར་བཞེངས་པའམ་འབྲུབ་ཁུང་གི་དཀྱིལ་འཁོར་བཅས་ལ་དྲག་པོའི་སྔགས་ལ་འཇུག་པར་བྱའོ། །དེ་ཡང་ཉིད་སྒྲུབ་མཚན་བསད་པའོ། །དེ་ནི་དྲག་སྔགས་གསང་བར་བཟླས་པ་ཡིན་ཏེ། རྣལ་འབྱོར་པས་ལུས་མི་བདེ་བ་བྱུང་ན་ལས་གྲུབ་ཡིན་པས་ཆོག་གོ །དང་པོ་ཀླུ་བསྐྱེད་པ་དང་། སྤྱན་དྲངས་པ་དང་། མཆོད་པ་དབུལ་བ་དང་། འཕྲིན་ལས་བཅོལ་བ་ཀུན་ཤེས་པར་བྱས་ལ། སྒྲུབ་སྔགས་འདིས་ཞག་བདུན་དུ་སྒྲུབ་བོ། །ཨོ་ཨ་ཤ༷་ནག་པོ་ཏི་པ་ཙ་ན་ག་ཀྲོ་ཏི་ཤཱ་རི་ཏྲ༷་ཤད་རྦད། བུ་ག་རསྒ་ཙིསྟ་རྦད། ཤ་ཏྲུ༷་ཤ་མ་ར་ཡ་ན་ཧུ༷་ཛ་ཛ། ཞེས་སྒྲུབ་པ་ཞག་བདུན་བྱ། དེ་ནས་ཞག་བདུན་བསད་པའི་སྔགས་འདི་ཉི་མཚན་ཕྱེ་ལ་བྱའོ། །དེ་ལ་ཉི་མ་བདུན་གྱི་སྔགས་ནི་འདི་དག་གོ །ཨོ་ནག་པོ་ཏི་པ་ཙི་ཡ། ན་ག་རཀུ་་་གེ་མོ་ཧི་གུ་ས་ཕྱེ་ཤན་ཕོས་ཕོས་ཤིག་ཤིག་ཆུམ་ཆུམ་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་དགྲ་བོ་མྱ་ར་ཡ་ཛ། ཞེས་བཟླས་སོ། །མཚན་བདུན་གྱི་སྔགས་ནི།ནག་པོ་པང་ཙིསྟ་ལ་རྒྱོབ་ཏྲག་ཐུར་སྙིང་ལ་ཐུར། སྙིང་གུལ་གུལ་མྱགས་མྱགས་རྩ་བཞི་སྐུམས། ཤན་ཤན་སྲོག་ལ་ཤན། ཐུར་ཐུར་སྲོག་ལ་ཐུར། ཆེ་གེ་མོ་མ་ར་ཡ་སོད་གྲྭཧྭ། ཞེས་མཚན་མོ་བཟླས་སོ། །དེ་ནས་རྩིགས་མ་ལ་ཁྲམ་ཤིང་བྱས་ལ། དགྲ་བོ་ཁྲམ་ལ་ཛ་ཐུར་གྱི་སྔགས་ཀྱི་གྱད་དབབ་པ་བྱུང་སྟེ། ཡ་མ་ར་ཛ་དགྲ་བོའི་སྙིངལཡཡ། གཤིནརྗེནགཔོ་ཛ་ཧུར་དགྲ་ལ་སྨྱོ། ནཱ་ག་གེན་ཙི་འདུས་འདུས་ཛ་ཐུར་དགྲ་ལ་སྦྱོ། ཨ་བེ་ཤེ་ཧེ། ཐུ༷་ཧེ་ཐུ༷་ཛ་ཐུར་དགྲ་ལ་སྨྱོ། ནག་པོ་ཁ་ནུན་ཏྲ་དེ་ཆོད་དགྲ་ལ་ཡ་ཡ། ཛ་ཐུར་སྙིང་ལ་ཐུར་སྙིང་ལ། ཡ༷་ཛ་ཐུར་སྙིང་ལ་ཡ༷་མ་སྙིང་ཐུར་དགྲ་ལ་ཡམ། མ་སྙིང་ཐུར་དགྲ་ལ་ཡ༷་སྨྱོ། དེ་ནས་ཞག་བདུན་སྒྲུབ་པ་རྫོགས་པ་དང་མནན་གཏད་བྱས་ཏེ། དེ་ཡང་བྱང་ཕྱོགས་ཀྱིས་ཆུ་མིག་གམ། ཆུ་མིག་ཁ་ཕྱོགས་བཅུར་བལྟས་པར་ཐོད་པར་གཞུག་གོ །དེ་ནས་རྐང་བརྒྱད་སྦྲུལ་ནག་བརྒྱད་དུ་བྱས་ལ་ཁོག་པར་ལིང་ག་རེ་རེ་བཅུག་ལ་ཆུ་མིག་ཕྱོགས་བཞི་མཚམས་བཞིར་གནན་ཏོ། །དེ་ནས་སྦལ་བའི་ཁུང་པར་ལི་ག་རེ་བཅུག་ལ་ཀླུ་ནག་གི་ལྕེ་མདུང་རེ་རེ་ལ་གཏད་དོ། །སོགས་གཉིས་ལ་ལིང་ག་རེ་རེ་བྲིས་ལ་སེང་ལྡེང་གི་ཕུར་པ་རེ་རེ་ལ་བཏབ་ལ། དུར་ཁྲོད་ཀྱི་བྱད་ཀྱི་བཀའ་ཉན་ལ་གཏད་དོ། །དེ་ལྟར་བྱས་ན་མྱུར་དུ་བརླག་པར་འགྱུར། གལ་ཏེ་ལོ་དུས་རྟགས་མེད་ན་ལས་མ་གྲུབ་པས་ཞག་བདུན་ནམ་གསུམ་དུ་བཀན་བཟློག་གི་ལས་འདི་བྱས་ཏེ་འདི་གྲུབ་པར་ཐེ་ཚོམ་མེད་དོ། །གཉན་ས་དགུ་ཡི་ཆུ་མིག་ནས་ཆུ་བླངས་ལ། དེ་ཡི་ནང་དུ་ཡུངས་ཀར་ལ་སྔགས་བཟླས་ལ། དགྲ་བོའི་ལིང་ག་མང་པོ་བྲིས་ལ། བྲ་མའི་སྦྱིན་སྲེག་བྱས་ལ་ཐལ་པ་ཆུ་ཡི་ནང་དུ་བླུགས་ལ། སྔར་གང་གནན་པ་བྱས་པའི་སྟེང་དུ་ཆུ་བག་རེ་བླུག་གོ །དེས་ནི་ཀླུ་འབྱམས་པ་འགུགས་ལས་ལ་འཛུད་དོ། །གནད་ལ་ཕེབས་སོ། །གྱང་འགྱེལབབཞིནདུའགྲོའོ། །ཨོ་ནག་པོ་མགོ་དགུ་པ་ཧུ་ཡ་ཧུ་ཡ་ཆུ༷་ཆུ༷།ཤིག་ཤིག་ཕོས་ཕོས་ཕེ་ཤག་ཧེ་གུ་ལ་ཆེ་གེ་མོ་ན་ག་རཀྟ་ཙི་པ་ལ་ཡ་ནག་པོ་དགྲ་བོ་མ་ར་ཡ་ཛ། ནག་པོ་སྲོག་ལ་ཤན་ཐུར་ཐུར་སྲོག་ལ་ནན་ཤན་ཤན། རྩ་བཞི་བསྐུམ་མྱགས་མྱགས། སྙིང་གུལ་གུལ་སྙིང་ལ་ཐུར་རྣག་ཐུར་ཙིཏི་ལ་རྒྱོབ། བ༷་དགྲ་བོ་མྱ་ར་ཡ་སོད་གྲྭཧྭ། ཞེས་བཀན་བཟློས་ཀྱི་སྔགས་དཀྲུག་ཅིང་ཆུ་ལ་བསྟིམ་མོ། །ལིང་ག་ལ་བྲབ་ཅིང་། ཧོམ་ལ་བསྲེགས་ལ། དེ་ནས་གཏད་སར་ཀླུ་དེས་དགྲ་གྱང་འགྱེལ་བ་ལྟར་འགྲོའོ། །རྒྱ་མཚོ་དུག་རི་ཁ་ལས། མཛེ་ནག་ལས་ཀྱི་འཁོར་ལོ་བསད་པའི་གཏད་ཁྲམ་ཆེན་པོའི་ལས་བསྟན་པ་རྫོགས་སོ། །རྟོག་པ་གསུམ་པའོ།། །།དེ་ནས་ནག་པོ་ཏི་པ་ཙ་ཡི་མགོ་དགུ་པ་ཡི་ངན་སྔགས།མཛེ་ནག་ལས་ཀྱི་འཁོར་ལོ་ནག་པོ་འཁོར་ལོ་བཞི་སྦགས་དུག་གསུམ་སྒྲུབ་པའི་རྟོག་པ་སྟེ། དེ་ཡང་ཐོག་མར་བསྙེན་པ་རྫོགས་པར་བྱས་ལ། ཞག་བདུན་དུ་ཀླུ་ཟ་བྱེད་ནག་པོ་འབྱུང་བ་འཁྲུག་པའི་ངན་སྔགས་འདི་ལ་འཇུག་གོ །མཛེ་ཅན་གྱི་ཐོད་པ་བླངས་ལ། དྲི་བསངས་ལ། ཤ་མེད་བར་བྱས་སྟེ། དེའི་ནང་དུ་དགྲ་བོའི་ཨ་མུ་ཀའི་རྫས་བླངས་ལ། དགྲ་གཟུགས་ལེགས་པར་བྱས་ལ། རྒྱ་ཤོག་གི་རོ་རས་འཁོར་ལོ་བཞི་བྱས་ལ།མཛེ་རིགས་དུག་མདར་འཕང་བ་སྟེ། གཅིག་སྦལ་ནག་གི་ལྟོ་བར་མཛེ་ནག་ས་ཡི་འཁོར་ལོ་བཅའ། སྦལ་པ་ལྗང་ནག་གི་ལྟོ་བར་མཛེ་སྐྱ་རླུད་གི་འཁོར་ལོ་བཅའ། སྔལ་པ་དམར་པོའི་ལྟོ་བར་མཛེ་དམར་མེ་ཡི་འཁོར་ལོ་བཅའ། སྦལ་པ་སེར་པོའི་ལྟོ་བར་མཛེ་ཐུན་ཆུའི་འཁོར་ལོ་བཅའ། དེ་ནས་འཁོར་ལོའི་རིགས་བཞིར་རྒྱས་གདབ་སྟེ། མཛེ་ཐོད་དམ་ཐོད་ངན་གྱི་ཁར་དགྲམ་མོ། །བཅའ་བཞི་རྫོགས་པ་དང་། བདག་ཉིད་དུག་སྦྲུལ་ནག་པོའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ངན་སྔགས་བྲབ་བོ། །རྟགས་ནི་ཐོད་པ་འགུལ་བ་དང་། རང་གི་ལུས་ཕྲིག་ཕྲིག་པ་དང་། ཤིག་ཤིག་པ་དང་། ཀྱུག་ཀྱུག་པའོ། །ནམ་བྱུང་བ་དང་གཏོད། འཆི་བདག་བསྐྱེད་པ་དང་། སྤྱན་དྲངས་པ་དང་། འཕྲིན་ལས་བཅོལ་བ་ཀུན་ཤེས་པར་བྱ་བའོ། །དེས་གྲུབ་ངེས་ཏེ། གལ་ཏེ་འདོད་པའི་དུས་སུ་རྟགས་མ་བྱུང་ན། །དཀྱུག་བཟློག་ནག་པོ་ཟོར་གྱི་ལས་བྱས་ན་མཐར་བརླག་པར་འགྱུར་རོ། །ཀླུ་ཡི་སྒྲིབ་ཤིང་བཅང་བ་གལ་ཆེའོ། །ས་མ་ཡ། ངན་སྔགས་ཉིན་མཚན་ཕྱེ་ལ་བཟླས་སོ། །ཨོ་ནག་པོ་ཏི་ཅ་ཡ། ནཱ་ག་རསྒ་ཆེ་གེ་མོ་ཧེ་གུ་ལ་ཕེ་ཤན་ཕོས་ཕོས། ཤིག་ཤིག ཆུ༷་ཆུ༷། ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པོས་དགྲ་བོ་མ་ར་ཡ་ཛ། ཛ་ནག་ཛོ་ལ་བ༷་བ༷་བ༷་ཙིསྟ་ལ་ཁས། དྲི་མྱ་ར་ཛ་ལ་ཛི་བ༷་བ༷་ཙིཀྟ་ནཱ་ག་ར༷་བ༷་བ༷་བ༷་ནན་དགྲ་བོ་ལ་མྱ་ར་ཡ། ཛ་ནག་ཛི་ལ་ར༷་ར༷་ར༷་ཙིསྟ་ཁས་དྲི་ཛ་ལ་ཛ་ལ་ར༷་ར༷་ར༷་ཙིསྟ་ནཱ་གར་ནན་དགྲ་བོ་མྱ་ར་ཡ། ཛ་ནག་ཛི་ལ་ཁ༷་ཁ༷་ཁ༷་ཙིརྟི་ཁས་ནི་ལ་ཛི་ཛ་ལ་ཛི་ཁ༷་ཁ༷་ཁ༷་ཙིསྟ་ན་ག་ར་ཁ༷་ཁ༷་ཁ༷་ནན་དགྲ་བོ་མུ་ར་ཡ་ཛ་ནག་ཛི་ལ་ཡ༷་ཡ༷་ཡ༷་ཙིསྟ་ནཱ་ག་ར༷་བ༷་བ༷་བ༷་དགྲ་བོ་མུ་ར་ཡ། ཉིན་མོ་བཟླས་སོ། །མཚན་ནག་མོ་ལས་སྐྲུ་གྲི་བཏགས་ལ་བཟླས་སོ། །དེ་རྫོགས་པ་དང་། ཐོད་པ་འཁོར་ལོ་ཆུ་མིག་ཁ་ཕྱོགས་བཅུར་བལྟས་པའམ། བྱང་ཤར་དུ་གནན་ནེ། འཁོར་ལོ་བཞི་སྦྲུལ་ནག་གི་ལྷོ་བར་བཅུག་ལ་གནན་པར་བྱ་སྟེ། ཕྱོགས་བཞིར་མནན་ནོ། །ལོ་དུས་སུ་འགོར་ཡང་རྟག་འོང་ངོ་། །གལ་ཏེ་མ་བྱུང་ན། ཨོ་ནག་པོ་མགོ་དགུ་པ་ཧུ་ཡ་ཧུ་ཡ། ཆུ༷་ཆུ༷་ཤིག་ཤིག་ཕོས་ཕོས་ཕེ་ཤན་ཧེ་གུ་ལ་ཆེ་གེ་མོ་བཱ་ར་ཡ་ནཱ་ག་རསྒ་ཙི་པ་ཡ་ནག་པོ་དགྲ་བོ་བ་ནཱ་ར་ཡ་ཛ། བ༷་བ༷་ཛ་ནག་ཇི་ལ་ཙིརྟི་ཁས། བ༷་བ༷་བ༷་དྲི་ཛ་ལ་ཛི་ཙིལྟི་ནཱ་ག་ར་བ༷་བ༷་བ༷་ནན་དགྲ་བོ་མྱ་ར་ཡ། ཞེས་བཟླས་གཞན་དེས་འདྲེ། མཚན་ནག་མོའམ་བམ་དཀྲུགས་པ་བཟློས། འཁོར་ལོ་བཞི་སྦགས་ནི། སྦྲུལ་ནག་སྡིག་པ། ཆུ་སྲིན་སྦལ་ནག་བཞི་བྱའོ། །ས་མ་ཡ། རྒྱ་མཚོ་དུག་རི་ཁ་ལས། མཛེ་ནག་ལས་ཀྱི་འཁོར་ལོ་ནག་པོ་བཞི་དང་སྦགས་པའི་རྟོགས་པ་བཞི་པའོ།། །།རྒྱ་ཡིག་བྱའོ། །དེ་ནས་ཀླུ་ཡི་ཕོ་ཉ་བསྐུལ་ཞིང་ལས་བཅོལ་བ་ནི། ཏཱ༷། རྒྱ་མཚོ་མེར་བའི་དཀྱིལ་འཁོར་ནས། །རིན་ཆེན་གླིང་དགུའི་གཞལ་ཡས་ནས། །རི་རྒྱལ་ལྷུན་པོའི་ཁྲི་སྟེངས་ནས། །སྦྲུལ་ནག་ཆེན་པོ་སྐུ་བཞེངས་ཤིག །སྐུ་ནི་ནམ་མཁའི་གཏོས་དང་མཉམ། །ཐུགས་ནི་སྲིད་གསུམ་ས་ལེ་གཟིགས། །གསུང་ནི་སྒྲ་ཆེན་འཇིག་རྟེན་སྒྲོགས། །དབང་ནི་བར་སྣང་ཁམས་ནས་འབྱོ། །ཞལ་ནི་བར་སྣང་ཁམས་ན་གདངས། །ལྕེ་ནི་ཁམས་གསུམ་རྙོག་ཅིང་ཉལ། །སྤྱན་མིག་གཟིགས་པའི་སྡང་མིག་བགྲད། །སེམས་ནི་གདུག་རྩུབ་ནང་ན་བཞུགས། །ལེགས་ཉེས་ཞལ་ལྕེ་དྲག་ཏུ་གཅོད། །ཕྱག་ནི་སྟོང་ཁམས་ཡོངས་སུ་རྙེག །ཞེ་སྡང་དབང་གི་སྦྲུལ་དུ་བཞུགས། །སྐུ་ནི་དུག་སྒྲུལ་ནག་པོ་ལ། །ཞབས་ནི་བརྣག་བའི་དགྲ་བོ་གཟིར། །ལྷང་ལྷང་ཚེར་ཚེར་སྐད་ངན་གྱིས། །ཚངས་པའི་གནས་ཆེན་མན་ཆོད་དུ། །སྡུག་བསྔལ་ང་རོ་མི་སྙན་པ། །མགོ་བའི་ལྷ་དང་དབང་མེད་ཕྲལ། །སྦྲུལ་ནག་ལུས་ལ་རྔམ་པའི་ཞལ། །རྔམས་པའི་ཞལ་ནི་འཇིགས་པར་གདེངས། །ལས་ངན་དུས་ཟས་ཞལ་དུ་རྡབས། །སྦྲུལ་ནག་ལུས་ལ་མེ་ཆེན་འབར། །མེ་ཡི་ང་རྒྱལ་གདུག་པར་འཁྱིལ། །དམ་ཉམས་འབྱུང་པོ་ཐལ་བར་རློག །སྦྲུལ་ནག་ལུས་ལ་སྡིག་པའི་དབུ། །དམ་ཉམས་དགྲ་ལ་མི་འཁྲིལ་ལམ། །སྦྲུལ་གྱི་མཇུག་མས་རྒྱ་མཚོ་འཁྲུག །ཀླུ་གཉན་ཕོ་མོ་ལས་ལ་འཛུད། །དམ་ཉམས་འདི་ལས་འཁྱུད་རེ་རན། །སྦྲུལ་ནག་ཐུགས་ཀྱིས་སྟོང་ཁམས་ཁྱབ། །ཐུགས་ཀྱི་སྤྲུལ་པས་སྣང་སྲིད་འགེངས། །སྣང་སྲིད་ལྷ་འདྲེ་ར་མདའ་གཉེར། །དམ་ཉམས་དྲུང་ནས་འབྱུང་རེ་རེན། །ཧུ༷། རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །ཡན་ལག་བརྒྱད་ལྡན་ནང་ནས་སྐུ་བཞེངས་ཤིག །སྦྲུལ་ནག་ལུས་ལ་གླང་གི་དབུ། །བྱོལ་སོང་ལུས་ལ་སྲུལ་གྱིས་བརྒྱན། །ཐུགས་ཀྱི་དཀྱིལ་ནས་དབུ་དབྱུང་བ། །སྦྲུལ་གྱི་ཐོར་ཚུགས་ཅོད་པན་ཅན། །འཁོར་ནི་ཀླུ་རྒྱལ་འབུམ་གྱིས་བསྐོར། །རྒྱལ་རིགས་ཀླུ་རྣམས་ཕོ་ཉར་འགྱེད། །ཉམས་པའི་དགྲ་བོ་མྱུར་དུ་སྒྲོལ། །བཀའ་ཡི་ལས་མཛད་སྤྲུལ་པ་ནི། །སྦྲུལ་ནག་འབུམ་གྱི་དཀྱིལ་འཁོར་ནས། །ནད་ཀྱི་མུན་ནག་འཐིབས་པ་ནས། །ཀླུ་བདུད་སྦྲུལ་གྱི་གདེངས་ཀ་ཅན། །མི་ཡི་ལུས་ལ་སྦྲུལ་གྱི་གཞུག །སྦྲུལ་མགོ་གདེངས་པའི་འཇིགས་ཚུལ་ཅན། །ལག་ནས་སྐྲུལ་ནག་ཞགས་པ་འདེབས། །ཀླུ་བདུད་ཀླུ་སྲིན་དམག་དཔུང་བྱེད། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །གསུང་གི་སྤྲུལ་པ་བཀའ་ཉན་ནི། །གཉན་དམར་གླང་གི་མགོ་བོ་ཅན། །སྐུ་ནི་དམར་ནག་ཁྲག་རུལ་འདྲ། །ལག་ན་ཞགས་པ་དམར་པོ་བསྣམས། །སྤྱན་མིག་ཉི་མའི་ཟེར་བས་རྣོ། །མི་ཡི་ལུས་ལ་སྦྲུལ་གྱི་གཞུག །སྦྲུལ་གཞུག་རྒྱ་མཚོའི་གཏིང་དུ་བརྐྱང་། །གཉན་གྱི་དམག་དཔུང་སྡུད་པར་བྱེད། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཐུགས་ཀྱི་སྤྲུལ་པ་བཀའ་ཉན་ནི། །ས་བདག་ཟ་བྱེད་ནག་པོ་ནི། །སྐུ་མདོག་དུད་ཁ་འཇིགས་པས་ཏེ། །སྦལ་ནག་སྟམས་པའི་ཁྲི་ལ་བཞུགས། །མི་ཡི་ལུས་ལ་གཅན་གཟན་མགོ །སྦྲུལ་གཞུག་རྒྱ་མཚོའི་གཏིང་ཡང་ཞབྲུག །ལག་ན་ཞགས་པ་ནག་པོ་ཐོགས། ཁ་རླངས་ནད་ཀྱི་མཚོ་སྤྱིན་ཆགས། །མཆེ་བ་རྣོན་བོ་དུག་གི་ངར། །སྦལ་པ་ནག་པོ་ཕོ་ཉར་འགྱེད། །ས་བདག་གཉན་གྱི་དམག་དཔུང་སྡུད། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །ཧྲུ༷། ལྕགས་མཚོ་ནག་པོའི་ཀློང་དཀྱིལ་ནས། །ཀླུ་མོ་ནག་མོ་མགོ་འཕྱང་མ། །ཐུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །སྐུ་ལ་སྦྲུལ་གྱི་གློག་པ་གསོལ། །ཀླུ་ཆེན་བརྒྱད་ཀྱི་སྦྱོར་བ་མཛད། །ཆིབས་སུ་ཆུ་སྲིན་པིར་ལ་ཆིབས། །ཆིབས་ཀྱི་དེ་ནི་སྔ་གོང་ན། །ནད་ཀྱི་རྐྱལ་བ་སྔོ་དམར་བཀལ། །ཆིབས་ཀྱི་དེ་ནི་ཕྱི་ལོང་ལ། །མཚོན་གྱི་གྲུ་གུ་དམར་ནག་བཀལ། །མཛེ་དང་ལྷོག་པའི་སྣ་འདྲེན་མ། །ཁ་ནས་དབུགས་འབྱིན་མི་ནད་གཏོང་། །དགྲ་བོའི་ཤི་ལ་ཡེངས་མ་ང་། །དགྲ་བོའི་བླ་ལ་མཐུ་མ་ཆུང་། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །ཀླུ་སྲིན་སྲིང་མོ་མགོ་བརྒྱ་མ། །ཆིབས་སུ་ཆ་་་་སོར་པོ་བཅིབས། །སྐུ་ལ་ཆུ་དར་སྔོན་པོ་གསོལ། །མི་ཐུར་ཆེན་མོ་གཤེན་གཅིག་མ། །ལྕགས་ཀྱི་སྦལ་པས་སྟོང་གསུམ་འགེངས། །རལ་པ་རེ་ལ་ནད་སྐལ་རེ། །ནད་ཀྱི་རྐྱལ་པས་སྟོང་ཁམས་ཁེངས། །དགྲ་བོ་རྣརྨིས་ལ་ཡམ་ནད་ཐོང་། །རྒྱ་མཚོའི་ནང་ནས་སྐུ་བཞེངས་ལ། །ཀླུ་མོ་ནག་མོ་སྤྱན་གཅིག་མ། །བེར་ནག་ཁྲ་བོ་སྐུ་ལ་གསོལ། །རིན་ཆེན་སྟོང་གི་འཕྲེང་བ་སྤྱན། །ཉིན་བཞིན་རི་རབ་རྩེ་ལ་བཞུགས། །མཚན་མོ་རྒྱ་མཚོའི་གཏིང་ན་བཞུགས། །ཡུད་ཙམ་སྤྱན་དྲངས་མཆིས་པའི་ཚེ། །རྒྱུག་འདྲལ་ཐབས་ཀྱི་དགྲ་བོ་འདུལ། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །རིན་ཆེན་གླིང་དགུའི་གཞལ་ཡས་ནས། །ཀླུ་བདུད་ནག་པོ་སྤྱན་གཅིག་མ། །ཀླུ་བ་སྟོང་གི་དབུས་ན་འགྱིང་། །ཆིབས་སུ་སྦལ་ནག་བྲེ་བོ་བཅིབས། །སྐུ་ལ་ཆུ་སྲིན་ཐུལ་པ་གསོལ། །ཆིབས་ཀྱི་དེ་ནི་སྔ་གོང་ལ། །ནད་ཀྱི་དེ་ནི་རྐྱལ་པ་བཀལ། །ཆིབས་ཀྱི་དེ་ནི་ཕྱི་ལོང་ལ། །མཚོན་གྱི་དེ་ནི་གྲུ་གུ་བཀལ། །ཕྱག་ན་ཁྲ་བ༷་དཀར་ནག་བསྣམས། །བདག་གིས་དུང་དུང་བོས་པའི་ཚེ། །ནད་ཀྱི་རྐྱལ་པ་བརྡེབ་ཀྱིན་བྱོན། །མཚོན་གྱི་གྲུ་གུ་སྐྱོང་གིང་བྱོན། །ཅེས་བསྐུལ་ལོ། །རྒྱ་མཚོ་དུག་རི་ཁ་ལས། ཀླུ་བདུད་ལས་ལ་བསྐུལ་བའི་རྟོག་པ་ལྔ་པའོ།། །།དེ་ནས་ངན་སྔགས་ཀྱི་རྒྱལ་པོ་སྡིག་པ་ཕུང་ཤིག་འཁོར་ལོ་འདི་བསྒྲུབས་ཏེ། གནས་ཡིད་དང་འཐད་པར་ཕྱིན་ལ། མཛེ་ཅན་ཕོ་མོའི་ཐོད་པ་བླངས་ལ་ཤ་རས་རིས་མེད་པར་བྱས། ཐོད་པ་རྒྱ་སྐྱེགས་ཀྱིས་བྱུགས་ལ། འཁོར་ལོ་རྩིབས་དྲུག་ལ་སྡིག་པ་རྭ་བགྲད་པ་དྲུག །གཅིག་ལ་ལིང་ག་དྲུག་བྱས་ལ་ལྟོ་སྦྱར་ཏེ། ཀླུ་ཡི་དམ་རྫས་བསགས་ལ། བདག་སྡིག་པ་ཕུང་ཤིག་ཏུ་བསྒོམས་ལ། ངན་སགས་འདི་བཟླས་ལ་གཏད་དོ། །གཏད་སྒྲུབ་ཞག་བདུན་ལས་མང་དུ་མི་རུང་། །ཨོ་ནག་པོ་ཏི་པ་ཙི་ཡ་ཧཱུཾ༷་ཛ། ནཱ་ག་ཀྲེདྷི་ཤྭ་རི་ཧཱུཾ༷་ཛ། ནཱ་ག་ར་ཛ་ཧཱུཾ༷་ཡ༷་ཧུ་ཡ༷་བ༷་རིལ་ཛ། ནཱ་ག་རྭ་ཛ་ཡ་ཧེར་ཧ༷་ཧེར་ཧ༷་བ༷་རིལ་ཛ། ནཱ་ག་ར་ལྗི་དུ་ན་དུ་ན་ཧ་ལི་ཧི་ལི་ན་ག་འདུས་འདུས་ས་མ་ཡ་ཛ། ཞེས་རྦོད་ཅིང་བསྙེན་ནོ། །ཨོ་ནག་པོ་ཏི་པ་ཙི་ཡ། དགྲ་བོའི་གློ་སྙིང་མ་ར་ཡ་ཛ་ནག་པོ་ཏི་བ་ཙ་ཡདགྲ་བོའི་སྙིང་ལ་རྦད་བུ་རྦད། ཡེ་ཐུམ་རིལ་ཨེ་ཛ་ནཱ་ག་རྭ་ཛ་དགྲ་བོ་ནི་རྦད། ཤན་ཏི་རྦད། སྲོག་ཏི་རྦད། སྙིང་རིལ་རིལ་རྦད། ཤ༷་ཤ༷་རྦད། བཱ་ར་ཡ་རྦད་རྦད། ཅེས་བཟླས་ན། འཁོར་ལོ་དང་ཐོད་པ་ལ་སྡོམ་དང་སྡིག་པ་འཛུལ་ནས་འོང་ངོ་། །རང་གི་ལུས་སྒྱུག་སྒྱུག་ན་བ་འོང་། །ཐོད་པ་མཛེག་འཚེག་པ་དང་། འགས་པ་དང་། ཟེར་བའོ། །རྟགས་རྫོགས་པ་དང་། གཏད་པ་ཀུན་ཡིན་ཡང་ཁྱད་པར་དུ་བྱང་ཕྱོགས་གདོལ་པའི་ཆུ་མིག་ཏུ་གཏད་དོ། །ལས་མྱུར་དུ། སྔོ་ལ་སྦས་པ་སྐྱལ་འོང་། སྐྱ་ལ་སྦལ་པ་སྔོ་ལ་འོང་། འདོམ་གང་འཐུར་ལ་བཅལ་བ་ནི་སྲང་སྒོའོ། །གཡས་ན་ལྐུགས་ས་ཐོད་ལེགས་ནི་མེ་ལོང་ངོ་། །དེ་ལ་གཏད་དོ། །ལས་འདི་ལས་མྱུར་བ་མེད་དོ། །ཟླ་བ་གསུམ་ན་མཛེས་ཁྱེར་བ་དང་། དྲི་རྒོད་དང་ལྷོག་སྒལ་དྲག་པོས་འགུམ་མོ། །འགོར་ན་སྡིག་པ་ཕུང་ཤིགས་འདིས་ཀླུ་གནད་ལ་དབབ་པར་འགྱུར་ཏེ། ཆུ་མིག་དགུའི་ཆུ་དང་དུག་ཁྲག་བསྲེས་ལ་ཐུན་བཅས་ལ། ཨོ་ཛ་ཡེ་རིལ་ཐུམ་ཡེ། པུ་རྦད་ཡ། དགྲ་བོ་ཡོ་པ་ཙ་ཡ། ཏི་པ་ནག་ཛ་ཡེ་བུ་ཁུམ་ལ་སྙིང་། ནཱ་ག་ནག་པོའི་ཀླུ་སྦྲུལ་ཛ་མ་ར་ཡ། གློ་སྙིང་དགྲ་བོ་ནག་པོ་ཏི་བ་ཙ་ཡ། ནཱ་ག་ཀྲོདྷི་ཤྭ་རི།ནཱ་ག་རྭ་ཛ་དགྲ་བོ་སྙིང་ལ་ཚལ་པ་ཚལ་པ་བ༷་རིལ་རྦད་ཐུན་སྨྱོ། ནཱ་ག་རྭ་ཛ་དགྲ་སྙིང་ལ་ཧུ་ཡ༷་ཧུ་ཡ༷་རྦད་ཐུན་སྨྱོ། ནཱ་ག་རྭ་ཛ་དགྲ་སྙིང་ལ་ཧུར་ཐུམས་ཧུར་ཐུམས་རྦད་ཐུན་སྨྱོ། ཞེས་གཏད་པའི་ས་ཕྱོགས་སུ་འཕངས་ན་ཀླུ་གནད་ལ་ཕེབས་ཏེ། མྱུར་དུ་དགྲ་བོ་ཁྲག་སྒྱུག་པ་དང་མཛེ་ནད་ཙིསྟས་འགུམ་པར་འགྱུར་རོ། །རྒྱ་མཚོ་དུག་རི་ཁ་ལས་སྡིག་པ་ཕུང་ཤིག་གི་རྟོག་པ་དྲུག་པའོ།། །།དེ་ནས་གཏད་པ་ས་ཡི་འཁྲུལ་འཁོར་དང་། མི་ལྡོག་གནད་ཀྱི་གཟེར་མིག་བཤད་པ་ནི། གཏད་པ་ནི་རྣམ་གྲངས་མང་ཡང་། འདིར་ནི་རྣམ་པ་བཞི་ཡི་ཚུལ་ལོ། །ཆུ་མིག་ནི་ཀླུ་ཡི་སྒོ་རུ་འདོད་དོ། །ཀླུ་ཡི་རྒྱལ་པོ་ནག་པོ་མགོ་དགུ་པ་རྒྱ་མཚོའི་གཏིང་ན་བཞུགས་སོ། །ཆུ་མིག་ན་ལས་བྱེད་པའི་ཀླུ་རྒྱུའོ། །ཆུ་མིག་ན་ཀླུ་རིགས་བཞི་གནས་ཏེ་སྒོ་བ་ཡིན་ནོ། །དེ་ནས་གང་དུ་གཏད་ཀྱང་གལ་མེད་དོ། །དེ་ཡང་གཏད་ཚུལ་བཞི་ཡི་འཁྲུལ་འཁོར་ལ། །ཀླུ་སྦྲུལ་ནག་པོ་མཛེ་ནག་ལས་ཀྱི་འཁོར་ལོའི་གཏད་ཐབས་ནི། ཆུ་མིག་ཁ་ཕྱོགས་བཅུར་བལྟས་པར་གཞུག །ཕྱོགས་བཞི་མི་འགྱུར་བའི་གཟེར་བཞི་གདབ་བོ། །ཐོད་པ་གནན་པའོ། །རྐང་བརྒྱད་དང་སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི། ཀླུ་སྦྲུལ་ནག་པོའི་ལྕེ་དང་མདུང་ལ་གཏད་དོ། །གཟུགས་བརྙན་གྱི་སྒོ་ནས་གཏད་པ་ཡིན། །དེ་ཡང་སྦྲུལ་འདྲ་བ་དང་། སྦལ་པ་འདྲ་བར་དང་། ཉ་འདྲ་བ་དང་། ལྕོང་མོ་འདྲ་བ་དང་། གླང་དང་། ཕག་པ་དང་། སྡིག་པ་དང་། ཆུ་སྲིན་དང་། རྟ་བླ་བ་དང་། འབུ་དང་། གྲོག་མོ་དང་། སྦུར་པ་དང་། སྨྱགས་པའི་བུ་མོ་དང་། མགོ་ལྔ་མགོ་གསུམ་ལ་གཏད་དོ། །དེ་རྣམས་ཀྱང་ཆུ་དང་ཆས་ན་ཀླུ། ཤིང་དང་ཆས་ན་གཉན། བྲག་དང་ཆས་ན་ས་བདག །དེ་ཀུན་མེད་ཀྱང་ཀླུ་གཉན་གཟུགས་ཏེ། ས་མདོག་དམར་ན་ཀླུ་བཙན། གནག་ན་ཀླུ་བདུད། སེར་ན་ས་བདག །སྔོ་ན་གཉན། དཀར་ན་ཀླུ་སྨན། ཁྲག་བོར་ན་དུག་ན་ཀླུ་སྲིན་ཡོད་དོ། །དེ་ཡང་སྦྲུལ་ལ་རིགས་ལྔ་སྟེ། ནམ་མཁའ་སྦྲུལ་འདྲ། ས་སྦྲུལ་འདྲ། བྲག་སྦྲུལ་འདྲ། ཆུ་སྦྲུལ་འདྲ། ཤིང་སྦྲུལ་འདྲ། དེ་ཡི་མཇུག་མ་འཇུག་མ་ལ་མདུང་ཡོད་པས་གཏད་པ་ཡིན། གདོང་ན་ལྕེ་ཡོད་པས་གཏད་པ་ཡིན། སྦལ་པ་འདྲབ་ལ་གསུམ་སྟེ། ས་སྦལ་འདྲ། བྲག་སྦལ་འདྲ། རི་སྦལ་འདྲ། ཁ་ལ་ལྕེ་ཡོད་པས་གཏད་ས་ཡིན། སྨད་ལ་མདུང་ཡོད་པས་གཏད་དོ། །ཉ་ལ་གཉིས་ཏེ། ས་ཉ་དང་ཆུ་ཉའོ། །གཤོག་ལ་ལྕེ་ཡོད་པས་གཏད་དོ། །ཟེ་བ་ལ་མདུང་ཡོད་པས་གཏད་དོ། །ལྕོང་མོ་ལ་བཞི་སྟེ། ས་དང་། ཆུ་དང་། ན་དང་། བྲག་གོ །མཚུལ་པ་ལ་ལྕེ་ཡོད་པས་གཏད་དོ། །མཇུག་མ་ལ་མདུང་ཡོད་པས་གཏད་དོ། །གླང་ལ་བཞི་སྟེ། གད་པ་རྡོ་རི་ནང་། མིག་བཞི་ལ་ལྕེ་ཡོད་པས་གཏད་དོ། །རྭ་རྩེ་ལ་མདུང་ཡོད་པས་གཏད་དོ། །ཕག་པ་ཡང་དེ་དང་འདྲ་སྟེ། ཁ་ལྕེ་སྣ་ལྕེ་མདུང་ཡོད་པས་གཏད་དོ། །སྡིག་པ་ལ་གསུམ་སྟེ། རི་དང་ཆུ་བྲག་གོ །འདོམས་ལ་ལྕེ་རྭ་རྩེ་མདུང་། དེ་ལ་གཏད་དོ། །ཆུ་སྲིན་གཉིས་རི་དང་ཆུ། སྣ་རྩེ་ལྕེ། སྦར་ལག་མདུང་ཡིན་པས་གཏད་དོ། །རྟ་བླ་བ་ལ་གཉིས། ནམ་མཁའ་དང་སའོ། །ཁ་ལ་ལྕེ། ལག་པ་མདུང་ཡོད་བས་གཏད་དོ། །འབུ་ལ་གཉིས་ཏེ། སྒང་དང་བྲག །ལྟོ་བ་ལ་ལྕེ། སྒལ་པ་ལ་མདུང་ཡོད་པས་གཏད་དོ། །གྲོག་མོ་ལ་གཉིས་ཏེ། ས་དང་བྲག ཁ་ལ་མདུང་ལ་ཡན་ལག་ལ་ལྕེ་སྟེ་དེ་རུ་གཏད་དོ། །རུས་སྦལ་ལ་སྒང་དང་། རི་དང་། བྲག་དང་སྟེ། ལྟོ་བ་ལ་ལྕེ། རྒྱབ་ལམདུང་ཡོད་པས་གཏད་དོ། །སྨུག་པ་འདྲ་བ་ལ་དང་བྲག ཁ་ལ་མདུང་། ཡན་ལག་ལྕེ་རྩེ་རུའདོད་དོ། །དེ་ལ་གཏད་ན་ལྕེ་རྩེ་ཡིན། མགོ་ལྔ་མགོ་དགུ་ཐམས་ཅད་ལ། །ཁ་ལ་ལྕེ་ལ་ཡན་ལག་མདུང་། །ཀླུ་བདུད་