Ngb-pt-0906-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

བཅས་པ་རྫོགས་སོ། །པདྨ་སམ་བྷ་ཝས་བསྒྱུར་པའོ། སྙི། རྒྱ་རྒྱ།། །། ༄་། །དམོད་པ་དྲག་སྔགས་ཀྱི་སྤྱི་རྒྱུད། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོ་རྣམས་ཀྱིས།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་ན། །མཐུ་ཆེན་བདུད་འདུལ་མངོན་རྫོགས་རྒྱལ་པོ་བཞུགས། །མ་འོངས་དོན་དུ་སྔགས་ཀྱི་ཚད་བསྟན་གསོལ། །བཀའ་སྩལ་པ། རབ་ཀྱི་དོན་དུ་རྣམ་པ་ལྔ། །ཛ། ཕཊ། སྦྱོ། རྦད། ནན། འབྲིང་གི་དོན་དུ་རྣམ་པ་བདུན། །ཛ་རྦུད། ཐ་མའི་དོན་དུ་རྣམ་པ་དགུ། །བན་རྦུད། མཐའ་ལ་རྣམ་པ་དུ་ཞིག་མཆིས། །རབ་ཀྱི་དོན་དུ་རྣམ་པ་ལྔ། །འབྲིང་གི་དོན་དུ་རྣམ་པ་བདུན། །ཐ་མ་དགུ་ཡིས་འགྲུབ་པར་འགྱུར། །ཐོག་སེར་གྱི་སྭ་ནི། ས་ཕྲོམ། ཚལ། ཧྲིལ། ཤར། སྨྱོ། ཚེ་ཙེ་ན་བི་ཀྲུ༷་ས་ར་དུམ་བུ་ཁུ་རེ་བྱ་ཡ་ཚལ་ཧྲིལ་སྨྱོ།གཤིན་རྗེ་གཤག་ཟིར་བ་ནི། རུ་དྲ་ཀ་ལ་ཤ །རཀྟ་ཀ་ལ་ཤ །རཀྟ་ཁ་ཁྲག །སྟ༷་བ་ནན། རང་རང་རྩ་བའི་སྔགས་དང་གདུག་པའི་སྔགས་ལ། ཏྲིག་ནན། ཧུ༷་ཕཊ། ཅེས་པ་ཐམས་ཅད་གཟིར་བའོ། །ནཱ་ག་ཏྲིག་ནན། ཧུ༷་ཕཊ། ཀླུ་གཟིར་བའོ། །འདིབཞིནཐམསཅདཀུན་ལ་ཤེས་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལམ་ལྔ་ཡང་། །སྣང་ཞིང་མི་ནུབ་པ་རུ་ནི། །སྤྱི་དང་དྲུག་ཏུ་གནས་པར་གྱིས། །རིགས་ཀྱི་དབྱེ་བ་མ་ཤེས་ན། །འབྲས་བུ་འགྲུབ་པ་ཐག་རིང་བས། །དེ་ཡི་དབྱེ་བ་མ་འདྲེས་པར། །གསལ་བ་དག་ཏུ་གནས་པར་གྱིས། །སོ་སོའི་དོན་རྣམས་ཁོང་རྟོགས་ནས། །འདི་ཤེས་ཉེ་ལམ་དམ་པ་སྟེ། །ཐབས་ཀྱི་རྒྱལ་པོར་འདི་གནས་ཏེ། །གསང་བ་གསང་ཆེན་ཟབ་མོ་ཡི། །དོན་ལྡན་ཉིང་ཁུར་གནས་པར་གྱིས། །དེ་སྐད་གསང་བའི་རྒྱ་རུ་བསྟན། །འདི་དོན་མ་ལུས་གསུངས་པ་རྣམས། །འཆད་པའི་རྣལ་འབྱོར་དམ་པ་ལས། །གསུངས། དང་པོར་ཨེ་ཡིས་བསད་པ་ཡང་། །སྐྱེ་མེད་ཆོས་དབྱིངས་ཡི་གེ་ཨེ། །མ་ར་ཡ་ཉིད་མཐར་བཞག་པ། །རྫས་འགུགས་བརྙན་པའི་སྔགས་སུ་བཤད། །གཉིས་པའི་ཡི་གེ་ཡ༷་ཡིན་ཏེ། །ཡ༷་གཉིས་བར་དུ་མ་ར་ཡ། །སྐྱོད་བྱེད་ཡི་གེ་སྨྱོ་ཡིས་བསྐུལ། །གསུམ་པའི་ཡི་གེ་ར༷་ཡིན་ཏེ། །ར༷་གཉིས་བར་དུ་མ་ར་ཡ། །སྲེག་བྱེད་མེ་ཡི་དཀྱིལ་འཁོར་སྒོམ། །བཞི་པའི་ཡི་གེ་བ༷་ཡིན་ཏེ། །བ༷་གཉིས་བར་དུ་མ་ར་ཡ། །འདོད་ཆགས་ཁྲག་གི་དཀྱིལ་འཁོར་སྒོམ། །ལྔ་པའི་ཡི་གེ་སུ་ཡིན་ཏེ། །སུ་གཉིས་བར་དུ་མ་ར་ཡ། །གཏི་མུག་ས་ཡི་དཀྱིལ་འཁོར་སྒོམ། །དྲུག་པའི་ཡི་གེ་ཧ༷་ཡིན་ཏེ། །ཧ༷་གཉིས་བར་དུ་མ་ར་ཡ། །འོད་ཀྱི་གོང་བུ་ལྟ་བུར་སྒོམ། །བདུན་པའི་ཡི་གེ་ཕཊ་ཡིན་ཏེ། །ཕཊ་གཉིས་བར་དུ་མ་ར་ཡ། ཁྲོ་ཚོགས་ནམ་མཁའི་སྐར་ལྟར་འཁྲུག །ཡི་གེ་ཁི་ནི་ས་བོན་ཡིན། །གསོད་བྱེད་ཡི་གེ་རྦད་ཡིན་ཏེ། །ཨེ་བཞག་ཡི་གེ་མ་ར་ཡ མཐའ་མ་ཛ་ཡིས་བསྟན་པ་ཡིན། །མ་ར་ཡ་ཡི་བསྙེན་པ་ཡིན། །རེ་རེས་ལས་རྣམས་འགྲུབ་པའི་ཕྱིར། །བསྒྲུབ་པ་ཆེན་པོ་བདུན་དུ་གསུངས། །སྤྱི་རྒྱ་ཆེན་པོའི་རྒྱུད་ལས། རྟེན་གྱི་དྲག་སྔགས་ཀྱི་བསྒྲུབ་ལུགས་བདུན་པའོ། །ལེའུ་དང་པོའོ།། །།དེ་ནས་འཇམ་དཔལ་གྱིས་གསོལ་པ། ཉ་ནི་བགྱི་བ་ཇི་ལྟ་བུ། །དེ་ཡི་གཏན་ཚིགས་བཤད་པར་བྱ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉ་སྙན་པོ་དོན་གྱི་མདོ་བཞིན་དུ། །རྣལ་འབྱོར་པ་ལ་ཤིས་པ་གཏོང་བ་དང་། །ལོག་པར་ལྟ་བ་རྣམས་ལ་ནི། །མཛེ་ནད་དང་རིམས་ནད་སྣ་ཚོགས་པ་གཏོང་བས་ཀྱང་ཉ་བསྟན་ཏོ། །སྟོང་ནི་རྣལ་འབྱོར་པའི་སེམས་ཀྱི་སྐྱེད་ལུགས་དང་། གཟས་པ་པོ་གསད་པར་བྱ་བའི་ཐབས་སྟོན་པར་བྱ་བའི་ཕྱིར་སྟོང་ཞེས་བྱ། རཀྟ་ནི་མཁའ་འགྲོ་མ་ཀུན་གྱི་དམ་རྫས་ཀྱི་མཆོག་ཡིན་པ་དང་། གཟས་པ་པོ་གང་ཡིན་པ་གསད་པའི་ཐབས་དེ་ལས་བྱུང་བའི་ཕྱིར་ན། རཀྟ་བསྟན་པའོ། །ཉ་སྟོང་དང་རཀྟ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས། །ཐོད་པ་རྣམ་པ་དུ་ཡང་གསུངས། །ཐོད་པའི་དེ་ཉིད་བཤད་པ་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐོད་པའི་དེ་ཉིད་བཤད་བྱ་ཡིས། །ལུས་ངག་ཡིད་གསུམ་གུས་པར་ཉོན། །འཕང་ཐོདདེབཞིནལྡིངཐོདདང་། །སྤར་ཐོད་ནམ་མཁར་མཆོང་ཐོད་དང་། །ལྡིང་ཐོད་འགྲུབ་ཐོད་མ་ཉམས་ཐོད། །རྨ་ཐོད་ཟ་ཐོད་ལ་སོགས་པ། །ཐོད་པ་བཅུ་གསུམ་དག་ཏུ་ངེས། །ཡི་གེ་ལ༷་བྲིས་རི་རབ་ལྡན། །དབུས་སུ་དྲི་དང་མིང་རུས་གཞུག །བྲིས་པ་མནན་པའི་ཐོད་པ་ངེས། །རྫས་དང་མནན་པ་ངེས་པའི་རྫས། །སྦལ་པ་དག་གི་ཤུན་ནམ་ནི། །སྦྲུལ་གྱི་ཤུན་དུ་ངེས་པ་ཡིན། །ཚིག་དང་མནན་པར་ངེས་པའི་ཚིག །ནཱ་ག་ཞེས་བྱའི་སྔགས་ཀྱང་བཞུགས། །ཏིང་འཛིན་དང་ལྡན་གཤིན་རྗེའི་སྔགས། །ཨ་ཀྲི་འབྲུ་བདུན་གཉའ་ནོན་ཡིན། །རྡོ་རྗེའི་བཟླས་པ་མི་ནུས་པས། །མནན་ན་ངེས་པར་ནོན་པ་ཡིན། །དབུས་སུ་བསྒྲུབ་བྱའི་མིང་དང་། །གཉན་དགུ་དག་ལ་གཏད་པར་བྱ། །མནན་ཐོད་མཆོད་ན་གསོ་བར་འགྱུར། །འཕངས་ན་བསྒྲུབ་བྱ་འཆོར་བར་ངེས། །ཀླུ་ལ་བ་མ་རྦ་དུར་མནན། །གཞན་ཡང་རྟ་ལ་སོགས་པའི། །གཟུགས་ལ་མནན་ན་ངེས་པར་ཕུང་། །གཞན་ཡང་མནན་པའི་ཐོད་བའམ། ཁལ་མའི་གའུ་བཅུའམ་དགུ། །མནན་པ་གྲུབ་པའི་རྟགས་རྣམས་ནི། །ཀླུ་ལ་མཛེ་ནད་བཅོ་བརྒྱད་འབྱུང་། །བཙན་ལ་གཟེར་ནད་དྲུག་ཏུ་གསུངས། །ས་བདག་ལ་ནི་ཞག་གསུམ་སྟེ། །ཡུལ་ལྷས་ཡུལ་ནས་འབྱུང་ལ་སོགས། །དམུ་ལ་རྨུ་ནད་དགུ་ལ་སོགས། །ལྷ་ལ་སོགས་པ་གཞན་རྣམས་དང་། །བདུན་དང་ལྔ་དང་དྲུག་དང་ཡང་། །བརྒྱད་དང་དགུ་རུ་ཤེས་བར་བྱ། །ཕུང་བྱེད་མནན་ཐོད་བཤད་པའོ། །མཆོད་ཐོད་ནལ་བུ་དྲེ་དང་ལྔ། །ཞག་གསུམ་ལ་སོགས་གོང་དང་འདྲ། །ཡོངས་སུ་མ་ཉམས་ཐོད་པ་ལ། །དབུས་སུ་གཙོ་བོའི་སྔགས་བྲིས་ལ། །མ་ར་ཡ་ཡི་སྔགས་བྲིས་ལ། །རཀྟའི་རྒྱ་མཚོ་མཆོད་པའི་རྫས། །བོད་པའི་སྔགས་ནི་གསུར་ཆེན་ལ། །རྟེན་པའི་རྫས་ནི་ཨ་མྲི་ཏ། །དམ་ཚིག་རྫས་ཀྱིས་དམ་ཚིག་བསྲེ། །སྒོམ་བསྒྲུབ་ཏིང་འཛིན་མ་འཁྲུལ་བས། །མཁའ་འགྲོ་མཆོད་པ་དེ་ཡིས་མཆོད། །ཡེ་ཤེས་གཤེད་དང་འབྲེལ་བ་བཞིན། །མཆོད་བསྟོད་དྲན་དང་རྟག་ཏུ་མཆོད། །མས་ཀྱི་མཆོད་མཆོད་རྟག་ཏུ་དྲན། །དྲན་དང་ཡུལ་འཁོར་སྐྱོབ་པར་བྱེད། །ཅི་འདོད་བསམས་པ་འགྲུབ་པར་བྱེད། །མཆོད་པ་ཐོར་མནན་མཁའ་འགྲོ་མནན། །སྟོང་གསུམ་སྲིད་པའི་མཁའ་འགྲོ་འཁྲུགས། །བདག་གི་འཁོར་དུ་སྨྱོ་འབོག་སོགས། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གཞན་ཡང་མཛེ་ནད་སྣ་ཚོགས་སོ། །འཕངས་ན་ལས་མཁན་འཕངས་པ་སྟེ། །བོད་པའི་སྔགས་དང་ཚིག་རྣམས་དང་། །ཏིང་འཛིན་བོས་ཀྱང་མི་འཁོར་ཏེ། །རྟེན་དང་མཆོད་པས་དེ་དང་འདྲ། །འཁོར་གྱི་མ་མོ་གཞན་དུ་འཕོས། །ལྷ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཡུན་དུ་གཟུང་བའི་མཆོད་ཐོད་དང་། །རྟག་པར་བཞུགས་ཀྱང་རྫས་སུ་དྲན། །མཐུན་པར་བཞུགས་ཀྱང་གཤེགས་བཞུགས་མེད། །ཐོད་པ་བཞི་ཡིས་མཆོད་པར་གསུངས། །འཕངས་ཐོད་རབས་ཆད་ཐོད་པ་མྲ །དྲག་སྔགས་བྲིས་ཏེ་དེར་བཞག་ནས། །ཏིང་འཛིན་དུག་གི་ན་བུན་འཐིབས། །འཕང་ཐོད་མཆོད་ན་དྲག་སྔགས་དང་། །ན་བུན་བདག་ལ་རྟོག་པར་ངེས། །མནན་ན་ན་བུན་ལྷ་འདྲེ་ཡི། །མཉན་དགུ་དག་ཏུ་མནན་པས་ཏེ། །མཉན་དགུའི་རིམས་ནད་བདག་ལ་ལྡོག །མཆད་ཆེན་ཁའམ་བྱང་རི་ནས། །འཕངས་ན་དགྲ་ཡི་སྡེ་རྣམས་འཕུང་། །ནད་ཀྱི་ན་བུན་འཐིབས་པ་དང་། །མཚོན་གྱི་བསྐལ་པ་འཁྲུགས་པ་དང་། །དུག་གི་ན་བུན་འཐིབས་པར་ངེས། །བྱང་རིའི་ཁ་ནས་འཕངས་བར་ངེས། །ཐོད་པ་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས། །དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཡི་གེ་རྩིས་ནི་ཇི་ལྟར་ལགས། །དེ་ཡི་ཚད་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་ད་བཤད་འཚལ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཉོན་ཅིག་འཇམ་དཔལ་གཤིན་རྗེ་གཤེད། །སྔགས་ཀྱི་དེ་ཉིད་རྣམ་པ་ལྔ། །ཡང་དག་ངེས་པར་བཤད་བྱ་བ། །བསྙེན་སྔགས་བསྒྲུབ་སྔགས་གསད་པའི་སྔགས། །སྔགས་ཀྱི་འབྲེལ་པ་དུམ་དུམ་འབྲེལ། །ཨོ་ནི་རིགས་ལྔའི་སངས་རྒྱས་ཏེ། །མ་ར་ཡ་ཡི་རིག་པ་སྲངས། །ཐ་མའི་ཡི་གེ་ཛ་བཞག་པ། །རྟེན་ཅན་དག་གི་མཉན་པའོ། །ཨོ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །རིག་པ་བཞི་ཡིས་རིག་པ་དྲངས། །ཐ་མ་ཛ་ཡིས་འགུགས་བྱེད་པ། །རྟེན་ཅན་གྱིས་ནི་སྙེན་པའོ། །མཐར་བྱེར་ལྔ་ནི་ཡི་གེ་ཨོ། །ཨ་ནི་ཡུམ་ལྔའི་སྙིང་པོ་སྟེ། །གྲོ་ནི་ཕྱོགས་བཚི་ཁྲོ་བོ་ཡིན། །ཏེ་ནི་སྲས་བཅས་སྙིང་པོ་སྟེ། །ཀ་ནི་གཟུགས་སྐུའི་སྙིང་པོ་ཡིན། །ཧུ༷་ནི་ཐམས་ཅད་དབང་དུ་སྡུད། །ཕཊ་ཀྱིས་ལྷ་ཚོགས་སྤྲོ་བར་བྱེད། །འཇམ་དཔལ་རྩ་བའི་བསྙེན་པའོ། །སྣང་བར་ཤེས་པའི་དངོས་པོ་སྟེ། །རང་ལ་ཡོད་པས་འགྲུབ་པའོ། །ཡི་གེ་སྨྱོ་ནི་བསྒྲུབ་སྔགས་ཏེ། །རྦད་ནི་གསོད་པའི་སྔགས་ཡིན་ནོ། །ཡ༷་ནི་མནན་པའི་སྔགས་ཡིན་ནོ། །མ་ནི་གཤེད་མའི་སྔགས་ཡིན་ནོ། །ར་ནི་གཤེད་མར་བྱེད་པའོ། །ཡ་ནི་གཤེད་མར་རྐྱེན་ཡིན་ནོ། །གཤེད་མའི་ཚོགས་སྤྲོ་ཡི་གེ་ཕཊ། །སྔགས་ཀྱི་འཕྲེང་པ་དུམ་དུམ་འབྲེལ། །ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ། །ཡེ་ཤེས་འཕྲེང་བ་དུམ་དུམ་འབྲེལ། །ལས་དང་འཇིག་རྟེན་འཇིག་རྟེན་འདས། །ལས་མཁན་འཕྲེང་བ་དུམ་དུམ་འབྲེལ། །འབྲས་བུ་ས་དང་ཚོགས་ཀྱི་གསུམ། །ལམ་གྱི་ཕྲེང་བ་དུམ་དུམ་འབྲེལ། །འཕྲེང་བ་ཡང་དག་རྣམ་པ་གསུམ། །འདི་ཉིད་མ་འཁྲུལ་སྤྱད་འགྱུར་ན། །ལས་མཁན་མ་ལུས་དབང་དུ་སྡུད། ཁུད་ནི་རྣམ་པ་གསུམ་ཡིན་ཏེ། །ལས་ཀྱི་རིག་ནི་རིག་པ་ཅན། །ལམ་གྱི་རྒྱུད་ནི་གསང་སྔགས་ཏེ། །ཡི་གེ་འབྲུ་ལྔ་དེ་ཉིད་ཡིན། །འབྲས་བུ་སྐུ་ནི་བདེ་གཤེགས་སྐུ། །རྟེན་དང་རྟེན་ཅན་རྣམ་གཉིས་ཀྱི། །སྔགས་ཀྱི་སྙིང་པོ་མ་ནོར་བར། །དྲེགས་པས་རྟེན་དང་བཅས་ནས་འགུགས། །བསྙེན་སྔགས་མ་ནོར་བདེ་བ་རྙེད། །བསྒྲུབ་སྔགས་མ་ནོར་ལས་ལ་འཛུད། །གསང་སྔགས་མནོརམཚོནཆརའབབ། །ཨི་ཡིས་བསྙེན་པར་དྲངས་ནས་ནི། །སྐུ་གསུམ་ཐོབ་ཀྱང་འཆི་བར་ངེས། །ཡ༷་གྱིས་བསྙེན་པར་དྲངས་ནས་ནི། །རིག་པ་རྙེད་ཀྱང་གནས་ནས་འགུགས། །ར༷་གྱི་བསྙེན་པར་དྲངས་ནས་ནི། །དྲོད་ལྔ་ཐོབ་ཀྱང་ལུས་སེམས་འབྲེལ། །བ༷་གྱི་བསྙེན་པ་དྲངས་ནས་ནི། །སྐུ་ལྔ་ཐོབ་ཀྱང་སྡུག་བསྔལ་མྱོང་། །སུ་ཡིས་བསྙེན་པ་དྲངས་ནས་ནི། །ས་རྣམས་ཐོབ་ཀྱང་གསོད་པ་བྱེད། །ཧ༷་གྱིས་བསྙེན་པར་དྲངས་ནས་ནི། །སྐུ་ལྔ་ཐོབ་ཀྱང་འཇིག་པར་འགྱུར། །ཕཊ་ཀྱིས་བསྙེན་པར་དྲངས་ནས་ནི། །ཆེ་བས་ཆེ་བའི་མཐུ་དཔུང་འཇོམས། །འདི་རྣམས་གཅིག་ལ་གང་བྱས་ཀྱང་། །ལས་རྣམས་གྲུབ་པར་གདོན་མི་ཟ། །སྔགས་ཀྱི་ཚིག་དང་ཚད་མ་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གདན་ལས་་དེངས་ཏེ། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་མནན་པ་ལ། །ལས་ཀྱི་བྱེ་བྲག་ཇི་ལྟར་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་འགྲོ་ལ་ཐུགས་བརྩེ་ཕྱིར། །ལས་ཀྱི་བྱེ་བྲག་ཐམས་ཅད་ཀུན། །འགྲོ་ལ་བརྩེ་ཕྱིར་ངས་བཤད་ཀྱིས། །ལུས་ངག་ཡིད་གསུམ་གུས་པར་ཉོན། །ཨེ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །གྲུ་གསུམ་མཁའི་སྙིང་པོ་ཡིན། །ན་གས་ཀླུ་ཡི་སྲོག་ནས་དྲངས། །ཚལ་གྱི་ཀླུ་རྣམས་སོ་སོར་འབྱེད། །ཐུན་གྱིས་རིགས་བཞི་ལས་ལ་འཛུད། །རིལ་གྱིས་༄༅ སོ་སོར་འཛིན་བར་བྱེད། །ནམ་གྱི་མགོ་ལུས་དབང་དུ་སྡུད། །དཔུང་གིས་ལས་རྣམས་གདོན་མི་ཟ། །ཨེ་ན་ག་ཚལ་ཐུམ་རིལ་ནམ་ཐུག །ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་གཅིག་གིས་བཏེག་ཅིང་། །ཡི་གེ་ཧ༷་བསམས་ན། མཛེ་རིམས་ཀྱིས་བཏབ་ན་འཆི་བར་འགྱུར་རོ། །སྨུག་ནི་གཟས་པའི་སྲོག་ནས་འདྲེན། །ཚལ་གྱིས་ལས་མཁན་གཤེད་མ་འགྱེད། །ཚལ་པ་ངེས་པར་གསོད་པ་ཡིན། །དུམ་དྲུག་གཉིས་བརྗོད་མནན་པའི་དོན། །མགོ་ཚག་དང་རུས་པ་དང་། །རྐང་ལག་རྟས་མཆི་བར་འགྱུར་རོ། །སྨུག་ཚལ་པ་དུམ་བུ་ཀྲུགས་དྲུམ་དཀྲུགས། །ཟངས་ཀྱི་ཕུར་པ་སོར་བརྒྱད་པ་གཅིག་བཏེག་ཅིང་། །གྱོ་མགོ་ལ་འཁོར་ལོ་བྲིས་ལ་གཏུབས་ན་གོང་མའི་ནད་ཀྱི་བཏབ་ན་འཆི་བར་འགྱུར་རོ། །ནཱ་གྭ་ཞེས་པས་ཀླུ་རྣམས་འབོད། །ཧེ་ཧེ་བཏབ་པས་སྔགས་ཡིན་ཏེ། །དྷི་རི་རི་ཡིས་བཤད་མ་ལྡང་། །སྨུག་ཤར་གཤེད་མ་བསྐུལ་བའི་སྔགས། །ན་ག་ཧེ་ཧེ་དྷི་རི་རི་སྨུག་ཤར། །སྔགས་བརྒྱ་རྩ་བརྒྱད་བཟླས། །དགྲ་བོ་མཛེ་ཡིས་ཟིན་པར་འགྱུར་རོ། །དེ་དག་ནི་དྲག་སྔགས་ཁྱད་པར་ཅན་བསྟན་པའོ། །མནན་པ་ལས་ཀྱི་བྱེ་བྲག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇམདཔལགཤིནརྗེགཤེད་གདན་ལས་བཞེངས་ཏེ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་བྱས་ནས། །ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས། །མ་འོངས་པ་ཡི་རྣལ་འབྱོར་པ། །ཐུན་མོང་སྔགས་རྣམས་མི་འཚལ་ལམ། །བཅོམ་ལྡན་འདས་བདག་ལ་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་སྐྲུ་གྲི་འདྲ་བ་ལ། ཁྲེན་ཏུ་བཤད་པར་མི་དཔགས་ཀྱང་། །མ་འོངས་རྣམས་ཀྱི་དོན་དུ་བཤད། །ང་རང་རྣམ་ཤེས་སྔགས་ཡིན་ཏེ། །ཐུམ་བྱེར་གྱིས་ནི་གསོད་པར་ངེས། །ང་རང་ཐུམ་བྱེར་གནས་པའོ། །ང་རང་ཐུམ་བྱེར་ང་རང་ཐུམ་བྱེད། ཁྱི་ཁྲག་ར་ཁྲག་མོན་པའི་ཁྲག །གནག་གི་ཁ་ཆུ་ཀློ་བ་གློ་རྣམས་ལ། །སྔགས་བཏབ་བསྐོལ་ཏེ་བརྒྱབ་ན་གནག་རྣམས་བཟུང་། །བསྙེན་བསྒྲུབ་སྔགས་ནི་འབུམ་དུ་བཟླས། །གཟའ་སྐར་བེའུ་རྫི་ཡིན་ཏེ། །ཉི་མ་གྲོས་ལ་བྱའོ། །རྦ་ཐམས་དགུག་པའི་སྙིང་པོ་སྟེ། །དེ་ནི་རྣམ་ཤེས་སྙིང་པོར་གསུངས། །ཙི་རི་གཉིས་སུ་བརྫོད་པར་བྱ། །རྦ་བསྲེགས་པའི་སྦྱོར་བ་ཡིན། །མ་ར་ན་གྲམ་གསད་སྔགས་ཏེ། །ཐུགས་ལུམ་གཉིས་བརྗོད་གསང་སྔགས་ཡིན། །བར་དུ་མུག་བྱེར་གཉིས་བཞག་པ། །ར་གསད་པའི་གསང་སྔགས་སོ། །ཨོ་ནི་འདུན་གྱི་མགོ་བོ་སྟེ། །བྲེས་འདི་བུས་ཞེས་རྦད་པའོ། །ཐུམ་བུས་འགྲི་ན་གསད་པའི་སྔགས། །དུར་གྲི་སྟ་དུང་བཏབ་པའོ། །འཇིངས་ནི་བསད་པའི་སྔགས་ཡིན་ཏེ། །རྟ་ལ་སོགས་པའི་མིག་ཟླུམ་རྣམས། །ཡོངས་སུ་བཏེག་པར་བྱ་བ་ཡིན། །ཨོ་བྲིས་འདི་བུས་ཐུམ་བུ་འདྲི་ཏང་དུ་འཇིབས། །དགྲ་བོ་ཡུལ་ཚན་དང་རྒྱས་ན། །གླ་བའི་ཆུ་ལ་བླུགས་ལ། ངན་སྔགས་འདི་བཏབ་ན། ཕུ་ཆུ་སྐམ་མོ། །ཧེ་ཧེ་དུམ་བུ་ཧུ་ཡ་ནག་གསུང་ཞེས་བརྗོད་ནས། ཆུ་ལ་བརྒྱབ་ན་ཆུ་མིག་ཐལ་བ་ཐོར་གྱིས་འགྲོ་ཡོ། །ནཱ་གས་ཀླུ་ཡི་སྲོག་ནས་འདྲེན། །དུམ་བུ་རྦད་པའི་སྔགས་ཡིན་ཏེ། ཁུ་ཡ་བཏབ་པའི་སྔགས་སུ་གསུངས། །ན་ག་ཐུམ་བུ་ཧུ་ཡ། སྦལ་པའི་གསོབ་ཏུ་ཁྲག་སྣ་ཚོགས་ཀྱིས་བཀང་ལ་སྦལ་ལྕོང་གི་གཟུགས་བརྒྱད་ཀྱིས་མཐའ་མ་བསྐོར་ལ། སྐར་མ་སྐྱེད་གསུམ་ལ་བསྙེན་པ་བྱ། སྐར་མ་ཁྲུམས་སྨད་ལ་གཏད། ཕག་པའི་ཐོད་པ་དང་སེམས་པས་གནས། དགྲ་བོ་མོ་རྒྱུད་མཐའ་ཕུང་བར་འགྱུར་རོ། །ཨོ་ནི་རྣམ་པར་སྣང་མཛད་དེ། །རྗེ་ཁྲམ་བཙན་གྱི་སྲོག་སྙིང་ཡིན། །ཝ་ཁྲམ་བཙན་སྲིན་སྲོག་སྙིང་ཡིན། །རྟ་ཁྲམ་ཕུང་སྲི་སྲོག་སྙིང་ཡིན། །ཨོ་རྗེ་ཁྲམ་ཝ་ཁྲག་རྟ་ཁྲམ། །རབས་ཆད་ཀྱི་ཐོད་པ་དང་རྟའི་ཐོད་པར་བཅུག་ལ། སྐར་མ་བི་རྫི་ལ་གཏད་ནས་གོང་གསུམ་དུ་བཅུག་ལ། དགྲ་བོའི་རྒྱུད་མཐའ་ཕུང་པར་འགྱུར་རོ། །ལས་ཐུན་མོང་གི་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་དག་ཐམས་ཅད་ཀྱི་སྤྱི་ཉིད་བཤད་ནས་བཞུགས་ཏེ། མཉམ་པ་ཉིད་ལས་གནས་པ་ལས། །འཇམ་དཔལ་གཤིན་རྗེས་ཞུས་པ་ལས། །སྤྱི་དང་རང་གི་མཚན་ཉིད་ལས། །སྔགས་ལས་ངེས་པ་དུ་ཞིག་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །མ་འོངས་མི་ལ་ཕན་འདོགས་ཕྱིར། །སྔགས་ཀྱི་དེཉིད་བཤད་པར་བྱ། །སྔགས་ཀྱི་མགོ་བོ་ཨོ་ཡིན་ཏེ། །བསྙེན་པ་གྲུབ་ནས་འབྱུང་བར་ངེས། །རྣམ་པར་སྣང་མཛད་ཡིན་པའི་ཕྱིར། །དྲག་པོའི་ལས་ལ་འདུལ་མི་འགྱུར། །མགོ་མེད་ཡི་གེ་ཧུ༷་གཞུག་བྱ། །ཡེ་ཤེས་ལྔ་དང་ལྡན་མོད་ཀྱང་། །ཐུགས་ཉིད་རྡོ་རྗེ་ཡིན་པའི་ཕྱིར། ཁྲོས་པ་དྲག་པོས་འདུལ་བར་བཤད། །འདུག་པ་གོང་འོག་སྤྲོ་བ་ནི། །ཡེ་ཤེས་རང་སྔགས་གོང་དུའོ། །ལས་མཁན་སྲོག་སྙིང་འོག་ཏུ་སྟེ། །བསྙེན་པའི་དུས་ཉིད་འགུགས་པར་བྱེད། །ཡི་གེ་ཛ་ཡིས་ཀུན་ཏུ་འགུགས། །ཉིན་སྲིབ་གཉིས་སུ་དབྱེ་བ་ཡང་། །ཞི་རྒྱས་གཉིས་ནི་ཉིན་ཡིན་ཏེ། །གསོ་བའི་ལས་ལ་ཤིས་པའོ། །དབང་དྲག་གཉིས་ནི་སྲིབས་ཡིན་ཏེ། །དྲག་པོའི་ལས་ལ་ཤིས་པའོ། །ལས་སྔགས་སྣ་ཚོགས་གང་བྱུང་བ། །སྔགས་ཀྱི་འཕྲ་མེན་འགྱེད་པར་གསུངས། །ཛ་ལ་ར༷་ཞེས་འབྱུང་བ་དང་། །འགྱེད་སྟེ་ཧྲིལ་ཞེས་བྱ་བ་ནི། །ཐོག་གི་ལས་རྣམས་འགྲུབ་པར་བྱེད། །འདི་ལ་མ་འདྲེས་རྦད་བྱུང་བ། །གསད་བའི་ལས་ལ་ཤིས་པའོ། །གཉིས་གོང་ཕྲོམ་དང་ཧྲིལ་གཞག་པ། །དབབ་པའི་ལས་ལ་ཤིས་པའོ། །རང་རང་སྣ་ཚོགས་ལས་རྣམས་ལ། །སྔགས་མཐར་འབྲུ་རེ་གང་བྱུང་བ། །མཐར་རྟེན་བཞུགས་ཞེས་དེ་ལ་བརྗོད། །ཇི་སྙེད་ལྷ་ཡི་གྲངས་བྱུང་ཡང་། །རྣམ་ཤེས་སྙིང་པོ་རེ་རེས་མཚོན། །མངཔོགཅིག་ཏུ་ལྕམས་ཤེསབྱ། །དམཚིགརྗེསདྲནཇིསྙེད་ལས། །སྙིངཔོརེརེསགཅིགཏུདྲིལ། །ཆོས་བུ་ཀུན་ལས་བཏུས་ཞེས་བྱ། །ལས་གསུམ་གཅིག་ཏུ་གང་ཟློས་པ། །འུར་བ་གཅིག་ཏུ་དྲིལ་ཞེས་བྱ། །འབྱུང་བའི་ཚ་གྲང་གང་འཁྲུགས་པ། །མེ་ཆུ་འགལ་བ་སོགས་ཞེས་བཤད། །རྩིས་ཚད་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་གདན་ལས་བཞེངས་ཏེ། གར་གྱི་བདག་སྣ་ཚོགས་པས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་རྐྱང་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས། །འཁོར་ལོའི་ངེས་པ་ཇི་ལྟ་བུ། །དེ་ཡི་འབྲེལ་པ་ཇི་ལྟ་བུ། །དེ་ཡི་དགོས་པ་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་དུས་བཞི་ཆ་མཉམ་འབྱུང་། །དུས་གསུམ་ཆ་ཡང་དེ་བཞིན་ཏེ། །ང་ལས་ཧུ༷་གི་སྒྲ་བྱུང་བས། །ཧ་ཧེ་མཚོན་པའི་ཚུལ་དུ་ཕྱུང་། །ཧུ༷་གི་ཁོང་ནས་ཨེ་བྱུང་བས། །དཀར་པོ་གྲུ་གསུམ་ཆོས་ཀྱི་དབྱིངས། ཁུ་གསུམ་མ་ར་ཡ་རེ་དགོད། །དཀྱིལ་དུ་རྣམ་ཤེས་སྙིང་པོ་དགོད། །དེ་སྟེང་ཡི་གེ་ཛ་བཞག་ལ། །འགུགས་བྱེད་བསྙེན་པའི་འཁོར་ལོ་ཡིན། །ས་དེར་ཡི་གེ་སྨྱོ་བཞག་པ། །སྒྲུབ་པའི་འཁོར་ལོ་ཆེན་པོ་ཡིན། །ས་དེར་ཡི་གེ་རྦད་བཞག་པ། །གསོད་བྱེད་དྲག་པོའི་འཁོར་ལོ་ཡིན། །ཀུན་ལ་དེ་བཞིན་ཤེས་པར་བྱ། །ཧུ༷་གིས་ཁོང་ནས་ཧུ༷་ཕྱུང་བས། །དངས་མའི་འཁོར་ལོ་ཆེན་པོ་སྟེ། །དངས་མ་ལྔ་ལ་ཡིག་འབྲུ་ལྔ། །སྐྱེ་བ་མེད་པའི་བྱང་ཆུབ་སེམས། །འགག་པ་མེད་པས་འཆི་བ་མེད། །མདོར་ན་རྒྱུ་མེད་རང་བཞིན་སྐོར། །ལྷག་པ་བྱང་སེམས་འཁོར་ལོ་སྟེ། །སྐྱེ་འགག་གཉིས་མེད་གཟུང་འཛིན་བྲལ། །ཐབས་དང་ཤེས་རབ་གཉིས་ལྡན་པ། །ལྔ་དང་བཡི་རང་བཞིན་བསྐོར་ཞེས་བརྗོད། །འདི་ནི་རྫོགས་པ་ཆེན་པོའི་འཁོར་ལོ་ཡིན། །ཧུ༷་ནི་ཁོང་ནས་ཡང་བྱུང་བས། །མཆོག་མ་གཉིས་དང་ཚང་ཙལ་གཉིས། །ཆང་པའི་དཀྱིལ་དུ་ཡི་གེ་འབྲུ་ལྔ་དགོད། །རླུང་གི་དཀྱིལ་འཁོར་གཞུ་འདྲ་ལ། །ཡི་གེ་ལྔ་དང་རབ་ལྡན་པ། །འདི་ནི་འབྱུང་བ་རླུད་གི་འཁོར་ལོ་ཡིན། །མེ་ཡི་འཁོར་ལོ་གྲུ་གསུམ་ལ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ཆུ་ཡི་འཁོར་ལོ་ཟླུམ་པོ་སྟེ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ས་ཡི་འཁོར་ལོ་གྲུ་བཞི་ལ། །ཡི་གེ་ལྔ་དང་ལྡན་པ་སྟེ། །ཐམས་ཅད་གོང་བཞིན་ཤེས་པར་བྱ། །ཡི་གེ་འོད་དང་ལྡན་བར་བསྒོམ། །ཕཊ་ཀྱིས་སེམས་ཀྱིས་རོ་བསད་དེ། །ར༷་ནི་སྲེག་པར་བྱེད་པ་ཡིན། །རྦ་ཐ་ཀྱིས་བདེ་བའི་རོ་བསད་དེ། །ཆོས་ཀྱིས་དབྱིངས་སུ་རྟག་པར་བྱ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་འཁྲུལ་འཁོར་དུ་བསྐོར། །ཡོངས་སུ་བྱང་ན་སྣང་བར་འགྱུར། །འདུས་བྱས་རྫས་ཀྱི་འཁོར་ལོ་བསྐོར་བ་མུ་སྟེགས་འཁྲུལ་པའི་ལམ། །དཔེརནམཚོནརྩེགཅིགཔས་བཏབ་ན་འཆོརམེདབཞིན། །སྣངལརང་བཞིན་མེད་པ་རྩེ་གཅིག་བསྒོམ། །སྤྱི་རྒྱ་ཆེན་པོའི་རྒྱུད་ལས། འཁོར་ལོ་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །།ཨེ་མ་བཅོམ་ལྡན་གསང་ཆེན་བདག །ཐམས་ཅད་མཁྱེན་རྫོགས་ཕྱག་འཚལ་ལོ། །ཀུན་ཁྱབ་བདེན་དོན་གསང་སྔགས་དོན། །ཇི་ལྟར་གསུངས་པའི་བཀའ་ལུང་སྟེ། །ལུང་གི་ཡི་གེ་མ་འདྲེས་གསལ། །རང་བཞིན་རྒྱུད་ལས་ཚིག་གི་རྒྱུད། །རྟེན་འབྲེལ་ཡི་གེ་སྨྲ་བརྟགས་སུ། །བདག་གིས་བསྡུས་ལ་གནས་པར་གྱིས། །འདི་དོན་མ་ལུས་གསུངས་པ་རྣམས། །འཆད་པའི་རྣལ་འབྱོར་དམ་པ་སྟེ། །གསང་བདག་ཉིད་དུ་གནས་པར་གྱིས། །ཇི་ལྟར་ཇི་ལྟའི་མས་ཅན་རྣམས། །དེ་ལྟ་དེ་ལྟའི་དོན་རྣམས་ལ། །གནས་ཤིང་དད་པར་བགྱི་ལགས་སོ། །འདི་སྤྱོད་རྣལ་འབྱོར་གང་དང་གང་། །བརྒྱ་རྟགས་ཞེས་ནི་གཟུང་བར་བགྱི། །དེ་ལ་རྒོལ་དང་བར་ཆོད་དང་། །གཞན་གྱི་སྡེ་པས་མི་ཚུགས་བགྱིའོ། །བཅོམ་ལྡན་འདས་དགོངས་པ་མཐར་ཕྱིན་ཏེ། བདེ་བ་ཆེན་པོའི་ངང་ལ་བཞུགས་སོ། །སྤྱི་རྒྱ་ཆེན་པོ་ལས། ཇི་སྙེད་པར་གཏད་པའི་ལེའུ་སྟེ་དགུ་བའོ།། །།གསང་སྔགས་ཐམས་ཅད་ཀྱི་སྤྱི་རྒྱ་ཆེན་པོའི་རྒྱུད་ཕྱི་མའི་རིམ་པར་གསུངས་པ་རྫོགས་སོ།། །།