Ngb-pt-0879-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

དོན་འགྲོལ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཤན་ཏིང་ཀ་ར་ཨ་མྲི་ཏ་ཀ་ར་ད་ཡ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་ཚུལ་ཅན་ཕྱག་ན་རྡོ་རྗེ་བདེ་བའི་མཆོད་པ་ཐོགས་ཏེ། ཨོ་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨོ། བདེ་བར་གཤེགས་པ་བཅོམ་ལྡན་འདས། །བཀྲ་ཤིས་བརྒྱད་ཀྱིས་མཆོད་པར་བཞེས། །མ་འོངས་དུས་ཀྱི་སྙིགས་མ་སྲ །སེམས་ཅན་བསོད་ནམས་ཆུང་དུས་སུ། །རིན་ཆེན་བུམ་བཟང་དཔག་བསམ་ཤིང་། །འདོད་པ་ཇི་ལྟར་བསྐང་བར་བགྱི། །ཞེས་གསོལ་པས། ཨོ་དཔལ་ཀུན་ཏུ་བཟང་པོས་ཞི་བའི་ཚུལ་དགུ་སེམས་ཅན་མཐའ་ཡས་བསྐྱབ་པའི་ཕྱིར། ཚེ་བསྲིང་པ་དང་གསོ་བ་དྲག་པོའི་དབྱིངས་རྣམ་པར་དག་པ་རྡོ་རྗེ་ལྟར་བསྲུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེའི་རྣམ་རྟོག་བཀའ་སྩལ་པ། ཨེ་མ་གསང་བ་སྙིང་རྗེ་མཆོག །བདུད་རྩི་རྣམ་དག་ཆེར་གསང་བའི། །རིན་ཆེན་བུམ་བཟང་དཔག་བསམ་ཤིང་། །རྣམ་ཤེས་འཁོར་ཡུལ་བཅས་པ་ཡི། །གསང་བའི་འཁོར་ལོ་ལས་བྱང་བ། །ཡི་གེ་བཏུ་ བ་བསྟན་པ་ནི། །འཁོར་ལོ་རང་འདྲེན་བཏུ་སྒྲ་ཡིས། །དགྲ་ཡི་བདུད་རྩི་གཏན་ལ་འབེབས། །འཁོར་ལོ་དབུས་ཀྱི་མི་འགྱུར་ལས། །འཁོར་ལོ་རང་འདྲེན་ཨ་བླངས་ཏེ། །ཡུལ་འཁོར་ཁྲ་གླང་སྟེང་ནས་བརྒྱན། །ཡུལ་འཁོར་ཆུ་སྲིན་ཐིག་ལེའི་སྟེང་། །འོག་ཏུ་ཁྱི་ཐ་སྦྲུལ་གྱིས་མཛེས། །ཡེ་ཤེས་ལྔ་རྫོགས་གསང་སྔགས་ཏེ། །གསང་སྔགས་ཀུན་གྱི་མགོ་ལ་བཞག །འཁོར་ལོ་ནུབ་བྱང་རང་འདྲེན་ཡ། །ནུབ་ཀྱི་འཁོར་ལོ་རང་དྲེན་མ། །དེ་དང་ལྷོ་ཕྱོགས་འཁོར་ལོ་ཡི། །རང་འདྲེན་ན་རུ་སྦྱར་བར་བྱ། །ལྷོ་ཕྱོགས་འཁོར་ལོ་རང་འདྲེན་དང་། །བྱང་ཤར་འཁོར་ལོ་རང་འོག་བརྒྱན། །སྟེང་དུ་རྟགས་དང་རི་རབ་བརྒྱན། །རེ་ལ་ལྷོ་ཕྱོགས་འཁོར་ལོ་ཡིས། །རང་འདྲེན་ད་ཡིས་བརྒྱན་པར་བྱ། །ནུབ་བྱང་འཁོར་ལོ་རང་འདྲེན་ཧ། །ཡུལ་འཁོར་གྱི་སྦྲུལ་ཐིག་ལེ་ཡིས། །སྟེང་དུ་བརྒྱན་པར་བྱ་བ་ཡིན། །དེ་ལ་གླང་སྦལ་མཐའ་ཡིས་བརྒྱན། །ནུབ་ཀྱི་ཕྱོགས་ཀྱི་འཁོར་ལོ་ཡིས། །རང་འདྲེན་ཕ་ནི་བླང་བར་བྱ། །ལྷོ་ནུབ་འཁོར་ལོ་རང་འདྲེན་ཌ། །དེ་ལ་སྦྱར་བར་བྱ་བ་ཡིན། །དགྲ་ཡི་བདུད་རྩི་འབྱུང་བའི་རྒྱུ། །ལྷ་ཡི་གཞལ་ཡས་བཏུ་སྒྲ་ཡིས། ཁྲོ་བོ་བདུད་རྩི་གཏན་ལ་འབེབས། །འགྱུར་མེད་གཡུང་དྲུང་གཞན་ཡས་ནས། །ལྷ་སྲོག་ཡི་གེ་ཨ་བླངས་ལ། །ཡུལ་བརྒྱད་དག་གི་མཁར་ནང་ནས། །ལྷ་སྲོག་ཡི་གེ་ཨོས་སྟེང་བརྒྱན། །ཡུལ་གྱི་མཁར་ནས་བྱུང་བ་ཡི། །ལྷ་སྲོག་ཐིག་ལེས་དེ་སྟེང་བརྒྱན། །ཡུལ་མཁར་ནང་ནས་བྱུང་བ་ཡིས། །ལྷ་སྲོག་ཨ་ཡིས་འོག་ཏུ་བརྒྱན། །འཁོར་ལོ་ལྕགས་ཁང་མཁར་ནང་ནས། །ལྷ་སྲོག་ཡི་གེ་ཤ་བླངས་ལ། །འཁོར་ལོ་ལྕགས་ཁ་མཁར་ནང་གནས། །ལྷ་སྲོག་ཡི་གེ་ ར་བླངས་ལ། །ལྷ་སྲོག་ཤ་ལས་འོག་ཏུ་སྦྲེལ། །ཡུལ་བརྒྱད་མཁར་ན་གནས་པ་ཡིས། །ལྷ་སྲོག་ཨི་ཡིས་སྟེང་ནས་བརྒྱན། །པདྨ་དཀར་པོ་མཁར་གནས་པའི། །ལྷ་སྲོག་ཡི་གེ་ཧ་བླངས་ལ། །ཡུལ་བརྒྱད་མཁར་ན་གནས་པ་ཡིས། །ལྷ་སྲོག་ཡི་གེ་ཨེ་སྟེང་བརྒྱད། །འཁོར་ལོ་ལྕགས་ཀ་མཁར་གནས་པའི། །ལྷ་སྲོག་ར་ལ་ཡུལ་མཁར་ནས། །ལྷ་སྲོག་ཨུ་ཡིས་འོག་ནས་བརྒྱན། །ཀང་ཀ་དཀར་པོ་མཁར་གནས་པའི། །ལྷ་སྲོག་ཡི་གེ་ཀ་བླང་བྱ། །པདྨ་དཀར་པོ་མཁར་ནང་ནས། །ལྷ་སྲོག་ཡི་གེ་ཧ་བླངས་ལ། །ཡུལ་བརྒྱད་མཁར་ན་གནས་པ་ཡི། །ལྷ་སྲོག་ཡི་གེ་ཨ༷་བླངས་ལ། །སྟེང་ནས་ཡི་གེ་མཛས་པར་བྱ། །ཡུལ་བརྒྱད་མཁར་ནང་གནས་པ་ཡི། །ལྷ་སྲོག་ཨུ་ཡིས་འོག་ཏུ་བརྒྱན། །ར་ག་ཟླུམ་པོ་མཁར་ནང་ནས། །ལྷ་སྲོག་ཡི་གེ་ཕ་བླངས་ལ། །རིན་ཆེན་སྨུག་པོའི་མཁར་ནང་ནས། །ལྷ་སྲོག་ཡི་གེ་ཏ་དང་ལྡན། ཁྲོ་རྒྱལ་བདུད་རྩི་འབྱུང་བའི་རྒྱུ། །འགྱུར་མེད་ཐིག་ལེ་བཏུ་སྒྲ་ཡིས། །པདྨ་བདུད་རྩི་ག་་ལ་འབེབས། །འགྱུར་མེད་ཐིག་ལེ་དབུས་ཕྱོགས་ནས། །ཐིག་ལེ་ཡི་གེ་ཨ་བླངས་ལ། །འགྱུར་མེད་ཡུལ་ནས་ཐིག་ལེར་ཨོ། །བླངས་ལ་བསྟན་དུ་བརྒྱན་པར་བྱ། །འགྱུར་མེད་ཡུལ་ནས་ཐིག་ལེ་ཨ། །བླངས་ལ་དེ་སྟེང་ཐིག་ལེས་བརྒྱན། །འགྱུར་མེད་ཡུལ་ནས་ཨ་བླངས་ལ། །འོག་ཏུ་ཐིག་ལེས་བརྒྱན་པར་བྱ། །འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ན། །འགྱུར་མེད་ཐིག་ལེ་པ་བླངས་ལ། །འཀྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ནས། །འབྱུང་མེད་ཐིག་ལེ་ད་དང་ལྡན། །འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ནས། །འགྱུར་མེད་ཐིག་ལེ་མ་བླངས་ལ། །འགྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ནས། །འགྱུར་མེད་ཐིག་ལེ་ཏ་དང་ལྡན། །འགྱུར་མེད་རྣམ་ཤེས་ཤར་ཕྱོགས་ནས། །འགྱུར་མེད་ཐིག་ལེ་ཀ་བླངས་ལ། །འགྱུར་མེད་རྣམས་ཤེས་ཡུལ་ནང་ནས། །འགྱུར་མེད་ཐིག་ལེ་ཨི་སྟེངས་བརྒྱན། །འགྱུར་མེད་རྣམ་ཤེས་བྱང་ཤར་ནས། །འགྱུར་མེད་ཐིག་ལ་་རས་འོག་བརྒྱན། །འགྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ན། །འགྱུར་མེད་ཐིག་ལེ་ད་དང་ལྡན། །འགྱུར་མེད་རྣམ་ཤེས་ནུབ་བྱང་ནས། །འགྱུར་མེད་ཐིག་ལེ་ཧ་བླངས་ལ། །འགྱུར་མེད་རྣམ་ཤེས་ཡུལ་ནང་ནས། །འགྱུར་མེད་ཐིག་ལེ་ཨོ་སྟེངས་བརྒྱན། །འགྱུར་མེད་རྣམ་ཤེས་ཡུལ་ནང་ནས། །འགྱུར་མེད་ཐིག་ལེ་ཨུས་འོག་བརྒྱན། །འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ནས། །འགྱུར་མེད་ཐིག་ལེ་ཕ་བླངས་ལ། །འགྱུར་མེད་རྣམ་ཤེས་ལྷོ་ནུབ་ནས། །འགྱུར་མེད་ཐིག་ལེ་ཏ་དང་ལྡན། །པདྨ་བདུད་རྩི་འབྱུང་བའི་རྒྱུ། །གླིང་བཞི་མ་ཡི་བཏུ་སྒྲ་ཡིས། །ཕུར་པའི་འདུད་རྩི་གཏན་ལ་འབེབས། །གླིང་བརྒྱད་དབུས་ཀྱི་གླིང་དཀྱིལ་ནས། །དགྲ་ཡི་ཡི་གེ་ཨ་བླངས་ལ། །ཡུལ་གྱི་དབུས་ནས་ཨོ་བླངས་ལ། །སྟེང་དུ་ལེགས་པར་བརྒྱན་པར་བྱ། །ཡུལ་གྱི་དབུས་ན་ཨ༷་བླངས་ལ། །དེ་སྟེངས་མཛེས་པར་བརྒྱན་པར་བྱ། །ཡུལ་གྱི་གླིང་ནས་ཨ་བླངས་ལ། །འོག་ཏུ་མཛེས་པར་བརྒྱན་པར་བྱ། །བྱང་གི་གླིང་གི་ནུབ་གླིང་ནས། །སྒྲ་ཡི་ཡི་གེ་ཛ་བླངས་ལ། །ནུབ་ཀྱི་གླིང་གི་ནུབ་གླིང་ནས། །སྒྲ་ཡི་ཡི་གེ་བ་བླངས་ལ། །ཛ་ཡི་གོང་དུ་གཞག་པར་བྱ། །བྱང་ཤར་གླིང་གི་ལྷོ་གླིང་ནས། །སྒྲ་ཡི་ཡི་གེ་ར་བླངས་ལ། །ཛ་ཡི་འོག་ཏུ་བརྒྱན་པར་བྱ། །ཤར་གྱི་གླིང་གི་དབུས་གླིང་ནས། །སྒྲ་ཡི་ཡི་གེ་ཀ་བླངས་ལ། །ཡུལ་གྱི་གླིང་ནས་ཨི་སྟེངས་བརྒྱན། །བྱང་ཤར་གླིང་གི་ལྷོ་གླིང་ནས། །སྒྲ་ཡི་ཡི་གེ་ལ་བླངས་ལ། །ཡུལ་གྱི་གླིང་ནས་ཨི་སྟེངས་རྒྱན། ཁྲར་གྱི་གླིང་གི་དབུས་གླིང་ནས། །སྒྲ་ཡི་ཡི་གེ་ཀ་བླངས་ལ། །ཡུལ་གྱི་གླིང་ནས་ཨི་སྟེངས་བརྒྱན། །བྱང་ཤར་གླིང་གི་དབུས་གླིང་ནས། །སྒྲ་ཡི་ཡི་གེ་ཡ་བླངས་བྱ། །ཕུར་པའི་བདུད་རྩི་འབྱུང་བའི་རྒྱུ། །ཡི་གེ་ར་འདྲེན་བཏུ་སྒྲ་ཡིས། །གསང་བདག་བདུད་རྩི་གཏན་ལ་འབེབས། །མི་འགྱུར་གཡུང་དྲུང་དབུས་ནང་ནས། །དྲག་འདྲེན་ཡི་གེ་ཨ་བླངས་ལ། །ཡུལ་ནས་ཐུང་འདྲེན་ཨོ་སྟེངས་བརྒྱན། །ཡུལ་ནས་ཨོ༷་གྱིས་དེ་སྟེངས་བརྒྱན། །འོག་ཏུ་རིང་འདྲེན་ཨ་དང་ལྡན། །བྱང་ཕྱོགས་འཁོར་ལོ་ཐུང་འདྲེན་ལ། །ནུབ་ཕྱོགས་འཁོར་ལོ་ཐུག་འདྲེན་གོང་། །ཛ་འོག་བྱང་ཤར་དལ་འདྲེན་བརྒྱན། །ནུབ་ཀྱི་འཁོར་ལོ་རང་འདྲེན་བླང་། །ལྷོ་ཕྱོགས་འཁོར་ལོ་དྲག་འདྲེན་བླང་། །ཡུལ་ནས་ཨི་ཡིས་དེ་སྟེངས་བརྒྱན། །ནུབ་བྱང་འཁོར་ལོ་རིང་འདྲེན་བླང་། །ཡུལ་ནས་ཨ༷་གིས་ཐིག་ལེས་མཛེས། །ཡུལ་ནས་ཨུ་ཡིས་འོག་ཏུ་བརྒྱན། །དེ་འདྲ་གཉིས་སུ་དྲང་བར་བྱ། །ནུབ་ཕྱོགས་འཁོར་ལེའི་དལ་འདྲེན་ལ། །ལྷོ་ནུབ་འཁོར་ལོ་རང་འདྲེན་ལྡན། །གསང་བདག་བདུད་རྩི་འབྱུང་བའི་རྒྱུ། །འོད་ཟེར་བརྒྱད་ཀྱི་བཏུ་སྒྲ་ཡིས། ཁྱུང་ཆེན་བདུད་རྩི་གཏན་ལ་འབེབས། །མི་འགྱུར་གཡུང་དྲུང་དབུས་གནས་ན། །དབུས་ཀྱི་ཡི་གེ་ཨ་བླངས་ལ། །ཡུལ་ནས་ཡི་གེ་ཨོ་སྟེང་བརྒྱན། །དེ་སྟེང་ཡུལ་ནས་ཨོ་སྟེང་མཛེས། །འོག་ཏུ་ཡུལ་ནས་ཨ་དང་ལྡན། །ཟླ་ཁམ་ཀང་ག་འོད་འབར་གནས། །ཟླ་ཁམ་འོད་འབར་ཀྟ་བླང་བྱ། །འཁོར་ལོ་ལྕགས་ཀ་འོད་འབར་ནས། །ཡི་གེ་འོད་འབར་ར་བླངས་ལ། །ཡུལ་ནས་ཨུ་བླངས་འོག་ཏུ་བརྒྱན། །འཁོར་ལོ་ལྕགས་ཀ་འོད་འབར་ནས། །འོད་འབར་ཡི་གེ་ར་བླང་བྱ། །པདྨ་དཀར་པོ་འོད་འབར་ནས། །འོད་འབར་ཡི་གེ་ཧ་བླང་བྱ། །དེ་སྟེངས་ཨ༷་གྱི་ཐིག་ལེ་བརྒྱན། །འོག་ཏུ་ཡུལ་ནས་ཨུས་བརྒྱན་བྱ། །དེ་འདྲ་གཉིས་སུ་ཤེས་པར་བྱ། །ཟླུམ་པོ་ར་ག་འོད་འབར་གནས། །འོད་འབར་ཡི་གེ་ཕ་བླངས་ལ། །རིན་ཆེན་སྨུག་པོ་འོད་འབར་ནས། །འོད་འབར་ཡི་གེ་ཏ་དང་ལྡན། ཁྱུང་ཆེན་བདུད་རྩི་འབྱུང་བའི་རྒྱུད། །རྩ་བ་རྣམ་པ་དྲུག་རྣམས་ལ། །བྱིན་རླབས་གཡོ་ཐོབ་བསྟན་གསུམ་འགྱུར། །དེ་དག་ཐམས་ཅད་བདུད་རྩིར་འགྱུར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བ་འཁོར་ལོའི་རྒྱུད་ལས། རྩ་བའི་བསྙེན་བསྒྲུབ་བདུད་རྩི་འབྱུང་བའི་ལེའུ་སྟེ་དང་པོའོ།། །།ཞི་བའི་བདུད་རྩི་འབྱུང་བ་ནི། །སརྦ་བྱུ་ཏི། ནད་ཐམས་ཅད་དོ། །སརྦ་པིཀྟ་ནཱན། བགེགས་ཐམས་ཅད་དོ། །སརྦ་གྲ་ཧེ། རྦོད་གཏོང་ཐམས་ཅད་དོ། །སརྦ་དུས་སྭབ། རྨི་ལམ་ངན་པ་ཐམས་ཅད་དོ། །སརྦ་དུར་ནི་མི་ཏི། ལྟས་ངན་པ་ཐམས་ཅད་དོ། །སརྦ་ཨ་ཀྭ་ལ་མྲི་ཏུ། དུས་མ་ཡིན་པར་འཆི་བ་ཐམས་ཅད་དོ། །སབོ་ཛ་རམ། རིམས་ནད་ཐམས་ཅད་དོ། །སརྦ་ཨ་བ་ན་ཡ། གཟའ་དང་རྒྱུ་སྐར་ངན་པ་ཐམས་ཅད་དོ། །སརྦ་གྲ༷་ཨ་པ་ན་ཡ། ལྷོག་པ་དང་སྐྲངས་ནད་ཐམས་ཅད་དོ། །སརྦ་བི་ནངན་སྔགས་ཐམས་ཅད་དོ། །སརྦ་ཙིསྟ་ན་བི། བསམ་པ་ངན་པ་ཐམས་ཅད་དོ། །སརྦ་ཡ་རོ་ག །སྨྱོ་འབོགས་ཐམས་ཅད་དོ། །སརྦ་མ་རོ་ག །ལྐུག་པ་ཐམས་ཅད་དོ། །སརྦ་མེ་རོ་ག །ལྷོག་པ་ཐམས་ཅད་དོ། །སརྦ་ད་རོ་ག །ཕོ་ལོག་ཐམས་ཅད་དོ། །སརྦ་ཁྲེ་རོ་ག །རླང་ཐབས་ཐམས་ཅད་དོ། །སརྦ་ར་རོ་ག །གཟེར་ནད་ཐམས་ཅད་དོ། །སརྦ་ཛ་རོ་ག ཁྲག་སྒྱུག་ཐམས་ཅད་དོ། །སརྦ་ཙ་རོ་ག །རིམས་ནད་ཐམས་ཅད་དོ། །སརྦ་ཏོ་རོ་ག །མཛེ་ཤུ་ཐམས་ཅད་དོ། །སརྦ་དུ་རོ་ག །མཁྲིས་ནད་ཐམས་ཅད་དོ། །སརྦ་ན་རོ་ག །སྐྱ་རྦབས་ཐམས་ཅད་དོ། །སརྦ་ཨ་རོ་ག ཁྲག་ནད་ཐམས་ཅད་དོ། །སརྦ་ན་རོ་ག །འཕྲེང་ནད་ཐམས་ཅད་དོ། །སརྦ་ན་རོ་ག །གཅིག་འགྱེལ་ཐམས་ཅད་དོ། །སརྦ་ཡ་ཡ་རོ་ག །གཞོགས་སྐམས་ཐམས་ཅད་དོ། །སརྦ་ཙ་རོ་ག །འབྲུམ་ནད་ཐམས་ཅད་དོ། །སརྦ་ནི་རི་རོ་ག །ཆུ་འགགས་བཅད་དོ། །སབོ་དུ་་ཤཱན་ཏིང་ཀུ་རུ་གྲྭ་ཧྭ། །བགེགས་སྤྱིན་ཞི་བར་བྱའོ། །སརྦ་ཡ༷་རོ་ག །རླུང་ནད་ཞི་བར་བྱའོ། །སརྦ་བྱུ་ཏི་རོ་ག །འདུས་པའི་ནད་ཐམས་ཅད་དོ། །ཡ་གྲྭ་ཧྭ། གཤིན་རྗེ་བཞི་པའོ། །ཡ་ཤཱན་ཏ༷་ཀུ་རུ་ཡེ་གྲྭ་ཧྭ། གཤིན་རྗེ་ཞི་བའོ། །ཨོ་མ་ཧྭ་མ་ཡུ་རི། ཨོ་མ་ཧྭ་སིང་ཧ། ཨོ་མ་ཧྭ་བྱུ་གྲི། ཨོ་མ་ཧྭ་ཀྲི་ཏ། ཨོ་མ་ཧྭ་བྷ་ཏ། ཨོ་མ་ཧྭ་ཤྭ་ན། ཨོ་མ་ཧྭ་ཧུ་ལུ། ཨོ་མ་ཧྭ་ཁུ་ཁུ། རཀྟ་རཀྟ་གྲྭ་ཧྭ། །དུད་འགྲོ་བརྒྱད་ཀྱི་བསྲུང་བའོ། །བཛྲ་ལི་ཙ་ཀིང་ཀང་རྦད་ཐུ༷་རིལ་སྨྱོ། ཐོག་སེར་བཅད་པའོ། །བྷ་རི་ཤ་ཡ་རྦད་ཐུ༷་རིལ་སྨྱོ། ཆར་པ་བཅད་པའོ། །ཨ་རི་མ་རི་ཤག་མོ་དུ་ཧ་ས་བྲ་མ་ལ་ལྗང་ནན་སྨྱོ། ཐོག་སེར་རང་ལུས་བསྲུང་བའོ། །སུ་ར་རཀྟ་གྲྭ་ཧྭ། ཆང་བསྲུང་བའོ། །སྨྱོ་ཧ་ཁ་རཀྟ་གྲྭ་ཧྭ།གནག་ནད་བསྲུང་བའོ། །ཆེ་ལ་དྷི་རཀྟ་གྲྭ་ཧྭ། ར་ནད་བསྲུང་བའོ། །དྷི་མ་སྙོ་ར་རཀྟ་གྲྭ་ཧྭ། རྟ་ནད་བསྲུང་པའོ། །དྷི་ཧ་རཀྟ་སྭ་ཧྭ། །བྱ་ནད་བསྲུང་བའོ། ཀུ་ཀུ་ར་རཀྟ་གྲྭ་ཧྭ། ཁྱི་ནད་བསྲུང་བའོ། །བདག་བསྲུང་གཉིས་ལ་གཞན་བསྲུང་གཉིས། །བདག་བསྲུང་བ་དང་འཁོར་བསྲུང་དང་། །གང་ཟག་བསྲུང་དང་གྲོང་ཁྱེར་བསྲུང་། །སྔགས་ཀྱིས་བསྲུང་དང་རྫས་ཀྱིས་བསྲུང་། །ཏིང་འཛིན་བསྲུང་དང་མཚོན་ཆས་བསྲུང་། །བསྲུང་ཆ་རྣམ་པ་བཞི་དག་ལ། །སྔགས་ཀྱི་བསྲུང་བ་དྲུག་ལ་སོགས། །རྫས་ཀྱང་རྣམ་པ་དྲུག་ཏུ་གསུང་། །ཏིང་འཛིན་བསྲུང་བ་སྒོ་བཅུ་གཅིག །ལྷ་འམ་གོ་ཆ་ཡིག་འབྲུ་སྒོམ། །གཉེན་པོ་སྟོབས་ཀྱང་བསྒོམ་པར་བྱ། །མཚོན་ཆ་འཁོར་ལོས་བསྲུང་བ་ནི། །རྣམ་པ་ལྔ་རུ་ཤེས་བྱ་སྟེ། །རྒྱས་པའི་འཁོར་ལོ་རིམ་བདུན་ལ། །དབུས་སུ་པདྨ་བརྒྱད་པ་སྟེ། །འདབ་མ་མུ་ཁྱུད་ཕྱི་ནང་བཅས། །དེ་ཕྱི་ཆོས་ཀྱི་འཁོར་ལོ་བརྒྱད། །དེ་ཕྱི་ཨུ་ལི་ཀྭ་ལི་དང་། །རྡོ་རྗེ་མེ་རི་དང་བཅས་པའོ། །སྡུད་པ་པདྨ་འཁོར་ལོ་དང་། །རྡོ་རྗེ་རྒྱ་གྲམ་རིན་ཆེན་སྨུག །རིམ་པ་ལྔ་དང་བཅས་པ་སྟེ། །རྩ་བའི་ལྷ་དང་སྲུང་བའི་ལྷ། །ཐུན་མོང་བཅུ་བཞི་ལྷ་དང་བཅས། །ཨུ་ལི་ཀྭ་ལི་གྲངས་རྣམས་དང་། །བྲིས་སམ་བསམས་ཀྱང་འགལ་མི་འགྱུར། །ཐུན་མོངས་འཁོར་ལོ་བསྲུང་བ་ཡིན། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པའི་བདུད་རྩི་འབྱུང་བའི་རྒྱུད་ལས།ཞི་བསྲུང་གི་བདུད་རྩི་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།རྒྱས་པའི་བདུད་རྩི་འབྱུང་བ་ནི། །སརྦ་པུརྨྱེ་པ་ཏ་ནི། བསོད་ནམས་ཐམས་ཅད་དོ། །སརྦ་ཨུ་ཡུ་བརྟ་ནི། ཚེ་ཐམས་ཅད་དོ། །སརྦ་རད་ན་བྷ་རུ་བརྟ་ན།ལོངས་སྤྱོད་ཐམས་ཅད་ཅད་དོ། །སརྦ་དྷརྨ་བརྟ་ནི། ཆོས་ཐམས་ཅད་དོ། །སརྦ་རྙོ་ན་བརྟ་ནི། ཡེ་ཤེས་ཐམས་ཅད་དོ། །སརྦ་མ་མི་བརྟ་ནི། རིམས་ཐམས་ཅད་དོ། །སརྦ་པུ་ནེ་པུ་ཏྲ་བརྟ་ནི། བུ་ཁྱེར་མཐོང་བར་བྱའོ། །སརྦ་རད་ན་སིདྷི། རིན་པོ་ཆེ་ཐམས་ཅད་དོ། །སརྦ་ཨ་མྲི་ཏ་སི་དྷི། སྨན་ཐམས་ཅད་དོ། །སརྦ་ག་ར་པ་སིདྷི། སྙིང་པོ་ཐམས་ཅད་དོ། །སརྦ་པྲི་ཡང་ཀུ་རུ་སིདྷི། འབྲུ་ཐམས་ཅད་དོ། །སརྦ་བི་རྒྱ་བ་སིདྷི།གནག་ཐམས་ཅད་དོ། །སརྦ་དྷི་ལ་ཆེ་ལ་སིདྷི། ར་ལུག་ཐམས་ཅད་དོ། །སརྦ་དྷི་མགོ་ཡ། སིདྷི་དྷ་ཐམས་ཅད་དོ། །སརྦ་དུ་རྩི་སི་དྷི་སྤྲུརྨྱེ༷་ཀུ་རུ་གྲྭ་ཧྭ། །ཨོ་དུད་འགྲོ་ཐམས་ཅད་དོ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། རྒྱས་པའི་བདུད་རྩི་འབྱུང་བའི་ལེའུ་སྟེ་གསུམ་པའོ།། །།དབང་གི་བདུད་རྩི་འབྱུང་བ་ནི། །དེ་བ་བ་ཤང་ཀུ་རུ་སྲུ་ཧྭ་ཧོ། ལྷ་དབང་དུ་བསྡུས་པའོ། །མ་མ་དེ་བ་བ་ཤང་ཀུ་རུ་སྲུ་ཧྭ་ཧོ། ལྷ་མོ་དབང་དུ་བསྡུ་བའོ། །ནཱ་ག་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། ཀླུ་དབང་དུ་བསྡུ་བའོ། །མ་མ་ནཱ་ག་པ་ཤང་གྲྭ་ཧྭ་ཧོ། ཀླུ་མོ་དབང་དུ་བསྡུ་བའོ། །རྭ་ཛ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། རྒྱལ་པོ་དབང་དུ་བསྡུ་བའོ། །རྭ་ཛ་མི་ལི་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། རྒྱལ་པོའི་བཙུན་མོ་དབང་དུ་བསྡུ་བའོ། །དན་རྡ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། བློན་པོ་དབང་དུ་བསྡུ་བའོ། །སརྦ་དུ་་པ་ཤང་ཀུ་རུ་སྭ་ཧྭ་ཧོ། དྲེགས་པ་སྤྱི་དབང་དུ་བསྡུ་བའོ། །ཡ་མ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། གཤིན་རྗེ་དབང་དུ་བསྡུ་བའོ། །ཏིང་ཏི་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། མུ་སྟེགས་དབང་དུ་བསྡུ་བའོ། །རུ་ཏྲ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། བདུད་དབང་དུ་བསྡུ་བའོ། །དུན་ཏིང་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། བདུད་མོ་དབང་དུ་བསྡུ་བའོ། །རྭཀྟ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། སྲིན་པོ་དབང་དུ་བསྡུ་བའོ། །རག་མོ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། སྲིན་མོ་དབང་དུ་བསྡུ་བའོ། །རུ་དྲ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། རིགས་འཛིན་དབང་དུ་བསྡུ་བའོ། །ཡཀྟ་པ་ཤང་ཀུ་རུ་སྭ་ཧྭ་ཧོ། གནོད་སྤྱིན་དབང་དུ་བསྡུ་བའོ། །ཡཀྟ་མོ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། གནོད་སྤྱིན་མོ་དབང་དུ་བསྡུ་བའོ། །རྭ་ཛ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། རྒྱལ་པོ་དབང་དུ་བསྡུ་བའོ། །ཡ༷་ཏྲི་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། བཙན་དབང་དུ་བསྡུ་བའོ། །མུན་མུན་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། བདུད་དབང་དུ་བསྡུ་བའོ། །བཛྲ་པ་རུ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། ཐེ་བྲང་དབང་དུ་བསྡུ་བའོ། །ཧ༷་ཤ༷་ཏྲི་པ་ཤང་ཀུ་རུ་སྭ་ཧྭ་ཧོ། འགོང་པོ་དབང་དུ་བསྡུ་བའོ། །རུ་དྲ་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། དམ་སྲིན་དབང་དུ་བསྡུ་བའོ། །ནཱ་ག་པ་ཤང་ཀུ་རུ་གྲྭ་ཧྭ་ཧོ། ཀླུ་གཉནས་བདག་དབང་དུ་བསྡུ་བའོ། །རྡོ་རྗེ་གཙུག་ལག་དྲག་པོངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་སྡེབ་པ་གཉིས་སུ་ཤེས། །དྲག་པོ་སྭ་གཏང་ཧཱུཾ༷་ཕཊ་འཇུག །ཞི་སོགས་སྭ་གཏང་གྲྭ་ཧྭ་འཇུག །བསྙེན་བསྒྲུབ་གཞན་ནི་ལས་སྔགས་གོང་། །དམིགས་པའི་མིང་དུས་སྲེག་ཐེམས་གཏང་། །ས་རྣམས་འཇུག་པ་ཞི་དྲག་གཉིས། །འཁོར་ལོ་རང་སྡེབས་གཉིས་སུ་བསྟན། །འདས་དང་མ་འདས་པ་དག་གོ །དེ་རེ་ལ་ཡང་ལྔ་ལྔའོ། །འདས་པ་ཡན་ལག་བཅུ་དྲུག་ནི། །སྔོན་སོང་ལས་ནི་བཅུ་སྡེབ་ས། །འཇིག་རྟེན་བཅུ་དྲུག་སོང་བ་ཡི། །འཁོར་ལོ་ལས་ནི་བདུན་དུ་སྡེབ། །བསད་པ་ལ་སོགས་བདུན་དུ་འགྱུར། །གཤེད་མ་རྐྱེན་སྡེབས་བདུན་དུ་འགྱུར། །རེ་རེ་ལ་ཡང་ཕྱི་སོགས་ལྔ། །རང་བཞིན་དྲག་པོ་བཙན་ཐབས་གསུམ། །དུག་ལྔ་དུག་གསུམ་ཐུན་ཟེར་དང་། །འབྱུང་བའི་ངན་སྔགས་སྡེབ་པ་དང་། །རང་རང་རྩ་བ་སྔགས་སོང་བའི། །སྦྱོར་བ་ལས་ལ་ལྔ་ལྔ་སྡེབ། །རང་བཞིན་དྲག་པོ་བཙན་ཐབས་ཀྱི། །དཀྲུག་པ་དགུ་རུ་བསྐུར་བ་དང་། །ཏྲིག་ནན་མགོར་གཏང་བར་མཐའ་གསུམ། ་་་ཐུམས་མགོར་གཏང་བར་མཐའ་གསུམ། །གཟིར་བ་མགོར་གཏང་བར་མཐའ་གསུམ། །དགུན་ནི་དཀྲུག་པ་དགུ་སྐོར་ཏེ། ཁྲེན་ཏུ་གསང་བར་བསྟེན་པའོ། །སྤྱིར་གཟིར་འགོ་འཕྲོག་སྤྱིར་གསད་གསུམ། །ལས་ནི་བདུན་པོ་ཀུན་ལ་གཅེས། །གཉེན་པོ་སྦྱོར་སྡེབས་བསྟན་པ་ནི། །ཕྱིས་སོགས་སྒྲུབ་པ་ལྔ་ཉིད་ལྔ། །སྲིད་པའི་ལྟོ་མཐའ་སྦྱོར་བ་སྟེ། །ཕོ་མོ་གཉིས་སུ་འཐབ་པ་དང་། །མོ་དང་མོ་རུ་འཐབ་པ་དང་། །ཕོ་དང་ཕོ་རུ་འཐབ་པའོ། །དུག་གི་གཉེན་པོ་ལྕགས་སུ་གཏང་། །ལྕགས་ཀྱི་གཉེན་པོ་བསེ་ཡིན་ནོ། །བསེ་ཡི་གཉེན་པོ་དུང་དུ་འགྱུར། །ཕོ་མོ་ཀུན་ལ་སྦྱར་བར་བྱ། །མོ་ཡི་གཉེན་པོ་ཕོ་གཏང་བ། །དུང་ལ་ལྕགས་ཀྱི་ཚུལ་ལྟ་བུ། །ཕོ་ཡི་གཉེན་པོ་མོ་གཏང་བ། །དུང་ལ་དུང་གི་ཚུལ་གྱིས་སོ། །དྲག་པོ་ཐུན་སྡེབས་བསྟན་པ་ནི། །འཇིག་རྟེན་ལྷ་སྲིན་ཐམས་ཅད་ལ། །ཕྱི་དང་ནང་དང་གསང་བ་དང་། །གསང་ཆེན་དང་ནི་སྦས་པ་གཏེར། །དེ་ལ་རྩ་སྔགས་ལས་སྔགས་དང་། །ཞི་དྲག་གཉིས་ལ་བདུན་སོགས་སྦྱོར། །རང་གིས་དྲེགས་པར་རང་བཅུན་ན། །ཕུར་ཐོད་ལྕགས་ཀྱི་རྫས་བཤམས་ལ། ཁེང་རྩ་གནམ་དུ་བསྟན་པ་དང་། །སྦྱོར་བའི་རང་སོ་དཀྲུག་ལ་དྲངས། །བར་སྔགས་མཐའ་རུ་དབྱུང་བ་ཡིན། །ལུགས་བྱུང་ཕྱི་ཡིན་ནང་སྡེ་བཟློག །གསང་བ་འབྲུ་བཟློག་གང་བྱེད་གདགས། །དེ་ལས་གང་བྱེད་གདོན་མི་ཟ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། སྡེབས་ཡིག་བདུད་རྩི་འབྱུང་བའི་ལེའུ་སྟེ་དྲུག་པའོ།། །།ལས་བྱེད་བདུད་རྩི་འབྱུང་བ་ནི། །བརྒྱ་རྩ་རྩ་གཅིག་ལྔརུ་བཤད། །ཞི་བ་བརྒྱ་རྩ་རྩ་གཅིག་དང་། །རྒྱས་པ་བརྒྱ་རྩ་རྩ་གཅིག་དང་། །དབང་གི་བརྒྱ་རྩ་རྩ་གཅིག་དང་། །གསད་པ་བརྒྱ་རྩ་རྩ་གཅིག་ཡིན། །ཐུན་མོང་བརྒྱ་རྩ་རྩ་གཅིག་ནི། །ཕྱི་བཅུ་ནང་བཅུ་གསང་བ་བཅུ། །གསང་ཆེན་བཅུ་ལ་སྦས་གཏེར་བཅུ། །ངོ་མཚར་ལས་ནི་ལྔ་བཅུ་གཅིག །ཕྱི་བཅུ་ནང་བཅུ་གསང་བ་བཅུ། །གསང་ཆེན་བཅུ་ལ་སྦས་གཏེར་བཅུ། ཁ་ཚར་ལས་སུ་བསྟན་པ་ཡིན། །རྩ་བ་ཕོ་ལས་བཅུ་དང་ནི། །མོ་ལས་བཅུ་