Ngb-pt-0876-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཨག་ནེ་ཛི་ཧ་མ་ལེ་ཙཀྲ་ནཱ་མ་ཏནྟྲ་རྭ་ཛ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལྕེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སྟོབས་པོ་ཆེས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་རྟགས་ཀྱི་མཆོད་བསྟོད་ཀྱིས་མཆོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་འོ་བདེར་གཤེགས་བཅོམ་ལྡན་འདས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །སྔགས་ཀྱི་མཐུ་འགྲན་བྱེད་པའི་དུས། །གཅིག་ལ་གཅིག་དམོད་དྲག་སྔགས་འགྲན། །ལྷ་སྲིན་སྟོབས་འགྲན་བྱེད་དུས་སུ། །རྟགས་ཀྱི་རིམ་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །མེ་འཁྲུག་རྟགས་ཞུ་རབ་ཏུ་ལེགས། །འགྲོ་ལ་ཕན་ཕྱིར་གུས་པར་ཉོན། །རྟགས་ནི་རྣམ་པ་གསུམ་ཡིན་ཏེ། །ཕྱི་རུ་སྣང་དང་ནང་དུ་སྣང་། །རྐྱེན་དུ་སྣང་བ་གསུམ་དུ་བཤད། །ཕྱི་རུ་སྣང་བ་གསུམ་དག་དེ། །མི་ལ་ལྟས་ངན་འབྱུང་བ་ནི། །དབང་པོ་མ་ཚང་ཡན་ལག་མེད། །ཡང་དང་སེམས་ཅན་མགོ་ཅན་དང་། ཁ་དོག་མི་མཐུན་སྟོན་པ་དང་། །གཟུགས་མི་མཐུན་པར་སྟོན་པ་དང་། །སྒྲ་དང་སྐད་ལོག་སྟོན་པ་ནི། །མི་ལ་དངོས་སུ་སྣང་བའོ། །ཕྱུགས་ལ་དངོས་སུ་སྣང་བ་ནི། །རང་དང་གཟུགས་དང་ཁ་དོག་རྟགས། །དབང་པོ་འཕོས་དང་ཡན་ལག་མེད། །ཡང་ན་ལྷ་པར་གྱུར་དང་རུང་། །དེ་དག་དངོས་སྣང་ཞེས་སུ་བཤད། །རང་བཞིན་འཁོར་དུ་སྣང་བ་ནི། །སྒྲ༷་དང་བཟིང་དང་འོད་སྒྲ་དང་། །ཐ་མ་ཞིང་ལ་ཤུལ་བ་སོགས། །གཞན་ཡང་ལྟས་ངན་དངོས་སུ་སྣང་། །རང་རང་རྒྱུད་ཀྱིས་ལྟས་ངན་རྟགས། །མིག་དང་རྣ་བ་སྣ་དང་ཡིད། །རྟགས་ལ་སྦྱར་བ་རབ་ཏུ་གཅེས། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལྕེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལསདངོས་སུ་སྣང་བའི་རྟགས་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་མི་སྣང་རྟགས་བསྟན་པ། །སྲིད་པ་ལུགས་ལས་བྱུང་བ་དང་། །འབྱུང་བ་དངས་སྙིགས་འབྱེད་པ་དང་། །འཁོར་བ་རུ་ལོག་གསུམ་དུ་བསྟན། །སྲིད་པ་ལུགས་ལས་འབྱུང་བའི་རྟགས། །འགྲུབ་དང་མི་འགྲུབ་ལོག་རྟགས་སོ། །འབྱུང་བ་རུ་ལྡོག་དེ་དང་འདྲ། །མིག་དང་རྣ་བ་སྣ་དང་ཡིད། །རབ་ཏུ་བརྟག་པར་བྱ་བ་ཡིན། །ནང་གི་ཡིད་ཡུལ་བཞིན་བརྟགས་བྱ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལྕེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ནང་དུ་སྣང་བའི་རྟགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྐྱེན་སྣང་རྟགས་བསྟན་པ། །བདག་དང་འཁོར་དང་ལོངས་སྤྱོད་སོགས། །འཆི་དང་འབྲལ་དང་ན་ཚ་དང་། །དགྲ་དང་དགོད་དང་ལྷ་མི་དགའ། །མཛའ་སྡུག་སྡང་དང་སྐྱེ་བོ་འདྲ། །སྡུག་བསྔལ་མང་པོ་འབྱུང་བ་འདི། །རྐྱེན་དུ་སྣང་བ་བཤད་པ་ཡིན། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལྕེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། རྐྱེན་སྣང་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡིད་ལ་བརྟགས་པ་ནི། །དང་པོ་སྲུང་བ་བྱེད་དུས་སུ། །མཁར་བཟང་ནང་ན་འདུག་པ་དང་། །གོས་གོན་ལག་ཏུ་མཚོན་ཐོགས་དང་། །ཕྱག་མཚན་ཚོགས་ཀྱིས་བསྲུང་བ་དང་། །དམག་གི་ཚོགས་ཀྱིས་བསྲུང་བ་དང་། །གཞན་གྱི་ཚོགས་རྣམས་མེ་ཏོག་ལྟུང་། །དེ་དག་བསྲུང་བའི་རྟགས་སུ་བསྟན། །མཁར་ལ་སྒོ་མེད་མཁའ་ངན་དང་། །གཞན་གྱི་དགྲས་ནི་བསད་པ་དང་། །འབྱུང་བ་བཞི་ཡིས་གནོད་བྱེད་པ། །གོ་རྣམས་བཟློག་པ་མི་ཐུབ་རྟགས། །དགུག་པའི་སྔགས་ལ་ཞུགས་དུས་སུ། །འགྲོ་བཟང་རྒྱན་ཆ་ཕྲོགས་པ་དང་། །གྱི་ལིང་སྒྲོག་དུ་བཅུག་པ་དང་། །གཞན་གྱི་མཚོན་ཆ་ཕྲོགས་པ་དང་། །གཞན་གྱི་སྙིང་རྣམས་འབྱིན་པ་དང་། །ཕྱག་མཚན་ཚོགས་ཀྱིས་དྲང་བ་དང་། །སེམས་ཅན་ཞུགས་སུ་ཆུད་པ་དང་། ཁྱད་པར་བ་གླང་ཚོགས་རྣམས་ཞུགས། །དེ་དག་ཞུགས་པའི་རྟགས་སུ་བཤད། །དེ་ལས་བཟློག་པ་མ་ཞུགས་རྟགས། །གཟིར་བའི་རྟགས་སུ་བསྟན་པ་ནི། །སེམས་ནི་སྨྱོ་དང་ངུ་བ་དང་། །འོ་དོད་འབོད་དང་མགོ་རྡུངས་བྱེད། །ལུས་ཀྱི་རྨ་དང་ཁྲག་རྣམས་སྟོན། །འགྲོ་ཡིས་ཟེར་ར༷་ཅི་བྱ་ཟེར། །སེམས་ཅན་བྲག་གི་འོག་ཏུ་སོང་། ཁང་པ་རྡིབ་དང་བྲག་རི་རལ། །མེ་དཔུང་འབར་དང་གཅོད་ཚུལ་སྟོན། །དེ་དག་གཟིར་བའི་རྟགས་སུ་བསྟན། །དེ་ལས་བཟློག་པས་གཟིར་བའོ། །བཟློག་པའི་རྟགས་སུ་བསྟན་པ་ནི། །རི་རྩེར་ཆུ་འདྲེན་གྱེན་དུ་འདྲེན། །སྒྱི་ཚུགས་འགྲོ་དང་ཤིན་རྩ་བཟློག །གཞན་གྱི་མཚོན་རྩེ་དུམ་བུར་འགྱུར། །དམག་རྣམས་འབྲོས་དང་འགྱེས་ཚུལ་སྟོན། །དེ་དག་བཟློག་པའི་རྟགས་སུ་བཤད། །དེ་ལས་བཟློག་པས་མ་ཟློག་པའོ། །གནན་པ་བྱས་པའི་རྟགས་རྣམས་ནི། །གཞན་ཡང་ངག་རྣམས་སྐུགས་པ་དང་། །ལྕེ་གཅོད་ལྕེ་ནི་ཆེན་པོར་འགྱུར། །ལུས་ལ་གཡོ་འགུལ་མི་འབྱུང་དང་། །སེམས་ཅན་དག་གི་མནན་པ་དང་། །རི་བྲག་འོག་ཏུ་བཅུག་པ་དང་། །ལུས་དང་ཡན་ལག་ཆེན་པོར་འགྱུར། །དེ་དག་ཤིན་ཏུ་མི་ཐེག་པ། །གནན་པའི་སྟོབས་སུ་བཤད་པ་ཡིན། །དེ་ལས་བཟློག་པས་མནན་པའོ། །དབང་དུ་འདུས་པའི་རྟགས་རྣམས་ནི། །བདག་ལ་ཕྱག་འཚལ་སྐོར་བ་བྱེད། །བདག་ལ་རྒྱན་འབུམ་བཀའ་རྣམས་སྟོད། །རྒྱན་རྣམས་བཟང་པོར་སྟོན་ཅིང་མཛེས། །བཀྲ་ཤིས་གཟུགས་དགྲ་ཕྱག་འཚལ་བསྟོད། །དེ་དབང་བདག་གིས་བྱས་པའི་རྟགས། །དེ་ལས་བཟློག་པས་མ་འདུས་པའོ། ཁ་འཆིངས་པ་ཡི་རྟགས་རྣམས་ནི། །སྲོག་ཆགས་ཁ་རྣམས་འཆིངས་པ་དང་། །སེམས་ཅན་ལྕགས་སུ་བཅུག་པ་དང་། །སྒོ་མེད་མཁར་དུ་ཆུད་པ་དང་། །རྟ་ལྕགས་མང་པོ་སྡང་ལ་རྒྱུད། །སེམས་ཅན་བཀྱིགས་དང་གོས་ཀྱིས་གཏུམས། །དོང་དུ་བཅུག་དང་ག་བུར་གསལ། །དེ་དག་བཅིངས་པའི་ལྟས་སུ་བསྟན། །དེ་ལས་བཟློག་པས་མ་འཆིངས་པའོ། །བྱས་པ་བཤིག་པའི་རྟགས་རྣམས་ནི། །མཁར་བཤིག་བཙས་རྔ་མེ་ཏོག་འཐུ། །རི་རྣམས་ཐལ་བར་སོང་བ་དང་། །དམག་དཔུང་རླུད་རྣམས་གཏོར་བ་དང་། །གཞན་གྱི་ལུས་ཞིག་མཐོང་བ་དང་། །གཞན་གྱི་ལུས་ལ་སེམས་ཅན་ཟ། །དེ་རྣམས་བྱས་པ་གང་གཤིག་པའི་རྟགས། །དེ་ལས་བཟློག་པས་མ་གཤིགས་པའོ། །ཟུག་པ་དབྱུང་བའི་རྟགས་རྣམས་ནི། །ལུས་ལ་རྣག་ཁྲག་འཛག་པ་དང་། །སེམས་ཅན་ལུས་ལ་ཐོན་པ་དང་། །བྲག་དང་ས་ལ་སེམས་ཅན་ཐོས། །ཆུ་ལ་སེམས་ཅན་ཐོན་པ་དང་། །ལུས་ལ་མཚོན་སོགས་བྱུང་བ་ནི། །ཟུག་པ་དབྱུང་བའི་རྟགས་སུ་བཤད། །དེ་ལས་བཟློག་པས་མ་བྱུང་རྟགས། །བྱད་རྣམས་བསྒྲལ་བའི་རྟགས་རྣམས་ནི། །འདོད་ཆགས་ཞེ་སྡང་གཏི་མུག་རྟགས། །ང་རྒྱལ་ཕྲག་དོག་རྟགས་རྣམས་དང་། །ས་ཆུ་མེ་རླུད་ནམ་མཁའ་དུག །ཡིད་ཀྱི་དུག་གསུམ་མཆེ་དུག་བཞི། །མིག་གི་དྲུག་གཉིས་ངག་དུག་གསུམ། །འདུས་པ་བཅོ་བརྒྱད་དབུ་དུག་གསུམ། །རེག་དུག་བཅུ་གཉིས་ལྕེ་དུག་གཉིས། །དེ་དག་བདག་ལ་སྐུད་ཅིང་གཏོར། །བྱད་མ་ཁྲོལ་བའི་རྟགས་སུ་ཤེས། །དེ་ལས་བཟློག་པས་ཁྲོལ་བའི་རྟགས། །དུག་གསོ་བདག་དང་དྲེགས་པ་གཉིས། །དུག་བཟློག་དྲེགས་པའི་གཉེན་པོར་སྦྱོར། །དུག་འདུལ་རང་རང་གཤེད་མ་སྟེ། །ཉོན་མོངས་ལྔ་དང་འབྱུང་བ་ལྔ། །དུག་ཆེན་བརྒྱད་ལ་གཉེན་པོ་བརྒྱད། །དེས་ནི་ངེས་པར་བཟློག་པར་འགྱུར། །ཕྱག་ཆ་རང་ལ་བསྐོར་བ་ནི། །འཁྲུག་པ་ཆེན་པོ་འབྱུང་བ་དང་། །སེམས་ཅན་རིགས་མཐུན་འཐབ་པ་དང་། །རང་སྲོག་རང་གིས་གཅོད་པ་དང་། །སྲོག་ཆགས་མང་པོ་གསོད་པ་དང་། །རིགས་ཀྱི་རྟགས་ཆེན་བཅོ་བརྒྱད་དང་། །ཤ་ཁྲག་ལོངས་སྤྱོད་བྲུམས་སུ་བརྩིགས། །ཕྱག་ཆ་རང་ལ་བསྐོར་བའི་རྟགས། །དེ་ལས་བཟློག་པས་མ་སྐོར་རྟགས། །ལས་རྣམས་དྲག་ཏུ་བྱ་བ་ནི། །བདག་ལ་འཆི་རྟགས་བསྟན་པ་སྟེ། །བདག་གི་སྙིང་ཕྱུང་རྨི་བ་སོགས། །བྱུང་ན་ཏྲཔ་བ་རང་བརྩམས་ཏེ། །མཚོན་ཆས་ལུས་སོགས་དྲལ་དང་གཅོད། །མཚོན་ཆར་ཕབ་པ་རྨི་ན་བྲལ། །དེ་ལས་བཟློག་པ་མ་བྲལ་རྟགས། །རྒྱ་ཡིས་ཐེབས་པའི་རྟགས་རྣམས་ནི། །མཆོད་རྟེན་བཞི་འདིས་རྩིག་དང་འདུག །སེམས་ཅན་མཆོད་རྟེན་འོག་ཏུ་གནན། །ལྕགས་སུ་བཅུག་དང་ཕྱག་རྒྱ་བསྡམས། །རྒྱས་འདེབས་པ་ཡི་རྟགས་སུ་བསྟན། །དེ་ལས་བཟློག་པ་མ་ཐེབས་སོ། །འཁོར་ལོ་བརྡ་ཡི་སྐོར་ཐབས་ལ། །བརྡ་ཡི་རྟགས་རྣམས་འབྱུང་བར་འགྱུར། །སྲོག་ཆགས་དངོས་སུ་སྟོན་པ་འབྱུང་། །བཀའ་ལྡོག་ཆེན་པོའི་རྟགས་བསྟན་པ། །ཉི་ཟླ་གཟས་ཟིན་སོས་པ་དང་། །ཆུ་ལ་གྲུ་གཏོང་སས་འགྱུར་དང་། །སེང་ཕྲུག་ནང་འཐབ་ཕྱིར་འགྱེད་དང་། །སྟག་མ་ནང་འཐབ་ཕྱིར་འགྱེད་དང་། ་༑་ན་གླང་ཆེན་འགྱེད་དང་སོགས། །བྱུང་ན་བཀའ་ཆད་བཟློག་པ་ཡིན། །དེ་ལས་བཟློག་པས་མ་བཟློག་རྟགས། །དེ་ལ་སོགས་པའི་རྟགས་རྣམས་ནི། །བརྒྱད་ཅུ་ལས་ཀྱིས་རྟགས་པ་དང་། །རང་རང་རྒྱུད་ཀྱི་རྟགས་དང་སྦྱར། །བསྡུ་བའི་ཁྱད་པར་ཤེས་པར་བྱ། །དེ་དག་དུས་སུ་སྔགས་བཟླས་པ། །རྣམས་པ་གསུམ་དུ་ཤེས་པར་བྱ། །དབྱངས་ཀྱི་རུ་ཁུགས་སྦྱར་བ་ནི། །གང་རུང་རྩ་བའི་ཐེམས་གཉིས་སུ། །དབྱངས་ཡིག་བཅུ་དྲུག་བཞུགས་པར་བྱ། །ཕྱེད་ཕྱེད་དགྲ་བགེགས་སྙིང་པོ་སྟེ། །འཇུག་ཏུ་མངག་གཞུག་སྙིང་པོ་དང་། །ལས་ཀྱི་སྔགས་ཀྱིས་བཏུ་བར་བྱ། །དེ་ལས་བཅུ་དང་དགུ་ལ་སོགས། །བསྡུ་ན་གསུམ་དུ་འགྱུར་ཞེས་བྱ། །བཅུ་དང་དགུ་སྦྱར་ལ་སོགས་ཏེ། །གསུམ་ནི་བསྙེན་བསྒྲུབ་གསུམ་དུ་བྱ། །བསྙེན་པ་གོང་དུ་སྦྱར་བ་བཞིན། །བསྒྲུབ་པ་ལས་ལ་སྦྱར་བར་བྱ། །དྲག་སྔགས་མེ་བཟློག་རྣམ་ལྔ་ལ། །ལས་ཀྱིས་ཕྱེ་ན་དགུ་དང་བཅུ། །བསྡུ་ན་དུས་ཐུག་ནང་ཐུགས་གསུམ། །རྩ་བ་རང་འཐད་རྣམ་པ་ལྔ། །ཕྱི་དང་ནང་དང་གསང་བ་དང་། །གསང་ཆེན་དང་ནི་སྦས་པ་གཏེར། །རྩ་བ་གཅིག་ལས་ལྔར་འགྱུར་ཏེ། །ལས་ཀྱིས་ཕྱི་ན་དགུ་དང་བཅུ། །དགུག་ནས་རྒྱས་འདེབས་བར་དུའོ། །བསྡུས་ན་གསུམ་ནི་གསང་བའི་ལས། །བཟློག་ན་རྣལ་མ་དགུག་པ་གསུམ། །དཀྲུག་པ་སྡེ་རུ་བསྟན་པ་སྟེ། །བཟློག་པ་འབྲུ་རུ་བསྟན་པ་ཡིན། །རྣལ་མའི་ལས་དང་གསུམ་དུ་བསྟན། །དགུག་ནས་འདེབས་པའི་བར་དག་ཏུ། །དབྱངས་དང་རྨེ་བཟློག་གཉིས་ཀྱི་ཡང་། །ཐུན་མོང་ལས་སུ་ཤེས་པར་བྱ། །འཁོར་ལོ་བརྒྱ་དང་རྩ་བརྒྱད་ནི། །ཟླ་གསང་ལས་རྒྱུད་ཆེན་པོར་ཤེས། །ལིའུ་ཁྲི་དང་དྲུག་སྟོང་སྟེ། །གསང་བའི་གསང་བ་སྒྲོལ་བའི་རྒྱུད། །རྟགས་འཁོར་མེ་ལྕེ་འབར་བའི་རྒྱུད། །ཆུ་དང་འདྲ་བའི་སེམས་ཅན་ལ། །སྦྱིན་པར་བྱ་བ་ངས་མ་གསུངས། །གསང་བའི་གཏད་རྒྱ་བདུན་གྱི་ལས། །རྩ་བའི་ལས་རྒྱུད་ཆེན་པོ་ལས། །ཐུན་མོང་རྒྱུད་དྲུག་ཕྱི་མ་དྲུག །མན་ངག་རྒྱུད་དྲུག་བཤད་རྒྱུད་དྲུག །གསང་ཆེན་ཀུན་གྱི་རྒྱུད་ཆེན་འདི། །སྦྱི་འགྲེལ་ཆེན་པོ་འདྲེན་པའི་ལུང་། །ངོ་མཚར་མན་ངག་འབྲེལ་པའི་ལས། །ཡན་ལག་ཀུན་ལྡན་གསང་བའི་རྒྱུད། །ཡོན་ཏན་རྒྱས་