Ngb-pt-0855-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

༄་། །རྒྱ་གར་སྐད་དུ། གྲི་མ་ཧྭ་ཀྭ་ལི་དེ་བི་སྨྱོ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ལྟ་མོ་ནག་མོ་སྲོག་རྩ་དམར་པོ་གཟེར་བའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཧོ༷་མཛད་ཆེན་པོ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་ཏེ། དེ་ཉིད་དུ་དཔལ་ལྷ་མོ་ནག་མོ་འཁོར་བདུད་མོ་བྱེ་བ་འབུམ་དང་བཅས་པ་འདུས་ནས། དཔལ་ཕྱག་ན་རྡོ་རྗེ་ལ། ལྷ་མོ་ནག་མོས་འདི་སྐད་ཅེས་ག་སོལ་ཏོ། །ཀྱེ་བཅོམ་ལྡན་འགྲོ་མགོན་རྡོ་རྗེ་འཛིན། །བདག་ཅག་བདུད་མོ་འཁོར་ཚོགས་ཀྱི། །ཟས་དང་སྐོམ་ནི་གང་ལ་བྱ། །ལས་དང་སྐལ་ནི་གང་གང་བྱ། །བསྙེན་ཅིང་བསྒྲུབ་པ་ཇི་ལྟར་བགྱི། །ཐུན་དང་ཟོར་དང་སྤྱིན་སྲེག་དང་། །མནན་པའི་ལས་ནི་ཇི་ལྟར་བགྱི། །སྲོག་གི་སྙིང་པོ་ཇི་ལྟར་དྲང་། །རྡོ་རྗེ་འཛིན་ལ་བདག་ཉན་འཚལ། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །ཉོན་དང་བདུད་མོ་འཁོར་ཚོགས་རྣམས། ཁྱེད་ཀྱི་ཟས་དང་སྐོམ་དུ་ནི། །མི་དབང་གྲི་རྒོད་ཤ་སྙིང་ཁྲག །ཁྱེད་ཀྱི་ཟས་དང་སྐོམ་དུ་བྱོས། །ཁྱེད་ཀྱི་ལས་དང་སྐལ་དུ་ནི། །སངས་རྒྱས་བསྟན་པ་བསྲུང་པ་དང་། །བསྟན་པ་འཇིག་པའི་དགྲ་བོ་ལ། །བསད་ཅིང་བསྒྲལ་བ་ཉིད་དུ་བྱོས། །དཔལ་ལྡན་ལྷ་མོ་སྲོག་རྩ་དམར་པོ་གཟེར་བའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། །།ཧཱུཾ༷་མཛད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་ནག་མོ་ཁྱེད། ཁྱེད་ཀྱི་བསྙེན་པར་བསྒྲུབ་པ་ནི། །བཤད་ཀྱི་ལེགས་པར་ཡིད་ལ་ཟུང་། །བདག་ཉིད་ཧཱུཾ༷་མཛད་ཆེན་པོ་ཡི། །ཏིང་འཛིན་གསལ་བར་བསྒོམས་ནས་སུ། །མདུན་དུ་བྱུ༷་ལས་ཐོད་པ་ཡི། །གཞལ་ཡས་ཁང་བསམ་དབུས་སུ་ནི། །བྷ་ཏ་པ་ཧོ༷་ཞེས་བརྗོད་པས། །གདན་མཆོག་བོང་བུ་བསམ་པར་བྱ། །དེ་སྟེངས་ལྷ་མོ་ནག་མོ་ནི། །ནག་མོ་རྔམ་པའི་རལ་པ་ཅན། །རལ་གྲི་ཐོད་ཁྲག་ཕྱག་ན་ཐོགས། །དུར་ཁྲོད་རྒྱན་དང་ལྡན་པ་ཡི། །ས་བོན་སྨྱོ་ལས་་སྨྱོ་འཕྲོས་པས། །བདུད་མོ་འབུམ་གྱི་འཁོར་གྱིས་བསྐོར། །མེ་རླུད་འ་་མའི་ཕོ་བྲང་དུ། །བསྒོམས་ཏེ་ཐོད་རློན་ཕྱག་རྒྱ་ཡིས། །གཏོར་མ་བྱིན་ནས་གང་བསྒོ་བྱེད། །དཔལ་ལྷ་མོ་ནག་མོ་སྲོག་རྩ་དམར་མོ་གཟེར་བའི་རྒྱུད་ལས། བསྙེན་ཅིང་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།ཡང་ནི་བཤད་ཀྱིས་ལྷ་མོ་ཉོན། །སྔགས་ཞེས་བྱ་བ་བྲོག་ཡིན་ཏེ། །མ་མོ་རང་དབང་མེད་པར་འགུག །ཨོ་མཧྭ་ཀ་ལི་རེ་མ་ཏི། མ་མ་རུ་ལུ་རག་ཤ་རེ་མ་ཏི། རུ་ལུ་རུ་ལུ་སྨྱོ་ཛ་ཛ། ཨོ་རུ་རུ་ཙར་ཏུར་ཨ་ཤུག་མེ། པྲ་ཏི་རུ་་་ཁ་ཤག་རག་མོ་ཧཱུཾ༷། རག་ཤ་ཙིལྟི་ས་མ་ཡ་ཀུ་རུ་ཁ་ཙིསྟ་ནན། ཨོ༷་རུ་རུ་བེ་རོ་རུ་ཧཱུཾ༷། ཏི་སྟ་བ་ཏོ་སི་རག་མོ་སྙིང་ལ་ཁ་རག་མོ་ཐུན་སྨྱོ་ཛ་ཛ། རུ་ལུ་རེ་མ་ཏི་ས་མ་ཡ་པྲ་མ་ཧ་སྟི་པྲ་རག་མོ་རུ་ལུ་སྨྱོ་ཛ་ཛ། ཁ་རག་ཏི་ཀིམ་མ་ཛ་ཛ། ཁ་ལེ་ཐུན་སྨྱོ། ཐུན་མ་མ་སྨྱོ། ཧཱུཾ༷་རག་མོ་ནི་རག་ཤ་ཀུ་རུ་ཐུན་རྦད་རག་མོ་ཨརླ་ཛ་ཛ། ཏི་ཀིམ་ཁ་ལེ་སྨྱོ་སྨྱོ། ས་མ་ཡ་ཆེ་གེ་མོ་མ་ར་ཡ་ཧཱུཾ༷་ཕཊ། བོད་རྦད་བསད་པ་ཐུན་དང་བཞི། །གཅིག་ཏུ་དྲིལ་ནས་བསྟན་པའོ། །དཔལ་ལྟ་མོ་སྲོག་རྩ་དམར་པོ་གཟེར་བའི་རྒྱུད་ལས། སྔགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷ་མོ་ནག་མོ་ཡིས། །ཐུན་གྱི་མན་ངག་གསང་བ་བསྟན། །གྲུ་གསུམ་བསད་པའི་དཀྱིལ་འཁོར་ལ། །རྩང་དང་ཕུར་བུ་སྲིན་མོ་འགྲོས། །ནལ་ཕྲུག་ཤ་ཡི་བསྟན་གཏོར་དང་། །ཆུར་ཤི་སྲིན་ལག་གཡབ་མོ་བྱ། །གཡག་རུ་ལྐུགས་པར་ལིང་ག་གཞུག །རང་ཉིད་བདུད་མོ་ནག་མོར་བསྒོམ། །བསྒྲུབ་བྱ་སྲོག་རྩ་དྲངས་ལ་གཟུང་། །བསྒྲུབ་བྱ་གསལ་བར་དམིགས་ནས་སུ། །རླུད་སྤྲོས་ལྷ་མོ་ནག་མོ་སྟེ། །གཡས་ཀྱི་གྲི་གུག་སྲོག་རྩ་སྒྲལ་ནས་གཅོད། །གཡོན་གྱི་ཐོད་ཁྲག་སེམས་ཀྱི་མར་མོ་བསད། །བདུད་རྩི་ཧཱུཾ༷་གི་ངོ་བོ་འཕྲོག་པར་བྱེད། །འབུད་པའི་རླུད་གིས་མར་མོ་སྐད་ཀྱིས་བསད། །གྲང་བའི་རླུང་གིས་ཐིག་ལེ་རྩ་ནས་འདྲེན། །དྲུག་ཅུ་རྩ་གཅིག་ཐུན་གྱིས་དམིགས་བྱ་བསད། །གཏོར་མ་ཆེ་ན་དངོས་གྲུབ་ཆུང་། །དེ་བས་ནལ་ཤ་ལ་སོགས་པའི། །གཏོར་མ་དག་ལ་ནན་ཏན་བསྐྱེད། །གཞན་ཡང་དམ་ཚིག་བཤད་པར་བྱ། །ཡུགས་ས་དག་ལ་མི་འབག་ཅིང་། །མགར་བ་དག་དང་ཚང་མི་བསྲེ། །ནལ་བུ་ནལ་མའི་མཚང་མི་འབྲུ། །མེ་མི་གསང་ལ་རླུད་མི་སྨད། །བོང་བུ་མི་བརྡེག་ལྷ་མོ་ཡི། །དམ་ཚིག་འདི་ལ་ནན་ཏན་བསྐྱེད། །དེ་ལྟར་བྱས་ན་རྟགས་འབྱུང་སྟེ། །རྟགས་ཀྱི་མན་ངག་བཤད་པར་བྱ། །རབ་ནི་སྐུ་སྟོན་དངོས་གྲུབ་སྣ་ཚོགས་སྟེར། །འབྲིང་ནི་འོད་དང་སྒྲ་དང་ཚུབ་མ་འོང་། །ཐ་མ་རྨི་ལམ་དག་ཏུ་ནི། །བུད་མེད་བརྒྱན་དང་ལྡན་པ་ཡི། །བདག་ལ་བཀུར་སྟི་བྱེད་པའོ། །ལིང་ག་འཚེག་ན་བསྒྲུབ་བྱ་ཁུགས། །བསྒྲུབ་བྱ་ཤ་བཤུས་བཤས་བྱེད་དང་། །ཤ་དང་རྒྱུ་མ་ཟ་བ་དང་། །སྒྱུག་བྲོ་ལ་སོགས་བྱུང་གྱུར་ན། །བསྒྲུབ་བྱ་གསོད་པར་ཐེ་ཚོམ་མེད། །གལ་ཏེ་དེ་ལྟར་མ་བྱུང་ན༷། །མ་མོ་དབང་དུ་མ་འདུས་པས། ཁེ་ས་བསྟན་པའི་ལས་བཤད་དོ། །མ་མོའི་སྤྱི་བོའི་སྟེང་དུ་ནི། །ཕྱག་ན་རྡོ་རྗེ་བསམ་པ་ཡིས། །སྤྱི་བོར་མནན་ནས་གཟིར་བསམས་ལ། །སྔགས་འདི་བདུན་ནམ་ཉི་ཤུ་གཅིག །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ན། །མ་ཧྭ་ཀ་ལི་རེ་མ་ཏི་ནན། །ཅེས་བརྗོད་པས། ལྷ་མོ་བདག་གི་དབང་དུ་འགྱུར། །བྲན་བཞིན་ཅི་སྒོ་ལས་རྣམས་བྱེད། །དཔལ་ལྷ་མོ་སྲོག་རྩ་དམར་པོ་གཟེར་བའི་རྒྱུད་ལས། བསད་པ་ཐུན་གྱི་ལས་དང་། རྟགས་དང་། དམ་ཚིག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །བདུད་མོ་སྲོག་གི་གཟེར་ཆུང་གི །བསྒྲུབ་བྱ་བསད་པ་ཟོར་གྱི་རིམ་པ་བཤད་པར་བྱ། །ཐུན་ཁུང་བྱང་ཤར་ཟུར་ལ་ནི། །ལྟས་ངན་སྲེ་མོའི་སྒོ་ངའི་ནང་དུ། །རིམས་ཁྲག་དུག་རྣམས་བླུག་པར་བྱ། ཁྲར་ལྷོ་ཟུར་ལ་གྲི་ཐོད་དུ། །གྲི་ཁྲག་དུག་སྣ་ཚོགས་ཚད་བླུག །ནུབ་བྱང་ཟུར་ལ་ཕག་ཐོད་དུ། །མཛེ་ཁྲག་རམ་བུ་དུག་རྣམས་བླུག །རང་ཉིད་མ་མོར་གནས་པ་ཡིས། །སྤོས་དཀར་ལ་སོགས་ཐུན་རྫས་ལ། །བོད་རྦད་བསད་པའི་ཐུན་སྔགས་ཀྱིས། །རིམ་པ་བཞིན་དུ་བྲབ་པར་བྱ། །ཟོར་ལ་མེ་འབར་ཐོན་པ་དང་། །བདུད་ཆོས་ཞུགས་ལ་མ་མོར་བསྒོམ། །བྱང་རི་མཐོན་པོའི་ཁར་སོང་ལ། །མ་མོ་བསྒོམས་ལ་ཟོར་དུ་འཕང་། །བསྒྲུབ་བྱ་རླག་པར་ཐེ་ཚོམ་མེད། །དཔལ་ལྷ་མོ་ནག་མོ་སྲོག་རྩ་དམར་པོ་གཟེར་བའི་རྒྱུད་ལས། བསད་པ་ཟོར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་རྣམས་མེ་ཡིས་འགྲུབ་པ་སྟེ། །སྤྱིན་སྲེག་ཆོ་ག་འདི་ལྟར་བྱ། །ཐབ་ཏུ་གདུག་པའི་ཤིང་རྫས་ལ། །རིགས་ངན་ཁྱིམ་དུ་མེ་སྦར་ལ། །དབུས་སུ་ལྷ་མོ་དཔོན་གཡོག་བསམ། །ནལ་ཤ་ལིང་ག་བཅས་པས་བསྲེག །ཨག་ནེ་ཡེ་ཀྲོ་དྷ་ཛ་ལ་ར༷་ར༷་ཆེ་གེ་མོ་མ་ར་ཡ་ཕཊ། དེ་ཡིས་བརྒྱ་བྱིན་འཆི་བར་བསྟན། །མཇུག་སྡད་མནན་པའི་ལས་བཤད་དེ། །ལིང་ག་གཡག་རུ་རྩེ་རྒྱལ་བཅུག །རྒྱ་གྲམ་གཉན་ས་གང་རུང་དུ། །ལེགས་པར་མནན་པའི་ལས་བྱས་ནས། །བསྐལ་པར་ཐར་དུས་མེད་དོ། །དཔལ་ལྷ་མོ་སྲོག་རྩ་དམར་པོ་གཟེར་བའི་་རྒྱུད་ལས། སྤྱིན་སྲེག་དང་མནན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ང་ཡི་གསང་བའི་རྒྱུད་ཆེན་འདི། །བདུད་མོ་འཁོར་ཚོགས་ཁྱེད་ལ་གཏད། །བསྟན་པ་བསྲུང་བའི་མཚོན་ཆ་ཡིན། །གཞན་དུ་བསྟན་པར་མ་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པས། །དཔལ་ལྷ་མོ་འཁོར་དང་བཅས་པ་དགའ་ཞིང་མགུ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་ལྟ་མོ་སྲོ་རྩ་དམར་པོ་གཟེར་བའི་རྒྱུད་ལས། གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བདུན་པའོ།། །དཔལ་ལྷ་མོ་སྲོག་གཟེར་མའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཨེ་ཏྲུ༷་ཀ་ལ་རག་སྤྱོ་ཀྲོ་དྷ་ཏནྟྲ།