Ngb-pt-0843-vol-09-text
Front
Body
ལྟར་རྦད། ། གཅད་ཅིང་ལས་མཐའ་བརྟུལ་བ་གང་། །མ་གྲུབ་སྤོགས་ན་ཇི་ལྟར་སྤོགས། །དྲེགས་པའི་ལ་མཁན་ཇི་ལྟར་བརྡེབ། །ལྷས་ངན་ཆོ་འཕྲུལ་དབབ་པ་དང་། ལོ་ཏོག་གཤོམ་པ་ཇི་ལྟར་ལགས། །དམ་ཚིག་ཆེན་པོ་ཇི་ལྟར་ལགས། །དམ་ཚིག་ཆེན་པོས་བདག་ལ་སྩོལ། །ཅེས་གསུངས་ཏེ། རྡོ་རྗེ་ག་་པོའི་སྐུ་ལ་འཁྲིལ་བར་གྱུར་ཏོ། །མགོན་པོ་སྐྲུ་གྲི་སྙིང་གི་འཁོར་ལོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཞེས་བྱ་བ་རྡོ་རྗེ་གཟི་བྱིན་འབར་བ་གྱུར་པ་དེ། ཀྭ་ལ་འོད་འབར་ཞེས་བྱ་བ་སྒྲུབ་པའི་ཐབས་འདི་དག་ཆེད་དུ་བརྗོད་དོ། །ཐོག་མར་ཤེས་ལྡན་རྣལ་འབྱོར་གྱིས། །སངས་རྒྱས་བསྟན་པ་རྨས་གྱུར་ན། །རི་གསུམ་རྩེ་དང་བྲག་ནག་སྤུངས། །དབེན་ལ་བྱིན་ཆེ་ནགས་ཚལ་སྟུག །རང་ཉམས་དབེན་པར་གནས་བཙལ་ལ། །སྦྱིན་གཏོར་གཏང་ཞིང་མཚམས་གཅད་ལ། །ནག་པོ་ཆེན་པོ་བསྒྲུབ་པར་བྱ། །ཕུང་ས་ལྷ་ཁང་རྙིང་པའམ། །སྣ་ཚོགས་ས་ལ་མཎྜལ་བརྩིགས། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །དབུས་སུ་དྲག་པོ་འབྲུབ་གནས་བཞི། །ཁྲུ་གང་རྐྱང་པ་སོར་ལྔ་སྤངས། །ཕྱི་རིམ་ཟླ་ཁམ་དམར་པོ་ལ གྲུ་ཆད་སྒོ་བཞི་མཛེས་པ་ལ། །རྡོ་རྗེ་རྭ་བཞི་རྣམ་པར་བགྲད། །དབུས་ཀྱི་འབྲུབ་གནས་གྲུ་གསུམ་དུ། །ལྕགས་སམ་ནག་པོ་དེ་དག་ལ། ག་འུ་ནག་པོ་ཁ་སྤྲད་བཅའ། །སྟེག་འོག་འཁོར་ལོ་སྔགས་བཀོད་ལ། །གཏི་མུག་སྙིང་དང་སྨུག་ཆེན་དུ། །ཨ་མུ་ཀ་ཡི་མིང་བཅུག་ལ། །སྲོག་རྩ་དགུག་པའི་རྟེན་དུ་བཞག །བྱང་ཤར་ཐོད་པ་ནག་པོ་མྲ ཁུ་རྐྱེན་དྲུག་ལ་གཟུགས་བྱས་པའི། །དབང་པོ་ཚང་བའི་འདྲ་འབག་བཞག །ནུབ་ཏུ་ཁྲག་དང་དུག་སྦྱར་བའི། །ཟོར་གྱི་ཐོད་པ་བཞག་པར་བྱ། །ལྷོ་རུ་ཕུར་བ་དུག་ཤིང་ལ། །སོར་བརྒྱད་ལྡན་པ་གསུམ་བྱས་ལ། །མོན་པ་གསུམ་དུ་མངའ་གསོལ་དགོས། །དཔལ་བཤོས་འབྲུ་ནག་མེ་ཏོག་ནག །བ་ལི་ཏ་དང་ཨསྙེ་དང་། །དྷ་པ་མར་མེ་དྲི་ཟས་དང་། །སྒྲ་ལ་སོགས་པ་རིམ་པས་སོ། །དེ་ནས་བདག་ཉིད་སྐད་ཅིག་གིས། །ཁྲོ་བོའི་རྒྱལ་པོར་བསྒོམ་བྱས་ལ། །གདུག་པ་ཅན་ལ་བཀའ་བསྒོ་ལ། །གཞལ་མེད་རྡོ་རྗེ་འཕྲེང་བའི་དབུས། །དཀོན་མ་དྲོག་བླ་མ་ཡི་དམ་ལྷ། །ཆོས་སྐྱོངས་སྲུང་མ་ལ་སོགས་པ། །སྤྱན་དྲངས་ལ་སོགས་ཆོ་ག་བྱ། །ཐམས་ཅད་སྟོང་ལ་ཉིད་མོས་བྱ། །དེ་ཡི་ངང་ལས་ཧུ༷་ཡིག་བསྒོམ། །དེ་ལས་རྡོ་རྗེ་རྩེ་ལྔ་པ། །ཡོངས་སུ་གྱུར་པ་འཇིགས་པའི་སྐུ། །རྡོ་རྗེ་སྡིགས་མཛུབ་འཇིགས་པའི་ཚུལ། །དེ་ཡི་མདུན་དུ་ལས་མཁས་ཚུལ། །མཧྭ་ཀྭ་ལ་དྲག་ཤུལ་ཅན། །སྐུ་མདོག་ནག་པོ་མུན་ནག་འདྲ། ། ལག་ན་ཙན་དན་བེང་ཆེན་ལས། །ཉི་ཁྲི་ཆིག་སྟོང་བདུན་ཁྲི་དམག །ལྕགས་ཀྱི་བྱ་ཁྲ་སྟེང་ནས་ལྡིང་། །ཆིབས་སུ་དཔའ་བོ་སྟག་ལ་ཆིབས། །རོལ་དུ་སེང་གེ་དཀར་པོ་ཁྲིད། །གཅན་གཟན་གདུག་པ་ཟ་བྱེད་ཀྱིས། །ཉམས་པ་བརྫིས་པའི་གདན་ལ་བཞུགས། །ལས་ཀྱི་མོན་པ་ནག་པོ་ཡིས། །ཏྲི་ཤུལ་ཁ་ཊ༷་རྩེ་གསུམ་ལ། །མི་རོ་དམར་པོའི་རྒྱལ་མཚན་འཕྱར། །དར་ནག་རུ་མཚོན་ན་ནག་པོ་ཡིས། །སྣང་སྲིད་ལྷ་འདྲེ་དམག་ལ་སྡུད། །བདུད་ཀྱི་ཞགས་པ་ནག་པོ་ཡིས། །ཉམས་པའི་མགུལ་ནས་འཁྲིད་པར་བྱེད། །ལས་ཀྱི་མོན་པ་ནག་པོ་གཅིག །སྐྲུ་གྲི་གཡས་ལ་ཙིལྟི་གཡོན། །ཞལ་བགྲད་མཆེ་བ་གཙིགས་པར་བྱེད། །ལས་ཀྱི་མོན་པ་ནག་པོ་ཅིག །མ་ཧེའི་རྭ་དུང་རབ་འབུད་ཅིང་། །ལྕགས་ཀྱི་ཕུར་པ་རྡེག་པར་བྱེད། །མདུན་ན་ལྷ་མོ་ནག་མོ་ཡང་། །དྲེའུ་ལ་ཤོན་ནས་ཚུབ་མའི་དབུས། །ཁྲག་གི་ཐོད་པ་འཐོར་བར་བྱེད། །དེ་ལྟར་བསྐྱེད་ཅིང་སྤྱན་དྲངས་ཏེ། །དྲག་པོ་སྔགས་ཀྱི་དབང་བསྡུས་ལ། །མཆོད་པ་དབུལ་ཞིང་འཕྲིན་ལས་བཅོལ། །རྒྱུན་དུ་གསང་སྔགས་འདི་དག་གོ །ཨོ༷་ཤི་མ་ཧྭ་ཀྭ་ལ་ཏྲི་ཡ༷་ཛ་ཛ། ཨ་མུ་ཀྭ་མ་ར་ཡ་ཧུ༷། ཡེ་ཤེས་ལྷ་དང་ལས་མཁན་དང་། །དམིགས་པའི་སྲོག་རྩ་དགུ་པ་ཞེས། །རྩ་བ་ལས་སུ་འབྲེལ་པ་འདི། །མ་ཡེངས་རྣལ་འབྱོར་ལྡན་པས་བོད། །འོད་དང་སྒྲ་དང་སྐུ་སྟོན་དང་། །རྨི་ལམ་རྟགས་རྣམས་མང་དུ་འབྱུང་། །དྲག་པོ་ལས་ལ་འཇུག་པར་བྱ། །གལ་ཏེ་གྲུབ་པར་མ་གྱུར་ན། །དམ་ཚིག་བཤགས་ལ་བསྙེན་ལ་སྤོངས། །ཞེས་གསུངས་སོ། །མགོན་པོ་སྐྲུ་གྲི་སྙིང་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ནག་པོ་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཞེས་བྱ་བ་དེས། འབྱུང་པོ་ཡི་བུ་རྟོགས་འདོད་ཅན་ཞེས་བྱ་བ་མ་ཧྭ་ཀྭ་ལ་དྲག་པོ་རྦད་དེ། དགྲ་བོ་གསད་པའི་ལས་འདི་ཆེད་དུ་གསུངས་སོ། །མོན་ནམ་རབས་ཆད་ཐོད་པ་མྲ །བརྣག་པའི་ལིང་ག་བཅུག་ནས་ནི། །ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དུག །ཁྲག་དང་སྦྱར་བའི་ཐུན་བཅས་ལ། །དྲག་སྔགས་འདི་རྣམས་བཟླས་ཤིང་གསད། །ཨོ་ཤི་མ་ཧྭ་ཀྭ་ལ་ཏྲི་ཡ༷་ཛ་ཛ། ཨ་མུ་ཀ་ཤཱ་ར་ཡ་ནན། མུ་ར་ཡ་སོད། ནག་པའི་དགྲ་བོའི་ཤ་རྒྱུས་སྙིང་འདི་ཐོན་ཐོན།བདུད་པོ་དགྲ་བོ་ཡི་སྲོག་རྩ་འདི་ཆོད་ཆོད། ནག་པོ་དགྲ་བོ་ཡི་སྲོག་ལ་ཛ་ཛ། ནག་པོ་དགྲ་བོ་ཡི་བླ་རྩ་ལ་ཛ་ཛ། ནག་པོ་དགྲ་བོ་ཡི་སྙིང་ལ་ཛ་ཛ། ནག་པོ་དགྲ་བོ་ཡི་ཀླད་པའི་རྩ་ལ་ཛ་ཛ། ནག་པོ་དགྲ་བོ་ཡི་སྙིང་རྒྱུད་དབུགས་ལ་ཛ་ཛ། ནག་པོ་དགྲ་བོའི་ཤ་རྒྱུད་སྲོག་རྩ་ལ་ཛ་ཛ། ཙ་ཏི་བ་ཏ་ཙཀྲ་ཧུ༷། མ་ཏི་བྱ་ཙཀྲ་ནི་ཧུ༷། བ༷་ནི་ར་ཧུ༷་སྨྱོ། མ་མ་ལིང་ལིང་དུ་སྨྱོ། མ་མ་ཆོ་ལས་ལ་གྲམ། ཧ་ལ་ཧ་ལ་ཧུ༷་ཕཊ། དུག་ཁྲག་ཚ་བའི་རྫས་བྲབ་ཅིང་། གསད་ཅིང་དགུག་པའི་གསང་སྔགས་བཟླས་ཐ་མའི་ནུ་མོ་ཕུར་པས་གདབ། །མཚན་མ་རྟགས་ལ་ཕེབས་པ་དང་། །གནན་པ་ཡི་ནི་ཆོ་ག་བྱ། །ལིང་ཀ་གྲིས་ག་ས་མནན་ཏོད་གཞུག །ལྷ་ཁང་སྒོ་འམ་ལྡེར་སོའི་འོག །གདུག་པ་ཡོད་སར་མནན་པར་བྱ། །ཨོ་ཤི་མ་ཧྭ་ཀྭ་ལ་ཏྲི་ཡ༷་ཛ་ཛ། མ་ཧྭ་ཀྭ་ལ་ཐར་ནན་ཤར་ནན། དུ་བེང་ནི་ཛ་ད་ར་ནན་ཛ། ཨོ་ལ༷་ཧུ༷་ལ༷་སྟ༷་བྷ་ཡ་ནན། དེ་ཡི་མནན་པ་ཐེ་ཚོམ་མེད། །ཅེས་གསུངས་སོ། །མགོན་པོ་ནག་པོ་སྙིང་གི་འཁོར་ལོ་གསང་བ་ལས། གཏད་པའི་རྟོག་པ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཡིས། །ཀྭ་ལ་འོད་འབར་དྲག་ཤུལ་ཅན། །རྣལ་འབྱོར་ཀུན་གྱི་མགོན་གྱུར་པ། །ལྷ་ཡི་དེད་དཔོན་བསྐུལ་ཞིང་རྦད། །ངེས་པར་གསུངས་པ་འདི་ལྟ་སྟེ། །ཆེ་བཙན་དཔེ་མེད་མགོན་པོ་ནག་པོ་ནི། །སྐུ་ལ་དར་ནག་འཇོལ་བེར་གསོལ། །སྐུ་མདོག་ནག་པོ་མུན་པའི་མདངས། །དབུ་ལ་གདུག་པའི་རལ་པ་ཅན། །མི་ཡི་ཐོད་པ་དབུ་རྒྱན་བྱས། །སྡང་མིག་དམར་ལ་མཆེ་བ་གཙིགས། །སྟག་གི་སྨ་ར་མེ་ལྟར་འབར། །སྙན་ཆ་མགུར་ཆུ་མི་ཐོད་དམར། །ཞབས་ལ་སག་ཏིག་ལྷམ་པོ་ཆེ། །ཆིབས་སུ་དཔའ་བོ་སྟག་ལ་ཆིབས། །ཕྱག་ན་ཙན་དན་བེང་ཆེན་བསྣམས། །གསོར་ཞིང་ཀླད་པའི་རྒྱས་སུ་བརྡེག །སོར་ཞིག་རྒྱུ་གཅིག་ཁོང་ནས་སྙིང་ཕྱུང་ཞིག །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །ང་ལ་སྡང་བའི་དགྲ་བོ་འདི། །མྱུར་དུ་སོང་ལ་རྣམ་པར་རྒྱོབ། །སྨྱོ་རུ་ཆུག་ལ་འབོག་ཏུ་ཆུག །ལྷ་ཆེན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་དགྱེས་པར་འཁྲིལ། །ལྷ་མོ་གཉན་དང་གཉིས་སུ་མེད། །ལྷ་མོ་ནག་མོ་གཤེགས་སུ་གསོལ། །ལྷ་མོ་ནག་མོ་ཆེན་མོ་སྟེ། ། སྐུ་མདོག་དམར་ནག་རལ་པ་ཅན། །གཡས་ན་བདུད་ཀྱི་ཁྲམ་བམ་ཐོགས། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །དྲ་བ་བདུད་དགུའི་ཏེ་ལེན་བཀལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཀའ་ཉན་མོན་པ་ནག་པོ་གསུམ། །ལས་ཀྱི་མོན་པ་ག་་བག་ཅན། །སྐུ་ཡི་སྤྲུལ་པ་ལས་མཁན་ནི། །སྐུ་མདོག་ནག་པོ་འཇིགས་པ་ལ། །ཞལ་སྡང་མཆེ་བར་རབ་ཏུ་གཙིགས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་པ་ཁ་ཊ༷་རྩེ་གསུམ་ལ། །མི་རོ་དམར་པོའི་རྒྱལ་མཚན་འཕྱར། །དར་ནག་རུ་མཚོན་ཆེན་པོ་ཡིས། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་འགྱེད། །བདུད་ཀྱི་ཞགས་པ་ནག་པོ་ཡིས། །ཉམས་པའི་མགུལ་ནས་འཁྲིད་པར་བྱེད། །྅་སྤྱང་ནག་པོས་ཁྲག་རྗེས་གཅོད། །ལྕགས་ཀྱི་བྱ་ཁྲས་རྒྱུ་མ་འདྲེན། །བླ་འགུགས་མོན་པའི་དུས་ལ་བབ། །གསུང་གི་སྐྲུལ་པའི་ལས་མཁན་ནི། །ལས་ཀྱི་མོན་པ་གཏུམ་བག་ཅན། །སྐུ་མདོག་སྨུག་ནག་ཆེན་པོ་ལ། ཁྲག་གི་རལ་པ་གྱེན་དུ་བརྫེས། །གཡས་པ་ལྕགས་ཀྱི་ཕུར་པ་ཡིས། །ཉམས་པའི་སྙིང་ལ་འདེབས་པར་བྱེད། །མ་ཧེའི་རྭ་དུང་གཡོན་འབུད་ཅིང་། །སྡེ་བརྒྱད་དམག་དཔུང་སྡུད་པར་བྱེད། །སྲོག་གཅོད་མོན་པའི་དུས་ལ་བབ། ། ཐུགས་ཀྱི་སྤྲུལ་པའི་ལས་མཁན་ནི། །ལྕགས་ཀྱི་མོན་པ་ལས་མཁན་ནི། །ནག་པོ་གསོད་བྱེད་ཅེས་བྱ་བ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་པ་སྲོག་གཅོད་སྤུ་གྲི་ཡིས། ། ཉམས་པའི་ཙིསྟ་དམར་ཐོན་བྱེད། །གཡོན་པར་ལྕགས་ཀྱི་སྡེར་མོ་ཡིས། །སྲོག་རྩ་དམར་བ་རྩད་ནས་གཅོད། །ཞལ་བགྲད་རལ་པ་གྱེན་དུ་བརྫེས། །གཅེར་བུ་ནག་པོ་བདུད་ཀྱི་གཟུགས། །དགྲ་ལ་རྦད་ཀྱིས་ལས་རྣམས་མཛོད། །གསོད་བྱེད་ནག་པོའི་དུས་ལ་བབ། ། རྣལ་འབྱོར་ཀུན་གྱི་དཔལ་མགོན་ཏེ། །མཧྭ་ཀྭ་ལ་དྲག་ཤུལ་ཅན། །ཆོས་སྐྱོང་མགོན་པོ་འཁོར་དང་བཅས། །བསྟན་པ་འཇིག་པའི་དམ་ཉམས་རྣམས། །མ་བཏང་མྱུར་དུ་རྣམ་པར་སྒྲོལ། །སྨྱོ་འབོག་ཁྲག་སྒྱུག་གཟེར་དང་ཐིབས། །རིམས་དལ་ཐང་མར་འདར་དུ་ཆུག ། བདུད་ཀྱི་སྐྱ་དམག་མང་པོ་ཡིས། །ཉམས་པ་དགྲ་ཡི་སྒོ་ནོན་ཅིག །དམ་རྫས་གཏོར་མ་འབུལ་ལགས་ཀྱིས། །རྣལ་འབྱོར་ལས་བཅོལ་གྲུབ་པར་མཛོད། །ཅེས་བསྐུལ་ལོ། །མགོན་པོ་སྤུ་གྲི་སྙིང་གི་འཁོར་ལོ་ལས། ལས་ལ་རྦད་ཅིང་ཕོ་ཉ་དགྱེ་བའི་རྟོག་པ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཡིས། །གསང་བ་ཉེ་བར་གྱུར་པ་ཡི། །གསད་པ་མཆོག་གི་ལས་བཤད་པ། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །གྲི་རྒོད་ནག་པོའི་ཐོད་པ་མྲ །རཀྟ་ཧ་ལ་ལྔ་གཉིས་དང་། །རྟེན་དྲུག་སྦྱར་བའི་ལིང་ག་བྱ། །རས་སམ་རྒྱ་ཤོག་དེ་དག་ལ། །སྡིག་པའི་ལྟོ་བར་འཁོར་ལོ་བྲི། །དུག་དང་ཁྲག་གིས་ངར་བླུད་ལ། །འཁོར་ལོ་མོན་པའི་ཙིསྟ་གཞུག །དར་ནག་གཏུམས་ལ་ཐོད་པར་གཞུག །བདག་ཉིད་རྡོ་རྗེ་ག་་པོར་བསྒོམ། །དྲག་སྔགས་སྦྱོར་བའི་འདི་ལྟ་སྟེ། །ཨོ་ཤི་མཧྭ་ཀྭ་ལ་ཏྲི་ཡ༷་ཛ་ཛ། དགྲ་བོ་དྲི་བཱ་ར་ཡ་སྲོག་ལ་མྱོགས། ཙིསྟ་ཁས་རཀྟ་ཐིབས་ཧྲུ༷་ལི་ཡ༷་ལིང་མྱ་ར་ཡ་རྦད། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་། །དྲག་པོ་དུག་པ་མདའ་ཡིས་ཀྱང་། །སྟོང་དང་ཁྲི་ཡི་བར་དུ་རྡེག །ཞག་བདུན་སྦྱོར་བ་རྫོགས་པ་དང་། །ཐོད་པ་གདུག་པའི་གནས་སུ་མནན། །ཟླ་བ་གསུམ་མམ་ལྔ་རུ་འཕོ། ། ལས་འདི་ཡ་བག་ཤ་རེས་གྲགས། །རྦད་གསད་མགོན་པོའི་དམག་དཔུང་དབབ། །དུས་དྲུག་དག་ཏུ་ཤེས་པར་བྱ། །གལ་ཏེ་གཡེལ་ནས་རྟགས་འགོར་ན། །སྙིང་གི་འཁོར་ལོ་བཟློག་ཅིང་དཀྲུག །དེ་ཡིས་ལས་གྲུབ་ཐེ་ཚོམ་མེད། །ཨོ་ཛ་ཛ་ཡ༷་ཏྲི་ལ་ཀྭ་ཧྭ་མ་ཤི་སྨྱུ་ར་ཡ་ནི། ། དགྲ་བོའི་སྲོག་ལ་ཁས་ཙིཉི་མྱོགས་རཀྟ་ཐིབས། །ཡ༷་ལིང་མྱ་ར་ཡ་རྦད། བབ་གཟིར་ཨར་ལ་གཏད་པ་སྟེ། །སྙིང་གི་འཁོར་ལོ་དཀྲུགས་པ་ཡིན། །གསང་བའི་ལས་སུ་འདི་བཤད་པས། །ཞག་གྲངས་གསུམ་ལས་མངས་པ་མིན། །མགོན་པོ་སྐྲུ་གྲི་སྙིང་གི་འཁོར་ལོ་ལས། ཁྱད་པར་མ་གྲུབ་སྤོགས་པ་དྲག་པོ་སྟེ་རྟོག་པ་ལྔ་པའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཡིས། །དྲེགས་པའི་ལས་མཁན་བསྡེབས་བྱ་བ། །འཐོམ་བྱེད་ནག་པོ་བདུད་ཀྱི་གཙོ། ཁྲན་པ་གྲི་ཐོགས་གསོད་བྱེད་གིང་། ཁུ་བོ་རསྒ་གསོད་བྱེད་གཙོ། །ནག་པོ་མགོ་བདུན་ཀླུ་ཡི་བུ། ། གནོད་སྦྱིན་འགོང་པོ་སྒྲོལ་བའི་གིང་། །སྲིན་མོ་མགོ་འཕྱངས་གནོད་སྦྱིན་མོ། །འདི་རྣམས་བཀའ་ཡི་ལས་མཁན་ཏེ། །འབྱུང་པོའི་བུ་ཞེས་བྱེད་པའི་ཚེ། །ལས་ཀྱི་གསོད་བྱེད་ཕོ་ཉ་འགྱེད། །དེ་ཡི་དོན་བསྟན་འདི་ལྷ་སྟེ། །སྣ་ཚོགས་འབྲུ་བཅུད་གསེར་བརྡར་ལ། །དྲེགས་པའི་ཚོགས་ལ་དུས་སུ་གཏང་། །རྒྱ་ཤོག་དག་ལ་འཁྲུལ་འཁོར་བཅའ། །མགོན་པོ་མཁན་སྔགས་བཀོད་ལ། །རྩང་དམར་ཁ་ལ་རབ་རྒྱངས་ཏེ། །དྲག་པོ་རྫས་ཀྱིས་བྲབ་པར་བྱ། །དྲིལ་གཏོར་སྔགས་ཀྱི་མཚོན་ཆས་བརྡེག །ཨོ་ཤི་མ་ཧྭ་ཀྭ་ལ་ཏྲེ་ཡ༷་ཛ་ཛ། དགྲ་བོ་སྨྱུ་ར་ཡ། དུན་རུ་ཏྲ་རུ་ཐུམ་བྷ་ཏི་སྲོག་ལ་ཐུམ་རིལ། རྭ་ཛ་ཙ་བ་ལ་ཨ་ཤུམ་མེ། བཙལ་བྲེང་ཤག མ་མ་་ག་རཀྟ་ནག་མོ་ཏིང་ལ༷་ཙིཉི་ཐུན་རྨུགས་སྨྱོ། ནཱ་ག་ཧུ་ཏི་ནཱ་ག་དུ་རུ་ཧ། ཁྲག་ཐིབས་རྦདཤུ་ལ་རྭ་ཛ་ཏྲི་ཤ༷་ཛ་ཡ༷་ལིང་ཤག་རྦད། བཛྲ་ཏྲི་ན་ས་རྙུ་ཁ་ཐུམ་ཏྲི་དྲི་ཧུར་ཐུམས་ཛ་ཁྲ༷་རྦད། ཅེས་པས་ཉིན་མཚན་དགུ་རུ་བརྡེག རྫོགས་དང་རང་རང་གནས་དག་གམ། །དྲེགས་པའི་ཕོ་བྲང་དག་ཏུ་གནན། །མགོན་པོ་སྤུ་གྲི་སྙིང་གི་འཁོར་ལོ་ལས། དྲེགས་པའི་ལས་མཁན་བསྡེབས་པ་སྟེ་རྟོག་པ་དྲུག་པའོ།། །།དེ་ནས་དྲེགས་པ་ཆེན་པོ་ཡིས། །སྤྲུལ་པོའི་སྦྱོར་བ་ངེས་བཤད་པ། །ཐོད་པ་སྐད་འབྱིན་གཏང་བ་དང་། །གཅན་གཟན་གཏང་དང་འདབ་ཆགས་གཏང་། །ནཱ་ག་ཀླུ་ཡི་ཆོ་འཕྲུལ་དབབ། །དང་པོ་ཐོད་པའི་སྦྱོར་བ་ནི། །གྲི་ཐོད་ཇ་རིལ་གཉིས་བསགས་ལ། །ཕུང་ས་གསུམ་དང་གཉན་ར་དང་། །བྲག་རི་འགྲམ་པའི་ས་དང་ནི། ། ཐོད་པའི་ནང་དུ་སྔགས་དང་མིང་རུས་བྲི། །མིག་དང་ཁ་ལ་དུག་ཁྲག་བྱུག །མཁར་ལ་སྦས་ན་སྒྲ་འབྱིན་འཐབ། །བཞད་དང་ཁྲ་དང་འུག་པ་དང་། །སྲིན་བྱ་དེ་མོ་ཀང་ཀ་དང་། །ཐི་བ་བཞད་སོགས་ཤ་ཁྲག་ལ། །གང་འདོད་གཟུགས་བྱས་མཁར་ལ་སྦ། །བྱ་ནག་འདུ་དང་འཐབ་པ་དང་། །སྡེར་འཛིངས་མང་པོ་འབབ་པར་འགྱུར། །གཞན་ཡང་ཝ་སྤྲེ་བྱི་ལ་དང་། ། སྲེ་མོ་འབར་བའི་ཤ་ཁྲག་སྐྲུ། །མ་འདྲེས་གཟུགས་རྣམས་ལེགས་བྱས་ལ། །རྟེན་ལ་སྦས་ན་ཉེས་པར་འབབ། །གཞན་དག་ཉ་སྦྲུལ་སྦལ་པ་སྡིག །ཀླུ་གཉན་ཡོད་པའི་ས་ཆུ་བསྲེ། ། བརྟེན་ལ་སྦས་ན་ཀླུ་གཉན་འབག །དེ་སྔགས་སྦྱོར་བ་འདི་ལྟ་སྟེ། །ཁྲི་གསུམ་བཟླས་ལ་སྨིན་དྲུག་སྦ། །དེ་ཡིས་ལས་གྲུབ་ཐེ་ཚོམ་མེད། །ཨོ་ཤི་མ་ཧྭ་ཀྭ་ཏྲི་ཡ༷་ཛ་ཛ། ཀ་པ་ཏི་རྒྱལ་ཧལ་ཧལ་དུ་ལིང་ཧས་ཕོབ། བྱི་ཤ་ཙེ་རུ་པི་ཁྲ༷་ཁྲ༷། དུ་ལིང་ཧས་ཕོབ། ལིང་ལིང་སྐྲུར་དུན། ཤ༷་དུ་ལིང་ཧས་ཕོབ། ན་ག་བྷ་དུ་ན་ཡ་དུ་ལིང་ཧས་ཕོབ། དེ་ཡིས་ངེས་པར་འབབ་པར་འགྱུར། ། མགོན་པོ་སྙིང་གི་འཁོར་ལོ་ལས། །ལས་ངན་དབབ་བ་བསྟན་པ་སྟེ་རྟོག་པ་བདུན་པའོ།། །།དེ་ནས་རྡོ་རྗེ་ཁྲོས་པ་ཡིས། །བྷ་རི་ཤ་ཡི་ལས་གསུངས་པ། །ཕུ་ཆུ་རྫིང་དང་ཞིང་ས་དང་། ། ལོ་ཏོག་འབྲས་བུ་སྔོ་སྣ་དང་། །ལྷ་ཀླུ་ཡུལ་སྲུངས་དམ་སྲི་ཡི། །ལིང་ཀ་བྲིས་ལ་ཐོད་ཆེན་བརྣག །རྟ་དང་རྣལ་ཁྲག་ཙན་དུག་དང་། །ར་དུག་བ་མར་མཛེ་ཡུགས་ཀྱི། །འོ་མ་མ་འདྲེས་དམོད་པས་གདབ། །བདག་ཉིད་རྡོ་རྗེ་ག་་པོ་བསྒོམ། །དྲག་པོ་སྔགས་ཀྱིས་དབང་དུ་བསྡུ། །ཨོ་ཙཎྜམ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། དྲག་སྔགས་སྦྱོར་བ་ཁྲི་ཕྲག་གསུམ། །རྫོགས་ནས་དུག་གི་ཧོམ་སྤར་ལ། །ཡུལ་བཅུད་རྩས་དགོད་ལིང་ག་བསྲེག །ཐབ་གསུམ་བྱས་ལ་ཐལ་འཇིམ་གཏོར། །ཆུ་རྒོད་ཁྱགས་པ་སྐྲུང་བར་བཤད། །དེ་ཡི་དྲག༷ ་སྔ༷གས་འདི་ལྟ་སྟེ། །ཨོ་ཤི་མ་ཧྭ་ཀྭ་ལ་ཏྲི་ཡ༷་ཛ་ཛ། ཨ་མུ་ཀ་ལོ་ཏོག་མྱ་ར་ཡ་ཧུ༷། ར་ཧུ་ལ་ཡ་མ་སྙིང་རག་ཤ་དེ་བ་པི༷་པི། དེ་བ་ཨ་ཙ་ཡ༷་ཏྲི། ས་ནཱ་ག་ཏྲིག་ནན། མྱགས་སྦུར་ཡ། ཛ་ལ་ར༷་ཐིབས་འདུས། འུར་འུར། ཕྲོ་ཕྲོ། ཧྲིལ་ཧྲིལ་ཡ༷་ཤར་ནལ་ནལ་སེར་བ་དྲག་ཏུ་ཕོབ་ཕོབ། ལོ་འབྲས་བརླག་པར་རྡོ་རྗེས་་་ངསྙིང་་ངང་་དེ་རྗེ་ང་ངདྲེ་་ངདེ་་འིང་་བཤད། །མགན་པ་སྐྲུ་གྲ་ ང་ག་འཁར་ལ་ལས། བྷ་ར་ཤའ་རྟག་པ་བརྒྱད་པའ།། །། ་ནས་རྡ་ ་ཁྲས་པ་ཡས། །འཁར་གྱ་ གས་པ་ཕ་མ་ལ། །ལྷ་ཡ་ ད་དཔན་ཀུ་རུ་ཎ། །འབྱུང་པ ་བུ་ཉད་གཏགས་འདད་ཅན། །མ་ཧྭ་ཀྭ་ལ་སྲོག་སྟེ། སྐྲུ་གྲི་སྙིང་གི་འཁོར་ལོར་བཤད། །ལྔ་བརྒྱ་དུས་ཀྱི་མནར་དུས་ན། །དམ་ཚིག་ལྡན་ལ་ཐུགས་བརྩེའོ། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །མགོན་པོ་སྐྲུ་གྲི་སྙིང་གི་འཁོར་ལོ་གསང་བ་ལས་རྟོག་པ་དགུ་པའོ།། །།སྐྲུ་གྲི་གསང་བའི་རྟོག་པ་བསྡུས་པ་རྫོགས་སོ།། །།