Ngb-pt-0840-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཉན་ཅིང་གསུང་བསྟོད་ལ་དམ་ཚིག་བཞིན་དུ་བསྟན་པ་བསྲུང་བར་འགྱུར་རོ། །མུན་པ་ནག་པོ་ཞེས་བྱ་བ་དཔལ་ནག་པོ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་གུ་ཧུ་ཙིལྟི་སོ་རི་ཕྲི་ཏ་ནཱ་མ་ཏན་ཏྲ། བོད་སྐད་དུ། དཔལ་མགོན་པོ་གསང་བ་སྐྲུ་གྲི་ཕྱི་མའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ག་་པོས། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། ཉོན་ཅིག་བདུད་རྩི་འཁྱིལ་པ་ཁྱོད། །མ་ཧྭ་ཀྭ་ལ་འོད་འབར་འདི། །དྲག་པོ་འཇིགས་བྱེད་ཆེན་པོ་ཡིས། །ལས་ཀྱི་རྟོག་པ་ཕྱི་མ་དག །དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད། །ང་ཡིས་བཤད་ཀྱིསཡང་དག་ཟུང་། །ཨོ་མཧྭ་ཀྭ་ལ་རག་ཤ་དུ་བེང་ན་ཛ། ཨོ་ཤི་ཀྭ་ལ་རུ་པ་ཧུ༷་ཕཊ། ཅེས་པ་ནི་ཐུགས་དང་སྐུ་སྦྲེལ་པ་སྟེ། །ཐུགས་ཉེ་བར་བྱེད་ཅིང་སྐུ་དངོས་སུ་འབྱོན་པའི་སྙིངཔའོ། །དེ་ནི་རྒྱུན་དུ་བསྙེན་པའི་སྔགས་སོ། །ཨོ་མ་ཧྭ་ཀྭལ་ཡ ཧུ༷་ཕཊ། ཅེས་པ་ནི་ལས་ཁ་ཚར་གསུང་གི་སྔགས་ཏེ་ཐུན་མཚམས་སུ་དྲང་བའོ། །སྔགས་སྔ་མ་གཉིས་གཉིས་ལ་འདི་བཏགས་ལ་གསད་པ་སྟེ། ཨུ་མུ་ཀ༷་བཱ་ར་ཡ། ད་ཧ་ད་ཧ་ཏིག་སྣ།ཡག་ཤ་ཆེ་གེ་མོ་རྦད་རྦད་ཙིསྟ་སུ་རི་རྦད། མྱ་རཧལ་དུན་མྱགས་རྦུད་རྦུད། རྨུགས་ཙིསྟ་ལ་བྲེང་ཤག་ཁལ་བ༷ རྦད། རྔུབས་རྔུབས་དུནདུན་ཆེ་གེབཱ་ར་ཡ་རྦད་རྦད། ཅེས་པནི་ཤིན་ཏུ་ཡང་དག་པར་གསད་པའི་སྙིང་པོ་སྟེ། བདུད་རྩི་འཁྱིལ་པས་བརྣག་པར་བྱའོ། །ཞེས་གསུངསསོ། །རྟོག་པའི་སྐབས་དེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །མ་ཧྭ་ཀྭ་ལ་མཐུ་སྩལ་ཅན། །དེའི་བཀའ་ཉན་རེ་མ་ཏིའི་སྙིང་པོ་ནི། ཏྲག་རག་ཤ་རེའུ་མ་ཏི་སྙིང་ཁ་རག་མ་སྨྱོ་སྨྱོ། ། ཞེས་པ་ནི་འབོད་པའོ། །ཆེ་གེ་མོ་མྱ་ར་ཡ་རྦད་ཧ་ལ་རག་མོརེའུ་མཏི་ཆེ་གེ་མོ་མྱོས་རྦད་རྦད། ས་མ་ཡ་ཧུར་ཤག་སྨྱོ། །ཞེས་པ་དྲང་ངོ་། །ལས་འགོར་ན། །ཨོ་དྲི་ཛ་སྙིང་ལ་ཡ༷་ཐུམ་རིལ་རིལ་སྦྲ་འདུས་ལ་ཡ། རྦད་པུ་ནི་ཤ་སྙིང་ལ་ཡ་ཞེས་སོ། །དེ་བཞིན་དུ་སྦྱར་བར་བྱའོ། །ཞེས་གསུངས་སོ། །རྟོག་པའི་སྐབས་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཨོ་ཛ༷་བྷ་ལ་ཛ་ལེན་ཏྲ་ཡ་སུ་རུ་སུ་རུ་སརྦ་བིསྒྱུན། ཨ་ཏ་ཡ་ཧོ་སྲུ་ཧྭ། ཞེས་པས་དཔལ་ལྡན་མགོན་པོ་ཡི། །དྲུང་དུ་ཛ༷་ཡིག་ནག་པོ་ལས། །ཛསྦྱུ་ལ་ན་ནག་པོས་ཏེ། །གཡས་ན་བི་ཛ་ཨ་རུ་ར། ། གཡོན་ན་ཐོད་པ་བསྣམས་པའོ། །ཞབས་འོག་གཉིས་ན་གཏེར་བུམ་པ། །བསྣམས་པ་བསྐྱེད་ལ་སྤྱན་དྲངས་བསྟིམ། །མཆོད་དང་གཏོར་མ་དབུལ་བར་བྱ། །སྔགས་དེ་ཁྲི་རུ་བཟླས་པ་ན། །གང་བསམ་གྲུབ་པར་གདོན་མི་ཟ། །ཞེས་གསུངས་སོ། །རྒྱུད་ཕྱི་མ་ལས་རྟོག་པའི་སྐབས་གསུམ་པའོ།། །།དེ་ནས་དཔལ་རྡོ་རྗེ་གཏུམ་པས། །ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། །ཉོན་ཅིག་བདུད་རྩི་འཁྱིལ་པ་མ་འོངས་དུས་སུ་བསྟན་པ་ཉམས་པའི་ཚེམ་ཧྭ་ཀྭ་ལའི་རྒྱུད་འདི་གཟུང་ཞིང་སྦ་བར་བྱའོ། །ཞེས་གསུངས་སོ། །དཔལ་མགོན་པོའ་རྒྱུད་ལས། རྟོག་པའི་སྐབས་བཞི་པའོ།། །།དཔལ་ནག་པོ་ཆེན་པོ་མཧྭ་ཀྭ་ལའི་རྒྱུད་ཕྱི་མ་ཞེས་བྱ་བ། རྒྱུད་སྔ་མ་ལས་སྔགས་མ་ཚང་པ་ལ་ཁ་བསྐང་བའི་རྒྱུད་གནད་དུ་ཕྱུང་བ་ཞེས་བྱ་བ་རྫོགས་སོ།། །།བདག་འདྲ་སངས་རྒྱས་ཡེ་ཤེས་ལ། །གུ་རུ་དམ་པས་གནང་བ་ཡིན། །ལས་འཕྲོ་ཅན་ལ་བཙས་སུ་བཞག །དམ་ཅན་རྣམས་དང་འཕྲད་པར་ཤོག །རྒྱུད་འདི་ནི་རྒྱུད་སྔ་མ་ན་མགོན་པའི་སྔགས་དང་རེ་མ་ཏིའི་སྔགས་མ་ཚང་བ་འདི་སྐོང་བ་ལ་དགོངས་པའོ། །དེའི་མན་ངག་ལ་ཐུགས་དང་སྐུ་ལ་བསྙེན་པ་བསྐྱལ་བ་རྒྱུད་སྔ་མ་དང་ལས་བྱང་དུ་གསལ། གསད་དུས་སུ་རྒྱུད་འདི་ཡི་གསང་སྔགས་གདགས། རེ་མ་ཏིའི་རྩ་སྔགས་དང་གསང་སྔགས་གཉིས་རྒྱུད་ཕྱི་མ་ནས་སྦྱར། དེ་མ་ཡིན་པ་རྒྱུད་སྔ་མ་དང་ལས་བྱང་ལྟར་བྱའོ། །དཔལ་མགོན་པོའི་ཡང་ཏིག་རྫོགས་སོ།། །།རིམ་པ་རྒྱུད་ནས་ཡང་དབང་གཏེར་ལ་བབས། །ལས་འཕྲོ་ཅན་དང་མཇལ་བར་སྨོན། །མགོན་པོ་རྒྱུ་བའི་དུས་ནི་ཟླ་བ་གང་ལ་ཡང་། ཚེས་བརྒྱད། བཅུ་བཞི། ཉི་ཤུ་གསུམ་དང་། ཉི་ཤུ་དགུ་ལ་རྒྱུའོ། །ཁྱད་པར་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་རྒྱུ། དེའི་དུས་སུ་སྲུངས་མ་བྱིན་དང་དམ་བསྲེ། ཞག་གཅིག་ལ་རྒྱུ་བ་ནི་ཉི་ཕྱེད་ནམ་ཕྱེད་རྟག་ཏུ་རྒྱུའོ། །མགོན་པོ་ནོར་ཕྱིར་འབྲང་བའི་སྔགས་ནི། ཨོ་མ་ཧྭ་ཀྭ་ལ་རག་ཤ་ཆེ་གེའི་ཟུང་ཀྱི་ཟུང་ཧུ༷་ཛ། ཞེས་སོ། །གཞན་དག་འགྲས་ན་འདི་གདགས་སོ། །ཨོ་ཧུ༷་ཧ་ཧེ་ཕཊ་སྨྱོ། ཀ་ཏ་མ་ཧྭ་ཡ། པྲ་ཧ་ཧ་ར་ཧུ༷། ས་མ་ཡ་ཨ་ཏི་པྲ་མ་བཟློག་ཨ་ལ་ལ་ཧོ། ཞེས་སོ། །སེར་བ་བསྲུང་བ་ནི། མ་ཧྭ་ཀྭ་ལ་སེར་བ་ཨུར་ཎ་ནི་གྲྭ་ཧྭ། མགོན་པོའི་ཡང་ཏིགཉྭ༑།། །།