Ngb-pt-0830-vol-09-text
Front
Body
ཡིན་པས། བཀའ་དམ་པར་བགྱིའོ།། །། རྒྱ་གར་སྐད་དུ། མ་ཧྭ་ཡཀྟ་སིརྙི་སྟིར་ཡ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། གནོད་སྤྱིན་ཆེན་པོ་ཡིད་བཞིན་གཏེར་གྱི་རྒྱུད་ཅེས་བྱ་བ།གནོད་སྤྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། ལྷུ་ར་ཎ་སི་ནས་ལྷོ་ཕྱོགས་ཀྱི་མཚམས་སུ་གཤེགས་པ་ལས། དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཆེན་པོ་དགའ་བའི་ཚལ་ཞེས་བྱ་བ་དང་། ཡབ་གནོད་སྦྱིན་མིག་པོ་ཆེ་དང་། །ཡུམ་ཀླུ་མོ་མཛེས་ལྡན་མ་ཞེས་བྱ་བ་གཉིས་བཤོས་པའི་སྲས་གནོད་སྦྱིན་ཆེན་པོ་མཐུ་རྩལ་དང་ལྡན་པ་ཞིག་འདུག་ན། ཡུམ་ཀུན་ལ་གདུག་བྱེད་མ་ཞེས་བྱ་བ་དང་། འཁོར་གནོད་སྦྱིན་སྟོང་སྡེ་དང་བཅས། སྐྱེ་འགྲོའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་སེམས་ཅན་རྣམས་ལ་རྣམ་གསོལ། །ཞེས་ཞུག་སོ། །ཡིད་བཞིན་གཏེར་གྱི་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ཕྱི་རབས་དོན་དུ་བཤད་ཀྱིས་ཉོན། །བརྩོན་ལྡན་གནོད་སྦྱིན་སྒྲུབ་འདོད་ན། །ཐེག་ཆེན་རིགས་ལྡན་སེམས་ལྡན་པས། །ལོ་ཟླ་གཟའ་སྐར་ཤིས་པ་ལ། །དགའ་བའི་ཚལ་ལམ་ཀུན་དགའ་རར། །ཡང་ན་བཀྲ་ཤིས་དབེན་གནས་སུ། །བསོད་ནམས་ལྡན་པའི་རྒྱལ་པོ་འམ། །ཁྱིམ་བདག་བྲམ་ཟེ་ཕུན་ཚོགས་པའི། །ཁང་ཁྱིམ་ས་བླང་སྟེགས་བུ་བརྩིགས། །སྐུ་གཟུགས་དར་ཕན་རྒྱན་དང་བཅས། །ཕྱི་ཡི་རྟེན་དུ་གཟུགས་པར་བྱ། །སེང་ལྡེང་སེང་གེ་དངུལ་སྒྲོམ་དང་། །གའུ་ཟངས་སེང་གསེར་རྟའི་གཟུགས། །སྔགས་དང་གཟུགས་བཅས་ནང་གི་རྟེན། །སེང་ལྡེང་སེང་གེ་ལྟོ་སྦྱར་ནས། །འཁོར་ལོ་རིན་ཆེན་གསང་བའི་རྟེན། །ལུག་ནག་ཁྱི་དང་ཤེལ་རྡོ་ནག །རིན་ཆེན་ལྔ་དང་ནེ་ལེའི་སྙིང་། །མི་ལྡོག་བླ་རྡོ་དལ་འོག་བཅའ། །དཀྱིལ་འཁོར་རྩིབས་བཞི་བསྒོ་བཞིར་ལྡན། །མཛེས་པའི་ཚོན་གྱིས་ཁ་དོག་དབྱེ། །བུམ་པ་དངོས་གྲུབ་རྫས་དང་ལྡན། །དབུས་སུ་ནོར་གྱི་རྟེན་དུ་བཅའ། །ཕྱོགས་བཞིར་མཆོད་པའི་འབྲུ་གཏོར་བཅའ། །དེ་ནས་ཏིང་འཛིན་བསྟན་པ་ནི། །སྒྲུབ་པ་པོ་ཡིས་གསང་བདག་བསྐྱེད། །མདུན་དུ་སྒྲུ༷་ལས་གཞལ་ཡས་ཁང་། །རིན་ཆེན་རྒྱན་དང་ལྡན་པའི་ནང་། །ས་བོན་ཡིག་འབྲུ་ལྔ་པོ་ལས། །དཀྱིལ་འཁོར་དབུས་དང་ཕྱོགས་བཞི་པོར། །དབུས་སུ་གནོད་སྤྱིན་ཆེན་པོ་བསྐྱེད། །ཤར་དུ་ནོར་ལྷ་ལྷོར་མགོན་པོ། །ནུབ་ཏུ་འབྲོག་གནས་བྱང་ཕྱོགས་སུ། །རྣམ་ཐོས་བུ་ཕོ་བསྐྱེད་པར་བྱ། །སྤྱན་དྲངས་བཞུགས་གསོལ་ཕྱག་རྒྱ་བྱ། །མཆོད་ཅིང་བསྟོད་དེ་སྔགས་ཀྱང་བཟླས། །གནས་ནས་བསྐུལ་ཞིང་འཕྲིན་ལས་བཅོལ། །ཏིང་འཛིན་འཕྲོ་འདུར་རབ་ལྡན་པས། །སྨྲ་བ་སྤངས་ནས་ཟླ་གཅིག་ཏུ། །དྲིལ་དང་གཏོར་བའི་སྔགས་ཀྱིས་བསྙེན། །གྲུབ་ན་དངོས་གྲུབ་རྟགས་རྣམས་དང་། །མ་གྲུབ་བར་ཆད་མཚན་མ་རྟགས། །གྲུབ་རྟགས་དཔོན་གཡོག་ལྔ་ཡི་རྟགས། །གང་གྲུབ་དངོས་གྲུབ་བླང་བྱས་ཏེ། །མཚན་ལྡན་ཐོད་པ་འཁོར་ལོ་དང་། །སྤྱན་གཟིགས་དངོས་གྲུབ་རྟེན་བཀྲམ་ལ། །སྔགས་ཚིག་ཏིང་འཛིན་ལྡན་པ་ཡིས། །ཞག་བདུན་བར་དུ་དངོས་གྲུབ་བླང་། །བུམ་པའི་རྫས་བཅའ་རྟེན་དུ་བཅའ། །རྒྱུན་དུ་མཆོད་བསྟོད་གསོལ་བ་གདབ། །མངའ་གསོལ་རྟག་ཏུ་གསོལ་ཁ་འབད། །དེ་ལྟ་བུ་ཡི་རིམ་པ་ཡིས། །གང་བསྒྲུབ་འཁོར་ལོ་སྒྱུར་བ་འདྲ། །ཅི་འདོད་ཕུན་སུམ་ཚོགས་པ་འགྲུབ། །ཅེས་གསུངས་སོ། །གནོད་སྤྱིན་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གདུག་བྱེད་དྲག་པོའི་གནོད་སྦྱིན་འདི། །ནོར་སྒྲུབ་རྟེན་གྱི་འཁོར་ལོ་འདི། །རྩིབས་བཞི་མུ་ཁྱུད་གསུམ་ལྡན་པའི། །དབུས་སུ་གནོད་སྤྱིན་རྩིབས་ལ་འཁོར། །དཔོན་གཡོག་ལྔ་ཡི་སྲོག་སྔགས་བྲི། །མུ་ཁྱུད་རིན་ཆེན་ཆར་ལ་འབེབས། །གསེར་དངུལ་གྱིས་བྲིས་ལུས་ལ་བཅང་། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བླ་རྡོ་འཁོར་ལོ་རྩིབས་བཞི་ལ། །མུ་ཁྱུད་ལྔ་ལྡན་རྩིབས་བཞི་སྔགས། །མུ་ཁྱུད་ནང་ལ་དབང་སྡུད་སྔགས། །རྩིབས་མཆན་བླ་ཚེ་འགུགས་པའི་སྔགས། །རྡོ་རྗེ་འཕྲེང་བ་མེ་རིས་བསྐོར། །དར་དམར་ལ་བྲི་བླ་རྡོ་གྲིལ། །ལྒབུ་ཞིང་ལས་ལ་མི་འགྲོ་ན། །བཅུན་སྔགས་དྲག་པོས་དེ་ལ་གཟིར། །དངོས་གྲུབ་བསྡུ་བའི་འཁོར་ལོ་ནི། །མུ་ཁྱུད་བཞི་དང་ལྡན་པ་ལ། །དབུས་སུ་དངོས་གྲུབ་རྩོལ་ཡང་བྲི། །པདྨ་འདབ་མ་བརྒྱད་ལྡན་ལ། །ཕྱོགས་བཞི་དབུས་དང་རྣམ་ལྔར་སྔགས། །མཚམས་བཞིར་ནོར་བུ་རིན་ཆེན་དང་། །བདུད་རྩི་བུམ་པ་དཔག་བསམ་ཤིང་། །འདོད་འཇོ་བ་དང་བཅས་པ་བྲི། །མུ་ཁྱུད་དངོས་གྲུབ་བླང་བའི་སྔགས། །ཐོད་པ་མཚན་ལྡན་དུམ་གཅིག་པ། ་༑ང་བུ་བཞི་དང་ལྡན་པ་བྲི། །འདོད་དགུ་འབྱུང་བའི་གཏེར་དུ་གསུངས། །འཁོར་ལོའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གནོད་སྤྱིན་གཙོ་འཁོར་བཅས་པ་ཡི། །སྔགས་ཀྱི་རིམ་པ་བསྟན་པ་ནི། །ཨོ་བཛྲ་རསྒོརཙིསྟ་ར་ག་རུ་གེ་ཧུ༷་ཕཊ་གྲྭ་ཧྭ། བཅུ་བཞི་གནོད་སྦྱིན་བསྙེན་པའི་སྔགས། །ཨོ་བཛྲ་རསྣཙིསྟ་བན་དྷ་བདུད་མ་ཏིང་སྐྱོལ་ཏིང་ཏིང་ཛ་ཛ། བཅུ་དྲུག་བདུད་མོ་ཡུམ་གྱི་སྔགས། །ཨོ་བཛྲ་མ་ཧྭ་ཀྲོ་དྷ་ཨུརུ་ཛསྦྱུ་ལ་ཧྲི་ད་ཧུ༷། བཅུ་བཞི་གནོད་སྤྱིན་ནོར་ལྷའི་སྔགས། །ཨོ་མ་ཧྭ་ཀ་ལ་ཧ་ན་ཧ་ན་བཛེ་ནི་གྲྭ་ཧྭ། བཅུ་གསུམ་མགོན་པོ་ནག་པོའི་སྔགས། །ཨོ་བཛྲ་ཡཀྟ་དེ་བ་པརྩི་རྭ་ཛ་ཛ་ཛ། བཅུ་གཉིས་འབྲོག་གནས་མཆེད་ལྔའི་སྔགས། །ཨོ་བཛྲ་མ་ཧྭ་རྭ་ཛ་བི་བྲ་མ་ཎ་ཡེ་ཧུ༷་ཕཊ། བཅོ་ལྔ་རྣམ་ཐོས་བུ་ཡི་སྔགས། །ཨོ་བཛྲ་མ་ཧྭ་ཡཀྟ་ཡ་ཨ་ཀ་ཏྲི་སྐྱོལ་ཛ་ཛུ། བཅུ་གསུམ་གནོད་སྤྱིན་རྣོན་པའི་སྔགས། །ཨོ་བཛྲ་མ་ཧྭ་ཙྭ་ན། ནཱ་ག་རྭ་ཛ། ཧ་ཧ་རྦད་རྦད་ས་མ་ཡ་ཛ་ཛུ། བཅུ་དགུ་ཉི་མ་འབུམ་གྱི་སྔགས། །ཨོ་བཛྲ་ཡཀྟ་ཙཀྲ་དུན་དན་ཛ་ཛུ། བཅུ་པ་ཀུན་གྱི་འཇིགས་བྱེད་སྔགས། །ན་ན་ཁ་ཏེ་སིདྷི། རཏྣ་སིརྙི། སིརྙི་ཕ་ལ། དྷ་ནམ་མེ་དེ་ཧི་ཧུ༷། སརྦ་སིརྙི་སིརྙི་ཧྭ༷་ཧུ༷། ཨུ་ཡུར་སིརྙི། ས་མ་ཡ་བསྡུས་བསྡུས། སོ་དྲུག་དངོས་གྲུབ་སྡུད་པའི་སྔགས། །ཨོ་བཛྲ་རཏྣ་ཙིཀྟ་ར་ག་རུ་གེ་ཡཀྟ་ཏྲིག་ནན། རྦད་ནན་ཀྟ་ཧུར་ཐུམས་ཛ། མ་རྭ་ཡ་རྦད། རྩ་གསུམ་གཟིར་དང་བབ་པའི་སྔགས། །ཨོ་ཙི་ཏི་ཙི་ཏི། བི་ལི་བི་ལི། གློ་ལི་ཨ་མུ་ཀ༷། སདྷ་ན༷། བ་རི་བ་ར༷་མེ་བ་ན་གྲྭ་ཧྭ། ཨོ་ཀུ་རུ་ཀུ་རུ་ལེ་བ་ཤ༷་ཀུ་རུ་ཧུ༷། སོ་བདུན་གནོད་སྤྱིན་མོ་རྣམས་ཀྱི། །གང་དམིགས་དབང་དུ་སྡུད་པའི་སྔགས། །ཨུ་ཡུར་ཙྭ་ན་མིན་འདུ། །ཨ་པ་རི་མི་ཏ་ཚེ་སྒྱུ༷། བཅོ་ལྔ་རྒྱས་པ་ཚེ་སྔགས་སོ། །ཨོ་བཛྲ་ར་ཙིསྟ་ར་ག་རུ་གེ་ཧུ༷་ཕཊ། མ་ཧྭ་ཀྲོ་དྷ་ཨུབྱ་ཛི་ཧྲི། མ་ཧྭ་ཀྭ་ལ་ཡཀྟ། དེ་བ་པལྕ བི་གྲ་མ་ཎ་ཡེ་ས་མ་ཡ་ཛ་ཛ། ཞེས་པ་ནི་གསང་བའི་སྔགས། །བཟླས་ཐབས་ལས་ཀྱི་རིམ་པ་སྔགས། །མཁས་པས་དམིགས་དང་སྦྱར་ལ་བཟླས། །གང་འདོད་ལས་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གསང་སྔགས་ཀྱི་རིམ་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཚེ་དབང་རྒྱས་པའི་ལས་བྱེད་ན། །རིན་ཆེན་བུམ་པར་ཚེ་རྫས་སྩལ། །གནོད་སྤྱིན་མཆོད་རྫས་རྒྱ་ཆེར་བཤམ། །ཏིང་འཛིན་ལྡན་པས་གནོད་སྤྱིན་གྱི། །སྔགས་ལ་ཚེ་ཡི་སྔགས་བཏགས་ཏེ། །ཚེ་སྲོག་དགུག་བསྟིམ་བསྒྲུབ་པ་བརྩམ། །གྲུབ་ནས་ཚེ་སྦ་རྫས་རྣམས་བཟའ། །ཚེ་ལོ་སྟོང་དུ་གནས་པར་འགྱུར། །རྒྱས་པའི་ལས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འཁོར་གྱི་གནོད་སྦྱིན་མོ་རྣམས་ཀྱིས། །དབང་དུ་བསྡུ་བའི་ལས་བྱེད་ན། །རས་སམ་གྲོ་ག་དར་དམར་ལ། །བཅུ་དྲུག་རྩིབས་མཚན་འཁོར་ལོ་བྲི། །དམིགས་པའི་གཟུགས་ཀྱི་སྙིང་ཁར་གཞུག །ཏིང་འཛིན་དབང་དང་རབ་ལྡན་པས། །གནོད་སྦྱིན་ཕོ་མོའི་གསང་སྔགས་སྤེལ། །ཞག་བདུན་བར་དུ་བསྒྲུབ་པ་བརྩམ། །རྒྱལ་པོའི་ཁྱིམ་དང་གྲོང་ཁྱེར་སོགས། །བདག་གི་བསྒོ་བ་ཉན་པར་འགྱུར། །དབང་གི་ལས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གནོད་སྦྱིན་དྲག་པོའི་མཐུ་རྩལ་གྱིས། །བར་ཆད་གདུག་པ་བསྒྲལ་བའི་ཐབས། །གཏོར་མ་སྤྱན་གཟིགས་རྒྱ་ཆེར་བཤམ། །གནོད་སྤྱིན་འཁོར་བཅས་གསོལ་ཅིག་མཆོད། །བར་ཆད་སེལ་བའི་འཕྲིན་ལས་བཅོལ། །དྲག་སྔགས་འདི་ཡིས་འབྱུང་པོ་འདུལ། །ཨོ་བཛྲ་རཏྣ་ཙིསྟ་ར་ག་ར་ཏི་ཡཀྟ་སརྦ། ཨེ་ཀི་ལ་ཡ་བཱ་ར་རྦད། གརྫ་གརྫ་ཧ༷་ཤ༷་ཏྲི་ནཱ་རྭ་ཡ་ཕཊ། །པ་ཙ་པ་ཙ་ཧ༷་ཤ༷་ཏྲི་བཱ་ར་ཡ་ཕཊ། བན་དྷ་བན་དྷ་ཧ༷་ཤ༷་ཏྲེ་བཱ་ར་ཡ་ཕཊ། ཧུ་ལུ་ཧུ་ལུ་དམ་སྲི་མུ་ར་ཡ་ཕཊ། ཚིན་དྷ་ཚིན་དྷ་རྭ་ཛ་མུ་ར་ཡ་ཧུ༷་ཕཊ། སྙིན་དྷ་སྟིན་དྷ་དན་ཏྲི་ཏྲིའུ་མྱ་ར་ཡ་ཧུ༷་ཕཊ། སྒྲོ་ཊ་སྒྲོ་ཊ་འབྱུང་པོ་ཨུ་ཙ་ཏ་མྱ་ར་ཡ་ཕཊ་ཕཊ། ཅེས་བཟླས་གནོད་སྤྱིན་འཁོར་བཅས་ཀྱིས། །འབྱུང་པོ་གདུལ་དུ་བརླག་པར་སྒོམ། །གནོད་བྱེད་སྐད་ངན་ཙེར་ཙེར་འོང་། །ཇི་ལྟར་བུ་ཡི་འདྲེ་གདོན་ཆེ་བ་ཡང་། །དྲག་སྔགས་འདི་ཡིས་ཉམས་ཏེ་འགྲོ། །འབྱུང་པོ་འདུལ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྲིའུ་བསྲུང་བའི་ལས་བྱེད་ན། །གནོད་སྤྱིན་གྲུབ་པར་གྱུར་ནས་ནི། །གང་བསྲུང་གནས་སུ་རྟེན་ཡང་བཅའ། །གཡག་རོག་ལུག་ནག་རྟེན་དུ་གཟུགས། །སོས་ནས་གཏང་རག་བཏང་ཞེས་བརྗོད། །གསོལ་མཆོད་གཏོར་མས་མཉེས་བྱས་ཏེ། །ལོ་གཅིག་བར་དུ་སྲུང་བར་བཅོལ། །ཚེ་ཡི་སྒྲུབ་པས་བར་ཆད་བསལ། །གནོད་སྤྱིན་སྔགས་དང་སྲུངས་ཤིག་སྤེལ། །ཞག་བདུན་སྒྲུབས་ཏེ་གཉེར་གཏད་བྱ། །ཆུང་སྲི་དྲག་པོའི་སྔགས་ཀྱིས་གདུལ། །སོས་ནམ་གཏང་རག་རྒྱ་ཆེར་བྱ། །ཇི་ལྟ་བུ་ཡང་འཚོ་བར་འགྱུར། །ཞེས་གསུངས་སོ། །དམངས་པོ་སྲིའུ་གསོ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གནོད་སྦྱིན་ཆེན་པོ་སྒྲུབ་འདོད་ན། །རྗེ་ལྟར་བསྟེན་ལ་བསྙེན་པར་བཀུར། །གྲོགས་ལྟར་བསྟེན་ལ་དམ་ཚིག་བསྲེ། །བྲན་ལྷར་བསྟེན་ལ་ལས་ལ་བཀོལ། །ཕྱི་ལྟར་གསོལ་ཀས་དུས་སུ་མཆོད། །ནང་ལྟར་བསྐང་བ་བསྒྲུབ་པའི་གྲོགས། །གསང་བ་ལྟར་མཆོད་མི་འབྲལ་གྲོགས། །ཕྱི་རྟེན་གཡག་རོག་ལུག་ནག་བཅང་། །ནང་རྟེན་རས་རིས་དཀྱིལ་འཁོར་བྲི། །གསང་རྟེན་སེང་གེ་ལུས་ལ་བཅང་། །ཕྱི་ལྟར་སྤྱི་ཡི་དམ་ཚིག་བསྲུང་། །ནང་ལྟར་གནོད་སྤྱིན་ཉིད་དང་བསྟུན། །གསང་བའི་དམ་ཚིག་གསང་ཐུབ་ཅིང་། །བརྩོན་འགྲུས་དྲག་པོའི་སེམས་ཀྱིས་སྒྲུབ། །བླ་རྡོ་བཅའ་ཞིང་གདུང་བ་བསྐྱེད། །འཕྲིན་ལས་གང་བྱེད་དམིགས་ཀྱིས་བཅོལ། །དགོས་འདོད་ཕུན་སུམ་ཚོགས་པར་འགྱུར། །ཞེས་གསུངས་སོ། །སྤྱིར་གདམས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འདུས་པའི་འཁོར་ཚོགས་དང་བཅས་པ། །དགོས་འདོད་སྣ་ཚོགས་འབྱུང་བ་ཡི། །ཡིད་བཞིན་གཏེར་གྱི་རྒྱུད་འདི་ནི། །འགྲོ་བའི་དོན་དུ་བསྒྲུབ་པ་དང་། །བསྟན་པ་གཉན་པོ་བསྲུང་བར་གྱིས། །ཞེས་བཤད་དོ། །རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གནོད་སྤྱིན་ཆེན་པོ་ཀུ་བེ་ར་དང་། །གནོད་སྦྱིན་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་རྗེས་སུ་ཡི་རངས་ཏེ། དམ་ལ་གནས་ཤིང་འཁོརརྣམས་དང་བཅས་ པ་ལོངས་སྤྱོད་སྤེལ་ཞིང་བསྟན་ པ་སྲུང་བའི་ ལས་བྱེད་དོ། །གནོད་སྤྱིན་ ཆེན་པོ་ཡིད་བཞིན་གཏེར་ གྱི་རྒྱུད་ལས། རྗེས་སུ་ཡི་ རང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་སྦྱིན་ཆེན་པོ་གཏེར་གྱི་རྒྱུད་རྫོགས་སོ།། །།རྩ་རྒྱུད་ཡིན། ཨོ་རྒྱན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙ་བ་བདག་བི་རོ་ཙ་ནས་བསྒྱུར་ཏེ་རིན་ཆེན་གཏེར་དུ་སྦས་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། སྤྱི།། །། རྒྱ་གར་སྐད་དུ། མ་ཧྭ་ཡཀྟ་རྭ་ཛ་ཙིརྟི་བཛྲ་ར་ག་ར་ཏི་མ་ཧྭ་གུ་རྒྱ་ཏན་ཏྲ་ནཱ་མ། བོད་སྐད་དུ།