Ngb-pt-0819-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཞལ་ནས་རྒྱུད་གསུང་བ། །བདུད་རྩི་གསང་རྒྱུད་དེ་ལ་ཕྱག་འཚལ་ལོ། །དབུལ་འཕོངས་སེལ་ཕྱིར་ཡོན་ཏན་རྒྱས་པ་ཡི། །རྒྱས་པའི་མདོག་ལ་དགོས་འདོད་སྐོང་མཛད་པ། །མཆོག་དང་ཐུན་མོང་དངོས་་སྟེངདེཚ་ཞེ་་་ང་ང་ང་ངལེསྟེ་་རྗེགྲུབ་བདག་པ་ ། །རྒྱས་པའ་སངས་རྒྱས་ ་ལ་ཕྱག་འ ལ་ལ། ། ས་བསྟད་ད། །ཐུགས་རྗ་འབྱུང་བའ་རྒྱུད་ལས་རྒྱུད་ཡངས་སུ་གཏད་ཅང་འཁར་གྱས་བསྟད་པའ་ འུ་ ་བཅ་ལྔ་པའ།། །།ཐུགས་ ་འབྱུང་ངང་་ང་་་་ང་ང་ལྡེཙང་༩་་ང་་ང་་་བའ་རྒྱུད་སྔ་མའ་རྟག་པ། །ཨ་རྒྱན་གྱ་སླབ་དཔན་པདྨ་འབྱུང་གནས་དང་། ཆས་སྐྱང་བའ་རྒྱལ་པ་ཁྲ་སྲང་ ་བ ན་གྱས་བསྒྱུར་བའ། སྐྱ། རྒྱ་རྒྱ་རྒྱ། ས་མ་ཡུ། སྤ་གྲ་བཅས་ཀྱ་འག་སྟད་ཀྱ་བྲག་སག་པ་ཁྲས་པ་འདྲ་བ་ལ་སྦས། ཀུ་ཙ་རྡོ་རྗེ་སྲ་བརྟན་གྱིས་གཏེར་ནས་སྤྱན་དྲངས་པོའོ།རྒྱ་གར་སྐད་དུ། ཡཀྟ་བ་སུ་ཨ་པ་ར་པ་ཏི་གུ་རྒྱ་ཏན་ཏྲ་ནཱ་མ། བོད་སྐད་དུ། གནོད་སྤྱིན་ནོར་བདག་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་རི་རབ་ཀྱི་རྩེ་མོ་ན་འདུས་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །གླེང་བཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་གསང་བའི་བདག་པོས་ཐམས་ཅད་འདུས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། བྱིན་གྱིས་བརླབས་ཀྱིས་གསང་སྔགས་འདི་བཀའ་སྩལ་ཏོ། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་ཧྭ༷་ཕཊ། ཅེས་བཀའ་སྩལ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་འདར་ཞིང་གཡོས་པར་གྱུར་ཏེ་ཐམས་ཅད་དབང་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་གནོད་སྦྱིན་ཉི་མའི་མིག་ཅན་སྲིང་མོ་དང་བཅས་པ་གསང་བའི་བདག་པོའི་སྤྱན་སྔར་འཛུམ་པའི་མདངས་ཕྱུངས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་གསང་བའི་བདག་པོ། །བདག་ཅག་གི་རིག་པ་འདི་བྱིན་གྱིས་བརླབ་ཏུ་གསོལ། །ཨོ་དྷི་འདི་ཨ་པ་ར་ཙིསྟ་གྲྭ་ཧྭ། ཨོ་ཕྲི་རི་ཧུ༷། ཞེས་རིག་པ་དངོས་སུ་སྨྲས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བདག་ནི་གསང་བའི་བཀའ་ཉན་ཅིང་། །དངོས་གྲུབ་མྱུར་དུ་བསྒྲུབ་པར་བགྱིད། །ཞེས་སྨྲས་སོ། །དམ་ལ་བཏགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དཔལ་གསང་བའི་བདག་པོས་གནོད་སྤྱིན་ལ་དམིགས་ཏེ། འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ནོར་བདག་སྒྲུབ་པར་འདོད་པ་ཡི། །ཚེས་གཅིག་ལ་འཇུག་ཉ་ལ་གདོན། །ཟས་ནི་དཀར་ཆོས་བཟའ་བྱས་ལ། །དཀར་གསུམ་དང་ནི་འབྲས་ཆན་དང་། །མངར་གསུམ་དང་ནི་དྲི་སྣ་ཚོགས། །ཀ་ཏོ་ར་ནི་བཀང་ལ་བཞག །ཉ་ཡི་ནུབ་མོ་ཁོ་འོང་པས། །བདག་ཉིད་ཉམས་ནི་འཇིགས་པ་ཡང་། །ཕྱག་རྒྱ་མི་བཤིག་གུལ་བསྲེག །སོར་མོ་རྣམས་ནི་ནང་དུ་བསྣོལ། །གོང་མོ་པདྨའི་ཚུལ་དུ་བྱས། །ཁོ་ཡི་གཟུགས་ལ་ངེས་པ་མེད། །རེས་ཚེ་བྱིས་པ་ཁྱེའུའི་གཟུགས། །རེས་འགའ་མི་རེང་ཆེན་པོ་ཅིག །མིག་ནི་བག་ཙམ་ལྷུང་ལ་ཁད། །དེས་ན་ཉི་མའི་མིག་ཏུ་གྲགས། །ཁོ་ཡི་གཟུགས་ལ་བརྟག་ཏུ་མེད། །ཇི་ལྟར་བྱུང་ཡང་སིརྙི་བླང་། །ཡིད་ལ་བྱུང་ན་ཡིད་ཀྱིས་ཏེ། །དངོས་སུ་བྱུང་ན་ཚིག་གིས་བསྐུལ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་དང་། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །དེ་ལྟར་བསྐུལ་ལ་དངོས་གྲུབ་བླང་། །མ་གྲུབ་བར་དུ་ལན་གསུམ་སྐྱར། །དེས་ནི་ཁོ་ཉིད་དངོས་སུ་འགྲུབ། །ཅེས་གསུངས་སོ། །གནོད་སྤྱིན་གྱི་དེ་ཁོ་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པའི་དུས་ཀྱི་དམ་ཚིག་ནི། ཁྲ་ཆང་སྒོག་བཙོང་བུད་མེད་སྤང་། །རྒྱུན་དུ་བསྲུང་བའི་དམ་ཚིག་ནི། །མི་ནག་ཡུགས་མོ་འགྲོགས་ལ་མེན། །དད་མེད་ཆོས་ལ་མི་མོས་ཤིང་། །འདོད་པའི་དབང་གིས་འདི་སྒྲུབ་པ། །སྒྲུབས་ཀྱང་མི་འགྲུབ་རང་ཚི་ཆད། །དངོས་གྲུབ་ཅི་བྱུང་སུམ་ཆ་ཡིས། །ཕ་མ་བླ་མ་དཀོན་མཆོག་མཆོད། །སུམ་ཆ་འགྲོ་བ་ཡོངས་ལ་སྤྱིན། །སུམ་ཆ་བདག་དང་གནོད་སྤྱིན་ལ། །ཟས་ཀྱི་དངོས་གྲུབ་ཅི་བྱུང་བ། །ཨ་པ་ར་ལ་བླ་སྡེར་གྲང་། །སྙིང་རྗེའི་དམ་ཚིག་ལྡན་པར་བྱ། །ཞེས་གསུངས་སོ། །དམ་ཚིག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བའི་བདག་པོས་གསང་སྔགས་འདི་རྣམས་བཀའ་སྩས་ཏོ། །ཨོ་དྷི་ཨ་པ་ར་ཙིསྟ་ཛ་ཛ། རྩ་བའི་སྙིང་པོའོ། །ས་མ་ཡ། དམ་ཚིག་གི་སྙིང་པོའོ། །མ་ཧྭ་སིདྷི། དངོས་གྲུབ་བླང་བའོ། །བ་ལིང་གྲིཎྜ་ཁ་ཁ་ཁུ་ཧི། གཏོར་མ་དབུལ་བའི་སྙིང་པོའོ། །ཨོ་ཤི་ཧུ༷་ཛ་ཛ། སྲིང་མོའི་སྙིང་པོའོ། །གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བསྟོད་པ་ནི། །ཕྱག་ན་རྡོ་རྗེའི་དམ་ཚིག་ཅན། །གནོད་སྤྱིན་ཆེན་པོ་ནོར་གྱི་བདག །སྐུ་མདོག་དཀར་པོ་བྱིས་པའི་གཟུགས། །ཕྱག་ན་དངོས་གྲུབ་བུམ་པ་འཛིན། །རིན་ཆེན་རྣམས་ཀྱི་རྒྱན་དང་ལྡན། །ཡིད་བཞིན་འབྲུ་ཡི་ཆར་འབེབས་མཛད། །ནོར་གྱི་བདག་ལ་དད་པས་བསྟོད། །མཆོད་པའི་གཏོར་མ་བཟང་པོ་དང་། །སྡེར་བཟངས་དམ་པ་འདི་བཞེས་ལ། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་འགྱུར་ན། །དམ་ཚིག་དག་ལ་འགལ་བར་འགྱུར། །ཞེས་པས་བསྟོད་ཅིང་མཆོད་པ་དང་། །དམ་ཚིག་བསྡར་ཞིང་དངོས་གྲུབ་བླང་། །ཞེས་གསུངས་སོ། །མཆོད་བསྟོད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྲིང་མོ་དག་ནི་སྒྲུབ་འདོད་ན། །མཎྜལ་བྱས་ལ་གཏོར་མ་བཤམ། །དཀར་གསུམ་དག་གིས་བརྒྱན་ལ་བཞག །སྔགས་ནི་འབུམ་ཕྲག་གསུམ་དུ་འདོན། །དེ་ནས་མངོན་དུ་གྱུར་པ་དང་། །ཚིག་གིས་བསྐུལ་ལ་དངོས་གྲུབ་བླང་། །འདོད་པའི་དོན་ལ་ཁོལ་མོ་གྱིས། །རིན་ཆེན་འབྲུ་ཡི་དངོས་གྲུབ་གསོལ། །དེས་ནི་དངོས་གྲུབ་ཆེན་པོར་འགྱུར། །ཞེས་གསུངས་སོ། །སྲིང་མོ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གནས་ཀྱི་དོན་ཉིད་འདི་སྩལ་ཏོ། །རྡོ་བ་དཀར་པོ་གྲུ་བཞི་ལ། །གནོད་སྦྱིན་སྔགས་བྲིས་མགུལ་དུ་བཅང་། །ལས་རྣམས་བྱེད་དུ་མ་འདོད་ན། །དམ་ཚིག་སྙིང་པོ་བཟླས་ལ་གཟིར། །འཆིལ་མ་བཏབ་ལ་མནོལ་དུ་བཞུག །དེ་ཡིས་ལས་རྣམས་གྲུབ་པར་བྱེད། །གཞན་ཡང་རས་མཆོག་མ་ཉམས་ལ། །ཚོན་རྩི་སྤྱིན་མེད་བཟང་པོ་ཡིས། །ནོར་བདག་མིང་སྲིང་སྐུ་གཟུགས་བྲི། །དབེན་པའི་གནས་སུ་གཞུག་པར་བྱ། །གཞན་ལ་མི་བསྟན་དངོས་གྲུབ་བླང་། །ཞེས་གསུངས་སོ། །བླ་རྡོ་གཟུང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་རྒྱུད་ཡོངས་སུ་བཟུང་བ་འདི་བཀའ་སྩལ་ཏོ། །རྒྱུད་འདིའི་ཡོན་ཏན་བསམ་མི་ཁྱབ། །ཐམས་ཅད་འདུ་བར་འགྱུར་བ་ཡིན། །ལྷ་འདྲེ་མི་གསུམ་དབང་དུ་འདུས། །དེ་ནས་བསོད་ནམས་བསྐྱེད་པ་ཡིན། །གང་ན་འདུག་པའི་ས་ཕྱོགས་དེར། །དགྲ་ཡི་གནོད་པ་མི་འབྱུང་ངོ་། །རྐྱེན་གྱི་སྦྱོར་བ་ཞི་བ་དང་། །ཁྲོས་པ་ཐམས་ཅད་ཞི་བར་འགྱུར། །སུམ་ཅུ་རྩ་གསུམ་ལྷ་དང་མཉམ། །ལྷ་མ་ཡིན་གྱི་ལོ་ཏོག་དང་། །རིན་ཆེན་གཏེར་རྣམས་བདག་ལ་སྟེར། །ཐ་སྐར་དྲི་མེད་ལྷ་མོ་ཡང་། །བདག་ལ་ཆགས་འགྱུར་དངོས་གྲུབ་མཐོང་། །དངོས་གྲུབ་ཡོན་ཏན་བསམ་མི་ཁྱབ། །དེ་ཕྱིར་རྒྱུད་འདི་བཅང་བར་བྱ། །ཞེས་གསུངས་སོ། །རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་འཁོར་རྣམས་ཡི་རང་ནས་བསྟོད་པ། ཨེ་མ་ཧོ་གསང་བདག་རྡོ་རྗེ་འཆང་། །གཏུམ་པོ་ཆེན་པོ་གཟི་དང་ལྡན། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །ཡོན་ཏན་ཐམས་ཅད་ལྡན་ལ་བསྟོད། །ཅེས་པས་བསྟོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཉིད་ཆོས་ཀྱི་དབྱིངས་སུ་གཤེགས་ཏེ་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །འཁོར་གྱིས་བསྟོད་པའི་ལེའུ་སྟེ་བཅུ་པའོ།། །།གནོད་སྤྱིན་ཨ་པ་ར་ཙིསྟ་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།གུ་རུ་པདྨས་བི་མ་ལ་ལ་བཤད། དེས་གཉགས་ཙྭ་ན་ལ་བཤད། །དེས་རྡོ་རྗེ་ཡང་དབང་གཏེར་ལ་བཤད། དེས་གཏེར་དུ་སྦས་སོ། །མན་ངག་ལ་དམ་ཚིག་སྙིང་པོ་རྩ་བའི་སྔགས་ཀྱི་ཛ་ཛའི་གོང་དུ་གཞུག །དངོས་གྲུབ་བླང་བ་ཡང་དེ་ལྟར་ཤེས་པར་བྱ། །གཏོར་མའི་སྙིང་པོ་ཛ་ཛ་འོག་ཏུ་གདགས། །ཀུན་དཀའ་རྩ་བའི་སྔགས་ལ་སྦྱར་ཞེས་གུ་རུ་བི་མ་ལས་གསུངས་སོ།། །།རྒྱ་གར་སྐད་དུ། ཡཀྟ་ཨ་པ་ར་ཙིསྟ་གུ་ཎ་རྒྱུ་ཧ་རྭ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། གནོད་སྤྱིན་ཨ་པ་ར་ཙིསྟ་ཡོན་ཏན་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་