Ngb-pt-0817-vol-09-text
Front
Body
རྒྱ་གར་སྐད་དུ། ཐྲེ་ཛམ་བྷ་ལ་ད་ཡ་ཀྭ་རུ་ཁི་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་གནོད་གནས་ཐུགས་རྗེ་འབྱུང་བའི་རྒྱུད་ཅེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་ཀྱི་གནོད་འཛིན་ཡབ་ཡུམ། རི་རབ་ཀྱི་བྱང་ཕྱོགས་རིན་པོ་ཆེའི་གཞལ་ཡས་ཁང་དགོས་འདོད་འབྱུང་བའི་གནས་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་མགོན་པོ་གནོད་འཛིན་གྱིས།འཁོར་གྱི་གནོད་སྒྱིན་རྣམས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་ས་ལ་གནས་པའི་གནོད་སྤྱིན་ཡབ་བཅུ་དྲུག་དང་། །འཇིག་རྟེན་གྱི་གནོད་སྤྱིན་ཡབ་ཡུམ་འཁོར་དང་བཅས་པ་རྣམས་འདུས་ཤིང་འཁོད་དོ། །དེའི་ཚེ་གནོད་སྦྱིན་གྱི་རིགས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་ཡང་འདུས་ཤིང་འཁོད་དེ། དེ་དག་རྣམས་རིན་པོ་ཆེ་ལ་སོགས་པ་དགོས་འདོད་འབྱུང་ཞིང་འབྱུང་བའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་རིན་པོ་ཆེའི་ཆར་འབེབས། ཞལ་ནས་རང་རང་གི་སྔགས་བཟློས་ཤིང་། རང་རྟགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། གཙོ་བོ་ལ་གདུང་བའི་སེམས་ཀྱིས་འདི་སྐད་ཅེས་གསོལ་ལོ། །ཨེ་མ་ཧོ། ནོར་བུ་བཟང་པོ་ལ་སོགས་པའི། །གནོད་སྤྱིན་བཙུན་མོ་བརྒྱད་ལ་སོགས། །ཉིད་ཀྱི་འཁོར་དུ་གཏོགས་པ་ཡི། གནོད་སྤྱིན་སྟོང་ཕྲག་ཐམས་ཅད་ཀུན། །གནོད་སྤྱིན་གཅོ་བོའི་བཀའ་ཉན་ཏེ། །ལས་ཀྱི་བྱ་བ་གང་འཚལ་བ། །གཙོ་བོས་བཀའ་སྩལ་བདག་ཅག་གཉན། །གནོད་འཛིན་གཙོ་བོས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་འཕགས་པ་གནོད་འཛིན་གྱིས་འདི་་ད་ཅེས་བབའ་་ལ་ཐོ ཅོ་་ཅི་་འ ས་པའི་འཁོར་ཚོགས་རྣམས། །ལས་ངན་སྤྱད་ན་དམྱལ་བར་ལྟུང་། །དམ་ཚིག་གཉན་ལ་གནས་པ་དང་། །བདེ་གཤེགས་བཀའ་ལུང་གཞུང་བཞིན་དུ། །།བླེ་རྨིད་བྱེང་ཆུབ་བཉིབ་ཛི་དང་། །།ག་ན་སྡོན་ད་་ཀླི་སྐྲུརྩོན་་པ་དང་། །སྡོམ་པ་དག་ལ་གནས་པ་དང་། །རྣལ་འབྱོར་དམ་པ་དེ་ཉིད་ལ། །བླ་མེད་བྱང་ཆུབ་ཐོབ་པ་དང་། །ནད་མེད་བར་ཆད་ཞི་བ་དང་། །ཚེ་རིང་མིས་བྱམས་བཇོ་་ད་སྒོ། །བརྐྱེ་རྭས་།བྱུས་།རྫིར་འཕེལ།་བ་དང་། །བདེ་བའི་བསམ་པ་རྫོགས་པར་མཇོད། །ཅེས་གསུངས་པའོ། །དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ལོ། །བླ་མེད་བྱང་ཆུབ་སྒྲབ་པ་དང་། །བཀྲ་ཞིས་བར་ཆད།་མེཛི་པ་དང་།། །བསམ་སྐྲུ་ཡིང་བའི་་བསྒྲུབ་པ་དང་། །གནོད་པ་ཐམས་ཅད་བཟློག་པར་བགྱི། །ཅེས་དམ་བཅས་སོ། །ཡང་བཅོམ་ལྡན་འདས་གནོད་འཛིན་གྱིས་བཀའ་སྩལ་པ༄། ཁྱེད་ཀྱི་དེ་ལྔར་བྱཀྲུ་གྱར་ན། །།སཇིས་་ས་ཐམས་ཅང་མཉི།ས་སྐྲུ༷་འགྱུར། །ང་ཡི་ཐུབ་པ་མར་མེ་མཛད། །མན་དྷ་ར་བས་མཆོད་བྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྨོན་ལམ་རྒྱ་ཆེར་རབ་ཏུ་བཏབ། །ཅེས་རྒོསུངས་སོ༄། །ཡཇི་གསོལ་པ་། ཤིན་ཏུ་མཛེཧཱུཾ་པཧཱུཾ་གནོད་སྤྱིན་གཙོ། །ཉིད་ཀྱི་སྐྱེ་བ་སྔོན་རོལ་དུ། །ལས་སུ་བྱ་བ་གང་ལ་སྤྱད། །གནོད་འཛིན་འཕགས་པས་བཀའ་སྩལ་ཅིག །ཅེས་གསོལ་པས། གནོད་སྦྱིན་ཆེན་པོས་བཀའ་སྩལ་པ། །ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་ཕྱིར། །གསང་བའི་བདག་པོས་དེ་ལ་དྲིས། །གནོད་སྤྱིན་ཆེན་པོ་ཁྱེད་རྣམས་ལ། །དེ་ཡིས་མཁྱེན་པས་ལེགས་པར་གསུངས། །ཞེས་བཀའ་སྩལ་པས། དེ་ནས་འཁོར་རྣམས་ཀྱི་ནང་ནས། །གནོད་སྤྱིན་ནོར་བུ་བཟང་པོ་ཞེས་བྱ་བ་དྲི་བར་སེམས་ཏེ་སྟན་ལ་ལངས་པ་དང་། གསང་བ་པའི་བདག་པོ་ཉིད་ཀྱིས། འཁོར་གྱི་རྟོག་པ་ཐུགས་སུ་ཆུད་ནས། ནོར་བུ་བཟང་པོ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་བཀའ་སྩལ་པ།ཉོན་ཅིག་འཁོར་གྱི་གནོད་སྤྱིན་ཀུན། །སྔོན་ཚེ་ལྷ་ཡི་ཡུལ་ན་འདུག །ལས་སུ་ལྷ་ཡི་ལོངས་སྤྱོད་དང་། །མིང་ནི་རིན་ཆེན་ནོར་བུར་གྲགས། །ཞེས་གསུངས་སོ། །གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་གསང་བའི་བདག །རིན་ཆེན་ནོར་བུ་བྱ་བ་སྲ །གནོད་སྤྱིན་ལུས་སུ་སྐྱེ་བ་དེ། །ལས་ཀྱི་རྣམ་སྨིན་ཅི་ལས་བྱུང་། །བཀའ་སྩལ་པ། ཉོན་ཅིག་ནོར་བུ་བཟང་པོ་ཁྱོད། །སུམ་ཅུ་རྩ་གསུམ་ལྷ་ཡུལ་དུ། །ཡོངས་འདུ་ས་བརྟོལ་ཤིང་ལ་ནི། །ལྷ་དང་ལྷ་མིན་རྩོད་པ་བྱུང་། །ལྷ་རྣམས་ཕམ་པར་གྱུར་པ་ལས། །རིན་ཆེན་ནོར་བུ་ལྷ་ཡི་བུས། །སངས་རྒྱས་མར་མེ་མཛད་ཅེས་ལ། །མེ་ཏོག་མན་དྷ་ར་བས་གཏོར། །སྤྱན་སྔར་སྨོན་ལམ་འདི་སྐད་བཏབ། །བདུད་དང་ལྷ་མིན་རྩོད་པ་བྱུང་། །རིན་ཆེན་གཏེར་གྱི་ལོངས་སྤྱོད་ཀྱིས། །དབུལ་འཕོངས་སྡུག་བསྔལ་བསལ་བ་དང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་སྐད་སྨོན་ལམ་བཏབ་པ་དང་། །སངས་རྒྱས་མར་མེ་མཛད་ཆེན་གྱིས། །དེ་ཡི་མགོ་ལ་ཕྱག་བཞག་ནས། །འདོད་པའི་ཁམས་ལ་དབང་མཛད་པའི། །མགོན་པོ་ཛསྟ་ལ་ཞེས་པའི། །དགོས་འདོད་དག་ལ་ལོངས་སྤྱོད་པའི། །གནོད་སྤྱིན་དུ་མའི་འཁོར་གྱིས་བསྐོར། །དབུལ་འཕོངས་ཀུན་ལ་ཐུགས་རྗེས་གཟིགས། །ལས་འཕྲོ་ཅན་ལ་དངོས་གྲུབ་སྙེར། །དེ་ལྟ་བུ་ཡི་གནོད་སྤྱིན་དུ། །སྐྱེ་བར་དེ་ནི་ཐེ་ཚོམ་མེད། །ཕྱག་ན་རྡོ་རྗེས་བྱིན་རློབ་ཅིང་། །ཆོས་དང་མཐུན་པ་དབུལ་བ་སེལ། །རིན་ཆེན་རྡོ་རྗེའི་བུ་རུ་སྐྱེ། །ལྷ་ཡི་སྡུག་བསྔལ་ཞི་ནས་ཀྱང་། ཁེན་ཏུ་དཀར་བའི་ལས་རྣམས་སྤྱད། །མར་མེ་མཛད་ཀྱི་སྤྱན་སྔ་སྲ ཁྲཀྱ་ཐུབ་པའི་བསྟན་པ་ལ། །སྨོན་ལམ་གཅིག་ཏུ་བཏབ་པའི་མཐུས། ཁྲཀྱ་སེང་གེའི་བསྟན་པ་ལ། །གང་བསྒྲུབ་དངོས་གྲུབ་འབྱུང་བར་འགྱུར། །དབུལ་འཕོངས་སྡུག་བསྔལ་ཐམས་ཅད་སེལ། །ཅེས་གསུངས་པས། ཡང་གསོལ་པ། ལེགས་སོ་ལེགས་སོ་བཅོམ་ལྡན་འདས། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ཇི་ལྟར་བསྟན་པདེབཞིནདུ། །བདགཅག་གནོད་སྤྱིན་ཚོགས་རྣམས་ཀྱང་། །མགོན་པོ་ཛསྟལབཞིནདུ། །བགྱིདཅིང་བཀའ་ཉན་གསུང་སྡོད་དོ། །ཞེས་དམ་བཅས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ནོར་བུ་བཟང་པོས་འདི་སྐད་གསོལ་ཏོ། །མགོན་པོ་གནོད་འཛིན་བསྒྲུབ་པ་ལ། །གཉེན་པོ་གང་གིས་འདུལ་བར་འགྱུར། །གསང་བདག་གཙོ་ལ་བདག་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ནོར་བུ་བཟང་པོ་ཁྱོད། །གནོད་སྦྱིན་བསྒྲུབ་པའི་རྣལ་འབྱོར་པས། །གཞུང་དང་མཐུན་པའི་གནས་དག་ཏུ། །སྟེགས་བུ་གྲུ་བཞི་མཛེས་པའི་སྟེང་། །ཙན་དན་ལྕེ་དཔོག་དཀར་པོས་བསད། །བདུད་རྩི་ལྔ་ཡི་ཆག་ཆག་གདབ། །དེ་སྟེང་མེ་ཏོག་སྔོན་པོ་དགྲམ། །ཡིད་བཞིན་ནོར་བུ་བསྒྲུབ་པར་བྱ། །དམ་ཚིག་བསྐྱེད་ལ་ཡེ་ཤེས་ལྷ། །སྤྱན་དྲངས་ཕྱི་ནང་གསང་གསུམ་མཆོད། །འབུམ་ཕྲག་གསུམ་དུ་སྔགས་འདི་བཟླས། །ཨོ་བཛྲ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། གཏོར་མ་ཤ་ལྔ་བདུད་རྩི་ལྔས། །འབྲུག་གསུམ་སྔགས་ཀྱིས་བྱིན་བརླབས་ནས། །མཆོད་བསྟོད་སྔགས་ཀྱིས་མཉེས་པར་བྱ། །མེ་ཏོག་སྔོན་པོས་དུས་གསུམ་མཆོད། །སྐུ་གསུང་ཐུགས་ཀྱི་རྟགས་རྫོགས་ནས། །དེ་ནས་གནོད་སྤྱིན་བསྒྲུབ་པར་བྱ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། །ཡེ་ཤེས་ལྷའི་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ནོར་བུ་བཟང་པོ་ཡིས། །གསང་བའི་བདག་ལ་འདི་སྐད་གསོལ། །གསང་བའི་བདག་པོ་ཆེན་པོ་ལགས། །གནོད་སྦྱིན་ཅེས་པ་ཅི་ཡི་ཕྱིར། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །མགོན་པོ་ཞེས་པ་ཇི་ལྟ་བུ། །གསང་བའི་བདག་པོས་བཀའ་སྩལ་པ། །སྐྱེ་དགུ་ཚེ་ལ་གནོད་བྱེད་ཅིང་། །དམ་ཚིག་ཅན་ལ་དངོས་གྲུབ་སྤྱིན། །ཆོས་ལྡན་སྐྱོབ་པས་མགོན་པོའོ། །བསམ་པ་སྒྲུབ་པས་ཆོས་སྐྱོང་ངོ་། །དགོས་འདོད་འབྱུང་བས་ནོར་ལྷ་སྟེ། །ཟད་པར་མི་འགྱུར་གཏེར་གྱི་བདག །བཀྲ་ཤིས་ཟས་ནོར་འཕེལ་བས་ན། །གནོད་འཛིན་ཅེས་ནི་དེ་ལ་བྱ། །གསེར་མདོག་འདྲ་བས་གནོད་སྤྱིན་གཙོ། །འཕོངས་པའི་རེ་སྐོང་རིན་པོ་ཆེ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ཡེ་ཤེས་གནོད་འཛིན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།གསོལ་པ། བསྒྲུབ་པའི་གནས་ནི་ཇི་ལྟ་བུ། །བཀའ་སྩལ་པ། བྱང་དུ་ཁ་ལྟས་གསེར་གྱི་མདོག །གཉའ་ཤིང་འཛིན་འདྲ་རི་ཆེན་ལ། །གསེར་གྱི་འབྲང་རྒྱས་སྤུངས་འདྲ་འམ། །གནམ་གྱི་ཀ་བ་འདྲ་བའི་རི། །ཆུ་གླིང་མེ་ཏོག་ཚལ་ཆགས་སམ། །རྒྱ་མཚོ་ཆེན་པོའི་འགྲམ་དག་གམ། །རིན་ཆེན་སྣ་ལྔ་རི་མོ་མ། །མདོར་ན་བཀྲ་ཤིས་ཡིད་འོང་བར། །ལྟ་སྤྱོད་གདེང་ལྡན་རྣལ་འབྱོར་པས། །བཀྲ་ཤིས་དངོས་གྲུབ་ཐོབ་པ་དང་། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །ཐེ་ཚོམ་ཡིད་གཉིས་སྤངས་གྱུར་ནས། །ཡིད་གཞུངས་སྤྲོ་བས་བསྒྲུབས་བྱས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །བསྒྲུབ་པའི་གནས་ཀྱི་ལེའུ་སྟེ་བཞི་པའོ།། །།གསོལ་པ། བསྒྲུབ་པའི་དཀྱིལ་འཁོར་རྟེན་མཆོད་རྫས་བདག་གིས་མ་འཚལ་བཤད་དུ་གསོལ། བཀའ་སྩལ་པ། ཐེག་ཆེན་བྱང་ཆུབ་སེམས་ལྡན་པས། །ལོ་ཟླ་གཟའ་སྐར་ཤིས་པ་ལ། །གོང་དུ་བཤད་པའི་གནས་དག་ཏུ། །བསོད་ནམས་ལྡན་པའི་རྒྱལ་པོ་འམ། །ཁྱིམ་བདག་བྲམ་ཟེ་ཕུན་སུམ་ཚོགས། །ཁང་ཁྱིམ་དག་ནས་ས་བླངས་ཏེ། དཀྱིལ་འཁོར་གྲུ་བཞི་འཚམ་ང།ར་བརྩིགས། །སྟེང་དུ་རིན་ཆེན་སྣ་ཚོགས་བརྡར། །གཙང་སྦྲ་བྱི་དོར་ལེགས་བྱས་ལ། །དེ་སྟེང་བ་བླ་སེར་པོས་བྱུགས། །ཚངས་ཐིག་ལ་སོགས་ལེགས་པར་གདབ། །རིན་ཆེན་ལྔ་སོགས་ཕྱེ་མ་ཡིས། །།གཞལ་ཡས་འཁོར་ལོ་རྩིབས་བརྒྱད་གཏེར། ཁྲུ་ཆད་ཁྱམས་དང་སྒོ་བཞིར་ལྡན། །རྒྱན་རྣམས་མ་ལུས་རྫོགས་པར་བྲི། །བླ་འོག་རྒྱན་གྱིས་ལེགས་པར་སྤྲས། །ཕྱོགས་བཞིར་རིན་ཆེན་བུམ་པ་བྲི། །རྫས་ལྔ་དཀར་གསུམ་མངར་གསུམ་དགང་། །དབུས་སུ་མན་འཇི་བཟང་པོའི་ཁར། །རིན་ཆེན་ཞལ་བུ་ཀ་པ་ལ། །དུམ་བུ་གསུམ་དང་ཤོང་གསུམ་ལྡན། །དབུས་སུ་ཤོང་བཞི་རྗེ་འུ་རིགས། །དེ་ནི་དངོས་གྲུབ་འཕེལ་བའིརྫས། །ཆང་དང་མངར་གསུམ་བདུད་རྩི་ལྔ་། །ཞུན་མར་དག་གིས་རབ་ཏུ་དགང་། །ཟབ་ཆེན་རྡོ་རྗེ་རྒྱ་གྲམ་གྱིས། །དེ་ཡི་ཁ་ནི་དགབ་པར་བྱ། །ཙན་དན་བྱང་བུ་ལེགས་བྱས་ཏེ། །འདོད་ཡོན་གསོལ་བྱང་བྲིས་ལ་གཞག །རུས་སྦལ་ཁོག་པ་རིན་ཆེན་བསྣོལ། །མཛེས་ཤིང་གཙང་བར་གཏོར་མ་ནི། །ནས་གྲོ་འབྲས་ལ་བྱས་པ་ཡི། །དཔག་བསམ་ཤིང་འབྲས་ལོ་མས་བརྒྱན། །དཀར་གསུམ་མངར་གསུམ་རྒྱན་གྱིས་བརྒྱན། །མན་ཇིའི་ཁ་རུ་དབུ་བདུན་དགོད། །བཀྲ་ཤིས་ཚེ་ཡི་འབྲང་རྒྱས་བྱ། །སེར་པོ་དང་གྱིས་གུར་ཡང་དབུབ། །མུན་ནག་མི་ཤིས་མར་མེ་བརྟེན། །མེ་ཏོག་སེར་པོས་དུས་མེད་མཆོད། །ལྕེ་དཔོག་དཀར་པའི་བདུག་པ་ནི། །གནོད་སྤྱིན་བོད་པའི་རྫས་སུ་རྟེན། །གཞན་ཡང་ཞལ་ཟས་སྣ་ཚོགས་བསོག །དཀྱིལ་འཁོར་རྫས་དགོད་དང་བཅས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བདག་ཉིད་གསང་བདག་མདུན་དུ་ནི། །སྒྱུ༷་ལས་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་ཁྲི་དང་པདྨ་དང་། ཉི་ཟླའི་གདན་ལས་ཛམ་སེར་ལས། །བྲི་ཛ་པུ་ར་ཡོངས་གྱུར་ཡེ་ཤེས་ཀྱི། །གདོན་ནས་ཡབ་ཡུམ་གསེར་གྱི་མདོག །དེ་མདུན་པདྨར་འཇིག་རྟེན་གྱི། །ནོར་ལྷ་ཡབ་ཡུམ་བསྒོམ་པར་བྱ། །འཁོར་ལོ་གནོད་སྤྱིན་བརྒྱད་པོ་ཡང་། །བཙུན་མོ་དང་ནི་བཅས་པ་དང་། །བྱང་སྒོར་གནོད་སྤྱིན་སྒོ་བ་སྟེ། །མུན་བྲན་བྱེ་བ་ས་ཡའི་ཚོགས། །དཀྱིལ་འཁོར་གྱི་ལྷའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འདི་ཡི་བླ་རྟེན་བཅའ་བ་ནི། །དུ་རུ་ཁ་ནི་བཅུ་རྣམས་ལས། །གཙོ་འཁོར་རྩ་སྔགས་གསེར་གྱིས་བྲི། །ཡང་ན་བྲི་ཛ་བུ་ར་འོ། །སྙིང་པོ་ཁྲི་ཚོ་རེ་བཟླས་བསྟིམ། །དར་དཀར་འཁོར་ལོ་རྩིབས་བརྒྱད་བྲི། །རྡོ་རྗེ་རྒྱ་གྲམ་རྒྱབ་ཏུ་བྲི། །དེ་ནས་གོང་གི་བླ་རྟེན་བྲིལ། །དེ་ཕྱིར་སེར་པོའི་དར་གྱིས་གཡོགས། །གསེར་དངུལ་རྟེན་འབྲེལ་སྙིང་པོ་བྲི། །དེ་དྲིལ་ལ་ཆའི་རིན་པོ་ཆེ། །མཛེས་བྱས་མཆན་ཁུང་གཡོན་དུ་བཅང་། །ལུས་དང་གྲིབ་མ་བཞིན་དུ་འོང་། །བསམ་པ་འགྲུབ་ཅིང་བྱང་ཆུབ་ཐོབ། །བསྲུང་བའི་མཆོག་ཏུ་འདི་འགྱུར་རོ། །བླ་རྡོ་གཟུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །དབྱེར་མེད་མ་འདྲེས་གཅིག་གི་ངང་། །མ་བཅོས་མ་སླད་ལོངས་སྤྱོད་ནི། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །དེ་ལ་མ་ཡེངས་མ་བཅོས་པ། །དམིགས་གཏད་མེད་པ་བསྒོམ་པ་སྟེ། །མ་བཅོས་ལྷུག་པ་དུས་མེད་ཅིང་། །ཉམ་ང་ཀུན་བྲལ་སྤྱོད་པའི་མཆོག །རྣམ་རྟོག་རྩོལ་བ་རེ་དོག་བྲལ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ལྟ་སྒོམ་སྤྱོད་འབྲས་བཞིའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དམ་ཚིག་རབ་བཤད་པ། །སྐུ་ཡི་དམ་ཚིག་ཡི་དམ་ལྷ་བསྒོམ་ཞིང་། །རང་སྲོག་ཕྱིར་ཡང་སྲོག་མི་གཅད། །གསུང་གི་དམ་ཚིག་རྟོག་པར་སྔགས་བརྩོན་ཞིང་། །བརྫུན་གྱི་ཚིག་ནི་ཀུན་ཏུ་སྤང་། །ཐུགས་ཀྱི་དམ་ཚིག་བྱང་ཆུབ་སེམས་བསྒོམ་ཞིང་། །ལོག་པར་ལྟ་བ་རབ་ཏུ་སྤང་། །ཡོན་ཏན་དམ་ཚིག་ཉིན་རེ་ཞིང་། །སྦྱིན་པ་རྣམ་བཞི་རབ་ཏུ་འབད། །འཕྲིན་ལས་འཕགས་པ་དཀོན་མཆོག་མཆོད་པ་དང་། །འགྲོ་ལ་བྱམས་དང་སྙིང་རྗེ་བསྐྱེད། །གནོད་སྤྱིན་ནོར་ལྷའི་ཚོགས་རྣམས་ལ། །མཆོད་བསྟོད་གཏོར་མ་བརྩོན་པར་བྱ། །ར་རོ་བག་མེད་མི་གཙང་ཀུན་ཏུ་སྤང་། །རྨེ་ཡུགས་ནལ་ལ་རབ་ཏུ་གཟེར། །རྟ་བོང་མི་ཡི་གསུར་མི་བཏང་། །བསྒྲུབ་ཁང་ཐོག་ཏུ་གཞན་མི་བཏང་། །དངོས་གྲུབ་ཐོབ་པར་གྱུར་བའི་ཚེ། །རྫས་ནི་བཞི་ཆ་བཞི་རུ་བགོ །ཆ་གཅིག་བླ་མ་དཀོན་མཆོག་མཆོད། །ཆ་གཅིག་ཆོས་སྐྱོང་སྲུང་མ་མཆོད། །ཆ་གཅིག་འགྲོ་ལ་སྤྱིན་པར་བཏང་། །ཆ་གཅིག་རྣལ་འབྱོར་བདག་ཉིད་སྤྱད། །མཚོན་དུག་བུད་མེད་ཕྱིར་མི་བཏད། །དམ་ཚིག་དབང་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བསྙེན་པའི་སྔགས་ནི་འདི་དག་གོ །ཐུགས་ཀྱི་སྙིང་པོ་འདི་བཟླས་སོ། །ཨོ་ཛམ་བྷ་ལ་ཛ་ལེན་དྲུ་ཡ་རད་ན་སིདྷི་ཙིརྟི་ཧུ༷། འདི་ནི་ཡོན་ཏན་སྙིང་པོ་ཡིན། །ཨོ་ཛལྷ་ལ་ཛ་ལེན་དྲུ་ཡ་ཧུ༷་ཧུ༷། འདི་ནི་ཉེ་བའི་སྙིང་པོ་ཡིན། །ཨོ་ཨུ༷༷ཧུ༷་ཛསྟ་ལ་ཛ་ལེན་དྲུ་ཡ། རད་ན་སིདྷི་བྲེརྨྱེ༷་ཀུ་རུ་ཧུ༷་ཧུ༷། འདི་ནི་སྤྱན་དྲངས་པའི་སྔགས་སོ། །ཨེ་གྱེ་མ་ཧྭ་ཡཀྟ་ཛམ་བྷ་ལ་ཛ་ལེན་དྲུ་ཡ་ཛ༔ཧུ༷་བ༷་ཧོ། ཐུགས་བསྙེན་སྟོང་ལ་ཡོན་ཏན་ཁྲི། །ཉེ་བསྙེ་འབུམ་ལ་སྤྱན་དྲངས་ལྔ། །བསྙེན་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །ནོར་ཟས་ལ་སོགས་འཁོར་རྣམས་ལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྣམས། །དབང་བསྡུ་གཏེར་བཅའ་སྙན་གྲགས་རྣམས། །ནམ་མཁའི་མཐའ་དང་མཉམ་བྱེད་པའི། །དེ་ཡི་ཐབས་མཆོག་འདི་དག་བསྟན། །སྔར་བསྟན་པ་ཡི་དཀྱིལ་འཁོར་དུ། །བཀྲ་ཤིས་བུམ་པ་མཛེས་པ་བཅུ། །མགུལ་པ་དར་གྱི་མཛེས་ལྡན་ཅིང་། །འབྲུ་སྨན་དྲི་སྙིང་རིན་ཆེན་སྙིང་། །མངར་གསུམ་དག་གིས་རབ་ཏུ་དགང་། །ཁ་རྒྱན་དབུས་སུ་ལུགས་འབུར་བྲིས། །སྐུ་གཟུགས་དག་དང་ནེ་ལེ་ཡི། །རྒྱལ་བུར་གོང་རྫས་བཀྲ་ཤིས་པ། །ཟས་སྣ་དབུས་སུ་རྣམ་རྒྱལ་རབ། །བྲི་ཛ་པྲུ་ར་གསེར་མདོག་ལྔ། །གཞན་ཡང་གསེར་མདོག་དགུ་དག་ལ། །རང་སྔགས་གསེར་སོགས་བྲིས་ལ་དྲིལ། །དར་སྣས་དྲིལ་ལ་ནང་དུ་རྩལ། །ཙན་དན་བྱང་བུ་ལེགས་པ་མྲ །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །ཅི་བསམས་ཕུན་སུམ་ཚོགས་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །མི་སེམས་བསྒུལ་ལ་ནོར་རྒྱུན་ཁུག །ཨོ་ཛམ་བྷ་ལ་ཛ་ལེན་དྲ་ཡ། རད་ན་པྲརྨྱེ་དྷ་ན་མེ་དྷི་ན་མེ་དྷི་ན་ན་ལ་ཏེ་ད་ལ་ས༷་བོ་དྷི་སིདྷ་པ་ལ་ཨུ་ཧུ༷་ཛ། གཞན་ཡང་གང་འདོད་བྲིས་ལ་གཟུག །དེ་ནས་སྨྱུག་མ་ཚིགས་བདུན་གསུམ། །ཡལ་གར་བཅས་པ་རྩེ་མོའི་ཆ། །རང་མདོག་མཐུན་པའི་ངར་དང་བཅས། །གདགས་པ་ཉིད་དུ་བྱ་བ་ཡིན། །གོང་གསུངས་དངོས་གྲུབ་རྫས་མཆོད་གཏོར། །གཙང་ལ་བཟང་མཛེས་རབ་ཏུ་བཤམ། །དེ་ནས་ཚོགས་གཉིས་སྔོན་སོང་བས། །གོང་དུ་བཤད་པའི་ཏིང་འཛིན་གྱིས། །གཙོ་འཁོར་མ་ལུས་བསམ་པ་ནི། །བྲི་ཛ་པུ་ར་དག་ལས་བསྐྱེད། །རང་བཞིན་གནས་ནས་སྤྱན་དྲངས་བསྟིམ། །ཉེར་སྤྱོད་ཆུ་གཏོར་སྤྱིན་སྲེག་མཆོད། །དེ་ནས་བདག་ཉིད་ཐུགས་ཁ་ནས། །འོད་འཕྲོས་གཙོ་འཁོར་རྣམས་ལ་ཕོག །མཉེས་པའི་མཆོད་ཕུལ་དེ་དག་ལས། །འོད་འཕྲོས་བསྐུལ་དོན་ཆར་ཕབ་ཅིང་། །བཅུད་བསྡུས་རྫས་རྣམས་དག་ལ་བསྟིམ། །ནེ་ལེའི་རིན་ཆེན་གང་གྱུར་ཅིང་། །དེས་སྒྱུགས་བདག་གི་གནས་ཀུན་གང་། །དེ་ལྟར་བསམ་ཞིང་བཟླས་པ་ནི། །གཙོ་འབུམ་འཁོར་ཁྲི་བཟླས་པར་བྱ། །ཨོ་ཛསྒྱུ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། །ཨོ་བ་སུ་དྷ་རི་ནི་གྲྭ་ཧྭ། ཨོ་མ་ཁི་བྷ་དྲ་ཡ་གྲྭ་ཧྭ། ཨོ་ཙན་དྲ་ཀ་ཏ་ཡེ་གྲྭ་ཧྭ། ཨོ་བུཎ་བྷ་དྲ་ཡ་གྲྭ་ཧྭ། ཨོ་དན་དྷ་ཡེ་སྲུ་ཧྭ། ཨོ་དྷ་ན་དྷ་ཡེ་གྲྭ་ཧྭ། ཨོ་སུ་དན་ཏ་ཡེ་གྲྭ་ཧྭ། ཨོ་བི་བྲ་མ་ཎ་ཡེ་གྲྭ་ཧྭ། ཨོ་ཨུརུ་ཡ་གྲྭ་ཧྭ། ཨོ་བི་ཙི་ཀུཎྜ་ལི་ཡེ་གྲྭ་ཧྭ། །ཨོ་སུ་བྷ་དྲ་ཡ་གྲྭ་ཧྭ། ཨོ་ཀི་ལི་མི་ལི་ནི་སྲུ་ཧྭ། ཨོ་གུ་པ་ཏ་ཡེ་གྲྭ་ཧྭ། ཨོ་མུ་ཁེན་དྲ་ཡེ་གྲྭ་ཧྭ། ཨོ་དིབ་བྱ་ཡེ་གྲྭ་ཧྭ། ཨོ་ཙ་རན་དྲ་ཡེ་གྲྭ་ཧྭ།ཨོ་སུ་ར་ས་ཏྲེ་སྲུ་ཧྭ། དེ་ལྟར་རྩ་སྔགས་གྲངས་རྫོགས་ཤིང་། །རྟགས་རྣམས་མཐོང་ནས་ལས་ལ་སྦྱར། །ངན་པའི་རྟགས་བྱུང་བར་ཆད་བསལ། །ལས་སྦྱོར་སྔགས་དང་དུས་བཞི་སྟེ། །སྔ་དྲོའི་ཆ་ལ་སྔགས་བཟླས་པ། །ཨོ་ཛམ་བྷ་ལ་ཛ་ལེན་དྲུ་ཡ་གྲྭ་ཧྭ། རད་ན་པུརྨྱེ་སིདྷི་པ་ལ་ཧུ༷་ཨ་ཛ། གོང་གི་མགོ་ནོན་ཀུན་ལ་སྦྱར། །དྷ་ན་མེ་དྷི་སིདྷི་ཕ་ལ་ཨོ་ཧུ༷་ཛ༔ནན་ཁ་ཏེ་སིདྷི་ཕ་ལ་ཨ་ཧུ༷་ཛ༔ །དྷ་ལ་ས་བོདྷི་སིདྷ་ཕ་ལ་ཨུ་ཧུ༷་ཛ༔། དང་པོ་བསོད་ནམས་གཉིས་པ་ནོར། །གསུམ་པ་ཟས་དང་བཞི་པ་འཁོར། །སྔ་དྲོ་ཕྱི་དྲོ་ཐོ་རངས་ཁ། །རིམཔབཞིནདུབཟླསཔསྟེ། །དེབཞིནརངརངསྔགས་ལ་གདགས། །དེ་ནས་དངོས་གྲུབ་རྫས་ཀུན་ལ། །ཚེ་དང་བསོད་ནམས་ལ་སོགས་བསྟིམ། །བསྒྲུབ་པ་བདག་ཉིད་སྤྱད་པར་བྱ། །གཏོར་མ་བྱང་གི་ཕྱོགས་སུ་བཏང་། །རྟེན་རྣམས་བང་མཛོད་གཏེར་དུ་སྦ། །ཚེས་བརྒྱད་ལ་སོགས་དུས་རྣམས་ལ། །སྐུ་ཡི་རྟེན་རྣམས་སྤྱན་དྲངས་ཏེ། །ཆུ་སྤྱིན་ལ་སོགས་རྣམས་ཀྱིས་མཆོད། །འདོད་པའི་དོན་ལ་གསོལ་པ་གདབ། །དེ་ལྟར་འབད་པར་གྱུར་པ་ན། །མི་བཟད་གཏེར་ལ་སྤྱོད་པར་འགྱུར། །སྙན་གྲགས་ནམ་མཁའི་མཐའ་ཁྱབ་གྱུར། །ཚེ་དང་བསོད་ནམས་རྒྱས་ཤིང་འཕེལ། །གཟི་བརྗིད་ཉི་མའི་འོད་འདྲ་ཞིང་། །བདུད་དང་བདུད་ཀྱི་རིགས་རྣམས་ཀྱི། །ནམ་ཡང་གླགས་ལྟར་ག་ལ་ནུས། །འཇིག་རྟེན་གྱི་ནོར་རྫས་དབང་དུ་བསྡུ་ཞིང་གཏེར་བཅའ་བ་དང་སྙན་གྲགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྟགས་རྣམས་བཤད་པ་ནི། །རྔ་སྒྲ་འབྲུག་སྒྲོགས་དུང་འབུད་དང་། །མེ་ཏོག་འཐུ་དང་རིན་ཆེན་རྙེད། །འབྲུ་དང་ནོར་ཆར་ལོ་ལེགས་དང་། །འཕྲལ་དུ་བཟའ་བ་སྟེར་བ་རྨི། ཁེང་གཅོད་པ་དང་རི་ལ་འཛེག །རབ་དང་འབྲིང་དུ་ཤེས་པར་བྱ། ཁེང་འཐུ་བླངས་པས་ཟས་སྟེར་དང་། །ཐ་མའི་རྟགས་སུ་བཤད་པའོ། །རྨི་ལམ་གཞན་གྱིས་ནོར་ཁྱེར་དང་། །ལོ་ཐོག་སྲིན་ཞུགས་སེར་བས་ཁྱེར། །ཤིང་ལ་ཧབ་ཐོབ་བྱེད་པ་དང་། །གཅེར་བུ་ཐུར་བང་གཏོང་བ་ནི། །ངན་པའི་རྟགས་སུ་བཤད་པ་ཡིན། །འཇིགས་ཤིང་ཕྱས་ངས་ཁྱེར་བ་དང་། །ལུང་སྟོན་ཕྱིན་དང་རྟ་བོང་ཀྱུ། །སྣོད་སྟོང་མང་པོ་ཐོགས་པ་ནི། །ཚོགས་དང་གཏོར་མས་མ་སྐོངས་རྟགས། །ཏིང་འཛིན་ཐང་ལྷོད་ཤོར་བ་ཡིན། །མཆོད་གཏོར་བཏང་ཞིང་ཏིང་འཛིན་བསར། །བར་ཆད་བཟློག་པའི་ལས་ལ་འབད། །རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ནོར་བུ་བཟང་པོ་ཡིས། །གསང་བའི་བདག་ལ་འདི་སྐད་གསོལ། །འདི་གཏད་གང་ཟག་ཇི་ལྟ་བུ། །གསང་བའི་བདག་པོས་བཀའ་སྩལ་པ། །བླ་མ་ལ་གུས་བསྒྲུབ་ལ་བརྩོན། །ཐེག་ཆེན་སྙིང་རྗེ་ཆེ་བ་ལ། །རྒྱུད་འདི་རབ་ཏུ་སྤྱིན་པར་བྱ། །ཁེངས་ཤིང་ཆགས་ལ་ཁྲོ་བ་དང་། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །གཏོང་བའི་བློ་དང་མི་ལྡན་ཞིང་། །བླ་མ་སྐྲུན་ལ་བརྙས་པ་ཡི། །དམ་ཚིག་མེད་པའི་མི་དག་ལ། །སྐད་ཅིག་ཙམ་ཡང་བསྟན་མི་བྱ། །རྟེན་གྱི་གང་ཟག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །གསང་བའི་བདག་ལ་འདི་སྐད་གསོལ། །ཨེ་མ་ཧོ་དཔལ་ལྡན་རྡོ་རྗེ་འཛིན། །ཆོས་ཉིད་བྱང་ཆུབ་སེམས་ཞི་བ། །ཡོན་ཏན་མཐར་ཕྱིན་རྒྱས་པའི་སྐུ། །ཁམས་གསུམ་མ་ལུས་དབང་དུ་སྡུད། །གདུག་པ་མ་ལུས་འདུལ་མཛད་ཅིང་། །དངོས་གྲུབ་རྣམ་གཉིས་རབ་སྟེར་བ། །སངས་རྒྱས་ཀུན་གྱིས་རབ་མངགས་པའི། །རྒྱལ་བ་ཁྱུ་མཆོག་ཁྱོད་ལ་འདུད། །ཅེས་བསྟོད་ནས་རང་རང་གི་གནས་སུ་དོང་ངོ་། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། འཁོར་གྱིས་བསྟོད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ཐུགས་རྗེ་འབྱུང་བའི་རྟོག་པ་དང་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་སིདྷི་གུ་རྒྱ་ཡ་ཀྭ་རུ་ནོ་ད་ཡང་ཤི་