Ngb-pt-0813-vol-09-text
Front
Body
ཀྱི་རྒྱུད་གསུམ་ནི། རྡོ་རྗེ་ཡང་དབང་གཏེར་གྱི་ཐུགས་དམ་མོ། །གསང་བ་དམ་ཚིག་ནི་འདིར་མ་གཏོགས། ག་རུ་ཌ་ཙ་ལེའི་རྒྱུད་པ་ཡིན་ནོ། །རྒྱ་རྒྱ་རྒྱ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ག་རུ་ཌ་སྲོག་ཚིག་ནན་མ་ཧྭ་གུ་རྒྱ་སུ་ནི་ཏྲ་ནཱ་མ་ཏན་ཏྲ། བོད་སྐད་དུ། གསང་བ་དོན་འདུས་ཕྱག་ན་རྡོ་རྗེ་ཁྱུང་དང་བཅས་པའི་རྒྱུད། སྲོག་ཚིག་གསང་བ་ཞེས་བྱ་བ། རྡོ་རྗེ་ཁྲོས་པའི་ཁྱུང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྕང་ལོ་ཅན་གྱི་ཕོ་བྲང་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་ནས་མཐུ་དང་སྟོབས་སུ་ལྡན་པར་དབང་བསྐུར་ཏེ། དེའི་ཚེ་དེའི་དུས་ན་སྲིད་པ་ས་བླ་དང་ས་སྟེངས་ཀྱི་གདུག་པ་ཐམས་ཅད་བཏུལ་ནས་བྲན་པོར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྲིད་པ་ས་འོག་གི་ཀླུ་གཉན་དང་ས་བདག་འདུལ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་གླིང་གདུག་པ་ཀླུ་ཡི་གྲོང་ཁྱེར་དུ་བྱོན་ནས་ཞབས་ཀྱི་པུས་མོ་མན་ཆད་ལས་མ་ནུབ་པའི་སྐུ་ནམ་མཁའི་མཐའ་དངམཉམ་པ་སྤྲུལ་ནས། ཡེ་ཤེས་འབར་བའི་སྐུ་དང་། གསུང་དང་། ཐུགས་དང་།ཡོན་ཏན་དང་། འཕྲིན་ལས་ལས་ཁྱུང་ལྔ་སྤྲུལ་ཏེ། ཀླུ་གཉན་དང་ས་བདག་ལ་སོགས་པ་བ་་ལོ། །དེ་ཡང་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེ་དང་། དམངས་རིགས་དང་། གདོལ་བའི་རིགས་རྣམས་ཐམས་ཅད་བཏུལ་བ་ལས། དེའི་ཚེ་གདུག་པ་ཆེ་ཞིང་བདེན་པ་མ་མཐོང་བའི་ཀླུ་དང་། གཉན་དང་ས་བདག་གདུག་པ་ཅན་འདུལ་དཀའ་ཞིང། སྡོངས་ཟླསྒྲོན་ཅིང་དྲེགས་པ་ཆེསྟེ། དེ་དག་ཐམས་ཅད་གདུལ་བའི་ཕྱིར་རྡོ་རྗེ་ཁྲོས་པའི་བྱ་ཁྱུང་དུ་སྤྲུལནས་བཏུལ་ཏེ། ཨོ༷་ཙཎྜ་མ་ཧྭ་རོ་ཥ་ཎ་བཛྲ་ག་རུ་ཌ་ཧུ༷་ཕཊ། སྲོག་ཚིག་ནན་རྦད། ལུས་རྡུལ་ནཱ་ག་སྨྱུ་རཡ་ཕཊ། ར༷་ར༷་ཛ་ལ་ཛ་ལ། ཤི་ཤི་རྡུལ་ཕུང་རྦད་སོད། ཅེས་གསུངསཔས་ཀླུ་དང་། གཉན་དང་། ས་བདག་ལ་སོགས་པའི་གནས་སྟོང་པ་ཙམ་དུ་གྱུར་ཏོ། །སྲོག་ཚིག་གསང་བ་དོན་འདུས་ཀྱི་རྒྱུད་ལས། གདུག་པའི་སྡེ་བཅོམ་ཞིང་བསྟནཔའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོས་དཔལ་ཆེན་པོའི་སྟོབས་དང་ལྡན་པའི་ཏིང་ངེ་འཛིན་དུ་ཞུགས་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་རང་གི་སྟན་ལས་ལངས་ཏེ་གསོལ་བ། ཀྱེ་མ་ཧོ་བཅོམ་ལྡན་འདས་གསང་བའི་བདག་པོ། འཛམ་བུའི་གླིང་གི་འགྲོ་བ་རྐང་གཉིས་པ་རྣམས་ལ་ཀླུ་དང་། གཉན་དང་། ས་བདག་ལ་སོགས་པས་འཚེ་བ་དེ་དག་ཐུགས་རྗེས་བསྐྱབ་པའི་ཕྱིར། ཉིད་ཀྱི་ཐུགས་རྗེའི་རོལ་པ་ཆེན་པོའི་འཕྲིན་ལས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དཔལ་རྡོ་རྗེ་གཏུམ་པོས་བཀའ་སྩལ་པ། ཁྲོ་བོ་ལས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་ཉོན་ཅིག །ཉིད་ཀྱི་ཞུས་པའི་དོན་དེ་བདག་གིས་བཤད་ཅིང་བསྟན་པར་བྱའོ། །དེ་ལ་འཛམ་བུའི་གླིང་གི་སེམས་ཅན་རྐང་གཉིས་པ་རྣམས་ལ་ཀླུའི་དུག་བསྲུང་བ་དང་། ཀླུའི་དུག་དབྱུང་བ་གཉིས་སུ་ཤེས་པར་བྱའོ། །དེ་ལ་ཀླུའི་དུག་བསྲུང་བ་ནི། །ཨོ་ཙཎྜ་མ་ཧྭ་རོ་ཥ་ཌ་བཛྲ་ག་རུ་ཌ་ཧུ༷་ཕཊ། ཨོ་སིད་དྷརྦ་ག་རུ་ཌ་བི་ཤུད་དྷི་ནཱ་ག་ནན། ཁ་ཐ༷་ཁ་ཐ༷། ཉི་མ་ས་སླ་ནན། ཀླད་པ་ནན། ཙིསྟ་གུ་ལི་ནན། ཀུ་ནཱ་ཞི་ཙི་ཏྲ་མུར་བཟློག་བྱེར། ནཱ་ག་ཤིག །ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་རྭ་ཛ་བྱེར་བྱེར་ཕཊ་ཕཊ། ཅེས་བཟླས་པས་ནི་ཀླུའི་དུག་མཐོང་བ་དང་། རེག་པ་དང་། ཡིད་ཀྱི་དུག་དང་། བསམ་པ་དང་། ཁ་རླང་ལ་སོགས་པའི་དུག་སེལ་ལོ། །ཉ་མཁྲིས་ལ་སོགས་པའི་རྫས་ལ་ཁྲི་ཕྲག་ཏུ་བཟླས་ནས་བསྔགས་ན་ཀླུའི་དུག་གིས་མི་ཚུགས་ཏེ། ཐམས་ཅད་བསྲུང་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་བ་བསྟན་པ་བསྲུང་བ་དང་། དགྲ་བོ་ལ་གཏད་བྱེད་ཙམ་ན་ཡང་དེ་ཁོ་ན་ལ་ནན་ཏན་དུ་ཤེས་པར་བྱ་སྟེ། ཀླུ་དང་། གཉན་དང་། ས་བདག་གྲུང་བ་ནི་འདི་ལས་ལྷག་པ་མེད་པར་བཤད་དོ། །ཞེས་གསུངས་སོ། །སྲོག་ཚིག་གསང་བ་དོན་འདུས་ལས། ཀླུའི་དུག་རིགས་བསྲུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་བ། །ཉོན་ཅིག་ཁྲོ་བོ་ལས་ཀྱི་རིགས། །འཛམ་བུའི་གླིང་གི་འགྲོ་བ་ལ། །ཀླུ་དང་གཉན་དང་ས་བདག་རྣམས། །གདུག་ཅིང་གནོད་པར་གྱུར་པ་ལ། །དང་པོ་ཀླུ་ཡི་དུག་རིགས་ཀྱིས། །ཟིན་པ་རྣམས་ལ་འདི་ལྟར་བྱ། །དང་པོ་ཟིན་ས་བརྟག་པར་བྱ། །དེ་ནས་དུག་ནད་དབྱུང་བའི་ཕྱིར། །བསམ་གཏན་རྣམ་ལྔའི་འཁོར་ལོ་བསྒོམ། །སྐྱབས་འགྲོ་སེམས་བསྐྱེད་ལྡན་པར་བྱ། །དབང་དང་རྗེས་གནང་ཐོབ་ནས་ཀྱང་། །རྡོ་རྗེ་ག་་པོ་བསྒོམ་པར་བྱ། །ཐུགས་ཁར་སྤྲུལ་པའི་ཁྱུང་ནག་བསྒོམས། །གཤོག་པ་ཐམས་ཅད་རྡོ་རྗེས་གཏམས། །སྡེར་མོས་ས་བདག་ཀླུ་གཉན་འཛིན། །ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ། །དབང་དང་བྱིན་བརླབས་རྫོགས་ནས་ནི། །ཙ་བའི་སྙིང་པོ་བཟླས་པར་བྱ། །ཨོ་ཙཎྜམ་ཧྭ་རོ་ཁ་ཎ་བཛྲ་ག་རུ་ཌ་ཧུ༷་ཕཊ། ཅེས་པ་བཟླས་ཏེ་བསྙེན་པའོ། །དང་པོ་ལྷ་ཉིད་བསྒོམ་བྱས་ན། །རྐུན་པོ་ཕུག་ཏུ་ཞུགས་པ་འདྲ། །དེ་ནས་བསམ་གཏན་འཁོར་ལོ་བསམ། །སྲོག་ཚིག་དག་གི་གདོན་དང་བྲལ། །ལུས་སྦྱོང་ཏིང་ངེ་འཛིན་ཅེས་བྱ། །ཞེས་གསུངས་སོ། །གསང་བ་དོན་འདུས་སྲོག་ཚིག་ལས། ལུས་སྦྱོང་བསམ་གཏན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བདུད་རྩི་འཁྱིལ་པས་གསོལ་པ། བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན། །གདུག་པའི་ནད་ཀྱིས་ཟིན་པ་ལ། །གསོ་བའི་ཐབས་མཆོག་ཁྱད་པར་ཅན། །རིམ་པར་བདག་ལ་བཤད་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མན་ངག་ཏུ་བསྟན་པའི་གསང་སྔགས་བཀའ་སྩལ་པ། དང་པོ་རྩ་སྔགས་སྦྱིན་པར་བྱ། །དེ་ནས་གདོན་ནི་མ་སློངས་ན། །སྔ་མར་གསུང་བའི་སྲོག་ཚིག་བཟླས། །དེ་ནས་ཐེ་ཚོམ་སྤང་བྱ་སྟེ། །དེ་ལ་འབད་དེ་བཟླས་པར་བྱ། །དེ་ནས་ཕུགས་ཚོལ་འདི་ཉིད་དེ། །ནཱ་ག་ཨསྣེ་ཛ་ལ་ཛ་ལ་ར༷་ར༷་མུ་ར་ཡ་ཕཊ། དེས་ནི་གྲོལ་བར་དཀའ་བས་ན། །ཏེ་བ༷་ཏེ་བ༷་ཀྲིང་ཀྲུང་ཀྲིང་ཀྲུང་ཏོག་ཏོག་ཚལ་པ་ཚལ་པ་གནོད་བྱེད་མུ་ར་ཡ་རྦད་ཧུ༷་ཕཊ། དེ་བཟླས་གྲོལ་བར་ཐེ་ཚོམ་མེད། །གལ་ཏེ་ཆུ་སེར་ཆེ་བ་ན། །ཆུ་སེར་དབྱུང་བའི་དྲག་སྔགས་ལ། །གནོད་བྱེད་ལུས་ལ་ཧ་ས་ཧ་ས་ཏེ་པ༷་ཏེ་པ༷་ཀྲི་ཀྲུང་ཀྲི་ཀྲུང་ཐོག་ཐོག་ཚལ་པ་ཚལ་པ་ཧ་་ཧ་ལ་ར༷་ར༷་ཤག་རྦད། དུག་ཆུང་རྦད། ནཱ་ག་ཙ་མ་རི་ཕྱུང་། ས་ཀྲ་པུ་མེ་ནན་དུག་ཕྱུང་རྦད་ཧུ༷་ཧུ༷་ཕཊ་ཕཊ། ཆུ་སེར་ཐམས་ཅད་འབྲི་བར་བྱེད། །དང་པོ་རྩ་སྔགས་མ་འགྱུར་བའི། ཁྲམ་བུར་གདགས་ཤིང་བཟླས་པར་བྱ། །དེས་ནི་གདུག་པའི་ནད་ལས་གྲོལ། །ཐེ་ཚོམ་མེད་པར་ངས་བཤད་དོ། །ཞེས་གསུངས་སོ། །གསང་བ་དོན་འདུས་སྲོག་ཚིག་ལས། གདུག་པའི་ནད་དབྱུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །གདུག་པ་ཀླུ་ཡིས་ཟིན་པ་ལ། །སྡོང་སྡེ་བསམ་གྱིས་མི་ཁྱབ་སྟེ། །ཁྱད་པར་པེ་ཏེའུ་ནག་མོ་འོང་། །དེ་དག་ཀུན་ཀྱང་ལས་ཀྱིས་ཉུལ། །དེ་དག་ཏིང་འཛིན་གསར་ལ་བཟླས། །བཟླས་པ་བྱེད་པའི་བར་དུ་ཡང་། །སྨྲ་བཅད་འབུམ་འགྱུར་ཡོན་ཏན་ཆེ། །ཏིང་འཛིན་གསལ་བ་མན་ངག་ཡིན། །བླ་མ་དག་དང་ཡི་དམ་ལྷ། །མ་ཡེངས་མོས་པ་རྒྱུན་བྱས་ན། །མྱུར་དུ་གྲོལ་བར་ཐེ་ཚོམ་མེད། །སོམ་ཉི་ཅན་ནི་ནད་ཀྱིས་འཛིན། །དེ་དག་གྲོལ་བར་ངས་མ་བཤད། །དེ་བས་ནན་ཏན་རྩེ་གཅིག་བྱའོ། །ཞེས་གསུངས་སོ། །སྲོག་ཚིག་གསང་བ་དོན་འདུས་ལས། གདུག་པའི་ནད་ལ་དོན་གྱི་མན་ངག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཁྲོ་བོ་བདུད་རྩི་འཁྱིལ་བས་གསོལ་པ། །ཀྱེ་མའོ་དཔའ་བོ་བཅོམ་ལྡན་འདས། །གདུག་པའི་ནད་རྣམས་གསོ་བ་ལ། །ལོག་ནོན་རིམ་པ་མ་གསུངས་པ། །ཐུགས་རྗེ་འགྲོ་བ་བསྐྱབ་ཏུ་གསོལ། །ཞེས་གསོལ་པ་དང་། དེ་ནས་གསང་ བའི་བདག་པོས་བཀའ་སྩལ་པ། །ལོག་ནོན་རིམ་པ་འདི་ ་ ། །ནད་པ་ ང་འཕྱོ་ ་ལེན་ཅིང་། །བཟླས་པ་ཤོལ་བར་གྱུར་པ་ན། །པེ་ཏེའུ་བརྡུང་ཞིང་གཟིར་བར་བྱ། །ལྕེ་ཉིད་གདོན་གྱིས་བཟུང་གྱུར་ན། །ལྕེ་ཡི་རྩ་བར་འདབ་བརྒྱད་ལ། །ཨོ་ལ་སྔགས་ཀྱིས་བསྐོར་བར་བསམ། །ལྕེ་ཉིད་རྡོ་རྗེ་རྩེ་ལྔ་ཡི། །སྟེང་མའི་རྭ་གསུམ་སྔགས་ཀྱིས་སྤྲས། །དེ་ལ་དམིགས་བཟླས་གྲོལ་བར་བཤད། །ཕོ་བ་ན་ཞིང་ཟས་མི་འཇུ། །དེ་ཕོ་བར་ཏང་འཛིན་བསམ། །དེས་གྲོལ་བ་རུ་བཤད་པ་ཡིན། །གལ་ཏེ་ཡུལ་ལྷ་གདོན་གྱུར་ན། །ལྕི་འཐིབས་ཏིང་འཛིན་མི་གསལ་ཏེ། །བདེན་པ་བདར་ལ་གཏོར་མ་སྤྱིན། །རྟག་ཏུ་ལྷ་དང་སྙིང་རྗེ་བསྒོམ། །ཟུག་གཟེར་སྐྱེས་ན་བཟླས་པ་ཡང་། །ཁྱེད་ཀྱིས་ཕྲི་ལ་བཟླས་པར་བྱ། །ཀླུ་བདུད་དག་ལ་གཏོར་མ་གཏང་། །དེ་ལ་དྲག་པོ་བྱར་མི་རུང་། །ཞེས་གསུངས་སོ། །རྒྱུད་གསང་བ་སྲོག་ཚིག་དོན་འདུས་ལས། ལོག་གནོན་རིམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །ཐིག་ལེ་ནད་པའི་ཟུངས་ཡིན་ཏེ། །གལ་ཏེ་འཆོར་ན་འདི་ལྟར་བྱ། །ཀུ་ཀུ་དཀར་པོའི་བལ་སྐུད་ལ། །སྔགས་ཀྱིས་བཏབ་ལ་རྡོ་རྗེ་བཅིངས། །ཨོ་ཤུ་ཏྲ་དྷ་ར་ཁེ་པྲི་དྷ་ར་ཏེ་གྲྭ་ཧྭ། ཡང་ན་ཚོན་སྐུད་དག་ལ་སྔགས། །དེ་ནི་ཐུབ་པར་འགྱུར་བ་ཡིན། །ཡང་ན་གུ་གུལ་མུ་ཟི་དང་། མི་ཡི་ཀླད་པ་ཤུ་དག་སྦྱར། །དེ་སྐུད་ཐུབ་པར་འགྱུར་བ་ཡིན། །རྩེ་མོར་བྱ་ཐལ་བསྐུ་བར་བྱ། །རྩ་བར་སྲེ་མོག་བྱུགས་པས་ཐུབ། །དེ་ནི་ཡངདགམཆོགཏུབཤད། །ཅེས་གསུངས་སོ། །སྲོགཚིགམནངགགསང་བ་དོན་འདུས་ཀྱི་རྒྱུད་ལས། ཐིག་ལེ་བསྲུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ག་་པོས། །ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། འགྲོ་བ་སེམས་ཅན་རིགས་མང་ཡང་། རྐང་གཉིས་འགྲོ་བ་མི་རྣམས་ལ། །ནད་ནི་རླུད་དང་མཁྲིས་པ་དང་། །བད་ཀན་འདུས་པ་ཁྲག་ཆུ་སེར། །ཀླུ་ཡི་དུག་ལྔའི་རྟེན་ཏུ་གྱུར། །ཉོན་མོངས་དུག་ལྔས་རྐྱེན་བསླངས་ནས། །ནད་དང་མཛེ་དང་ཧ་ལར་གྱུར། །དེ་འདུལ་གཉེན་པོར་རྒྱུད་འདི་གསུངས། །འགྲོ་བ་མི་ལ་གདུག་པའི་ནད། །ན་བ་ཟ་བ་བེར་བ་དང་། །འཁྱུག་ཅིང་གྲང་བ་ལ་སོགས་འརྒྱུང་། །དེ་དག་རྒྱུད་འདིས་གྲོལ་བར་བཤད། །ཕྱི་རོལ་མུ་སྟེགས་ལ་སོགས་པས། །ནད་དང་གདོན་དང་མ་གྲོལ་བར། །རྫས་ཀྱི་བྱུག་པ་དག་དང་ནི། །བཤལ་དང་ཆུ་སེར་འདྲེན་བྱས་ཀྱང་། །སླར་ལ་མི་འཚོ་དམ་དུ་འཚིང་། །དེ་བས་རྒྱུད་འདི་ནན་ཏན་དུ། །འགྲོ་བ་རྣམས་ལ་བརྩེ་ཕྱིར་བསྟན། །རྣལ་འབྱོར་ནད་པ་གསོ་བ་ལ། །རྔན་ཆད་ཚོད་ཡོད་བྱེད་གྱུར་ཀྱང་། །སྙིང་རྗེས་ཀུན་ནས་བསླང་ནས་གསོ། །བྱམས་དང་སྙིང་རྗེས་གསོས་གྱུར་ན། །ནད་པ་མྱུར་དུ་ཐོབ་པར་བཤད། །ཧ་ཅང་སྔན་པ་འཐེམ་བྱེད་ཅིང་། །བྱམས་སེམས་མེད་ན་འཚོ་ཐག་རིང་། །དེ་བས་སྙིང་རྗེས་དོན་བསླང་ནས། །གསོས་ན་ཐར་པ་བྱང་ཆུབ་ཐོབ། །ཅེས་གསུངས་སོ། ཁུདསྲོགཚིགགསངབདོན་འདུས་ལས། ཁུད་འདི་མ་གཏོགས་པས་ནད་པ་མི་གྲོལ་ཞིང་། རྣལ་འབྱོར་མཛད་སྤྱོད་སངས་རྒྱས་སུ་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ལ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ལ་སོགས་པས་ངོ་མཚར་དགེས་པའི་ཚིག་མང་པོས་བསྟོད་ནས། མཆོད་པ་སྣ་ཚོགས་ཕུལ་བར་གྱུར་ཏོ། །རྒྱུད་སྲོག་ཚིག་གསང་བ་དོན་འདུས་ལས། །འཁོར་རྣམས་ཡིད་ཚིམ་ནས་དགེས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས། འཁོར་རྣམས་ལ་བཀའ་སྩལ་པ། འདུས་པའི་འཁོར་རྣམས་ཀྱིས། རྒྱུད་འདི་མ་འོངས་པའི་དུས་སུ་འགྲོ་བ་སེམས་ཅན་མི་རྣམས་ལ་ཕན་གདགས་པའི་ཕྱིར། །གཟུང་ཞིང་བཅང་བར་བྱའོ། །ཞེས་གསུངས་སོ། །རྒྱུད་སྲོག་ཚིག་གསང་བ་དོན་འདུས་ལས། ཁུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བཅུ་པའོ།། །ཁུད་གསང་བ་དོན་འདུས་ལེའུ་བདུན་བརྒྱ་པ་ལས། རིན་པོ་ཆེ་དུམ་བུར་ཕྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།བལ་པོའི་པརྙི་ཏ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱུད་འདི་མ་ཚང་བ་ཁ་སྐོང་བ་ཞེས་བྱ་བ་ཕྱི་མའི་ཡང་ཕྱི་མ་ཞེས་བྱའོ། །རྒྱ་རྒྱ་རྒྱ།། །།