Ngb-pt-0811-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བཛྲ་ཐུ་ན་ག་རུ་ཌ་༼རདྲན༽ཀ་ལ་ནི་ར་མུ་ཎ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཏུམ་པོ་གསང་བ་རིན་པོ་ཆེ་ཁྱུང་ནག་ཏུ་སྤྲུལ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཁྱུང་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ག་་པོ་ཉིད་ལྕང་ལོ་ཅན་གྱི་གནས་ན། འདུས་པའི་འཁོར་རྣམས་དང་ཐབས་ཅིག་པར་བཞུགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུག་པ་ཅན་ཐམས་ཅད་འདུལ་བར་དབང་བསྐུར་རོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ཐམས་ཅད་ལ་ཀླུ་གཉན་དང་ས་བདག་ཐམས་ཅད་ཀྱིས་འཚེ་བར་གྱུར་ཏོ།། །།དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་པ། ཨེ་་་་ཧོ། སྲིད་པའི་སེམས་ཅན་ཐམས་ཅད་ཀུན། །ལས་ཀྱི་དབང་གིས་གདུངས་པ་ལ། །གདུག་པའི་ཀླུ་གཉན་འཚེ་བར་བྱེད། །ཐུགས་རྗེས་གཉེན་པོ་བཤད་དུ་གསོལ། །ཞེས་ཞུས་པས། །དཔལ་རྡོ་རྗེ་གཏུམ་པོ་ཀླུ་གཉན་ས་བདག་འདུལ་བའི་ཏིང་ངེ་འཛིན་དུ་བཞུགས་པ་ལས། །སྐུ་གསུང་ཐུགས་ཀྱི་གནས་ནས་ལྔའི་ཁྱུང་སྤྲུལ་ནས་ཀླུ་རིགས་ལྔ་བཏུལ་ལོ། །དེ་ནས་གཏུམ་པོ་ཉིད་ལས་སྤྲུལ་པའི་ཁྱུང་ནག་ཆུ་དང་ཆུ་ཟླའི་ཚུལ་དུ་སྤྲུལ་ནས་གསང་སྔགས་འདི་གསུངས་སོ། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཁ་ཎ་བཛྲ་ག་རུ་ཌ་ཧུ༷་ཕཊ། ས་གྲངས་སུ་མེ་ནཱ་ག་ནན་སོག་ཚིག་ནན་རྦད། ལུས་བ་་ནཱ་ག་མ་ར་ཡ་ཕཊ། ར༷་ར༷་ཛ་ལ་ཛ་ལ། ཤི་ཤི་རུལ་ཕུད་རྦད་སོད། ཅེས་བཀའ་སྩལ་བ། གདུག་པ་ཀླུ་གཉན་ཐམས་ཅད་བསྒྲལ་ཞིང་བ་༷་བར་གྱུར་ཏོ། །གསང་བ་ཁྱུང་ནག་གི་རྒྱུད་ལས། ཀླུ་གཉན་བཏུལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། བདག་ཉིད་རྡོ་རྗེ་ག་་པོར་བསྐྱེད། །ཐུགས་ཁ་འམ་ནི་ཕྲག་གོང་དུ། ཀློ་ལས་དྲག་པོ་ཁྱུང་ནག་བསྐྱེད། །སྤྱན་དྲངས་མཆོད་ནས་གཏོར་མ་དབུལ། །བདུན་འབུམ་ཉི་ཁྲི་བཟླས་བྱས་ནས། །ཀླུ་གཉན་ཐམས་ཅད་འབྲོས་པར་འགྱུར། །དྲག་པོའི་ལས་ལ་སྦྱོར་འདོད་ན། །དྲག་པོའི་སྔགས་ཀྱིས་འབྲུབ་ཁུང་དུ། །ལིང་ག་བཅས་ལ་ཐུན་གྱིས་བྲབ། །དེ་ནས་གསང་སྔགས་བཀའ་སྩལ་པ། །ཨོ་ནཱ་ག་ཤིག ནཱ་ག་བྱིར། ནཱ་ག་ཆིངས། ནཱ་ག་སྡོམ། ནཱ་ག་སོད། ནཱ་ག་མགོ་ལ་ཡ། ནཱ་ག་ར་ཛ་སྨྱུ་ར་ཡ་ཆིངས། ནཱ་ག་ཨག་ནེ་ཛ་ལ་ར༷་ར༷་མུ་ར་ཡ་ཕཊ། ཅེས་གསུངས་སོ། །གསང་བ་ཁྱུང་ནག་གི་རྒྱུད་ལས། སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རིམ་པར་བཀའ་སྩལ་པ། །དྲག་པོའི་གསང་སྔགས་བསྟན་པ་ནི། །ནཱ་ག་རྭ་ཛ་ཧུ༷། ནཱ་ག་རྭ་ཛ་ཕཊ། ནཱ་ག་ཤུ་ཤུ་ནན།ནཱ་ག་བྱེར། ནཱ་ག་སྙིང་ཚལ་སྲོག་རྦུད། པ་ཏི་ས་མ་ཡུ། ནཱ་ག་ར་ཛ་སྙིང་ཚལ་པ་དུམ་བུ་དུམ་བུ་རྦད། ཅེས་བཟླས་ན་ཐམས་ཅད་རྡུལ་དུ་འགྱུར་རོ། །ལྕགས་ཐུན་དབབ་པ། ནཱ་ག་བན་ཁས་གྲ་ཐུག་ཐུམ་རིལ་རྦད། །ཟངས་ཕྱེ་དང་། ལྕགས་བྱེ་དང་། རྡོ་ཕྱེད་དང་། བྱེ་ཚན་གྱི་ཐུན་བརྡེག་པ་ནི། ཨ་ནེ་བུར་ན་ག་ཕུ་མེ་ས་ཀྲ་ནཱ་རག་ཤ་ཚལ་ར༷་མྱ་ར་ཡ་ཕཊ་རྦད། ཅེས་སོ། །རྨེ་ཁྲག་གི་ཐུན་ནི། ནཱ་ག་ས་ཀྲ་སུ་མེ་ནཱ་ག་རཥ་ག་ཏ་མ་ར་ཡ་ཕཊ་རྦད། བཛྲ་ཀི་ལི་ཀི་ལ་ཡ་ནཱ་ག་ས་ཀྲ་སུ་མེ་རག་ཤ་སརྦ་བིསྒྱུན་བ༷་ཧུ༷་ཕཊ་རྦད། གདུག་པའི་ཕུར་ཐུན་ནོ། །བི་ཤ་ཀུ་རུ་ནཱ་ག་ས་གྲ་སུ་མེ་རག་ཤ་ར་ཛ་མུ་ར་ཡ་ཕཊ་རྦད། དུག་ཐུན་དབབ་པའོ། །ཞེསགསུངས་སོ། །ཁྱུང་ནག་གི་གསང་རྒྱུད་ལས། དྲག་པོའི་ལས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། ནཱ་ག་ར་ཛ་བན་དུར་མ་ར་ཡ་ནཱ་ག་ཐུམ་རིལ། མྱོགས་མྱོགས་རྦད། ནཱ་ག་མ་ར་ཡ་ཕཊ། ཀླུ་རྒྱལ་རིགས་གསད་པའོ། །ནཱ་ག་ན་ཡ་ཏིག་ནན། ནཱ་ག་དུ་དུ༷་མྱ་ར་ཡ་ཛ་ལ་ཡ་རྦད། དིང་རི་དིང་རི་ཕུང་ཕུང་སོད། ཀླུ་བྲམ་ཟེའི་རིགས་གསད་པའོ། །རུ་ཏི་ནཱ་ག་མྱ་ར་ཐུམ་ཐུམ་ཤི་ཤི་རྦད་རྦད།ཀླུ་རྗེའུ་རིགས་གསད་པའོ། །ནཱ་ག་སྲི་ནན་དུ་དུ་རྦད་སུ་ར་ཡ་སོད། གླུ་གདོལ་པའི་རིགས་གསད་པའོ། །མ་ཏི་ཡ་མ་ནཱ་ག་མུ་ར་ཡ་ཐུན་རིལ་མྱོགས་རྦད། ཀླུ་དམངས་རིགས་གསད་པའོ། །ཡ་མ་ཤུ་ཤུ་སོད། ཡ་མ་ཤུཤུརྦད། ཡ་མ་ཤུ་ཤུ་རྦུད། ཡ་མ་ཤུ་ཤུ་ནན། ཞེས་པ་ནི་ཀླུ་བཙན་གསད་པའོ། །ནག་པོ་ཤུ་ཤུ་མགོ་ལ་ནན། ནག་པོ་ཤུ་ཤུ་རྦད། ནག་པོ་ཤུ་ཤུ་རྦུད། ནག་པོ་ཤུ་ཤུ་ནན་རྦད། ཀླུ་བདུད་གསད་པའོ། །ས་སྡོམ་ནག་པོ་སོད།ས་སྡོམ་ནག་པོ་རྦད། ས་སྡོམ་ནག་པོ་རྦུད། །ས་སྡོམ་ནག་པོ་ནན། ས་ཀྲ་མྱ་ར་ཡ་རྦད། །ས་བདག་གསད་པའོ། །ཙག་ཏྲང་དུ་ཏྲི་རྦད། །ཙག་ཏྲ་ཏྲི་རྦུད། ཙག་ཏྲང་དུ་ཏྲི་སོད། ཙག་ཏྲང་རུ་ཏྲི་ནན། སུ་མེ་བཱ་ར་ཡ་རྦད།གཉེན་གསད་པའོ། །རྭ་ཛ་ཐང་ཐང་ཤིག་ཤིག་རྦད། ཏང་རིལ་ཏང་རིལ་ཐུམ། ཀྱིན་ཏང་ཀ་མ་ཏ་ཁུག ་།ལ་ཤེལ་རྭ་ཛ་བཱ་ར་ཡ་རྦད་རྦད། རྒྱལ་པོ་དང་བསྡོངས་ན་རྒྱལ་པོ་གསད་པའོ། །མ་མ་ཡ༷་ཏྲི་སོད། །མ་མ་ཡ་ཏྲི་རྦད། མ་མ་ཡ༷་ཏྲི་ནན། མ་མ་རག་ཤ་མྱ་ར་ཡ་རྦད། མ་མོ་འམ་ནག་མོ་དང་བསྡོངས་ན་ནག་མོ་གསད་པའོ། །ནཱ་ག་ས་ཀྲ་ཕུ་་ནེ་པུ་མེ་རག་ཤ་རྭ་ཛ་མྱ་ར་ཤག་ཤག་རྦད་ཕཊ། སྟོང་སྡེ་ཐམས་ཅད་དབྱེ་བའོ། །དེས་ནི་ཉེས་པ་གྲོལ་གྱུར་ཏེ། །གལ་ཏེ་མ་གྲོལ་བར་གྱུར་ན། བསྙེན་བསྒྲུབ་ཙམ་ལ་དབང་དུ་བསྡུ། ཨོ་བཛྲ་བཱ་ཁི་བཛྲ་ག་རུ་ཌ་ན་ཡུ་མ་རི་ཡུ༷་མ་ཐུམ་རིལ་རྦད་རྦ་ཛ་ཛ། ས་བདག་ཐ༷མ༷ས་༷ཅད༷་དབང་དུ་བསྡུའོ། །རུ་རུ་ད་དུར་ཁུག་ཛ་ཏུ་ཏ་རྣ་ཉ་ཁུག་ཛ་ཧེ་རྦད་ནཱ་ག་འུ་ར༷་ཁུག་ཛ། གཉན་ཐམས་ཅད་དབང་དུ་བསྡུ་བའོ། །ནཱ་ག་ར་ཛ་མུ་ར་ཡ་ཛ་ཛ་པ་ཤ་ཁུག་ཛ། ཀླུ་ཐམས་ཅད་དབང་དུ་བསྡུའོ། །ཨོ་ཁྲོ་ཁྲོ་ཁྲོ་ཁྲོ་ཁྲོ་བཛྲ་བཱ་ཁི་བཛྲ་ག་རུ་ཌ་ནཱ་ག་དུ་ནཱ་ག་ཤིག །ནཱ་ག་བཟློག །ནཱ་ག་ཡར་ཤ་སྦར་ཤ་ཡེ་ཟློག་ཕཊ། ཅེས་པ་ནི། ཀླུ་བཟློག་པའི་ཡང་སྙིང་ངོ་། །ཞེས་གསུངས་སོ། །ཁྱུང་ནག་གསང་རྒྱུད་ལས། སོ་སོའི་འཕྲིན་ལས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །པུ་ཙའི་རིམ་པ་འབུལ་བ་ནི། ཁྲ་ཁྲག་ཉ་ལྕོང་གཏོར་མ་ལ། །འབྲུ་གསུམ་བྱིན་བརླབས་དབུལ་བར་བྱ། །ཨོ་བཛྲ་ཙཎྜམ་ཧྭ་རོ་ཥ་ཎ་བཛྲ་ག་རུ་ཌ་བ་ལིན་ཡི་དན་གྲི་ཏྣ་གྲོ་ཏྣ་ཁུ་ཧི་ཁུ་ཧི་སྒྱུ་ཏ་ཛ་ཏོ་ར་ག་ཏ་པི་པ་ཏོ་ས་མ་ཡེ་གྲྭ་ཧྭ། རྡོ་རྗེ་སྐྲུ་གུས་གསོལ་བར་བསམ། །ཨོ་བཛྲ་པུསྤྲོ་ཧུ༷། བཛྲ་རྙུ་པེ་ཧུ༷། བཛྲ་ཨུ་ལོ་ཀེ་ཧུ༷། བཛྲ་གཎྜ་ཧུ༷། བཛྲ་ནེ་བི་དེ་ཧུ༷། ཞེས་པ་མཆོད་ཅིང་བསྟོད་པ་དབུལ། །ཞེས་གསུངས་སོ།་།ཁྱུང་ནག་གསང་རྒྱུད་ལས། གཏོར་མའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ལས་ཀྱི་ཁ་ཚར་བཤད། །སིའུ་གསོ་ན་རྡོ་རྒྱུས་ཀྱི། །ཁ་བོར་བྲིས་ལ་སྒོ་ལ་བཏགས། །ཆེ་གེ་མོ་ལ་རཀྟ་ཀུ་རུ་ཧུ༷་ཕཊ། རྒྱལ་པོ་ཕོ་གདོན་གནོད་གྱུར་ན། །ཏྲི་ལ་བཀུག་ལ་གཟིར་བར་བྱ། །ནག་མོ་ལ་སོགས་གནོད་པ་ནི། །ཡི་གེ་ཏྲི་ལས་བཀུག་ལ་གཟིར། །ཀླུ་ནི་ཕུ་ལས་ས་བདག་ས། །གཉན་ནི་སུ་ལས་གཟིར་བར་བྱ། །རྒྱལ་པོ་བྱི་ལ་སྤྲེ་ཐོད་གནན། །དམ་སྲི་སྒྱུང་ཀའི་ཐོད་པར་གནན། །ཕྱུགས་ནད་དག་ལ་ལྷས་སྒོར་གནན། །སེར་བ་བསྲུང་ན་ཉུངས་དཀར་ལ། །བསྔགས་ལ་ཨུར་ཎ་མ་ནི་བཏགས། །ཐམས་ཅད་ཀུན་ལ་སྤྱིན་སྲེག་བྱ། །གཞན་ཡང་རྨ་ལོག་དང་སྐྲངས་འབུར་ལ་ཉག་འདག་དང་། དྲི་ཆེན་དྲི་ཆུ་ལ་རྩ་སྔགས་བཟླས་ལ། །སྟག་ཤ་བ་དང་བསྲོས་པའི་སྔགས་འདག་བླན། ཞོ་ཆང་བསྲུང་ན་གུ་གུལ་ནག་པོ་དང་། ཁྱི་ལུད་སྐམ་པོ་དང་། མ་ཧྭ་ས་མི་དང་། མུ་ཟི་ལ་སྔགས་ཤིང་སྣོད་བདུ །ཨོ་ཙཎྜམ་ཧྭ་རོ་ཥ་ན་བཛྲ་ག་རུ་ཌ་པ་ཏེ། ནག་མོ་ཁ་ཐམས་ཏྲིག་ནན་རྦད། ཅེས་པས་ཐུབ་པར་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་ཁྱུང་ནག་གསང་བའི་རྒྱུད་ལས།ལས་ཐམས་ཅད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་ཕྱག་ན་རྡོ་རྗེ་དང་ཁྱུང་ལ་ཁྲོ་བོ་བདུད་རྩི་འཁྱིལ་པས་བསྟོད་པ་ནི། མཐུ་ཆེན་ཁྱོད་ནི་ཡེ་ཤེས་རྡོ་རྗེ་ཡིས། །མཐུ་ཆེན་གདུལ་དཀའ་མི་མཐུན་ཕྱོགས་འཇོམས་པ། །མཐུ་ཆེན་ཀུན་གྱི་ནང་ན་ཁྱོད་མཆོད་སྟེ། །མཐུ་ཆེན་རྫུ་འཕྲུལ་ཆེ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་གསང་འཛིན་ནང་དུ་ཐུགས་རྗེ་འཁྲུངས། །གནོད་སྦྱིན་གདུག་པའི་ཚོགས་རྣམས་མ་ལུས་འདུལ། །གནོད་སྦྱིན་ཀུན་ལས་འགྲོ་བ་ཐམས་ཅད་སྐྱོབ། །གནོད་སྤྱིན་བདག་པོར་མཚན་གསོལ་ཁྱོད་ལ་བསྟོད། །སྐུ་ཡི་གསང་བ་མཐའ་ཡས་ཁྱོད་སྟོན་ཅིང་། །གསུང་གི་གསང་བ་ཐུན་མོང་མ་ཡིན་འཛིན། །ཐུགས་ཀྱི་གསང་བ་རྟོགས་དཀའ་ཁྱེད་ཀྱིས་མཁྱེན། །གསང་འཛིན་རྡོ་རྗེ་ཅན་ལ་ཕྱག་འཚལ་སྟོད། །འཇིགས་པའི་ཧུ༷་སྒྲ་ངེས་སྒྲོགས་ཤིང་། །མ་ལུས་བགེགས་རྣམས་འཇོམ་མཛད་པ། །སིརྙི་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་གཙོ། །མ་ལུས་བགེགས་རྣམས་སྐྲག་མཛད་པ། །དངོས་གྲུབ་གྲུབ་ཅིང་ཐུགས་དམ་བསྟན། །ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །ཐུགས་ལས་བྱ་ཁྱུང་ཤར་བ་ནི། །གདུག་པ་མ་ལུས་ཀུན་འདུལ་བ། །མཐུ་སྟོབས་དང་ལྡན་རྡོ་རྗེའི་ཁྱུང་། །མཁའ་ལྡིང་རྒྱལ་པོ་ཚང་བའི་བྱ། །མཁའ་ལྡིང་ཉིད་དུ་སྐུ་སྤྲུལ་ནས། །ས་བདག་ཀླུ་གཉན་རྡུལ་དུ་རློག །སྤྲུལ་པའི་ཁྱུང་ནི་ཆར་ལྟར་འབེབས། །ཡང་སྤྲུལ་ཁྱུང་ནི་ཐོག་ལྟར་དྲག །ཁྱུང་གི་ཐོག་འབེབས་ཆེམས་སེ་ཆེམས། །ཀླུ་གཉན་་ས་བདག་རྡུལ་དུ་རློག །ཅེས་གསུངས་སོ། །ཁྱུང་ནག་གི་རྒྱུད་ལས། བསྟོད་ཅིང་བསྐུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དང་པོ་རྣལ་འབྱོར་དམ་ཅན་གྱི། །རྩ་བའི་སྙིང་པོ་སུམ་འབུམ་བཟླས། །དེ་ནས་སྲོག་ཚིག་སྙིང་པོར་སྦྲེལ། །་བདུན་འབུམ་ཉི་ཁྲི་བཟླས་བྱས་ནས། །ཀླུ་ཡི་ཕོ་བྲང་བསྲེག་པར་ནུས། །རང་ལ་གནོད་པ་སྨོས་ཅི་དགོས། །གང་ལ་རྒྱབ་པ་ཐོགས་པ་མེད། །བསྙེན་པ་མ་རྫོགས་ལས་མི་རྩམ། །དཔའ་བོ་གོ་མཚོན་མེད་དང་མཚུངས། །དེ་ཕྱིར་བསྙེན་པ་དང་དུ་སྙེ་ང་སེསྲེདི་རྗེངང་་སྟེངངཕྱིདི་བླང་། །བ ན་པ་མ་རྫགས་སྒྲུབ་པ་ན། །ཞ་ཆང་ ར་བ་བསྐྲང་འབུར་ ལ། ་།ད་འ ་རྡ་ ་བྱ་ཁྱུང་ཉད། །ས་བདག་ཀླུ་ཡ་གཉན་པ་ ། །ཕྱ་རབས་རྣམས་ལ་ཕན་པའ་ ར། ཁུད་འ ་ཡངས་སུ་གཟུང་བར་ཞེ་་ངང་འ་གི་ངལེསྟེ་ངཞེབྱ། ། ས་བཀའ་སྩལ་པ་དང་། །ཁྲ་བ་བདུད་རྩ་འཁྱལ་པ་ལ་སགས་པ་རྣམས་ཡ་རང་བར་གྱུར་ཏ། །ཁྱུང་ནག་ ་རྒྱུད་ལས། ཁུད་ཡངས་སུ་བཟུང་བའ་ འུ་ ་བརྒྱད་པའ།། །།རྒྱུད་ཕྱ་མ་ ས་བྱ་བའོ། །རྫོགས་སོ།། །།བལ་པོ་བ་སུ་དྷ་ར་དང་། སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ལེགས་སོ།། །།