Ngb-pt-0801-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཕྲད་པར་ཤོག། །། རྒྱ་གར་སྐད་དུ། ཀྲོ་དྷ་རྭ་ཛ་ཤི་བཛྲ་བཱ་ནི་ཙཎྜ་མ་ཧྭ་རོ་ཥ་ཎ་ཨ་སྟི་ཁི་྅་ཨུ་པ་དེ་ཤ་གུ་རྒྱ་ནཱ་མ་ཏན་ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གཏུམ་པོ་འཇིགས་སུ་རུང་བའི་དབང་བསྐུར་བ་མན་ངག་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདྷ་ཀླུང་བྱེ་བ་ཕྲག་འབུམ་གྱི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། རྒྱལ་བ་རྣམ་པར་སྣང་མཛད་དང་། སངས་རྒྱས་མི་བསྐྱོད་པ་རྣམས་ཀྱིས་དབང་བསྐུར་བས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་ནས། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན། འཁོར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བཀྲ་ཤིས་ལྷ་མོ་བརྒྱད་དང་། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སོགས་པ་ཁྲོ་བོའི་ཚོགས་དང་། གནོད་སྦྱིན་ཆེན་པོ་རྒྱལ་པོ་རྣམ་ཐོས་སྲས་དང་། ཛམ་བྷ་ལ་སོགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །རྡོ་རྗེ་གཏུམ་པོ་དབང་བསྐུར་བ་མན་ངག་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོས་དབང་བཞི་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་སོ། །དེ་ནས་འཁོར་གྱི་ནང་ནས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ཉིད། །གཟི་བྱིན་འབར་བའི་རྡོ་རྗེ་ཅན། །ཕྱི་རབས་དམ་ཚིག་ཅན་དོན་དུ། །ཉིད་ཀྱི་བསྒྲུབ་པའི་རིམ་པ་དང་། དབང་བསྐུར་དམ་ཚིག་རབ་གནས་དང་། །ལ་སོགས་རིམ་པ་བཤད་དུ་གསོལ། །ཞེས་གསོལ་བ་དང་། །བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ཏིང་ངེ་འཛིན་ལས་བཞེངས་ཏེ། བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། །བདུད་རྩི་འཁྱིལ་པས་དོན་ཞུས་པ། ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །རྡོ་རྗེ་ག་་པོ་བསྒྲུབ་འདོད་པས། ཁེན་ཏུ་རྒྱས་པ་ལྷ་མོས་བསྐོར་བ་དང་། །དེ་ལས་བསྡུས་པས་ག་་པོ་བཞིས་བསྐོར་དང་། །བསྡུས་པ་རྒྱན་གཅིག་དཔའ་བའི་ཚུལ། ཤེན་ཏུ་བསྡུས་པ་བཟླས་ལུང་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །དེ་ལ་རྒྱས་པ་བསྒྲུབ་པ་ནི། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། ཁེན་ཏུ་དབེན་པ་ཉམས་དགའི་གནས། །ཡིད་དང་འཐད་པ་བསྒྲུབ་པར་བྱ། །སྟེགས་བུ་མདའ་གང་གྲུ་བཞི་ལ། །དྲི་སྤོས་བདུད་རྩིས་ཆག་ཆག་གདབ། །ཐིག་གདབ་ཚོན་གྱིས་བྲི་བ་ནི། །པདྨ་འདབ་བརྒྱད་ལྟེ་བར་བཅས། །གྲུ་ཆད་ཁྱམས་དང་སྒོ་བཞི་དང་། །རྟ་བབས་མུ་ཁྱུད་རྒྱན་ལྡན་བྲི། །བསྒྲུབ་རྫས་མཆོད་རྫས་རིམ་པར་དགྲམ། །ཕྱི་ནང་གསང་བའི་མཚམས་གཅད་ལ། །ཏིང་འཛིན་རྣམ་པ་གསུམ་ཉིད་ལས། །འབྱུང་བ་རིམ་བརྩེགས་སྟེང་ཉིད་དུ། །བྲུམ་ལས་གཞལ་ཡས་གདན་སྟེངས་སུ། །བདག་ཉིད་གཏུམ་པོ་ཡབ་ཡུམ་བསྐྱེད། །དེ་ནས་པདྨ་འདབ་བརྒྱད་ལ། །བཀྲ་ཤིས་ལྷ་མོ་སྒོ་མར་བཅས རིམ་པར་བསྐྱེད་ལ་གསལ་གདབ་བྱ། །རང་བཞིན་སྤྱན་དྲངས་བརྟན་བཞུགས་དང་། །ཕྱག་འཚལ་མཆོད་དབུལ་སྨོན་ལམ་གདབ། །འཛབ་བསྐུལ་གསང་སྔགས་བཟླས་པར་བྱ། །བསྟོད་དང་ཚོགས་དབུལ་གསོལ་བ་གདབ། །ཐུན་མཚམས་སྤྱོད་ལམ་ཤེས་པར་བྱ། །དེ་ལྟར་བསྒྲུབས་ན་བཀྲ་ཤིས་ཤིང་། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ག་་པོ་དབང་བསྐུར་བ་མན་ངག་གསང་བའི་རྒྱུད་ལས། དཀྱིལ་འཁོར་རྒྱས་པ་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །གཞན་ཡང་རིམ་པར་བཀའ་སྩལ་པ། །དེ་བས་བསྡུས་པ་བསྒྲུབ་འདོད་ན། །སྔ་མ་ལྟ་བུའི་གནས་ཉིད་དུ། །མཎྜལ་སྟེགས་བུ་སྔར་ལྟར་བྱུག །དབུས་སུ་ཟླུམ་པོ་མཐིང་ཁ་ལ། །ཕྱི་རིམ་འཁོར་ལོ་རྩིབས་བཞི་བྲི། །གྲུ་ཆད་ཁྱམས་དང་སྒོ་བཞི་དང་། །སྒོ་འཁྱུད་རྟ་བབས་མུ་ཁྱུད་བཅས། །རྒྱན་དང་བཅས་པ་བྲི་བར་བྱ། །དབུས་སུ་སྐུ་གསུང་ཐུགས་རྟེན་དགོད། །མཆོད་རྫས་ལ་སོགས་རིམ་པར་དགྲམ། །ཕྱི་ནང་གསང་མཚམས་མཆོད་རྫས་བརླབ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་ཧུ༷་ཉིད་ལས། །དབང་ཆེན་རྟེན་དང་བྲུ༷་ལས་ནི། །གཞལ་ཡས་ཉི་ཟླ་པདྨའི་གདན། །བདག་ཉིད་ཧུ༷་བཅས་གཏུམ་པོར་བསྐྱེད། །གཡོན་དུ་ཡུམ་དང་བཅས་པ་ཡི། །ཐུགས་ཀ་ནས་ནི་གཏུམ་པོ་བཞི། །འཁོར་ལོའི་རྩིབས་ལ་བསྐྱེད་པར་བྱ། །སྒོ་བཞིར་ཛ་ཧུ༷་བ༷་ཧོ་བཞི། །སྒོ་མ་བཞི་ནི་བསྐྱེད་བྱས་ལ། །དབང་བསྐུར་རྒྱས་གདབ་བྱ་བ་དང་། །དེ་ལ་ཡེ་ཤེས་དཀྱིལ་འཁོར་ཉིད། །སྤྱན་དྲངས་བསྟིམ་དང་ཕྱག་འཚལ་ལ། །སྨན་རཀ་གཏོར་མ་བསྟོད་པ་དབུལ། །སྨོན་ལམ་གདབ་དང་འཛབ་བསྐུལ་ལ། །གསང་སྔགས་ཡི་གེ་བཅུ་པ་བཟླས། །ཐུན་མཚམས་སྦྱོར་ལམ་རིམ་པར་སྦྱར། །ལྡང་བར་འདོད་ན་རྒྱུན་གཏོར་གཏང་། །དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ག་་པོ་གསང་བ་མན་ངག་གི་རྒྱུད་ལས། དཀྱིལ་འཁོར་དེ་བས་བསྡུས་ཏེ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་ན། །བསྡུས་པ་དཔའ་བོ་གཅིག་བསྒྲུབ་ན། །དབེན་པའི་གནས་སུ་མཎྜལ་བྱ། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །རྡོ་རྗེ་རྒྱ་གྲམ་དཀྱིལ་འཁོར་བྲི། །དབུས་སུ་སྐུ་གསུང་ཐུགས་ཀྱི་རྟན། །དགོད་ཅིང་མཆོད་དང་གཏོར་མ་བཤམ། །ཕྱི་ནང་གསང་བའི་མཚམས་གཅད་ནས། །མཆོད་རྫས་བྱིན་གྱིས་བརླབ་པར་བྱ། །དེ་ནས་མདུན་གྱི་ནམ་མཁའ་ལ། །བླ་མ་ཡི་དམ་སངས་རྒྱས་དང་། །བྱང་ཆུབ་སེམས་རྣམས་སྤྱན་དྲངས་ལ། ཁུན་ཆགས་ཡན་ལག་བདུན་པ་བྱ། །དེ་ནས་ཤུ་རྒྱ་ཏ་ཡི་སྒྲས། །ཆོས་རྣམས་ཐམས་ཅད་སྟོང་པར་བསྒོམ། །དེ་ནས་པདྨ་ཉི་ཟླའི་སྟེང་། །སེམས་ཉིད་ཡི་གེ་ཧུ༷་ལས་ནི། །འཕྲོས་འདུས་རྡོ་རྗེ་རྩེ་ལྔར་གྱུར། །དེ་ལས་འཕྲོས་དང་འདུས་པ་ལས། །བདག་ཉིད་རྡོ་རྗེ་ག་་པོ་ནི། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་པ་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་པ་སྡིགས་མཛུབ་དག་དང་ལྡན། །ན་བཟའ་སྔོ་ནག་སྦྲུལ་བརྒྱན་ཅན། །སྟག་གི་པགས་པས་ཤམ་ཐབས་བྱས། །མེ་དཔུང་ནང་ན་གནས་པར་བསྒོམ། །ཐུགས་ཁའི་ཧུ༷་ལ་འོད་འཕྲོས་པས། །ཡེ་ཤེས་རྡོ་རྗེ་ག་་པོ་ནི། །སྤྱན་དྲངས་མཆོད་དབུལ་བདག་ལ་བསྟིམ། །དེ་ནས་རིགས་ལྔ་སྤྱན་དྲངས་ལ། །མཆོད་དེ་དབང་བསྐུར་དབང་རྟགས་སུ། །མི་བསྐྱོད་པ་ཡིས་མཚན་པར་བསམ། །སྤྱི་བོ་མགྲིན་པ་སྙིང་ཁ་སྲ །ཡིག་འབྲུ་གསུམ་གྱིས་རྒྱས་གདབ་བྱ། །དེ་ནས་ཐུགས་ཁར་པདྨ་དང་། །ཉི་ཟླའི་སྟེང་དུ་རྡོ་རྗེ་དང་། །ཧུ༷་ལ་སྔགས་ཀྱིས་བསྐོར་བར་བསམ། །དེ་ལ་དམིགས་ལ་གསང་བ་ཡིས། །སྙིང་པོ་ཡིག་འབྲུ་བཅུ་པ་བཟླས། །ཐུན་མཚམས་བསྟོད་དང་གཏོར་མ་གཏང་། །སྤྱོད་ལམ་གཏུམ་པོའི་ང་རྒྱལ་གྱིས། །དགེ་བའི་ལས་ལ་བརྩོན་པར་བྱ། །དེ་ཡིས་དངོས་གྲུབ་མཆོག་ཏུ་ཐོབ། །ཅེས་གསུངས་སོ། །ག་་པོའི་མན་ངག་གསང་རྒྱུད་ལས། །དཔའ་བོ་གཅིག་པ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །བདུད་རྩི་འཁྱིལ་ལ་ཡང་གསུངས་པ། །བཟླས་ལུང་བསྒྲུབ་པར་འདོད་པ་ཡིས། །དད་ལྡན་བླ་མ་ལ་གུས་ལ། །འདི་ལྟར་བཟླས་ལུང་ཤེས་པར་བྱ། །བླ་མ་སྤྱི་བོར་བསྒོམ་བྱས་ལ། །སྐྱབས་འགྲོ་སེམས་བསྐྱེད་སྟོང་ཉིད་ལས། །བདག་ཉིད་སྐད་ཅིག་ག་་པོར་བསྐྱེད། །སྤྱི་བོར་བླ་མ་འམ་མི་བསྐྱོད་བསམ། །དེ་ལ་དམིགས་ལ་བཟླས་པ་བྱ། །ལུས་ཀྱི་ན་ཚ་ལ་སོགས་ལ། །ཏིང་འཛིན་གཏད་ལ་བསྒོམ་པར་བྱ། །ཐུན་མཚམས་སྲོག་གི་རླུད་གཟུང་ནས། །ཚེ་རིང་དངོས་གྲུབ་ཐོབ་པར་འགྱུར། །ཐུན་མཚམས་དགེ་བསྔོ་སྤྱོད་ལམ་བྱ། །དེ་ཡིས་སིདྷི་ཐམས་ཅད་འགྲུབ། །ལུས་ངག་ཡིད་ཀྱི་སྡུག་བསྔལ་སེལ། །དེ་ལྟར་བསྒོམ་ལ་རྒྱས་བསྡུས་བཞིར། །གསང་སྔགས་འདི་ལྟར་བཟླས་པར་བྱ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཧུ༷་ཕཊ། ཁྲེན་ཏུ་རྒྱས་པར་བསྒྲུབ་པ་ཡི། །ཐུན་མཚམས་ཡུམ་དང་འཁོར་བཅས་སྔགས། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཙཎྜ་ལེ་དེ་བི་ཧུ༷་ཧུ༷་ཕཊ། ཅེས་པ་ཐུན་མཚམས་བཟླས་པ་དང་། །གཏུམ་པོ་བཞི་བསྐོར་ཐུན་མཚམས་སུ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ས་པ་རི་ལྷུ་ར་ཧུ༷་ཧུ༷་ཕཊ། ཅེས་པ་ནི། ཐུན་མཚམས་ཤེས་རེ་ཙམ་དུ་བཟླས། །འཁོར་དང་བཅས་པའི་དོན་སྙིང་པོ་སྟེ། །ཉི་ཤུ་རྩ་གཅིག་ཙམ་དུའོ། །བསྡུས་དང་བཟླས་ལུང་སྙིང་པོ་ནི། །གོང་གི་ཡེ་གེ་བཅུ་པའོ། །འཕྲོ་ངན་ལ་སོགས་བསྲུང་བ་ལ། །སྲུངས་ཤིག་སྲུངས་ཤིག་སྤེལ་བར་བྱ། །ལུས་ཀྱི་ན་ཚ་ཞི་འདོད་ན། །བདག་གི་རླུད་མཁྲིས་བད་ཀན་རྣམས། །ཞི་བར་གྱུར་ཅིག་སྤེལ་བར་བྱ། །ནད་ནི་རྣུར་ལྕི་གདོན་གནོད་ལ། །བདག་གི་ནད་དང་ཀླུ་ཡི་དུག་ནད་ཀུན། །ཞི་བར་གྱུར་ཅིག་སྤེལ་ལ་བཟླས། །ཐ་མར་གྲྭ་ཧྭས་བརྒྱན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་གཏུམ་པོ་གསང་རྒྱུད་མན་ངག་ལས། བཟླས་ལུང་མན་ངག་དང་བཅས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་གཏུམ་པོ་ཡིས། །བདུད་རྩི་འཁྱིལ་ལ་བཀའ་སྩལ་པ། །ཉོན་ཅིག་ཁྲོ་བོ་བདུད་རྩི་འཁྱིལ། །རྡོ་རྗེ་གཏུམ་པོའི་དབང་བསྐུར་ནི། །སློབ་དཔོན་རྒྱུད་དང་བཅུད་དང་བཅུད་ལྡན་ལ། །སློབ་པ་དམ་ཚིག་ལྡན་པ་ཡིས། །དབང་བསྐུར་ཞུ་བར་གསོལ་བ་གདབ། །དེ་ནས་རྡོ་རྗེ་བླ་མ་ཡིས། །མཚམས་གཅད་མཆོད་གཏོར་བཤམས་བྱས་ལ། །ཡི་གེ་བཅུ་པ་འབུམ་ཕྲག་གཅིག་བཟླས་ཏེ། །རྒྱུ་སྐར་དང་ནི་ཚེས་གྲངས་དག །བཟང་པོ་དག་ལ་དབང་བསྐུར་བྱ། །སློབ་མ་ཁྲུས་བྱས་གདོང་གཡོགས་ལ། །བགེགས་བསྐྲད་མདུན་དུ་ཐལ་སྦྱར་འདུག །འཇུག་དང་རྗེས་གནང་གསོལ་གདབ་བྱ། །གསང་མཚན་གདགས་པ་ལ་སོགས་བྱ། །དཀྱིལ་འཁོར་པདྨ་འདབ་བརྒྱད་དམ། །འཁོར་ལོ་རྩིབས་བཞི་བྲིས་བྱས་ལ། །དབུས་སུ་རྣམ་རྒྱལ་བུམ་པ་སྲ །རིན་ཆེན་ལ་སོགས་རྩལ་ནས་ཀྱང་། །བུམ་པ་བྲུ༷་ལས་གཞལ་ཡས་སུ། །བ༷་ལས་འོ་མའི་རྒྱ་མཚོ་བསྐྱེད། །དབུས་སུ་པ༷་ལས་པདྨ་དང་། །ཉི་ཟླའི་གདན་ལ་ཧུ༷་ལས་ནི། །རྡོ་རྗེ་གཏུམ་པོ་བསྐྱེད་བྱས་ལ། །མཆོད་བསྟིམ་རྒྱས་གདབ་དབང་བསྐུར་ནས། །བུམ་པའི་ལྷ་ལ་དམིགས་བྱས་ལ། །ཡེ་གེ་བཅུ་པ་བརྒྱ་རྩ་བརྒྱད། །བཟླས་ལ་བྱིན་གྱིས་བརླབ་པར་བྱ། །ལས་ཀྱི་བུམ་པ་ཤར་ཏྲང་གཞག །རྡོ་རྗེ་ཆུ་རུ་བསམས་པས་བརླབ། །དབང་རྫས་རྣམས་ཀྱང་རིམ་པར་བརླབ། །མཆོད་པ་དང་ནི་གཏོར་མ་བཤམ། །དེ་ནས་མཚམས་གཅད་མཆོད་པ་བརླབ། །ཏིང་འཛིན་གསུམ་ལས་དབང་ཆེན་དང་། །བྲུ༷་ལས་པདྨའམ་འཁོར་ལོ་ཡིས། །གཞལ་ཡས་བསམ་ལས་ལྷ་བསྐྱེད་ནས། །སྤྱན་དྲངས་མཆོད་བཟླས་ལ་སོགས་པས། །ཡེ་ཤེས་ལྷ་རྣམས་མཉེས་པར་བསྙེན། །དེ་ནས་སློབ་མས་བླ་མ་ཡིས། །རྗེས་སུ་འབྲེང་ལ་ཚིག་བརྗོད་དེ། །བུ་ཡིས་དབང་བསྐུར་གསོལ་བ་གདབ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །མདུན་དུ་སློབ་མ་གནས་པ་དེ། ཁུ་རྒྱ་ཏ་ཡིས་སྟོང་པར་བསྒོམ། །དེ་ལས་སེམས་ཉིད་ཧུ༷་དུ་བསྒོམ། །དེ་ལས་རྡོ་རྗེ་དེ་ལས་སྐུ། །སྤྲོ་བསྡུ་བྱས་ལ་གཏུམ་པོར་བསྐྱེད། །བདག་གི་ཐུགས་ཁའི་ཧུ༷་ལས་ནི། །ཡེ་ཤེས་ཕྱག་རྡོར་སྤྱན་དྲངས་བསྟིམ། །དེ་ལ་ཐུགས་ཁའི་ལྷ་མོས་མཆོད། །དེ་ནས་སློབ་པའི་སྤྱོ་བོ་སྲ །ཡི་གེ་ཨོ་བསམས་འཕྲོས་པ་ཡིས། །དེབཞིན གཤེགསཔའི་སྐུ་མཉེས་ནས། །སླར་འདུས་སློབ་མའི་སྤྱི་བོར་ཐིམ། །སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །བྱིན་རླབས་བསྡུས་ལ་བསྟིམ་པར་བྱ། །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭ་བྷ་བ་ཨུད་མ་ཀོ྅ཧ༷། །ཨ་སྟི་ཁི྅་ཨ། །ཞེས་བརྗོད་པས། །སྐུ་ཡི་དབང་དང་བྱིན་བརླབས་ནི། །ཐོབ་པར་བསམ་ལ་དབང་རྟགས་ནི། །སྤྱི་བོར་ཨོ་ལ་སྔགས་བསྐོར་བསམ། །བ་སྐྲུའི་བུ་གའི་ཁྲོ་བོ་དང་། །རྡོ་རྗེ་གོ་ཆ་གཏམས་པ་ལས། །ཡེ་ཤེས་མེ་དཔུང་འབར་བ་བསམ། །དེ་ནས་དེ་ཡི་མགྲིན་པར་ནི། །ཡེ་གེ་ཨ༷་བསམས་དེ་འཕྲོས་པས། །དེ་བཞིན་གཤེགས་པའི་གསུང་འཕྲོས་པས། །དེ་བཞིན་གཤེགས་པའི་གསུང་མཉེས་ནས། །སླར་འདུས་དབང་དང་བྱིན་བསྡུས་ཏེ། །སློབ་མའི་མགྲིན་པར་ཐིམ་པ་ཡིས། །སངས་རྒྱས་རྣམས་ཀྱི་གསུང་གི་དབང་། །བྱིན་བསྡུས་དེ་ལ་ཐིམ་པར་བསམ། །ཨོ་སརྦ་ཏ་ཐུ་ག་ཏ་བཱ་ཀ་བཛྲ་སྭ་བྷ་བ་ཨུཏྣ་ཀོ྅་ཧ༷། ཨ་སྟི་ཁེ྅་ཨ། ཞེས་བརྗོད་པས། །དབང་དང་བྱིན་བརླབས་རྟགས་ཉིད་ནི། །ལྗགས་ནི་རྡོ་རྗེ་རྩེ་ལྔ་པ། །སྔགས་ཀྱི་ཟར་བུས་མཚོན་པར་བསམ། །དེ་ནས་སློབ་མའི་སྙིང་ཁ་སྲ །ཡི་གེ་ཧུ༷་བསམ་དེ་ཉིད་ལས། །འོད་འཕྲོས་དེ་བཞིན་གཤེགས་པ་ཡི། །ཐུགས་ཀྱི་དབང་དང་བྱིན་བརླབ་ཀུན། །བསྡུས་ནས་ཐུགས་ཁར་ཐིམ་པར་བསམ། །ཨོ་སརྦ་ཏ་ཐུ་ག་ཏ་ཙིསྟ་བཛྲ་སྭབྷ་བ་ཨཏྣ་ཀོ་྅ཧ༷། ཨ་སྟི་ཥརྩི་ཨ། ཞེས་རྗོད་པས། དབང་རྟགས་སྙིང་ཉིད་པདྨར་གྱུར། །དེ་ལས་རྡོ་རྗེ་སྦག་བྱས་ཏེ། །མི་ཤིག་པ་ཡི་གཞལ་ཡས་སུ། །ཉི་ཟླའི་སྟེང་ན་ཡེ་ཤེས་སེམས། །དེ་ཡི་ཐུགས་ཁར་རྡོ་རྗེ་ཡིས། །ལྟེ་བར་ཧུ༷་ལས་སྔགས་བསྐོར་བསམ། །དེ་ནས་བུམ་པའི་དབང་བསྐུར་པས། །ཆོས་དབྱིངས་དག་པའི་བུམ་པ་ན། །ཡེ་ཤེས་གསང་བདག་རྡོ་རྗེ་བཞུགས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་བས། །ལུས་ལ་རྡོ་རྗེ་བལྟམ་པར་ཤོག །ཨོ་ཙཎྜ་མཧྭ་རོ་ཥ་ན་བཛྲ་ཀ་ཤ་ཨ་སྟི་ཥརྩི་ཨ། དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ། །སྐུ་དང་ཡེ་ཤེས་དབུ་རྒྱན་འདི། །སངས་རྒྱས་གཙུག་གི་ནོར་བུ་ཅན། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཧུ༷་ཨོ་སྭ་ཨ༷་ཧ༷། བཛྲ་དྷ་དུ་ར་དུ་ན། པདྨ་ཁད་ཁ། ཀྭ་ཡ་ལྷུ་ཀ་ཙིཀྟ་གུ་ན་ཀར་མ་ཨསྟི་ཥརྩི་ཨ། དེ་ནས་ཅོད་པན་གྱི་དབང་བསྐུར་བ། །བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །ཡེ་ཤེས་འབར་བའི་ཅོད་པན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱའོ། །ཨོ་བཛྲ་པ་ཊ་ལམ་པ་ན་ཨ་སྟི་ཁི་རྩི་ཨ། དེ་ནས་མེ་ཏོག་འཕྲེང་བའི་དབང་། །འདི་ནི་མེ་ཏོག་འཕྲེང་བ་ཉིད། །འཕགས་མཆོག་འགྲོ་དོན་བྱེད་པ་ལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །བར་ཆད་མེད་པར་དབང་བསྐུར་བྱའོ། །ཨོ་བཛྲ་རདན་མ་ལེ་ཨ་སྙི་ཥརྩི་ཨ། དེ་ནས་རྡོ་རྗེ་དྲིལ་བུའི་དབང་། །ཉོན་མོངས་འཇོམས་པའི་རྡོ་རྗེ་དང་། །ཆོས་སྒྲ་སྒྲོག་པའི་དྲིལ་བུ་འདི། །དི་རིང་ཁྱེད་ལ་དབང་བསྐུར་བས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །བཛྲ་ག་ན་དྷ་ཨ་སྟི་ཥརྩི་ཨ། དེ་ནས་མཛད་སྤྱོད་དབང་བསྐུར་བས། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །དུས་གསུམ་སངས་རྒྱས་དབང་བསྐུར་བའི། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །མཛད་སྤྱོད་རོལ་པ་ཐམས་ཅད་ཀྱང་། །དི་རིང་ཁྱོད་ལ་དབང་བསྐུརབས། །ཐམས་ཅད་མ་ལུས་ཐོབ་པར་ཤོག །ཨོ་ཙཎྜ་མ་ཧྭ་རོ་ཥ་ན་ཀྭ་ཡ་ལྷུ་ཀ་ཙིསྟ་ཀརྨ་ཨ་སྟི་ཥརྩི་ཨ། དེ་ནས་ལྕགས་ཀྱི་རྡོ་རྗེས་དབང་བསྐུར་བ། །བསྟན་པའི་གཙོ་བོ་ཤཱཀ་ཐུབ་ཀྱིས། །ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ། །གཏད་པས་གཏུམ་པོ་བཀྲ་ཤིས་བཞི། །ལྕགས་ཀྱི་རྡོ་རྗེ་དབང་ཐོབ་ཤོག །བཛྲ་ཨ་སྟི་ཁི྅་ཨ། གསེར་གྱི་རྡོ་རྗེདབང་བསྐུར་བས། །སངས་རྒྱས་རྣམ་པར་སྣང་མཛད་ཀྱི། །གཞན་འཕྲུལ་དབང་བྱེད་གནས་ཉིད་དུ། །གསེར་གྱི་རྡོ་རྗེ་གསང་བདག་ལ། །དབང་བསྐུར་བཞིན་དུ་བཀྲ་ཤིསཤོག །ཧུ༷་བཛྲ་སྟི་ཥརྩི་ཨ། ཡེ་ཤེསརྡོ་རྗེ་རྩེ་ལྔ་ཡིས་དབང་བསྐུར་བ། །སངས་རྒྱས་མི་བསྐྱོད་ལ་སོགས་ཀྱིས། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་ཡིས། །གཏུམ་པོ་ཉིད་ལ་དབངབསྐུར་བཞིན། །ཁྱོད་ལ་དབང་བསྐུར་བཀྲ་ཤིས་ཤོག །བཛྲ་ཙྭན་ཨ་སྟི་ཁི྅་ཨ། དེ་ནས་སྦྲུལ་རྒྱན་གྱི་དབང་བསྐུརབ། །རྒྱལ་མཆོག་དམ་པགདགས་པའི་དོན། །ཀླུ་བརྒྱད་རིགས་བཞིར་འདུས་པས་ན། །སྦྲུལརྒྱན་འདི་ཡིསདབང་བསྐུར་བས། །ཀླུ་གཉེན་འདུལ་བའི་དབང་ཐོབ་ཤོག །བཛྲ་ནགཨདྷིཁི྅ཨ། ནབཟའ་སྔོན་པོས་དབང་བསྐུར་བས། །ཆོས་ཉིད་མི་འགྱུར་ན་བཟའ་སྔོ། །སྐུ་ལ་གསོལ་ནས་བདེ་ཆེན་དོན། །ཁྱོད་ལ་དི་རིང་དབང་བསྐུར་བས། །ན་བཟའ་རྒྱན་གྱི་དབང་ཐོབ་ཤོག །བཛྲ་རཀྟ་ཨ་སྟི་ཁི྅་ཨ། སྟག་གི་ཤམ་ཐབས་ཀྱི་དབང་བསྐུར་བ། །དཔའ་བརྟུལ་སྟག་གི་ཤམ་ཐབས་ནི། །གདུལ་ཀ་མ་ལུས་བཏུལ་བ་དང་། །འཕྲིན་ལས་བཞི་ཡིས་འགྲོ་དོན་མཛད། །དེ་བཞིན་ཁྱོད་ཀྱིས་དབང་ཐོབ་ཤོག །བྱ་སྒྲི་ཙ་ར་ཨ་སྟི་ཥརྩི་ཨ།ཡེ་ཤེས་མེ་དཔུང་གི་དབང་བསྐུར་བ། །ཡེ་ཤེས་མེ་དཔུང་ཉོན་མོངས་བག་ཆགས་སྲེག །སྐུ་ལ་འཕྲོས་པས་གདུག་པ་ཐམས་ཅད་འཇོམ། །དི་རིང་ཁྱོད་ལ་ཡེ་ཤེས་མེ་དཔུང་དབང་བསྐུར་བས། །གདུག་པ་ཉོན་མོངས་བསྲེག་ཅིང་དབང་ཐོབ་ཤོག །བཛྲ་ཛ་ལ་ར༷་ར༷་ཨ་སྟི་ཁི྅་ཨ། དེ་ནས་གྲུབ་ན་བཀྲ་ཤིས་ལྷ་མོའི་དབང་བསྐུར་བ་བྱ། །དེ་ལྟར་དབང་གི་བསྐུར་དུས་སུ། །རྫས་དང་ཚིག་བརྗོད་ཕྱི་ཡི་དབང་། །དེ་དུས་སྔགས་བརྗོད་ནང་གི་དབང་། །ཏིང་འཛིན་གསལ་བ་གསང་བའི་དབང་། །ཕྱག་ན་རྡོ་རྗེའི་མཛད་སྤྱོད་རྣམས། །རང་གི་སེམས་སུ་ངོ་སྤྲད་ལ། །སེམས་ཉིད་གཉིས་མེད་སྟོང་གསལ་དུ། །ཐག་ཆོད་ངོ་སྤྲོད་རྗེས་གནང་སྤྱིན། །མཐར་ཐུག་པ་ཡི་དབང་དུ་གསུངས། །དེ་ནས་སློབ་མས་བླ་མ་ལ། །ཡོན་དབུལ་དེས་ན་དབང་མཆོག་ཐོབ། །བཀྲ་ཤིས་གླུ་བྲོ་གཏོར་མ་གཏང་། །དཀྱིལ་འཁོར་བསྡུ་ཞིང་རྒྱུན་ཏིང་བསྒོམ། །ས་ཚོན་གཙང་སར་དོར་བར་བྱ། །བུམ་ཆུ་ལྷག་མ་བ་་བར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ག་་པོ་དབང་བསྐུར་བ་མན་ངག་གསང་བའི་རྒྱུད་ལས། །དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །བདུད་རྩི་འཁྱིལ་ལ་བཀའ་སྩལ་པ། །རྟེན་ལ་རབ་གནས་བྱེད་འདོད་ན། །ཡིད་དང་འཐད་པ་མཎྜལ་བྱ། །སྔོན་དུ་བསྙེན་པ་འབུམ་སོང་ནས། །གནས་དེར་ཁྲི་ནི་བཤམས་པར་བྱ། །རྟེན་རྣམས་ཤར་དུ་ཞལ་བསྟན་ལ། །བགེགས་བསྐྲད་ཁྲུས་བྱ་གུ་གུལ་བདུག །དང་པོ་ས་གཞི་གཟུང་བར་བྱ། །གཉིས་པ་སྟ་གོན་བྱ་བ་ཡང་། །མཆོད་གཏོར་བཤམས་ལ་དཀོན་མཆོག་དང་། །གཏུམ་པོ་ཉིད་ལ་དབུལ་བ་དང་། །ཆོས་སྐྱོང་རྣམས་ལ་གཏོར་མ་དབུལ། །རྟེན་རྣམས་སྐུ་ནི་རྣམ་སྣང་བསྐྱེད། །གླེགས་བམ་ཡུམ་མམ་རྡོ་རྗེ་ཆོས། །ཐུགས་རྟེན་རྡོ་རྗེ་སེམས་དཔར་བསྐྱེད། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན། །རྟེན་ལ་སྔོན་གྱི་ཐུགས་དམ་བཞིན། །བྱོན་པར་མཛད་དུ་གསོལ་བརྗོད་པས། །རང་རང་གཟུགས་སུ་བྱོན་པར་བསམ། །དེ་ལ་མཆོད་དབུལ་གཏོར་མ་གཏང་། །དེ་ལ་གཤེགས་སུ་གསོལ་ནས་ནི། །དེ་བཞིན་ནུབ་ནི་ཐ་མ་ལ། །དངོས་གཞི་སྔར་ལྟར་བསྐྱེད་བྱས་ལ། །སྤྱན་དྲངས་མཆོད་ནས་ཐིམ་པར་བསམ། །ཨོ་ཡེ་དྷརྨུ་ཧེ་དུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥའརྙ་ཐུ་ག་ཏོ་རྒྱ་བ་དད་ཏེ་ཥའརྩི་ཡོ་ནི་རོ་དྷ་ཨེ་བ༷་བཱ་དི་མ་ཧྭ་གྲ་མ་ན་ཡེ་གྲྭ་ཧྭ། ཞེས་པ་བཟླས་ལ་གཏོར་བར་བྱ། །ཆོས་སྐུ་ལ་ནི་ཆོས་སྐུ་ཡིས། །གཟུགས་བརྙན་ཐིམ་པར་རབ་གནས་བྱ། །བཀྲ་ཤིས་རྫས་བརྒྱད་དབང་ཡང་བསྐུར། །དེ་ནས་མཆོད་པ་རྩི་གྲུབ་བྱ། །འཁོར་བ་མ་སྟོངས་བར་དུ་ཡང་། །བཞུགས་ནས་འགྲོ་དོན་མཛད་པར་བསམ། །གཏོར་མ་ཆོ་གས་གཏང་བྱས་ལ། །བཀྲ་ཤིས་གླུ་བྲོ་སྣ་ཚོགས་བྱ། །གོང་དུ་ག་་པོའི་བསྙེན་པ་བྱ། །རྟེན་འབྲེལ་སྙིང་པོ་ཁྲི་བཟླས་ལ། །མེ་ཏོག་ལས་ནི་དམིགས་ལའོ། །དཀྱིལ་འཁོར་བསྡུ་ཞིང་དགེ་བར་བསྔོ། །ཞེས་གསུངས་སོ། །རྡོ་རྗེ་ག་་པོ་མན་ངག་གསང་བའི་རྒྱུད་ལས། རབ་ཏུ་གནས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བདུད་རྩི་འཁྱིལ་པ་ཡང་ཉོན་ཅིག །དབང་ཐོབ་མཛེས་པའི་རྣལ་འབྱོར་པས། །དམ་ཚིག་དམ་ལ་ནན་ཏན་བསྲུང་། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་བྱང་ཆུབ་སེམས་ཀྱི་ནི། །དམ་ཚིག་བགྲུང་ན་དབང་དེ་འཆགས། །བྱིན་བརླབས་དངོས་གྲུབ་དཔག་མེད་འབྱུང་། །ཚེ་འདིར་ཕུན་ཚོགས་ཐོབ་པར་འགྱུར། །ཕྱི་མ་རྡོ་རྗེའི་གྲལ་དུ་འགྲོ། །རྡོ་རྗེ་གཏུམ་པོའི་འཕྲིན་ལས་ནི། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་བསྲུང་གསོ་དང་། །ཚེ་དང་དངོས་གྲུབ་བསྒྲུབ་པ་དང་། །ཆར་པ་དབབ་དང་སེར་བ་བཟློག །ཐམས་ཅད་རིམ་པར་ཤེས་པར་བྱ། །དེ་ཡི་གསང་སྔགས་འདི་ལྟ་སྟེ། །ཨོ་ཙཎྜམ་ཧྭ་རོ་ཥ་ཎཤརྙིང་ཀུ་རུ་ཧུ༷་ཕཊ།བྲེརྙུ་ཀུ་སྲ པ་ཤང་ཀུ་སྲ མྱ་ར་ཡ་ར་ཀྟ་ཀུ་སྲ ཨོ་བྲུ༷་བཛྲ་ཨུ་ཡུཤེ་ཧུ༷་ཨ། མ་མ་སྤྲུརྙུ་ཀུ་རུ་ཧུ༷་གྲྭ་ཧྭ། མ་ཧྭ་སིདྷི་ཧུ༷། ཨོ་ནཱ་ག་ཀ་ལ་ཧུ༷། ནཱ་ག་ལེ་དུ༷་པ་ལེ་ལེ། ནཱ་ག་རྭ་ཛ་ཧུ༷། ཨོ་ལྷི་ལི་ལྷི་ལ་འབར་ཤ་འབར་ཤ་པ་ཏ་ཡ་པ་ཏ་ཡ་ཧུ༷་ཧུ༷་ཧུ༷་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་གྲྭ་ཧྭ། སེར་བཨུ་ན་མ་ནི་ཕཊ་གྲྭ་ཧྭ། གཏུམ་པོ་དབང་བསྐུར་བ་མན་ངག་གསང་བའི་རྒྱུད་ལས། ལས་ཁ་ཚར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔལ་རྡོ་རྗེ་ག་་པོ་ལ། །འཁོར་རྣམས་དགེས་ནས་བསྟོད་པ་ནི། ཨེ་མ་ཧོ་རྡོ་རྗེ་གཏུམ་པོ་ཡིས། །གསང་རྒྱས་ཀུན་གྱིས་དབང་བསྐྲུར་བས། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཁྲོ་རྒྱལ་དེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། །མཆོད་པས་མཉེས་པར་བྱས་པར་གྱུར་ཏོ། །གཏུམ་པོ་གསང་དབང་བསྐུར་བ་མན་ངག་གི་རྒྱུད་ལས། ཁྲོ་བོ་རྣམས་ཀྱིས་བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་གཏུམ་ཉིད། བདག་གིས་རྒྱུད་འདི་ཇི་ལྟར་བསྟན་ཅིང་གཟུང་བར་བགྱི། ཞེས་གསོལ་པས། རྡོ་རྗེ་ག་་པོས་བཀའ་སྩལ་པ། རྒྱུད་འདི་རྣལ་འབྱོར་པ་དམ་ལ་གནས་པ། བློ་སྣ་ཉུང་བ་བསྟན་པ་ཉམས་སུ་ལེན་པ། རིན་པོ་ཆེ་ལྟ་བུ་ལ་བསྟན་ཅིང་ཤིང་ཏུ་གཅེས་པར་གཟུང་ཞིང་བསྟན་པར་བྱའོ། །རྒྱུད་འདི་ཁྲོ་རྒྱལ་ག་་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དབང་བསྐུར་མན་ངག་གི་རྒྱུད་ཅེས་བྱ་བར་ཡང་གཟུང་པར་བྱའོ། །ཞེས་གསུངས་སོ། །གཏུམ་པོ་མན་ངག་དབང་བསྐུར་བ་གསང་བའི་རྒྱུད་ལས། རྒྱུད་གཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་པའོ།། །།ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གཏུམ་པོ་འཇིགས་སུ་རུང་བའི་དབང་བསྐུར་མན་ངག་གསང་བའི་རྒྱུད་ཅེས་བྱཔ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་འབའ་ས་ཡེའི་དགོན་པར་བསྒྱུར་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་གསྟོ་ཙིལྟི་མྱུ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཁྱུང་གི་སྙིང་པོ་སྲོག་གི་རྩ་བའི་རྒྱུད་ཅེས་བྱ་བ།